!ས་འཁོར་ཆོ ས་)ོ ར་། ༡༥
༄༅།།¢ཟབ་ལམ་)ི་ཐོག་མར་དགེ་བའི་2ིད། !ན་$ངས་'གས་)ེ་བ,ོན་འ/ས།
ནང་བ1ན་རིག་མཛ6ད་ངེས་དོན་དཔེ་ཚ6གས་འ:ལ་དེབ་<ེ་གནས།
མཚན་byང་། ༄༅།།¢¢ཟབ་ལམ་)ི་ཐོག་མར་དགེ་བའི་2ིད་ཅེས་5་བ། !ན་$ངས་'གས་)ེ་བ,ོན་འ/ས།
བོད་=ལ་ལོ། ༢༡༤༢ Bི་ལོ། ༢༠༡༥ ལོར་འ:ལ་དེབ་E་ཕབ། ནང་བ1ན་རིག་མཛ6ད་ངེས་དོན་དཔེ་ཚ6གས་འ:ལ་དེབ་<ེ་གནས། གཙ*་sgr,ག་ཚ-གས་uང་།
Gོབ་1ོན་པ། མཁས་དབང་བདེ་ལེགས་རབ་=ས། མཁན་པོ་Iལ་Jིམས་དར་=ས། འ:ལ་དེབ་གཙ6་Lིག་པ། བེ་རི་རིག་པའི་Mོ་)ེ། ,ི་ནང་དNིངས་རིག
བོད་=ལ་ལོ། ༢༡༤༢ Bི་ལོ། ༢༠༡༥ ལོར་འ:ལ་དེབ་E་ཕབ། ནང་བ1ན་རིག་མཛ6ད་ངེས་དོན་དཔེ་ཚ6གས་འ:ལ་དེབ་<ེ་གནས། དབང་ཚད། དེབ་འདིའི་དབང་ཚད་རིག་མཛ6ད་O་བར་ཡོད་པས། ཆོག་མཆན་མེད་པར་བRར་དཔར་དང་Sར་ བཅོས་སོགས་Nེད་མི་ཆོག་པ་=ལ་Uིའི་དཔེ་དེབ་Jིམས་Vགས་<ར་ཡིན། འWེལ་བ་Nེད་Xལ།
Tashi Choeling Buddhist Center 1889 Fiddlestick Ln Charlottesville, VA 22903 USA Email: rigdor77@gmail.com Website: www.rigzod.org ཆེད་བrjོད།
ཉེ་བའི་Zས་རབས་ནང་[ོ་ག\་བོར་གནས་ཤིང་[ོ་^ོས་_ི་ནོར་དང་`ན་པའི་Rེ་བོ་མི་ aང་བ་ཞིག་གིས། ང་ཚ6་མིའི་རིགས་འདིའི་ཉིན་རེའི་འཚ6་བའི་ཐད། Bི་དངོས་པོའི་དགོས་མཁོ་ ལས་ནང་བསམ་[ོའི་དགོས་མཁོ་གལ་ཆེན་Z་མཐོང་ནས། འདོད་dམ་ཅན་eི་དངོས་གཙ6་f་བའི་ <་/བ་དང་། རེས་འཇོག་ཅན་eི་ཚན་རིག་གི་ལག་,ལ་hབ་འཕེལ་eི་ཁོར་Xག་ལས་ཡོངས་i་ བjལ་ཏེ། བོད་_ི་ནང་བ1ན་རིག་པའི་གlང་Vགས་ལ། ཚད་ངེས་ཅན་eི་ཐོག་ནས་དོ་mང་ དང་གདེངས་འཇོག་Nེད་བཞིན་པའི་nབས་འདིར། ང་ཚ6་གཞན་ཕན་eི་'གས་)ེ་དང་Nམས་སེམས་_ི་ཞི་བདེས་'གས་oད་ཡོངས་i་ གཏམས་པའི་1ོན་པ་སངས་=ས་_ི་)ེས་འpག་དqས་མ་ཞིག་གི་ངོས་ནས། ཇི་nད་Z། “མ་དར་ བ་rམས་i་དར་བར་Nེད་ཅིང་། དར་བ་rམས་དག་ཅིང་འཕེལ་བ་དང་། ཉམས་པ་rམས་གསོ་ sས་པར་tར་ཅིག” ཅེས་གiངས་པ་<ར། 1ོན་པ་མཆོག་དེའི་བ1ན་པའི་uིང་པོའི་uིང་པོ། ཐེག་པ་ཐམས་ཅད་_ི་མཐར་'ག ངེས་དོན་དv་མ་ཆེན་པོའི་རིང་Vགས་ལས་བ,མས་པའི་ཆེས་ ངོ་མཚར་wད་Z་xང་བའི་ལེགས་བཤད། ངེས་མདོ་བy། uིང་པོའི་མདོ་z་སོགས་དང་། Nང་ {བ་སེམས་དཔའི་འ^ེལ་བ་nོར་གiམ། ད་Zང་བསིལ་|ོངས་!ན་མhེན་}ོན་པ་བཞི་`ན། )ེ་ བ~ན་ཐམས་ཅད་མhེན་པ་•་ར་€་ཐ། ཀw་པ་རང་xང་Mོ་)ེ། !ན་མhེན་‚ོང་ཆེན་རབ་ འNམས། འཇམ་མགོན་[་མ་ཙ6ང་ཁ་པ་ཆེན་པོ་སོགས་འཛམ་ƒིང་„ིལ་བོའི་hོན་Z་ཉི་…་<ར་ ཡོངས་i་^གས་པའི་འཕགས་བོད་མཁས་/བ་rམས་_ིས་མཛད་པའི་གiང་རབས་ཁག ༼ངེས་ དོན་uིང་པོའི་དཔེ་ཚ6གས་༽ཞེས་པའི་ཚན་,ལ་དཔེ་མཛ6ད་_ི་1ེགས་vར་བཀོད་དེ། འདོད་དང་ ཐར་བ་དོན་Z་གཉེར་བའི་=ལ་Uིའི་ཤེས་`ན་མི་mའི་གཙ6ས། བོད་དང་བོད་ཡིག་ལ་དགའ་བའི་ Rེ་བོ་rམས་ལ་ˆག་བསམ་མཚ6ན་པའི་ལེགས་Rེས་i་‰ལ་བ་ཡིན། དཔེ་ཚ6གས་འདིའི་མ་ཡིག་ཁག་ཅིག་དཔེ་Šིང་དཀོན་རིགས་ཡིན་1བས། མ་དཔེ་ལ་ལ་ Šིང་‹ལ་Z་སོང་བས་ཡི་གེ་མི་མཐོང་བ་དང་། མ་དག་པ་ཡང་གང་འཚམ་འZག་པས། ཡི་གེ་མ་ དག་པ་rམས་སོར་བཞག་Nས་ཏེ་Œག་}གས་འདིའི་༼༽ནང་དག་བཅོས་Nས་པ་rམས་བཀོད་ ཅིང་། ད་Zང་གlང་གི་མཆན་v་rམས་_ང་གོང་བཞིན་}གས་དེའི་ནང་བཞག་ཡོད། འདིར་དམིགས་_ིས་l་དགོས་པ་ཞིག་ནི། ང་ཚ6འི་sས་བ•ན་eིས་lས་དག་ཐེངས་འགར་
Nས་ཤིང་། ‚ོག་བདེའི་ཆེད་ས་བཅད་=ས་པ་གསར་བLིགས་lས་ཡོད་མོད། ང་ཚ6ར་འདིའི་ཐད་ ཉམས་Žོང་ཞན་པ་དང་། Zས་ཚ6ད་ཤིན་E་དཀོན་པའི་དབང་གིས། ད་Zང་Rོན་དང་ནོར་ འ•ལ་མི་aང་བ་ཞིག་ཡོད་པ་གདོན་མི་ཟ་བས། ཤེས་`ན་rམས་_ིས་དེ་Vགས་_ིས་དགོངས་Iལ་ ཐད་ཀར་གiང་ན། ང་ཚ6ས་འ‘ལ་Z་བRར་ཞིབ་དང་དག་བཅོས་l་oའི་ཁས་ལེན་ཡོད། གང་<ར་Bི་ནང་གི་མ'ན་’ེན་yང་འཛ6མས་པའི་གོ་nབས་'ང་'ང་ཞིག་xང་བ་དེ་དམ་ འཛ“ན་Nས་ནས། དཀའ་བ་དང་[ངས་_ིས་1བས་བདེའི་འ:ལ་དེབ་m་མང་དེབ་ག\གས་i་བཟོ་ བ”ན་Nས་ཏེ། རིག་མཛ6ད་O་བའི་ངོ་མཚར་འ:ལ་དེབ་E་བཀོད་ནས། hེད་ཚ6ར་རིན་མེད་Z་ ‰ལ་བ་ལགས་ན། Zས་རབས་འདིར་ཕན་•བས་ཤིན་E་ཆེ་བའི་བGབ་N་དང་ལེགས་བཤད་འདི་ དག་ལ་ཞིབ་ད–ོད་དང་། 'གས་དམ་ཉམས་བཞེས་ˆོད་མེད་ཡོང་བའི་རེ་འZན་བཅས། ངེས་དོན་uིང་པོའི་དཔེ་ཚ6གས་_ི་གཙ6་Lིག་པ་བེ་རི་རིག་པའི་Mོ་)ེས། བོད་=ལ་ལོ། ༢༡༣༨ བོད་ …་ ༡༠ ཚ™ས་ ༡༡ Bི་ལོ་ ༢༠༡༡ …་ ༡༢ ཚ™ས་ ༦ ཉིན།
མཛད་པ་པ8་ང8་spr:ད།
བདག་ཉིད་ཆེན་པོ་དེའི་›ས་_ི་'་བོ་ཞང་!ན་$ངས་[75A.5]ཆེན་པོ་ནི། Xལ་གཡས་‹་Nང་ གི་ངབ་Bར་$ང་nང་Z། ཡབ་འWོ་)ེ་དབང་œག Xམ་གཉག་མོ་•མ་མེའི་›ས་i་{་མོ་ཡོས་ལ་ž་ འ•ངས། དŒང་ལོ་z་པ་ལ་གཉག་ཚར་ས་R་པŸྡི་ཏ་སེམས་[75A.6]བRེད་གiངས་པ་ལ་མའི་པང་ ནས་གསན། བZན་པ་ལ་འhོག་དཔོན་¡ོང་བའི་¢ང་Z་དགེ་བuེན་མནོས། དŒ་པ་ལ་འhོག་ཞང་གིས་ མཁན་པོ། ¡ོང་པས་Gོབ་དཔོན་མཛད་ནས་རབ་E་xང་། མཚན་[75B.1]'གས་)ེ་བ,ོན་འ/ས་i་ བཏགས། ཉི་£་བ་ལ་གཡས་‹་Bི་འ¤མ་དགོན་གསར་Z་ˆ་བ~ན་བསོད་ནམས་uིང་པོས་མཁན་པོ། མདོག་ˆོད་པ་¥_་Nང་{བ་_ིས་ལས་Gོབ། བསོད་[ོ་བས་[75B.2]གསང་1ོན་མཛད་ནས་དད་པའི་ དགེ་Gོང་z་བyའི་དvས་i་བuེན་པར་¡ོགས། !ན་མhེན་ཆོས་ž་འོད་ཟེར། འ^ོ་མགོན་འཕགས་པ། སངས་=ས་འvམ། ཤངས་པ་དཀོན་བ,ེགས། ˆ་[75B.3]བ~ན་དགོན་གསར་པ། Mོ་)ེ་འཇམ་དNངས་
པ། རིགས་པའི་སེང་གེ མདོག་ˆོད་པ། མཁན་ཆེན་མཆིས་པ། མཁས་པ་གཉན་1ོན་ལ་སོགས་པ་[་མ་ དམ་པ་rམས་བ1ེན། མདོ་མངས། [75B.4]Nམས་པ་དང་འWེལ་བའི་ཆོས་¦ེ་ཉི་£། མངོན་པ་གོང་འོག ཚད་མ་¦ེ་བZན། རིགས་གཏེར། ཀ་§ཱ་པ། f་©ོ་མཚ6ན་ཆ། འZལ་བ་མདོ་,། Vང་¦ེ་བཞི། འvམ་ཉི་Jི། བ=ད་1ོང་བ། ªད་[75B.5]པ། དེ་དག་གི་=་འ^ེལ། Uོད་འpག བGབ་བEས་rམས་གསན་ཞིང་ མཁས་པར་«ངས། Jོ་‰་བ་ལ། བདེ་ཆེན་རལ་གཅིག་སོགས་Jོ་‰་བའི་ཆོས་rམས་གསན། མ་འོངས་པ་ ན་ཇོ་ནང་Z་Xན་རིང་Z་བlགས་ན་བ1ན་པ་ལ་ཕན་ཞེས་Vང་བ1ན། འ^ོ་མགོན་Bག་ན་གཤེགས་ པའི་ཆོས་འཁོར་eི་ཚ™་Vང་རིགས་f་བའི་མཆོག་E་^གས། དེའི་Zས་ན་}ོག་གེ་ལ་{་མིག་པ་སེང་གེ་དཔལ་མཁས་[76A.1]པར་^གས་པས། ཁོང་གིས་ དཔལ་ཆོས་_ི་^གས་པ་ལ་ལན་མེད་_ི་ཐལ་འtར་བy་གiམ་ཡོད་ཅེས་གསན་པས། ཁོང་mར་ཐང་ན་ བlགས་པའི་¢ང་Z་Nོན་[76A.2]ནས། ཁོང་གི་/བ་མཐའ་ལ་ཞག་མང་པོའི་བར་Z་,ོད་ནས། དཔལ་ ཆོས་_ི་^གས་པའི་ལན་Z་ངས་_ང་hེད་ལ་ལན་མེད་_ི་ཐལ་འtར་འདི་rམས་སོང་བ་ཡིན་ནོ༎ ཞེས་ ^ངས་འཛ“ན་ཅིང་། [76A.3]Bག་ལ་རི་མོ་མཛད། འཇམ་©ེག་ལ་སོགས་པའི་མཁས་པ་ཆེན་པོ་rམས་ Vང་རིགས་_ིས་བEལ། {་མིག་གི་ཆོས་འཁོར་-་མ་ལ་ཕར་འOི་བ་དང་། Bི་མ་ལ་ལན་འདེབས་པ་ལ་ འ^ན་…་དང་Wལ་[76A.4]བར་tར་ཏོ༎ དོན་མོ་རི་དང་འདར་ཆོས་¦ིངས་i་ཕར་མངོན་དv་ཚད་_ི་འཆད་ཉན་དང་འhོག་པོ་ཆེའི་ གདན་ས་མང་Z་མཛད། དེའི་ཚ™་’ང་འZར་Z་ཆོས་བར་ལ་Nོན་ནས་!ན་མhེན་ཆོས་ž་འོད་[76A. 5]ཟེར་བ་ལ། «ོར་¢ག་རིགས་མི་འO་བ་མང་པོ་གསན་Zས། rམ་པ་ཐམས་ཅད་པའི་ž་རགས་པ་བསམ་ eིས་མི་hབ་པ་དང་། ‘་བ་ཆེན་མོའི་1ེང་ན་བlགས་པའི་ཛ®འ¯° ི་ƒིང་Z་མི་ཤོང་uམ་པ་དང་། [76A. 6]ནང་གི་དབང་པོ་¢ག་ཏིང་ངེ་འཛ“ན་eི་Xལ་¢ག་ལ་འNམས་ནས་འ^ོ་བ་xང་། དེ་ནས་Zས་འཁོར་ oད་འ^ེལ། གསང་འZས་འཕགས་nོར། བདེ་མཆོག་,་¦ོམ། _ཻ་Mོར་ས་Vགས། dོག་Vགས། [76B. 1]གདན་བཞི། ²ཱ་³ཱ། ཡོ་ག N་Uོད་_ི་དབང་)ེས་གནང་oད་འ^ེལ་གlང་བཤད་མན་ངག་དང་། ལམ་ འWས། རིམ་z། €་རོ་ནི་Œ་/བ་uིང་སོགས་ཆོས་rམས་vམ་པ་གང་Nོར་གསན། གསང་མཚན་[76B. 2]མི་བRོད་Mོ་)ེར་བཏགས། དེ་ནས་’ང་འZར་Z་འཇམ་གསར་བའི་གདན་སར་བlགས་ནས་ཆོས་ )ེའི་ཆོས་Zང་བཏང་1ེ་འཆད་,ོད་,ོམ་གiམ་eིས་བ1ན་པ་=ས་པར་མཛད། དོལ་པོ་བ་ཡེ་ཤེས་ མགོན་[76B.3]པོ་ལ་›ོག་,ོལ་གསན་ཏེ། ’ང་འZར་Z་འདག་འNར་མཛད་ནས་«ོར་¢ག་བ©ོམས་
