བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ། ༡

Page 1



༄༅། །བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དེབ་ཕྲེང་དང་པོ།

༄༅།། བོད་མི་མང་སྤྱི་འཐུས་ལྷན་ཚོགས།


༄༅། །བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ། སྤྱི་འཐུས་པདྨ་འབྱུང་གནས།

རྩོམ་སྒྲིག་དང་ཞུ་དག་པ།

རྩོམ་སྒྲིག་དང་ཞུ་དག་པ། (ཚོགས་གཙོ)

སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར། རྩོམ་སྒྲིག་དང་ཞུ་དག་པ། (ཚོགས་མི)

སྤྱི་འཐུས་བསྟན་པ་ཡར་འཕེལ། རྩོམ་སྒྲིག་དང་ཞུ་དག་པ། (ཚོགས་མི) ཚོགས་དྲུང་ལས་བྱེད།

བསོད་ནམས་རྒྱལ་བ།

སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན། ཞུ་དག་པ།

(ལས་རོགས)

དེབ་གཟུགས་དང་རྒྱབ་ཤ་ཇུས་འགོད་པ། སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར། ཚོགས་དྲུང་ལས་བྱེད། ཆོས་གྲགས།

པར་སྐྲུན་འགན་ཁུར་པ། སྤྱི་འཐུས་པདྨ་འབྱུང་གནས།

པར་ཐེངས་དང་པོ། དེབ་གྲངས། དེབ་ཕྲེང་དང་གཉིས་ལ། པར་སྐྲུན་བདག་དབང། པར་སྐྲུན་པ། པར་ཁང།

ཕྱི་ལོ་ ༢༠༡༤ ༡༥༠༠ ཧིན་སྒོར། ༢༥༠.༠༠ (སློབ་ཕྲུག་ལ་བརྒྱ་ཆ་༣༠ ཆག་ཡང་ཡོད།) བོད་མི་མང་སྤྱི་འཐུས་ལྷན་ཁང་ལ་ཡོད། སྤྱི་འཐུས་ཚོགས་དྲུང་ལས་ཁུངས། Vee Enn Print-O-Pac


ཆེད་བརྗོད།

ཆེད་བརྗོད།

༄༅། །བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ ཆེན་པོ་མཆོག་གིས། “རིང་ནས་སྙིང་དུ་བརྣགས་པའི་འདོད་པའི་དོན་” ཞེས་ ཇི་སྐད་གསུངས་པ་ལྟར། མགོན་པོ་གང་ཉིད་ཀྱིས་བོད་མི​ིའི་ཆབ་སྲིད་ཀྱི་ལམ་ ལུགས་ཡང་དག་པའི་མང་གཙོའི་ལམ་བཟང་ཐོག་འཁྲིད་གནང་མཛད་དེ། ད་ཆ་ བཙན་བྱོལ་བོད་མིའི་ཆ་ལག་ཚང་བའི་མང་གཙོའི་སྒྲིག་འཛུགས་འདི་བཞིན་ དབུ་བརྙེས་ནས་མི་ལོ་ ༥༠ ཐམ་པ་ཧྲིལ་པོ་འཁོར་བའི་དུས་དྲན་སྲུང་བརྩི་ གཟབ་རྒྱས་ཤིག་བོད་རྒྱལ་ལོ་ ༢༡༣༧ ཕྱི་ལོ་ ༢༠༡༠ ཟླ་ ༩ ཚེས་ ༢ ཉིན་ སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་རྒྱ་གར་ ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བསྐྱངས་ཤིང་། སྐབས་དེར་ མགོན་པོ་གང་གིས་བོད་མིར་མང་གཙོའི་ལམ་བཟང་གསོལ་རས་བསྩལ་གནང་ མཛད་པ་སོགས་རླབས་ཆེན་མཛད་བཟང་གིས་བོད་འབངས་སྐྱེ་འགྲོ་ཡོངས་ རྫོགས་ཞི་བདེར་སྐྱོང་བར་མཛད་པའི་བཀའ་དྲིན་རྗེས་དྲན་དང་། བསྟན་འགྲོ་སྤྱི་ དང་། ཁྱད་པར་གངས་ལྗོངས་འགྲོ་བའི་མགོན་དཔུང་དམ་པར་གསང་གསུམ་ མཚན་དཔེ འི ་ དཀྱི ལ ་འཁོ ར ་ལ་ཉེ ར ་འཚེ འི ་ དྲི་ཙམ་ཡང་མི ་ བཞེ ས ་པའི ་ ངང་ འཚོ་བཞིན་བཞུགས་བཞིན་པར་གཞིས་བྱེས་བོད་མི་ཡོངས་ཀྱིས་བཀའ་དྲིན་ བླ་ལྷག་ཏུ་ཆེ་ཞུ་བ་དང་སྦྲགས། འབྱུང་འགྱུར་ཡང་མཁའ་ཁྱབ་སྐྱེ་རྒུའི་མགོན་ སྐྱབས་དཔུང་གཉེན་དམ་པར་༸ཞབས་པད་རྡོ་རྗེ་ཆོས་བདུན་གྱི་ངོ་བོར་བསྐལ་ པ་ནས་བསྐལ་པའི་བར་བརྟན་པར་བཞུགས་པའི་གསོལ་བ་ཕུར་ཚུགས་སུ་ འདེབས་པའི་བརྟན་བཞུགས་དང་། གསེར་གྱི་གཟེངས་རྟགས་བཅས་འབུལ་ ལམ་ཞུས་ཡོད། སྐབས་དེར་འདས་པའི་མི་ལོ་ ༥༠ ཐམ་པའི་དུས་ཡུན་དེ་དག་ ཏུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ཇི་ལྟར་བྱུང་བའི་ཚུལ་ལམ་ལོ་ རྒྱུས་ཤིག་ཕྱོགས་སྒྲིག་གནང་རྒྱུ་ཐུགས་གཏན་འཁེལ་བ་ལྟར་ཚོགས་ཆུང་ཟུར་ འཛུགས་གནང་བས <<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།>> ཞེས་པའི་དེབ་ཕྲེང་འདི་གཉིས་འབྲི་རྩོམ་གནང་ཞིང། ཚོགས་ཆུང་གིས་རྩོམ་ སྒྲིག་ལས་དོན་གནང་རིང་ཡིག་ཆ་ཧ་ཅང་ཁྱོན་ཆེ་འཚོལ་གཟིགས་དང་། ཟུར་ ༡


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདོན་དབྱེ་ཞིབ་སོགས་ཀྱི་ཆེད་དུས་ཚོད་གང་ཙམ་དགོས་ངེས་ཐོག དུས་ཡུན་ དེ་དག་ནང་གཞུང་འབྲེལ་ཛ་གལ་ཅན་གྱི་ལས་དོན་གཞན་ཇི་སྙེ ད་ཆུ་གཉེར་ ལྟར་མཉམ་ཐོན་བྱུང་བའི་དབང་གིས་དེབ་ཐེར་འདི་བཞིན་འདོན་སྤེལ་བྱ་རྒྱུར་ དུས་ཡུན་གང་ཙམ་འགོར་གཞི་བྱུང་ཡོད་ནའང་། མཐའ་དོན་ཞིབ་ཚགས་ཅི་ཆེ་ དང་། ལྷག་པར་རྩོམ་སྒྲིག་ཚོགས་ཆུང་གི་ཆེད་དུ་བརྗོད་པའི་གཏམ་ནང་འཁོད་ གསལ་བཞིན་གང་ཟག་བྱེ་བྲག་པ་ཞིག་གི་ལྟ་གྲུབ་བམ། འདོད་ཕྱོགས་ལྟ་བུ་ མིན་པ་ཁུངས་ལྡན་ཡིག་ཆ་ཞེ་ཅིག་ལ་གཞི་བཅོལ་གྱིས་ཕྱོགས་བསྒྲིགས་གནང་ བ་ཞིག་ཡིན་པས། བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་གྱི་ལོ་རྒྱུས་ ཁུངས་ལུང་ཚད་འཕེར་རམ་གཞི་འཛིན་ས་ཞིག་སྟེ། ཕྱིས་འབྱུང་ཡང་བོད་མི་ ཡོངས་དང་། རྒྱལ་སྤྱིའི་ཁྱོན་ནས་བོད་མིའི་མང་གཙོ་དང་འབྲེལ་བའི་ལོ་རྒྱུས་ ཐོག་ཐུགས་སྣང་དང་། ཉམས་ཞིབ་གནང་མཁན་བཅས་པར་ཐུགས་ཕན་གསོ་ ངེས་ཡོང་བའི་རེ་བ་དང་ཡིད་ཆེས་ཞུ་བཞིན་ཡོད། <<བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།>> རྩོམ་སྒྲིག་ ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་པདྨ་འབྱུང་གནས་མཆོག་གིས་གཙོས་ ཚོགས་མི་སྤྱི་འཐུས་ཀླུ་ཚང་རྒྱ་རིགས་ཐར་མཆོག་དང་། སྤྱི་འཐུས་བསྟན་པ་ ཡར་འཕེལ་མཆོག ཚོགས་དྲུང་ལས་བྱེད་སྒ་བ་བསོད་ནམས་རྒྱལ་བ་ལགས་ (ལས་རོགས)བཅས་ཀྱིས་སྐུ་ངལ་སྣེ་མང་ལྷུར་བཞེས་གནང་བ་དང་། སྤྱི་འཐུས་ དགེ་བཤེས་སྨོན་ལམ་མཐར་ཕྱིན་མཆོག་གིས་ཞུ་དག་ཆ་ཚང་ཞིག་གནང་བ་ བཅས་ལ་བརྟེན་ནས་ད་ཆ་ལོ་རྒྱུས་ཀྱི་དེབ་ཐེར་འདི་བཞིན་རྒྱ་ཆེའི་ཀློག་པ་པོ་ རྣམས་ཀྱི་སྤྱན་ལམ་དུ་བསྟར་ཐུབ་པ་བྱུང་བས་ཁོང་རྣམ་ལ་ལྷག་པར་ཐུགས་ རྗེ་ཆེ་ཞུ་རྒྱུ་དང་། གཞན་ཡང་འདི་འབྲེལ་མཐུན་འགྱུར་གནང་མཁན་སྤྱི་སྒེར་ ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ཀྱི་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༤ ཟླ་ ༩ ཚེས་ ༢ ལ།།


རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ།

རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ། དཀྱི ལ ་ཤར་ཨེ ་ ཤ་ཡའི ་ ལྟེ་བར་ཆགས་ཤི ང ་འཛམ་གླི ང ་གི ་ སྣེ་མོ ་ གསུམ་པར་འབོ ད ་པའི ་ གངས་རི འི ་ ལྗོ ང ས་ཏེ ་ ༸རྒྱལ་ཀུན་སྙི ང ་རྗེ འི ་ རང་ གཟུགས་འཕགས་མཆོ ག ་ཕྱག་ན་པདྨོའི ་ གདུལ་ཞི ང ་བསི ལ ་ལྡན་ཁ་བ་ཅན་ ཞེས་ཡོངས་སུ་གྲགས་པའི་བོད་ཆོས་ལྡན་ཞི་བདེ་ཡི་ཞིང་ཁམས་ཆེན་མོ་འདི་ ཉིད་ཀྱང་འཛམ་གླིང་གི་ཡུལ་ལུང་མི་སྡེ་ཐམས་ཅད་དང་གཅིག་མཚུངས་སུ་མི་ དང་བསྐལ་པ་བྱུང་བའི་དུས་དེ་ནས་བཟུང་བྱུང་བར་འདོད་ལ། བོད་མི་རིགས་ འདི་ཉིད་ལ་བདག་པའི་ཐུན་མོང་གི་ས་ཁོངས་དང་། ཐུན་མོང་གི་སྐད་ཡིག ཐུན་ མོང་གི་རིག་གཞུང་དང་མི་འབོར་སོགས་སྤྱི་ཚོགས་ཀྱི་དན་རྟགས་དང་རྒྱལ་ ཁབ་ཅིག་གི་ངོ་བོའམ་མཚན་ཉིད་ཀྱང་ཆེས་ཤིན་ཏུ་རིང་པོའི་དུས་ནས་བྱུང་ ཡོད། ཡོངས་གྲགས་སུ་ཕྱི་ལོའི་གོང་གི་བརྒྱ་ཕྲག་གཉིས་པའི་ནང་བོད་རྒྱལ་ ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ། ཕྱི་ལོ་བརྒྱ་ཕྲག་དགུ་པའི་ནང་ འུ་དུམ་བཙན་པོའི་བར་གྱི་བོད་རྒྱལ་གདུང་རབས་ཞེ་གསུམ་གྱིས་རིམ་པས་ ཆོལ་གསུམ་བོད་ལྗོངས་ཡོངས་ལ་མངའ་དབང་བསྒྱུར་བ་དང་། ཁྱིམ་མཚེས་ རྒྱལ་ཁབ་རྒྱ་དཀར་ནག་གཉིས་ཀྱིས་གཙོས་དཀྱིལ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ དག་གི་ཁྲོད་ནས་ཆེས་གནའ་རབས་རང་བཞིན་གྱི་ལོ་རྒྱུས་དང་། ཆེས་ལྐོག་ གྱུར་རང་བཞིན་གྱི་རིག་གཞུང་ཞིག་གི་བདག་པོར་གྱུར་ཏེ་སྟོབས་འབྱོར་དབང་ ཐང་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོ་བོར་ལོ་གྲངས་ཆིག་སྟོང་བརྒལ་བའི་ རིང་གནས་མྱོང་ཡོད། སྤྱིར་མེད་པ་ནས་ཡོད་པ་དང་ཡོད་པ་རྣམས་འཕེལ་རྒྱས་སུ་ཕྱིན་པ་ གང་ཞིག་རིམ་པས་ཉམ་དམས་སུ་འགྲོ་བའི་དར་རྒུད་ཀྱི་རྣམ་པ་ནི་ཆོས་རྣམས་ ཀྱི་རྩ་བའི་གཤིས་ཁམས་སམ་རང་བཞིན་ཡིན་པར་བརྟེན། འཛམ་གླིང་དམག་ གཅིག


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ ན ་གཉི ས ་པའི ་ ཐལ་རྡུལ་གྱི ་ སྤྲི ན ་ཕུང་ཡོ ང ས་སུ་མ་ཡལ་བའི ་ ལོ ་ རྒྱུས་ཀྱི ་ བྱས་ཉེས་བགོ་སྐལ་དུ་འཛིན་པའི་རྒྱ་སྐྱེད་བཙན་རྒྱལ་རིང་ལུགས་པ་རྒྱ་ནག་ དམར་ཤོག་པའི་གཡོ་འཕྲུལ་འདོད་རྔམས་དང་། ཧམ་སེམས་ཆེན་པོ་བོད་ཐོག་ བཅངས་ཏེ་བྱ་བྱེའུ་ཐུབ་ཀྱིས་བྱེའུ་དང་། བྱེའུ་འབུ་ཐུབ་ཀྱིས་འབུ་ཟེར་བའི་ དཔེ་ལྟར་ཞི་བདེ་བར་གནས་སུ་བཞུགས་པའི་ཆོས་ཀྱི་རྒྱལ་ཁབ་དེ་སྐད་ཅིག་ མའི་ནང་ཡོངས་སུ་ཁྱུར་མིད་བྱས་རྐྱེན། བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ལྷག་ དུས་མིན་རྐྱེན་འདས་སུ་བཏང་བའི་དམར་གསོད་ཀྱི་ཡོ་ལང་ཆེན་པོ་དེའི་ཁྲོད་ རི ང ་དུ་གནས་པའི་ རྒྱལ་ཁབ་དེ འི་ བྱུང་བའང་མི་ ཡུལ་གྱི ་ བས་མཐར་སྤྱུགས་ པའི་ལོ་རྒྱུས་ཀྱི་སྐྱོ་གར་ཆེན་པོ་དེ་བྱུང་། འདིར་གླེང་བར་འདོད་པ་ནི། བོད་བཙན་པོའི་རྒྱལ་རབས་ནས་རིམ་ པར་བོད་ཀྱི་སྲིད་འབྱོར་རིག་གསུམ་ལ་མངའ་དབང་སྒྱུར་པའི་གཞུང་མང་པོ་ལུ་ གུ་རྒྱུད་དུ་ཟམ་མ་ཆད་པར་བྱུང་པའི་རྗེས་མ་སྟེ། གཞུང་ས་དགའ་ལྡན་ཕོ་བྲང་ གིས་ལོ་རྒྱུས་གནས་བབ་ཛ་དྲག་ཅན་དང་། སྤྱི་ཚོགས་ཀྱི་ཁོར་ཡུག་ཟང་ཟིང་ ཅན་གྱི་གནས་བབས་འོག་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་ཡོངས་སུ་མཚོན་པར་ བྱས་ཏེ། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་བདེན་པའི་མཐའ་གསལ་བར་ བྱེད་པའི་སྲིད་ལུགས་ཀྱི་ཐབས་བྱུས་དང་། སྤྱི་ཚོགས་ལེགས་བཅོས་རིམ་པར་ གནང་སྟེ། འཛམ་གླིང་གི་སྔོན་ཐོན་རྒྱལ་ཁབ་དག་མིག་དཔེར་བཟུང་ནས་ཡང་ དག་པའི་མང་གཙོའི་ལམ་ལུགས་ཐོག་ཇི་ལྟར་འཁྲིད་པའི་བྱུང་རབས་རྣམས་ ཇི་བཞིན་དུ་ལོ་རྒྱུས་ཡིག་ཚགས་སུ་འགོད་རྒྱུ་ནི། བོད་མི་མང་སྤྱི་འཐུས་ལྷན་ ཚོ ག ས་ནས་དུས་ཀྱི ་ དགོ ས ་མཁོ ར ་མཐོ ང ་སྟེ་<<བཙན་བྱོ ལ ་བོ ད ་མི འི ་ མང་ གཙོའི་བྱུང་བ་བརྗོ ད་པ་>>ཞེས་པའི་ལོ་རྒྱུས་ཀྱི་དེབ་ཐེར་ཞིག་ཚོགས་གཙོ་ སྦྲེལ་པོའི་ལམ་སྟོན་འོག་ཆེད་བཙུགས་ཚོགས་ཆུང་འདིས་རྩོམ་བྲིས་བགྱིས་ པ་ཞིག་ཡིན་པ་དང་། དེབ་ཐེར་འདིའི་ནང་བཙན་བྱོལ་སྤྱི་ཚོགས་ནང་རྒྱལ་ བློན་འབངས་སོགས་ཀྱིས་ལོ་རེ་བཞིན་མང་གཙོ་དང་འབྲེལ་བའི་ལས་དོན་ཇི་ གཉིས།


རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ།

མཛད་རྣམས་སྟར་ཆགས་སུ་རིམ་བཀོད་བྱས་ཡོད་ལ། ཁྱད་པར་དུ་བོད་ཀྱི་ལྷ་ སྐལ་སྤྱན་རས་གཟིགས་དབང་མིའི་གཟུགས་སུ་བྱོན་པ་ཁམས་གསུམ་ཆོས་ཀྱི་ རྒྱལ་པོ་༸གོང་ས་༸སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ། འཇིག་རྟེན་ཞི་ བདེའི་དེད་དཔོན། ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག བོད་ མི་ཡོངས་ཀྱི་མགོན་སྐྱབས་དང་བླ་ན་མེད་པའི་དབུ་འཁྲིད། བླང་དོར་ལམ་སྟོན་ པ། བོད་མིའི་ངོ་བོ་དང་ཆིག་སྒྲིལ་གྱི་མཚོན་རྟགས། བོད་མི་ཡོངས་ཀྱི་རང་ དབང་ལྡན་པའི་མགྲིན་ཚབ་པ་༸གོང་ས་ཏཱ་ལའི་བླ་མ་བསྟན་འཛིན་རྒྱ་མཚོའི་ རི ང ་ནས་ཐུགས་ལ་བརྣགས་པའི ་ དགོ ང ས་གཞི ་ ལས་ཉེ ་ བར་འཁྲུངས་པའི ་ བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་ལྷུག་པོར་བརྗོད་རྒྱུ་དེ་ཡིན། དེ་ཡང་མང་གཙོའི་རིང་ལུགས་ནི། མིའི་རིགས་ཀྱི་ལོ་རྒྱུས་བྱུང་ རབས་ནང་བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ ཚོགས་སུ་མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས། སྤྱི ་ ཡོ ང ས་སམ་ཐུན་མོ ང ་ལ་ལྟ་བའི་ འདྲ་མཉམ་གྱི ་ སྤྱི ་ ཚོ ག ས་ཤི ག ་ཏུ་འགྱུར་ བར་མི ་ མང་གི ་ འདོ ད ་མོ ས ་གཙོ ་ བོ ར ་འཛི ན ་པའི ་ རི ང ་ལུགས་ཤི ག ་ཡི ན ་ལ། རླབས་ཆེན་གྱི་རིང་ལུགས་དེ་འདྲ་ཞིག་མངོན་འགྱུར་བྱ་རྒྱུར་འཛམ་གླིང་རྒྱལ་ ཁབ་ཁག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དམག་འཁྲུག་དང་། འོས་ལངས། འཐབ་ རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། མི་མང་གི་ དབང་བསྒྱུར་ནུས་ཤུགས་མངོན་འགྱུར་བྱེད་ཐབས་གནང་དང་གནང་མུས་སུ་ ཡོད་མོད། བོད་མིའི་སྤྱི་ཚོགས་ནང་གི་ཡང་དག་པའི་མང་གཙོའི་ལམ་ལུགས་ འདི་བཞིན་མང་ཚོགས་ནས་འཐབ་རྩོད་འཁྲུག་སློང་སོགས་རྔུལ་ཁྲག་གི་འགྲོ་ གྲོན་ཕྲ་མོ་ཙམ་ཡང་བཏང་མ་དགོས་པར། བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ ཀྱི་དབུ་འཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ནས་མང་ ཚོགས་ལ་གསོལ་རས་སུ་གནང་བ་ཞིག་ཡིན། དེ་བས་དེབ་འདིའི་ནང་དུའང་སྤྱིར་མང་གཙོའི་བྱུང་རིམ་དང་གནས་ གསུམ།


