Rapunzel

Page 1

བུ་མོ་སྨན་རྩ་

གཉིད་ཁུག་པའི་མཛེས་མ་

གངས་དཀར་སྲས་མོ་དང་ཐེབ་རང་བདུན་ ཐེའུ་རང་དང་ལྷམ་བཟོ་བ་

སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་ཁྱབ་ཡིག་ཚང་


Copyright Š 2009 All rights reserved. No part of this publication maybe reproduced, Without the prior permission of the Department of Education, CTA, Dharamsala -176215 ISBN: 978-81-87859-57-4 Translated by: Samling Tsering Lhamo Proof reader & compiled by: Tenzin Wangdue Edited by: Sangye Tandar Naga Illustration by: Ugyen Layout & designed by: Lobsang Gonpo

Published by: Sambhota Tibetan Schools Society, Session Road, Dharamsala -176215 Distt: Kangra (H.P.), INDIA Phone: 01892-228877 / 226877 Email: stsa1999@yahoo.co.in / stsaeducation@hotmail.com www.sambhota.org


སྔོན་གླེང༌ ༄༅་།ཉེ་བའི​ི་ལོ​ོ་ཤས་ནང་བཙན་བྱོལ་བོད་མི​ིའི​ི​ི་སྤྱི​ི་ཚོ​ོགས་

ཁྲོད་བོད་ཡི​ིག་དཔེ་དེ​ེབ་ཇེ་མང་དུ​ུ་འཐོན་བཞིན་པ་དེས་

བོད་ཀྱི​ི་

སྐད་ཡི ག ་ཉམས་པ་སོ ར ་ཆུ​ུད་དང་མི ་ ཉམས་གོ ང ་འཕེ ལ ་གྱི ་ ཕྱོ​ོགས་སུ་སྐྱོད་བཞི​ིན་པར་གདོན་མི​ི་ཟ་

འོན་ཀྱང་དེབ་རི​ིགས་

ཕལ་ཆེ་བ་དབུ་ཅན་ཡིག་གཟུ​ུགས་འབའ་ཞི​ིག་ཡིན་གཤིས་

བོ ད ་མི​ི འི​ི​ི ་ གཞི​ི ་ རི​ི​ི མ ་སློ བ ་གྲྭ་ཁག་གི ་ འཛི​ི ན ་རི​ི མ ་དང་པོ ་ ནས་ གསུམ་པ་བར་གྱི​ི་སློ​ོབ་ཕྲུ​ུག་ཚོའི​ི་མི​ིག་གི​ི་སྤྱོ​ོད་ཡུ​ུལ་དུ​ུ་གྱུ​ུར་

མ་ཐུ​ུབ་པར་བརྟེན་

འདི་ག་སམ་བྷོ་ཊ་བོད་གཞུང་སློབ་གྲྭའི་སྤྱི​ི་

ཁྱབ་ཡིག་ཚང་ནས་ལོ་ཆུང་བྱིས་པའམ་གཞི་རི​ིམ་འོག་མའི་

འཛི​ིན་རི​ིམ་དང་པོ་ནས་གསུམ་པ་བར་གྱི་སློ​ོབ་ཕྲུ​ུག་ཚོར་ཉེ​ེ་བར་


མཁོ ་ བའི​ི ་ དེ​ེ​ེ བ ་རི​ི ག ས་ཁག་གཅི ག ་དབུ​ུ་མེ ད ་ཡི​ི ག ་གཟུགས་

ཐོག་ཕབ་སྟེ་དཔར་སྐྲུ​ུན་འགྲེམ་སྤེལ་ཞུས་དང་ཞུ་བཞིན་ཡོད་པ་ དང་

ལྷག་པར་དེབ་འདི​ི་ནི​ི​ི་མ་སུ​ུ་རི་གཏན་སློབ་བོད་དགེ་བསམ་

གླིང་ཚེ་རི​ིང་ལྷ་མོ་ལགས་ཀྱིས་ངལ་བ་ཚད་མེད་ཐོག་སྔ་དགོང་

དང་གུ​ུང་སེང་གི​ི་དུ​ུས་ཡུ​ུན་སྤྱད་དེ་སྒྱུར་སྒྲིག་གནང་བ་ཞིག་ཡི​ིན་ ཞི​ིང་

དེས་བོད་ཕྲུ​ུག་ཆུ​ུང་ཆུ​ུང་ཚོ་དང་བོད་ཡི​ིག་དཔེ་དེ​ེབ་ཁག་གི་

དབར་ བར་ཐག་ཉེ་རུ​ུ་བཏང་སྟེ་བོ​ོད་ཀྱི​ི་རི​ི​ིག་གནས་ཤེས་ཚད་གོང་ འཕེ ལ ་གཏོ ང ་བའི​ི ་ མཐུ​ུན་གྲོ ག ས་སུ​ུ་འགྱུ​ུར་ཐུ​ུབ་པའི ་ རེ​ེ ་ སྨོ​ོ ན ་

བཅས་ བོད་རྒྱལ་ལོ་ ༢༡༣༦ རབ་བྱུང་བཅུ​ུ་བདུ​ུན་པའི་ས་གླང་

ཕྱི​ི་ལོ​ོ་ ༢༠༠༩ ལོའི​ི་ཟླ་ ༡༢ ཚེས་ ༡༧ བཟང་པོ་ཉི​ིན་ལ་ སམ་བྷོ་ཊ་བོད་སློ​ོབ་སྤྱི​ི་ཁྱབ་ཡིག་ཚང་ནས་།


དཀར་ཆག་

༡༽ བུ​ུ་མོ་སྨན་རྩ་ Rapunzel ���������������������������������������������� ༡ ༢༽ གཉིད་ཁུ​ུག་པའི་མཛེས་མ་ Sleeping beauty �����������������༡༡ ༣༽ གངས་དཀར་སྲས་མོ་དང་མིའུ​ུ་ཐུ​ུང་བདུ​ུན་ Snow white & the..

Seven Dwarves ����������������������������������������������������������༡༩

༤༽ ཐེ​ེའུ​ུ་རང་དང་ལྷམ་བཟོ་བ་ The Elves & the shoemaker ༣༣


6


བུ་མོ་སྨན་རྩ་ Rapunzel

༄་།གནའ་སྔ་མོ་བཟའ་མི་ཕན་ཚུན་བརྩེ་དུང་ཆེ་བ་ འབྱོར་ པ་དེ་ཙམ་མེད་ཀྱང་ཆོག་ཤེས་ཆེ་བ་

ཁྱིམ་ཚང་ཚ་སོབ་སོབ་

ཅི​ིག་ཡོད་པ་རེད་ འོན་ཀྱང་བཟའ་མོ་དེ​ེ་རྟག་ཏུ​ུ་གཟུ​ུགས་གཞྀ་ མི​ི་བདེ​ེ་བར་གནས་ཀྱི་ཡོ​ོད་ ཁོང་གཉིས་ཀྱི​ི་ཐོ​ོག་ཁའི་སྒང་ནས་ ཁང་པ་ཕར་ཕྱོགས་ཀྱི་མཛེས་སྡུག་ལྡན་པའི་ལྡུམ་རྭ་ཞིག་ མཐོང་གི​ི་ཡོ​ོད་ དེའི​ི་ནང་ཤིང་འབྲས་ཁུ​ུར་གྱིས་ལྕི​ི་བའི​ི་སྡོ​ོང་པོ​ོ་དང་ ཚོན་མདོག་རྣམ་པར་བཀྲ་བའི་མེ​ེ་ཏོ​ོག་སོགས་ཀྱིས་ཁེངས་ ཡོད་

ཉི​ིན་ཞི​ིག་བཟའ་མོས་གྱོན་གོས་བཀྲུས་ཏེ་བསྐམ་

པར་འགྲོ ་ དུ​ུས་ལྡུ​ུམ་རྭའི ་ ནང་སྨན་རྩྭ་མང་པོ ་ སྐྱེ​ེ ས ་ཡོ ད ་པ་

མཐོང༌ དེ་ནས་བཟུང་ཉི​ིན་ལྟར་བཟའ་མོས་ཐོག་ཁའི་སྒང་ནས་ སྨན་རྩྭ་རྣམས་ལ་ལྟ་བཞིན་ རང་ཉི​ིད་ལ་སྨན་རྩྭ་དེའི​ི་བྲོ​ོ་བ་

ཞི​ི ག ་ལྟ་རྒྱུ་བྱུ​ུང་ན་ཅི ་ མ་རུ​ུང་ སྙམ་གྱི་ཡོད་

འོན་ཀྱང་ཁྱིམ་

1


མཚེས་ཕར་ཕྱོགས་དེ་མི​ི་ཚང་མས་ཞེད་སྣང་བྱེད་པའི​ི་བདུད་མོ་

ཞི​ིག་ཡིན་པ་རེད་ བཟའ་མོས་མོ་རང་ལ་སྨན་རྩྭ་དེ་མི​ི་འབྱོར་

ན་གཟུགས་པོ ་ གསོ ་ མི​ི ་ ཐུ​ུབ་པར་ནད་གཞི ་ སྡུག་ཏུ​ུ་འགྲོ ་ རྒྱུ་ ཡིན་པ་ཤེས་ཀྱང་བྱེད་ཐབས་བྲལ་

མོའི​ི་བཟའ་ཟླ་ནི་ག་དུས་

ཡིན་ནའང་རང་གི་བཟའ་ཟླའི་གཟུགས་པོའི​ི་ཆེ​ེད་སེ​ེམས་ཁྲལ་

ལངས་ཏེ་ལུ​ུང་པའི་ཕུ་མདའ་ཚང་མར་སྨན་རྩྭ་ཐབས་ཤེས་བྱེད་ པར་ཕྱིན་ཀྱང་ཐབས་འཚོལ་ཐུབ་ཀྱི་མེ​ེད་པ་རེད་

ཉིན་ཞི​ིག་

ཁོས་གྱང་སྒང་ནས་འཛེགས་ཏཻ་ ལྡུམ་རྭའི ་ ནང་ནས་སྨན་

རྩྭ་སི ་ སི​ི ལ ་གང་བཀོ ག ་

པའི ་ སྐབས་དེ​ེ ར ་གློ ་ བུ​ུར་དུ​ུ་ བ དུ​ུ ད ་ མོ ་ དེ​ེ ས ་ ཁོ ་ ཟི​ི ན ་

པ་རེད་

2

ངའི​ི་ལྡུ​ུམ་རྭའི་

ནང་ནས་སྨན་རྩྭ་རྐུ​ུན་


མ་རྐུ​ུ་ནུ​ུས་མཁན་ཁྱོད་རང་བློ་ཁོ​ོག་བྱུང༌ཞེས་ཤོད་བཞི​ིན་ངར་སྐད་ བསྒྲགས་

དངངས་འདར་ཤོར་བའི་མི​ི་དེ​ེ​ེས་ཁོ་པའི​ི་བཟའ་ཟླའི་ནད་

གཞི་དྲག་སྐྱེས་ཡོང་ཆེད་དེ་ལྟར་བྱེད་དགོས་བྱུང༌ཞེས་ཞུ་བ་འཐེན་

པས་ མོས་མཐའ་མཇུག་དེར་གལ་སྲིད་ཁོང་གཉིས་ལ་ཕྲུ་གུ་ ཞི ག ་སྐྱེ ས ་མ་ཐག་ཕྲུ​ུ་གུ​ུ་དང་པོ ་ དེ​ེ ་ མོ ་ ལ་སྤྲོ ད ་དགོ ས ་པའི ་ ཆ་ རྐྱེན་བཏོན་ཏེ་ཁོ​ོ་གློ​ོད་པ་རེད་