པས་ཉམས་mང་´ར་ལངས་ཤིང་མངོན་ཤེས་z་/བ། གེགས་_ི་rམ་པ་མང་Z་xང་1ེ། བདེ་བ་ཅན་Z་ གདན་[76B.4]འOེན་པ་ཡིན་ཟེར་ནས་བi་བའི་བཀོད་པ་བསམ་eིས་མི་hབ་པ་xང་། དེའི་Zས་i་vད་མེད་ཅིག་གིས་`ེ་མིག་ཅིག་hེར་xང་ནས། ©ོ་ཞིག་ལ་©ོ་•གས་=བ་འZག་པ་ དེ་ལ་བཀལ་སོང་། དེ་©ོ་Bེ་ཅིག་[76B.5]པའི་བMར་དགོངས་ནས་©ོ་Bེ་1ེ། དེ་ནས་Vས་«ོངས་_ི་མན་ ངག་xང་བ་བཞིན་མཛད་པས། µང་z་1ོབས་i་tར་ཏེ། རེས་Bག་ཡ་རེ་ལ་མི་བZན་བZན་eིས་ག\ང་ བ་Bོགས་གཅིག་E་འཕངས་[76B.6]_ང་གནོད་པ་མི་འxང་། རེས་མི་མང་བོས་དŒལ་བRོལ་མི་sས། རེས་བསིལ་བས་མི་rམས་འདར་ཞིང་འhག རེས་ཚ་གZང་གིས་Vང་བ་འགེངས་པ་xང་ཞིང་། དེ་ ཐམས་ཅད་!ན་མhེན་ཆོས་[77A.1]ž་འོད་ཟེར་eིས་དགེ་¦ིངས་ནས་གཟིགས་ཏེ་Nོན་པ་ན། )ེ་ འདིས་_ང་མhེན་ནས་Gོབ་མ་rམས་ལ་[་མ་མཇལ་བར་འZག་གིས་གསོལ་བ་ཐོབ་གiང་། སང་[་མ་ [77A.2]Nོན་ཏེ་ད་རེས་hེད་ž་གཤེགས་ན་ž་བཞི་ལ་འNོར་བར་འZག་1ེ་གZལ་N་མང་པོའི་དོན་Z་ བlགས་དགོས་སོ་གiང་ནས་›ོག་གེགས་དེ་བསལ་བས། བདེ་བ་ཅན་Z་བi་བ་དེ་rམས་ད་རེས་གདན་ མི་[77A.3]འ^ོངས་པར་འZག་ཟེར་ནས་eེས་པའི་mང་བ་xང་། Zས་འཁོར་བ་ཤར་པ་ཡེ་ཤེས་རིན་ཆེན་པ་དང་rལ་འNོར་སེང་འvམ་སོགས་བོད་ན་«ོར་¢ག་ མི་འO་བ་ཡོད་ཟེར་ཚད་ལ་ཡང་གསན་པ་མཛད། [77A.4]མང་མཁར་གནས་གསར་Z་[་མ་འཇམ་ དཔལ་བ་ལ། མདོ་S་སེམས་གiམ་གསན་པས། མནལ་ལམ་Z་མཁར་བZན་རིམ་nས་བZན་བ~གས་པ་ ལ་འཛ™གས་པས་,ེ་མོར་Bིན་ཏེ། ཏིང་ངེ་འཛ“ན་[77A.5]eི་mང་བ་=་ཆེན་གཟིགས། ཉིད་‰ག་པ་སངས་ =ས་འvམ་ལ་¡ོགས་ཆེན་གསན། དེ་ནས་འཆད་ཉན་eི་¶ོས་པ་བཅད་དེ་ཁ་རག་E་Nོན་ནས་དNར་ བlགས་མཛད། དེ་ནས་རི་Jོད་rམས་i་«ོར་¢ག་དང་[77A.6]དམར་Jིད་བRངས་པས་!ན་$ངས་ པ་ཆེན་པོར་^གས། སེ་མཁར་{ང་གི་ག~ག་ཁག་ཁང་བསོས་ཤིང་འWོག་མིའི་ž་འvམ་ལ་གསེར་གསོལ་ བས། མི་མ་ཡིན་rམས་_ིས་སེ་མཁར་{ང་བ་དེ་ད་[77B.1]<་འདིར་xང་ཞེས་Lོག་པ་གསན། དེར་ཇོ་མོ་ནགས་=ལ་མ་xང་1ེ། hེད་ལ་གནས་ལེགས་པ་ཅིག་འvལ་ཞེས་l་བ་ལ་ལོ་གiམ་ན་ འNོན་པར་ཞལ་eིས་བཞེས། «ོར་¢ག་¡ོགས་པར་1ོན་པ་[77B.2]བཀའ་གཉན་པར་xང་བས་ˆ་སར་ Nོན་ནས། ཇོ་བོ་rམ་གཉིས་hད་པར་Z་བy་གཅིག་ཞལ་eི་¢ང་Z་ཉིན་མཚན་Z་གསོལ་བ་Oག་E་ བཏབ་པས། Jིད་ཡིག་Wི་བ་དང་། Jིད་¡ོགས་པར་བ1ན་པས་[77B.3]འ^ོ་ཕན་=་ཆེན་པོ་འxང་བའི་ གནང་བ་ཐོབ། དེ་ནས་·ན་པོ་,ེ་སོགས་གཡས་‹་རི་Jོད་Z་¸བ་པ་མཛད། དེ་ནས་ཇོ་མོ་ནང་Z་ཕེབས་
མ་ཐག་གZལ་N་´ར་ཏེ། གཙ6་བོར་Zས་འཁོར་oད་འ^ེལ་eི་Zས་[77B.4]ཆོས་གiང་ཞིང་Gོབ་མ་ བ=་1ོང་མང་པོ་ལ་«ོར་¢ག་གི་Jིད་ཚན་z་¢ག་Zས་མཉམ་Z་གནང་། hད་པར་Z་མཁའ་Uོད་བདེ་`ན་Z་Nོན་པའི་ཚ™། ཆོས་=ལ་རིགས་`ན་སོགས་བཀའ་oད་_ི་[་ མ་rམས་[77B.5]Nོན་ནས་Nིན་བ•བས་དང་Vང་བ1ན་མཛད། སེ་མཁར་{ང་Z་ཐོག་མ་དང་། སེང་ གེ་¡ོང་Z་བར་དང་། གནས་དེར་མཐའ་མར་དགེ་བའི་མཚན་མ་ཐོབ་ནས་Zས་hི་འཁོར་ལོའི་oད་_ི་ uིང་པོ་,་འ^ེལ་དང་། [77B.6]ཐོག་མཐའ་བར་དགེའི་Jིད་ཡིག་མཛད། དགེ་བའི་བཤེས་གཉེན་ དཔག་E་མེད་པ་འZས་པ་ལ་Zས་_ི་འཁོར་ལོ་གཙ6་བོར་tར་བའི་གསང་-གས་གསར་Šིང་གི་དབང་ བžར། oད་འ^ེལ་eི་བཤད་[78A.1]པ། མན་ངག་གི་Jིད་རིམ་rམས་=་ཆེར་¹ལ། ས་R་དཔོན་Gོབ་ སོགས་Rེ་བོའི་ཚ6གས་མང་པོ་ལའང་སོ་སོའི་nལ་བ་དང་འཚམ་པར་ཆོས་_ིས་ཚ“མ་པར་མཛད་པས་ཇོ་ ནང་[78A.2]བ་ཆེན་པོ་ཞེས་Bོགས་!ན་E་^གས་པར་tར། {་ཕོ་Nི་བ་ལོ་ལ་མར་མེ་འཆི་ཁར་གསལ་ N་བ་ཡིན་གiང་ž་ཁམས་བཟང་བའི་ངང་ནས་Gོབ་མ་rམས་ལ་ཆོས་rམས་¡ོགས་པར་གཏད། དེ་ནས་[78A.3]དŒན་ºད་ž་ཚ™འི་འZ་Nེད་བཏང་ཡང་Nང་སེམས་=ལ་བ་ཡེ་ཤེས་པ་གདན་ ས་ལ་བnོ་བའི་ཆེད་Z། ›ོག་,ོལ་ལ་བ}ེན་ནས་འཚ6་བའི་འZ་Nེད་Nིན་eིས་བ•བས་ཏེ། …་བ་Bེད་ཙམ་ ན་Nང་[78A.4]སེམས་པ་ལ་མŒར་ཆམ་xང་ཡོད་པ་ལ་ཕན་ན་»ར་Z་ཤོག་གiངས་པས་Nོན་པ་ན། ང་ད་ལོ་མེ་ཏོག་J་ཆིལ་བའི་Zས་ལ་འཆི་,ིས་ཡིན་པ་ལ་མདང་ཞག་ƒོ་vར་Z་,་བªས་པ་ཅིག་xང་། ངེད་[78A.5]འཆི་Zས་hེད་དང་འ‘ད་དགོས་པ་ལ་མ་བGེབས་པས། ང་Zས་_ི་འཁོར་ལོའི་rལ་ འNོར་བ་ཡིན། hེད་_ིས་བ¼ངས་ན་ངས་བ›ིངས་པ་ཆོག་uམ་Z་µང་«ོར་འགའ་Nས་པས་,་སོར་{ད་ དེ་འཆི་[78A.6]བ་½ས་བདོག་གiང་། ž་ཁམས་བཟང་ཞིང་Bག་,་བདེན་གཤེགས་པའི་}གས་ཅི་ ལགས་lས་པས། µང་སེམས་ལ་དབང་ཐོབ་པ་འ^ོ་བ་ལ་}གས་ཅི་དགོས། དོ་ཞག་ངས་བར་དོར་Bིན་ [78B.1]ནས་འཇིག་}ེན་eི་ཁམས་མང་པོའི་བར་དོའི་སེམས་ཅན་ཚད་མེད་པ་བLལ། སངས་=ས་_ི་ ཞིང་མང་པོ་བ<ས་ཤིང་། བདེ་བ་ཅན་དང་། དགའ་`ན་དང་། ཤ¾་ལར་ཡང་Bིན། བདེ་བ་ཅན་ན་རིན་ [78B.2]པོ་ཆེའི་པ¿ྨོ་ཁ་Nེ་བ་སོགས་Rེ་©ོ་མང་པོ་གདའ་ཡང་། མཚན་ཉིད་_ི་Zས་ནས་Nམས་པའི་ ¢ང་Z་Lོ་འདོགས་གཅད་uམ་ནས་འZག་པ་Oག་པོས་}ེན་འWེལ་བLིགས་ཤིང་། Jོ་‰་བ་དང་དཔོན་ Gོབ་[78B.3]ཐམས་ཅད་}ེན་འWེལ་འ^ིག་པ་ཅིག་xང་བས། ང་འདི་ནས་བར་དོ་རིགས་མ'ན་Z་ Nས་ནས་སེམས་ཅན་དཔག་E་མེད་པ་བLལ།
