Beauty

Page 1

སྙིང་རྗེ​ེ་མོ​ོ་དང་གདོན་གཟུགས་ བུ་མོ་ཐལ་འཛར་མ་

གསེར་འོད་མ་དང་དོམ་གསུམ་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་ཁྱབ་ཡིག་ཚང་


Copyright Š 2009 All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215 ISBN: 978-81-87859-55-0 Translated by: Samling Tsering Lhamo Proof reader & compiled by: Tenzin Wangdue Edited by: Sangye Tandar Naga Illustration by: Ugyen Layout & designed by: Lobsang Gonpo

Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: stsa1999@yahoo.co.in / stsaeducation@hotmail.com www.sambhota.org


སྔོན་གླེང༌ ༄༅་།ཉེ་བའི​ི་ལོ​ོ་ཤས་ནང་བཙན་བྱོལ་བོད་མི​ིའི​ི​ི་སྤྱི​ི་ཚོ​ོགས་

ཁྲོད་བོད་ཡི​ིག་དཔེ་དེ​ེབ་ཇེ་མང་དུ​ུ་འཐོན་བཞིན་པ་དེས་

བོད་ཀྱི​ི་

སྐད་ཡི ག ་ཉམས་པ་སོ ར ་ཆུད་དང་མི ་ ཉམས་གོ ང ་འཕེ ལ ་གྱི ་ ཕྱོ​ོགས་སུ་སྐྱོད་བཞི​ིན་པར་གདོན་མི​ི་ཟ་

འོན་ཀྱང་དེབ་རི​ིགས་

ཕལ་ཆེ་བ་དབུ་ཅན་ཡིག་གཟུགས་འབའ་ཞི​ིག་ཡིན་གཤིས་

བོ ད ་མི​ི འི​ི​ི ་ གཞི​ི ་ རི​ི​ི མ ་སློ བ ་གྲྭ་ཁག་གི ་ འཛི​ི ན ་རི​ི མ ་དང་པོ ་ ནས་ གསུམ་པ་བར་གྱི​ི་སློ​ོབ་ཕྲུ​ུག་ཚོའི​ི་མི​ིག་གི​ི་སྤྱོ​ོད་ཡུ​ུལ་དུ​ུ་གྱུ​ུར་

མ་ཐུ​ུབ་པར་བརྟེན་

འདི་ག་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་

ཁྱབ་ཡིག་ཚང་ནས་ལོ་ཆུང་བྱིས་པའམ་གཞི་རི​ིམ་འོག་མའི་

འཛི​ིན་རི​ིམ་དང་པོ་ནས་གསུམ་པ་བར་གྱི་སློ​ོབ་ཕྲུ​ུག་ཚོར་ཉེ་བར་


མཁོ ་ བའི​ི ་ དེ​ེ​ེ བ ་རི​ི ག ས་ཁག་གཅི ག ་དབུ​ུ་མེ ད ་ཡི​ི ག ་གཟུགས་

ཐོག་ཕབ་སྟེ་དཔར་སྐྲུ​ུན་འགྲེམ་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་ དང་

ལྷག་པར་དེབ་འདི​ི་ནི​ི​ི་མ་སུ་རི་གཏན་སློབ་བོད་དགེ་བསམ་

གླིང་ཚེ་རི​ིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་མེད་ཐོག་སྔ་དགོང་

དང་གུ​ུང་སེང་གི​ི་དུ​ུས་ཡུ​ུན་སྤྱད་དེ་སྒྱུར་སྒྲིག་གནང་བ་ཞིག་ཡི​ིན་ ཞི​ིང་

དེས་བོད་ཕྲུ​ུག་ཆུ​ུང་ཆུ​ུང་ཚོ་དང་བོད་ཡི​ིག་དཔེ་དེ​ེབ་ཁག་གི་

དབར་ བར་ཐག་ཉེ་རུ​ུ་བཏང་སྟེ་བོ​ོད་ཀྱི​ི་རི​ི​ིག་གནས་ཤེས་ཚད་གོང་ འཕེ ལ ་གཏོ ང ་བའི​ི ་ མཐུ​ུན་གྲོ ག ས་སུ​ུ་འགྱུ​ུར་ཐུ​ུབ་པའི ་ རེ​ེ ་ སྨོ​ོ ན ་

བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ​ུ་བདུ​ུན་པའི་ས་གླང་

ཕྱི​ི་ལོ​ོ་ ༢༠༠༩ ལོའི​ི་ཟླ་ ༡༢ ཚེས་ ༡༧ བཟང་པོ་ཉི​ིན་ལ་ སམ་བྷོ་ཊ་བོད་སློ​ོབ་སྤྱི​ི་ཁྱབ་ཡིག་ཚང་ནས་།


དཀར་ཆག་

༡༽ སྙི​ིང་རྗེ​ེ་མོ​ོ་དང་གདོན་གཟུགས་ Beauty & the Beast ����������� ༡ ༢༽ བུ​ུ་མོ་ཐལ་འཛར་མ་ Cindrella ������������������������������������ ༡༧ ༣༽ གསེར་འོད་མ་དང་དོམ་གསུམ་ Goldilocks & the 3 Bears � ༣༡


6


སྙིང་རྗེ​ེ་མོ​ོ་དང་གདོན་གཟུགས་ Beauty & the Beast

༄་།གནའ་སྔ་མོའི​ི་དུས་ཡུ​ུལ་ཞིག་ཏུ་ཚོང་པ་ཆེན་པོ་ཞི​ིག་

ཡོད་པ་དང་ ཅི​ིང་

མེད་

ཁོ་ལ་སྙི​ི​ིང་གི​ི་ནོ​ོར་བུ་འདྲ་བའི་བུ་མོ་གསུམ་ཡོད་

བཟའ་ཟླ་ནི་སྔ་ས་ནས་འདས་ཟིན་པས་ནང་མི་གཞན་ བུ​ུ་མོ་རྒན་པ་གཉིས་པོ་ནི​ི་སྒྱི​ིད་ལུ​ུག་ཅན་ཞིག་རེད་

འོན་ཀྱང་ཆུ​ུང་བ་དེ་ལས་ལ་བརྩོན་པ་དང་སེམས་པ་བཟང་ཞིང་

1


མོ འི​ི ་ མི​ི ང ་ལ་སྙི ང ་རྗེ​ེ ་ མོ ་ ཞེ​ེ ས ་འབོ ད ་པ་དང་

མོ ་ ནི​ི ་ རང་གི ་ ཕ་རྒན་ལ་ཧ་ཅང་བརྩི ་ པོ​ོ ་

ཡོ​ོད་ ཐེངས་ཤི​ིག་ཚོང་པ་དེ་ཚོ​ོང་གི​ི་རྐུབ་རྡིབ་ནས་

ཁོང་ཚོའི​ི་འཚོ་བར་དཀའ་ངལ་ཆེན་པོ་བྱུང་བ་རེད་

ཁོང་

ཚོའི​ི་ཡངས་ཤིང་རྒྱ་ཆེ་བའི​ི་ཁང་བཟང་དེ་མི​ི་གཞན་ལ་བུ​ུ་ལོན་

དུ་སྤྲོད་དགོས་བྱུང་ནས་ཁོང་ ཚོ་གྲོ​ོང་གསེབ་ཅི​ིག་ཏུ​ུ་ ཁང་པ་ཆུང་ཆུང་ཞི​ིག་ ནང་བསྡད་དགོས་ བྱུང་བ་རེད་

བུ​ུ་

མོ ་ རྒན་པ་གཉི ས ་པོ ས ་

ད་ཆ་ཁོང་ཚོར་ལས་ཀ་བྱེད་མཁན་གྱི་གཡོག་པོ་མེ​ེད་པ་དང་

འཚོ་བའི​ི་གནས་སྟངས་སྐྱོ་པོ​ོ་ཆགས་པར་བརྟེན་རྫོགས་རྒྱུ་མེད་

པའི​ི་སྨྲེ​ེ་ངག་འདོན་བཞིན་ཡོད་

འོན་ཀྱང་བུ​ུ་མོ་ཆུ​ུང་བས་རང་གི་

2


པ་ལགས་ཀྱི་ཆེ​ེད་དུ​ུ་སེམས་པ་སྐྱོ་པོ​ོ་ ཐུ​ུབ་བྱེད་པ་དང་

བྱུང་ནས་ཕ་རྒན་ལ་རོ ག ས་པ་གང་

དེ་བཞི​ིན་ཁང་པའི་ནང་གཙང་བཟོ་དང་ནང་མི་

ཚོ​ོའི​ི​ི་ཁ་ལག་བཟོ་བ་སོགས་རང་འགུལ་གྱི​ིས་བྱེ​ེད་ཀྱི​ི་ཡོ​ོད་ དུ​ུང་མོས་ཁང་པའི ་གཡས་གཡོ ན ་དུ​ུ་

ད་

ཚལ་ཞི​ིང་བཏབ་ ནས་ཁོང་ཚརོ ་

རྟག་པར་ཚལ་བཟའ་རྒྱུ་ཡོང་གི​ི་ཡོ​ོད་

ཚོང་པ་དེས་བུ་ལོན་

གྱི​ི་འཛི​ིན་ཤོག་དེ​ེ་ཚོ​ོ་ཇི​ི་ལྟར་འཕྲོད་ཐབས་སུ་སེམས་ཁྲལ་ཆེན་ པོ་བྱེ​ེད་ཀྱི​ི་ཡོ​ོད་རུང་