མི་དེ​ེ​ེས་མགོ་བོ​ོ་ལྕོ​ོག་ལྕོག་བྱེད་

བཞིན་སྨན་རྩྭ་ཁུ​ུར་ཏེ་རང་གི་ཁྱི​ིམ་དུ​ུ་བྲོས་ཕྱི​ིན་

སྨན་རྩས་

བཟའ་ཟླར་ཤི​ིན་ཏུ​ུ་ཕན་པོ་བྱུང་བ་དང་རྒྱུན་རིང་མ་སོང་བར་ཁོ​ོང་ གཉི ས ་ལ་ཕྲུ​ུ་གུ​ུ་བུ​ུ་མོ ་ ཞི​ི ག ་ བྱུང༌

བུ​ུ་མོ་དེ​ེ་ནི​ི་ཁོ​ོང་གཉིས་

ཀྱི​ི ་ སྙི​ི​ི ང ་ གི​ི ་ ནོ​ོ ར ་ བུ​ུ ་ ཞི ག ་ ཡིན་པས་གཅེས་པར་སྐྱོང་

བཞི​ི ན ་ཡོ ད ་དུ​ུས་བདུ​ུད་མོ ་ དེ​ེ ་ སླེ​ེ བ ས་ནས་ཁ་དན་ཚི ག ་

3


ལ ་ ག ན ས ་ པ ་ ད གོ ས ་ ཞེ ས ་

བཤད་ནས་བུ་མོ ་ དེ​ེ ་ འཁྱེ ར ་ ཕྱི​ིན་

བཟའ་མི་གཉི​ིས་

པོ ར ་ སེ​ེ མ ས ་ སྡུ ག ་ ཚ ད ་ ལས་འདས་པ་བྱུང་ཡང་

བྱ་ཐབས་གང་ཡང་མ་བྱུང་བར་ཉི​ི​ིན་

ལྟར་ཐོ ག ་ཁའི ་ རྩེ ་ ནས་རང་ཉི ད ་ཀྱི​ི ་ བུ​ུ་

མོར་ལྟ་ཙམ་བྱེ​ེད་རྒྱུ་བྱུང་ན་སྙམ་བཞིན་བསྡད་

བདུ​ུད་མོ་དེ​ེས་

བུ་མོའི​ི་མི​ིང་ལ་སྨན་རྩྭ་ཞེས་བཏགས་པ་དང་མོའི​ི་གཡོག་པོ་ ཚོར་བུ་མོ་དེ​ེར་ལྟ་སྐྱོང་བྱེ​ེད་དུ​ུ་བཅུག་

དུ​ུས་ཀྱི་འགྱུར་འགྲོས་ནང་

བུ་མོ་དེ​ེ་ཆེ​ེ་རུ་སོང་ནས་ཉི​ིན་གཅིག་མོ་མེ​ེ་ཏོ​ོག་ལྡུམ་རའི་ནང་ རྩེད་མོ་རྩེ་བར་ཡོང་དུ​ུས་གཞི་ནས་བཟའ་མི་གཉི​ིས་པོས་རང་ ཉིད་ཀྱི​ི་བུ​ུ་མོར་རྒྱང་ལྟ་བྱེད་རྒྱུ་བྱུང་བ་རེད་

དུ​ུས་ཚོད་ནི​ི་ཆུ​ུ་བོའི​ི་

རྒྱུན་བཞིན་འགྲོ་བ་དང་བུ་མོ་དེ་ཡང་ཧ་ཅང་མཛེས་སྡུ​ུག་ལྡན་

4


པ་ཞི ག ་ལ་འཚར་ལོ ང ས་ཡོ ང ་བཞི​ི ན ་ཡོ ད ་ལ་ ལྷག་པར་དུ​ུ་བུ​ུ་མོ ་ དེ​ེ འི​ི​ི ་ སྐྲ་ལོ ་ དེ​ེ ་ གསེ ར ་སྐུད་

ལྟར་འོད་དང་ལྡན་ལ་རིང་ཞི​ི​ིང་འཇམ་པ་ཞིག་

ཡོད་ སྨན་རྩྭ་བུ་མོ་ལོ་བཅུ་གཉིས་ལ་

སླེབས་དུ​ུས་མོ་ཕྱི​ི་ལ་བྲོས་མི​ི་འགྲོ་བའི​ི་

ཆེ​ེད་བདུ​ུད་མོས་ནགས་གསེབ་ཁྲོད་ཀྱི​ི་ ཁང་པ་ཐོག་རྩེ​ེག་མང་པོ་ཡོ​ོད་ པ་ཞིག་ནང་གི་རྩེ་ཐོ​ོག་

དེ​ེ​ེ ར ་བཅུག་བཞག་

པ་དང་ ཁང་པའི་སྒོ​ོ་

དང་སྐས་འཛེ ག ས་ལ་

ངན་སྔགས་བརྒྱབས་ནས་བུ་

མོས་བཙལ་ཡང་རྙེད་ཐབས་མེད་པ་རེད་

མོ​ོའི​ི་སྐྲ་དེ་གོ​ོས་ཆེན་

སེ ར ་པོ འི​ི ་ ཐ་ན་རི ང ་པོ ་ ཞི​ི ག ་དང་འདྲ་བས་བདུ​ུད་མོ ས ་བུ་མོ ་ སྨན་

5


རྩའིྭ་སར་སྐོར་བ་རྒྱག་པར་འགྲོ་སྐབས་མོས་སྨན་རྩྭ་

སྨན་

རྩ་རང་གི་སྐྲ་ལོ་དེ​ེ་མར་གློ ད ་ཤོ​ོ ག ་ཅེ ས ་འབོ ད ་ཀྱི​ི ་ ཡོ​ོ ད ་པས་བུ​ུ་

མོས་རང་གི་སྐྲ་ལོ་དེ​ེ་རྩེ་ཐོ​ོག་ཁང་པའི་སྒེ​ེ་ཁུ​ུང་ནས་མར་གློད་

པ་དང་བདུད་མོ་དེ​ེས་སྐྲ་ལ་འཐམས་ནས་ཡར་འཛེགས་ཡོང་གི​ི་ ཡོ​ོད་

ཉིན་ཞི​ིག་རྒྱལ་ཁབ་དེའི​ི་རྒྱལ་སྲས་ནགས་ཚལ་དེའི​ི་

ཉེ​ེ་སྐོ​ོར་ནས་འགྲོ་དུ​ུས་བུ​ུ་མོ་སྨན་རྩའི་གླུ་དབྱངས་གསན་ནས་ ཡི​ིད་དབང་འཕྲོག་སྟེ་གླུ་སྒྲ་གྲགས་སའི་ཕྱོ​ོགས་སུ་ཕེབས་སྐབས་

མདོག་ཉེས་པའི་སྐྱེ​ེ་དམན་ཞིག་གི​ིས་ སྨན་རྩྭ་ སྨན་རྩྭ་ རང་ གི​ི་སྐྲ་ལོ་མར་གློད་ཤོ​ོག་ཅེས་སྐད་བརྒྱབ་མ་ཐག་མཛེས་སྡུག་ ལྡན་པའི་བུ་མོ་ན་ཆུང་

མ་ཞི ག ་གི​ི ས ་རང་གི ་ གསེ ར ་སྐུད་འདྲ་བའི​ི ་ སྐྲ་ལོ ་ མར་གློ ད ་པ་

6

མཐོང༌ དེ་རྗེ​ེས་བདུད་


མོ་དེ​ེ་ལོ​ོག་ཕྱི​ིན་པའི་རྗེ​ེས་རྒྱལ་སྲས་ཀྱིས་བདུ​ུད་མོའི​ི་ལད་ཟློས་ བྱས་ཏེ་ཁང་རྩེར་འཛེགས་པ་དང་

སྐབས་དེར་སྨན་རྩ་དང་རྒྱལ་

སྲས་གཉི​ིས་ཀ་ཧང་སང་པར་གྱུར་ དེ་རྗེ​ེས་སྨན་རྩས་རང་གི་སྐོ​ོར་ གང་ཤེས་རྣམས་བཤད་པ་དང༌

རྒྱལ་བུ​ུས་རང་གི་གནས་ལུགས་

རྣམས་བརྗོད་ དེ་ལྟར་རྒྱལ་སྲས་ཉིན་ལྟར་སྨན་རྩའི་གླུ་གཞས་ ཉན་ནས་ཁོ ང ་གཉི ས ་ཕན་ཚུན་གཅི ག ་སེ མ ས་གཅི ག ་ལ་

ཆགས་ཏེ་ཡུན་རི​ིང་སོ​ོང༌ ཉིན་ཞི​ིག་བུ་མོ་སྨན་རྩས་བདུད་མོར་ རྒྱལ་སྲས་ཀྱི​ིས་ཡར་འཛེགས་ཕེབས་དུས་ངའི་སྐྲ་ཚ་སྣང་གང་ཡང་

ཡོང་གི​ི་མི​ི་འདུག་ཀྱང་ཁྱེད་རང་ཡར་ཕེབས་དུས་ངའི་སྐྲ་ཧ་ཅང་ཚ་ པོ་འདུ​ུག་ ཅེས་ཁ་ནས་ཤོར་ བདུ​ུད་མོ་ཤི​ིན་ཏུ​ུ་ཁོང་ཁྲོ​ོ་ལངས་ནས་ བུ​ུ་མོ ་ སྨན་རྩའི ་ སྐྲ་ལོ ་ བཏུབ་སྟེ ་ ཉེ​ེ ས ་

རྡུང་དྲག་པོ་བཏང་བ་དང་ནགས་ཚལ་སྟུག་

པོ ་ ཞི​ི ག ་གི​ི ་ དཀྱི​ི ལ ་དུ​ུ་གཡུ​ུགས་བཞག་པ་ རེད་

བདུ​ུད་མོ་ཚུར་ལོག་ནས་ཐོག་ཁར་

7


ཡི​ིབ་ནས་བསྡད་ རྒྱལ་བུ​ུས་བུ​ུ་མོ་སྨན་རྩ་འབོད་མ་ཐག་བདུད་ མོས་སྐྲ་ལོ་མར་གློད་པ་དང་རྒྱལ་སྲས་ཡར་འཛེགས་ཚར་དུས་དེ་

ནི​ི་འཇི​ིགས་སུ​ུ་རུ​ུང་བའི་བདུ​ུད་མོ་ཞི​ིག་ཡི​ིན་པ་རེད་ མོས་སྐད་ངན་ བརྒྱབས་ཏེ་ད་ནས་ཁྱོད་རང་སྨན་རྩ་ཐུག་ཡས་ཡོད་པ་མ་རེད་ ཅེས་ངར་སྐད་བསྒྲགས་པ་དང་སྐྲ་ལོ་གློ​ོད་པས་རྒྱལ་སྲས་ཁང་རྩེ་