དེ་ནས་དགའ་`ན་Z་འ^ོ་གiང་ནས་Nང་སེམས་པ་གདན་སར་[78B.4]བnོས། Nང་སེམས་ ž་ཁམས་འ•གས་པ་ན། ང་འ^ོ་བའི་ཚ™ས་ཡིན་ཏེ། ང་སོང་ན་དེའི་’ེན་eིས་hེད་_ང་འ^ོངས་པར་ འZག་པས། ཁམས་སོས་_ི་བར་Z་ངས་བ¦ད་དོ༎ གiང་ནས་ཞག་[78B.5]ཉི་£་ˆག་E་ཉིན་རེ་ བཞིན་ཆོས་ཟབ་མོའི་འབེལ་གཏམ་མཛད། དོན་གཅིག་པ་{་ƒང་ད–ིད་འWིང་ཉི་£་zའི་ཐོརངས་Nང་ སེམས་པ་ལ་Mོ་)ེ་Gོབ་དཔོན་Z་དབང་བSར་བའི་ཆོ་གས་Mོ་)ེ་Oིལ་v་གནང་ནས། [78B.6] hེད་_ི་ ཁམས་ནི་སོར་{ད་འZག ད་ང་འ^ོ་བ་ཡིན། རོ་འདི་ཤི་མ་ཐག་བ›ེགས་_ང་ཆོག ང་རོའི་ནང་Z་འོད་ གསལ་བ©ོམས་ཞིང་བ¦ོད་N་བའི་Vགས་མིན། !ན་$ངས་_ི་N་བ་མཐར་Bིན། [79A.1]དགའ་¶ོ་ དང་བཅས་པས་གསོལ་བ་ཐོབ་གiང་1ེ་Ž་ངན་ལས་འདས་སོ༎ དེ་ནས་ཞག་བZན་ན་l་བས་Zས་འཁོར་ལ་སོགས་པའི་}ེན་མང་པོ་དང་། རིང་བ›ེལ་[79A. 2]Xངས་འ¤་<་vའི་‰ང་བོར་tར། དགེ་འZན་Jི་‘ག་གཅིག་འZས་ཏེ་¸བ་པ་Nས། Rིད་‰ག་E་ž་ འvམ་དང་། དགའ་`ན་Z་ž་འvམ་ཆེ་བ་དང་ž་གZང་རིན་པོ་ཆེ་བཞེངས་སོ༎ )ེ་འདི་ལ་Gོབ་[79A. 3]མའི་ཚ6གས་=་མཚ6་<་v་ལས་ཡོངས་i་^གས་པ་ནི། Jོ་‰་རིན་པོ་ཆེ་བསོད་ནམས་སེང་གེ འཇམ་ དNངས་བཞི་ཐོག་པ། !ན་$ངས་^གས་=ལ་བ། འཇམ་དNངས་འཁོན་1ོན་'གས་[79A.4])ེ་རིན་ ཆེན་སོགས་ས་R་བའི་ཆེན་པོ་rམས་དང་། Nང་སེམས་=ལ་བ་ཡེ་ཤེས། ལ་1ོད་པ་དབང་=ལ། Áན་མེ་ Wག་ཁ་བ། ›ོན་པ་!ན་=ལ་rམས་ལ་!ན་$ངས་v་བཞིར་^གས་པ་དང་། [79A.5]ཤེས་རབ་འvམ། !ན་མhེན་འཕགས་འོད། མཁས་བ~ན་ཡོན་ཏན་=་མཚ6། v་ཆེན་རིན་ཆེན་དཔལ་བཟང་སོགས་Rེས་ ཆེན་^ངས་ལས་འདས་པ་Nོན་ནོ།། ཆོས་)ེ་!ན་$ངས་ཆེན་པོའི་rམ་ཐར་མདོར་བªས་འདི་ནི་ཆག་ལོ་ཆོས་)ེ་དཔལ་eིས་མཛད་ པའི་དཔལ་Zས་_ི་འཁོར་ལོའི་བoད་པ་རིན་པོ་ཆེའི་}ོགས་པ་བ)ོད་པ་དཔག་བསམ་eི་uེ་མ་ཞེས་པ་ ལས་ཁོལ་E་xང་བ་ཡིན་ལ། Œག་}གས་འདིའི་[]ནང་གི་ཨང་ཡིག་ནི་མ་Bི་ཡིག་Šིང་གི་ཤོག་ཨང་དང་ ཐིག་‘ེང་ཡིན་ནོ།།
ཐོག་མར་དགེ་བ་klད།
མཚན་byང་།
ཟབ་ལམ་&ི་ཐོག་མར་དགེ་བའི་/ིད་བ0གས་སོ།། yག་འཚལ་དང་དམ་བཅའ།
ཨེ་མ་ཧོ། སངས་རྒྱས་ཀུན་འདུས་དཔལ་ལྡན་བླ་མ་དང་།། སྐུ་བཞིའི་བདག་ཉིད་དཔལ་ལྡན་དུས་འཁོར་ལ།། སྒོ་གསུམ་མཆོག་ཏུ་གུས་པས་ཕྱག་འཚལ་ཏེ།། ཟབ་ལམ་ཁྲིད་ཡིག་མདོར་བསྡུས་དོན་གསལ་བྲི།།
བར་du་དགེ་བ་གuང་།
གཉིས་པ་དངོས་གཞིའི་འཁྲིད་ནི། དཔལ་དུས་ཀྱི་འཁོར་ལོ་རྩ་བའི་རྒྱུད་དང་། དཔལ་གསང་བ་ འདུས་པའི་རྒྱུད་ཕྱི་མ་ལ་སོགས་པ་ལས། སོ་སོར་སྤོང་དང་བསམ་གཏན་དང་། །སྲོག་རྩོལ་དེ་ བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་ གསུངས་ཀྱང་།བསྐྱེད་རྫོགས་ཟུང་འཇུག་བསྒོམ་པའི་སྦྱོར་བ་ཡན་ལག་དྲུག །བསྙེན་སྒྲུབ་ཡན་ ལག་བཞི་དང་། རྡོ་རྗེའི་རྣལ་འབྱོར་བཞིར་བསྡུས་ནས། དགེ་བ་གསུམ་གྱི་ཁྲིད་རིམ་པ་གསུམ་གྱིས་ མཐར་ཕྱིན་ཏེ། དཔལ་དུས་འཁོར་ཞབས་ཆེན་པོས་གསུངས་པའི་སྙན་བརྒྱུད་ལས། ཀུན་ལ་དྲུག་དྲུག་ ཤེས་བྱ་སྟེ། །རབ་ཀྱིས་དང་པོར་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ཡིན། །ཐ་མས་དྲུག་པོ་ རིམ་པས་བསྒོམ། །ཞེས་གསུངས་པས།
(སམྦུ་ཊི་ལས། ཆོས་དང་ཆོས་མིན་རྣམ་པར་སྤངས། །དེ་ཕྱིར་རྟོག་པའི་དྲ་བ་
ནི། །སྤངས་ནས་ཟབ་མོའི་ཆོས་ནི་འཕེལ། །དེ་བཞིན་གཤེགས་པས་གསུངས་པའི་ལམ། །ལམ་རིག་རྣམ་པར་རྟོག་མི་བྱ། །རྣམ་རྟོག་ གཏི་མུག་ཆེན་པོས་ཏེ། །ཞེས་སོགས་གསུངས།)
དེ་ལྟར་འདིར་གསུམ་ལས། དང་པོ་སོ་སོར་སྤོང་དང་བསམ་
གཏན་བསྙེན་པའི་ཡན་ལག སྐུ་རྡོ་རྗེའི་རྣལ་འབྱོར། ཐོག་མར་དགེ་བའི་འཁྲིད་ལ་གཉིས་ལས།
དང་པོ། བsེན་པ། དང་པོ་བསྙེན་པའི་ཡན་ལག་གི་སྔོན་འགྲོ་སོ་སོར་སྤོང་བའི་འཁྲིད་ནི།
ས8་ས:ར་spོང་བའི་rིད། སྙན་བརྒྱུད་ལས། སྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་འགག་པར་བྱེད། ། སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །འབྱུང་བ་ལམ་རྟགས་མ་ནོར་འབྱུང་། །ངོ་བོ་སྟོང་པ་ཉིད་ཡིན་ཏེ། །སོ་སོའི་ རྟོག་པ་ཐམས་ཅད་སྡུད། །ཅེས་གསུངས་པས། དེ་ལ་དྲུག་ལས། དང་པོ་སོ་སོར་སྤོང་བའི་མཚན་དོན་ནི། རྒྱུ་ལས་དང་པོ་པས་མིག་ལ་སོགས་པའི་ཡུལ་ཅན་ དབང་པོ་ལྔས་གཟུགས་ལ་སོགས་པའི་ཡུལ་ལྔ་སོ་སོར་འཛིན་པའི་རྗེས་སུ་འབྲངས་པའི་དུག་གསུམ་ གྱི་རྣམ་པར་རྟོག་པ་སྤངས་པས། འབྲས་བུ་འཁོར་བའི་སྡུག་བསྔལ་ཐམས་ཅད་རང་འགགས་སུ་ སྤོང་བ་སྟེ། དཔལ་གསང་བ་འདུས་པ་ལས། དབང་པོ་རྣམས་ཀྱིས་མཐོང་ནས་ཀྱང་། །རང་གི་འཇུག་ ཡུལ་ཐམས་ཅད་ལ། །འདོད་པ་སོ་སོར་སྤོང་བས་ན། །སོ་སོར་སྤོང་བ་ཞེས་བཤད་དོ། །ཞེས་དང་། མཚན་བརྗོད་ལས། དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །རྣམ་པར་ མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས། །ཞེས་སོ། །དེ་བཞིན་དུ་སོ་སོར་ གཅོད་དང་། སོ་སོར་ཞི་ཅེས་ཀྱང་བྱའོ། །ཡང་འཁོར་བ་སེམས་ཅན་གྱི་རྒྱུ། ཆོས་མིན་རྣམ་རྟོག་ཡིད་ བྱེད་དང་། འདས་པ་སངས་རྒྱས་ཀྱི་རྒྱུ། རྣམ་པར་མི་རྟོག་ཡིད་ལ་མི་བྱེད་པའི་ཏིང་ངེ་འཛིན་སོ་སོར་
རྟོག་དཔྱོད་ཅིང་། སོ་སོར་འབྱེད་པ་སྟེ། མདོ་རྒྱས་འབྲིང་ལས། གང་རྣམ་པར་རྟོག་པ་ནི་མི་དགེ་ བའི་ཆོས་སོ། །རྣམ་པར་མི་རྟོག་པ་ནི་དགེ་བའི་ཆོས་སོ། །ཞེས་དང་། ཡིད་ལ་བྱེད་པ་ནི་མི་དགེ་བའི་ ཆོས་སོ། །ཡིད་ལ་མི་བྱེད་པ་ནི་དགེ་བའི་ཆོས་སོ། །ཞེས་དང་། ཡིད་ལ་བྱེད་པས་ནི་ཁམས་གསུམ་དུ་ འདྲེ་བར་བྱེད་ཅིང་གནས་པར་བྱེད་པ་ཡིན་ནོ། །ཡིད་ལ་མི་བྱེད་པས་ནི་ཁམས་གསུམ་དུ་འདྲེ་བར་ བྱེད་ཅིང་གནས་པར་བྱེད་པ་མ་ཡིན་ནོ། །ཞེས་སོགས་གསུངས་སོ། །ཡང་ན་འཁོར་བ་སེམས་ཅན་ གྱི་རྒྱུ། དབང་པོ་ལྔས་ཡུལ་ལྔ་སོ་སོར་འཛིན་པའི་རྣམ་རྟོག་བསྡུས་ཤིང་། མགོ་མནན་ནས། འདས་ པ་སངས་རྒྱས་ཀྱི་རྒྱུ། ལམ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་པས། འབྲས་བུ་རྫོགས་ པའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་སྡུད་པ་སྟེ། དཔལ་དུས་ཀྱི་འཁོར་ལོ་ བསྡུས་པའི་རྒྱུད་ལས། སོ་སོར་སྡུད་པ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་འབྲེལ་པ་རྣམས་ཀྱིས་རབ་ཏུ་ མི་འཇུག་ཉིད། །ཅེས་དང་། དེ་ཉིད་ཀྱི་འགྲེལ་པ་ལས། འདིར་སོ་སོར་སྡུད་པའི་མིང་ནི། དངོས་པོ་ ལ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་རྣམས་ཀྱི་འབྲེལ་བའི་སེམས་མི་འཇུག་ཅིང་། རྣམ་པར་ཤེས་ པ་སྟོང་པའི་གཟུགས་ཀྱི་ཡུལ་རྣམས་ལ་འཇུག་པ་ནི། གཞན་མིག་ལ་སོགས་པ་རྣམ་པ་ལྔ་ཞེས་ བྱའོ། །ཞེས་དང་།
(ཤ་བ་རི་དབང་ཕྱུག་གི་)མན་ངག་ལས།
མིག་ལ་སོགས་པའི་དབང་པོ་ལྔས་
གཟུགས་ལ་སོགས་པའི་ཡུལ་ལྔ་མི་ལེན་པའོ། །ཞེས་སོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། གཡས་པ་ས་ཡི་རླུང་དུས་བསྒོམ། ། ཞེས་པ་ སྟེ། དེའི་རྒྱུ་མཚན་ནི། བསྡུས་རྒྱུད་ལས། ས་ནི་ཆུ་ལ་འཇུག་འགྱུར་དེ་བཞིན་ཆུ་ནི་མེ་ལ་མེ་ནི་རླུང་ལ་ འཇུག་པར་འགྱུར་བ་འོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་མཚན་མ་རྣམ་པ་བཅུར་འགྱུར་མཚན་མ་རྣམ་ པ་ཀུན་ལྡན་དུ། །རྣམ་པ་ཀུན་ལྡན་མཆོག་ཏུ་མི་འགྱུར་བདེ་བ་དམ་པ་ཡེ་ཤེས་སྐུ་རུ་ (འགྱུར་ བར་)བརྗོད་པ་སྟེ།
།ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་རོ་སྐྱེས་བུ་རྣམས་ཀྱིས་སྐྱེ་བ་འདི་
རུ་མི་བདག་ཀྱེ། ། ཞེས་སོ། །ཕྱི་ནས་སྲོད་དང་ཐོ་རངས་དང་། སྔ་དྲོ་ཕྱི་དྲོ་གསལ་ལ་རྟོག་མེད་དུ་ གནས་པའི་ཡེ་ཤེས་སྐྱེ་དུས་ཡིན་པས་བསྒོམ་ཞིང་། ནམ་གུང་ཉིན་གུང་བྱིང་ནས་(གསལ་བའི་)ཡེ་ཤེས་ འཇིག་ཅིང་།
(སོ་སོར་)དྲོ་དགོངས་དགོད་ནས་རྟོག་མེད་ཀྱི་ཡེ་ཤེས་འཇིག་དུས་ཡིན་པས་མི་བསྒོམ་