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚང་རྒྱལ་ཁབ་ཀྱི་སྲིད་ལུགས་ཤིན་ཏུ་མདོར་བསྟན་དང་། འཛམ་གླིང་གི་ལོ་ རྒྱུས་བྱུང་རབས་ནང་བོ ད ་རྒྱལ་ཁབ་ནི ་ ཐུན་མོ ང ་མ་ཡི ན ་པའི ་ རྒྱལ་ཁབ་རང་ མཚན་པ་ཞིག་ཡིན་པའི་ངོ་རྟགས་རྣམས་གསལ་འདོན་གྱིས་ཞར་བྱུང་གི་ཚུལ་ དུ་བཀོད་ཅིང་། བོད་རྒྱལ་ཁབ་གཞན་དབང་དུ་མ་ཚུད་སྔོན་ནས་མང་གཙོའི་ ལམ་ལུགས་ཐོག་ཇི་ལྟར་བསྐྱོད་འཆར་དང་། བཙན་བྱོལ་བོད་གཞུང་གསར་ཏུ་ བཙུགས་ཏེ་བོད་ཕྱི་ནང་གཉིས་ཀྱི་ངོ་ཚབ་མཚོན་པའི་ནུས་པ་ཇི་ལྟར་བསྐྱེད་ བསྲིངས་གནང་བ། ཡུལ་མིའི་ངོ་བོ་དང་མཚན་ཉིད་ཚང་བའི་བོད་རྒྱལ་ཁབ་ཀྱི་ རྩ་ཁྲིམས་དང་བཅའ་ཁྲིམས་གསར་བཟོ་དང་གཏན་འབེབས་མཛད་ཚུལ། གྲོས་ ཚོགས་ལམ་ལུགས་སུ་ཇི་ལྟར་བསྒྱུར་ཚུལ་དང་འཛིན་སྐྱོང་གི་སྒྲིག་གཞི་སྒྲིག་ སྲོལ་འཐུས་ཚང་དུ་བཏང་བའི་བརྒྱུད་རིམ། མཐར་གཞུང་ས་དགའ་ལྡན་ཕོ ་ བྲང་གི ་ སྲི ད ་ཀྱི ་ འགན་དབང་ཕྱི ར ་ བསྡུ་མཛད་དེ། མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་རྣམས་ ཀྱིས་འབྱུང་འགྱུར་བོད་ཀྱི་བདེན་མཐའ་མ་གསལ་བར་བོད་མིའི་འཐབ་རྩོད་ཀྱི་ ངོ་བོ་རྒྱུན་བསྲིངས་ཀྱིས་བཙན་བྱོལ་གྱི་སྒྲིག་འཛུགས་འདི་ཉིད་ནུས་ལྡན་སྲ་ བརྟན་ཅན་དུ་གཏོང་གནང་མཛད་པ་སོགས། ལམ་ལུགས་རྙིང་པ་རྣམས་སྤང་ བླང་ཚུལ་བཞི ན ་བགྱི ས ་ཏེ ་ གསར་གཏོ ད ་ཀྱི ་ བྱེ ད ་སྒོ ་ ཇི ་ གནང་རྣམས་༸གོ ང ་ ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ ཐུགས་རྗེ ་ གཟི ་ བྱི ན ་གྱི ས ་བསྐྱེད་པའི ་ བཀའ་དྲིན་ཁོ་ན་ལས་མ་འདས་ཕྱིར། འདིར་ཡང་༸གོང་ས་མཆོག་གི་རྨད་བྱུང་ མཁྱེན་དཔྱོད་ཀྱི་དགོངས་གཞི་དང་། ཡང་དག་ལམ་སྟོན་གྱི་བཀའ་སློབ་རེ་རེ་ ཡིས་བསྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་པ་རེར་ཁྲིད་པའི་ལོ་ རྒྱུས་ཀྱི་བྱུང་རིམ་རྣམས་སྒྲོ་སྐུར་སྤངས་པའི་ཐོག་ལོ་ཟླ་ཚེས་གྲངས་རྣམས་བང་ བསྒྲིགས་ནས། ས་བཅད་ཆེ་ཁག་བཅོ་བརྒྱད་དུ་བཀར་ཏེ་དེབ་སྟོད་སྨད་གཉིས་ ཀྱི་ནང་ཇི་བཞིན་གསལ་རྗེན་དུ་བཀོད་ཡོད། དེབ་འདིའི་ནང་བཀོད་པའི་ལུང་འདྲེན་ཡིག་ཚགས་ཅི་མཆིས་རྣམས་ བཞི།


རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ།

ཀྱང་གཞུང་འབྲེལ་ཡིག་ཆ་ཚད་ལྡན་ཁུངས་འཕེར་འབའ་ཞིག་ལ་གཞི་བཅོལ་ བ་ལས་ཁུངས་མེད་གྲགས་གཏམ་དང་ཡིན་མིན་རྫུན་སྒྲིག་གི་བསྲེས་ལྷད་མི་ འབྱུང་བ། ཀློག་པ་པོ་དག་གི་ཐུགས་དག་གཟིགས་བདེ་ཡི་ཕྱིར་ལུང་ཚིག་རེ་ རེའི་མཇུག་དུ་མཆན་བུ་བཀོད་ཡོད། ( ) རྟགས་འདིའི་ནང་ཤོག་གྲངས་རེའི་ ངོས་སུ་མཆན་བུ་ཅི་ཡོད་ལྟར་ཨང་རིམ་བང་བསྒྲིགས་ཀྱིས་ཤོག་ངོས་དེ་ཉིད་ ཀྱི ་ གཤམ་དུ་༸སྤྱི ་ ནོ ར ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ མཛད་ རྣམ་དང་གཞུང་འབྲེལ་དུས་དེབ། གཞུང་འབྲེལ་ཚགས་ཤོག གཞུང་འབྲེལ་ བསྒྲགས་གཏམ་དང་གཏོང་ཡིག ལོ་རྒྱུས་དེབ་ཐེར། བོད་གཞུང་ཆེས་མཐོའི་ རྒྱུན་ལས་ཀྱི་ཚིག་ཐོ། གྲོས་ཚོགས་ལས་རིམ་གསར་ཤོག ལྷན་ཁང་ཁག་དང་ རང་དབང་ཅན་གྱི་སྡེ་ཚན་ཁག་གི་བཀོད་ཁྱབ། ༸རྒྱལ་བའི་བཀའ་སློབ་སོགས་ ཁུངས་གང་ཡིན་ཡིག་ཆུང་དུ་ཕབ་སྟེ་ཡིག་ཚགས་དེའི་ཡོང་ཁུངས་ཀྱི་མིང་དང་ ཤོག་གྲངས་སོགས་གསལ་པོར་བཀོད་ཡོད་པ་ལགས་ན། <<བཙན་བྱོལ་ བོ ད ་མི འི ་ མང་གཙོ འི ་ བྱུང་བ་བརྗོ ད ་པ།>>ཞེ ས ་པའི ་ དེ བ ་ཕྲེ ང ་འདི ་ གཉི ས ་ ཀྱང་བོད་སྤྱི་པའི་ལས་དོན་ཐོག་སྲི་ཞུ་ཅུང་ཙམ་སྒྲུབ་ཐུབ་པའི་ཆ་ཤས་ཤིག་ཏུ་ འགྱུར་ཐུབ་པའི་རེ་བ་ཡོད། གཞན་རྩོམ་སྒྲིག་ཚོགས་ཆུང་བསྐོ་གཞག་ཇི་ལྟར་གནང་ཕྱོགས་དང་ ལས་ཀའི་དུས་ཡུན་ཕར་འགྱངས་གནང་ཕྱོགས་སྐོར་མདོར་ཙམ་གླེང་ན། ཕྱི་ལོ་ ༢༠༠༩ ཟླ་ ༠༩ ཚེས་ ༢༩ ཉིན་སྐབས་བཅུ་བཞི་པའི་བོད་ མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་པོས་བཙན་བྱོལ་ནང་མང་ གཙོ་དབུ་བརྙེས་ནས་བགྲང་བྱ་ལྔ་བཅུ་ཧྲིལ་པོར་འཁོར་བ་དང་སྟབས་བསྟུན་ བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་འཕེལ་རིམ་ལོ་རྒྱུས་རྩོམ་སྒྲིག་བྱེད་པོའི་ ཚོགས་ཆུང་དུ་སྤྱི་འཐུས་པདྨ་འབྱུང་གནས་དང་། སྤྱི་འཐུས་ཀརྨ་ཡེ་ཤེས། སྤྱི་ འཐུས་སྐལ་བཟང་རྒྱལ་མཚན་བཅས་ལ་བསྐོ་གཞག་གནང་ཞིང། ཚོགས་ཆུང་ ནས་དུས་ཚོད་ནམ་ཐོབ་ལ་འབད་པ་བགྱིས་འབྲས་སུ་སྐབས་བཅུ་བཞི་པའི་ ལྔ་།


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བོད་མི་མང་སྤྱི་འཐུས་ཀྱི་ལས་ཡུན་གཙང་ལ་ཉེ་བའི་སྐབས་ཤོག་གྲངས་ ༢༣༦ ཙམ་ཕྱོགས་བསྒྲིགས་ཀྱིས་ཚོགས་དྲུང་མཆོག་ལ་ཕུལ། ལོ་རྒྱུས་དེ་བཞིན་ཆ་ཚང་མཇུག་བསྒྲིལ་ཟིན་མེད་སྟབས་སྤྱི་འཐུས་ སྐབས་བཅོ་ལྔ་པའི་ཚོགས་གཙོ་སྦྲེལ་པོས་ལས་དོན་མཇུག་སྐྱོང་སླད། ཕྱི་ལོ་ ༢༠༡༡ ཟླ་ ༡༡ ཚེས་ ༥ འཁོད་བཀོད་ཁྱབ་དགོངས་དོན་སྤྱི་འཐུས་པདྨ་འབྱུང་ གནས་དང་། སྤྱི་འཐུས་འཇམ་དབྱངས་བཟོད་པ། སྤྱི་འཐུས་བསྟན་པ་ཡར་ འཕེལ་བཅས་ལ་བསྐོ་གཞག་གནང་ཞིང་གྲུབ་དོན་སྙན་ཐོ་ཕྱི་ལོ་ ༢༠༡༢ ཟླ་ ༧ ཚེས་ ༣༡ ལ་ཚོགས་དྲུང་ལས་ཁུངས་སུ་འབུལ་ཐུབ་པ་དགོས་སྐོར་ཕེབས། སྤྱི་འཐུས་འཇམ་དབྱངས་བཟོད་པ་སྤྱི་འཐུས་རྒྱུན་ལས་ཀྱི་ཆབ་སྲིད་སྡེ ་ཚན་ ཁོངས་ལས་བྲེལ་ཆེ་སྟབས་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༨ ཚེས་ ༡ ཉིན་ དགོངས་པ་ཞུས་འཁྲོལ་བྱུང་འདུག ཚོགས་ཆུང་གི་ཚོགས་མི་རྣམས་ལས་དོན་དམིགས་བཀར་ཅན་འདི་ ཉིད་ཙམ་མིན་པར་བོད་ནང་གི་དོན་རྐྱེན་དང་འབྲེལ་བའི་ཚོགས་ཆུང་གཞན་ མང་དག་ནང་ཡོད་སྟབས་རྒྱས་བཅད་དུས་ཚོད་ལ་མ་ཚར་སྟབས། སླར་ཡང་ཕྱི་ ལོ་ ༢༠༡༣ ཟླ་ ༥ ཚེས་ ༣༡ བར་ཕར་འགྱངས་གནང་བའི་བཀོད་རྒྱ་འབྱོར། དེ་ ནས་སྤྱི་འཐུས་པདྨ་འབྱུང་གནས་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ་གཉིས་ ནས་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༣༠ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་ སྙན་འབུལ་ཞུས་པའི་ནང་དོན་དུ། ངེད་གཉིས་ཀྱི་ལས་ཡུན་རྫོགས་འགྲོ་ཡི་ཡོད་ ཀྱང་། ལོ་རྒྱུས་ཆ་ཚང་རྩོམ་སྒྲིག་མ་ཚར་བའི་རྒྱུ་མཚན་ཚོགས་ཆུང་མང་དག་ ནང་ཡོད་པ་དང་། ལྷག་པར་དུ་བོད་ནང་གི་ཛ་དྲག་གི་གནས་བབ་དང་བསྟུན་ ཞུ་གཏུག་གི་ལས་འགུལ་སོགས་ལ་འགྲོ་དགོས་བྱུང་བ་དང་། ད་དུང་ཡང་འགྲོ་ འཆར་བཅས་ལ་བརྟེན་རྩོམ་སྒྲིག་ཆ་ཚང་བྱེད་ཁོམ་མ་བྱུང་ཡང་། སྐབས་བཅུ་ བཞི་བར་གྱི་རྒྱུ་ཆ་ཕལ་ཆེ་བ་མཁོ་སྒྲུབ་ཟིན་པས། ངེད་གཉིས་ནས་རྒྱུན་མཐུད་ ནས་ལས་ཀ་བྱེད་དགོས་ཡོད་མེད་དང། ཡོད་ཚེ་ལས་རོགས་ལས་བྱེད་གཅིག་ དྲུག


རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ།

དགོས་སྐོར། མེད་ཚེ་རྒྱུ་ཆ་ཁག་སུར་རྩིས་སྤྲོད་དགོས་མིན་བཀའ་སློབ་ལམ་ སྟོན་ཞུས་པར། ཕྱི་ལོ་ ༢༠༡༣ ཟླ་ ༦ ཚེས་ ༣ ཉིན་བཀོད་ཁྱབ་ཕེབས་དགོངས་ སུ། ལས་དོན་རྒྱུན་སྐྱོང་དགོས་པ་དང། ལས་རོགས་སུ་ཚོགས་དྲུང་ལས་བྱེད་ བསོད་ནམས་རྒྱལ་བ་བསྐོ་གཞག་གནང་སྐོར། ཚོགས་ཆུང་གི་ལས་ཡུན་ཕྱི་ ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༣༡ བར་ཚར་བ་དགོས་སྐོར་ཕེབས། ཡང་ཕྱི་ལོ་ ༢༠༡༣ ཟླ་ ༡༠ ཚེས་ ༡༩ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་བཀོད་ཁྱབ་ ཕེབས་དགོངས་སུ། ཚོགས་ཆུང་གི་ཚོགས་མི་གཉིས་རང་འཇགས་ཐོག་ཞུ་སྒོ་ མྱུར་ཆེད་དུ་སྤྱི་འཐུས་རྒྱ་རིགས་ཐར་བསྐོ་གཞག་གནང་། དེ་ནས་ཚོགས་ཆུང་ གི་ཚོགས་གཙོ་གཞུང་དོན་ཕྱོགས་བསྐྱོད་དུ་འགྲོ་བཞིན་པ་དང་། ཚོགས་ཆུང་ གི ་ ལས་ཀའི ་ རྒྱས་བཅད་དུས་ཚོ ད ་གཙང་ལ་ཉེ ་ སྟབས་ཚོ ག ས་མི ་ སྤྱི ་ འཐུས་ བསྟན་པ་ཡར་འཕེལ་དང་སྤྱི་འཐུས་རྒྱ་རིགས་ཐར་གཉིས་ནས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༦ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་སྙན་འབུལ་ཞུས་དོན་ དུ། ད་དུང་གནད་འགག་ཅན་གྱི་ཡིག་ཚགས་ཁག་ཅིག་ལག་སོན་མ་བྱུང་བར་ བཙལ་འཚོལ་དགོས་རྒྱུ་དང་། མཐའ་མའི་ཞུ་དག་ཐེངས་གཉིས་ངེས་པར་འགྲོ་ དགོས་ལགས་པས། ད་ལྟའི་བར་གང་གྲུབ་ཡོད་པ་རྩིས་འབུལ་ཞུས་ན་ལས། དེ་ མིན་ད་དུང་ཟླ་ངོ་གཉིས་ཀྱི་དུས་ཡུན་འཕར་སྣོན་བཀའ་འཁྲོལ་ཡོང་དགོས་སྐོར་ ཞུས་པར། དཔལ་ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༢༧ འཁོད་བཀོད་ཁྱབ་ཏུ་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༨ ནང་ཚུད་ཚོགས་ཆུང་གི་ གྲུབ་དོན་སྙན་ཐོ་ཚོགས་དྲུང་ལས་ཁུངས་སུ་འབུལ་ཟིན་པ་དགོས་སྐོར་ཕེབས། ཡང་ཕྱི་ལོ་ ༢༠༡༣ ཟླ་ ༢ ཚེས་ ༢༠ ཉིན་དཔལ་ལྡན་ཚོགས་གཙོ་སྦྲེལ་པོར་ སྙན་འབུལ་ཞུས་པའི་ནང་རྩ་བའི་རྨང་གཞི་ཆ་ཚང་བཟོས་ཚར་རུང་གལ་གནད་ ཆེ་བའི་ཡིག་ཆ་འགའ་ཤས་ད་ལྟའང་མ་ཐོབ་པ་དང་། མ་འབྱོར་བ། དེ་བཞིན་ ཚོགས་ཆུང་གི་ཚོགས་གཙོ་གཞུང་འབྲེལ་གྱི་ལས་དོན་གཞན་གྱི་ཐོག་ཏུའང་ དུས་ཚོད་མང་དག་གཏོང་དགོས་བྱུང་བ་བཅས་ལ་བརྟེན་དུས་ཁོམ་གྱུར་མིན་ བདུན།


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གྱིས་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༡ བར་ཕར་འགྱངས་ཞུས་པར། དཔལ་ ལྡན་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ ཉིན་ཚོགས་ཆུང་ གི་ཚོགས་མི་གསུམ་བཀའ་འགུག་གིས་ནམ་ཞིག་ཚར་རྒྱུ་ཡིན་གནས་ཕེབས་ པར། ཚོགས་ཆུང་ནས་མ་ཚར་བ་བྱས་པ་མ་ཡིན་པར་ཚོགས་ཆུང་གཞན་མང་ དག་ལ་བསྐོ་གཞག་གནང་བར་བརྟེན་དགོས་ངེས་ཀྱི་དུས་ཚོད་གནང་མ་སོང་ ཞེས་ཞུས། ཕྱི་ལོ་ ༢༠༡༤ ཟླ་ ༢ ཚེས་ ༢༠ དེ་ཉིན་རང་ཕྱི་ལོ་ ༢༠༡༤ ཟླ་ ༥ ཚེས་ ༣༡ བར་ཕར་འགྱངས་ཀྱི་བཀའ་ཁྱབ་གནང་བ་ལྟར་ཡོངས་སུ་ལེགས་ པར་གྲུབ་པ་བཅས་སོ། ། རྩོམ་སྒྲིག་ཚོགས་ཆུང་གི་ལས་དོན་བྱེད་ཕྱོགས་གཙོ་གྲས་ནི། ལོ་རྒྱུས་ ཀྱི་རིན་ཐང་ལྡན་ལ་དུས་དང་སྐབས་སུ་མེད་དུ་མི་རུང་བའི་པར་རིས་དང་། གཏམ་ བཤད། གྲོས་ཆོད། ཁྲིམས་ཡིག བཀའ་ཁྱབ་ལ་སོགས་པ་སྔོག་འདོན་གྱིས་རྒྱུ་ ཆ་འཚོལ་ཞིབ་དང་བདམས་སྒྲུག་བྱེད་རྒྱུ་དེ་ཡིན་པས། གོང་དུ་གསལ་བ་ལྟར་ གཞུང་འབྲེལ་གྱི་ཡིག་སྣོད་རྙིང་པ་ཁག་དང་། གཞུང་འབྲེལ་ཚགས་པར་དང་ དུས་དེབ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ་སོགས་ ཀྱིས་མཚོན་གཞུང་འབྲེལ་ཡིག་ཚགས་གཙོ་བོ་ཁག་གཞི་རྩར་བཟུང་ཡོད་པ་ དང། དེ་ལྟའི་ཡིག་རིགས་འཚོལ་བཤེར་བྱེད་དུས་སྐབས་རེ་ཡིག་སྣོད་སུམ་ཅུ་ བཞི་བཅུ་བཀླགས་ཀྱང་དགོས་ངེས་ཀྱི་རྒྱུ་ཆ་ཡིག་འབྲུ་གཅིག་ཀྱང་མ་ཐོབ་པའི་ གནས་ཚུལ་དེ་འདྲའང་ཇི་སྙེད་ཅིག་བྱུང་མྱོང་ཡོད། རྩ་བའི་ལོ་རྒྱུས་ཀྱི་བྱུང་རབས་དང་གནས་བབ་ངོ་མ་ཇི་བཞིན་སྒྲིབ་ གཡོག་མེད་པར་མངོན་སུམ་དུ་བཀོད་དགོས་ན། གཡོ་སྒྱུ་དང་སྒྲོ་སྐུར་སྤངས་ པའི་ཐོག་ནས་སྐབས་དུས་དེ་དག་གི་དངོས་ཡོད་གནས་སྟངས་དང་ཡ་མ་བྲལ་ བར་བྱེད་རྒྱུ་དེ་ཡིན་པས། ངེ ད ་རྩོ མ ་སྒྲི ག ་པ་དག་གི ས ་ཀྱང་ལོ ་ རྒྱུས་གནས་ བབས་མཚོན་པའི་ཡིག་ཆ་གང་མང་ཞིག་འཚོལ་ཞིབ་དང་རྒྱུས་ལོན་བྱེད་རྒྱུ་རྩ་ བའི་དམ་བཅར་བཟུང་སྟེ། དེབ་འདིའི་མགོ་མཇུག་བར་གསུམ་ལ་འབད་པའི་ བརྒྱད།