ད་དུ​ུང་བུ​ུ་མོ་རྒན་པ་གཉིས་པོས་གྱོན་གོས་

3


རྫི​ིག་པོ་དང་རྒྱན་ཆ་ཉོ་རྒྱུ་རག་གི་མི​ི་འདུག་ཅེས་རྙོག་དྲ་ཤོད་ཀྱི​ི་ ྭ ཡོ​ོད་ ཉིན་ཞི​ིག་ཚོང་པ་དེ་ཐག་རིང་གི​ི་ཡུལ་ཞིག་ཏུ་ལས་དོན་ བསྒྲུབཏུ​ུ་འགྲོ་དགོས་བྱུང་བས་བུ་མོ་ཚོ​ོར་ཕན་ཚུན་ལྟ་སྐྱོང་དང་

ཡག་པོ་བསྡད་དགོས་པ་དང་

ཕ་རྒན་ཚུ​ུར་ཡོང་དུ​ུས་རྔན་པ་རེ་

རེ​ེ་འཁྱེར་ཡོང་ཆོག་ཅེས་བཤད་སྐབས་

གཅེན་མོ་གཉི​ིས་པོས་

ལྷམ་དང་གྱོན་ཆས་སྙིང་རྗེ​ེ་མོ​ོ་དག་ཉོ་རོ​ོགས་ཞེས་མངགས་པ་ རེད་

ཚོང་དཔོན་གྱི​ིས་བུ​ུ་མོ་ཆུང་ཤོས་ལ་རང་ལ་རྔན་པ་ག་རེ་

དགོས་སམ་ཞེས་དྲི​ིས་དུ​ུས་

མོས་ངའི​ི་རེ​ེ​ེ་བ་ལ་ཁྱེད་རང་བདེ་ཐང་ངང་

ཕྱིར་ལོག་ཕེབས་ཐུབ་ན་དེ་གས་འགྲིག་པ་འདུ​ུག་ ཚུར་ཕེབས་དུས་མེ་ཏོ​ོག་རྒྱ་སེ་ཆུན་པོ་ཞི​ིག་

4

རབ་བྱུང་ན་


བསྣམས་

ཞེས་ཞུས་པ་རེད་

ཕེབས་རོགས་

ཚོང་དཔོན་རང་གི་རྟ་

ལ་བཞོན་ནས་འཐོན་དུ​ུས་བུ​ུ་མོ་ཆུང་ཤོས་ཀྱི​ིས་ཁོང་ལ་ལག་པ་ གཡུག་གཡུག་བྱས་ཏེ་སྐྱེ​ེལ་མ་ཞུས་ ཚོང་པས་ཐག་རིང་གི​ི་རི​ི​ི་ གྲོ​ོང་མང་དག་ཅིག་བརྒྱུད་ནས་ནགས་ཚལ་

སྟུག་པོ་ཞི​ིག་ཏུ་སླེབས་

སྐབས་དེ་དུ​ུས་དགུ​ུན་ཨ་ཧྲང་

ད་ཧྲང་ཡི ན ་པ་དང་ས་གཞི ་ ཆེ​ེ ན ་པོ ་ གངས་མཐུག་པོ ས ་བཀབ་ ཡོད་

རྟ་ཕོས་མདུ​ུན་དུ​ུ་བསྐྱོད་ཀྱང་གངས་རླུང་གིས་མདུན་ནས་

བཀག་སྟེ་གོ​ོམ་སྟབས་མགྱོགས་པོ་འགྲོ་ཐུ​ུབ་ཀྱི་མེ​ེད་ ཚོང་པ་ ས་མ་རུབ་གོང་འགྲོ་ཡུལ་དུ​ུ་སླེབས་མི་ཐུ​ུབ་པའི་དངངས་སྐྲག་བྱུང་ འོན་ཀྱང་མུ​ུན་པ་རིམ་གྱི​ིས་རུབ་པ་དང་ནགས་ཁྲོད་སྟུ​ུག་པོའི​ི་ནང་

5


ཁོ་པའི​ི་འགྲོ་ལམ་ཡང་བརླགས་པ་རེད་ ཁོང་

རྟ་ལས་བབས་ཏེ ་ ནགས་ཚལ་ལས་འགྲོ ལ ་ ཐུབ་པའི་ཐབས་ཤི​ི​ིག་འཚོལ་བ་དང་

དོ​ོ་ནུ​ུབ་

ངལ་གསོ་སའི​ི་གནས་ཚང་ཞི​ིག་རྙེད་ན་སྙམ་ ཞི​ི ང ་ཡོ ང ་དུ​ུས་རྒྱང་རི ང ་ནས་འོ ད ་སྣང་ཁྲ་ལྷེ མ ་

མེར་མངོན་ཡོང་བས་དེའི​ི་ཕྱོ​ོགས་སུ་ཁ་གཏད་

ནས་འགྲོ་དུ​ུས་རྒྱལ་ཁང་བརྗིད་ཉམས་ཆེ་བ་ཞི​ིག་མཐོང་

ད་

ཐེངས་ནགས་ཚལ་སྟུག་པོ་འདི​ིའི​ི​ི་ནང་ཁ་ཕྱོགས་ས་གང་ཡང་མ་

རྙེ ད ་པས་རྒྱལ་ཁང་དེ ར ་ཁ་ཕྱོ ག ས་རྒྱུ་ལས་ཐབས་གཞན་མེ ད ་ ཁོས་རྒྱལ་སྒོ་ནས་སྐད་ག་ཚོད་བཏང་ཡང་ཨ་ལན་མ་བྱུ​ུང་བས་ རྟ་རའི་ནང་རྟ་འདོགས་པར་སོང༌

དེ་རྗེ​ེས་སླར་ཡང་སྐད་བརྒྱབས་

ཀྱང་ཡ་ལན་བྱེད་མཁན་

མ་བྱུ​ུང་བས་ཕོ་བྲང་ནང་

འཛུལ་ནས་བདག་པོ་སུ​ུ་ སྙིང་རྗེ​ེ་བྱེ​ེད་ངེ​ེས་

ཡིན་ནའང་ཁོ་པར་

6

རེད་སྙམ་ ཁོས་


བཞུགས་མཁན་ཡོད་དམ་

བཞུ​ུགས་

མཁན་ཡོད་དམ་ཞེས་སྐད་བརྒྱབས་ཀྱང་

ཁོ་པའི​ི་བྲག་ཆ་མ་གཏོགས་གོ་རྒྱུ་མ་བྱུང༌

ཁོས་ཁང་པ་གཅིག་

ནས་གཅི​ིག་ལ་འཛུལ་ནས་

བལྟས་ཀྱང་སུ​ུ་ཡང་མེད་ ཁང་པ་

སྦུག་མ་ཞིག་ནང་ཚ་ཐབ་ནང་

མེ་དམར་ཧུ​ུར་ཧུ​ུར་འབར་བཞིན་པ་དང་ཚུ​ུར་ཕྱོགས་

ཀྱི་ཅོ​ོག་ཙེའི​ི་སྟེ​ེང་རྒྱ་ཟས་ལེའུ་བཅོ་བརྒྱད་བསྒྲིགས་ནས་ བཞག་ཡོད་

ཁོ་ལ་ཉི​ིན་གང་ལྟོ་ཆུ་ཐི​ིགས་གཅིག་

མེད་པས་ཁ་ལག་རྣམས་བཟས་

ཡང་མེད་པས་དེ་གར་གཉིད་ལ་ཤོར་

ད་དུ​ུང་མི​ི་སུ​ུ་

ཕྱི་

ཉི​ིན་གཉིད་བསད་དུས་གྱོན་གོས་ཆ་ཚང་ ཞིག་དང་ད་དུ​ུང་ཞོགས་ཟས་གྲ་རྒྱས་ཤི​ིག་

7


བསྒྲི​ིགས་འདུག་

ཁོས་ཞོགས་ཟས་རྣམས་བཟས་པ་དང་གྱོན་

གོས་རྣམས་གྱོན་ཏེ་སེ​ེམས་པ་བཟང་བའི་སྦྱི​ིན་བདག་དེ་འཚོལ་ དུ​ུ་སོང༌ འོན་ཀྱང་སུ​ུ་ཡང་མི་འདུ​ུག་པས་ད་ནི་རྡོ​ོག་ཐོན་བྱ་དགོས་

སྙམ་ནས་འགྲོ་དུ​ུས་དགུ​ུན་ཨ་ཧྲང་ད་ཧྲང་ཡིན་ནའང་ལྡུ​ུམ་རྭའི་ ནང་དུ་མེ ་ ཏོ​ོ ག ་ཁྲ་ལྷེ མ ་མེ ར ་ཤར་ཡོ ད ་པ་དང་ལོ ་ མ་གཅི ག ་ ཀྱང་ས་ལ་ལྷུང་མེད་

ཁོས་གློ་བུ​ུར་དུ​ུ་བུ​ུ་མོ་ཐ་ཆུང་གི​ི་རེ​ེ​ེ་འདུན་

གཅི ག ་པོ ་ དེ​ེ ་ དྲན་ཏེ ་ རྒྱ་སེ ་ དཀར་པོ ་ ཁ་ཤས་བཀོ ག ་པར་འགྲོ ་ སྐབས་གློ་བུ​ུར་དུ​ུ་ངར་སྐད་ཆེན་པོ་ཞི​ིག་བསྒྲགས་ཡོང་བ་དེར་ ལྟ་དུས་དེ ་ རུ་གདོ ན ་འདྲེ འི​ི ་ གཟུགས་འདྲ་བའི ་ སྲོ​ོ ག ་ཆགས་ འཇིགས་སུ​ུ་རུ​ུང་བ་ཞིག་ཁོའི​ི་མདུ​ུན་དུ​ུ་སླེབས་པ་རེད་

