དུས་ཞབས་སྙན་བརྒྱུད། ༦

Page 1

!ས་འཁོར་ཆོ ས་)ོ ར་། ༦

༄༅།།¢¢$ས་ཞབས་)ན་བ+ད། !བ་ཆེན་'ས་ཞབས་པ་ཆེན་པོ་འཇམ་པའི་0ོ་1ེ།

ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས།


མཚན་byང་། ༄༅།། :ོར་བ་ཡན་ལག་<ག་གི་མན་ངག་=ས་ཞབས་?ན་བ@ད་ ཅེས་B་བ། !བ་ཆེན་'ས་ཞབས་པ་ཆེན་པོ་འཇམ་པའི་0ོ་1ེ།

བོད་Cལ་ལོ། ༢༡༤༢ Gི་ལོ། ༢༠༡༥ ལོར་འ3ལ་དེབ་J་ཕབ། ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས། གཙ*་sgr,ག་ཚ-གས་uང་།

Lོབ་%ོན་པ། མཁས་དབང་བདེ་ལེགས་རབ་Cས། མཁན་པོ་Nལ་Oིམས་དར་Cས།


འ3ལ་དེབ་གཙ+་Qིག་པ། བེ་རི་རིག་པའི་Rོ་Sེ། Tི་ནང་དBིངས་རིག བོད་Cལ་ལོ། ༢༡༤༢ Gི་ལོ། ༢༠༡༥ ལོར་འ3ལ་དེབ་J་ཕབ། ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས། དབང་ཚད། དེབ་འདིའི་དབང་ཚད་རིག་མཛ+ད་U་བར་ཡོད་པས། ཆོག་མཆན་མེད་པར་བWར་དཔར་དང་Xར་ བཅོས་སོགས་Bེད་མི་ཆོག་པ་Cལ་Yིའི་དཔེ་དེབ་Oིམས་Zགས་5ར་ཡིན། འ[ེལ་བ་Bེད་\ལ།

Tashi Choeling Buddhist Center 
 1889 Fiddlestick Ln
 Charlottesville, VA 22903 USA
 
 Email:rigdor77@gmail.com 
 Email: tcbc@tcbci.org Website: www.tcbci.org www.rigzod.org


ཆེད་བrjོད།

ཉེ་བའི་=ས་རབས་ནང་^ོ་ག_་བོར་གནས་ཤིང་^ོ་aོས་bི་ནོར་དང་cན་པའི་Wེ་བོ་མི་ dང་བ་ཞིག་གིས། ང་ཚ+་མིའི་རིགས་འདིའི་ཉིན་རེའི་འཚ+་བའི་ཐད། Gི་དངོས་པོའི་དགོས་མཁོ་ ལས་ནང་བསམ་^ོའི་དགོས་མཁོ་གལ་ཆེན་=་མཐོང་ནས། འདོད་fམ་ཅན་gི་དངོས་གཙ+་h་བའི་ 5་iབ་དང་། རེས་འཇོག་ཅན་gི་ཚན་རིག་གི་ལག་Tལ་kབ་འཕེལ་gི་ཁོར་\ག་ལས་ཡོངས་l་ བmལ་ཏེ། བོད་bི་ནང་བ%ན་རིག་པའི་གoང་Zགས་ལ། ཚད་ངེས་ཅན་gི་ཐོག་ནས་དོ་pང་ དང་གདེངས་འཇོག་Bེད་བཞིན་པའི་qབས་འདིར། ང་ཚ+་གཞན་ཕན་gི་rགས་Sེ་དང་Bམས་སེམས་bི་ཞི་བདེས་rགས་@ད་ཡོངས་l་ གཏམས་པའི་%ོན་པ་སངས་Cས་bི་Sེས་འsག་དtས་མ་ཞིག་གི་ངོས་ནས། ཇི་qད་=། “མ་དར་ བ་uམས་l་དར་བར་Bེད་ཅིང་། དར་བ་uམས་དག་ཅིང་འཕེལ་བ་དང་། ཉམས་པ་uམས་གསོ་ vས་པར་wར་ཅིག” ཅེས་གlངས་པ་5ར། %ོན་པ་མཆོག་དེའི་བ%ན་པའི་?ིང་པོའི་?ིང་པོ། ཐེག་པ་ཐམས་ཅད་bི་མཐར་rག ངེས་དོན་དx་མ་ཆེན་པོའི་རིང་Zགས་ལས་བTམས་པའི་ཆེས་ ངོ་མཚར་yད་=་zང་བའི་ལེགས་བཤད། ངེས་མདོ་བ{། ?ིང་པོའི་མདོ་|་སོགས་དང་། Bང་ }བ་སེམས་དཔའི་འaེལ་བ་qོར་གlམ། ད་=ང་བསིལ་~ོངས་•ན་མkེན་€ོན་པ་བཞི་cན། Sེ་ བ•ན་ཐམས་ཅད་མkེན་པ་‚་ར་ƒ་ཐ། ཀy་པ་རང་zང་Rོ་Sེ། •ན་མkེན་…ོང་ཆེན་རབ་ འBམས། འཇམ་མགོན་^་མ་ཙ+ང་ཁ་པ་ཆེན་པོ་སོགས་འཛམ་†ིང་‡ིལ་བོའི་kོན་=་ཉི་ˆ་5ར་ ཡོངས་l་aགས་པའི་འཕགས་བོད་མཁས་iབ་uམས་bིས་མཛད་པའི་གlང་རབས་ཁག ༼ངེས་ དོན་?ིང་པོའི་དཔེ་ཚ+གས་༽ཞེས་པའི་ཚན་Tལ་དཔེ་མཛ+ད་bི་%ེགས་xར་བཀོད་དེ། འདོད་དང་ ཐར་བ་དོན་=་གཉེར་བའི་Cལ་Yིའི་ཤེས་cན་མི་pའི་གཙ+ས། བོད་དང་བོད་ཡིག་ལ་དགའ་བའི་ Wེ་བོ་uམས་ལ་‹ག་བསམ་མཚ+ན་པའི་ལེགས་Wེས་l་Œལ་བ་ཡིན། དཔེ་ཚ+གས་འདིའི་མ་ཡིག་ཁག་ཅིག་དཔེ་•ིང་དཀོན་རིགས་ཡིན་%བས། མ་དཔེ་ལ་ལ་ •ིང་Žལ་=་སོང་བས་ཡི་གེ་མི་མཐོང་བ་དང་། མ་དག་པ་ཡང་གང་འཚམ་འ=ག་པས། ཡི་གེ་མ་