རྩོམ་སྒྲིག་པས་ཆེད་དུ་བརྗོད་པའི་གཏམ།

རྩོལ་བ་འབའ་ཞིག་གིས་ལས་མཇུག་བསྡུས་ཡོད། མཐའ་དོ ན ་གསལ་བརྗོ ད ་ཞུ་རྒྱུ་ཞི ག ་ལ་<<བཙན་བྱོ ལ ་བོ ད ་མི འི ་ མང་གཙོའི་བྱུང་བ་བརྗོད་པ།>>ཞེས་པའི་དེབ་ཕྲེང་འདི་གཉིས་ནི། མ་འོངས་ བོ ད ་ཀྱི ་ ལོ ་ རྒྱུས་དོ ན ་གཉེ ར ་ཅན་རྣམས་ལ་བཙན་བྱོ ལ ་བོ ད ་མི འི ་ མང་གཙོ འི ་ བྱུང་རིམ་ཇི་བཞིན་གསལ་རྟོགས་ཡོང་ཆེད། ས་བཅད་བཞི་པ་ནས་བཟུང་ མང་གཙོའི་ལམ་དུ་ཇི་ལྟར་བསྐྱོད་པའི་བརྒྱུད་རིམ་རྣམས་གཞུང་འབྲེལ་ཡིག་ ཚགས་ཁོ་ནར་གཞི་བཅོལ་གྱིས་བཤུ་འབྲི་བགྱིས་པ་ཤ་སྟག་ལས། གང་ཟག་ བྱེ་བྲག་པ་ཞིག་གི་ལྟ་གྲུབ་དང་འདོད་ཞེན་སྒྲུབ་ཐབས་བྱེད་པའི་དཔྱད་གླེང་ལྟ་ བུ་སོགས་གསར་རྩོམ་རིགས་མ་ཡིན་པ་དགོངས་འཇགས་འཚལ། དེ་བཞིན་ དེབ་འདི་གཉིས་ཀྱི་ཐོག་མཐའ་བར་གསུམ་དུ་མ་ཤེས་པའི་དབང་གིས་སྐྱོན་དང་ འཛོལ་བའི་ཆ་ཡང་ཇི་སྙེད་ཅིག་ལྷག་ཡོད་སྲིད་པས་མཁྱེན་ཡངས་ཀློག་པ་པོ་ དག་གིས་དོན་ཕན་ལྡན་པའི་དགོངས་འཆར་འདོན་གནང་ཡོང་བའི་རེ་བ་དང་ བཅས།། མཇུག་མཐར་ཞུ་རྒྱུར་ཐེངས་འདིའི་རྩོམ་སྒྲིག་གི་ལས་རིམ་ཁྲོད་བོད་ ཀྱི ་ དཔེ ་ མཛོ ད ་ཁང་གི ས ་བོ ད ་མི འི ་ རང་དབང་སོ ག ས་དཔྱད་ཡི ག ་དཔེ ་ རྒྱུན་ དཀོ ན ་ཁག་རྣམས་གང་དགོ ས ་ཅི ་ མཁོ ་ ལྟར་ཀ་ཀོ ར ་དུས་འགྱངས་མེ ད ་པར་ གཡར་པོ་གནང་བ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དཔལ་ལྡན་ ཚོགས་གཙོ་སྦྲེལ་པོ་ནས་དགོས་ངོས་ཀྱི་ལམ་སྟོན་གནང་བར་ཐུགས་རྗེ་ཆེ་ཞུ། དེ་བཞིན་ཚོགས་དྲུང་སྟོབས་རྒྱལ་མཆོག་གིས་གཙོས་ལས་བྱེད་རྣམས་ནས་ དགོས་བསྟུན་གྱི་རོགས་འདེགས་མི་ཉུང་བ་ཞིག་གནང་སོན་བྱུང་བར་འདི་ག་ ཚོགས་ཆུང་ནས་ཐུགས་རྗེ་ཆེ་ཞུ་འདོད་བྱུང་། མང་གཙོའི་འཕེལ་རིམ་རྩོམ་སྒྲིག་ཚོགས་ཆུང་ནས། བོད་རྒྱལ་ལོ་ ༢༡༤༡། ཕྱི་ལོ་ ༢༠༡༤ ཟླ་ ༠༥ ཚེས་ ༠༥ ལ། དགུ


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༄༅། །བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ། དཀར་ཆག

ས་བཅད་དང་པོ། ༈ སྤྱིར་མང་གཙོ་ཞེས་པའི་གོ་དོན་དང༌། འཛམ་གླིང་ནང་མང་

གཙོ་ཇི་ལྟར་དར་ཚུལ་དང་འབྲེལ་ནས་མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་ མདོར་བསྡུས་སུ་བཀོད་པ།..................................................༡

ས་བཅད་གཉིས་པ། ༈ རྒྱ་གར་འཕགས་པའི་ཡུལ་གྱི་མང་གཙོའི་འཕེལ་རིམ་

མདོར་བསྟན།................................................................༨

ས་བཅད་གསུམ་པ། ༈ བོད་རྒྱལ་ཁབ་ཀྱི་སྤྱི་བཤད།.......................༡༢ ས་བཅད་བཞི་པ། ༈ བོད་ས་མ་ཤོར་གོང་མང་གཙོའི་ལམ་ལུགས་ཐོག་བསྐྱོད་

འཆར།.....................................................................༢༥

ས་བཅད་ལྔ་པ ༈ བཙན་བྱོལ་བོད་གཞུང་གསར་འཛུགས།................༤༠ ས་བཅད་དྲུག་པ། ༈ ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་ཆོས་སྲིད་

གཉིས་ལྡན་གྱི་བོད་མང་གཙོའི་གཞུང་དབུ་བརྙེས་པ།.....................༤༦ བཅུ།


དཀར་ཆག

ས་བཅད་བདུན་པ། ༈ ལས་ཁུངས་ཁག་དང་། འགོ་ལས། གཞུང་ཞབས། སྒར་

འཐུས།

མི་མང་འཐུས་མི་བཅས་ལེགས་སྒྲིག

ནང་ཁུལ་རྩོད་རྙོག་འཐེན་

འཁྱེར་སོགས་ཐེར་འདོན་ཞི་འཇགས་བཏང་བའི་སྐོར།......................༦༠ ས་བཅད་བརྒྱད་པ། ༈ རྩ་ཁྲིམས་གསལ་བསྒྲགས་ཀྱིས་སྒྲིག་འཛུགས་བསྐྱར་

བཅོས་དང་། གཞུང་རྙིང་པའི་ལས་བྱེད་གོ་མིང་ཕྱིར་བསྡུ། བོད་མི་མང་སྤྱི་ འཐུས་ཚོ ག ས་གཙོ ་ བགྲེས་གཞོ ན ་ཐོ ག ་མར་གསར་དུ་བསྐོ་སྩལ་གནང་བ་ བཅས་ཀྱི་སྐོར།..........................................................༡༠༤

ས་བཅད་དགུ་པ། ༈ བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་ཚུགས་པ་དང་། སྤྱི་

འཐུས་ཚོགས་གཙོ་བགྲེས་གཞོན་གྱི་མཚན་གནས་གཏན་འབེབས། ལས་བསྡོམས་

འབུལ་ཕྱོགས་ཀྱི་ཐག་གཅོད།བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་གི་

སྔོན་འགྲོའི་ཚོགས་ཆེན་འཚོགས་པ་སོགས་ཀྱི་སྐོར།........................༡༩༦ ས་བཅད་བཅུ་པ། ༈ བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་། གྲངས་ཚད།

འོས་འདེམས་བྱེད་ཕྱོགས་ཀྱི་བསམ་ཚུལ་ཁག གཡུང་དྲུང་བོན་གྱི་སྤྱི་འཐུས་

གསར་སྣོན། སྔོན་རྩིས་སྟངས་འཛིན་བྱེད་ཕྱོགས་སྐོར་གྱི་ཐག་གཅོད། མང་

གཙོའི་དུས་དྲན་ཉིན་མོ་གཏན་འཁེལ་བ་བཅས་ཀྱི་སྐོར།..................༢༤༡ ས་བཅད་བཅུ་གཅིག་པ། ༈ སྤྱི་འཐུས་གྲངས་ཚད་སྣོན་འཕྲི་དང་ལས་ཡུན་ལོ་

ལྔར་གཏན་འབེབས། ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་ འཆར།

སྐབས་བརྒྱད་པ་དང་དགུ་བའི་སྤྱི་འཐུས་སྤྱི་ནོར་༸གོང་ས་༸སྐྱབས་ བཅུ་གཅིག


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མགོན་ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་གནང་བ།

བོད་མི་མང་སྤྱི་འཐུས་ཚོགས་ཁང་གསར་བསྐྲུན་བཅས་ཀྱི་སྐོར།..........༣༥༤ ས་བཅད་བཅུ་གཉིས་པ། ༈ བོད་མི་མང་སྤྱི་འཐུས་འོས་འདེམས་བྱ་ཕྱོགས་

སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས། སྲི་ཞུའི་ཚོགས་ཆེན་

མཐའ་མ་འཚོགས་པ་དང་མང་གཙོའི་ངོ་བོ་མཚན་ཉིད་ཚང་བ་ཡོང་སླད་ཚོགས་

ཆེན་བསྡུ་སྐོང་གནང་འཆར་བཅས་ཀྱི་སྐོར།..............................༤༢༠

བཅུ་གཉིས།


མང་གཙོའི་གོ་དོན་དང་བྱུང་རབས།

ས་བཅད་དང་པོ། ༈ སྤྱིར་མང་གཙོ་ཞེས་པའི་གོ་དོན་དང༌། འཛམ་ གླིང་ནང་མང་གཙོ་ཇི་ལྟར་དར་ཚུལ་དང་འབྲེལ་ནས་ མང་གཙོའི་རིང་ལུགས་ཀྱི་འཕེལ་རིམ་ མདོར་བསྡུས་སུ་བཀོད་པ།

༄༅། མང་གཙོ་ཞེས་པའི་ཐ་སྙད་ནི་ཐོག་མར་གྷི་རིག་ཡུལ་དུ་ཕྱི་

ལོ་མ་བྱུང་གོང་གི་ ༥༠༧ ལོར་ (BCE) བྱུང་བ་ཞིག་ལ་ངོས་འཛིན་བྱེད་ཅིང་།

དེ་ཡང་གྷི་རིག་གི་ཡི་གེར་ཌེ་མོ་སེ་ (demos) ཞེས་པ་མི་མང་དང༌། ཀ་ར་ ཊོསེ་(kratos) ཞེས་པ་དབང་བསྒྱུར་རམ་ནུས་པ་ལ་གོ་བ་ཡིན།

ཨེ་ཐེན་སི་(Athens) ནང་མི་མང་གི་ནུས་པ་ཞེས་པའི་ཚིག་དེ་དེང་

དུས་སུ་གོ་དོན་དེ་ལྟར་མིན་པ་ཞིག་ལ་གོ་ཡི་ཡོད། མི་མང་ངམ་མི་སེར་རྣམས་

ཀྱིས་རང་གི་འདོད་མོས་ཀྱིས་ཐད་ཀའི་བྱེད་ལས་བརྒྱུད་གྲོས་ཚོགས་ཀྱི་སྲིད་ བྱུས་ཐོག་ཁ་གཅུན་བྱེད་ཀྱི་ཡོད།

གཞན་ཡང་མི་སེར་རྣམས་ལ་ཁྲིམས་དཔོན་གྱིས་གཙོས་གཞུང་གི་

འཛི ན ་སྐྱོང་ལས་དོ ན ་ཐོ ག ་རྒྱན་རྒྱག་གི ས ་འདེ མ ས་ཐོ ན ་གོ ་ སྐབས་རག་གི ་

ཡོད་ལ། མི་སེར་རྣམས་ནས་ལྷན་འཛོམས་བྱེད་དགོས་ཀྱི་ཡོད། ལྷན་འཛོམས་

དེའི་ཐོག་མི་སེར་ཚང་མས་རང་གི་བསམ་ཚུལ་བཤད་ཆོག་ལ། འོས་འཕེན་

ཡང་ཆོག་པ་དང༌། དེ་བཞིན་དུ་མངའ་སྡེའི་ཁྲིམས་རྣམས་བཟོ་ཡི་ཡོད། དམག་

དཔོ ན ་དང་དེ ་ འབྲེ ལ ་ལས་བྱེ ད ་གཞན་རྣམས་ཀྱང་འོས ་འདེ མ ས་བརྒྱུད་བསྐོ་ གཞག་བྱེད་ཀྱི་ཡོད།

དེ་བས་མང་གཙོ་ཞེས་པའི་གོ་དོན་ངོ་མར་མི་མང་གི་

དབང་བསྒྱུར་རམ་ཡང་ན་ནུས་པ་ལ་གོ་དགོས། མང་གཙོར་འགྲེལ་ཚུལ་མི་ 1


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདྲ་བ་ཇི་སྙེད་ཅིག་ཡོད་ཀྱང་མདོ་དོན་སྙིང་པོར་མི་མང་གིས་དངོས་ཤུགས་

བརྒྱུད་གསུམ་གྱི་སྒོ་ནས་འཛིན་སྐྱོང་བྱེད་པ་གང་ཞིག་ལ་སྒྲུབ་ཆ་གང་ཅི་མི་ མང་གི ་ འདོ ད ་མོ ས ་ལྟར་བདག་སྤྲོ ད ་འཛི ན ་སྐྱོང་བྱེ ད ་པའི ་ གཞུང་ཞི ག ་ལ་གོ ་