ཁྱོད་

ལ་ངས་ཁ་ལག་དང་གྱོན་གོས་གནས་ཚང་སོགས་ཚང་མ་ སྤྲད་ཡོད་ འོན་ཀྱང་ཁྱོད་ད་དུ​ུང་

མ་རྒྱགས་པར་ངའི་ལྡུམ་རྭའི་ནང་

ནས་མེ་ཏོ​ོག་རྐུ་བར་ཡོང་ ད་ངས་ཁྱེད་

8


ལ་ཉེས་པ་ལྕི་པོ​ོ་ཞི​ིག་གཏོང་གི​ི་ཡི​ིན་ཞེས་བཤད་

གྱི​ིས་པུ​ུས་མོ་ས་ལ་བཙུགས་ནས་ཞུ་བ་འཐེན་ཏེ་

ཚོང་དཔོན་

ངས་བུ་མོ་

སྙི​ིང་རྗེ​ེ་མོའི​ི་ཆེ​ེད་དུ་མེ་ཏོ​ོག་ཁ་ཤས་ཤིག་བཀོག་རྩིས་ཡོད་མ་ གཏོགས་གཞན་གང་ཡང་མིན་ཞེས་བཤད་

གདོན་གཟུགས་

ཀྱི​ིས་གལ་ཏེ་ངས་རང་གློད་དགོས་ཀྱི​ི་འདུ​ུག་ན་རང་གི་བུ་མོ་ཞི​ིག་ འདི​ིར་ངའི​ི་ཕོ​ོ་བྲང་དུ​ུ་བསྐྱལ་དགོས་

ང་ལ་མགོ་སྐོ​ོར་གཏོང་ཐུ​ུབ་ཀྱི་མ་རེད་

མགྱོགས་ཙམ་རྒྱུགས་

གལ་སྲིད་ཁ་དན་

ཚི​ིག་ལ་མ་གནས་ན་ངས་རང་འཚོལ་བར་ཡོང་གི​ི་ཡི​ིན་ ཞེས་ བཤད་

ཡ་ང་བའི་ཚོ​ོང་དཔོན་ནི​ི་ཞེ​ེད་ཐག་ཆོད་ནས་ཁས་མ་

ལེན་ཀ་མེད་བྱུ​ུང་བ་དང་སེམས་ནང་རྡོག་ཁྲེས་ལྗི​ིད་པོ​ོས་མནར་ ཞི ང ་ལག་པ་སྟོ ང ་པར་ནང་དུ་

ལོག་ ཚོང་དཔོན་ནང་དུ​ུ་སླེབས་

རྗེས་ཁོ་པའི​ི་འགྲུ​ུལ་བཞུད་ཀྱི་སྐོ​ོར་ དང་ད་དུང་གདོན་གཟུགས་ཀྱི​ི་

9


སྐོ​ོར་སོགས་ཆ་ཚང་བུ​ུ་མོ་ཚོར་བཤད་པས་བུ་མོ་རྒན་པ་གཉིས་

ཀྱི​ི ས ་གདོ ན ་གཟུགས་ཀྱི ་ སར་འགྲོ ་ རྒྱུར་མོ ས ་མཐུ​ུན་ཡེ ་ ནས་ མ་བྱས་ འོན་ཀྱང་བུ​ུ་མོ་ཆུ​ུང་བས་ པ་ལགས་ཁྱེད་རང་སེམས་ ཁྲལ་བྱེད་མི​ི་དགོས་

གདོན་གཟུགས་ཀྱི་སར་ངས་བསྡད་ཆོག་

ཁོ་པ་ལགས་ཁྱེད་རང་ལ་བཀྲིན་ཆེན་པོ་ཡི​ིན་པས་ཁོས་ང་ལ་ གནོད་པ་བྱེད་ཀྱི​ི་མ་རེད་

ཅེས་བཤད་

ཕྱི་ཉི​ིན་ཕ་རྒན་གྱི​ིས་

བུ​ུ་མོ ་ ཆུ​ུང་ཤོ ས ་འཁྲི ད ་དེ​ེ ་ གདོ ན ་གཟུགས་ཀྱི ་ ཕོ​ོ ་ བྲང་དུ​ུ་བསྐྱོ ད ་ གདོན་གཟུགས་ཧ་ཅང་དགའ་པོ་བྱུང་སྟེ་སྙི​ིང་རྗེ​ེ་མོར་གྱོན་ཆས་

ཆ་ཚང་སྤུ​ུས་ལེགས་གྱོན་འཇུག་པ་དང་ཆབས་ཅིག་ཁོ་པའི​ི་

10


སར་ཉར་ཞིང་ཕ་རྒན་ཚོང་པ་དེར་ཡང་ གསེར་སྒམ་གང་བསྐུར་ནས་མྱུར་དུ་ཕོ་

བྲང་ནས་ཁ་བྲལ་དགོ ས ་པ་ལས་རྗེ ས ་

སུ​ུ་ས་འདིར་ཡོང་མི​ི་ཆོ​ོག་ཅེས་བཤད་པས་སྙིང་རྗེ​ེ་མོ​ོས་རང་གི་པ་

ལགས་ལ་བྲལ་ཁའི ་ འཐམ་འཁྱུད་བྱས་ཏེ ་ གྱེ​ེ ས ་ཕྱག་ཕུ​ུལ་ སྙིང་རྗེ​ེ་མོ​ོའི​ི་འཚོ་བ་དེ་ཕོ་བྲང་ནང་ཧ་ཅང་ སྐྱིད་པོ​ོ་བྱུང༌

མོ་ནི​ི་རྣམ་ཀུ​ུན་ནས་

གཤི ས ་རྒྱུད་བཟང་བ་ཞི ག ་ཡི​ི ན ་ པས་སྲོག་ཆགས་

དེ ་ ཚོ ས ་སྙི​ི ང ་རྗེ​ེ ་ མོ ར ་དགའ་སྣང་བྱེ ད ་པ་ལས་ཞེ ད ་

སྣང་བྱེད་ཀྱི​ི་མེ​ེད་

གདོན་

གཟུགས་ཀྱི ས ་སྙི​ི ང ་རྗེ​ེ ་ མོ འི​ི ་

11

བྱ ་ སྤྱོ ད ་ ལ ་ ཧ ་ ཅ ང ་


དགའ་པོ་བྱུང༌

ཕྱི་དྲོ​ོ་གདོན་གཟུགས་ཀྱི​ིས་མོའི​ི་སར་ཡོང་

ནས་རོ ལ ་དབྱངས་བཀྲོ ལ ་བ་དང་སྐད་ཆ་བཤད་ནས་དུ​ུས་ཚོད ་

འཁྱོ ལ ་ཐབས་བྱེ ད ་ཀྱི​ི ་ ཡོ​ོ ད ་པས་ཁོ ང ་གཉི ས ་ཕན་ཚུ​ུན་

གྲོགས་པོར་གྱུ​ུར་པ་རེད་ ཉིན་ཞི​ིག་གདོན་གཟུགས་ཀྱི​ིས་སྙི​ིང་

རྗེ​ེ ་ མོ ར ་ཁྱེ ད ་རང་ཕོ ་ བྲང་དུ​ུ་སྐྱི ད ་པོ ་ འདུག་གམ་ཞེ ས ་དྲི​ི ས ་སྐབས་

མོས་སྐྱི​ིད་པོ​ོ་འདུག་ཡིན་ནའང་ང་པ་ལགས་ཧ་ཅང་དྲན་གྱི​ི་འདུ​ུག་

ང་ལ་པ་ལགས་གཅིག་ཐུག་རྒྱུ་བྱུང་ན་བསམ་གྱི​ི་འདུ​ུག་ཅེས་ བཤད་

རྒྱུགས་

གདོན་གཟུགས་ཀྱིས་ཁྱེད་རང་པ་ལགས་ཀྱི་སར་ལྟ་བར་ འོན་ཀྱང་བདུ​ུན་ཕྲག་གཉིས་ལས་མི་འགྱངས་པར་

ལོག་ཤོག་ དེའི​ི་ནང་མ་ཡོང་ན་ང་ཤི་གི​ི་རེ​ེ​ེད་ཅེ​ེས་བཤད་ སྙིང་རྗེ​ེ་ མོ​ོ ས ་ཁས་ལེ ན ་བྱས་ཏེ ་ ལག་རྟགས་རྒྱགས་ཚད་འཁྱེ ར ་ཏེ ་ པ་ ལགས་སར་ལོག་