དག་པ་uམས་སོར་བཞག་Bས་ཏེ་•ག་€གས་འདིའི་༼༽ནང་དག་བཅོས་Bས་པ་uམས་བཀོད་ ཅིང་། ད་=ང་གoང་གི་མཆན་x་uམས་bང་གོང་བཞིན་€གས་དེའི་ནང་བཞག་ཡོད། འདིར་དམིགས་bིས་o་དགོས་པ་ཞིག་ནི། ང་ཚ+འི་vས་བ•ན་gིས་oས་དག་ཐེངས་འགར་ Bས་ཤིང་། …ོག་བདེའི་ཆེད་ས་བཅད་Cས་པ་གསར་བQིགས་oས་ཡོད་མོད། ང་ཚ+ར་འདིའི་ཐད་ ཉམས་‘ོང་ཞན་པ་དང་། =ས་ཚ+ད་ཤིན་J་དཀོན་པའི་དབང་གིས། ད་=ང་Wོན་དང་ནོར་ འ’ལ་མི་dང་བ་ཞིག་ཡོད་པ་གདོན་མི་ཟ་བས། ཤེས་cན་uམས་bིས་དེ་Zགས་bིས་དགོངས་Nལ་ ཐད་ཀར་གlང་ན། ང་ཚ+ས་འ”ལ་=་བWར་ཞིབ་དང་དག་བཅོས་o་@འི་ཁས་ལེན་ཡོད། གང་5ར་Gི་ནང་གི་མrན་•ེན་{ང་འཛ+མས་པའི་གོ་qབས་rང་rང་ཞིག་zང་བ་དེ་དམ་ འཛ–ན་Bས་ནས། དཀའ་བ་དང་^ངས་bིས་%བས་བདེའི་འ3ལ་དེབ་p་མང་དེབ་ག_གས་l་བཟོ་ བ—ན་Bས་ཏེ། རིག་མཛ+ད་U་བའི་ངོ་མཚར་འ3ལ་དེབ་J་བཀོད་ནས། kེད་ཚ+ར་རིན་མེད་=་ Œལ་བ་ལགས་ན། =ས་རབས་འདིར་ཕན་˜བས་ཤིན་J་ཆེ་བའི་བLབ་B་དང་ལེགས་བཤད་འདི་ དག་ལ་ཞིབ་ད™ོད་དང་། rགས་དམ་ཉམས་བཞེས་‹ོད་མེད་ཡོང་བའི་རེ་འ=ན་བཅས། ངེས་དོན་?ིང་པོའི་དཔེ་ཚ+གས་bི་གཙ+་Qིག་པ་བེ་རི་རིག་པའི་Rོ་Sེས། བོད་Cལ་ལོ། ༢༡༣༨ བོད་ ˆ་ ༡༠ ཚœས་ ༡༡ Gི་ལོ་ ༢༠༡༡ ˆ་ ༡༢ ཚœས་ ༦ ཉིན།

མཛད་པ་པ8་ང8་spr:ད་མདོར་བsduས།

རིགས་cན་gིས་Sེས་l་བ_ང་བས་འཕགས་པའི་\ལ་•ན་J་Bང་}བ་སེམས་དཔའི་ཆོས་ qོར་དར་བར་མཛད་པ་Lོབ་དཔོན་=ས་འཁོར་[36B.3]ཞབས་ཆེན་པོ་ནི། C་གར་ཤར་Gོགས་བ་ རེžŸར། ཡབ་གཤིན་Sེ་གཤེད་ནག་པོའི་uལ་འBོར་བ་[མ་ཟེ་བདེ་Bེད་དང་། \མ་ཡེ་ཤེས་bི་མཁའ་ འaོ་མ་པ ྨ་ཅན་གཉིས་bིས་གཤིན་Sེ་གཤེད་bི་@ད་[36B.4]ལས་ཇི་5ར་འzང་བ་བཞིན་རིགས་ bི་¢ས་བ—ན་པའི་ཆོ་ག་Bས་པས། ཡབ་bི་yི་ལམ་=་\མ་gི་5ོ་བར་འཕགས་པ་འཇམ་དཔལ་ བoགས་པ་yིས། བ£་ཤིས་པའི་དགེ་མཚན་དང་བཅས་ཏེ་འ’ངས། [36B.5]འཕགས་པ་འཇམ་ དཔལ་gིས་Bིན་gིས་བ˜བས་པས་^ོ་uོ་བ་དབང་པོ་གསལ་བ་ཞིག་zང་། }ང་¤་ལ་རབ་J་zང་%ེ་