ནས་ཚེར་སྡོང་ཞི​ིག་གི​ི་སྟེ​ེ​ེང་དུ​ུ་ལྷུ​ུང༌ བདུ​ུད་མོའི​ི་ངར་སྐད་དང་རྒྱལ་པོ་ ལྷུང་བ་སོགས་ལས་རྒྱལ་པོའི​ི་ཆི​ིབས་རྟ་དེ་ཡང་འདྲོགས་ཏེ་བྲོ​ོས་ སོ་

རྒྱལ་སྲས་ཚེར་སྡོང་སྟེ​ེང་ཟགས་པས་རུས་པར་སྐྱོན་ཆགས་

མ་བྱུང་ཡང་ངོ་གདོང་དང་མིག་ལ་ཚེར་མ་ཟུག་སྟེ་འཇི​ིག་རྟེན་ གྱི​ི་འོ​ོད་སྣང་མཐོང་རྒྱུ་མེད་པར་གྱུར་ རྒྱལ་སྲས་རང་ཡུལ་དུ་འགྲོ་ སའི​ི ་ ལམ་མ་རྙེ ད ་པར་ནགས་ཚལ་དེ འི​ི ་ ཁྲོ​ོ ད ་ཉི​ི ན ་མང་པོ ར ་ ལུ​ུས་ཏེ་ཤི​ིང་ཏོ​ོག་འབྲུ​ུ་གུ​ུ་དང་ཆུ​ུ་མོ་གང་ཐོབ་ལ་བརྟེན་ནས་ཉིན་

མཚན་བསྐྱལ་ ཉིན་བདུན་ཕྲག་གཅིག་ཙམ་འགྲོ་དུ​ུས་རྒྱལ་ སྲས་ཀྱི​ིས་ནགས་ཚལ་ཁྲོད་འགྲོ་ལམ་ཅུང་ཟད་གོམས་འདྲིས་

8


ཐུ​ུབ་པས་མི​ི ག ་གི​ི ས ་མ་མཐོ ང ་ཡང་གང་སར་ལམ་ཞི ག ་རྙེ ད ་ ཐབས་བྱེད་བཞི​ིན་ཡོད་

ཉིན་ཞི​ིག་གླུ་བུ​ུར་དུ​ུ་གླུ་སྒྲ་ཞིག་ཐོས་

པ་དང་གླུ་སྒྲ་དེ་ནི​ི་བུ་མོ་སྨན་རྩའི་གླུ་སྒྲ་ཡིན་པ་ཤེ​ེས༌ རྒྱལ་ སྲས་ཀྱིས་གླུ་སྒྲའི་ཕྱོ​ོགས་སུ་རྒྱུགས་ཕྱིན་ཏེ་བུ​ུ་མོ་སྨན་རྩྭའི་ མི​ིང་ནས་འབོད་དེ​ེ་སྐད་བརྒྱབས་

བུ​ུ་མོ་སྨན་རྩས་ནགས་ཁྲོད་

སྟུ​ུག་པོ འི​ི ་ ཁྲོ​ོ ད ་ནས་རྒྱལ་སྲས་མཇལ་རྒྱུ་བྱུང་བར་དགའ་མོ ་ བརྗོད་ལས་འདས་པ་སྐྱེས་ཏེ་རྒྱལ་སྲས་ཀྱི་པང་དུ​ུ་ཤོར་ རྒྱལ་སྲས་ཀྱི་མི​ིག་ལ་ ཟུ ག ་ པ འི ་ ཚེ​ེ ར ་ མ ་

འཐོག་པ་དང་ཉིན་ཤས་

རི ང ་ སྨ ན ་ བ ཅོ ས ་ བྱེ ད ་

པ་ ཁོང་གཉིས་ལ་ཁ་

ོ ་བྱས་ཏེ་ ཟས་བཙལ་འཚལ ཉི​ིན་ཤས་རིང་གཅི​ིག་རོགས་

9

བུ​ུ་མོས་


གཅིག་བརྟེན་བྱས་ནས་འཚོ་བ་བསྐྱལ་

བ་རེད་ ཡུ​ུན་རི​ིང་མ་སོང་བར་རྒྱལ་སྲས་ ཀྱི​ི་མི​ིག་གསོས་ཏེ་བུ་མོ་སྨན་རྩ་

མཐོང་ཐུབ་པ་བྱུ​ུང་བ་དང་ཁོང་གཉིས་ཀ་ དགའ་ཚོར་བརྗོད་ལས་འདས་

དེ་རྗེ​ེས་

རྒྱལ་སྲས་ཀྱིས་བུ​ུ་མོ་སྨན་རྩ་རང་

གི་རྒྱལ་ཁང་དུ་ཡབ་ཆེན་མཇལ་བར་འཁྲིད་པ་དང་ཡབ་ཆེ​ེན་

གྱི​ིས་བུ​ུ་མོ་སྨན་རྩྭའི་ལོ​ོ་རྒྱུས་རྣམས་ཉན་ནས་བདུད་མོ་དེ​ེ་རང་ གི་མངའ་ཁོངས་ནས་རྒྱང་འབུ​ུད་བཏང༌ བུ​ུ་མོ ་ སྨན་རྩས་སླར་ཡང་རང་གི ་ ཕ་མ་གཉིས་དང་འཛོམ་རྒྱུ་བྱུང་བ་ མ་ཟད་རྗེས་སུ​ུ་རྒྱལ་སྲས་དང་བུ་

མོ ་ སྨན་རྩ་གཉི ས ་འཁྲུ​ུངས་ས་ གྲ་རྒྱས་པོ་ཞི​ིག་བསྐྱོན་པ་རེད་།

10


གཉིད་ཁུ​ུག་པའི་མཛེས་མ་ Sleeping beauty

༄་།གནའ་སྔ་མོ་ཐག་རིང་གི​ི་ལུང་པ་ཞིག་ཏུ་རྒྱལ་པོ་ཞི​ིག་ དང་བཙུན་མོ་ཞི​ིག་ཡོད་ཅི​ིང་

རྒྱུར་རེ་བ་ཆེན་པོ་བྱེ​ེད་ཀྱི​ི་ཡོ​ོད་

ཁོང་གཉིས་ལ་ཕྲུ་གུ​ུ་ཞིག་སྐྱེ་ ལོ་ཤས་རྗེ​ེས་ཁོང་གཉིས་ལ་

བུ་མོ་ཞི​ིག་སྐྱེས་ཏེ་རེ​ེ་བའི​ི་འབྲས་བུ​ུ་ཡོངས་སུ་སྨིན་

རྒྱལ་པོ་

དང་བཙུན་མོ་དགའ་ཚོར་དཔག་མེད་བྱུང་སྟེ་ཕོ​ོ་བྲང་ནས་བཙས་

སྟོན་རྒྱ་ཆེན་ཞི​ིག་སྤེལ་བ་དང་དེར་རྒྱལ་པོའི​ི་གཉེན་འཁོར་དང་ ཡུལ་གཞན་གྱི་རྒྱལ་པོ་ཁག་ཀྱང་གདན་ཞུ​ུ་བྱས་ཡོད་ ཡུ​ུལ་ དེར་ལྷ་དང་ལྷ་མོར་མཆོད་པ་མང་པོ་འབུལ་སྲོལ་ཡོད་པ་ལྟར་ དེ འི​ི ་ ཉི​ི ན ་མཆོ ད ་པ་མང་པོ ་ འབུལ་ བའི་སྐབས་ལྷ་མོ་གསུམ་ ད ངོ ས ་ སུ​ུ ་ ཕེ བ ས ་ ཏེ ་ གཅི​ི ག ་གི​ི ས ་བུ་མོ ་ དེ​ེ ་ སྙི​ིང་རྗེ​ེ་པོ​ོ་ཞི​ིག་ཡོང་བ་ ཤོ ག ་ཅེ ས ་སྨོ ན ་ལམ་

11


བརྒྱབས་པ་དང་

གཉིས་པ་དེས་བུ​ུ་མོ་དེ​ེ་བློ​ོ་རི​ིག་ཧ་ཅང་བཀྲ་བ་

ཞིག་ཡོང་བ་ཤོག་ཅེས་སྨོན་ལམ་བརྒྱབས་

གསུམ་པ་དེས་བུ་

མོ་དེ​ེ་ཞེ​ེས་ཤོད་སྐབས་གློ་བུ​ུར་དུ​ུ་ཕོ་བྲང་གི་རྒྱལ་སྒོ་ཧར་ཞེས་ཕྱེ་ སྟེ​ེ་བདུད་མོ་ཞི​ིག་འཛུལ་ཡོང་བ་དང༌

ང་བཙས་སྟོན་ལ་གདན་

འདྲེན་མ་ཞུས་པ་གང་ཡིན་ནམ་ཞེས་བཤད་པ་དང་ ཕྲུ​ུ་གུ​ུ་ཉལ་ ཁྲིའི​ི་སྟེ​ེང་དུ་བརྙེས་ཏེ་མོ​ོས་

དངོས་གནས་མིང་དོ​ོན་མཚུངས་པའི་

མཛེས་མ་ཞིག་ཆགས་རྒྱུ་རེད་འདུག་ ཡིན་ནའང་ལོ​ོ་བཅོ་ལྔའི​ི་ སྐྱེ​ེ​ེས་སྐར་དུས་ཆེན་སྐབས་སྤུན་དོག་

འཁེལ་སའི་ཕང་གི་རྩེ་ ཟུག་ནས་ཤི་གི​ི་རེ​ེ​ེད་ཅེས་

བཤད་དེ་དུ་བ་འཚུབ་འཚུབ་

ཀྱི​ི་དཀྱི​ིལ་ནས་ཡལ་ སྐབས་ དེར་རྒྱལ་པོ་དང་བཙུ​ུན་མོ་

12

སེ​ེམས་སྡུག་ཆེན་


པོས་མནར་ནས་གང་དྲག་དང་ཅི་དྲག་གསུངས་པའི་སྐབས་ སྟབས་ ལེགས་པ་ལ་ལྷ་མོ་གསུམ་པ་དེས་སྨོ​ོན་ལམ་བརྒྱབས་ཚར་

མེ​ེད་པས་ ལྷ་མོ་དེ​ེས་གང་ཡང་བྱེད་ཀྱི​ི་མ་རེད་ སྲས་མོ་དེ​ེ་ཤི​ི་མི​ི་ དགོ​ོས་པར་ལོ་བརྒྱ་ཐམ་པ་གཉིད་ཁུག་ནས་བསྡད་པར་ཤོག་ དེ་ རྗེ​ེས་བྱ་བ་ལམ་འགྲོ་ཡོང་བ་ཤོག་ཅེས་སྨོན་ལམ་བརྒྱབས་ དེ་ ནས་བཟུང་རྒྱལ་པོས་མངའ་ཁོངས་ཀྱི​ི་ཡུ​ུལ་ཁག་ཚང་མར་ཕང་