པར་ཐུན་མཚམས་བྱའོ། །
གསུམ་པ་ཡན་ལག་ལ་གསུམ། སོ་སོར་སྤོང་བའི་ཐབས་ཉིན་མཚན་གྱི་རྣལ་འབྱོར་བསྒོམ་པ་ དང་། སོ་སོར་སྤོང་བའི་སྒོམ་ལམ་ཏིང་ངེ་འཛིན་ངོ་སྤྲད་པ་དང་། སྒོམ་འཕྲོ་ལ་ཤི་ཡང་རྣལ་འབྱོར་ གོམས་པའི་སྟོབས་འཇུག་པར་བསྟན་པའོ། ། དང་པོ་ནི། མདོ་བརྒྱུད་སྟོང་པ་ལས། ཀོའུ་ཤི་ཀས་སྨྲས་པ། འཕགས་པ་རབ་འབྱོར། ཤེས་རབ་ ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བསླབ་པར་འདོད་པས་གང་ལ་བསླབ་པར་བགྱི། རབ་འབྱོར་ གྱིས་སྨྲས་པ། ཀོའུ་ཤི་ཀ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་བསླབ་པར་འདོད་པས་ ནམ་མཁའ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་དུ་ བསླབ་པར་འདོད་པས། བླ་གབ་མེད་པ་ལ་རྣལ་འབྱོར་དུ་བསླབ་པར་བྱའོ། །ཞེས་དང་། ཤེས་རབ་ཀྱི་ ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ནི་ནམ་མཁའ་བསྒོམ་པའོ། །ཞེས་དང་། མཚན་བརྗོད་ལས། ནམ་ མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཞེས་དང་། རྩ་རྒྱུད་ལས། སོ་ སོར་སྤོང་བ་ཕྱག་རྒྱ་ཆེ། །ནམ་མཁའ་སྟོང་པའི་མཚན་ཉིད་དོ། །ཞེས་དང་། དཔལ་དུས་ཀྱི་འཁོར་ ལོ་བསྡུས་པའི་རྒྱུད་ཕྱི་མ་ལས། མཚན་མོའི་སྦྱོར་བས་དུ་བ་ལ་སོགས་སླར་ཡང་ཉིན་མོ་ནམ་ མཁར་འབར་བ་ལ་སོགས་པ། །སོ་སོར་སྡུད་པའི་རྣལ་འབྱོར་པ་ཡིས་དུས་གསུམ་དངོས་པོ་ནམ་ མཁའི་དཀྱིལ་དུ་སོན་པར་མཐོང་། །ཞེས་གསུངས་པའོ། །དེའི་དང་པོ་བླ་གབ་ཅན་མཚན་མོ་གསང་ མེད་ནམ་མཁའི་རྣལ་འབྱོར་ལ་གསུམ་ལས། བསྒོམ་པའི་གནས་ནི། ཁང་རང་བཞིན་གྱིས་མུན་པ་གནག་པ་ས་ཕུག་བྲག་ཕུག་དང་། (གནས་)ས་མཐོ་སར་བྱས་པ།
(ཀུན་སྤངས་ཀྱི་གནས་ནི་)དབེན་
( འབྱོར་ལྡན་གྱི ་ གནས་ནི་) སྒྲུབ་ ( ན་
ཐོག་མཐོ་བ། ཕྱོགས་མཚམས་ཐམས་ཅད་དུ་ཞལ་བ་བྱས་པ།
གསལ་དཀར་ཕྱི་རུབ་ལ་ནང་ཡངས་པ་དང་ལྡན་པ། སྒོ་འཁྱོག་རིམ་པ་གསུམ་པའམ་འཛུལ་སྒོ་ ཅན། སྒོམ་དུས་སྣང་བ་འབྱུང་བའི་བུག་པ་ཅུང་ཟད་ཀྱང་མེད་པར་བསྡམས་པའི་ནང་དུ་སྟེ། སྙན་བརྒྱུད་ ལས། མཚན་མོ་བླ་ཁབས་བཅས་(པ་གསེང་མེད་པའི་ཁང་)པ་རུ། །ནམ་མཁའ་ལ་དམིགས་སྟོང་ཉིད་ བསྒོམ། །སྲོད་དང་ཐོ་རངས་གུང་ལ་མིན། །ཞེས་སོ། ། གཉིས་པ་བསྒོམ་པའི་ཚུལ་ལ་གཉིས་ལས། དང་པོ་མཉམ་བཞག་དངོས་གཞིའི་དུས་སུ་མི་གཡོ་ བ་གསུམ་དང་ལྡན་པར་གཞག་པ་ལ་གསུམ་ལས། ལུས་རྩ་མི་གཡོ་བར་གཞག་པ་ནི། བཞི་དང་གཉིས་པོ་སྔོན་དུ་བཏང་ནས།)
(སྔོན་འགྲོ་
རྐང་པ་དཀྱིལ་(ཁྲུམས་(ཀྲུང་) བཅའ། ལག་པ་གཉིས་པུས་མོའི་སྟེང་
དུ་བཀབ་པའམ། མཉམ་གཞག་གི་ཕྱག་རྒྱའམ། ཡང་ན་མཐེ་བོང་གཉིས་ཀྱིས་སྲིན་ལག་གི་རྩ་བ་
མནན་པའི་ཁུ་ཚུར་བཅངས་པ་ལྟེ་འོག་གམ་བརླ་སྟེང་དུ་བཞག། གདན་ལ་གནས་པ། རྒྱལ་བའི་བདག་པོའི་རྡོ་རྗེ་ཕྱག་རྒྱར་འགྱུར། ཞེས་སོ། །)
(དབང་པོ་ལས། ཁུ་ཚུར་བརླའི་སྟེང་དུ་རྡོ་རྗེའི་
སྒལ་ཚིགས་དྲང་པོར་བསྲང་། མགྲིན་
པ་ཅུང་ཟད་སྒུ་བར་བྱས་པའི་ལུས་མི་གཡོ་མི་འགུལ་བར་གནས་ནས། མིག་གཉིས་འབྱེད་འཛུམ་མི་ བྱེད་པར།
(རང་གི་གཞི་ལ་ལྟ་ཚུལ་མཐོ་དམའ་གང་འདུག་དང་བསྟུན་ནས་)སོ་མར་བཞག་པའི་མིག་འབྲས་མི་འགུལ་
བར་ཧྲིག་གེ །སྣ་སྒོ་ནས་(རླུང་རྒྱུ་བ་ཐུང་རིང་གི་ཚད་)སོར་བཅུ་གཉིས་སམ་བཅུ་དྲུག་གི་ནམ་མཁའ་ལ་བལྟ་ སྟེ། རྩ་རྒྱུད་ལས། མིག་གཉིས་མ་ཕྱེ་མ་བཙུམས་པས། །ཞེས་སོ། །ཡང་ན་མིག་གཉིས་བགྲད་ལ་ སྤྱི་གཙུག་ཏུ་བལྟ་སྟེ། བསྙེན་པར་དང་པོའི་རྣལ་འབྱོར་པ་ཡིས་ནམ་མཁར་རྣམ་བཅུ་འཁོར་ལོ་ཅན་ གྱི་ཁྲོ་བོའི་ལྟ་སྟངས་ཀྱིས། ཞེས་པ་དང་། གསང་འདུས་ལས། བསྙེན་དུས་གཙུག་ཏོར་ཆེན་པོ་ ཡི། །གཟུགས་སུ་འབད་དེ་བལྟ་བར་བྱ། །ཞེས་(པ་ནི། མིག་མི་འཛུམ་པར་བལྟ། མིག་ཁྲོས་པའི་ཚུལ་དུ་བལྟ། མིག་ ངལ་མི་གསོ་བར་བལྟ། ཡིད་འཛིན་པ་མེད་པར་བལྟའོ། ། ཞེས་)དང་།
ཤེར་ཕྱིན་ལས། སྤྱི་གཙུག་རྣམ་པར་ལྟ་བ་
ཞེས་བྱ་བའི་ཏིང་ངེ་འཛིན་དང་། ཞེས་གསུངས་སོ། ། ངག་རླུང་མི་གཡོ་བར་གཞག་པ་ནི། རླུང་གི་དུག་དབྱུང་གསུམ་གསུམ་སྟེ་དགུ་དབྱུང་བར་ བྱས་ནས། དབུགས་ཆེད་དུ་ནང་དུ་མི་བཟུང་། ཆེད་དུ་ཕྱིར་མི་བཏང་པར་རྔམ་པ་རང་སོར་གཞག་གོ །དེ་ལྟར་གཞག་པས་རླུང་ནང་དུ་ཟིན་དྲགས་པའི་གེགས་ཚད་ནད་དང་། ཕྱིར་བཏང་དྲགས་པའི་ གེགས་གྲང་ནད་མི་འབྱུང་བའོ། ། སེམས་རིག་པ་མི་གཡོ་བར་གཞག་པ་ལ་བཞི་ལས། སེམས་ཅི་ཡང་མི་སེམས་པར་གཞག་ པ་ནི། སེམས་མ་བཅོས་གཉུག་མའི་ངང་དུ་ཅིར་ཡང་མི་སེམས། ཅི་ཡང་ཡིད་ལ་མི་བྱེད་པར་མ་ ཡེངས་པར་ཏིང་ངེ་འཛིན་པ་སྟེ། རྩ་རྒྱུད་ལས། སེམས་ནི་གཡོ་བ་མེད་བྱས་ནས། །དུ་བ་ལ་སོགས་ རྣམ་བསྒོམ་བྱ། །ཞེས་དང་། དངོས་མིན་དངོས་པོར་བསྟེན་ནས་སུ། །དངོས་པོ་དངོས་པོ་མིན་པར་ བྱ། །སེམས་ནི་སེམས་མིན་བྱས་ནས་སུ། །ཅི་ཡང་སེམས་པར་མི་བྱའོ། །ཞེས་དང་། བསམ་པ་ ཐམས་ཅད་རྣམ་སྤངས་ནས། །ཉིན་མཚན་གཅིག་ནི་བལྟ་བར་གྱིས། །དེ་ལ་རྟགས་ནི་མ་མཐོང་ ན། །དེ་ཚེ་ང་ཡིས་བརྫུན་སྨྲས་ཡིན། །ཞེས་གསུངས་སོ། །དེ་ནི་ཤེས་པ་ཅི་ཡང་མི་བསམ་པར་ གཞག་པ་ལྷ་ཁང་གི་ལྡེར་སོ་ལྟ་བུའི་མན་ངག་གོ ། སེམས་རིག་པ་རྩེ་གཅིག་ཏུ་གཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། ཡིད་མིག་རླུང་གསུམ་སྨིན་མཚམས་ཀྱི་ཐད་ཀའི་ནམ་མཁའ་ལ་རྩེ་གཅིག་ཏུ་མ་ཡེངས་པར་ཏིང་ངེ་
འཛིན་པ་སྟེ། རྩ་རྒྱུད་ལས། ཡིད་མིག་རླུང་གསུམ་བར་སྣང་དུ། །རྣལ་འབྱོར་མཁས་པས་དུས་མཉམ་ བྱ། །རྒྱལ་བའི་ཡོན་ཏན་ངེས་པར་འབྱུང་། །ཀུན་མཁྱེན་ཀུན་གྱི་གསུང་འདི་ཉིད། །ཅེས་དང་། རྩེ་ གཅིག་རྣལ་འབྱོར་སྒོམ་པར་བྱེད། །ཡིད་ལ་ཅི་ཡང་མི་བསམ་མོ། །(མ་བསམ་པ་ཡི་སྣང་བ་རུ། །དུ་བ་ལ་སོགས་ སྣ་ཚོགས་འབྱུང་། །)ཞེས་གསུངས་སོ།
།དེ་ནི་རྣམ་ཤེས་སྒོ་གཅིག་ཏུ་བཏོན་ནས་གཞག་པ་སྤྲེའུ་སྒོ་
གཅིག་ཏུ་བཏགས་པ་ལྟ་བུའི་མན་ངག་གོ ། ཤེས་པ་ད་ལྟར་བ་འཛིན་མེད་དུ་གཞག་པ་ནི། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་འདས་པའི་རྗེས་མི་གཅད། མ་འོངས་པའི་སྔུན་མི་བསུ། ད་ལྟ་བ་ལ་བརྩི་བགྲང་མི་བྱ་བར། ཤེས་པ་ད་ལྟར་བ་མ་བཅོས་གཉུག་མའི་ངང་དུ་རྣམ་རྟོག་གང་ཡང་མེད་པར་མ་ཡེངས་པར་ཏིང་ངེ་ འཛིན་པ་སྟེ། རྩ་རྒྱུད་ལས། དང་པོ་ཐོག་མཐའ་དང་བྲལ་ཞིང་། །བར་མ་ཙམ་ཞིག་བསྟེན་པར་བྱ། ། དེ་ལ་གནས་ཤིང་དེ་སྤོང་གང་། །དེ་ལ་མཚན་མ་བཅུ་འབྱུང་ངོ་། །ཞེས་གསུངས་སོ། །(མན་ངག་ལས་ ཀྱང་། སྔར་རྗེས་མི་བཅད་སྔུན་མི་བསུ། །ད་ལྟར་འཛིན་མེད་ནམ་མཁར་བཞག །དུས་གསུམ་རྟོག་པའི་རྒྱུ་འགྲུལ་འཆད། །ད་ལྟར་ འཛིན་མེད་ཏིང་འཛིན་གནས། །ཞེས་གསུངས་སོ། །)
དེ་ནི་དུས་གསུམ་བར་མ་རྟོག་མེད་དུ་གཞག་པ། སྤུན་གསུམ་