རིག་པའི་གནས་མ་Zས་པ་ཚœགས་མེད་པར་མkེན་ནས་པ¥ྜི་ཏར་wར་པས་འདི་ལ་ཡང་[36B. 6]ཙ–་Z་པ་ཟེར། པ¥ྜི་§ཱ་ཙ©་ལས་=ས་bི་འཁོར་ལོ་གསན། དེས་bང་rགས་མ་ཚ–མ་པར་ªོན་gི་ «ོན་ལམ་སད་པའི་མrས། ཅི་ནས་bང་ཤ¬་ལར་འaོ་?མ་པའི་འ=ན་པ་Uག་པོ་Wེས་ཏེ་rགས་ [37A.1]དམ་gི་‹་Qོལ་མ་ལ་དངོས་l་ཅི་འདོད་oར་ཡོང་བས། དེས་ཤ¬་ལ་ནས་@ད་-ེ་མང་པོ་ དང་སེམས་འaེལ་uམས་Yན་Uོངས་ཤིག སེམས་ཅན་ལ་ཕན་ཐོགས་པར་འwར་[37A.2]རོ་ཞེས་ Zང་བ%ན། འཛམ་xའི་†ིང་ཉིད་ལ་Bང་=་Gིན་ན་‘་ངམ་gི་ཐང་ལ་ˆ་བ་བཞི་བaོད་དགོས་ཤིང་ ¢ོག་གི་བར་ཆད་=་འaོ་བས་Gིའི་C་མཚ+་ལ་ཚ+ང་པ་དང་‹ན་ཅིག་གཟིངས་ལ་Bོན་ཏེ་ཚ+ང་པ་ uམས་[37A.3]ནོར་xའི་†ིང་=་སོང་། Lོབ་དཔོན་gིས་Bང་Gོགས་l་Bོན། C་མཚ+འི་†ིང་གི་རི་ ཞིག་ལ་འཛœགས་ཏེ་Bོན་པས་ཁ་ཅིག་རིགས་cན་དཔལ་Wོང་ཞེས་ཟེར། ཁ་ཅིག་པད་དཀར་ཞེས་ཟེར་ ཏེ་རིགས་cན་[37A.4]gི་uམ་འ3ལ་མི་དཀར་པོ་གཅིག་zང་ནས། kོད་གང་ནས་འོངས་གང་=་ འaོ་ཅི་ལ་འོངས་གlངས་པ་ལ། ང་C་གར་ཤར་Gོགས་ནས་འོངས། Bང་ཤ¬་ལར་རིགས་cན་ལ་ =ས་bི་འཁོར་ལོའི་[37A.5]ཆོས་oར་འaོ་Bས་པས། \ལ་དེར་འཕགས་པ་མིན་པ་གཞན་lས་ bང་མི་ཐར་བར་kོད་bི་བaོད་པ་འདི་5་xས་བaོད་པར་མི་vས། འདིར་ཤེས་པ་zང་ན་ཉན་པར་ Bེད་དམ་གlང་བ་དང་། དེ་[37A.6]རིགས་cན་gི་uམ་འ3ལ་=་མkེན་ནས་Gག་དང་བqོར་བ་ མང་=་Bས། མ¥ྜལ་Œལ་ནས་བདག་Sེས་l་བ_ང་=་གསོལ་ཞེས་oས་པས། འཕགས་པའི་\ལ་gི་ འaོ་བ་uམས་bི་ཆེད་=་kོད་ཉིད་[37B.1]=ས་bི་འཁོར་ལོ་བ%ན་པའི་Gིར་ངས་འདིར་འོངས་ པ་ཡིན་gིས་ཉོན་ཅིག་གlངས་ནས། དེར་ཆོས་bི་དBིངས་uམ་པ་ཐམས་ཅད་པའི་དbིལ་འཁོར་ མངོན་lམ་=་pང་བར་དབང་®ོགས་པར་བ¯ར། [37B.2]ཆེས་ཆེར་°ར་བའི་ཟབ་ལམ་uལ་ འBོར་ཡན་ལག་<ག་པའི་གདམས་པ་±ལ། རི་དེའི་འདབ་༼འདབས་༽C་མཚ+འི་འaམ་=་ཞག་ བ=ན་བ²ོམས་པས་iབ་པ་བ•ེས་ཏེ་³་འ3ལ་gིས་ནམ་མཁའ་ལ་Bོན་ནས་[37B.3]ཤ¬་ལའི་མ་ ལ་ཡའི་ཚལ་gི་=ས་bི་འཁོར་ལོའི་དbིལ་འཁོར་ཁང་བར་རིགས་cན་དངོས་bི་ཞབས་ལ་གJགས་ པས་དེ་ཉིད་bིས་དབང་uམས་®ོགས་པར་བ¯ར། @ད་འaེལ་མན་ངག་uམས་[37B.4]བ%ན་ ནས་བ´ས་པའི་@ད། @ད་Gི་མ། འaེལ་ཆེན་Uི་མ་མེད་པའི་འོད། T་@ད་དབང་མདོར་བ%ན། རང་དང་གཞན་gི་5་བ་མདོར་བ%ན་པ་uལ་འBོར་གlམ་gི་?ིང་པོ་གསལ་བ། དོན་[37B. 5]དམ་བ?ེན་པ། བདེ་མཆོག་%ོད་འaེལ། Rོ་Sེ་?ིང་འaེལ་ཏེ་Bང་}བ་སེམས་དཔའི་ཆོས་-ེ་ uམས་bི་དཔེ་ཐམས་ཅད་bང་གནང་%ེ། C་གར་ཤར་Gོགས་མེ་ཏོག་kིམ་=་Bོན། དེ་ནས་bང་\ལ་ [37B.6]དxས་མ་ག་དྷར་Bོན་ནས་ཆོས་བ%ན་པས། =ས་འཁོར་ཞབས་པ་ཆེན་པོ་ཞེས་•ན་J་