ཤིང་ཚང་མ་མེད་པ་བཟོ་དགོས་པའི་བཀའ་བཏང་བ་རེད་ དུ​ུས་ཀྱི་ ཕོ​ོ་ཉ་མྱུར་འགྲོས་སྤྱང་ ཤེས་རྟ་ཕོ་དང་འདྲ་བར་ བསྐྱོ ད ་དེ​ེ ་ ད་ཆ་སྲས་

མོ ་ དེ​ེ ་ ནི​ི ་ མཛེ ས ་ཤི​ི ང ་

ལྟ་ན་སྡུག་པ་དང་སྤྱོད་

ལམ་ལེ ག ས་པ་བློ ་

རི​ི ག ་བཀྲ་བ་ཞི ག ་ཏུ་

13


འཚར་ལོངས་བྱུང་ཡོད་པས་རྒྱལ་འབངས་ཀུན་གྱིས་བསྔགས་པའི་

ཡུལ་ཞིག་ཏུ​ུ་གྱུ​ུར་ཡོད་ མོ​ོ་ལོ​ོ་ངོ​ོ་བཅོ་ལྔར་སོན་པའི་སྐྱེ​ེས་སྐར་ རྟེན་འབྲེལ་ཉིན་སྲས་མོ ས ་ཕོ ་ བྲང་གི ་ རྩེ ་ ཐོ​ོ ག ་ཅི​ི ག ་ཏུ་རོ ལ ་

དབྱངས་ཀྱི ་ འགྱུ​ུར་ཁུ​ུག་སྙན་པོ ་ ཞི​ི ག ་གྲགས་ཡོ ང ་བ་ཐོ ས ་པས་

ཁང་པ་དེའི​ི་སྒོ​ོ་ཕྱེ​ེ་ནས་ལྟ་དུ​ུས་དེའི​ི་ནང་ངོ་མི​ི་ཤེ​ེ​ེས་པའི་བུད་མེད་

གཅིག་གི​ིས་ཕང་ཤིང་གི​ིས་སྤུ​ུན་འཁེལ་བཞིན་ཡོད་ སྲས་མོས་ ད་བར་ཕང་ཤི​ི ང ་མཐོ ང ་མྱོ ང ་མེ ད ་སྟབས་ཡ་མཚན་ཆེ ན ་པོ ས ་ ཁྱེད་རང་འདིར་ག་རེ་བྱེ​ེད་ཀྱི​ི་ཡོ​ོད་ཅེས་བཤད་པ་དང་

ཕང་ཤིང་དེ​ེར་

ལག་པ་འཆང་ཙམ་བྱས་མ་ཐག་རྩེ་ མོ ་ དེ​ེ ་ སྲས་མོ འི​ི ་ མཛུབ་

མོ ར ་ཟུག་སྟེ​ེ ་ དེ​ེ​ེ ་ མ་ཐག་

གཉིད་སྟུག་པོ་ཞི​ིག་གི​ིས་

ས་སྟེང་དུ་འགྱེལ་ གནས་ཚུ​ུལ་དེས་ཕོ་བྲང་

ནང་སྡུག་བསྔལ་ཚད་མེ ད ་བྱི​ི ན ་ཞི​ི ང ་གཡོ ག ་

14


པོ་དང་གཡོག་མོ་ཚོ​ོས་སྲས་མོ་ཉལ་ཁྲིའི​ི་སྟེ​ེང་བསྙལ་བཞག་ པ་དང་ཡབ་ཡུམ་གཉིས་པོས་མཐའ་ནས་བསྐོར་ཏེ​ེ་སྤྱན་ཆབ་

བསིལ་ བར་ཆད་དེ་ལྷ་མོ་ཚོས་མཁྱེན་ཏེ་གཟི​ིགས་པར་ཕེབས་

པ་དང་སྲས་མོ་ཤི​ི་མེ​ེད་ལ་ལོ་བརྒྱ་སོང་བའི​ི་རྗེ​ེས་རྒྱལ་སྲས་ཤིག་

གི​ིས་སྲས་མོར་འོ་ཞི​ིག་བྱས་ན་གཞི་ནས་གཉིད་ལས་སད་དུས་ ཡོད་ཅེས་གསུངས་པས་

ཡབ་ཡུམ་གཉིས་པོས་སྐབས་དེ་དུས་

ངེད་གཉིས་ཀྱི​ིས་བུ​ུ་མོ་མཐོང་བའི​ི་སྐལ་བ་མེད་ཅེས་སྡུག་བསྔལ་

བར་བྱས་པས་ལྷ་མོ་ཚོས་རླུང་གཡབ་གཡུགས་ཏེ་ཕོ​ོ་བྲང་གི་ རྒྱལ་པོ་དང་བཙུན་མོ་དམག་མི་རྒྱལ་འབངས་ཚང་མ་གཉིད་དུ་ ཡུར་འཇུག་པ་དང་

དེའི​ི་རི​ིང་ཤི​ིང་ནགས་སྟུག་པོས་བསྐོར་ཏེ​ེ་རྒྱལ་ ཡུ​ུལ་གཞན་གྱི་སྐྱེ​ེ་བོ​ོ་ཚོ​ོས་

པོའི​ི་མངའ་ཁོངས་སྲུ​ུང་སྐྱོབ་བྱས་

ནགས་ཚལ་སྟུག་པོ ་ དེ​ེ འི​ི​ི ་ ནང་འགྲོ ་ འདོ ད ་བྱས་ཀྱང་ཡ་མཚན་

15


ཅན་གྱི་ཤི​ིང་ནགས་དེ་ལས་གྲོལ་ཐུབ་ཀྱི་མེ​ེད་

ཏག་ཏག་ལོ་

བརྒྱ་ཐམ་པ་ཕྱིན་པའི་རྗེ​ེས་ཡུ​ུལ་གཞན་གྱི​ི་རྒྱལ་སྲས་ཤིག་རི​ི་ དྭགས་རྒྱག་བཞིན་ས་འདིར་སླེབས་ སྐབས་དེར་ཤི​ིང་གཅོད་མཁན་ རྒད་པོ་ཞི​ིག་ཡོད་པས་རྒྱལ་སྲས་ཀྱིས་ས་འདིའི​ི་གནས་ཚུལ་སྐད་

ཆ་འདྲི་སྐབས་རྒད་པོ་དེ​ེས་ཁོ་པའི​ི་སྤོ་བོ​ོས་བཤད་བྱུང་ཞེས་གཉིད་ ཁུ​ུག་པའི་མཛེས་མའི་སྐོ​ོར་ཆ་ཚང་བཤད་དེ་ཤི​ིང་ནགས་དེའི​ི་ནང་ འཛུལ་ནས་རྒྱལ་པོའི​ི་ཕོ​ོ་བྲང་ལ་ལྟ་འདོད་བྱེ​ེད་མཁན་མང་པོ་

བྱུང་ཡོད་ཀྱང་སུ​ུས་ཀྱང་འཛུལ་ཐུབ་པ་བྱུང་མེད་ཅེས་བཤད་ རྒྱལ་

སྲས་ཀྱི ས ་གནས་ཚུལ་དེ ་ དག་ཉན་རྗེས་ཡ་མཚན་

དང་དགའ་ཚོ ར ་ཆེ ན ་པོ ་ བྱུང་ནས་ད་རེས་ཁོ་བོ​ོས་

སྲས་མོ་དེ​ེ་གཉི​ིད་ལས་

16

བསླངས་ཐུབ་པ་བྱ་རྒྱུ་


ཡིན་སྙམ་པ་དང་ རྒད་པོར་ཐུགས་རྗེ་ཆེ​ེ་ཞུས་ཏེ་ཤི​ིང་ནགས་སྟུག་ པོ་དེ​ེའི​ི​ི་ནང་འཛུ​ུལ་ རྒྱལ་སྲས་ཀྱིས་རང་གི་རལ་གྲི་དེ​ེ་ཕྱི​ིར་བཏོན་

ནས་འགྲོ་ལམ་གཤོང་སྐབས་ཧང་སང་དགོས་པ་ཞི​ིག་ལ་ཡལ་ ག་རྣམས་རང་བཞིན་གྱི​ིས་གཡས་གཡོན་དུ་གྱེས་ཏེ་རྒྱལ་སྲས་ ལ་འགྲོ་ལམ་བཤངས་

ཡུ​ུན་རིང་མ་འགོར་བར་རྒྱལ་སྲས་ཕོ་

བྲང་དུ​ུ་འབྱོར་བ་དང་གཉིད་ཁུ​ུག་པའི་སྒོ​ོ་སྲུང་བ་ས་སྟེང་དུ་འགྱེལ་

ཡོད་པ་མཐོང༌ སྒོ་ལ་འབུད་རྒྱག་བརྒྱབས་ནས་ཡར་འཛུལ་བ་

དང་ཕོ་བྲང་ནང་གི་མི​ི་ཚང་མ་གཉིད་དུ​ུ་ཡུ​ུར་བ་མ་ཟད་ ཁྱི་ཚང་ ནང་གི ་ ཁྱི​ི ་ དང་རྩི ག ་ཁུ​ུག་ཏུ​ུ་རྒྱུ་བའི ་ ཙི​ི ་ ཙི​ི ་ ཡང་གཉི ད ་ཁུ​ུག་

ཡོད་ བློ་སྟོབས་ཆེ་བའི​ི་རྒྱལ་སྲས་ཀྱིས་ཕོ་བྲང་ནང་གཉིད་ཁུ​ུག་ པའི་སྲས་མོ་མཛེས་མ་དེ་འཚོལ་བཞིན་ཡོད་

མཐའ་མ་དེར་

སྲས་མོ་དེ​ེ་རང་གི་ཉལ་ཁྲིའི​ི་སྟེ​ེང་དུ་གཉིད་ཁུག་ཡོད་པ་དང་ཕར་ ལྟ་དུས་ཡིད་དབང་འཕྲོག་པའི་བཞི​ིན་མདངས་དེ་ཞི​ི་བདེ​ེའི​ི​ི་སྣང་བས་

གཉིད་དུ​ུ་ཡུ​ུར་ཡོད་པས་རྒྱལ་སྲས་ཀྱི་ཡི​ིད་དབང་མེད་དུ​ུ་འཕྲོག་

17


ཁོང་གི​ིས་ག་ལེར་སྟོད་སྒུ​ུར་སྒུ​ུར་བྱེད་བཞི​ིན་སྲས་མོའི​ི་མཆུ་སྒྲོས་ དམར་པོ་དེ​ེར་འོ་ཞི​ིག་བསྐྱལ་བས་གློ་བུ​ུར་དུ​ུ་མོ་གཉི​ིད་ལས་སད་

བྱུང་བ་དང་ ཕོ་བྲང་ནང་གི་སྐྱེ​ེ་འགྲོ་ཡོ​ོངས་རྫོགས་ཁོང་ཚོའི​ི་ཡུན་ རིང་གི​ི་གཉི​ིད་ལས་སད་དེ་སྐད་ཅོར་རྒྱག་འགོ་ཚུ​ུགས་