དགོས།

སྤྱི ར ་མང་གཙོ འི ་ རི ང ་ལུགས་ནི ་ སྲི ད ་དོ ན ་གྱི ་ ལྟ་གྲུབ་ཅི ག ་ཡི ན ་པ་

དང༌། དེ་ནི་ཚོགས་པའམ་སྤྱི་ཚོགས་ཤིག་གི་སྒྲིག་ཁྲིམས་དང་སྲིད་བྱུས་ཐད་

མཉམ་བསྡུས་ཐོག་གཏན་ལ་ཕབ་པའི་ཐག་གཅོད་དང་འབྲེལ་བ་ཡོད། དེ་འདྲའི་ ཐག་གཅོད་རྣམས་འདྲ་མཉམ་དུ་མཉམ་བསྡུས་སུ་རྩིས་པའི་ཚོགས་མི་མཐའ་

དག་གིས་བཟུང་བའི་ཁ་གཅུན་ནུས་པ་དང་འབྲེལ་དགོས།

གནའ་དུས་མང་གཙོ འི ་ ལམ་ལུགས་ཀྱི ་ སྐོར་ལ་དཔེ ་ མཚོ ན ་ཙམ་

ཞུས་ན། ཡེ་ཤུའི་སྟོན་པ་མ་བྱོན་གོང་གི་དུས་རབས་དྲུག་པའི་ནང་ཡུལ་ཨི་ རན་དུ་ཕྱེད་མང་གཙོའི་རྣམ་པ་ཞིག་བྱུང་ཡོད། འོན་ཀྱང་དེ་ནི་ཡུལ་ལུང་རྒྱལ་ པོ་ཞིག་གི་རིང་ལུགས་བརྒྱུད་ནས་བྱུང་བ་དང༌།

སྐབས་དེ་དུས་རྒྱ་གར་དུ་

ནང་པ་སངས་རྒྱས་པའི་ཆོས་ལུགས་དར་ཡོད་པས། ནང་པ་སངས་རྒྱས་པའི་ ཆོས་ལུགས་ནང་རིགས་རུས་དབྱེ་འབྱེད་བྱ་སྲོལ་མེད་པར་དགེ་འདུན་གྱི་སྡེ་

དང་ཚོགས་ཀྱི་གཙོ་བོ་ཡོད་པའི་མང་གཙོའི་ལམ་སྲོལ་ཞིག་བྱུང་བར་གྲགས་ ལ། དེ་ནི་ཕྱི་ལོའི་དུས་རབས་བཞི་པའི་བར་གནས་ཡོད་ཚོད་འདུག

དུས་རབས་བར་མའི་ནང་ཕྱི་རྒྱལ་ཡུལ་གྲུ་ཨ་ཡེ་སི་ལེན་ཌི་དང༌། ཨུ་

རུ་སུ། སུད་སི་དང༌། ཉི་ཧོང་ནང་མི་འབོར་མང་ཉུང་ལ་མ་ལྟོས་པར་ཚོ་ཁག་

འོས་བསྡུ་བྱ་རྒྱུའི་ལམ་སྲོལ་འདྲ་མིན་བྱུང་ཡོད། དེ་ནི་མི་མང་གྲངས་ཉུང་ཞིག་

མཉམ་ཞུགས་ཀྱིས་ལག་བསྟར་བྱས་པ་ཡིན་པས་དཔོན་རྒྱུད་ལམ་སྲོལ་རང་

ལ་རྩིས་ན་ལེགས་པར་སྙམ།

དུས་རབས་བཅུ་དྲུག་དང་བཅུ་བདུན་ནང་ཡུ་ཀེ་རེན་དུ་མང་གཙོའི་ 2


མང་གཙོའི་གོ་དོན་དང་བྱུང་རབས།

ལམ་སྲོལ་ལྟ་བུ་ཞིག་བྱུང༌། དེའི་འགོ་ཁྲིད་དེ་ས་གནས་རྫོང་ཁག་གི་འཐུས་མི་

རྣམས་ཀྱིས་འོས་འདེམས་བྱེད་ཀྱི་ཡོད་པ་དང༌། མངའ་སྡེ་དེ་དག་ཏུ་དམག་གི་ དབང་ཤུགས་ཆེ་བས་འགོ་ཁྲིད་ཀྱི་འོ ས་གཞིའི་ནང་དམག་མིར་ཞུགས་མྱོང་

མཁན་རྣམས་ཞུགས་ཆོག་པ་དང༌།

ཕྱིས་སུ་དམག་མི་གོ་གནས་མཐོ་གྲས་

རྣམས་ལ་ཐོབ་ཐང་དེ་བཞིན་སྤྲད་ཡོད། སྐབས་དེ་དུས་ཀྱི་རོབ་རྒྱལ་ཁབ་ཕལ་ ཆེ་བ་ཞིང་བྲན་ལམ་ལུགས་འོག་གནས་ཡོད།

ཕྱི་ལོ་ ༡༢༦༥ ལོར་ཨིན་ལེན་ནང་འོས་བསྡུའི་བརྒྱུད་བྱུང་བའི་གྲོས་

ཚོགས་དང་པོ་དེ་ཌིམོནཊིཕོརཊ་ De Montforts ཞེས་པ་དེ་ཡིན། གྲོས་ ཚོ ག ས་དེ ས ་རྒྱལ་པོ འི ་ དབང་ནུས་ཉུང་དུ་བཏང་ནས་འབངས་ཀྱི ་ ཐོ བ ་ཐང་

འགའ་ཞིག་སྲུང་སྐྱོབ་བྱས་ཏེ་སྐྱེ་བོ་སྒེར་གྱི་རང་དབང་ལ་བརྩི་སྲུང་བྱས་ཡོད།

ཁོང་ཚོར་ཁྲིམས་འགལ་གྱིས་བཙོན་འཇུག་སོགས་བྱུང་ཚེ་ཁྲིམས་ཁང་ལ་ཞུ་ གཏུགས་བྱེད་པའི་ཐོབ་ཐང་ཡོད། འོན་ཀྱང་དབང་ཆ་དངོས་སུ་འཛིན་མཁན་ མི་དྲག་ཉུང་ཤས་ཤིག་ཆགས་ཡོད།

གྲོས་ཚོ ག ས་མི ་ འབོ ར ་གྱི ་ བརྒྱ་ཆ་གསུམ་ལས་ཉུང་བས་འོས ་བསྡུ་

བྱེད་ཀྱི་ཡོད་པའི་ལམ་ལུགས་དེ་ནི་ཕྱི་ལོ་ ༡༧༨༠ བར་གནས་ཡོད། གྲོས་ ཚོ ག ས་སྐོང་ཚོ ག ས་ཀྱི ་ དབང་ཆ་རྒྱལ་པོ ས ་བཟུང་བ་ནས་རི མ ་པས་རྗེ ས ་ཀྱི ་

དུས་རབས་རྣམས་སུ་གྲོས་ཚོགས་ཀྱི་དབང་ཆ་ཇེ་མང་དུ་ཕྱིན་པ་དང༌། ཕྱི་ལོ་

༡༦༨༨ ལོར་གཟི་བརྗིད་ཆེ་བའི་གསར་བརྗེ་བྱུང་སྟེ་ཕྱི་ལོ་ ༡༦༨༩ ལོར་

ཁྲིམས་གསར་པ་ཞིག་གཏན་ལ་ཕབ་པ་བརྒྱུད་གྲོས་ཚོགས་ཀྱི་དབང་ཆ་སྔར་ ལས་ཆེ་རུ་བཏང་ནས་རྒྱལ་པོའི་དབང་ཆ་དཔོན་པོའི་མིང་ཙམ་དུ་གྱུར་ཡོད།

ཕྱི་ལོ་ ༡༧༨༨ ལོར་ཨ་རིའི་ནང་སྔོན་ལ་རང་བཙན་གསལ་བསྒྲགས་

གནང་བ་དང་། དེའི་རྗེས་རྩ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ཅིང་དེའི་ནང་

འོས་འདེམས་བརྒྱུད་ནས་བྱུང་བའི་གཞུང་ཞིག་དགོས་པ་དང༌། དེས་མི་མང་ 3


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁག་ཅིག་གི་ཐོབ་ཐང་དང་རང་དབང་སྲུང་སྐྱོབ་དགོས་པ་གསལ་ཡོད།

ཕྱི་ལོ་ ༡༧༧༦ ལོའི་སྔ་རྗེས་ཀྱི་ཕྱི་མིས་བཙན་འཛུལ་དུས་ཡུན་

རི ང ༌མཁར་དབང་ཡོ ད ་པའི ་ མི ་ རི ག ས་དཀར་པོ འི ་ སྐྱེས་པ་རྐྱང་པས་འོས ་

འཕེན་ཆོག་ལ། ལྷོ་ཨ་ཧྥི་རི་ཀའི་མི་རིགས་ཀྱི་བྲན་གཡོག་རྣམས་དང༌། མི་ རིགས་ནག་པོ་གཞན་རྣམས་ལ་དེའི་ཐོབ་ཐང་མེད།

ཕྱི་ལོ་ ༡༨༤༠ སླེབས་མཚམས་མཁར་དབང་བདག་བཟུང་ཅན་ཡིན་

དགོས་པའི་ཆ་རྐྱེན་དེ་ཡང་མེད་པར་བཟོས་ལ། མི་རིགས་དཀར་པོའི་སྐྱེས་པ་

རྒན་གྲས་ཕལ་ཆེ་བས་ས་གནས་དང༌། མངའ་སྡེ། རྒྱལ་ཁབ་ཀྱི་དཔོན་པོའི་ འོས་བསྡུ་ནམ་བྱུང་སྐབས་འོས་འཕེན་ཆོག་པ་ཡིན།

ཕྱི་ལོ་ ༡༨༦༠ ལོར་སླེབས་དུས་མི་རིགས་ནག་པོའི་བྲན་གཡོག་མི་

འབོར་ས་ཡ་བཞི་ཙམ་ལ་འཕེལ་རྒྱས་ཕྱིན་ཡོད་པས། མི་རིགས་དཀར་ནག་

དབར་ནང་འཁྲུག་བྱུང་ཞིང་རྗེས་སུ་བཙན་བསྐུལ་བྲན་གཡོག་གསར་དུ་གློད་

བཀྲོལ་བྱས་པ་རྣམས་མི་སེར་དུ་བསྒྱུར་བ་དང༌། སྐྱེས་པ་རྣམས་ལ་འོས་འཕེན་ བྱེད་རྒྱུའི་མིང་ཙམ་གྱི་ཐོབ་ཐང་ཞིག་ཀྱང་བཟོས་ཡོད་མོད། ཐོབ་ཐང་ཆ་ཚང་བ་ནི་ཕྱི་ལོ་

༡༩༦༥

འོས་འཕེན་གྱི་

ལོའི་ཨ་རིའི་གཞུང་གི་ཀོང་རེ་སི་

(Congress) ཚོགས་པའི་འོས་འདེམས་ཐོབ་ཐང་གི་ཁྲིམས་གཞི་བརྒྱུད་ཨ་ཧྤི་

རི་ཀ་དང་ཨ་མི་རི་ཀའི་མི་རིགས་ཐོབ་ཐང་ཚོགས་པ་ ༡༩༥༥། ༡༩༦༨ ངོས་ ལེན་བྱུང་བ་ནས་བཟུང་ཐོབ་ཡོད།