ཁོ་མོ་ནང་ལ་ཧ་ཅང་སྐྱིད་པོ་བྱུང་སྟེ་བདུ​ུན་

ཕྲག་གཉིས་ཀྱི​ི་དུ​ུས་ཡུ​ུན་རྦད་དེ་རྫོ​ོགས་

མཚན་མོ་ཞི​ིག་མོ་

ལ་གདོན་གཟུགས་འཇི ག ་རྟེན་འདི ་ ནས་ཁ་བྲལ་བའི ་ གཉི​ི ད ་

12


ལམ་འཇི​ི​ིགས་སུ​ུ་རུ​ུང་བ་ཞིག་བཏང་ བས་

གཉིད་བསད་དུས་དངངས་སྐྲག་

ཆེ ན ་ པོ ་ བྱུ ང ་ སྟེ ་

ལམ་སེང་ནང་མི་

ཚོ​ོར་གྱེས་མཇལ་

ཞུ​ུས་ཏེ་རྟ་ཕོར་ལྕག་ གི ས ་བསྐུ​ུལ་ཏེ ་ ཕོ ་ བྲང་དུ​ུ་ལོག་

ཕོ་བྲང་

དུ​ུ་གཉི ད ་ལམ་ནང་ བ ཏ ང ་ བ ་ ལྟ ར ་

གདོན་གཟུགས་

ནི ་ མེ​ེ ་ ཏོ​ོ ག ་ གི​ི ་

13


ལྡུམ་རྭའི་ནང་ཕྱི​ི་མའི​ི་ལམ་དུ​ུ་ཆས་ཟིན་ མོ་རྟ་ལས་བབས་ཏེ་

གདོན་གཟུགས་ཀྱི་མདུ​ུན་དུ​ུ་པུ​ུས་མོ་བཙུགས་པ་དང་ ཁོའི​ི་གདོང་

པར་ལག་པས་བྱི ལ ་བྱི​ི ལ ་བྱེ ད ་བཞི ན ་སེ མ ས་སྡུག་ཆེ ན ་པོ ས ་ བརྩེ་བའི​ི་གདོན་གཟུགས་ལགས་ དགོངས་དག༌ ངས་ཁྱེད་རང་ དང་ནམ་ཡང་ཁ་བྲལ་གྱི་མི​ིན་

ང་ཁྱེད་རང་ལ་དགའ་པོ་ཡོད་

ངས་ཁྱེད་རང་ཤི་བཅུ​ུག་པ་མ་རེད་དམ་ ཞེས་མི​ིག་ཆུ​ུ་ཁྲུ​ུམ་ཁྲུ​ུམ་

14


བཏང་བྱུ​ུང་བས་མིག་ཆུའི་ཐི​ིགས་པ་དེ་གདོན་གཟུགས་ཀྱི​ི་ལུ​ུས་

པོར་ཕོག་མ་ཐག་ཁོ་གློ​ོ་བུ​ུར་དུ​ུ་འགུ​ུལ་བ་དང་ སྐབས་དེར་གློག་ འོད་འཁྱུག་པ་ལྟར་ས་གཞི་ཐམས་ཅད་འོད་ཀྱི​ིས་ཁྱབ་བྱུ​ུང་བས་

དེ འི​ི ་ ཤུ​ུལ་དུ​ུ་གདོ ན ་གཟུགས་དེ ་ མཐོ ང ་རྒྱུ་མེ ད ་པར་རྒྱལ་སྲས་ མཚར་སྡུག་ལྡན་པ་ཞིག་

15


ལངས་བསྡད་ཡོད་

སྙིང་རྗེ​ེ་མོ​ོས་ངའི​ི་བརྩེ་བའི​ི་གདོན་གཟུགས་

ག་པར་འདུག་ཅེས་གཡས་གཡོན་དུ་ལྟ་སྐབས་རྒྱལ་སྲས་ཀྱིས་ གདོན་གཟུགས་དེ་ང་ཡི​ིན་

སྔོན་མ་བདུད་མོ་ཞི​ིག་གི​ིས་ང་ལ་

ངན་སྔགས་བརྒྱབས་ཏེ་གདོན་གཟུགས་དེར་བསྒྱུར་པ་རེད་ ཡིན་

ནའང་ཁྱེ​ེད་རང་གི​ིས་གུ​ུས་པར་བརྩེ་སེ​ེམས་ཀྱི་མི​ིག་ཆུ་བཏང་བ་ དེས་བདུད་མོའི​ི་རྫས་ཀྱི་ནུས་པ་ཉམས་ཐུབ་པ་བྱུང་བ་རེད་ཅེས་ བཤད་ དེ་ནས་ཕན་ཚུན་སྙི​ིང་གཏམ་བཤད་རེས་དང་གཅིག་སེམས་ གཅིག་ལ་ཆགས་ཤིང་ཡུན་རིང་མ་སོང་གོང་ཁོང་གཉིས་འཁྲུ​ུངས་ ས་བསྐྱོན་པ་རེད་

འཁྲུངས་སའི་རྟེ​ེན་འབྲེལ་ལ་སྙི​ིང་རྗེ​ེ་མོའི​ི་པ་

ལགས་དང་གཅེ ན ་མོ ་ གཉི​ི ས ་གདན་འདྲེ ན ་ཞུས་པར་མ་ཟད་

རྒྱལ་སྲས་ཀྱིས་ཁོང་ཚོ་བསྡད་སའི​ི་ཕོ​ོ་བྲང་ཞིག་གསར་རྒྱག་བྱས་ ཏེ་ཁོང་ཚོ་ཚང་མ་དགའ་སྐྱིད་ལ་ལོངས་སུ་སྤྱོད་རྒྱུ་བྱུང་བ་རེད་།

16


བུ་མོ་ཐལ་འཛར་མ་ Cindrella

༄་།གནའ་སྔ་མོ་ཚོ​ོང་དཔོ​ོན་ཆེན་པོ་ཞི​ིག་དང་ཁོང་གི​ི་བཟའ་

ཟླ་གཉིས་པོ་དགའ་ཞིང་སྐྱི​ིད་པའི​ི་འཚོ་བར་རོལ་བཞིན་ཡོད་པ་ དང་

ད་དུ​ུང་ཁོང་གཉིས་ལ་བུ་མོ་ཞི​ིག་སྐྱེས་པས་དེ་བས་སྤྲོ་སྣང་

ཆེ་བར་སོང་བས་བུ་མོའི​ི་མི​ིང་ལ་དགའ་ཚལ་མ་ཞེས་བཏགས་

འོན་ཀྱང་བུ​ུ་མོ་བྱི​ིས་པའི་ལོ​ོ་ཚོ​ོད་དུ་ཚོང་དཔོན་གྱི​ི་བཟའ་ཟླ་ཚེ་

ོ​ོ ་ི​ི​ི དགའ་སྐྱིད་འཚ་ོ བ་དེ་མཇུག་བསྒྲིལ་བ་རེད་ ལས་འདས་ཏེ་ཁོ​ོང་ཚའ

ཡུ​ུན་རི​ིང་མ་སོང་གོང་ཚོང་དཔོན་དེ​ེས་རང་གི་མནའ་མ་གསར་པ་

ཞི​ིག་བཞེས་པ་དེ་ནི​ི་རྒྱུ་ནོར་ལ་ཆགས་ཏེ་ཡོང་བ་ཞིག་རང་རེད་ མནའ་མ་དེ་སླེ​ེབས་པ་དང་མོར་བུ་མོ་གཉི​ིས་སྔ་རྟིང་དུ​ུ་སྐྱེས་བྱུང་

བས་ད་ནི ་ བུ​ུ་མོ ་ དགའ་ཚལ་མར་བདེ ་ བའི​ི ་ གོ​ོ ་ སྐབས་ཤི​ི ག ་ག་ ལ་ཡོད་

དེའི​ི་ཐོ​ོག་ཐེངས་ཤི​ིག་ཚོང་དཔོན་ཐག་རིང་དུ​ུ་ཚོང་རྒྱག་

པར་ཕྱིན་ནས་དུ​ུས་ནམ་ཡང་ལོག་རྒྱུ་མེད་པར་གྱུ​ུར་ མ་ཡར་ དེ ས ་དགའ་ཚལ་མར་སྡུག་ལས་ཚང་མ་བཀོ ལ ་བ་དང་གྱོ ན ་ གོས་ཧྲུ​ུལ་ལ་ལྟོ་ཡང་ལེགས་པ་ཞིག་སྤྲོད་ཀྱི​ི་མེ​ེད་

17

མོའི​ི་བུ་


མོ་གཉི​ིས་པོ་འཚར་ལོངས་རི​ིམ་གྱིས་བྱུ​ུང་སྟེ་བུ​ུ་མོ་གཉིས་པོས་

ཀྱང་ཨ་མའི་བྱེ​ེད་སྟངས་ལྟར་དགའ་ཚལ་མར་སྡུ​ུག་སྡང་སྤྱད་པ་

དང་རྟག་པར་ཐལ་འཛར་མ་ཞེས་འབོད་ཀྱི​ི་ཡོད་པས་དགའ་ཚལ་ མའི ་ མི​ི ང ་དེ​ེ ་ ཐལ་འཛར་མར་

གྱུར་ བུ​ུ་མོ་གཉི​ིས་པོ་ལྡུ​ུམ་ རའི་ནང་དུ​ུ་རྩེད་མོ་རྩེ་ནས་ སྡོ ད ་དུ​ུས་དགའ་ཚལ་མ་ནི ་