aགས་ལ། སེམས་འaེལ་qོར་འཕགས་པའི་\ལ་ཤར་vབ་•ན་J་དར་བར་མཛད་དེ་¯་Zས་མ་ ¶ངས་[38A.1]པར་མཆོག་གི་དངོས་iབ་བ•ེས་སོ༎ ¸་ལོའི་གlང་ལས་Lོབ་དཔོན་འདི་¹འི་ Bང་}བ་bི་Lོབ་མ་ཡིན་ཞེས་bང་འzང་ངོ་༎ དབང་མདོར་བ%ན་ནི་T་བའི་@ད་bི་ལེº་[38A. 2]དང་པོ་ན་ལེº་འོག་མ་uམས་bི་མདོར་བ%ན་རེ་ཡོད་པའི་དབང་གི་མདོར་བ%ན་_ར་=་»ང་ བ་%ེ་T་@ད་bི་=མ་xའོ༎ དབང་རབ་Bེད་ནི་བ´ས་@ད་ལས་»ང་བ་ཡིན་པས་དེ་ཉིད་=་€ོགས་ སོ༎ Lོབ་དཔོན་[38A.3]འདི་ལ་Lོབ་མའི་མཆོག་bང་=ས་ཞབས་པ་}ང་བ་ཨ་ཝ་¾་‚ི་པ། ƒ་རོ་ པ། ¿ཱ་À་Á་Â། =ས་འཁོར་ཞབས་}ང་བ་Ãི་Ä བྷ་U་བོ་དྷི། =ས་འཁོར་ཞབས་}ང་བ་ན་ལÆྡ་པ། རÈྣ་ Ê་ར་•Ëྟ། ཐར་བའི་[38A.4]འzང་གནས་Íས་པ། འ=ལ་པའི་འzང་གནས་^ོ་aོས། སེང་གེ་Cལ་ མཚན། མཐའ་ཡས་uམ་Cལ་uམས་zང་ངོ་༎ ༎ ཆག་ལོ་Îཱ་བ་རིན་ཆེན་ཆོས་Cལ་gིས་མཛད་པའི་དཔལ་=ས་bི་འཁོར་ལོའི་བ@ད་པ་

རིན་པོ་ཆེའི་€ོགས་པ་བSོད་པ་དཔག་བསམ་gི་?ེ་མ་ལས་བÏས།

ཐོག་མར་དགེ་བ་klད།

མཚན་byང་། !ོར་བ་ཡན་ལག་*ག་གི་མན་ངག་.ས་ཞབས་1ན་བ2ད་ཅེས་6་བ། yག་འཚལ་དང་rʦོམ་པར་དམ་བཅའ།

དཔལ་ལྡན་བླ་མ་དམ་པ་རྣམས་དང་། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། དུས་ཀྱི་ འཁོར་ལོར་ཕྱག་འཚལ་ནས།། རྣལ་འབྱོར་ཡན་ལག་དྲུག་བཤད་བྱ།།


བར་du་དགེ་བ་གuང་ སོ་སོར་སྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ ཏིང་ངེ་འཛིན། །རྣལ་འབྱོར་ཡན་ལག་དྲུག་ཏུ་ནི། །རྒྱུད་དུ་སངས་རྒྱས་མཆོག་གིས་གསུངས། ། ཀུན་ལ་དྲུག་ཏུ་ཤེས་བྱ་སྟེ། །རབ་ཀྱིས་དང་པོར་རྟོགས་པའོ། །འབྲིང་གིས་སྲོག་རྩོལ་ལ་སོགས་ ཡིན། །ཐ་མས་དྲུག་པོ་རིམ་པས་བསྒོམ། །བྱིས་པ་གཞུག་དང་བུམ་པ་དང་། །གསང་བ་ཡེ་ཤེས་སྔོན་ སོང་བས། །བཞི་པ་ཡི་ནི་དབང་བྱས་ཏེ། །དམ་ཚིག་རྩ་བ་ཡན་ལག་ཅན། །དེ་ཡིས་དབེན་པར་ གནས་བྱས་ལ། །

ས8་ས:ར་sduད་པ།

སོ་སོར་སྡུད་པ་འདི་ལྟར་བསྒོམ། །སྒོམ་པ་སྟོང་ཉིད་བསྒོམས་པ་ཡིས། །འགག་པ་རླུང་ནི་ འགག་པར་བྱེད། །སྐྱེ་བ་ཤུགས་ལ་བདེ་བ་སྐྱེ། །འབྱུང་བ་ལམ་རྟགས་མ་ནོར་འབྱུང་། །ངོ་བོ་སྟོང་པ་ ཉིད་ཡིན་ཏེ། །སོ་སོའི་རྟོག་པ་ཐམས་ཅད་སྡུད། །དབྱེ་བ་བཅུ་རུ་གསུངས་པ་ཡིན། །དབང་པོའི་མངོན་ སུམ་དག་ཏུ་བཞེད། །ཡེ་ཤེས་ཕུང་པོ་ཤེས་རབ་བོ། །འབོལ་བའི་སྟན་ལ་བྱེད་པ་ནི། །ལུས་བསྲང་རྡོ་ རྗེ་དཀྱིལ་ཀྲུང་བཅའ། །ལྕེ་བཟློག་གསུས་སྦྱར་མིག་གྱེན་བཟློག །གཙུག་ཏོར་བསྒྱུར་བའི་ལྟ་ སྟངས་སོ། །ལག་གཉིས་རྡོ་རྗེ་བསྡམ་པར་བྱ། །དེས་ནི་རླུང་རྣམས་འཆིང་བྱེད་པའོ། །དཔྲལ་བའི་ ཐིག་ལེར་སྲོག་བཅུག་ལ། །གཡས་པ་ས་ཡི་རླུང་དུས་བསྒོམ། །མཚན་མོ་བླ་གབ་བཅས་པ་རུ། ། ནམ་མཁའ་ལ་དམིགས་སྟོང་ཉིད་བསྒོམ། །སྲོད་དང་ཐོ་རངས་གུང་ལ་མིན། །ཉིན་མོ་བླ་གབ་མེད་ པ་སྟེ། །ནམ་མཁའ་ལ་བལྟ་སྔ་དྲོ་ཕྱི། །ཉི་ཟེར་ཉི་མའི་གུང་ལ་མིན། །དེ་ལྟར་བསྒོམས་པས་ཡུལ་ སོགས་འགག །ནང་དུ་ལྷ་ཡི་མིག་སོགས་ཏེ། །སྟོང་ཉིད་གཟུགས་ཏེ་དམིགས་བཅས་མཐོང་། །ཆོས་ལ་