རྒྱལ་པོ་

དང་བཙུན་མོས་རང་གི་བརྩེ་བའི​ི་སྲས་མོ་གཉི​ིད་ལས་སད་ཡོད་ པ་མཐོང་དུས་ཡི​ིད་ལ་དགའ་བདེ ་ བརྗོ ད ་ཀྱི​ི ས ་མི​ི ་ ལངས་བ་སྐྱེ ས ་

རྒྱལ་སྲས་དང་སྲས་མོ ་ གཉི​ི ས ་པོ ་ གཅི​ི ག ་སེ མ ས་གཅི ག ་ལ་

ཆགས་ཤིང་སྐད་གཅིག་ཙམ་ཡང་བྲལ་མི་ཐུ​ུབ་པར་གྱུར་ནས་ ཉིན་ཤས་རིང་རང་ཡུལ་དུ​ུ་ལོག་རྒྱུ་ཡང་བརྗེད་ རྗེས་སུ་རྒྱལ་སྲས་དང་སྲས་མོ་གཉི​ིས་ལ་ ཆང་སའི་རྟེ​ེན་འབྲེལ་གྲྭ་རྒྱས་ཤི​ི ག་ བཤམས་པ་དང་རྒྱལ་འབངས་ མི་སེ​ེར་ཚང་མའི་འདོ​ོད་འདུན་

ཡོངས་སུ​ུ་གྲུ​ུབ་ཐུ​ུབ་པ་བྱུང་ངོ༌།

18


གངས་དཀར་སྲས་མོ་དང་མིའུ​ུ་ཐུ​ུང་བདུ​ུན་ Snow white &

the 7 Dwarves

༄་།གནའ་སྔ་མོ་བཙུན་མོ་ཞི​ིག་སྒེའུ​ུ་ཁུ​ུང་འཁྲིས་སུ་འཚེམ་ འདྲུབ་མའི་འཕར་ཆིངས་རྒྱག་བཞིན་ཡོད་པ་དང་ ལྷབ་ལྷུ​ུབ་ཏུ​ུ་བབ་ཀྱི་ཡོ​ོད་

ཕྱི་ལ་ཁ་བ་

མོ​ོ་འཚེམ་བུ་རྒྱག་ཞོར་ཁ་བར་

བལྟས་ནས་སེམས་གཡེངས་པས་ལག་པར་ཁབ་ཟུག་སྟེ་གངས་ དཀར་པོའི​ི་སྟེ​ེང་ཁྲག་གི་ཐི​ིགས་པ་དམར་པོ་ཞི​ིག་བརྒྱབས་ སྐབས་ དེ​ེར་བཙུན་མོའི​ི་སེ​ེ​ེམས་ལ་ང་ལ་བུ​ུ་མོ་ཤ་ཅི​ི་གངས་ལྟར་དཀར་ བ་མཆུ་ཏོ​ོ་ཁྲག་ལྟར་དམར་བ་ ད་དུ​ུང་སྐྲ་ ལོ་རྒྱ་ཤི​ིང་ནག་པོ་ལྟར་ ནག་པ་ཞི​ིག་ སྐྱེ་རོགས་བྱས་ན་སྙམ་པ་རེད་ དེའི​ི་རྗེ​ེས་སུ​ུ་བཙུ​ུན་མོར་ སྲས་མོ ་ ཞི​ི ག ་འཁྲུངས་ པ་དང་དེ་ནི​ི་བཙུན་མོས་ བསམས་པ་ལྟར་བྱུང་

བས་བཙུན་མོ་ཤི​ིན་ཏུ​ུ་

19


དགའ་པོ་བྱུང་བ་རེད་

འོན་

ཀྱང་ཡི ད ་ཕངས་པ་ཞི ག ་ལ་ སྲས་མོ་དེ​ེ་སྐྱེ​ེས་མ་ཐག་ནས་ བཙུན་མོ ་ མི​ི ་ ཡུལ་འདི ་ ནས་ཁ་བྲལ་བ་རེད་ རྒྱལ་ པོ་སེ​ེམས་སྡུ​ུག་ཆེན་པོ་ བྱུང་ཡང་རང་ལ་གཅེས་

པའི་བུ་མོ་ཞི​ིག་ཡོད་པར་

བརྟེན་ ཁོང་གི​ིས་རྟག་པར་བུ་མོ་དང་མཉམ་དུ​ུ་བཞུ​ུགས་ཀྱི་ཡོ​ོད་ བུ​ུ་མོ ་ དེ​ེ ་ ཡང་གཤི ས ་སྤྱོ ད ་གང་ཅི ར ་ཕུལ་དུ​ུ་བྱུང་བ་ཞི ག ་ལ་ འཚར་ལོངས་འབྱུང་བཞིན་ཡོད་པས་མི་ཚང་མས་གངས་དཀར་

སྲས་མོ་ཞེ​ེས་འབོད་པ་དང་ཧ་ཅང་གཅེས་པོ་བྱེ​ེད་ཀྱི​ི་ཡོ​ོད་ དེ་ལྟར་ རྒྱལ་པོ་དེ​ེ་བཙུན་མོ་མེ​ེད་པར་ཡུན་རིང་མ་གནས་པར་བློན་པོ​ོ་

ཚོ​ོས་ཡུལ་གཞན་ནས་བུད་མེད་མཛེས་མ་ཞི​ིག་བཙུན་མོར་

20


ཕུལ་བ་རེད་

རྒྱལ་པོས་འཁྲུངས་ས་ཡང་བསྐྱར་བརྒྱབས་པ་དང་

གངས་དཀར་སྲས་མོར་ཨ་མ་མ་ཡར་ཞིག་བྱུང་བ་རེད་

མ་

ཡར་དེ་གངས་དཀར་སྲས་མོའི​ི་ཨ་མ་ངོ་མ་ནང་བཞིན་སེམས་

རྒྱུད་བཟང་པོ་དང་བྱམས་བརྩེ་ལྡན་པ་ཞིག་མ་རེ​ེད་ བཙུན་མོ་ གསར་པ་དེ་ཧ་ཅང་གི་ མཛེས་པོ་ཞི​ིག་ ཡི​ིན་ནའང་

གདུག་རྩུབ་ཆེ་ ཞི​ི ང ་ ཅོ ལ ་ ཆུ ང ་

ཞི​ིག་རེད་ མོ་ནི​ི་ མོ​ོ ་ ལས་མཛེ ས ་ པ་ཞིག་ཡོད་ན་

ཕྲག་དོག་ལངས་

ནས་བཟོད་བསྲན་

21


བྱེ​ེད་མི​ི་ཐུབ་མཁན་ཞིག་རེད་

མོ་ལ་རྫུ་འཕྲུ​ུལ་གྱི་ཤེ​ེལ་སྒོ་

ཞི​ིག་ཡོད་པས་ཉིན་ལྟར་ཤེལ་སྒོར་སྐད་ཆ་དྲི་ཡི​ི་ཡོ​ོད་

རྩིག་

པའི་ལྡེ​ེབ་ཀྱི​ི་ཤེ​ེ​ེལ་སྒོ་ལགས་ འཛམ་གླིང་སྟེ​ེང་གི​ི་མཛེས་ཤོས་སུ་

ཞེས་དྲི​ི་དུ​ུས་ཤེལ་སྒོ་དེ​ེས་ཉི​ིན་ལྟར་ཁྱེད་ལས་མཛེས་པ་སུ་ཞིག་ ཡོད་ཅེས་ལན་རྒྱག་གི་ཡོ​ོད་པས་ བཙུན་མོ་དེ​ེ་ཧ་ཅང་གི་སྐྱི​ིད་ པོ​ོ་ཡོང་གི​ི་ཡོ​ོད་ ལོ་

ཤས་སོང་བའི་རྗེ​ེས་གངས་

དཀར་སྲས་

མོ་ནི​ི་མཛེས་སྡུག་ལྡན་ པར་གྱུར་ཡོ ད ་ནའང་ ཉིན་ལྟར་གཡོག་པོ་

ཚོ​ོ་དང་མཉམ་དུ་ཐབ་

ཚང་ནང་གི​ི​ི་ཐབ་ལས་

བྱས་ནས་སྡོད་དགོས་ཀྱི​ི་ ཡོ​ོད་

22

ཉིན་ཞི​ིག་

བཙུན་མོ་དེ​ེས་ཤེལ་


སྒོ་དེ​ེར་སྐད་ཆ་འདྲི་སྐབས་ཤེལ་སྒོས་

ཁྱེད་ནི​ི་མཛེས་ཤི​ིང་ལྟ་ན་

སྡུག་།གངས་དཀར་སྲས་མོ ་ དེ​ེ ་ བས་མཛེ ས ་།ཞེ ས ་ལན་

བརྒྱབས་པས་སྐད་ཆ་དེ ་ གོ​ོ ་ དུ​ུས་བཙུན་མོ ་ ཕྲག་དོ ག ་དྲག་པོ ་

ལངས་པ་དང་རང་ཉི​ིད་ནི​ི་དུས་ནམ་ཡང་མཛེས་ཤོས་ཡི​ིན་དགོས་

སྙམ་པ་རེད་ དེ་ནས་མོས་ཡུལ་དེར་རྔོ​ོན་པ་ཞི​ིག་ཡོད་པ་དེ་སྐད་ བཏང་ནས་གངས་དཀར་སྲས་མོ་ ནགས་ཁྲོད་སྟུ​ུག་པོར་འཁྲི​ིད་ དེ​ེ་གསོད་དགོས་པའི་བཀའ་ བཏང༌

རྔོན་པས་གངས་

དཀར་སྲས་མོ ་ འཁྲི​ི ད ་དེ​ེ ་

ནགས་ཁྲོད་སྟུ​ུག་པོར་གསོད་

པར་བསམས་མོད་ རྒྱལ་པོའི​ི་

སྲས་མོ ་ མཛེ ས ་ལྡན་དེ ་ ལྟ་བུ་ གསོད་ནུ​ུས་ཀྱི་མེ​ེད་པས་

ཁོས་

23


སྲས་མོ ་ ཁྱེ​ེ ད ་ཀྱི​ི ་ མ་ཡར་བཙུན་མོ ་ མཚོ ག ་ནས་ང་ཁྱེ ད ་རང་ གསོད་དུ​ུ་བཏང་བྱུང་བས་དེ་ནས་ཐག་རིང་དུ་བྲོས་ན་མ་གཏོགས་ངེ​ེད་

གཉིས་ཀའི་ཚེ​ེ་སྲོ​ོག་ལ་ཉེན་ཁ་ཡོང་སྲི​ིད༌ཅེས་སྨྲས་པ་དང་གྱེས་ ཕྱག་ཞུ​ུས་ཏེ་ལོག་ཕྱི​ིན

ཁོས་ཤ་བ་ཞིག་བསད་པ་དང་དེའི​ི་སྙི​ིང་དེ​ེ་

གངས་དཀར་སྲས་མོའི​ི་སྙི​ིང་ཡི​ིན་ཁུལ་གྱིས་བཙུན་མོར་ཕུ​ུལ་ གངས་དཀར་སྲས་མོ་ནགས་ཚལ་ཁྲོད་དུ​ུ་ལུ​ུས་ཤིང་མུན་པ་རུབ་