ཁང་པའི ་ ནང་གི ་ ཞལ་བ་ ཕྱིས་པ་དང་མེ་བཏང་སྟེ་ཁ་

ལག་བཟོ་དགོ​ོས་ཀྱི​ི་ཡོ​ོད་ འོ​ོ ན ་ཀྱང་

ཐལ་འཛར་མས་ག་དུས་ཡི​ིན་ཡང་ཡི​ིད་གདུ​ུང་བྱེད་ཀྱི​ི་མེ​ེད་ལ་

18


མོའི​ི​ི་ཡ་ང་བའི་ལས་དབང་ལ་ཇི་མི​ི་སྙམ་པར་ རྒྱུན་དུ་ཁ་ནས་གླུ་ཆུ​ུང་ལེན་པར་བྱེད་

མོའི​ི་

ལང་ཚོ འི​ི ་ མཛེ ས ་སྡུག་རྣམ་པར་བཀྲ་བ་དེ ས ་ མ་ཡར་བློ་བཟོད་མི​ི་བདེ​ེ་ལ་གཅུ​ུང་

མོ་གཉི​ིས་པོས་ཀྱང་

ཕྲག་དོག་བྱེད་ཡུ​ུལ་དུ​ུ་

འཛར་མ་ཡས་བྱོས་

གྱུ​ུར་

ཁོང་ཚོ་མ་

ཐལ་འཛར་མ་མས་བྱོས་

ཞེས་ཞོགས་

སྨད་གསུ​ུམ་གྱི​ི ས ་ཐལ་

19


པ་ནས་དགོ ང ་མོ ་ བར་སྡུ​ུག་ལས་བཀོ ལ ་གྱི​ི ་ ཡོ​ོ ད ་ཀྱང་མོ ་ ནི​ི ་

ལས་ལ་བརྩོན་ཞི​ིང་རྣམ་ཀུ​ུན་ནས་སེམས་པ་ཧ་ཅང་བཟང་ བས་ཁྱིམ་གྱི་ཁྱི​ི་དང་ཞི​ི་མི​ི་སྒོ​ོ་ཕྱུ​ུགས་རྟ་དང་བྱ་དེ་སོ​ོགས་ཚང་མར་

བྱམས་བརྩེས་སྐྱོང་གི​ི་ཡོ​ོད་ ཉི​ིན་ཞི​ིག་ཡུ​ུལ་དེའི​ི་རྒྱལ་པོའི​ི་ཕོ​ོ་ བྲང་དུ་རྒྱལ་སྲས་དགུང་ལོ་བཅུ་དགུ་ལ་སོན་པའི་འཁྲུ​ུངས་སྐར་གྱི་

དགའ་སྟོན་རྒྱ་ཆེན་ཞི​ིག་སྤེལ་བ་དང་ དེར་ཡུ​ུལ་དེའྀ་ཁྱི​ིམ་ཚང་

ཆེ་གྲས་ཀྱི་བུ​ུ་མོ་ཚང་མ་བཅར་དགོས་པའི་བཀའ་ཁྱབ་གནང་ ཡོད་པས་དེའི​ི་ནང་ཁོ་ཚོ​ོའི​ི​ི་ཁྱི​ིམ་ཡང་ཚུད་ཡོད་

གཤིས་སྤྱོད་

རྩི​ིང་བའི​ི་གཅུང་མོ་གཉི​ིས་དགའ་མཆོངས་རྒྱག་བཞིན་གསོལ་ སྟོ ན ་ལ་སྐྱི​ི ད ་པོ​ོ ་ ཡོ ད ་ཡོ​ོ ད ་དང་རྒྱལ་སྲས་དེ ་ ཧ་ཅང་གི​ི ་ རྫི​ི ག ་པོ ་ ཡོ​ོ ད ་ཡོ ད ་སྐོ​ོ ར ་བཤད་དུས་ཐལ་འཛར་མ་ཡང་གསོ ལ ་སྟོ ན ་དང་

རྒྱལ་སྲས་དེར་ལྟ་ཙམ་བྱེད་རྒྱུ་བྱུང་ན་སྙམ་གྱི་ཡོ​ོད་ གཅུང་མོ་ གཉི​ིས་ཀྱི​ིས་ཐལ་འཛར་མ་ ང་ཚོའི​ི་གྱོ​ོན་གོས་ཡག་ཤོས་དེ​ེ་ཚོ་ འཁྱེར་ཤོག་ གསོལ་སྟོན་ལ་ཕེབས་མཁན་ཚང་མ་མི་དྲག་གི་

20


སྲས་དང་སྲས་མོ་རྐྱང་རྐྱང་ཡིན་པས་ང་ཚོས་གང་ཡག་ཡག་གྱོན་ དགོས་ཞེས་བཤད་

ཐལ་འཛར་མས་ང་ཡང་དོ་ནུབ་གསོལ་སྟོན་

ལ་འཁྲིད་རོ​ོགས་གནང་ཞེས་མ་ཡར་དེར་ཞུས བུ​ུ་མོ་གཉི​ིས་པོས་ ལམ་སེང༌ ག་རེ་རང་ཨས་ རྒྱལ་པོའི​ི་ཕོ​ོ་བྲང་ནང་ལ་གཡོག་ པོ་གཡོག་མོ་མང་པོ་ཡོད་པས་རང་ཕ་གིར་ཕྱགས་མ་འཕྱག་ ས་རག་གི་མ་རེད་ཅེས་བཤད་ བཏང་ནས་འགྲིག་གི​ི་རེ​ེ​ེད་

མ་ཡར་གྱིས་བསམ་བློ་ཞི​ིག་

རང་གསོལ་སྟོན་ལ་འགྲོ་རྒྱུའི​ི་གྱོ​ོན་

གོས་ཡག་པོ་ཞི​ིག་དགོས་ཀྱི​ི་རེ​ེ​ེད་

བྱས་ཙང་སྔོན་ལ་གཅུང་མོ་

ཆས་གྲ་སྒྲིག་བྱེད་ཤོ​ོག་ཅེས་བཤད་

ཐལ་འཛར་མ་དགའ་ཐག་

གཉི​ིས་ལ་རོགས་པ་བྱེད་དགོས་ ལས་ཀ་ཚར་ནས་རང་གི་གྱོ​ོན་ ཆོད་དེ​ེ་

ལས་ཀ་རྣམས་གང་མགྱོགས་བྱས་ནས་ཚར་གྲབས་

ཡོད་དུ​ུས་ མ་སྨད་གསུ​ུམ་གྱི​ིས་དེ​ེ་ཚོ​ོ་ཀྲུས་ཤི​ིག་ དེ་ཚོ​ོར་ཨུར་

ཏི​ི་རྒྱོ​ོབས་ཤིག་ ཞལ་བར་རྡོག་ཕྱི​ིས་རྒྱོབས་ཤོག་ཅེས་བཤད་དེ་ཕྱི​ི་ དྲོ​ོ​ོ་ཟི​ིན་

མ་སྨད་གསུ​ུམ་གཟབ་མཆོར་ལེགས་པར་སྤྲས་ཏེ་

21


ཐོ​ོན་འགྲོ་དུ​ུས་ཐལ་འཛར་མར་ལྟ་ཙམ་ཡང་མ་བྱས་པར་ཐོན་

མ་ཡར་དེས་ཐལ་འཛར་མ་ ད་རང་འགྲོ་གི​ི་མི​ིན་ནམ་ ཞེས་ བརྗོད་པས་ཐལ་འཛར་མས་ང་གྱོན་གོས་གྲ་སྒྲིག་བྱེད་རྒྱུ་བྱུང་མ་

སོང༌ཞེས་བཤད་པས་ མོས་གང་ཡང་བྱེད་ཀྱི​ི་མ་རེད་ རྗེས་སུ་གོ་ སྐབས་རག་གི་རེ​ེད་ཅེས ་བཤད་དེ ་ ཤི​ི ང ་རྟ་འཁོ ར ་ལོ འི​ི ་ ནང་བསྡད་དེ ་ གསོལ་སྟོན་ལ་སོང་

ཐལ་འཛར་མ་ངུ་སིག་བྱེད་བཞིན་ཨ་ཙི་

དོ་ནུ​ུབ་ཀྱི་གསོལ་སྟོན་ལ་ལྟ་ཙམ་བྱེད་རྒྱུ་བྱུང་ན་དགའ་བ་ལ་

ཨང༌ ད་ཡིན་ནའང་ཞེ​ེས་སེམས་སྡུག་ཆེན་པོས་ལྡུམ་རྭའི་ནང་

གི​ི ་ རྐུབ་བཀྱག་ལ་འཐམས་ཏེ ་ ངུ་སི​ི ག ་བྱེ ད ་བཞི​ི ན ་པའི ་ སྐབས་ གློ་བུ​ུར་དུ​ུ་བྱམས་བརྩེ་ཆེ​ེ་བའི​ི་གསུང་ངག་ཅིག་ཐོས་

རང་མ་ངུ་

ཞི​ིག་ ང་རང་གི་ཨ་མ་མཁའ་འགྲོ་མ་ཡིན་ རང་གསོལ་སྟོན་

ལ་འགྲོ་རྒྱུ་ཡོང་གི​ི་རེ​ེ​ེད་ ངའི་ཁ་ལ་ཉོན་ཞི​ིག་ཅེས་བཤད་ ཐལ་

འཛར་མས་རང་གི་མི​ིག་ལ་ཡིད་མི​ི་ཆེ​ེས་པ་ཞིག་ཏུ​ུ་གྱུ​ུར་ཀྱང་ ཡིད་ལ་དགའ་སྤྲོས་ཁེངས་ཏེ་ མགོ་བོ​ོ་ལྕོ​ོག་ལྕོ​ོག་བྱས་ ཨ་