གྱི་བར་མ་དང་འགྲོགས་པ་ལྟ་བུའི་མན་ངག་གོ །སེམས་གློད་ནས་རང་གྲོལ་དུ་གཞག་པ་ནི། ལུས་ ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མ་བཅོས་གཉུག་མའི་ངང་དུ་ལྷོད་གློད་ནས། གང་དུ་ཡང་མི་རྟོག་པར་མ་ཡེངས་པར་ཏིང་ངེ་འཛིན་པ་སྟེ། རྩ་རྒྱུད་ལས། བཅིངས་ན་ཕྱོགས་བཅུར་ བརྒྱུགས་ནས་འགྲོ། །བཀྲོལ་ན་གཡོ་མེད་གནས་པ་ལྟར། །འཛའ་མོ་བདག་གིས་རྔ་མོང་མཐོང་། ། བདག་ལ་ཕྱིན་ཅི་ལོག་པར་སྣང་། །ཞེས་གསུངས་སོ། །དེ་ནི་སེམས་གློད་ན་རང་གྲོལ་དུ་གནས་པ་ རྔ་མོ་བཀྲོལ་བ་ལྟ་བུའི་མན་ངག་གོ ། དེ་ལྟར་རྟོག་པ་གཅོད་པའི་མན་ངག་བཞི་པོ་ཀུན་ལ་མ་ཡེངས་པར་ཏིང་ངེ་འཛིན་པ་ཤིན་ཏུ་ གཅེས་ཏེ། མདོ་ལས། སེམས་ཡེངས་པས་ནི་བདག་གི་དོན་ཡང་མི་ནུས་ན། གཞན་གྱི་དོན་ལྟ་སྨོས་ ཀྱང་ཅི་དགོས། སེམས་མ་ཡེངས་པའི་ཏིང་ངེ་འཛིན་ནི། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ལམ་མོ། །ཞེས་གསུངས་སོ། །དེ་དག་གི་སྐབས་སུ་བལྟ་བ་དང་། དྲི་བ་ལེགས་པར་བྱས་ལ། ཉམས་མྱོང་ རིམ་ཅན་དང་། རིམ་མེད་གང་སྐྱེས་དང་སྦྱར་བའི་རྟགས་དང་། རྟགས་ཅན་གྱི་སྣང་བའི་ཉམས་སྐྱོན་ ཅན་དུ་སྣང་བ་སྐྱོན་མེད་དུ་ངོ་སྤྲོད་པ་ལ་སོགས་པ། དང་པོ་སྒོམ་འདེབས་པ་ལ་མཁས་པ། བར་དུ་
སྒོམ་གྱི་ཉམས་མྱོང་སྐྱོང་བ་ལ་མཁས་པ། མཐར་ཉམས་མྱོང་ཡོན་ཏན་དུ་བསྒྱུར་བ་ལ་མཁས་པར་བྱ་ སྟེ། དཔལ་ལྡན་བླ་མ་དམ་པས་འདེབས་སྐྱོང་བསྒྱུར་བའི་ཚུལ་ལས་ཤེས་པར་བྱའོ། ། གཉིས་པ་རྗེས་ཐོབ་ཐུན་མཚམས་ཀྱི་དུས་སུ་དབེན་པ་གསུམ་བསྟེན་ནས་གནས་པ་ནི། མཉམ་ བཞག་གི་དགེ་བ་བསྔོས་ནས་སྔོན་འགྲོ་བཞིན་ལུས་(དགེ་མི་དགེ་ལུང་མ་བསྟན་གྱི་)བྱ་བྱེད་ཀྱིས་དབེན་པ་ དང་། ངག་(དགེ་མི་དགེ་ལུང་མ་བསྟན་གྱི་)སྨྲ་བརྗོད་ཀྱིས་དབེན་པ་དང་། སེམས་(དགེ་མི་དགེ་ལུང་མ་བསྟན་གྱི་) རྣམ་རྟོག་གི་སྤྲོ་བསྡུས་དབེན་པར། སྒོ་གསུམ་རང་ལུགས་སུ་ལྷོད་གློད་ནས་ངལ་གསོ་བར་བྱའོ། ། གསུམ་པ་སྤོགས་པའི་ཆོ་ག་ནི། སྙན་བརྒྱུད་ལས། སོ་སོར་སྡུད་པའི་སྤོགས་པ་ནི། །བྱེད་ བཅིངས་དྲག་ཏུ་བརྩམ་པར་བྱ། །ཞེས་དང་།
(སྙན་བརྒྱུད་ལས། འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་རྗེ་
སྐྱིལ་ཀྲུང་བཅའ། །ལག་པ་རྡོ་རྗེ་བསྡམ་པར་བྱ། །གསུས་སྦྱར་ལྕེ་བཟློག་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་ལྟ་སྟངས་སོ། ། དེས་ནི་རླུང་རྣམས་འཆིང་བྱེད་པའོ། །ཞེས་པ་དང་།)
རྩ་རྒྱུད་ལས། བྱེད་པ་ནན་བཅིངས་མན་ངག་གིས། །སྲིད་པ་
གསུམ་པོ་གཡོ་མི་འགྱུར། །ཞེས་གསུངས་པས། བྱེད་པ་ནི། རོ་རྐྱང་གི་རྩ་རླུང་ཐིག་ལེ་དང་རྣམ་ རྟོག་ཡིན་ཅིང་། དེ་དག་བཙན་ཐབས་སུ་ནན་གྱིས་བཅིང་བ་ནི། ལུས་གནད་དང་ལྟ་སྟངས་ཡིན་ པས། ཤེས་མི་ཤེས་བལྟས་ཤིང་མི་ཤེས་ན་འདྲ་བའི་དཔེ་དྲུག་ལྟར་ལེགས་པར་བསླབ་པར་བྱ་སྟེ། (གཅུན་དྲགས་ན་གློད། གློད་དྲགས་ན་བཅུན་དུ་འཇུག་པ་རྣམས་བླ་མའི་)ཞལ་ལས་ཤེས་པར་བྱའོ།
།གཉིས་པ་བླ་
གབ་མེད་པ་ཉིན་མོ་སྤྲིན་མེད་ནམ་མཁའི་རྣལ་འབྱོར་ལ་གསུམ་ལས། བསྒོམ་པའི་གནས་ནི། སྤངས་པའི་གནས་)ནམ་མཁའ་རྒྱ་ཆེན་པོ་མཐོང་བའི་ས་རིའི་རྩེ་མོའམ།
མི་མཐོང་ཙམ་དུ་བསྐྱོར་བ་དང་།
(ཀུན་
ཐང་ཡངས་པོར་རང་གི་ལུས་
(འབྱོར་ལྡན་གྱི་གནས་)ཁང་ཐོག་གམ་གཡབས་འོག་ཏུ་སྟེ།
སྙན་
བརྒྱུད་ལས། ཉིན་མོ་བླ་གབ་མེད་པ་སྟེ། །ནམ་མཁའ་ལ་བལྟ་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་གུང་ལ་ མིན། །ཞེས་སོ། ། སྒོམ་པའི་དུས་ནི། མཚན་རྟགས་རྣམས་རྫོགས་པར་མཐོང་ནས་སྔ་དྲོ་དང་ཕྱི་དྲོ་ བསྒོམ་གྱི། ཉིན་གུང་མི་བསྒོམ་སྟེ། སྙིང་པོ་གསལ་བ་ལ་སོགས་པ་ལས། སྔ་དྲོ་ཉི་མ་རྒྱབ་ཕྱོགས་ ཏེ། །ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དྭངས་པར་གྱུར་པ་ལ། །རྩེ་གཅིག་མི་རྟོག་བསྒོམ་ པར་བྱ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་ཕྱིར་སྤང་། །ཞེས་གསུངས་སོ། །སྒོམ་པའི་ ཚུལ་ལ་གསུམ་ལས། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མི་གཡོ་བར་གཞག་ པ་ནི། རང་འདི་ན་ཡོད་པ་ལ་མི་བལྟ། ཡུལ་ཕ་གི་ན་ཡོད་པ་ལ་མི་བལྟ་བར་སྤྲིན་མེད་པའི་ནམ་ མཁའ་ཤིན་ཏུ་དྭངས་པའམ། སྤྲིན་དང་བཅས་ན་བར་སྣང་དུ་བལྟས་ཏེ། གང་དུ་ཡང་མི་རྟོག་པར་རྩེ་
གཅིག་ཏུ་མ་ཡེངས་པར་ཏིང་ངེ་འཛིན་པ་སྟེ། རྣལ་འབྱོར་རྩེ་གཅིག་གནས་པས་ཆུ་འཛིན་བྲལ་བའི་ ནམ་མཁར་སྣང་བ་ཁེངས་པའི་ལྟ་བས་བལྟ་བར་བྱ། །ཞེས་སོ། ། གཉིས་པ་ངོ་སྤྲོད་ནི་གསལ་སྒྲོན་བཞིའོ། །གསུམ་པ་ནི། སྙན་བརྒྱུད་ལས། སོ་སོར་སྡུད་པའི་ རྟགས་མཐོང་ཞིང་། །གལ་ཏེ་ཤི་བར་གྱུར་པ་ན། །དེ་ནི་ལམ་དམ་པ་དང་འཕྲད། །དེ་ནས་དངོས་ གྲུབ་ཐོབ་པར་འགྱུར། །ཞེས་དང་། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ལྡན་གལ་ཏེ་རྣལ་འབྱོར་ མ་ཐོབ་འཆི་བར་འགྱུར་བ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་ རྣལ་འབྱོར་ལྡན་པར་སྐྱེ་བར་འགྱུར། །དེ་ཡིས་སྔོན་དུ་གོམས་པས་སླར་ཡང་ཡེ་ཤེས་རྣལ་འབྱོར་ མཆོག་ཏུ་རྒྱ་ཆེན་ཉམས་སུ་ལེན་པར་འགྱུར། །ཡེ་ཤེས་ཐོབ་པར་གྱུར་ནས་མི་ཟད་མཆོག་གི་གནས་ འགྲོ་སླར་ཡང་གང་དུའང་སྐྱེ་བ་མ་ཡིན་ནོ། །ཞེས་པའོ། །བཞི་པ་རྟགས་ཚད་ལ་གཉིས་ལས། རྟགས་ལའང་གསུམ་ལས། མཚན་མོའི་རྣལ་འབྱོར་གྱི་ངེས་པའི་རྟགས། གཡས་ཀྱི་འབྱུང་བ་ ལུགས་བཟློག་གི་རླུང་རྫོགས་རིམ་ཐིམ་པས་འཆི་བ་སྦྱོང་བ་ནི།
(ཕ་རྒྱུད་)གསང་འདུས་རྒྱུད་ཕྱི་མ་
ལས། དང་པོ་སྨིག་རྒྱུ་ལྟ་བུ་སྟེ། །གཉིས་པ་དུ་བ་ལྟ་བུ་དང་། །གསུམ་པ་མཁའ་སྣང་མེ་ཁྱེར་བཞིན། །བཞི་པ་མར་མེ་ལྟ་བུ་དང་། །ལྔ་པ་སྤྲིན་མེད་ནམ་མཁའ་{ཞེས{འོ། །ཞེས་དང་}།
(མ་རྒྱུད་)རྡོ་རྗེ་
གུར་ལས། དང་པོ་སྤྲིན་གྱི་རྣམ་པ་སྟེ། །གཉིས་པ་དུ་བ་ལྟ་བུ་ཡིན། །གསུམ་པ་མེ་ཁྱེར་རྣམ་པ་འདྲ། །བཞི་པ་མར་མེ་ཉེར་འབར་བ། །ལྔ་པ་རྟག་ཏུ་སྣང་བ་སྟེ། །སྤྲིན་མེད་ནམ་མཁའ་འདྲ་བ་ཉིད། །དེ་ནི་ ཐམས་ཅད་མཁྱེན་པའི་རྒྱུ། ། དངོས་གྲུབ་ཉེ་བར་གྱུར་པ་ཡིན། །ཕྱི་ནས་སྒྱུ་མའི་རྣམ་པ་ནི། །ཁམས་ གསུམ་རྒྱུ་དང་མི་རྒྱུ་བ། །མ་ལུས་ལུས་པ་མེད་པར་གྲུབ། །ཅེས་དང་། ནམ་མཁར་ཆགས་པའི་ སེམས་ཀྱིས་མིག་མི་འཛུམས་པ་དང་ནི་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་རྣམས་ཀྱིས། །སྟོང་པ་ ལས་ནི་དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་མར་མེ་དྲི་མ་མེད་པའི་རབ་གསལ་ཉིད། །ཅེས་པ་ལ་སོགས་ པའོ། །ཉིན་མོའི་རྣལ་འབྱོར་གྱི་ངེས་པའི་རྟགས། གཡོན་གྱི་འབྱུང་བ་ལུགས་འབྱུང་གི་རླུང་བསྐྱེད་ རིམ་གོ་ལོག་པས་སྐྱེ་བ་སྦྱོང་བ་ནི། མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་ རབ་ཡེ་ཤེས་མེ་བོ་ཆེ(འབར་བ)། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་འོད་ཟེར་ལྷང་ངེ་བ(ཟླ་ བ)།
།འགྲོ་བའི་མར་མེ་(ཉི་མ་)ཡེ་ཤེས་སྒྲོན(སྒྲ་གཅན)། །གཟི་བརྗིད་ཆེན་པོ་འོད་གསལ་བ(གློག)། །