པ་དང་གྲོད་པ་ལྟོགས་དཀའ་ལས་ཁག་པོ་བྱུ​ུང་ནས་ཆུ​ུ་འཚོལ་དུ་ ཕྱི ན ་ནས་ཆུ་རྒྱགས་ཚད་ཅི​ི ག ་འཐུང་བ་དང་འཇི ག ས་ཤི​ི ང ་སྐྲག་ པའི་མཚན་མོ་དེ​ེ་ཤི​ིང་སྡོ​ོང་ཆེན་པོ་ཞི​ིག་གི​ི་འོ​ོག་ཏུ་བསྐྱལ་བས་ ཡུན་རིང་མ་སོང་བར་གཉིད་ཤོ​ོར་བ་རེད་

ཕྱི་ཉི​ིན་ཞོགས་པ་བྱ་

བྱིའུ​ུ་ཡི​ི་སྙན་པའི་སྐད་སྒྲས་མོ་གཉི​ིད་ལས་བསླངས་པ་དང་

གཅིག་ལྟ་དུས་གཡས་གཡོན་གང་སར་མཛེས་ལྡུག་ལྡན་པའི་ མེ​ེ་ཏོ​ོག་དང་ཚོན་མདོག་རྣམ་པར་བཀྲ་བའི་ཕྱེ་མ་ལེ​ེབ་ བོ​ོང་དང་ཤ་བ་

རི​ི་

ཐང་བྱི་སོ​ོགས་ཀྱིས་གངས་དཀར་སྲས་མོར་མི​ིག་

24


ཧྲི​ིག་ཧྲི​ིག་གི​ིས་བལྟས་ནས་བསྡད་ཡོད་ གངས་དཀར་སྲས་མོས་

རྐྱོང་ཤད་ཅིག་བྱས་པ་དང་མཛེས་སྡུག་ལྡན་པའི་རང་བྱུང་ཁམས་ ཀྱི་མཛེས་སྡུག་མིག་གི​ིས་ལོངས་སྤྱོད་མྱོང་བཞི​ིན་ཡོད་དུས་ དྭགས་ཚང་མས་ཤར་

བསྐྱོད་ གངས་དཀར་སྲས་ དང་ང་ཡང་མཉམ་དུ་ རི​ི་དྭགས་ཚོའི​ི་རྗེ​ེ​ེས་

རི་

ཕྱོགས་སུ་

མོས་ང་སྒུག་

འགྲོ་གི​ི་ཡི​ིན་ ཞེས་ཤོད་བཞི​ིན་ སུ་སྐྱོ ད ་སྐབས་མདུ​ུན་

ཕྱོགས་སུ​ུ་ཤིང་ཁང་ ཞིག་ཡོད་

པ་མཐོང༌

མོས་མྱུར་དུ​ུ་

ལྟ་བར་འགྲོ་

དུ​ུས་ཤི ང ་ཁང་

འདི་འདྲ་ཞི​ིག་

མཐོ ང ་མྱོང ་མེད ་པའི​ི ་ཁར་དེ འི​ི ་ ཐོ​ོ ག ་ཧ་ཅང་དམའ་པོ ་ རེ​ེ ད ་འདུག་ མོས་དེ​ེའི​ི​ི་ནང་སྡོད་མཁན་སུ་ཡིན་ནམ་

དེ་འདྲའི​ི་ཁང་པ་ཐོག་

དམའ་བ་ལ་ཨང་ཞེས་དང་སྒོ་བརྡུངས་ནས་བཞུགས་མཁན་ཡོད་

25


དམ་ཞེས་སྐད་མང་པོ་བཏང་ཡང་ལན་སློག་མཁན་མེད་སྟབས་ ནང་དུ་ག་ལེར་འཛུལ་བས་ཁང་པའི་ནང་དེ་འདྲའི​ི་སྐྱི​ིད་མདོག་ཁ་བ་ ལ༌

ཅོག་ཙེའི​ི་སྒང་ལ་ཁ་ལག་བཟའ་རྒྱུ་ཡོད་པ་མ་ཟད་

ཐབ་ནང་མེ ་ དག་དམར་ཧུར་རེ ར ་ཡོ ད ་པའི​ི ་ སྟེ​ེ ང ་ཁོ ག ་མ་ཞི ག ་ བཀབ་འདུ​ུག་པ་དེ་ལས་ཀྱང་ཟས་ཀྱི་དྲི​ི་ཞི​ིམ་ཕྱིར་ཐུ​ུལ་ཡོང་གི​ི་

ཡོ​ོད་ གངས་དཀར་སྲས་མོས་ཁ་ལག་རྒྱགས་ཚད་བཟས་ཏེ་ཁང་ པ་ཛོར་པོ་ཡོད་པ་མཐོང་ནས་གད་ཕྱིས་གཙང་མ་བྱས་ ལས་ཀ་

རྣམས་ཚར་དུས་དཀའ་ལས་ཁག་ཅིང་གཉིད་ཀྱང་བྲོ་བས་ཐོག་ ཁང་དུ་ལྟ་དུ​ུས་དེ་གར་ཉལ་ཁྲི་ཆུང་ཆུང་བདུ​ུན་འདུ​ུག་

མོས་ཁང་

བདག་ལོག་མ་སླེབས་བར་དེར་ཉལ་དགོས་སྙམ་ནས་གཉིད་སྐྱི​ིད་ པོ​ོ་ཞི​ིག་ཁུ​ུག་པ་རེད་ ཁང་པའི་བདག་པོ་ནི​ི་མི​ིའུ​ུ་ཐུ​ུང་བདུ​ུན་ཡིན་

ཞི​ིང་ ཁོང་ཚོ​ོ་ནི​ི་རི​ི​ིའི​ི​ི་སྟེ​ེ​ེང་དུ་གསེར་བསྔོགས་པར་བསྐྱོད་ཡོད་ ཁོང་ ཚོ ་ ལོ ག ་ཡོ ང ་དུ​ུས་ཁང་པའི ་ ནང་གད་ཕྱི ས ་གཙང་ཐི​ི ང ་ཐི​ི ང ་བྱས་

ཡོད་པ་མ་ཟད་ ཅ་དངོས་རྣམས་ཀྱང་བཞག་ས་སྤོས་ཡོད་པས་

26


ཁོང་ཚོ་ཡ་མཚན་སྐྱེས་ ཁོང་ཚོས་རྐང་འཇབ་ལག་འཇབ་ཀྱིས་

ཁང་པའི་ནང་བལྟས་པ་དང་དེ་རྗེ​ེས་ཐོག་ཁང་དུ་ལྟ་བར་ཡོང༌ ཚོའི​ི་ཁྲོ​ོད་ཀྱི​ི་མི​ིའུ​ུ་ཐུ​ུང་གཅིག་གི​ིས་མགྱོགས་པོ་ཤོ​ོག་དང༌

ཁོང་ དེར་

གཅི ག ་གཉི ད ་ཁུག་ནས་བསྡད་འདུ​ུག་ཅེ ས ་སྐད་བརྒྱབས་པས་ ཚང་མས་དེར་ལྟ་རུབ་བརྒྱབས་

སྐབས་དེར་གངས་དཀར་སྲས་མོ་

གཉི​ིད་ལས་སད་ནས་དང་ཐོག་ཞེད་སྣང་བྱུང་ཡང་སུས་ཀྱང་ངོ་ནག་ པོ་བསྟན་མེད་ལ་

ངག་འཇམ་པོའི​ི་ཐོ​ོག་ནས་མོའི​ི་གནས་

ཚུ​ུལ་སྐད་ཆ་དྲི​ིས་པས་གངས་དཀར་སྲས་མོས་ཞི​ི་བདེ​ེ་བག་ཕེབས་

ངང་མོའི​ི་ལོ​ོ་རྒྱུས་རྣམས་བཤད་ ཁོང་ཚོ་ཚང་མས་མོ་ལ་སྙིང་རྗེ​ེ་ ཚད་མེད་སྐྱེས་ཏེ་ད་ནས་བཟུང་ཁོང་ཚོའི​ི་ནང་དུ་སྡོད་འཇུག་པ་རེད་

གངས་དཀར་སྲས་མོས་ཁོང་ཚོའི​ི་ནང་ལས་ཆ་ ཚང་བྱེད་ཀྱི​ི་ཡོ​ོད་པས་ཁོང་ ཚོ་ནི​ི་ཕ་མ་བུ་ཕྲུ​ུག་ ལྟར་ཧ་ཅང་དགའ་སྐྱིད་

27


ལྡན་པའི་ཁྱི​ིམ་ཚང་ཞི​ིག་ཏུ​ུ་གྱུ​ུར་པ་རེད་ ནང་དུ​ུ་བཙུན་མོས་རང་གི་ཤེ​ེལ་སྒོར་ སྒོ་ལགས་

ཤེལ་སྒོ་དེ​ེས་

ཉིན་ཞི​ིག་རྒྱལ་ཁང་

རྩིག་པའི་ལྡེ​ེབ་ཀྱི​ི་ཤེ​ེ​ེལ་

འཛམ་གླིང་འདི​ི་ན་མཛེས་ཤོས་སུ་ཞེས་དྲི​ིས་པས་

ཁྱེད་ནི​ི་མཛེས་ཤི​ིང་ལྟ་ན་སྡུག་

འོན་ཀྱང་ནགས་

ཁྲོད་མི​ིའུ​ུ་ཐུ​ུང་བདུ​ུན་གྱི་སར་ གངས་དཀར་སྲས་མོ་དེ​ེ་བས་མཛེས་ ཞེས་ལན་བརྒྱབས་པས་བདུད་མོ་དེ​ེ་ཁོ​ོང་ཁྲོ་བཟོད་ཐབས་མ་བྱུང་

བར་རང་ཉིད་ལ་མགོ་སྐོ​ོར་གཏོང་མཁན་རྔོན་པ་དེ་བསད་པ་རེད་

མོས་གསང་བའི་ཁང་པའི་ནང་འཛུལ་ཏེ་དུག་ལ་གཡོས་སྦྱོར་བྱས་

པ་དང་ཀུ་ཤུ​ུ་དམར་པོ་ཡག་ཤོས་དེ་ལ་དུག་བཏབ་ བུ​ུད་མེད་རྒད་ མོ ་ ཞི​ི ག ་ཏུ་སྤྲུ​ུལ་ནས་ཀུ་ཤུ​ུ་འཚོ ང ་མཁན་ཡི ན ་ཁུ​ུལ་བྱས་

ནས་ནགས་ཁྲོད་དུ​ུ་ཤོར་

མོས་མི​ིའུ​ུ་ཐུ​ུང་བདུ​ུན་ཕྱི་ལ་ལས་ཀར་

འགྲོ ་ ཤུ​ུལ་དུ​ུ་ཤི ང ་ཁང་དེ འི​ི ་ འཁྲི​ི ས ་སུ​ུ་ཡོ ང ་སྐབས་མི​ི འུ​ུ ་ཐུ​ུང་ཚོ ས ་