22


མ་མཁའ་འགྲོ་མས་སྔོན་ལ་ལྡུམ་རྭའི་ནང་ཡོད་པའི​ི་ལ་ཕུ​ུག་ ཆེན་པོ་དེ​ེ་འདི​ིར་འཁྱེར་ཤོག་

ཅེས་གསུངས་པ་དང་

རྫུ་འཕྲུ​ུལ་

གྱི​ི་དབྱུ​ུག་པ་དེ​ེ་དབྱུག་ཐེངས་གཅིག་ལ་ལ་ཕུག་དེ་ཤི​ིང་རྟ་འཁོར་ ལོ་མཛེས་སྡུ​ུག་ལྡན་པ་ཞིག་ལ་བསྒྱུར་ དེ་རྗེ​ེས་རང་གི་གྲོ​ོགས་ པོ་ཙི​ི་ཙི​ི་རྣམས་འཁྲིད་ཤོ​ོག་གསུ​ུངས་ཏེ་གྱི​ི་ལི​ིང་རྟ་མཆོག་བྲང་ རྩལ་ཅན་དྲུ​ུག་དང་

ཞི་མི​ི་དང་ཁྱི་གཉི​ིས་པོ་

ཁ་ལོ ་ བ་དང་གཡོ ག ་

པོར་བསྒྱུར་

མཁའ་འགྲོ ས ་

ཨ་མ་

ད་རང་

ཕྱིན་ཆོག་པ་ཡོད་ ཅེས་བརྗོད་པས་ཐལ་འཛར་མས་ ང་

གྱོན་གོས་དེ​ེ་ལྟར་གྱོན་ནས་གསོལ་སྟོན་ལ་འགྲོ་ནུ​ུས་

23


པ་མི་འདུག་ཅེས་བརྗོད་ ཨ་མ་མཁའ་འགྲོས་ འོ་རྫི​ི་ ངས་ རྦད་དེ་བརྗེད་འདུ​ུག་

རང་གི​ི་གྱོ​ོན་ཆས་ཅེས་མི​ིག་ཧྲི​ིག་ཧྲི​ིག་

ལྟ་བཞི ན ་རྫུ​ུ་འཕྲུ​ུལ་གྱི​ི ་ དབྱུ​ུག་པ་དེ ་ གཡུག་དུ​ུས་མཛེ ས ་སྡུ​ུག་ རྣམ་པར་བཀྲ་བའི་གྱོ​ོན་ཆས་ཤིག་གཡོགས་འདུ​ུག་པས་ད་ནི་ ཐལ་འཛར་མ་དེ ་ མཛེ ས ་སྡུག་རྣམ་པར་བཀྲ་བའི ་ ལྷའི​ི ་ སྲས་ མོ་དང་འདྲ་བ་ཞི​ིག་ཏུ​ུ་གྱུ​ུར་

རང་གི་རྐང་པར་གཅིག་ལྟ་དུས་ནོར་

བུ་ཆུ​ུ་ཤེལ་དབང་པོ་ལྟ་བུ​ུའི་རྐང་ལྷམ་ཞི​ིག་གྱོན་འདུ​ུག་ མ་མཁའ་འགྲོས་

མངགས་བྱ་ཞིག་ཡོད་

ད་མགྱོགས་པོ་རྒྱུགས་

ཨ་

ཡི​ིན་ནའང་རང་ལ་

དེ་ནི​ི་མཚན་མོའི​ི་ཆུ་ཚོད་བཅུ​ུ་གཉིས་

ཡོལ་ན་རྫུ་འཕྲུ​ུལ་ཚང་མ་ཡལ་འགྲོ་རྒྱུ་ཡི​ིན་པས་དེའི​ི་སྔོ​ོན་ དུ​ུ་ཕོ་བྲང་ནས་ཁ་བྲལ་ཚར་བ་བྱེད་དགོས་

ཞེས་བཤད་

ཐལ་

འཛར་མས་མགོ་བོ​ོ་ལྕོ​ོག་ལྕོག་བྱེད་བཞིན་ཨ་མ་མཁའ་འགྲོ་ མར་བཀྲིན་ཆེ་ བཀྲིན་ཆེ་ཞེ​ེས་ཞུ་དུ​ུས་ མཁའ་འགྲོ་མས་ད་

མགྱོགས་པོ་རྒྱུགས་ཞེས་རྟ་པོར་ལྕག་གིས་བསྐུ​ུལ་བས་ཕོ་བྲང་

24


དུ​ུ་དེ་མ་ཐག་འབྱོར་ ཐལ་འཛར་མས་ཕོ་བྲང་ནང་དུ​ུ་འཛུ​ུལ་ཡོང་ དུ​ུས་སྒོ་སྲུ​ུང་དམག་མི་ཚོ​ོས་མི​ིག་གི​ི་མདའ་མོས་ཕོ་བྲང་ནང་དུ​ུ་ གདན་འདྲེན་ཞུ​ུས་ འཁྲུ​ུག་ཆ་དོད་ཅི​ིང་ལོངས་སྤྱོད་ཆེ་བའི​ི་

གསོལ་སྟོན་ཐོག་ རྒྱལ་སྲས་ཀྱི ས ་ གཞོན་ནུ​ུ་མ་ དེ་ཚོར་དགའ་

སྣང་མེད་པར་ཅི་ཞི​ིག་མི​ི་ཚང་བ་ལྟར་ཕོ་བྲང་གི་གཞུང་སྒོར་ལྟ་ ཙམ་ལྟ་ཙམ་བྱཻད་དུ​ུས་ལྷའི་སྲས་མོ་འདྲ་བའི་བུ་མོ་ཞི​ིག་ཡོང་

25


གི​ི་ཡོ​ོད་པས་རྒྱལ་སྲས་ཀྱི​ིས་རང་དབང་མེད་པར་ཡར་བཞེངས་ཏེ་

ཐལ་འཛར་མ་ཡར་བསུས་པ་དང་ཞབས་བྲོ་འཁྲབ་པར་གདན་ཞུ​ུ་ བྱས་

ཐལ་འཛར་མ་ནི་གཉི​ིད་ལམ་ནང་བདེ་བ་ཅན་གྱི་ཞི​ིང་

ཁམས་ལ་སླེབས་པ་ལྟར་དུ​ུས་ཚོད་ཇི​ི་ལྟར་ཕྱིན་པ་མ་ཤེས་པར་ མཚན་མོའི​ི་ཆུ་ཚོད་བཅུ་གཉིས་ཀྱི​ི་རྡུ​ུང་བརྡ་བསྒྲགས་

གློ་

བུ​ུར་དུ​ུ་མཁའ་འགྲོའི​ི་བསླབ་བྱ་དྲན་ཏེ་རྒྱལ་སྲས་དང་གྱེས་ཕྱག་ ཞུས་ཏེ་ཕྱི​ིར་རྒྱུགས་ཡོང་ དང༌

རྒྱལ་སྲས་ཀྱི​ིས་ཏོག་ཙམ་བཞུགས་

ཏོག་ཙམ་བཞུགས་དང༌ཞེས་སྐད་བརྒྱབས་ཀྱང་ཐལ་འཛར་

མས་རྒྱུག་ཤར་གློད་དེ​ེ་ཕྱི​ིར་ཐོ​ོན་

རྒྱལ་སྲས་ཀྱི​ིས་ངས་ཁྱེད་རང་

གང་དུ་འཚོལ་བར་ཡོང་དགོས་སམ་ ཁྱེད་རང་གི​ི་བཞུགས་ས་དང་

མིང་ཞེ​ེས་གསུངས་སྐབས་མོ་དངངས་སྐྲག་གི​ིས་གཏམ་ལན་སློག་

ཁོམ་མ་བྱུང་བར་རྒྱུགས་ཡོང་དུ​ུས་ལྷམ་ཡ་གཅིག་འབུད་དེ་ཕོ་ བྲང་གི་སྐས་འཛེགས་སྟེང་ལུ​ུས་ཀྱང་སྒྲུ​ུག་ཁོམ་མ་བྱུང་བར་ཤིང་རྟ་

འཁོར་ལོའི​ི་ནང་བྱ་འཕུར་བ་ལྟར་བསྐྱོད་ རྒྱལ་སྲས་ཀྱིས་མཛེས་

26


མ་དེའི​ི་རྗེ​ེས་སུ​ུ་དངངས་སྐྲག་དེ་ལྟར་བྱས་པ་མཐོང་དུས་ བློན་ཆེན་གྱི​ི​ིས་ལམ་སེང ་རྟ་པ་ཁྱུ་གཅིག་ཁོ ང ་

ཚོའི​ི་མདུ​ུན་བཀག་པར་བཏང༌ ཁོང་ཚོ་ལམ་ ཕྱེད་ཀྱི​ི་ནགས་ཁྲོད་དུ​ུ་རྫུ​ུ་འཕྲུ​ུལ་གྱི་ནུ​ུས་