རིག་པའི་རྒྱལ་པོ་གསང་སྔགས་(སྟོང་གཟུགས་)མཆོག །(ཐིག་ལེར་དམིགས་བཅས་དམིགས་མེད་མི་འགྱུར་བའི་ བདེ་བས་)གསང་སྔགས་རྒྱལ་པོ་དོན་ཆེན་བྱེད།
།ཅེས་དང་།(མེ་འོད་འདྲའོ་)འབར་དང་ཟླ་བ་ཉི་མ་(ནི་འོད་
དམ་དབྱིབས་འདྲའོ་) རྡོ་རྗེ་ (སྒྲ་གཅན་གྱི ་ ཐི ག ་ལེ་ནག་པོ་)དང་ནི་མཆོག་གི་ཆ་(གློག་དཀར་བ་དམར་བ་འཁྱུག་པ་མི་རྟག་ པ་)དང་གཞན་ཡང་ཐིག་ལེ་ཉིད་(ནི་ལྗང་ཁུ་ལ་སོགས་པ་སྣ་ཚོགས་ཐིག་ལེ་ཆེན་པོའི་ནང་ན་གནས་པའི་ཐིག་ལེ་ཕྲ་མོ་ནི་ངུར་ སེར་ལ་སོགས་པ་སྣང་བ། ཆ་ཕྲ་བ་འཚེར་བ་འདར་བ་གཞིག་པར་དཀའ་བ་འོད་ཟེར་འཕྲོ་བ་ལྟ་བུ་མཐོང་བ་)རྣམས་སོ།
།ཞེས་
པའོ། །ཉིན་མཚན་གཉིས་ཀའི་{རྟགས་དང་}རྟགས་ཅན་ནི། རྩ་རྒྱུད་ལས། མ་བསམ་པ་ཡི་སྣང་བ་ དང་། །དུ་བ་ལ་སོགས་མཚན་མ་དེ། །ཤེས་རབ་གཟུགས་ནི་མཁའ་མཉམ་དང་། །ཡོད་དང་མེད་ ལས་རྣམ་འདས་པའི། །སེམས་ཀྱི་རྐྱེན་གྱིས་དོན་རྣམས་དང་། །རྡུལ་ཕྲན་ལས་སྐྱེས་ཚོགས་པ་ རྣམས། །ཀུན་ཏུ་ཡོངས་སུ་སྤངས་པའོ། །དུ་བ་སྨིག་རྒྱུ་མེ་ཁྱེར་དང་། །མར་མེ་འབར་དང་ཟླ་ཉི་ དང་། །མུན་ཅན་ཆ་ཤས་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་ནི་གསལ་བའོ། །མིག་གཉིས་མ་ཕྱེ་མ་ བཙུམས་པས། །གང་ཞིག་སྟོང་པར་མ་བརྟགས་པར། །རྨི་ལམ་བཞིན་དུ་གཟུགས་མཐོང་འགྱུར། །ཞེས་ དང་།
(ཐིག་ལེ་ནག་པོ་)དེ་དབུས་སངས་རྒྱས་སྐུ་ནི་ཡུལ་དང་རྣམ་པར་བྲལ་བའི་སྤྲུལ་དང་ལོངས་སྤྱོད་
རྫོགས་སྐུ་དུ་མའོ། །ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་མཐོང་བ་དུས་ཀྱི་རྩ་ཡིས་སོ། །དེར་ནི་ཐམས་ཅད་མཁྱེན་པའི་སྐུ་ནི་ཆུ་ནང་ཉི་མ་རྙོག་བྲལ་བཞིན་དུ་བརྗོད་མེད་སྣ་ཚོགས་མདོག ། ཡུལ་དང་རྣམ་པར་བྲལ་བའི་རྣམ་པ་མ་ལུས་རང་གི་སེམས་ཏེ་གཞན་གྱི་སེམས་ཉིད་མ་ཡིན་ནོ། ། ཞེས་དང་། སྙན་བརྒྱུད་ལས། དེ་ལྟར་བསྒོམས་པས་ཡུལ་སོགས་འགག །ནང་དུ་ལྷ་ཡི་མིག་སོགས་ ཏེ། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང་། །ཆོས་ལ་ཕ་རོལ་བཅུ་གནས་པ། །ལྷ་ལ་ལྷ་མོ་ བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་སྨིག་རྒྱུ་མཁའ་སྣང་དང་། །མར་མེ་ འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། །རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། ། འབར་བ་ཟླ་ཉི་སྒྲ་གཅན་གློག །ཐིག་ལེ་དྲུག་སྟེ་ཐ་མ་ནི། །ཐམས་ཅད་སྒྱུར་མཐོང་རྟགས་ཅན་ཏེ། ། འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ཕྱེད་ཕྱེད། །སྤྲུལ་སྐུ་ལོངས་སྐུ་རྟོག་ མེད་དོ། །རྡོ་རྗེ་བསླང་བའི་བདེ་བ་འབྱུང་། །བསྒོམས་པས་དུས་རྩར་རི་མོ་ནག །མཐོང་བ་ནང་དུ་སྟོང་ གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །ཅེས་སོགས་གསུངས་སོ། །རང་སེམས་ སྣང་སྟོང་འོད་གསལ་དེའི་ཡིན་ལུགས་དང་། དེ་གཞན་གྱིས་མི་མཐོང་ཞིང་།
{
དེ་}ལམ་དུ་འགྱུར་
བའི་རྒྱུ་མཚན་ནི། ས་ཡི་རྣམ་པ་སྣང་ཡང་སྲ་བ་མིན་དང་ཆུ་ཡི་གཟུགས་སུ་སྣང་ཡང་ཆུ་མིན་གཤེར་ བ་མེད་པའི་ཕྱིར། །མེ་ཡི་རྣམ་པར་སྣང་ཡང་མེ་མིན་རླུང་གི་གཟུགས་སུ་སྣང་ཡང་གཡོ་བ་མེད་ པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་དཀར་དང་སྔོ་བ་ལ་སོགས་སྣ་ཚོགས་
མཐོང་ཡང་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་གཞན་གྱིས་མི་མཐོང་རང་སེམས་དྲི་མ་ཉོན་ མོངས་བདུད་ཀྱི་མཐུ་སྟོབས་ཀྱིས། །ཞེས་དང་། དང་པོར་སྟོང་པའི་བྱང་ཆུབ་ངེས་པར་འགྱུར་ཏེ་སླར་ ཡང་དེ་ནས་ཟླ་བའི་ཐིག་ལེ་སྡུད་པའོ། །དེ་ལས་གཟུགས་བསྐྱེད་པ་དང་དེ་ནས་རབ་མཆོག་རོ་ཡི་ རིགས་ལ་ཡི་གེ་དགོད་པ་ཉིད་དུ་འགྱུར། །ཞེས་སོགས་དང་། སྒྱུ་འཕྲུལ་དྲྭ་བ་ལས། གཟུགས་ མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། ། གཟུགས་རྣམས་ ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །མཚུངས་པ་མེད་ཅིང་ཆེ་བར་ གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ ཆེན་པོ་ཆོས་ཀྱི་ཏོག །ཅེས་པའོ། ། ཚད་མ་ནི། མངོན་སུམ་བཞི་ལས། ལམ་མ་ནོར་བ་མཚོན་པའི་ རྟགས་དང་རྟགས་ཅན་དེ་དག་ནི་རྣལ་འབྱོར་པའི་{དབང་པོའི་}མངོན་སུམ་ཚད་མས་མཐོང་བ་གཙོ་ཆེ་ བར་བལྟའོ། ། ལྔ་པ་དག་དབྱེ་ནི། དག་བྱ་ཡེ་ཤེས་ཀྱི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག །དག་བྱེད་(ཕྱི་ ལྟར་ན་)ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལམ་(ནང་ལྟར་ན་)སོ་སོར་སྡུད་ཀྱི་ཡན་ལག་གིས།
དག་པའི་
འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་རྡོ་རྗེ་སེམས་དཔའ་ལ་སོགས་པ་དྲུག་{གསང་སྔགས་རྒྱལ་ པོ་སོར་སྡུད་མན་ངག་གིས། །ཀུན་རྫོབ་ཡེ་ཤེས་ཕུང་པོ་ཡེ་ཤེས་ཁམས། །ཡིད་ཀྱི་དབང་པོ་སྒྲ་དང་དབང་པོ་མཆོག །མི་བསྐྱོད་འབབ་པ་ སྤངས་པ་དེ་རྣམས་གཞན། །དོན་དམ་རྡོ་རྗེ་སེམས་དཔའ་སྣ་ཚོགས་ཡུམ། །ཀུན་ཏུ་བཟང་པོ་སྒྲ་ཡི་རྡོ་རྗེ་མ། །གནོད་མཛེས་རྒྱལ་པོ་ ཤིན་ཏུ་སྔོན་མོ་སྟེ། །ཤིན་ཏུ་རྣམ་དག་ཆོས་ཀྱི་དབྱིངས་ལ་འདུད། །}ཚན་གཅིག་འགྲུབ་སྟེ།
སོ་སོར་སྡུད་པ་རྒྱལ་
བའི་དབང་པོ་ཉིད་དང་། ཞེས་སོ། །དག་བྱེད་དབྱེ་ན་དུ་བ་ལྟ་བུ་ལ་སོགས་པ་རྟགས་བཅུའོ། ། དྲུག་པ་འབྲས་བུ་ནི། སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ་པས་ཚིག་གི་མཆོག་སོགས་སྟེར་ ནུས་པའོ། །སོ་སོར་སྡུད་པའི་རྣལ་འབྱོར་པ་ནི། ཡུལ་དང་རྣམ་པར་བྲལ་གྱུར་ཞིང་། །སྔགས་རྣམས་ ཀུན་གྱིས་བྱིན་གྱིས་རློབ། །ཅེས་པ་ལ་སོགས་པ་གསུངས་སོ།། །།
བསམ་གཏན་gyི་འrིད།
གཉིས་པ་བསྙེན་པའི་ཡན་ལག་གི་དངོས་གཞི་བསམ་གཏན་གྱི་འཁྲིད་ནི། སྙན་བརྒྱུད་ལས། གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། །ཞེས་གསུངས་པས། དེ་ལ་དྲུག་ལས། དང་པོ་བསམ་གཏན་གྱི་མཚན་དོན་ནི། བསམ་པ་དུ་བ་ལྟ་བུ་ལ་སོགས་པ་སྣ་ཚོགས་སྟོང་ པའི་གཟུགས་བརྙན་ལ་རྩེ་གཅིག་ཏུ་བརྟན་པའི་ཡན་ལག་དྲུག་དང་ལྡན་པ་སྟེ། ཤེས་རབ་རྟོག་དང་ དཔྱོད་པ་དང་ནི་དགའ་དང་བདེ་བ་མི་གཡོ་རྩེ་གཅིག་སེམས་ནི་བསམ་གཏན་ནོ། །ཞེས་དང་། རྒྱུད་ ཕྱི་མ་ལས། བསམ་གཏན་གྱིས་ཀྱང་དེ་ལ་སེམས་བརྟན་བྱས་པས་ཕྱི་རོལ་དངོས་པོ་རྣམས་པར་སྤོང་། ཞེས་པའོ། ། གཉིས་པ་དུས་མཚམས་ནི། སྙན་བརྒྱུད་ལས། དུས་ནི་ནམ་མཁའ་རྒྱུ་དུས་སོ། །ཞེས་པ་ནས་ མགོ་བརྩམས་ལ་རྟག་ཏུ་བསྒོམ་སྟེ། རྩ་རྒྱུད་ལས། གཟུགས་ཏེ་རྟག་ཏུ་བསྒོམ་པར་བྱ། །ཞེས་ གསུངས་སོ། ། གསུམ་པ་ཡན་ལག་ལ་གསུམ་ལས། སྒོམ་པའི་གནས་ནི། སྔར་གྱི་ཉིན་མཚན་གྱི་གནས་ སུའོ། ། གཉིས་པ་བསྒོམ་པའི་ཚུལ་ལ་གསུམ་ལས།
(འགྲེལ་ཆེན་ལས།)
ལུས་ནི་ས་གའི་འདུག་སྟངས་