ཕ་རན་སི འི་ ནང་ཕྱི་ ལོ ་ ༡༨༤༨ ལོ ར་གསར་བརྗེའི ་ ངོ་ རྒོལ་བྱུང་

སྐབས་ཀྱི ་ ཕྱི ་ ཟླ་གསུམ་པའི ་ ནང་རྒྱལ་སྤྱི འི ་ སྐྱེས་པའི ་ འོས ་འཕེ ན ་ཐོ བ ་ཐང་ གསར་འཛུགས་བྱས་པ་དེ ་ ནི ་ མང་གཙོའི ་ འཕེ ལ ་རི མ ་གྱི ་ ལོ་རྒྱུས་ཐོག་ འགྱུར་མཚམས་ཀྱི་ས་ཚི ག ས་གལ་ཆེན ་ཞིག ་ཆགས་ཡོད། 4


མང་གཙོའི་གོ་དོན་དང་བྱུང་རབས།

དེ་སྔོན་ཕྱི་ལོ་ ༡༧༨༩ ལོའི་དུས་འགྱུར་ནང་ཚུད་པའི་ཕ་རན་སིའི་

ཡུལ་གྲུས་གསལ་བསྒྲགས་གསར་པ་ཞི ག ་བྱས་པ་དེ ་ དུས་ཡུན་རི ང ་པོ ར ་

གནས་མ་ཐུབ་ཀྱང༌། ཕྱི་ལོ་ ༡༧༩༢ ལོར་རྒྱལ་ཡོངས་ལྷན་ཚོགས་དེ་སྐྱེས་པ་

རྐྱང་པས་འོས་འཕེན་གྱིས་བདམས་ཐོན་བྱུང་བ་དང་། ཕྱི་ལོ་ ༡༨༤༨ ལོར་ཡུ་

རོ བ ་ཡུལ་གྲུ་མང་པོ ར ་གསར་བརྗེ འི ་ ངོ ་ རྒོལ་ཐེ ང ས་ཁ་ཤས་བྱུང་ཡོ ད ་པ་

བཅས་ནི ་ མི ་ མང་གི ས ་ཡུལ་ཁམས་ཀྱི ་ འགོ ་ ཁྲི ད ་ནས་རང་དབང་ཅན་གྱི ་ རྩ་

ཁྲིམས་དང༌།

མང་གཙོའི་རྣམ་པ་ཆེས་ཆེར་ལྡན་པའི་གཞུང་ཞིག་མཁོ་བའི་

དགོས་འདུན་བཏོན་པ་ལས་བྱུང་བ་ཞིག་རེད།

ཨོ་སི་ཀྲི་ལི་ཡའི་རྒྱལ་ཁབ་ལྟ་བུར་ཆ་མཚོན་ན། ཕྱི་མི་བཙན་འཛུལ་

བས་བཙན་བཟུང་བྱས་པའི་ས་ཆ་ཁག་དུས་རབས་ཉི་ཤུ་པའི་དཀྱིལ་ཙམ་དུ་

མང་གཙོར་བསྒྱུར་ཐུབ་ཡོད། ལྷོ་ཨོ་སི་ཀྲི་ལི་ཡའི་གཞུང་གིས་ཕྱི་ལོ་ ༡༨༦༡

ལོར་བུད་མེད་འོས་འཕེན་ཐོབ་ཐང་གཏན་འབེབས་གནང་བ་དེས་ལྷོ་ཨོ་སི་ཀྲི་

ལི ་ ཡ་ནི ་ འཛམ་གླི ང ་ནང་བུད་མེ ད ་ལ་འོས ་འཕེ ན ་ཐོ བ ་ཐང་གནང་མཁན་གྱི ་ གཞུང་དང་པོར་གྱུར་ཡོད།

ནིའུ་ཛི་ལེནཊ་ཡིས་ཕྱི་ལོ་ ༡༨༦༧ ལོར་ས་གནས་མའོ་རི་མི་རིགས་

རྣམས་ལ་འོས་འཕེན་གྱི་ཐོབ་ཐང་སྤྲད་པ་དང༌། ཕྱི་ལོ་ ༡༨༧༩ ལོར་མི་རིགས་ དཀར་པོའི་སྐྱེས་པ་རྣམས་དང༌། ཕྱི་ལོ་ ༡༨༩༣ ལོར་ཡུལ་གྲུ་དེའི་བུད་མེད་

རྣམས་ལའང་འོས་འཕེན་གྱི་ཐོབ་ཐང་སྤྲད་ཡོད། དེ་བས་ནིའུ་ཛི་ལེནཊ་ཡི་ས་

གནས་མའོ་ རི ་ མི ་ རིག ས་རྣམས་ནི་ རྒྱལ་ཡོ ངས་ནང་འོས ་འཕེ ན ་གྱི་ ཐོ བ ་ཐང་ ཡོད་མཁན་ཆེ་གྲས་དང་པོ་དེ་ཆགས་ཡོད། འོན་ཀྱང་ཕྱི་ལོ་ ༡༩༡༩ ལོའི་བར་ བུད་མེད་རྣམས་ལ་འོས་འཕེན་གྱི་ཐོབ་ཐང་ཡོད་པ་ཙམ་ལས་གྲོས་ཚོགས་ཀྱི་ འོས་གཞིར་ཞུགས་ཆོག་གི་མེད།

དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པ་བྱུང་རྗེས་ནུབ་ཕྱོགས་ཡུ་ 5


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རོབ་ཁུལ་དུ་སྔར་ལས་ལྷག་པའི་འགྱུར་འགྲོས་ཆེན་པོ་བྱུང་ཡོད། དཔེར་ན། ཨ་

རི་དང༌། ཨིན་ལེན། ཕ་རན་སི་བཅས་ཀྱིས་དབང་སྒྱུར་འོག་ཡོད་པའི་འཇར་མ་

ནི་དང༌། ཉི་ཧོང༌། གཞན་ཡང་ཨོ་སི་ཀྲི་རི་ཡ། ཨི་ཊ་ལི་བཅས་པར་མང་གཙོའི་

ལམ་ལུགས་ཐོག་ལམ་ལྷོངས་ལྡན་པའི་ངང་བསྒྱུར་བཅོས་བཏང་བར་བརྟེན། ཕྱིས་སུ་རྒྱལ་ཁབ་གཞན་དག་རྣམས་ཀྱི་གཞུང་ཁག་ལ་བསྒྱུར་བཅོས་གཏོང་ བར་མིག་དཔེར་འོས་པ་ཆགས་ཡོད།

འོན་ཀྱང་ཨུ་རུ་སུའི་དབང་སྒྱུར་འོག་

ཚུད་པའི་ཤར་འཇར་མ་ནི་ཐེ་བའི་ཤར་ཕྱོགས་ཡུ་རོབ་ས་ཁུལ་མང་ཆེ་བ་མང་

གཙོ་བཅོས་སྒྱུར་གྱི་གོ་སྐབས་མ་རག་པར་ཨུ་རུ་སུའི་བཙན་འཛུལ་འོག་གི་

སྡེ་ཁག་བྱེ་བྲག་པའི་གནས་སྟངས་འོག་ལྷག་ཡོད།

སྤྱིར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཕྱི་མི་མཐར་

སྐྲོད་བྱས་ཏེ་རྒྱལ་ཁབ་གསར་པ་བསྐྱར་འཛུགས་ཀྱིས་རང་བཙན་བྱུང་བ་ཕལ་

ཆེ་བར་མང་གཙོའི་རྩ་ཁྲིམས་གཏན་འབེབས་བྱུང་ཡོད་པ་ནང་བཞིན། རྒྱ་གར་

རྒྱལ་ཁབ་ཀྱང་འཛམ་གླིང་ནང་མང་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྱུར་བ་དང༌།

དུས་ད་ལྟའང་མུ་མཐུད་མང་གཙོ འི་ ལམ་ལུགས་ཐོ ག་འགྲོ་དང་འགྲོ་མུས་སུ་

ཡོད།

དུས་རབས་ཉི་ཤུ་པའི་ནང་རང་དབང་འཐབ་རྩོད་དང༌། དམག་འཁྲུག

གསར་བརྗེའི་ངོ་རྒོལ། བཙན་འཛུལ་བ་མཐར་སྐྲོད། ཆོས་ལུགས་དང་དཔལ་

འབྱོ ར་སོ ག ས་གནས་སྟངས་འདྲ་མིན ་ཐད་ཀྱི་ འཐབ་རྩོ ད་ལ་བརྟེན་ནས་མང་ གཙོའི་ལམ་ལུགས་ཐོག་བསྐྱོད་མཁན་མང་དུ་འཕེལ་ཡོད།

ཕྱི་ལོ་ ༡༩༧༠ ཐམ་པའི་མཇུག་དང༌། ༡༩༨༠ ཐམ་པའི་འགོ་སྟོད་དུ་

སི་པེན་དང༌། པོར་ཏུ་གྷལ། གཞན་ཡང་ལྷོ་ཨ་མི་རི་ཀའི་ནང་དམག་མིའི་

བཀའ་འོག་ཏུ་ཡོ ད ་པའི ་ ཡུལ་ལུང་ཁ་ཤས་མི ་ མང་གི ་ དབང་བསྒྱུར་ལ་ཁ་

ཕྱོགས་ཡོད། དེ་ཡང་ཨར་ཇེན་ཊི་ན་ཕྱི་ལོ་ ༡༩༨༣ དང༌། བྷོ་ལི་ཝི་ཡ་དང༌། 6


མང་གཙོའི་གོ་དོན་དང་བྱུང་རབས།

ཨུ་རུ་གྷ་ཡེ་ཕྱི་ལོ་ ༡༩༨༤ ། བྷ་ར་ཛིལ་ཕྱི་ལོ་ ༡༩༨༥ ། ཅི་ལི་ཕྱི་ལོ་ ༡༩༩༠

ཐམ་པའི་འགོ་སྟོད་བཅས་ལ་མང་གཙོར་བསྒྱུར་ཐུབ་པ་རེད། དེ་བཞིན་དུ་ཕྱི་ ལོ་ ༡༩༨༠ ལོ་སྟེ་དུས་རབས་ཉི་ཤུའི་དཀྱིལ་དང་མཇུག་གི་དུས་སུ་ཤར་ཨེ་ ཤ་དང་ལྷོ་ཨེ་ཤ་ཡའི་རྒྱལ་ཁབ་དག་ལའང་འགྱུར་བ་རིམ་པར་བྱུང་།

ཕྱི་ལོ་ ༡༩༩༠ ལོའི་ནང་ལྷོ་ཨ་ཧྥི་རི་ཀ་གཙོ་བོར་གྱུར་པའི་ཨ་ཧྤི་རི་

ཀའི་རྒྱལ་ཁབ་འགའ་ཞིག་གི་ནང་རང་དབང་འཕེལ་རྒྱས་ཐད་ཀྱི་འགྱུར་བའི་ གོམ་འགྲོས་ཇེ་མགྱོགས་སུ་ཕྱིན་ཡོད་པ་དང་། ཉེ་བའི་དུས་སུ་རང་དབང་ཅན་

ལ་སྒྱུར་ཐབས་བྱེད་མཁན་ཀྱི་དཔེ་མཚོན་འགའ་ཞིག་ཡོད་པ་ནི། ཨིན་ཌོ་ནེ་ཤི་

ཡ་དང༌། ཡུ་གོ་ས་ལ་ཝི་ཡ་དང༌། ཇོར་ཇི་ཡ། ཡུ་ཀེ་རེན་དང༌། ཀིར་གྷིསྠིན་ རྣམས་རེད།

དེ ང ་གི ་ ཆར་འཛམ་གླི ང ་སྟེང་མང་གཙོ འི ་ གཞུང་ཅན་གྱི ་ རྒྱལ་ཁབ་

༡༢༣ ཡོད་པ་དང༌། ཕྱི་ལོ་ ༡༩༧༢ ནས་དུས་རབས་ཉེར་གཅིག་པའི་འགོ་ སྟོད་བར་མང་གཙོའི་ལམ་ལུགས་ཐོག་བསྐྱོད་མཁན་གྱི་རྒྱལ་ཁབ་ ༤༠ ཙམ་ མང་དུ་འཕེལ་ཡོད་པ་བཅས་སོ།།