གངས་དཀར་སྲས་མོར་སྐུལ་གཅགས་ཡང་ཡང་བྱས་པ་ལྟར་སྒོ་ ཚང་མ་བརྒྱབས་ནས་བཞག་ཡོད་

28

མོས་སྒོ་བརྡུངས་ཀྱང་གངས་


དཀར་སྲས་མོས་སྒོ་མ་ཕྱེ་བས་སྒེ་ཁུང་འཁྲིས་སུ​ུ་ཡོང་སྟེ་ བུ​ུ་མོ་ ཀུ​ུ་ཤུ​ུ་གཟིགས་དང་

ཀུ་ཤུ​ུ་གསོས་པ་ཡིན་ཞེས་བཤད་

གངས་

དཀར་སྲས་མོས་ཉོ་དགོས་མེད་ཚུལ་ཨུ་ཚུགས་བྱས་ཀྱང་བདུ​ུད་ མོས་སྤྲུལ་པའི་རྒན་མོས་བློ་ཕམ་མདོག་བྱས་ཏེ་བུ་མོ་རང་

ལ་ང་རྒན་མོས་ཀུ་ཤུ​ུ་གཅིག་ཕུལ་བ་དེ་མི​ིན་གསུངས་ཀྱི་མ་ རེད་

ཅེས་བཤད་པ་ན་གངས་དཀར་སྲས་མོས་སེམས་ཀྱིས་མ་

བཟོད་པར་ཀུ་ཤུ​ུ་དམར་པོ་དེ​ེར་སོ་ཞི​ིག་བརྒྱབས་པས་དེ་མ་ཐག་ མོ​ོ་ས་ལ་འགྱེལ་

གནས་ཚུལ་དེ་

སྲས་མོའི​ི་རོ​ོགས་པ་བྱ་བྱིའུ​ུ་དང་རི་ དྭགས་ཚོས་མཐོང་མ་ཐག་མིའུ​ུ་

ཐུ​ུང་བདུན་པོའི​ི་སར་སོང་སྟེ​ེ་བྱ་སྤྱོད་ འདྲ་མི ན ་གྱི​ི ས ་བརྡ་ལན་སྤྲོ ད ་ ཐབས་བྱས་ ཁོ་ཚོའི​ི་སེ​ེ​ེམས་ལ་

ཕལ་ཆེར་བདུད་མོ་དེ​ེ་སླེ​ེབས་པ་

29

གངས་དཀར་


ཤེ ས ་ནས་མྱུར་དུ​ུ་ལྟ་བར་ཡོ ང ་དུས་གངས་དཀར་སྲས་མོ ་ ས་ལ་ འགྱེལ་ཡོད་པ་མཐོང༌

ཁོང་ཚོ​ོ་ཁག་གཅིག་རི​ི་དྭགས་གཅན་

གཟན་ཚོའི​ི་རྗེ​ེས་སུ་བདུ​ུད་མོ་རྗེ​ེས་འདེད་བྱེ​ེད་པར་བསྐྱོད་

སྐབས་

དེར་ཆར་རླུང་དྲག་པོ་བབས་ཏེ་བདུད་མོ་ཕྱི​ིར་ལོག་བྱེད་སའི་ལམ་

ནོར་ཐེ​ེབས་པ་དང་ རྗེས་འདེད་བྱེ​ེད་མཁན་ཁྱུ་གཅིག་ཡོང་གི​ི་ཡོ​ོད་

པར་བརྟེན་མོ་རི​ི་མགོ་གཡང་གཟར་ཞིག་ཏུ​ུ་སླེབས་ སྐབས་དེར་ གློག་འཁྱུག་པ་དང་འབྲུ​ུག་སྒྲ་གྲགས་ཏེ་མོ​ོས་འཐམས་ཡོད་པའི​ི་ ཤི​ི​ིང་སྡོ​ོང་ལ་ཐོག་བརྒྱབས་ཏེ་མོ་དང་མཉམ་དུ​ུ་གཡང་དུ་ལྷུ​ུང་ནས་ བདུད་མོ་དེ​ེའི​ི​ི་ཚེ​ེ་སྲོ​ོག་གི​ི་མཇུག་བསྒྲིལ་

དེ་རྗེ​ེས་ཁོང་ཚོ​ོས་སླར་

ཡང་གངས་དཀར་སྲས་མོའི​ི་སར་ཡོང་ དུས་སྲས་མོའི​ི་འཛུམ་པའི་ཞལ་རས་

ཀྱི ་ སྤྱན་མི ག ་ཟུམ་ཡོ ད ་ལ་སྙན་

པའི ་ གསུང་དབྱངས་ཀྱི ་ རྒྱུན་ཆད་དེ ་

གནས་ཡོད་པས་གྲོགས་པོ་མི​ིའུ​ུ་ཐུ​ུང་

30


དང་བྱ་བྱིའུ​ུ་རི​ི་དྭགས་ཚོ་སེ​ེམས་སྡུག་ཚད་ལས་འདས་པ་བྱུང༌ ཁོང་

ཚོ​ོས་གངས་དཀར་སྲས་མོའི​ི་སྐུ་ཕུང་མེར་སྲེག་བྱེད་མི​ི་ནུས་ལ་ས་ འོག་ཏུ་ཡང་སྦས་མི་ནུས་པར་ནོར་བུའི​ི་རི​ི​ིགས་ལས་གྲུབ་པའི་ སྒམ་ཞིག་ནང་བླུགས་ཏེ་ཁོ​ོད་སྙོམ་ཞི​ིང་མཐའ་སྐོར་དུ་ལྗོན་པའི་

ཕྲེ​ེང་བས་བསྐོར་བའི་ས་ཆ་ཞིག་ཏུ་བཞག་སྟེ་ཉི​ིན་ལྟར་མེ་ཏོ​ོག་ གསོས་པ་ཆུན་པོ་རེ​ེ་ཕུལ་གྱི་ཡོད་

ཉིན་ཞི​ིག་ནགས་ཁྲོད་དུ​ུ་

ཡུ​ུལ་གཞན་གྱི་རྒྱལ་སྲས་ཤིག་ས་གནས་དེར་སླེབས་དུས་ལྷའི་ སྲས་མོ་འདྲ་བའི་བུ་མོ་ཞི​ིག་འོད་ཟེར་འཕྲོ་བའི​ི་སྒམ་ཞིག་ནང་

གཉིད་ཁུག་པ་ལྟར་ཡོད་པ་མཐོང་བ་དང་དེ་མ་ཉིད་དུ་ཡིད་དབང་ འཕྲོག་སྟེ་ག་ལེར་རྒྱ་སེ་མེ​ེ་ཏོ​ོག་དམར་ པོ་འདྲ་བའི་མཆུ་འདབ་དེར་འོ་ཞི​ིག་བྱས་ པས་གློ་བུ​ུར་དུ​ུ་བདུ​ུད་མོའི​ི་རྫས་ཀྱི​ི་ནུ​ུས་ པ་ཞིག་སྟེ་གངས་དཀར་སྲས་མོས་གློ་ ཞི​ིག་བརྒྱབས་ཏེ་མི​ིད་པའི​ི་ནང་དུ་ཡོད་

31


པའི​ི་ཀུ་ཤུ​ུ་དེ་ཕྱི​ིར་ཐོན་

མོ་རང་དྲན་པ་གསོས་དུ​ུས་ཡིད་དབང་

འཕྲོག་པའི་རྒྱལ་སྲས་ཤིག་གི​ིས་རང་ལ་བརྩེ་བའི​ི་སྤྱན་གྱིས་ གཟིགས་ཡོད་པ་མཐོང་དུས་དགའ་སྤྲོ་བརྗོད་ལས་འདས་

ཁོང་

གཉིས་ཕན་ཚུན་གཅིག་སེམས་གཅིག་ལ་ཆགས་ནས་བྲལ་ མི ་ ཕོ​ོ ད ་པས་རྒྱལ་སྲས་ཀྱི​ི ས ་གངས་དཀར་སྲས་མོ ་ ཕོ ་ བྲང་དུ་

ཕེབས་རོགས་ཞེས་རེ་བ་ཞུས་པས་མོ་རང་དགའ་སྤྲོ་ཆེ​ེ་ཡང་རང་

ཉིད་ལ་དྲི​ིན་ཆེ་བའི​ི་མི​ིའུ​ུ་ཐུ​ུང་དང་བྱ་བྱིའུ​ུ་རི​ི་དྭགས་རྣམས་དང་ཁ་ བྲལ་མི་ཕོད་པ་བྱུང༌

མི​ིའུ​ུ་ཐུ​ུང་རྣམས་དགའ་སྐྱོ་གཉི​ིས་ལྡན་

གྱི་མཆི​ི་མ་ལྷུང་ཞིང་གངས་དཀར་སྲས་མོ་དང་བྲལ་འདོད་མེད་ཀྱང་ མོ འི​ི ་ བདེ​ེ ་ སྐྱི​ི ད ་ཀྱི​ི ་ ཆེ​ེ ད ་རྒྱལ་སྲས་དང་མཉམ་དུ་མི ་ ཚེ​ེ ་ སྐྱི​ི ད ་པོ​ོ ་ ཞི​ིག་བསྐྱལ་དགོས་པའི་ཁ་ཏ་བསླབ་བྱ་བྱས་

གངས་དཀར་སྲས་

མོ་ནགས་ཚལ་དང་ཁ་བྲལ་ཏེ་རྒྱལ་ཁང་དུ་ཕེབས་པ་དང་ཡུན་ རིང་མ་སོང་བར་ཁོང་གཉིས་འཁྲུ​ུངས་སའི་རྟེ​ེན་འབྲེལ་གྲ་རྒྱས་པོ་ ཞི​ིག་བྱས་ཏེ་ཡུལ་དེའི​ི་རྒྱལ་སྲིད་དར་བར་བྱས་པ་རེད་།

32


ཐེའུ་རང་དང་ལྷམ་བཟོ་བ་

The Elves & the Shoemaker

༄་།གནའ་སྔ་མོ་ལྷམ་བཟོ་བ་རྒད་པོ་ཞི​ིག་དང་ཁོའ་ི​ི བཟའ་ཟླ་

རྒད་མོ་ཞི​ིག་ལྷམ་བཟོས་ནས་འཚ་ོ བ་སྐྱེལ་གྱི​ི་ཡོ​ོད་ ཁོ་པའི​ི་མི​ི་ ཚེ​ེའ་ི​ི​ི ནང་མ་འགྲིག་པའི་བྱ་བ་གང་ཡང་བྱས་མྱོང་མེད་ཀྱང་འཚ་ོ བ་

ཧ་ཅང་དཀའ་ཁག་ཆེ་བར་བྱུང་སྟེ་ཁོ​ོ་ལ་ལྷམ་ཆ་གཅིག་བཟོ་ རྒྱུའི​ི་ཀོ​ོ་བ་མ་གཏོགས་ལྷག་མེད་པ་རེད་ ཁོས་ངས་ལྷམ་དེ་ད་བར་ བཟོ་མྱོ​ོང་མེད་པའི​ི་ཡག་པོ་ཞི​ིག་བཟོ་གི​ི་ཡི​ིན་ཞཻས་ཆི​ིག་ལབ་