སམ། ཡང་ན། ལུས་ངག་མི་གཡོ་བར་སྔར་བཞིན་བཞག་ནས། སེམས་མི་གཡོ་བར་གཞག་པ་ནི། སྙན་བརྒྱུད་ལས། ངོ་བོའི་ཡུལ་ནི་སྟོང་གཟུགས་ཏེ། །ཞེས་དང་། སྒོམ་པ་སྔར་(སོ་སོར་སྡུད་)གྱི་ སྟོང་གཟུགས་ལ། །སེམས་བཞག་ནམ་མཁར་ལྟ་བ་ཡིན། །ཞེས་དང་། སྟོང་ཉིད་སེམས་འཇུག་ ཤེས་རབ་སྟེ། །དངོས་རྣམས་སེམས་འཛིན་རྟོག་པའོ། །དེ་འཛིན་འཇུག་པ་དཔྱོད་པ་སྟེ། །སེམས་ ཀྱིས་ཀུན་བཞག་དགའ་བའོ། །བདེ་བ་ཕུན་ཚོགས་མི་གཡོ་བདེ། །ཞེས་དང་། གཞན་ཡང་སྦས་པ་ མིག་འབྱེད་ལས། བསམ་གཏན་ཞེས་བྱ་བ་ནི་དམིགས་པའི་ཡུལ་དེ་ཉིད་ལས་སེམས་མི་གཡོ་ཞིང་ སེམས་མི་ལྡེག་པར་{བརྟན་པར་}གནས་པ་ནི་བསམ་གཏན་དང་པོའོ། ། ཞེས་པའི་ཡན་ལག་དྲུག་ དང་ལྡན་པར་ཏིང་ངེ་འཛིན་པ་སྟེ། དེ་ལ་ཤེས་རབ་ནི་སྟོང་པའི་གཟུགས་བརྙན་དེ་ཉིད་སྣང་བའོ། །དེ་ ཉིད་དོན་དམ་པ་ཆོས་ཉིད་ཀྱི་ཡི་དམ་ལྷའི་ཞལ་མཐོང་བ་ཡིན་པས་དངོས་པོ་ཐམས་ཅད་ཀྱི་རང་ བཞིན་སྟོང་པ་ཉིད་ཤེས་པའོ། །དེ་ཉིད་ཉམས་སུ་མྱོང་བའི་སྟོང་པ་ཉིད་ཐམས་ཅད་མཁྱེན་པའི་ལམ་ དུ་འགྱུར་བ་ཡིན་ཏེ། གཞན་ཆད་པ་དང་ཉི་ཚེ་བའི་སྟོང་ཉིད་དང་། ཉམས་སུ་མ་མྱོང་བ་བེམས་
པོའི་སྟོང་ཉིད་ནི་བསྒོམས་ཀྱང་ལམ་དུ་མི་འགྱུར་བར་གསུངས་སོ། །རྟོག་པ་ནི་སྟོང་པའི་དངོས་པོར་ འཛིན་པའོ། །དཔྱོད་པ་ནི་དེའི་དོན་ངེས་པར་བྱེད་པའོ། །དགའ་བ་ནི་སྟོང་པ་ཉིད་ཀྱི་གཟུགས་བརྙན་ ལ་སེམས་ཆགས་པའོ། །བདེ་བ་མི་གཡོ་བ་ནི་སྟོང་པའི་གཟུགས་བརྙན་དང་ལྷན་ཅིག་པའི་སེམས་ བདེ་བའོ། །རྩེ་གཅིག་པ་ནི་སྟོང་པ་ཉིད་ཀྱི་གཟུགས་ལས་སེམས་གཞན་དུ་མི་གཡོ་བར་བརྟན་པ་སྟེ། རྩ་རྒྱུད་ལས། མཆོག་ཏུ་མི་འགྱུར་བསྒོམས་པ་ཡིས། །དབུ་མ་ཡོངས་སུ་སྦྱང་བྱས་ནས། ། ཞེས་ དང་། མེད་པའི་གཟུགས་ལ་བསྒོམ་པ་ནི། །རྣལ་འབྱོར་རྣམས་ལ་དེ་བསྒོམ་མིན། །སྟོང་པར་མ་ བརྟགས་མཐོང་བའི་ཕྱིར། །སེམས་ལ་དངོས་དང་དངོས་མེད་མིན། །ཇི་ལྟར་མེ་ལོང་པྲ་ལས་ནི། ། དངོས་མེད་ལས་སྐྱེས་བུ་མོས་མཐོང་། །མཁའ་ལ་དེ་ཉིད་རྣལ་འབྱོར་པས། །འདས་དང་མ་འོངས་ ཆོས་དེ་བཞིན། །དེ་མེད་པ་ཡི་དངོས་ཡོད་མིན། །དངོས་པོ་མེད་པའི་དོན་ཡོད་པ། །རྨི་ལམ་སྒྱུ་མ་ མིག་འཕྲུལ་མཚུངས། །ཆོས་ཅན་མེད་པ་ལས་ནི་ཆོས། །སྐྱེ་བ་འདི་ནི་མཐོང་བས་ན། །ཡིད་བཞིན་ ནོར་ལྟར་མཐའ་ཡས་པའི། །རེ་བ་ཐམས་ཅད་རྫོགས་མཛད་པ། །གཞོན་ནུ་མ་ཡི་པྲ་ལས་ནི། །མ་ མཐོང་པ་ཡི་རྐུན་མོ་མཐོང་། །ཉི་ཚེ་བ་ཡི་མིག་གཉིས་ཀྱིས། །སྒྲུབ་པ་པོ་ཡིས་བསྐྱོད་དེ་མཐོང་། ། གལ་ཏེ་ཡོད་པའི་གཟུགས་མཐོང་ན། །བདག་གི་གདོང་པ་ཅིས་མི་མཐོང་། །འོན་ཏེ་མེད་པའི་ གཟུགས་མཐོང་ན། །རི་བོང་རྭ་སོགས་ཇི་ལྟར་མིན། །མིག་གཞན་གྱིས་ནི་མི་མཐོང་སྟེ། །བདག་གི་ མིག་གིས་ཀྱང་མི་མཐོང་། །མ་སྐྱེས་པ་ནི་མཐོང་བ་ཡིན། །གཞོན་ནུ་མ་ཡི་བུ་བཞིན་ནོ། །ཞེས་ གསུངས་པས། མཆོག་ཏུ་མི་འགྱུར་བའི་སྟོང་གཟུགས་རྟག་ཏུ་བསྒོམ་པའོ། ། གསུམ་པ་སྤོགས་པའི་ཆོ་ག་ལ་གསུམ་ལས། ཉིན་མོ་ལམ་འོད་གསལ་བསྒོམ་པ་ནི། སྙན་བརྒྱུད་ ལས། བསམ་གཏན་སྟོང་གཟུགས་དྲག་ཏུ་བསྒོམ། །ཞེས་པས། འདིར་གསུམ་སྟེ། ཡེ་ཤེས་སྤྱན་ སྒྲུབ་ལས། དྷཱུ་ཏཱི་ནང་དུ་འོད་གསལ་གཟུང་། །རྟོག་མེད་སེམས་ཀྱིས་དེ་ཉིད་ཤེས། །རྡོ་རྗེ་ལུས་ཀྱི་ དེ་ཉིད་མཐོང་། །གསང་སྔགས་ཆོས་ལ་མཁས་པར་འགྱུར། །ཞེས་དང་། སྲོག་རྩོལ་སྒོ་རུ་འོད་ གསལ་གཟུང་། །རྒྱུ་བ་རླུང་གི་དེ་ཉིད་ཤེས། །རླུང་ལྔའི་ཁ་དོག་མཐོང་བར་འགྱུར། །ཞི་རྒྱས་ལ་ སོགས་དབང་དུ་འདུ། །ཞེས་དང་། སྣང་བའི་སྟེང་དུ་འོད་གསལ་གཟུང་། །ཕྲ་བའི་འོད་ལ་བརྟེན་ ནས་ནི། །རགས་པའི་འོད་ཆེན་ངོ་སྤྲད་པས། །རྟོག་མེད་འོད་ལས་སྲིད་འདས་སྣང་། །ཞེས་པའི་དོན་ མི་གཡོ་བ་གསུམ་ལྡན་གྱིས་བསྒོམ་སྟེ།ཞལ་ལས་ཤེས་སོ། །དེ་ལྟར་ཡང་སེམས་རང་འོད་ཀྱིས་རང་ རིག་པའི་གསལ་སྟོང་འཛིན་པ་མེད་པའི་ཏིང་ངེ་འཛིན་སྤྲིན་མེད་ནམ་མཁའ་ལྟ་བུ་བསྒོམ་སྟེ།
གསང་བ་འདུས་པ་ལ་སོགས་པ་ལས། དངོས་པོ་མེད་ལ་སྒོམ་པ་མེད། །བསྒོམ་པར་བྱ་བ་དངོས་ པོ་མིན། །དེ་ལྟར་དངོས་པོ་དངོས་མེད་པས། །བསྒོམ་པ་དམིགས་སུ་མེད་པའོ། །དངོས་པོ་ཐམས་ ཅད་དང་བྲལ་བ། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་རྣམ་སྤངས་པ། །ཆོས་ བདག་མེད་པས་མཉམ་པ་ཉིད། །རང་སེམས་གདོད་ནས་མ་སྐྱེས་པ། །སྟོང་པ་ཉིད་ཀྱི་རང་བཞིན་ནོ། །ཞེས་སོགས་དང་། ནམ་མཁའ་ཆེ་རྒྱུད་ཀྱི་སྙིང་པོ་ལས།འོད་གསལ་ནམ་མཁའ་ཆེན་པོ་ཉིད། །ཆོས་ སྐུའི་རང་བཞིན་རྟོགས་གྱུར་ན། །དངོས་གྲུབ་ཡོད་རུང་མེད་ཀྱང་རུང་། །དེ་ཉིད་དངོས་གྲུབ་ཆེན་པོ་ ཡིན། །ཞེས་དང་།
(རིམ་ལྔའི་)རིམ་པ་གསུམ་པ་ལས།
འགྲོ་ཀུན་རང་དབང་མེད་པ་སྟེ། །རང་དབང་
དུ་ནི་འབྱུང་བ་ཡིན། །དེ་ཡི་རྒྱུ་ནི་འོད་གསལ་བ། །འོད་གསལ་ཐམས་ཅད་སྟོང་པའོ། །སེམས་གང་ གིས་ནི་བྱིས་པ་རྣམས། །འཁོར་བའི་འཆིང་བས་བཅིངས་གྱུར་པ། །སེམས་དེ་ཉིད་ཀྱིས་རྣལ་འབྱོར་ པ། །བདེ་གཤེགས་གནས་སུ་འགྲོ་བར་འགྱུར། །འདི་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འཆི་བ་ ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་པར་གནས། །འཁོར་བ་ཉིད་ནི་ཤེས་པར་བྱ། །ཞེས་དང་། ཨཱརྱ་དེ་བས་མངོན་པར་བྱང་ཆུབ་པ་ལས། སུས་ཀྱང་མ་བྱས་མ་བཅོས་པའི། །མ་བསླད་མི་འགྱུར་ དེ་བཞིན་ཉིད། །བྱང་ཆུབ་ནམ་མཁའི་མཚན་ཉིད་པས། །མངོན་པར་བྱང་ཆུབ་ཅེས་བརྗོད་དོ། །ཞེས་ སོགས་གསུངས་སོ། ། མཚན་མོ་གཉིད་འོད་གསལ་གཟུང་བ་ནི། མལ་བདེ་བ་སྔས་མཐོ་བར་བྱས་ཏེ། ལུས་ངག་མི་ གཡོ་བར་སྔར་བཞིན་བཞག་ནས་སེམས་མི་གཡོ་བ་ནི། གཉིད་ལོག་ཁར་འཇིག་རྟེན་དང་འཇིག་ རྟེན་ལས་འདས་པའི་རྣམ་པར་རྟོག་པའི་མཚན་མ་ཐམས་ཅད་སྤངས་ནས། འོད་གསལ་མི་རྟོག་ པའི་ངང་དུ་བཞག་པས། གཉིད་མཐུག་ན་རྨི་ལམ་མེད་པའི་སེམས་གསལ་སྟོང་དུ་གནས་པ་འབྱུང་སྟེ། འོད་གསལ་ཟིན་མ་ཟིན་གཉིད་སད་རྗེས་སུ་ནམ་མཁར་བལྟས་པས་ཤེས་ཏེ། བླ་མའི་ཞལ་ལས་ ཤེས་པར་བྱའོ། །གཉིད་སྲབ་ན་གཉིད་སྲབ་མོའི་འོད་གསལ་ཟིན་པའི་རྟགས་ཉམས་སྣང་དང་ བཅས་པ་འབྱུང་ངོ་། །དེ་ལྟར་གཉིད་དུས་ཐམས་ཅད་དུ་སྦྱང་བར་བྱ་སྟེ། ཀྱེའི་རྡོ་རྗེ་ལས། གཉིད་ནི་ སྤང་བར་མི་བྱ་སྟེ། །དབང་པོ་རྣམས་{ཀྱང་{ནི་}མི་དགག་གོ །ཞེས་གསུངས་སོ། །དེ་བཞིན་དུ་ འཆི་ཁར་སེམས་འོད་གསལ་གྱི་ངང་དུ་བཞག་པས་འཆི་སེམས་ཀྱི་ཐ་མ་རྣམ་ཤེས་སྟོང་ཉིད་འོད་ གསལ་དུ་ཐིམ་པའི་ཚེ། སེམས་འོད་གསལ་དེ་ངོས་ཟིན་ཏེ་སྟོང་གསལ་རྟོག་མེད་ཆོས་སྐུར་སངས་ རྒྱས་པ་ལས་གཟུགས་སྐུའི་སྣང་བ་འབྱུང་སྟེ། ཨཱརྱ་དེ་བས་བདག་བྱིན་གྱིས་བརླབ་པ་ལས། ས་ཡི་