པ་ཡོ ང ས་སུ་ཉམས་ཏེ ་ སྔོ​ོ ན ་མའི ་ ཐལ་

འཛར་མ་དང་

ཁྱི་

ཞི​ི་མི​ི་

ཙི​ི་ཙི​ི་སོ​ོ​ོགས་ལ་རང་འཇགས་གྱུར་

ཡ་

མཚན་པ་ཞིག་ལ་ཐལ་འཛར་མའི ་རྐང་པར་ཡོད ་པའི ་ལྷམ་

ཡ་གཅིག་དེ​ེ་སྔོ​ོན་མའི​ི​ི་རྒྱུ་རི​ིན་པོ་ཆེ​ེ་དེ​ེ​ེ་རང་དུ​ུ་ལུ​ུས་ཡོད་ རྒྱལ་

27


པོ འི​ི ་རྟ་ཧྲག་རྣམས་ཀྱི ས ་མཛེ ས ་སྡུག་ལྡན་པའི ་ ཤི​ི ང ་རྟ་འཁོ ར ་

ལོ་དེ​ེའི​ི​ི་གྲི​ི​ིབ་མ་ཙམ་ཡང་མཐོང་རྒྱུ་མེད་སྟབས་ཕྱིར་ལོག་སོང་

རྒྱལ་སྲས་ཀྱིས་སྲས་མོ་དེ​ེ་གང་ནས་ཡིན་དང་མིང་སོགས་རྩད་

གཅོད་བྱེད་དགོས་པའི་བཀའ་ཕབ་པ་དང་ ལྷམ་ཡ་གཅིག་དེ​ེ་བུ་ མོ་དེ​ེ་འཚོ​ོལ་བའི་དཔང་རྟགས་ཤིག་ཏུ​ུ་བརྩིས་

ཕྱི​ི་ཉི​ིན་རྒྱལ་

པོའི​ི་བློ​ོན་ཆེན་གྱི​ིས་རྒྱལ་སྲས་ཀྱི་བཀའ་བཞིན་ཁྱི​ིམ་ཚང་ཚང་ མའི ་ ནང་གི ་ བུ​ུ་མོ ་ གཞོ ན ་ནུ་མ་ཚང་མ་རི ན ་ཆེ ན ་ནོ ར ་བུ​ུའི​ི ་ ལྷམ་དེ་རན་ཐབས་བྱས་ཀྱང་སུ​ུ་ལའང་མ་རན་

མ་ཡར་གྱི་

ཁྱི​ིམ་དུ​ུ་སླེབས་དུ​ུས་གཅུ​ུང་མོ་གཉི​ིས་ཀྱི​ིས་ཐབས་གང་ཡོད་ཀྱི​ིས་ གྱོན་པར་བརྩམས་ཀྱང་མ་ཐར་བས་བྱ་ཐབས་ཟད་ ཐལ་འཛར་ མས་ངས་ཚོད་བལྟ་ཞིག་བྱེད་ན་འགྲིག་གམ་ཟེར་ མ་ཡར་དང་

གཅུང་མོ་གཉི​ིས་ཀྱི​ིས་ཁ་གཅིག་གྲག་ཐོག་ བུ​ུ་མོ་དེ​ེ་གཡོག་

མོ་རེ​ེད་ ཁ་སྔོན་གསོལ་སྟོན་ལ་འགྲོ་མྱོ​ོང་ཡོད་པ་མ་རེད་ཅེས་ བརྗོད་

བློན་ཆེན་ལོག་འགྲོ་གྲབས་བྱེད་དུ​ུས་ཐལ་འཛར་མས་

28


བློན་ཆེན་ལགས་ཁྱེད ་རང་ལ་ལྷམ་གཅི ག ་ལས་མེ ད ་པ་གང་ རེད་དམ་ཞེས་དྲི​ིས་

ཀྱིས་ཐུ​ུགས་སེ​ེམས་

བློན་ཆེན་གྱི​ིས་ལྷམ་གཞན་དེ་རྒྱལ་སྲས་

ཤོར་བའི​ི་བུ​ུ་མོ་དེ​ེ་ལ་མ་

གཏོགས་གཞན་སུ​ུ་ལ་ཡོད་ ཅེས་ བརྗོད་པས་ ཐལ་འཛར་

མས་ལམ་སེང་ལྷམ་

གཞན་དེ་བཏོན་ནས་ལྷམ་གཞན་དེ​ེ​ེ་ང་ལ་ཡོད་

ཅེ​ེ​ེས་བརྗོད་

པས་བློན་ཆེན་ཧང་སང་ ཐལ་འཛར་མས་ལྷམ་དེ​ེ་གྱོ​ོན་པས་རྐང་

29


པར་ཚད་བརྒྱབས་པ་རང་

རེད་ བློན་ཆེན་

གྱི​ིས་ལས་འགན་

ལེ ག ས ་ གྲུ​ུ བ ་

བྱས་པར་རྒྱལ་སྲས་ཀྱིས་

བྱ་དགའ་གྱ་ནོམ་པ་སྤྲད་པས་མ་ཚད་

ཐལ་

འཛར་མ་རྒྱལ་པོའི​ི་ཕོ​ོ་བྲང་དུ​ུ་བསུ​ུས་ཏེ་འཁྲུ​ུངས་སའི་

རྟེ​ེན་འབྲེལ་གྲ་རྒྱས་ཤིག་སྤེལ་ནས་རྒྱལ་འབངས་ཚང་མ་བདེ་ ཞི​ིང་སྐྱི​ིད་པའི​ི་འཚོ​ོ་བ་བསྐྱལ་རྒྱུ་བྱུང་བ་རེད་།

30


གསེར་འོད་མ་དང་དོམ་གསུམ་

Goldilocks & the three Bears

༄་།གནའ་སྔ་མོ འི​ི ་ དུས་ཤི ག ་ལ་བུ་མོ ་ ཞི​ི ག ་ཡོ ད ་པ་དང་

མོ འི​ི ་ སྐྲ་ལོ ་ དེ​ེ ་ གསེ ར ་གྱི​ི ་ ཁ་དོ ག ་འདྲ་ལ་འོ ད ་དང་ལྡན་པ་ཞི ག ་ ཡོད་པས་མོའི​ི་མི​ིང་ལ་གསེར་འོད་མ་ཞེས་བཏགས་ཡོད་ མོའི​ི་

ཨ་མས་ག་དུས་ཡི ན ་ནའང་མོ ་ ཤི​ི ང ་ནགས་ཀྱི ་ དཀྱི​ི ལ ་ལ་མ་ འགྲོ ་ ཞེ​ེ ས ་མངགས་ཏེ ་ ཤི​ི ང ་ནགས་མཐུག་པོ འི​ི ་ ཁྲོ​ོ ད ་ལམ་ནོ ར ་ ཐེབས་ཡོང་སྙམ་གྱི་ཡོ​ོད་

འོན་ཀྱང་གསེར་འོད་མས་ཨ་མས་

བཤད་པ་དེར་དོ་སྣང་བྱེད་ཀྱི​ི་མེ​ེད་ལ་

ཉིན་ཞི​ིག་མོ་ནང་དུ་རྩེད་

མོ་རྩེ་རྒྱུར་ཉོབ་སྟེ་ཨ་མས་མ་མཐོང་བའི​ི་ངང་ཤི​ིང་ནགས་ཁྲོད་ བྲོ ས ་ཕྱི​ི ན ་ཏེ ་ གང་ལྟར་ནང་ལ་ལོ ག ་སའི ་ ལམ་ནི​ི ་ རྙི​ི ད ་ཀྱི​ི ་ རེ​ེ​ེ ད ་

སྙམ་ མོས་དགའ་སྣང་ཆེན་པོའི​ི་ངང་མེ་ཏོ​ོག་དང་བྱ་བྱི​ིའུ​ུ་ ཕྱེ་མ་ ལེབ་སོགས་ལ་ལྟ་བར་མ་ཟད་ རྩེ​ེ་བསྡད་པ་ཡང་མཐོང་བ་རེད་