ཕ་རོལ་བཅུ་གནས་པ། །ལྷ་ལ་ལྷ་མོ་བཅུ་ཞེས་བྱ། །རྟགས་སུ་ལམ་ལ་བཅུ་མཐོང་འགྱུར། །དུ་བ་ སྨིག་རྒྱུ་མཁའ་སྣང་དང་། །མར་མེ་འབྱུང་སྟེ་འབྱུང་རླུང་ཐིམ། །ཐ་མ་སྤྲིན་མེད་ནམ་མཁའ་ནི། ། རྟགས་ཅན་ཤེས་རབ་ཕ་རོལ་ཕྱིན། །འབར་བ་ཟླ་ཉི་གློག་སྒྲ་གཅན། །ཐིག་ལེ་དྲུག་སྟེ་ཐ་མ་ནི། ། ཐམས་ཅད་སྒྱུར་མཐོང་རྟགས་ཅན་ཏེ། ། འབྱུང་ལྔ་ཡེ་ཤེས་ཕུང་པོ་དྲུག །གསང་འདུས་མཚན་བརྗོད་ནས་ ཕྱེད་ཕྱེད། །སྤྲུལ་སྐུ་ལོངས་སྐུ་རྟོག་མེད་དོ། །རྡོ་རྗེ་བསླང་བའི་བདེ་བ་འབྱུང་། །བསྒོམས་པས་དུས་ རྩར་རི་མོ་ནག །མཐོང་བ་ནང་དུ་སྟོང་གཟུགས་སོ། །དེས་ནི་སྟོང་གཟུགས་རྟོགས་པར་བྱེད། །སོ་སོར་ སྡུད་པ་སྙོམས་ཞུགས་ནས། །སྔགས་ཀུན་བྱིན་གྱིས་རློབ་བྱེད་པ། །ངག་གི་བདེན་པ་གྲུབ་པའོ། ། གཟུང་བའི་ཡུལ་དང་འབྲལ་བར་འགྱུར། །

བསམ་གཏན།

གཉིས་པ་བསམ་གཏན་ཡན་ལག་ནི། །སྟོང་གཟུགས་བརྟན་ཕྱིར་བྱེད་པའོ། །ངོ་བོ་ཡུལ་ནི་ སྟོང་གཟུགས་ཏེ། །དུས་ནི་ནམ་མཁའ་རྒྱུ་དུས་སོ། །དབྱེ་བ་རྣམ་པ་ལྔ་ཞེས་བྱ། །ལྟ་སྟངས་དེ་ཉིད་ ཕྱག་རྒྱ་ནི། །མཉམ་བཞག་ཡིད་ཀྱི་མངོན་སུམ་སྟེ། །བསྒོམ་པ་སྔར་གྱི་སྟོང་གཟུགས་ལ། །སེམས་ བཞག་ནམ་མཁར་ལྟ་བ་ཡིན། །འབྱུང་བའི་རིམ་པས་གོང་ཐིམ་པས། །ས་སོགས་གང་མཐོང་སྒྱུ་མ་ ལྟར། །མཉམ་བཞག་རྗེས་ཐོབ་མེད་པར་མཐོང་། །བསམ་གཏན་ཆགས་པའི་བདེ་བ་འབྱུང་། །ལྷ་ མོས་བསྐུལ་ལ་ལུངབསྟན་ཐོབ། །སྟོང་ཉིད་སེམས་འཇུག་ཤེས་རབ་སྟེ། །དངོས་རྣམས་སེམས་ འཛིན་རྟོག་པའོ། །དེར་འཛིན་འཇུག་པ་སྤྱོད་པའོ། །སེམས་ཀྱི་ཀུན་བཞག་དགའ་བའོ། །བདེ་བ་ ཕུན་སུམ་མི་གཡོ་བདེ། །མཁའ་ཡི་བདག་ཉིད་རྣམ་ཤེས་སོ། །བསམ་གཏན་ལ་ནི་སྙོམས་ཞུགས་ ན། །མངོན་པར་ཤེས་པ་ཐོབ་པར་འགྱུར། །དེ་གཉིས་ཐོག་མར་དགེ་བ་སྟེ། །སྟོང་གཟུགས་རྟོགས་ པས་བསྙེན་པར་གསུངས། །