བརྒྱབས་ བྱས་ཙང་ཁོས་ཀོ་བ་རྣམས་གཟབ་གཟབ་ཀྱིས་དྲས་ཏེ་ ཕྱི​ི་ཉི​ིན་བཙེམ་

རྒྱུར་གྲ་སྒྲི​ིག་བྱས་ཏེ་བཞག་པ་

དང་དེའ་ི​ི དགོང་མ་ཽ

བཞུ་མར་ལ་ཕུ​ུ་ཞིག་བརྒྱབས་

ཞོ གས་པ་ཁོ ་ པ་

ལས་འགོ་འཛུགས་པར་

ཆེ ས ་མི​ི ་ ཐུ​ུབ་པ་

ཞིག་མཐོང༌ ཁོ་

ཏེ་ཉལ་སར་

འགྲོ་དུ​ུས་ཁོ་པའི​ི་

པའི​ི་ལས་སྒྲོམ་སྟེང་

འཛུ​ུལ་ ཕྱི་ཉི​ིན་

མི​ི ག ་ལའང་ཡི ད ་

སྔོ​ོ ན ་ཚུད་ནས་

33


བཟོས་ཟི​ིན་པའི་ལྷམ་ཞི​ིག་བཞག་ཡོད་ བཀྱགས་ཏེ་ལྟ་དུ​ུས་ མི​ི་འདུ​ུག་

འོ་ཛི​ི་

ཁོས་ལྷམ་དེ་ཡར་

འཚེམ་བུ་གཅིག་ཀྱང་ཕྱི​ི་ལ་ཐོན་

དངོས་འབྲེལ་ལྷམ་བཟོ་བ་རྩེ་གྲས་ཤིག་གི​ིས་བཟོས་

འདུ​ུག་ཅེས་བཤད་

ཁོས་ལྷམ་དེ་ཚངོ​ོ ་སྒྲོ​ོམ་ཐོག་བཞག་པས་དེ་མ་

ཐག་ལྷམ་ཉོ་མཁན་སླེབས་

མི་དེ​ེ​ེས་ལྷམ་ཡག་པོ་དེ​ེ་ལྟར་ངས་

མཐོང་མྱོང་མེད་ཅེས་ཟེར་ཞི​ིང་ནམ་རྒྱུན་གྱི​ི་གོ​ོང་ཚད་ལས་མཐོ་བ་ སྤྲད་

ལྷམ་བཙོངས་པའི​ི་དངུལ་དེས་ལྷམ་ཆ་གཉིས་ལ་འདེང་བའི་

ཀོ​ོ་བ་ཉོས་ཏེ་དེ​ེའི​ི​ི་དགོང་མོ​ོ་ཀོ​ོ་བ་རྣམས་དྲས་ཏེ་ཕྱི​ི་ཉི​ིན་བཙེམ་

རྒྱུར་གྲ་སྒྲིག་བྱས་ཏེ་བཞག་ ཕྱི་ཉི​ིན་སླར་ཡང་ལྷམ་ཆ་གཉིས་དེ་ སྔར་བཞིན་བཙེམས་ནས་

བཞག་ཡོད་ དེ་ཉི​ིན་ལྷམ་ དེ་གཉི​ིས་གོང་ཚད་མཐོན་

པོ་ཁུག་སྟེ་ལྷམ་ཆ་བཞི​ི་

34

ལ་འདེང་བའི​ི་ཀོ​ོ་བ་ཉོ་ཐུབ་


པ་བྱུང་བ་དང་དེ་རྣམས་ཀྱང་གོང་ཚད་མཐོན་པོར་བཙོངས་ཐུ​ུབ་པ་བྱུང༌

དེ་ལྟར་ཉིན་མང་པོ་སོ​ོང་དུས་ལྷམ་བཟོ་བ་བཟའ་མི​ི་གཉི​ིས་འབྱུང་ འགྱུར་གྱི་འཚོ་བར་སེམས་ཁྲལ་བྱེད་མི​ི་དགོས་པར་ལག་དངུལ་

འབོལ་འབོལ་ལྷུག་ལྷུག་བྱུང་བ་རེད་ ཉིན་ཞི​ིག་རྒད་པོས་རྒད་མོ་ ལ་ དོ་ནུབ་ང་གཉིས་རས་ཡོལ་རྒྱབ་ལ་ཡིབས་ནས་ང་ཚརོ ་རོ​ོགས་

པ་བྱེད་མཁན་དེ་སུ་ཡིན་མི​ིན་ཤེས་པ་བྱེད་དོ​ོ་ཞེ​ེས་བཤད་ དེའ་ི​ི དགོང་ མོ་ཁོ​ོང་གཉིས་ཀྱི​ིས་རས་ཡོལ་གྱི​ི་རྒྱབ་ལ་ཡིབས་ནས་བལྟས་

བསྡད་དུས་མཚན་མོའ་ི​ི ཆུ་ཚདོ ་བཅུ་ གཉིས་ཙམ་ལ་ཐེའུ་རང་རྐང་རྗེན་མ་ གྱོན་གོས་ཧྲུལ་པོ་གྱོ​ོན་པ་གཉིས་ ཁང་པའི་ནང་འཛུལ་འོང༌ ཁོང་

གཉིས་ཀྱི​ིས་ལས་སྒྲོམ་ ཐོག་ཡར་འཛེགས་

35

པ་དང་རྒད་པོས་


དྲས་པའི་ཀོ​ོ་བ་རྣམས་མ་ལག་དོ​ོད་པོས་འཚེམ་བུ་རྒྱག་པ་དང་ གཟེར་བསྒར་ཏེ་ཐོ​ོ་བ་གཞུ་བ་སོགས་བྱས་ནས་མིག་ཡུག་ཙམ་ ཞིག་ལ་ལྷམ་ཚང་མ་ཅུ་ཧྲིལ་ཧྲི​ིལ་བཟོས་ནས་བཞག་

རྒད་

པོ་དང་རྒད་མོ་གཉི​ིས་ཀྱི​ི་བློ​ོ་ཡུ​ུལ་ལས་འདས་པ་ཞིག་ལ་ཐེའུ་རང་ ཆུང་ཆུང་གཉིས་ཀྱི​ིས་ཀོ་བ་རྐང་གཅིག་ཀྱང་མ་ལུས་པར་ལྷམ་ བཟོས་པ་དང་ལྷམ་རྣམས་ཆ་རེ་བྱས་ཏེ་ལས་སྒྲོམ་ཐོག་བཞག་ སྟེ་གཞས་གཏོང་གི​ིན་དུ་ལོག་

ཁོང་གཉིས་ཧང་སང་བཞིན་དོ​ོ་ནུབ་

ཉལ་བར་བསྐྱོད་པ་དང་ཕྱི་ཉི​ིན་རྒན་མོས་རྒད་པོར་

ཐེའུ​ུ་རང་དེ་

གཉི​ིས་ཀྱི​ིས་ང་ཚ་ོ ཕྱུག་པོ་དེ​ེ་འདྲ་བཟོས་པ་རེད་

བྱས་

ཙང་ང་ཚོས་ཁོང་གཉིས་

ལ་དྲིན་ལན་ཞིག་

འཇལ་དགོས་ཞེས་བཤད༌

རྒད་པོས་མགོ་

36

བོ་ལྕོ​ོག་ལྕོག་


བྱེད་ཀྱི​ིན་དྲི​ིན་ལན་ཇི་ལྟར་འཇལ་ཞེས་དྲི​ིས་ རྒད་མོས་ཁོང་གཉིས་ ཀྱི​ིས་གྱོན་གོས་ཧ་ཅང་ཧྲུལ་པོ་དང་རྐང་པར་ལྷམ་ཡང་མི་འདུག་

བྱས་ཙང་དགུན་ཁའི་རི​ིང་ཁོ​ོང་གཉིས་ཧ་ཅང་འཁྱག་གི་རེ​ེད་ ངས་ཁོང་

གཉིས་ལ་འོག་འཇུག་དང་གོས་ཐུ​ུང༌ སྟོད་ཐུང་རེ་བཟོས་ ད་དུང་བལ་

གྱི་ཨུ​ུ་སུ​ུ་ཡུ​ུ་བ་རིང་པོ་ཞི​ིག་སླ་རྒྱུ་ཡི​ིན་ རང་གིས་ཁོང་གཉིས་ལ་ ལྷམ་རེ་བཟོས་ཤོག་ཅེས་བཤད་

རྒན་རྒོན་གཉིས་ཀྱི​ིས་ལས་ཀ་

ཧུར་ཐག་བྱས་ཏེ་ཐེ​ེའུ​ུ་རང་གཉིས་ལ་གྱོན་གོས་ཆ་ཚང་རེ་བཟོས་ པ་རེད་

དེའ་ི​ི དགོང་མོ་རྒན་རྒོན་གཉིས་ཀྱི​ིས་ལྷམ་བཟོ་རྒྱུའི​ི་

ཀོ​ོ་བའི​ི་ཚབ་ལ་ལག་རྟགས་གྱོན་གོས་གསར་པ་རྣམས་ལས་

སྒྲོམ་ཐོག་གྲལ་

སྒྲི​ི ག ་པོ ས ་

བཞག་པ་དང་ཁོང་

37


གཉིས་ཡོལ་བའི་རྒྱབ་ལ་ཡིབས་ནས་ཐེའུ​ུ་རང་ཡོང་རྒྱུར་བསྒུ​ུགས་ ནས་བསྡད་

མཚན་མོའ་ི​ི ཆུ་ཚདོ ་བཅུ་གཉིས་ཙམ་ལ་ཐེའུ་རང་

གཉིས་ཡར་འཛུལ་ཏེ་ལས་སྒྲོམ་ཐོག་འཛེགས་དུས་དེ་གར་ཀོ་བའི​ི་

ཚབ་ལ་སྤུས་ཀ་དག་པའི་གྱོ​ོན་ཆས་ཆ་ཚང་རེ​ེ་བཞག་ཡོད་པས་ ཁོང་གཉིས་ཡ་མཚན་ཆེན་པོ་ཞི​ིག་དང་ཧ་ཅང་དགའ་པོ་བྱུང་བ་ རེད་

ཁོང་གཉིས་ཀྱི​ིས་གྱོན་གོས་ཧྲུལ་པོ་རྣམས་ཕུད་དེ་གསར་པ་

རྣམས་གྱོན་པ་དང་དགའ་སྤྲོ་ཆེ​ེན་པོས་གཞས་གཏོང་གི​ིན་དུ་ལོག་ ཕྱི​ིན་པ་རེད་ དེ་ནས་བཟུང་ཐེའུ་རང་གཉིས་མཐོང་རྒྱུ་མེད་པར་གྱུར་ ནའང་རྒན་རྒོན་གཉིས་ལ་བྱ་བ་ལམ་འགྲོ་བྱུ​ུང་སྟེ་ཚེ​ེ་མཇུག་གི​ི་ འཚ་ོ བ་དེ་སྐྱི​ིད་པོ​ོ་ཞི​ིག་བསྐྱལ་རྒྱུ་བྱུང་བ་རེད་།

38


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.