ད་དུང་རི་བོ​ོང་ཁ་ཤས་རྩེད་མོ་

གང་མཚམས་ནས་མོ་དཀའ་

ལས་ཁག་པ་དང་ནང་ལ་ལོག་འདོད་སྐྱེ​ེས་ནས་ཁ་བསྒྱུར་ཏེ་ཚུ​ུར་

ལོག་ཁུལ་ཡིན་ནའང་ནང་ལ་འགྲོ་སའི​ི་ལམ་དེ་ད་གི​ིན་ཚུ​ུར་

31


ཡོ ང ་དུས་དང་གཏན་ནས་མི ་ འདྲ་བར་ལམ་

ཁ་བརླགས་ནས་ཁ་ཕྱོ ག ས་གང་དུ་འགྲོ ་ དགོ ས ་མི​ི ན ་རྩ་ བ་ནས་མ་ཤེས་པ་རེད་

གསེར་འོད་མ་གཞི་ནས་འགྱོད་

པ་སྐྱེ ས ་ཏེ ་ སེ​ེ མ ས་སྡུག་གི​ི ས ་མི​ི ག ་ཆུ་དབང་མེ ད ་དུ​ུ་

ཤོར་ ཁོ་མོ​ོས་སྡུ​ུག་རུ​ུས་བྱས་ཏེ་ མི​ི ག ་ཆུ​ུ་ཕར་ཕྱི ས ་པ་དང་

མདུན་དུ་གོ མ ་པ་ཁ་ ཤས་བརྒྱབས་ཏེ ་ འགྲོ ་

དུ​ུས་ཤི​ི ང ་ནགས་ཁྲོ ད ་ནས་ཤི ང ་ཁང་

ཆུང་ཆུང་ཞི​ིག་མཐོང༌

གསེར་འོད་མས་

མགྱོ ག ས་པོ ་ ཤི​ི ང ་ཁང་དེ འི​ི ་ སྒོ​ོ ་ བརྡུ​ུང་བ་དང་

སྒེའུ​ུ་ཁུ​ུང་ནས་ལྟ་དུ​ུས་ཁང་པའི་ནང་ནས་སུ་

32


གཅིག་ཀྱང་འདོན་ཡོང་མཁན་མེད་པས་ནང་དུ་ག་ལེར་འཛུལ་ འོ་ཛི​ི་

ཁང་པ་དེ་འདྲའི​ི་སྐྱི​ི​ིད་མདོག་ཁ་བ་ལ་བསམ་དུ​ུས་

ཙེ​ེའི​ི​ི་སྒང་ལ་ཕོར་པ་ཆེ་ཆུང་གསུམ་བཙུགས་བཞག་ཡོད་

ཅོག་ དེ་

དུ​ུས་མོ​ོ་གྲོ​ོད་པ་ལྟོགས་པས་ཕོར་པ་ཆེ་ཤོ​ོས་དེ​ེར་ཁ་རྒྱག་དུ​ུས་དེ་ ནི​ི་ཧ་ཅང་གི​ི་ཚ་པོ​ོ་ཡོ​ོད་ མོས་ཕོར་པ་འབྲིང་བ་དེ​ེར་ཁ་རྒྱག་དུས་ དེ་ནི​ི་ཧ་ཅང་གྲང་དྲགས་འདུ​ུག་ དེ་ནས་མོས་ཕོར་པ་ཆུང་ཤོས་དེ​ེར་ གཅིག་ལྟ་དུས་སོ་སོ​ོས་ག་རེ་བྱེ​ེད་ཀྱི​ི་ཡོ​ོད་མེད་བསམ་བློ་གཏོང་

ཁོམ་མ་བྱུང་གོང་གཙང་མ་ཞབས་ཏག་བརྒྱབས་ཟིན་ ཐབ་ཀྱི་

འཁྲི​ིས་སུ​ུ་རྐུ​ུབ་བཀྱག་ཆེ་བ་གཅི​ིག་དང་ འབྲིང་བ་གཅིག་ ཆུ​ུང་ ཤོ ས ་ ཤི​ི ག ་ བ ཅ ས ་ ཡོད་

གསེར་འོད་

མས་རྐུབ་བཀྱག་ ཆེ ་ ཤོ​ོ ས ་ དེ​ེ ར ་ སྡོ ད ་

རྩི​ིས་བྱེད་སྐབས་དེ་

33


ནི​ི་ཧ་ཅང་མཐོ་དྲགས་འདུག་

རྐུ​ུབ་བཀྱག་འབྲིང་བ་དེར་ཡང་ཧ་

ཅང་སྡོད་ཁག་པོ་བྱུང༌ མོ་རང་རྐུབ་བཀྱག་ཆུང་ཤོས་དེ​ེར་སྡོད་སྐབས་

དེ་ནི​ི་བདེ​ེ་པོ​ོ་ཞི​ིག་བྱུང་ཡང་དེ་མ་ཐག་ཙ་ཤག་ཅེས་རྐུ​ུབ་བཀྱག་ དེ་དུ​ུམ་བུར་ཕྱིན་ མཐོང༌

དེ་ནས་མོས་ཐོག་ཁང་དུ་འགྲོ་སའི​ི་རྡོ​ོ་བཀྱག་

དེ་གར་འགྲོ་དུ​ུས་ཡང་ཉལ་ཁྲི་ཆེ​ེ་ཆུང་གསུ​ུམ་འདུག་

གསེར་འོད་མས་ཉལ་ཁྲི་ཆེ​ེ་ཤོ​ོས་དེ​ེར་འཛེགས་མི​ི་ཐུ​ུབ་ འབྲིང་བ་ དེར་ཡང་འཛེགས་རྩིས་བྱས་ཀྱང་འཛེགས་མི​ི་ཐུ​ུབ་

ཆུ​ུང་བ་དེར་

འཛེགས་ནས་ཉལ་བསྡད་པས་ཧ་ཅང་སྐྱི​ིད་པོ​ོ་བྱུང་བས་མགྱོགས་ པོ་གཉི​ིད་ཁུག་

དོན་དངོས་ཐོག་ཁང་པ་དེ་དོ​ོམ་གསུམ་གྱི​ི་ཡི​ིན་

པ་དང་ དོམ་པ་ལགས་ཀྱིས་ངར་སྐད་སྒྲོགས་བཞིན་ ངའི་ཐུག་པ་ ལ་སུས་ལག་པ་འཆང་བ་རེད་ཅེས་དང་ དོམ་ཨ་མས༌ སུ​ུས་ངའི་

ཐུག་པ་ལ་ཁ་བརྒྱབས་པ་ཡི​ིན་ནམ་ཞེས་བཤད་ དོམ་ཆུ​ུང་བས་ སྐད་ཕྲ་བོས༌སུ​ུས་ངའི​ི་ཐུ​ུག་པ་ཞབས་ཏག་བརྒྱབས་པ་རེད་དམ་

ཞེས་སྐད་ཤོར་ དོམ་པ་ལགས་ཀྱི​ིས་སྐད་ཅོར་རྒྱག་བཞིན་སུ​ུས་ངའི་

34


རྐུབ་བཀྱག་སྒང་ལ་འཛེགས་རྩིས་བྱས་པ་རེད་དམ་ཞེས་བཤད་ ཡང་དོ མ ་ཨ་མ་ལགས་ཀྱི ས ་སུས་ངའི ་ རྐུབ་བཀྱག་སྒང་ལ་ འཛེགས་རྩི​ིས་བྱས་པ་རེད་དམ་ཞེས་བཤད་

དོམ་ཕྲུག་ཆུ​ུང་ཤོས་

དེ​ེས་སྐད་ཅོ​ོར་རྒྱག་བཞི​ིན་སུ​ུས་ངའི་རྐུབ་བཀྱག་སྒང་ལ་བསྡད་པ་

རེད་དམ་ རྦད་དེ་ཧྲུ​ུག་ཆག་བཏང་འདུག་ཅེས་སྐད་བརྒྱབས་ དོམ་

པ་ལགས་ཀྱི​ིས་ལྟོས་དང་འདིར་འདམ་བག་ཡོད་པའི་རྐང་རྗེས་དེ་ ཐོ​ོག་ཁང་ལ་ཕྱིན་འདུག་ཅེས་ཤོད་བཞི​ིན་དོ​ོམ་གསུམ་པོས་བལྟ་ བར་ཕྱི​ིན་

དོམ་ཕས་སྐད་སྦོམ་པོ་དེ​ེ་རྒྱག་བཞིན་སུས་ངའི་ཉལ་

ཁྲི​ིའི​ི​ི་སྒང་ལ་ཉལ་བ་ཡིན་ནམ་ཞེས་དང་

ཡང་དོམ་ཨ་མས་

སྐད་ངག་འཇམ་པོས་སུས་ངའི་ཉལ་ཁྲིའི​ི་སྒང་ལ་ཉལ་བ་ཡི​ིན་

ནམ་ཞེས་བཤད་ དོམ་ཕྲུ​ུག་དེས་འོ་ཛི​ི་ངའི​ི་ཉལ་ཁྲིའི​ི་སྒང་ལ་སུ​ུ་

ཉལ་བསྡད་ཡོད་པ་རེད་ ལྟོས་དང་ གཅིག་འདི​ིར་གཉི​ིད་ཁུ​ུག་ནས་ བསྡད་འདུག་ཅེས་སྐད་ཕྲ་བོ་ཞི​ིག་བརྒྱབས་

གསེར་འོད་མས་རང་

གི་སྐྲ་ལོ་རྣམས་སྔས་མགོའི​ི་སྟེ​ེང་བཀྲམས་ནས་གཉིད་དུ​ུ་ཡུ​ུར་

35


བ ཞི ན ་ ཡོ ད ་ པ ར ་ དོ མ ་

གསུམ་པོས་ཡ་མཚན་ ཆེ ན ་པོ ས ་བལྟས་ནས་ བསྡད་ཡོད་

དོམ་ཕྲུ​ུག་

ཆུ​ུང་ཆུ​ུང་གི ས ་ངའི​ི ་ ཐུག་ པ་ཚང་མ་བཏུངས་པ་ ཀྱང་བཅག་འདུག་ཅེས་བཤད་དུ​ུས་

མ་ཟད་ ངའི་རྐུབ་བཀྱག་

གསེར་འོད་མ་གཉིད་ལམ་

གྱི་ཞི​ིང་ཁམས་ནས་ཚུར་བསུ​ུས་ཏེ་གཉི​ིད་སད་དུས་དོམ་གསུམ་ གྱིས་རང་ཉིད་ལ་བལྟས་བསྡད་ཡོད་པས་ཞེད་ཐག་ཆོད་ནས་ཉལ་

ཁྲི་ལས་མཆོངས་པ་དང་ སྐད་འཛེགས་ལས་བབས་ཏེ་ཤི​ིང་ནགས་

ཁྲོད་བྲོས་འགྲོ་དུ​ུས་གཞི་ནས་རང་གི་ནང་ལ་ལོག་སའི་ལམ་རྙེད་ ནས་མོ་རང་གི​ི་ནང་ལ་སླེབས་ དེ་ནས་བཟུང་གསེར་འོད་མས་ཤིང་ ནགས་ཁྲོད་རྩ་བ་ནས་འགྲོ་གི​ི་མེ​ེད་།

36


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.