srོག་rʦོལ།

དེ་ནས་སྟོང་གཟུགས་མཐོང་ནས་ནི། །མི་འགྱུར་བདེ་བ་བསྐྱེད་པའི་ཕྱིར། །སྲོག་རྩོལ་ཡན་ལག་ བསྒོམ་པར་བྱ། །རྐང་པ་གཅིག་གིས་གཅིག་མནན་ཅིང་། །མཐེ་བོང་ནང་བཅུག་ཁུ་ཚུར་བསྡམ། ། ཡུལ་ནི་རྩ་གསུམ་རླུང་ཡིན་ནོ། །འདུ་བྱེད་ཕུང་པོ་རླུང་རྒྱུ་དུས། །ལྟ་སྟངས་བདུད་རྩི་འཁྱིལ་པའོ། ། ཕྱི་རུ་དང་པོ་རླུང་གཏོར་ནས། །ནང་དུ་མྱུར་དུ་རྣམ་སྡུད་དང་། །རེངས་དང་སྔགས་སྦྱོར་བརྡའ་ཡིས་ ནི། །བུམ་པ་ཅན་དང་རྡུལ་མཐའ་ཡིས། །རླུང་གཉིས་དབུས་སུ་རབ་བཅུག་པས། །རླུང་བཅུ་རབ་ཏུ་ ཞི་བར་བྱ། །རྡོ་རྗེའི་མེ་ལ་སྲོག་ཞུགས་པའི། །བདེ་བ་ངེས་པར་སྐྱེ་བར་འགྱུར། །ཟླ་བ་དྲུག་ཏུ་བརྩོན་ བྱས་པས། །ཞག་རེར་རླུང་བཅུ་འགག་འགྱུར་ཏེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགག །དེ་ཡིས་ལྟེ་ བར་རླུང་གཉིས་འདོམ། །ཡེ་ཤེས་གཏུམ་མོ་འབར་བ་ཡིས། །སངས་རྒྱས་ལྷ་མོ་བཅུ་བསད་ ནས། །ཁུ་བ་བཅས་པའི་བདེ་བ་འབྱུང་། །སྟེང་དང་འོག་ཏུ་གནས་གཉིས་འདོད། །མ་ཟོས་བཀྲེས་ མེད་ཟོས་ཀྱང་འཇུ། །ཐུར་སེལ་མི་འཛག་བདེ་བ་འཛག །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །ལུས་ཡང་ ལ་སོགས་མི་རྟོག་བདེ། །ཡིད་ཀྱི་མངོན་སུམ་ཞེས་བྱའོ། །སྲོག་དང་རྩོལ་བས་ངེས་པར་ནི། ། སངས་རྒྱས་བྱང་ཆུབ་སེམས་རྣམས་གཟིགས། །

འཛFན་པ།

རླུང་སེམས་རབ་ཏུ་བརྟན་བྱའི་ཕྱིར། །འཛིན་པའི་ཡན་ལག་བསྒོམ་པར་བྱ། །ཡུལ་ནི་བདེ་བའི་ རླུང་ཉིད་དེ། །བརྟན་པར་འཛིན་པས་འཛིན་པའོ། །ཚོར་བའི་ཕུང་པོ་དབུ་མར་གནས། །ལྟ་སྟངས་ལ་ སོགས་དེ་འདྲ་ལ། །ལག་པ་གཉིས་བསྡམ་ནམ་མཁའི་དུས། །དྷཱུ་ཏཱིར་རླུང་ནི་ཆུད་པ་ནི། །ལམ་དུ་མི་ འགྱུར་ཐིག་ལེར་གཞུག །ལུས་སོགས་ཐིག་ལེ་བཞི་པོ་ལ། །རིམ་དང་གཅིག་ཆར་རླུང་སེམས་


ནི། །ངེས་པར་བཙུད་ནས་མི་གཡོར་བྱ། །དེ་ལ་མི་གཡོ་བརྟན་གྱུར་པས། །ཐིག་ལེར་ཆགས་པའི་ བདེ་བ་སྐྱེ། །བུད་མེད་ཀུན་ལ་སྙོམས་འཇུག་ཀྱང་། །ཐིག་ལེ་ལྟུང་བར་མི་འགྱུར་རོ། །ལུང་སྟོན་ བདེ་སྐྱེ་ལུས་བརྟན་འགྱུར། །དེ་ཡང་ཡིད་ཀྱི་མངོན་སུམ་མོ། །རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི། ། རྡོ་རྗེ་སེམས་དཔའ་ཡང་དག་འཇུག །འཆི་བདག་ལ་སོགས་ཀྱིས་མི་ཚུགས། །འགྲོ་དང་འོང་བ་ ཟད་བྱེད་ཅིང་། །ཉོན་མོངས་ལ་སོགས་ཟད་བྱས་ནས། །སྟོབས་བཅུ་ལ་ནི་འཇུག་པར་འགྱུར། །ཚེ་ རིང་ནད་མེད་ཁམས་ཆ་སྙོམས། །དེ་གཉིས་བར་དུ་དགེ་བ་སྟེ། །ཉེ་བར་བསྒྲུབ་པ་ཞེས་བཤད་དེ། །དྲག་ ཤུལ་སྤྱོད་པར་གསུངས་པའོ། །