ཁམས་ནི་ཆུ་ལ་ཐིམ། །ཆུ་ནི་མེ་ལ་ཐིམ་པར་འགྱུར། །མེ་ནི་རླུང་ཕྲའི་ཁམས་ལའོ། །རླུང་ནི་སེམས་ ལ་ཐིམ་པར་འགྱུར། །སེམས་ནི་སེམས་ལས་བྱུང་ལ་ཐིམ། །སེམས་ལས་བྱུང་བ་མ་རིག་པར། །དེ་ ཡང་འོད་གསལ་བར་འགྲོའོ། །སྲིད་པ་གསུམ་པོ་འདི་ལྟར་འགག །ཅེས་དང་། རིམ་ལྔ་ལས། ཇི་ ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བ་ལྟར། །དེ་བཞིན་སྟོང་པ་འོད་གསལ་ལས། ། སྒྱུ་འཕྲུལ་དྲྭ་བ་འབྱུང་བར་འགྱུར། །ཞེས་སོགས་གསུངས་སོ། ། ཐུན་བསྒོམ་གྱིས་མཉས་རྗེས་བསྲེ་བ་ནི། རྣམ་གཡེང་ཅན་གྱི་ གནས་སུ་མུན་ཁང་ཆུང་ངུ་ བསྒྲུབས་ཏེ་སྔར་བཞིན་བསྒོམ་པ་དང་། འགྲོ་འཆག་ལ་སོགས་པ་སྤྱོད་ལམ་ཐམས་ཅད་དུ་དྲན་པས་ བཟུང་ནས་ལུས་ངག་སེམས་ཤུགས་ཆད་པའི་ཉམས་ལ་སོགས་པ་ལ་སྦྱར་ཏེ། རྗེས་ཐོབ་ཐམས་ཅད་ དུ་མཉམ་བཞག་གིས་ཟིན་པར་བསྒོམ་སྟེ། ཀྱེའི་རྡོ་རྗེ་ལས། བཟའ་དང་བཏུང་དང་བླུགས་པ་དང་། ། ཉལ་དང་ལོག་དང་སེམས་པ་ན། །ཕྱག་རྒྱ་ཆེན་པོ་མངོན་འདོད་པས། ། དེ་ནས་སྔོན་དུ་འགྲོ་བར་ འགྱུར། །ཞེས་དང་། རྐང་པ་འཁྲུད་དང་ཟ་བ་དང་། ། འཐོར་འཐུང་སོ་རྩི་ཟ་བ་དང་། །ཙན་དན་གྱིས་ནི་ ལག་ཉེད་དང་། །སྨད་གཡོགས་ཀྱི་ནི་སྐེད་འགེབས་དང་། །འབྱུང་དང་སྨྲ་དང་འགྲོ་བ་དང་། །འདུག་ དང་ཁྲོ་དང་རྒོད་པ་དང་། །བཅོམ་ལྡན་འདས་མ་བསྟེན་པ་ན། །ཤེས་རབ་བརྟུལ་ཞུགས་ཅན་གྱིས་ནི། ། རྣལ་འབྱོར་མ་ནི་རྣམ་པར་བསྒོམ། །ཞེས་དང་། སམ་བུ་ཊི་ལས། གཟུགས་རྣམས་སྣ་ཚོགས་ བལྟ་བ་དང་། །སྒྲ་ནི་རྒྱས་པར་ཉན་པ་དང་། །སྣ་ཚོགས་རོ་ནི་ཟ་བ་དང་། །སྨྲ་བ་དང་ནི་རྒོད་པ་དང་། ། ལས་དེ་རྣམས་ནི་བྱེད་པ་ན། །སེམས་ནི་གཞན་དུ་མི་འགྲོ་བར། །དེ་ཉིད་རིག་པའི་རྣལ་འབྱོར་ པས། །རྣལ་འབྱོར་རྒྱུན་དུ་སྐྱེ་བར་འགྱུར། །ཞེས་གསུངས་སོ། ། བཞི་པ་རྟགས་ཚད་ནི་གཉིས་ལས། རྟགས་ནི་མིག་ལ་སོགས་པའི་དབང་པོ་རྣམས་ཕྱི་རོལ་གྱི་ གཟུགས་ལ་སོགས་པའི་ཡུལ་ལ་མི་འཇུག་པར། གཞན་ཤའི་མིག་ལ་སོགས་པ་རྣམས་ནང་སྟོང་ གཟུགས་ཡུལ་དུ་བྱེད་པར་རོ་མཉམ་པ་ལ་སོགས་པ་འབྱུང་སྟེ། སྙན་བརྒྱུད་ལས། འབྱུང་བའི་རིམ་ པ་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ལྟར། །མཉམ་གཞག་རྗེས་ཐོབ་མེད་པར་མཐོང་། ། བསམ་གཏན་ཆགས་པའི་བདེ་བ་འབྱུང་། །ལྷ་མོས་བསྐུལ་ལ་ལུང་བསྟན་ཐོབ། །ཅེས་གསུངས་ པའོ། །མཚན་མ་ནི་སོ་སོར་སྡུད་དང་འདྲའོ། ། ལྔ་པ་དག་དབྱེ་ནི། དག་བྱ་རྣམ་པར་ཤེས་པའི་ཕུང་པོ་ལ་སོགས་པ་དྲུག་ཚན་གཅིག །དག་བྱེད་ (ཕྱི་)བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་ལམ། (ནང་)
བསམ་གཏན་གྱི་ཡན་ལག་གིས། དག་པའི་
འབྲས་བུ་བདེ་སྟོང་དབྱེར་མེད་ཀྱི་ལྷ་རྒྱལ་བ་མི་བསྐྱོད་པ་ལ་སོགས་པ་དྲུག་{གསང་སྔགས་རྒྱལ་པོ་ བསམ་གཏན་ཡན་ལག་གིས། །ཀུན་རྫོབ་རྣམ་ཤེས་ཕུང་པོ་ནམ་མཁའི་ཁམས། །རྣ་བའི་དབང་པོ་ ཆོས་ཁམས་གསང་གནས་དག །ས་བོན་འབབ་པ་སྤངས་པ་དེ་རྣམས་གཞན། །དོན་དམ་མི་བསྐྱོད་ རྡོ་རྗེ་དབྱིངས་ཕྱུག་མ། །ཕྱག་ན་རྡོ་རྗེ་ཆོས་ཀྱི་ཁམས་མ་དང་། །ཁྲོ་ཆེན་གཙུག་ཏོར་དྲགས་ཅན་མ་ རྣམས་ཏེ། །ཆོས་དབྱིངས་ཡེ་ཤེས་བླ་མའི་ཞབས་ལ་འདུད། །}ཚན་གཅིག་འགྲུབ་སྟེ། བསམ་ གཏན་མི་བསྐྱོད་པ་ཞེས་སོ། །དག་བྱེད་དབྱེ་ན་དུ་བ་ལྟ་བུ་ལ་སོགས་པའི་ཡུལ་བཅུ་ལ་ཡུལ་ཅན་བཅུ་ པོ་གཅིག་ཏུ་བརྟན་པའི་དབྱེ་བས་བཅུའོ། ། དྲུག་པ་འབྲས་བུ་ནི། སྤྱན་ལྔའི་མངོན་ཤེས་ཐོབ་པ་སྟེ། །བསམ་གཏན་སྦྱོར་བ་དག་པ་ཡི། ། མངོན་པར་ཤེས་པ་ལྔ་རྣམས་ནི། །ཐོབ་པར་འགྱུར་རོ་མི་བདག་ཀྱེ། །ཞེས་པ་ལ་སོགས་པ་ གསུངས་སོ། །དེ་དག་ནི་སྙན་བརྒྱུད་ལས། སྟོང་གཟུགས་རྟོགས་པས་བསྙེན་པར་གསུངས། དེ་ གཉིས་ཐོག་མར་དགེ་བའོ། །ཞེས་པའོ། །དེ་དག་གི་སྐབས་འདིར་བཀའ་རྒྱ་བཞི་ཡིས་གདབ་པར་ བྱའོ།།
ཐ་མར་དགེ་བ་མjuག
མཛད་byང་།
སོ་སོར་སྡུད་དང་བསམ་གཏན་རིག་པ་མཁའ་ལྡིང་གི་མན་ངག་གིས། སེམས་དང་ནམ་ མཁའ་བསྲེ་བས་ཡུལ་སྣང་སྟོང་དབྱེར་མེད་ཟུང་འཇུག་རྟོག་པ་མེད་པའི་ཏིང་ངེ་འཛིན་གྱི་རྒྱལ་པོ་ བསྒོམ་པ། བསྙེན་པའི་ཡན་ལག་སྐུ་རྡོ་རྗེའི་རྣལ་འབྱོར་ལུས་རྩ་དང་སྣང་བ་སྤྲུལ་སྐུར་བསྒྲུབ་པ། ཐོག་མར་དགེ་བའི་ཁྲིད་ཡིག་འདི། སྐྱེས་མཆོག་དམ་པ་(མཁན་ཆེན་བྱང་ཆུབ་སེམས་དཔའ་ཆེན་པོ་ལ་སོགས་ པ་)རྣམས་ཀྱིས་ཞུས་ཤིང་བསྐུལ་བ་དང་།
སྣོད་ལྡན་མོས་གུས་ཅན་(བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་གཞོན་
ལ་སོགས་)གྱི་སློབ་བུ་དུ་མས་གསོལ་བ་བཏབ་པའི་ངོར།
དཔལ་མི་བསྐྱོད་རྡོ་རྗེས། སྒྲུབ་གནས་བཟང་
པོ་དཔལ་ནགས་རྒྱལ་གྱི་དབེན་གནས་མཁའ་སྤྱོད་བདེ་ལྡན་དུ་བཀོད་པའོ།། །། སྙན་བརྒྱུད་བཀའ་རྒྱ་ཅན་ཡི་གེར་བཀོད་པ་ཡིན་པས། སྣོད་མིན་གྱི་ལག་ཏུ་ཡི་གེ་མི་འཁྱར་བར་ གསང་བ་གལ་ཆེ། ཤིན་ཏུ་གསང་ཆེན་གྱིས་རྒྱས་གདབ་པར་བྱའོ། །ཨྠྀ། སྐྱེས་བུ་སུས་ཀྱང་ཡི་གེ་ ལ་བཅོས་སླད་དང་སྣོན་འབྲིད་མི་མཛད་པར་ཞུ། དགེའོ།། {
སྒོམ་པ་ནི། རྩ་རྒྱུད་ཡེ་ལེ་ལས་གསུངས་པ་འདི་ལྟ་སྟེ།
(སོ་སོར་སྡུད་ཀྱི་)དུ་བ་ལ་སོགས་བསྒོམ་བྱ་
ཞིང་། །(བསམ་གཏན་གྱི་སེམས་ནི་)སེམས་ནི་གཡོ་བ་མེད་བྱས་ཏེ། །(སྲོག་རྩོལ་རྡོ་རྗེ།
བཟླས་པས་)དབུ་མ་
སྦྱང་བ་བྱས་ནས་ནི། །(ཏིང་ངེ་འཛིན་གྱི་)མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། །(རྩ་འཁོར་ལོ་དྲུག་གི་)པདྨར་རྡོ་རྗེ་ རབ་བཀོད་ནས། །(རླུང་སེམས་ཀྱི་རླུང་སེམས་གནས་)སྲོག་ནི་ཐིག་ལེར་གཞུག་པར་བྱ། །འཁོར་ལོ(སྟེ་འཛིན་ པའོ་རྗེས་དྲན། གཏུམ་མོའི་རྗེས་སུ་ཞུ་བའི་དྲུག་གི་རྩའི་)ར་ཐིག་ལེ་ཐིག་ལེ་ཡི།
།གཡོ་བ་རྡོ་རྗེར་དགག་པར་བྱ། །རྟག་
ཏུ་རྟག་རེངས་རྣལ་འབྱོར་པས། །རྟག་ཏུ་སྟེང་དུ་ཁུ་བར་འགྱུར། །(ཡན་ལག་དྲུག་གི་)ཕྱག་རྒྱ་ཆེན་པོའི་ སྦྱོར་བ་ཡིས། །རྡོ་རྗེ་འབེབས་པར་བྱིན་གྱིས་རློབས། །(དེ་ལྟ་བུའི་)མཆོག་ཏུ་མི་འགྱུར་སྐད་ཅིག་ནི། ། སྟོང་ཕྲག་ཉི་ཤུ་རྩ་གཅིག་དང་། །དྲུག་བརྒྱ་རྫོགས་པས་རྒྱལ་པོ་ཆེ། །རྡོ་རྗེ་སེམས་(བཅུ་གཉིས་བྱོན་ པའི་)དཔར་རང་ཉིད་འགྱུར།
།ཞེས་གསུངས་སོ།། །།གཅིག་ཞུས་དག།}
མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་།
ཕྱི་ཀ ༣༠༤ རྟགས་ཅན་གཞིར་བཞག་ནས། གཞན། ཕྱི་ཀ ༣༠༩ དང་། ཀ་རྟགས་མི་གསལ་བ་བཅས་གསུམ་ཡོད །
དཔར་byང་smོན་ཚLག rམ་^ོལ་ཞི་བའི་=་མཚ6ར་རོ་གཅིག་E།། གཞོལ་བའི་མཐའ་ཡས་ཆོས་Iལ་དལ་འབབ་Ãང༌།། ཚ“ག་གི་གཟེགས་མ་རེས་_ང་Zག་གiམ་eི།། Oི་མ་ཡོངས་འ•ད་ལེགས་བཤད་བZད་,ི་འདི།། དཔར་Z་བ”ན་པའི་rམ་དཀར་‰ང་པོའི་མ'ས།། ཡང་དག་ཆོས་_ི་©ོ་མོ་1ོང་‘ག་བ=།།
གདངས་ཏེ་oད་zའི་འ^ོ་བ་མ་Vས་པ།། ངེས་ལེགས་ནོར་vའི་མཛ6ད་ལ་དབང་འNོར་ཤོག། ཅེས་འཛམ་ƒིང་ཡངས་པའི་hོན་ལ་འཚ™་མེད་ཞི་བའི་ལམ་1ོན་rམ་འOེན་¥_་སེང་གེའི་ རིང་Vགས་©ོ་!ན་ནས་=ས་པ་སོགས་འ‘ལ་Xན་ལེགས་ཚ6གས་Z་མའི་ཆེད་Z་དམིགས་ནས། ནང་བ1ན་/བ་མཐའ་རིས་མེད་_ི་གiང་རབ་rམས་དཔར་Z་བ”ན་དང་བ”ན་འtར་གང་ལ་ འང་«ར་ཆོག་པའི་དགེ་བ-ོའི་ºོན་ཚ“ག་E་¥_འི་དགེ་«ོང་ཆོས་f་བ་ངག་དབང་[ོ་བཟང་བ1ན་ འཛ“ན་=་མཚ6ས་«ར་བའོ།།