ཁོར་ཡུག་གཏོར་བཅོམ་དང་ འབྱུང་འགྱུར་ཉེན་ཁ། སྒྲོལ་མ་སྐྱབས།
༢༠༡༥ལོ་ཟླ་༦་ཚེས་༥ ལ་བོད་ཡུལ་སྐྱེ ་ཁམས་ཐེབས་རྩ་ཚོགས་པས་སྤེལ།
ཁོར་ཡུག་གཏོར་བཅོམ་དང་འབྱུང་འགྱུར་ཉེན་ཁ།
༄༅།།ཁོར་ཡུག་གཏོར་བཅོམ་དང་འབྱུང་འགྱུར་ཉེན་ཁ། གསེར་དངུལ་ལྕགས་གསུམ་ཁ་བའི་རྒྱུ་ནོར་རེད།། རྨ་འབྲི་རྫ་གསུམ་བྷོ་ཊའི་ལང་ཚོ་རེད།། ཆོས་སྲིད་རིག་གསུམ་བོད་མིའི་སེམས་རྟེན་རེད།། མདོ་དབུས་ཁམས་གསུམ་མཐོ་སྒང་བོད་པ་རེད།།
རྒྱ་མཚོའི་ངོས་ནས་མི་ཊར་[m]བཞི་སྟོང་ལྷག་གི་མཚམས་ན་ལོ་རབས་ནས་ལོ་རབས་སྣོད་བཅུད་ཀྱི་གཏེར་ཁ་ རབ་ཏུ་ཕྱུག་ཅིང་། རང་བྱུང་གི་མཛེས་རྒྱན་རྣམ་པར་བཀྲ་བའི་གླིང་ཕྲན་ཨེ་ཤ་ཡའི་གཙུག་རྒྱན་ཏེ་འཛམ་གླིང་གི་ མཐོ་སྒང་། གངས་དཀར་ལྷུན་པོའི་ཕ་ཁྱིམ། གངས་ཆབ་བསིལ་མའི་འབྱུང་ཁུངས། འདབ་ཆགས་བྱ་རིགས་དང་ སྲོག་ཆགས་སྟོང་ཕྲག་གི་ཁྱིམ་གཞི་ཆེན་མོ། གནས་འདི་ནས་ཉམ་ཆུང་མི་རིགས་ཤིག་གི་ཚུལ་ལྡན་གྱི་རང་གཤིས་ དོར་མ་མྱོང་ལ། གནས་འདི་ནས་མུ་རིགས་ཡ་རབས་ཤིག་གིས་རང་ཉིད་ཀྱི་ཁེ་ཕན་བློས་བཏང་སྟེ་སྐྱེས་ འགྲོ་ ཡོངས་ཀྱི་འབྱུང་འགྱུར་གྱི་ཁྱིམ་གཞིའི་སླད་དུ་གཅེས་སུ་འོས་པའི་ཚེ་སྲོག་ཤོར་བ་ཐེངས་ཤིག་ག་ལ་ཡིན། བོད་ཀྱི་ལྷོ་མཐར་གནས་པའི་རི་བི་ཧི་མ་ལ་ཡ། གཉན་ཆེན་ཐང་ལྷའི་རི་རྒྱུད་དང་གངས་ཏེ་སེ་སོགས་ནི་འཛམ་ གླིང་གི་རི་རྒྱུད་མཐོ་ཤོས་རེད་ལ། ཨེ་ཤ་ཡིའི་རྒྱལ་ཁབ་མང་པོ་ཞིག་གི་ཆབ་སྲིད་དང་ཆོས་ལུགས། ལོ་རྒྱུས་དང་ དཔལ་འབྱོར་ལ་འབྲེལ་བ་ཡོད་པ་མ་ཟད། ཨེ་ཤ་ཡའི་མི་འབོར་ཐེར་འབུམ་གཅིག་ལྷག་གི་འཚོ་བའི་རྒྱབ་རྟེན་ ཡང་རེད། རི་རྒྱུད་དེ་དག་ལས་བཞུར་བའི་ཡར་ཀླུང་གཙང་པོ་སོགས་ནི་རྒྱ་གར་དང་བལ་ཡུལ་དུ་ཡོད་པའི་ཆུ་བོ་ གངྒཱ་དང་། ཡ་མུ་ན་དང་སི་ཏ་བཅས་ཀྱི་འབྱུང་ཁུངས་རེད་ལ། དེར་བརྟེན་རྒྱ་ནག་ལྟ་བུའི་རྒྱལ་ཁབ་རེ་ཟུང་གིས་ སྒེར་གྱི་ཁེ་ཕན་ཆེད་ཆུ་གློག་ ས་ཚུགས་སོགས་བཟོས་ཏེ་ཆུར་ཁ་གང་སར་བསྒྱུར་བས་ཨེ་ཤ་ཡའི་མི་ཕྱུགས་སྟོང་ ཕྲག་གི་ཚེ་སྲོག་ཤོར་བཞིན་ཡོད་པས། ཁྲིམས་མེད་ལུག་མེད་ཀྱི་བྱ་སྤྱོད་དེ་དག་ལ་བཀག་འགོག་བྱེད་རྒྱུ་གལ་ཆེན་ རེད། གལ་སྲིད་ཆབ་སྲིད་ཀྱི་སླུ་བྲིད་དང་ཚོང་ལས་ཀྱི་ཁེ་ཕན་ཆེད་ “མར་མེ་རླུང་གིས་ཁྱེར་ན་འཛུམ་དམུལ་དམུལ་དང་ ཁ་ཟས་ཁྱི་ཡིས་ཁྱེར་ན་འཛུམ་དམུལ་དམུལ་” ཞེས་བ་ལྟར་རང་འགན་རང་གིས་མ་ཁྱེར་ན། ཉིན་ཞིག་གངས་རི་ དུང་དཀར་འདྲ་བོ་བཞུས་སོང་ན། ཉིན་ཞིག་གཙང་ཆུ་འོ་མ་འདྲ་བོ་སྐམ་སོང་ན། ཨེ་ཤ་ཡའི་མི་ཕྱུགས་ཁྲི་ཕྲག་གི་ 1
www.khoryug.org
ཁོར་ཡུག་གཏོར་བཅོམ་དང་འབྱུང་འགྱུར་ཉེན་ཁ།
ཚེ་སྲོག་ཇི་ལྟར་སྐྱོབ། ཞིང་ལས་ཐོན་སྐྱེད་དང་ཚོང་ལས་ཐོན་སྐྱེད་གོང་འཕེལ་ཇི་ལྟར་གཏོང་། ཚན་རིག་པ་དང་ ཆབ་སྲིད་པས་གངས་རི་དང་གཙང་ཆུ་དྭངས་མ་རེ་གསར་དུ་བཟོ་ཐུབ་བམ། སྤྱིར་འཛམ་གླིང་གི་རང་བྱུང་ཁོར་ཡུག་ཆགས་ཚུལ་ལ་བརྟེན་ནས་བོད་ལ་སྐར་ཚོགས་ བཞིན་བཀྲ་བའི་མཚོ་དང་ མཚེའུ་ཉུས་སྟོང་ལྔ་བརྒྱ་ལྷག་ཡོད་ལ། ལྷག་པར་དུ་ཁྲི་ཤོར་རྒྱལ་མོ་དང་གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ་ དང་མ་ཕམ་གཡུ་མཚོ་སོགས་དུས་ཚིགས་བཞིན་ཡུལ་ལུང་གང་ས་ནས་ འཕུར་ཡོང་བའི་བྱ་རིགས་༥༣༣ལྷག་གི་ ཁྱིམ་གཞི་ལྟ་བུ་ཞིག་རེད་ལ། མཚོ་དེ་དག་གི་ཉེ་འཁོར་ནི་བོད་རིགས་འབྲོག་པ་དང་རི་དྭགས་སེམས་ཅན་སོགས་ བཅའ་ སྡོད་བྱེད་སའི་ས་ཁུལ་གཙོ་བོ་ཞིག་རེད། ཡིན་ནའང་། རྒྱ་གཞུང་གི་གནས་སྐབས་ཁེ་ཕན་ལ་དམིགས་ཏེ་ ཡུལ་སྐོར་སྤྲོ་འཆམ་གྱི་བསྟི་གནས་ཤིག་ཏུ་བསྒྱུར་བ་མ་ཟད། ཉྭ་རིགས་འཛིན་བཟུང་ཆེད་རྫས་རིགས་འདྲ་མིན་ སྤྱད་དེ་མཚོ་མོ་མེ་ལོང་འདྲ་བོ་རྫས་ ཁུར་བསྒྱུར་ཏེ་སྒོ་ཕྱུགས་སེམས་ཅན་དང་རི་སྐྱེས་སེམས་ཅན་མང་པོའི་ཚེ་ སྲོག་ཤོར་ བཞིན་འདུག ལྷག་པར་དུ་བོད་ཀྱི་རྩ་ཆེའི་སྲོག་ཆགས་གླ་བ། རྐྱང་དང་གཙོད། བྱ་ཝང་དང་རྒོ་བ། གནའ་བ་དང་གཡི་སོགས་རྩ་མེད་དུ་འགྲི་བཞིན་འདུག འབྱུང་འགྱུར་གྱི་ལོ་འགའི་ནང་དུ། རྫས་འགྱུར་དང་སྙིགས་རོ་ཁྲོད་ནས་མཚོ་མོ་མེ་ལོང་འདྲ་བོ་སྐམ་སྲིད་ལ། སྒོ་ ཕྱུགས་སེམས་ཅན་དག་མུག་ཤི་ཐེབས་སྲིད། སྙིགས་རོ་ཡི་དྲི་ངན་བར་ནས་ནད་རིགས་འདྲ་མིན་ཁྱབ་སྲིད། སྐབས་ དེར་ཡོད་ཚད་རེ་སྨོན་ལ་བཅོལ་བའི་ཉེ་འགྲམ་གྱི་འབྲོག་པ་དེ་ཚོས་ཅི་ཞིག་བྱ། ཡོད་ཚད་རང་བྱུང་ལ་བརྟེན་པའི་ འདབ་ཆགས་བྱ་རིགས་དང་སེམས་ཅན་རི་དྭགས་དེ་ཚོས་ཅི་ ཞིག་བྱ། གནད་དོན་འདིའི་ཐད་ལ་རྫས་འགྱུར་བཟོ་ མཁན་གྱི་ཚན་རིག་པ་དང་སྲིད་ཇུས་འཐེན་མཁན་ གྱི་ཆབ་སྲིད་པས་འགན་འཁུར་སྲིད་དམ། སྐབས་དེར་ཁྲིམས་ ལུགས་པས་དྲང་བདེན་གླེང་ཐུབ་བམ། བོད་ཀྱི་ས་ཆ་ནི་གཏེར་ཁའི་ཐོན་ཁུངས་ཕུན་ཚོགས་པ་ཞིག་རེད་ལ། གཏེར་ཁའི་རིགས་མང་པོ་དུས་རབས་ནས་ དུས་རབས་བར་ས་འོག་ཏུ་ཉར་ཡོད་པས། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བར་འཛམ་གླིང་ན་རིན་པོ་ཆེ་ ཕུན་སུམ་ཆོགས་ པའི་རྒྱལ་ཁབ་ཅིག་རེད། སྤྱིར་བོད་ཀྱི་རང་བྱུང་ནགས་ཚལ་རྒྱ་ཁྱོན་ལ་མུའུ་[CH, mu]དུང་ ཕྱུར་གཅིག་དང་གྲངས་ཆུང་བདུན་ཡོད་ཀྱང་། ༡༩༨༤ལོའི་ཟླ་༥པའི་ཚེས་༡༩ ཉིན། བོད་ཁུལ་དུ་མེ་འཁོར་འགྲོ་ བའི་མགོ་བཙུགས་པ་ནས། ལོ་རེར་ཤིང་ནགས་སྨི་གྲུ་བཞི་མ་[m3]ཁྲི་༢༣༠༠ལྷག་མེད་པར་འགྲོ་བཞིན་འདུག གཞན་ཡང་རང་བྱུང་མར་ཁུ་འདྲ་བའི་ནང་གི་གཏེར་རྫས་སྣ་ཚོགས་རྒྱ་ནག་ཏུ་སྐྱེལ་འདྲེན་བྱེད་པ་མ་ཟད། ད་བར་རྡོ་སྣུམ་དང་ཚྭ། རྫས་འགྱུར་སོགས་ཁག་༥༠ལྷག་ཡོ་རོབ་སོགས་ལ་ཕྱིར་འཚོང་བྱེད་བཞིན་འདུག 2
www.khoryug.org
ཁོར་ཡུག་གཏོར་བཅོམ་དང་འབྱུང་འགྱུར་ཉེན་ཁ།
རྒྱ་གཞུང་གིས་སྒེར་གྱི་ཁེ་ཕན་ཆེད་དུ་རང་བྱུང་ཁོར་ཡུག་ལ་བཙན་འཛུལ་ཐེངས་མང་བྱས་པས། བོད་ཀྱི་ས་ཁུལ་ མང་པོར་རང་བྱུང་གི་གནོད་སྐྱོན་འབྱུང་བཞིན་འདུག དཔེར་ན་ཡུལ་ཤུལ་གྱི་ས་ཡོམ་དང་འབྲུག་ཆུའི་ཆུ་ལོག གཞན་ཡང་ས་ཡོམ་དང་ཆུ་ལོག་མང་པོ་བྱུང་བའི་གནས་ཚུལ་གོ་རྒྱུ་འདུག དྲང་མོར་བཤད་ན་ལོ་ངོ་སྟོང་ཕྲག་གི་ རིང་ལ་བོད་ཀྱི་ཁོར་ཡུག་དང་བོད་མིའི་བར་ན་འབྲེལ་བ་ཟབ་མོ་ཡོད་ལ། གཅིག་ཕན་གཅིག་གྲོགས་ཀྱི་ལམ་ནས་ ཁོར་ཡུག་སྲུང་སྐྱོབ་བྱེད་རྒྱུ་ནི་བོད་མི་ཚོས་ གལ་ཆེན་དུ་བརྩི་སྲོལ་ཡོད། བོད་ནི་འཛམ་གླིང་གི་ཚན་རིག་གནས་ཚད་ཅུང་ཞན་པའི་རྒྱལ་ཁབ་ཅིག་ཡིན་ཡང་། རང་ཉིད་ཀྱི་ཐབ་ལ་རང་ གིས་མེ་རོ་སྤར་བ་ལས་གཞན་གྱི་མེ་གཡར་བའི་ལོ་རྒྱུས་བྱུང་ མེད། ལྷག་པར་དུ་ནང་བསྟན་ཆོས་ལུགས་ཀྱིས་ བཅིངས་པའི་མི་རིགས་ཤིག་ཡིན་པས། དུས་རབས་ཉི་ཤུའི་ལོ་རབས་ལྔ་བཅུ་བར་རང་བྱུང་ཁོར་ཡུག་དང་རི་ དྭགས་སེམས་ཅན་ལ་དེ་ཙམ་གྱིས་གནོད་འཚེ་བྱས་མེད། གལ་སྲིད་ང་ཚོས་གཟབ་གཟབ་མ་བྱས་ན་བོད་ཀྱི་ཁོར་ ཡུག་གི་གཏོར་བཅོམ་ལ་བརྟེན་ནས་འཛམ་གླིང་ཧྲིལ་བོར་ཆག་འཇིག་ཆེན་པོ་ཞིག་མི་ཡོང་པའི་བདེན་དཔང་མི་ བུ་སུ་ལ་ཡང་མེད།
3
www.khoryug.org