rjེས་drན།

དེ་ནས་བདེ་བ་སྤེལ་སྦྱང་ཕྱིར། །རྗེས་སུ་དྲན་པའི་ཡན་ལག་བྱ། །ཡུལ་ནི་བདེ་བ་ཉིད་ཡིན་ཏེ། ། བདེ་བ་རྒྱུད་ལ་དྲན་པའོ། །ཡེ་ཤེས་རླུང་རྒྱུའི་དུས་སུའོ། །ལྟ་སྟངས་རང་ལྷའི་ལྟ་བ་སྟེ། །འདུ་ཤེས་ཕུང་ པོ་མཐེའུ་ཆུང་གཞུག །དབྱེ་བ་གསུམ་སྟེ་བསྒོམ་སྟོབས་དང་། །ལག་པ་བུད་མེད་སྦྱོར་བ་ཡིས། ། འཁོར་གནས་དཔྲལ་གནས་བྱང་སེམས་དབབ། །རྡོ་རྗེ་ནོར་བུ་རབ་བཟུང་ལ། །དངུལ་ཆུའི་དཔེ་ཡིས་ ཤེས་བྱས་ལ། །སྟེང་ནས་འོག་ཏུ་རྡོ་རྗེ་གཅིག །དེ་འདྲར་རླུང་སེམས་གཏད་པས་ནི། །དགའ་བ་ བཞི་ལས་བཅུ་དྲུག་སྐྱེ། །ཡར་ངོ་ཆགས་ཆེན་མཚན་ཉིད་དོ། །རས་བལ་སྟག་པ་བེ་ཤིང་དཔེ། ། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་མེད། །འཕོ་བའི་བག་ཆགས་སྤངས་བྱས་པས། །སྒྲིབ་པ་གསུམ་པོ་ དག་པར་འགྱུར། །ཆགས་པ་ཤིན་ཏུ་སྦྱང་བར་བྱ། །དེ་དོན་བསྒོམས་པས་བདེ་ཆེན་ནི། །ལྷན་ཅིག་ སྐྱེས་པ་སྐྱེ་བར་འགྱུར། །མངོན་ཤེས་དྲུག་ཀྱང་འཆར་འགྱུར་ཞིང་། །གཟུགས་སྐུ་རྣམ་གཉིས་ མངོན་སུམ་མཐོང་། །ངེས་པར་ལུང་བསྟན་ཐོབ་པར་འགྱུར། །རང་རིག་མངོན་སུམ་དུ་ནི་འདོད། ། རྗེས་དྲན་ལ་ནི་སྙོམས་འཇུག་ནས། །འོད་ཀྱི་དཀྱིལ་འཁོར་འབྱུང་བར་འགྱུར། །གཞན་ཡང་ཡེ་ཤེས་ སྐུ་ལ་སོགས། །བསྒྲུབ་པ་ཞེས་ནི་གསུངས་པའོ། །


ཏིང་འཛ4ན།

དེ་ནས་མི་འགྱུར་བདེ་བསྒྲུབ་ཕྱིར། །ཏིང་ངེ་འཛིན་ནི་ངེས་པར་བསྒོམ། །ངོ་བོ་བདེ་སྟོང་གཉིས་མེད་ དེ། །དེ་ལ་རྩེ་གཅིག་གནས་པའོ། །གཟུགས་ཀྱི་དབྱིངས་ཀྱི་ཕུང་པོ་སོགས། །ཡེ་ཤེས་རླུང་རྒྱུའི་ དུས་སུའོ། །སངས་རྒྱས་ཞི་བའི་ལྟ་སྟངས་ཏེ། །ལག་པ་ཏིང་འཛིན་ཕྱག་རྒྱའོ། །བསྒོམ་པ་དམིགས་ བཅས་སྟོང་གཟུགས་དང་། །དམིགས་མེད་བདེ་བ་རོ་མཉམ་ལ། །སེམས་ནི་མི་གཡོ་བརྟན་པར་ གནས། །དངོས་པོ་ཐམས་ཅད་བདེར་འཆར་རོ། །དཔལ་ལྡན་མི་འགྱུར་བདེ་བ་སྐྱེ། །སངས་རྒྱས་ དངོས་སུ་ཡང་དག་མཐོང་། །དེ་ལ་བརྟན་པར་གྱུར་པ་དེས། །ཐིག་ལེ་གྱེན་ལོག་སྤྱི་བོར་འགྲོ། །རྡོ་རྗེ་ནོར་བུ་ ངོ་བོ་ཉིད། །ཐོབ་ནས་ཆོས་སྐུ་ལོངས་སྐུ་དང་། །སྤྲུལ་སྐུ་གནས་བཞིར་ཐོབ་པར་འགྱུར། །རྡོ་རྗེ་བཞི་ དང་རྣམ་ཐར་དང་། །བྱང་ཆུབ་བཞི་ཡང་རྟོགས་འགྱུར་ཞིང་། །གསང་གནས་བཞི་ཡང་རྟོགས་པར་ འགྱུར། །གསང་གནས་སྤྱི་བོའི་རླུང་དག་གི །སྟོང་དང་བརྒྱད་བརྒྱ་འགགས་པ་ཡིས། །ས་ནི་བཅུ་ གཉིས་རིམ་པས་ཐོབ། །སྐུ་ནི་བཅུ་དྲུག་དག་པར་འགྱུར། །ཐིག་ལེ་སྤྱི་བོ་རྡུལ་ནོར་བུ། །མི་གནས་ མྱ་ངན་འདས་པར་བརྗོད། །ཡོན་ཏན་ཐམས་ཅད་རྫོགས་པར་འགྱུར། །ཏིང་འཛིན་དབང་བསྒྱུར་ཙམ་ གྱིས་ནི། །སྒྲིབ་པ་ཐམས་ཅད་བྲལ་བར་འགྱུར། །དྲི་མ་མེད་པར་དག་པར་འགྱུར། །གཟུགས་ཀྱི་ ཕུང་པོར་གསུངས་པའོ། །བསྒྲུབ་པ་ཆེན་པོ་ཞེས་བཤད་དེ། །རྣལ་འབྱོར་མངོན་སུམ་ཡིན་པར་ འདོད། །དེ་གཉིས་ཐ་མར་དགེ་བའོ། །

བsduས་དོན།


དེ་ལྟར་ཡན་ལག་དྲུག་པོ་ལ། །ལོ་གསུམ་ཟླ་ཕྱེད་གསུམ་གྱིས་ནི། །སངས་རྒྱས་འདྲ་བར་འགྱུར་བ་ སྟེ། །ས་དང་ཐོབ་པ་ཞེས་ཀྱང་འདོད། །ཁམས་དྲུག་སྦྱངས་པས་ཡེ་ཤེས་དྲུག །རིགས་དྲུག་ཕ་རོལ་ ཕྱིན་དྲུག་འདོད། །མངོན་ཤེས་དྲུག་དང་རྗེས་དྲན་དྲུག །རླུང་དྲུག་ཡེ་ཤེས་བླ་མར་གསུངས། །ལུས་ གཟིར་དྲགས་ལ་ཕྱག་རྒྱ་གསལ། །དེ་ནས་སྤྱོད་པ་གསུམ་བྱས་པས། །དག་པའི་སྐུ་བཞི་ཡེ་ཤེས་ དྲུག །སྟོབས་སོགས་ཡོན་ཏན་ཀུན་རྫོགས་པ། །ཚེ་འདིར་ངེས་པར་འཐོབ་འགྱུར་བའོ། །བར་དོར་ སངས་རྒྱའི་མན་ངག་ནི། །འོག་རླུང་སྟེང་གི་བུ་གར་གདོན། །སྦྱོར་དྲུག་མན་ངག་ཡོད་པ་དག །མ་ བསྒོམས་ན་ཡང་སྐྱེ་བདུན་འགྲུབ། །སོ་སོར་སྡུད་པའི་རྟགས་འབྱུང་ཞིང་། །གལ་ཏེ་ཤི་བར་གྱུར་པ་ ན། །དེ་ནི་ལམ་དམ་པ་དང་འཕྲད། །དེ་ནས་དངོས་གྲུབ་ཐོབ་པར་འགྱུར། །ཆགས་ཅན་སྦྱོར་དྲུག་ མན་ངག་ནི། །དབབ་དང་གཟུང་དང་བཟློག་པ་དང་། །གནས་སུ་བསྐྱལ་ལ་རྩ་དམིགས་གདབ། ། རླུང་བསྲེ་སྦྱོར་བ་དྲུག་པོ་བྱ། ། སོ་སོར་སྡུད་པའི་སྤོགས་པ་ནི། །དྲག་ཏུ་བྱེད་ཅིང་འཚམ་པར་བྱ། །བསམ་གཏན་སྟོང་ གཟུགས་དྲག་ཏུ་བསྒོམ། །བཙན་ཐབས་སྦྱོར་བས་རླུང་བཟུང་ལ། །མགོ་བོ་མི་ནའི་བར་དུ་བྱ། །རླུང་ སེམས་དྲག་ཏུ་ཐིག་ལེར་གཟུད། །ཆགས་ལ་ལས་རྒྱ་མང་དུ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་ བྱ། །འདི་མིན་མཆོག་ནི་མི་འགྲུབ་ཅེས། །གསུངས་པས་ངེས་པར་འདི་བསྒྲུབ་བྱ། །རྟོག་བསྒོམ་ འཇིག་རྟེན་འཁོར་གསུངས་པས། །བསྐྱེད་རིམ་ལ་སོགས་ཅི་རིགས་བྱ། །དུས་འཁོར་ཞབས་ཀྱིས་ གསུངས་པ་ཡིན། །

ཐ་མར་དགེ་བ་མjuག

མཛད་byང་།

སྦྱོར་བ་ཡན་ལག་དྲུག་གི་མན་ངག་རྗེ་དུས་འཁོར་ཞབས་ཀྱིས་མཛད་པའི་སྙན་བརྒྱུད་ཞལ་གྱི་ གདམས་པ་རྫོགས་སོ།། །།


འgyuར་byང་།

ཁ་ཆེའི་པཎྜི་ཏ་སོ་མ་ནཱ་ཐ་(ཟླ་བ་མགོན་པོ་)དང་། ལོ་ཙཱ་བ་འབྲོ་ཤེས་རབ་གྲགས་ཀྱིས་བསྒྱུར་ བའོ།། །།མཾ་ག་ལཾ། མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་༼ཕྱི་མ་༡༤༨༽དང་། ༼ཕྱི་ཀ༢༠༤༽སོགས་ཡིན་ལགས།

དཔར་byང་smོན་ཚFག uམ་aོལ་ཞི་བའི་C་མཚ+ར་རོ་གཅིག་J།། གཞོལ་བའི་མཐའ་ཡས་ཆོས་Nལ་དལ་འབབ་¹ང༌།། ཚ–ག་གི་གཟེགས་མ་རེས་bང་=ག་གlམ་gི།། Uི་མ་ཡོངས་འ’ད་ལེགས་བཤད་བ=ད་Tི་འདི།། དཔར་=་བ—ན་པའི་uམ་དཀར་Œང་པོའི་མrས།། ཡང་དག་ཆོས་bི་²ོ་མོ་%ོང་”ག་བC།། གདངས་ཏེ་@ད་|འི་འaོ་བ་མ་Zས་པ།། ངེས་ལེགས་ནོར་xའི་མཛ+ད་ལ་དབང་འBོར་ཤོག། ཅེས་འཛམ་†ིང་ཡངས་པའི་kོན་ལ་འཚœ་མེད་ཞི་བའི་ལམ་%ོན་uམ་འUེན་Ñb་སེང་གེའི་ རིང་Zགས་²ོ་•ན་ནས་Cས་པ་སོགས་འ”ལ་\ན་ལེགས་ཚ+གས་=་མའི་ཆེད་=་དམིགས་ནས། ནང་བ%ན་iབ་མཐའ་རིས་མེད་bི་གlང་རབ་uམས་དཔར་=་བ—ན་དང་བ—ན་འwར་གང་ལ་ འང་:ར་ཆོག་པའི་དགེ་བªོའི་«ོན་ཚ–ག་J་Ñbའི་དགེ་:ོང་ཆོས་h་བ་ངག་དབང་^ོ་བཟང་བ%ན་ འཛ–ན་C་མཚ+ས་:ར་བའོ།།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.