7


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བརྗོད་པ།

ས་བཅད་གཉིས་པ། ༈ རྒྱ་གར་འཕགས་པའི་ཡུལ་གྱི་མང་ གཙོའི་འཕེལ་རིམ་མདོར་བསྟན།

རྒྱ་གར་ནི་འཛམ་གླིང་ནང་མི་འབོར་མང་པོའི་མང་གཙོའི་རྒྱལ་ཁབ་

ཆེ་ཤོས་དེ་ཡིན་ལ། སྲིད་དོན་ཚོགས་པ་མང་པོ་ཡོད་པའི་གྲོས་ཚོགས་ལམ་

སྲོལ་ཅན་གྱི་མི་མང་མང་གཙོའི་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་ཆ་ ནས། དེར་རྒྱ་གར་རྒྱལ་ཡོངས་ཀོང་རེ་སི་(Congress)ཚོགས་པ་དང་། རྒྱ་

གར་ཇན་ཏ་(Janta)ཚོགས་པ་ཐེ་བའི་རྒྱལ་ཡོངས་ཀྱིས་ངོས་ལེན་ཡོད་པའི་ ཚོགས་པ་དྲུག དེ་བཞིན་ས་ཁུལ་གྱི་ཚོགས་པ་ ༤༠ བརྒལ་བ་ཡོད།

རྒྱ་གར་གྱི་ཆབ་སྲིད་ལམ་སྲོལ་ནང་ཀོང་རེ་སི་(Congress) ཚོགས་

པ་དབུས་གཡོན་ཕྱོགས་ཚོགས་པའམ་ “གུ་ཡངས་” ཚོགས་པ་དང་། རྒྱ་གར་

ཇན་ཏ་ (Janta) ཚོགས་པ་དབུས་གཡས་ཕྱོགས་ཚོགས་པའམ་ “ རྙིང་ཞེན་” ཚོགས་པར་ངོས་འཛིན་གྱི་ཡོད།

ཕྱི་ལོ་ ༡༩༥༠ ལོར་རྒྱ་གར་མི་སེར་རྒྱལ་ཁབ་བམ་ཡུལ་མིའི་རྒྱལ་

ཁབ་ཐོ ག ་མ་བྱུང་བ་ནས་ལོ ་ རབས་བརྒྱད་ཅུ་རྫོ ག ས་མཚམས་བར་གྱི ་ དུས་ ཡུན་མང་ཆེ་བར་ཀོང་རེ་སི་ (Congress) ཚོགས་པར་གྲོས་ཚོགས་ནང་མང་ མོས་ཐོབ་སྟེ་དབང་ཆ་བཟུང་ཡོད་མོད།

རྗེས་སུ་ཀོང་རེ་སི་(Congress)

ཚོགས་པས་རིམ་གྱིས་རྒྱ་གར་ཇན་ཏ་ (Janta) ཚོགས་པ་དང་མཉམ་དུ་ཆབ་ སྲིད་ཀྱི་ལྡིང་ཆ་བཟུང་ཡོད་པ་དང་། དེ་མཚུངས་སུ་དབུས་ཚོགས་མང་མཉམ་

འབྲེ ལ ་ཚོ ག ས་པ་བཟོ ་ བར་ཡང་ཡང་གནོ ན ་ཤུགས་སྤྲོ ད ་མཁན་གྱི ་ ས་ཁུལ་

ཚོགས་པ་སྟོབས་ལྡན་དག་དང་མཉམ་དུའང་སྡིངས་ཆ་དེ་བཟུང་ཡོད། 8


རྒྱ་གར་གྱི་མང་གཙོའི་འཕེལ་རིམ་མདོར་བསྟན།

ཕྱི་ལོ་ ༡༩༥༡། ༡༩༥༧ དང་། ༡༩༦༢ སོ་སོར་རྒྱ་གར་མི་སེར་

རྒྱལ་ཁབ་བམ་མི་ མང་རྒྱལ་ཁབ་ཁྲོད་བྱུང་བའི་ རྒྱལ་ཡོངས་འོས ་བསྡུའི་ ནང་

ཇོ ་ ཝ་ཧར་ལཱལ་ནེ ཧ ་རུ་མཆོ ག ་གི ས ་འགོ ་ ཁྲི ད ་པའི ་ ཀོ ང ་རེ ་ སི ་ (Congress) ཚོགས་པར་ལས་སླ་པོར་རྒྱལ་ཁ་ཐོབ་ཡོད།

ཕྱི་ལོ་ ༡༩༦༤ ལོར་ནེཧ་རུ་གྲོངས་རྗེས་ལཱལ་བྷཧ་རྡུར་ཤཱསྟྲི་མཆོག་

གིས་འཁྱུག་ཙམ་སྲིད་བློན་གནང་ཞིང་། ཕྱི་ལོ་ ༡༩༦༦ ལོར་ཁོང་གློ་བུར་

འདས་གྲོངས་གྱུར་རྗེས་ལྕམ་སྐུ་ཨིན་རྡི་ར་གྷན་རྡི་མཆོག་གིས་སྐུ་དབང་བཟུང་

བའི་དུས་ཡུན་རིང་ཕྱི་ལོ་ ༡༩༦༧ དང་ ༡༩༧༡ སོ་སོར་ཀོང་རེ་སི་(Congress) ལ་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད།

ཕྱི་ལོ་ ༡༩༧༥ ལོར་ཁོ་མོས་ཛ་དྲག་དུས་སྐབས་ཆེད་བསྒྲགས་སྤེལ་

བར་མང་ཚོ ག ས་ཀྱི ས ་འདོ ད ་མོ ས ་མ་བྱས་པས་ཀོ ང ་རེ ་ སི ་ (Congress)

ཚོགས་པའི་དབང་ཆ་ཕྱི་ལོ་ ༡༩༧༧ ལོར་ཤོར་དགོས་བྱུང་བ་དང་། ཚོགས་

པ་གསར་པ་ཇན་ཏ་ (Janta) ཚོགས་པས་ཛ་དྲག་ཆེད་བསྒྲགས་ལ་ངོ་རྒོལ་

བྱས་པའི་རྐྱེན་གྱིས་གཞུང་གི་དབང་ཆ་ཁོང་ཚོར་ཐོབ་སྟེ་ལོ་གསུམ་ལྷག་ཙམ་ གནས་ཐུབ་ཡོད།

ཕྱི་ལོ་ ༡༩༨༠ ལོར་ཡང་བསྐྱར་ཀོང་རེ་སིར་ (Congress) གཞུང་

འཛིན་དབང་ཆ་ཐོབ་ཀྱང་ཕྱི་ལོ་ ༡༩༨༤ ལོར་ལྕམ་སྐུ་ཨིན་རྡི་ར་གན་རྡི་སྐུ་ བཀྲོངས་རྗེས་ཀོང་རེ་སི་(Congress) ཚོགས་པའི་འགོ་ཁྲིད་ལ་འགྱུར་བ་བྱུང་

ཡོད། ཁོ་མོའི་སྲས་ར་ཇིབ་གན་རྡི་མཆོག་དེ་ལོའི་མཇུག་ཏུ་རྒྱལ་ཡོངས་འོས་

བསྡུ་ཆེན་མོའི་ནང་ལས་སླ་པོར་རྒྱལ་ཁ་ཐོབ་སྟེ་དབང་ཆ་རྗེས་འཛིན་གནང་། ཕྱི་ལོ་ ༡༩༨༩ ལོར་གསར་དུ་བྱུང་བའི་ཚོགས་པ་ཇན་ཏ་རྡལ་ལེཕ་ཊི་ཕོ་རོན་ ཊ་དང་སྦྲེལ་ཏེ་མཉམ་འབྲེལ་ཚོགས་པར་ (National Front) རྒྱལ་ཁ་ཐོབ་

རྗེས་ཀོང་རེ་སི་(Congress) ཚོགས་པའི་དབང་ཆ་བསྐྱར་དུ་ཤོར་ཡང་གཞུང་ 9


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བརྗོད་པ།

དེ ས ་ལོ ་ ངོ ་ གཉི ས ་ཙམ་གྱི ་ དུས་ཡུན་ཐུང་ངུ་ཞི ག ་ལས་ཕྱག་ལས་གནང་ཐུབ་

མེད།

ཕྱི་ལོ་ ༡༩༩༡ ལོར་བསྐྱར་དུ་འོས་འདེམས་བྱེད་སྐབས་ཚོགས་པ་

སུ་ལ་ཡང་མང་མོས་ཆ་ཚང་ཞིག་ཐོབ་ཐུབ་མེད། འོན་ཀྱང་ཀོང་རེ་སི་ (Congress) ཚོགས་པ་ནི་ཚོགས་པ་རྐྱང་པ་ཆེ་ཤོས་ཡིན་པས་པི་ཝི་ནར་སིམྷ་རཝོ་

མཆོ ག ་གི ་ འགོ ་ ཁྲི ད ་འོག ་གྲངས་ཉུང་གཞུང་ཞི ག ་འཛུགས་ཐུབ་ཡོ ད ་ཀྱང་ལོ ་ གཉིས་རིང་ཆབ་སྲིད་ཟིང་ཆ་བྱུང་བས་ཕྱི་ལོ་ ༡༩༩༦ ལོར་རྒྱལ་ཡོངས་འོས་

བསྡུ་བྱས་པ་རེད། མཉམ་བསྒྲིལ་ཚོགས་པ་ (United Front) འགའ་ཞིག་ གིས་དབུས་སུ་དབང་ཆ་མཉམ་བཟུང་བྱས་ཡོད།

ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ཇན་ཏ་ (Janta) ཚོགས་པས་འཁྱུག་

ཙམ་རིང་གཞུང་ཞིག་བཙུགས་ཐུབ་ཡོད། དེའི་རྗེས་བསྡུར་ན་དུས་ཡུན་རིང་

ཙམ་གནས་པའི ་ ཡུ་ནའེ ་ ཌེ ཊ ་ཕོ ་ རོ ན ་ཊ་མཉམ་བསྒྲི ལ ་ཚོ ག ས་པ་ཞེ ས ་པའི ་ མཉམ་བསྒྲིལ་ཚོགས་པ་ཕྱིའི་རྒྱབ་སྐྱོར་ལ་བརྟེན་པ་གཉིས་བྱུང་།

ཕྱི་ལོ་

༡༩༩༨ ལོར་རྒྱ་གར་ཇན་ཏ་ (Janta) ཚོགས་པས་ནེཤ་ནལ་ཌེ་མོ་ཁེ་རེ་ཊིག་

ཨེ་ལཡེན་སིའམ་རྒྱལ་ཡོངས་མང་གཙོ་མནའ་འབྲེལ་ཚོགས་པ་ལམ་ལྷོངས་

ལྡན་པའི་ངང་བཙུགས་ཏེ། སྐུ་ཞབས་ཨ་ཊལ་བྷི་ཧ་རི་བྷཇ་པ་ཡེ་མཆོག་གིས་ འགོ་ཁྲིད་གནང་བའི་མང་གཙོ་མནའ་འབྲེལ་ཚོགས་པ་དེས་

(National

Democratic Alliance) གཞུང་བཟུང་བ་ནི་ཀོང་རེ་སི་(Congress) མིན་

པའི ་ མཉམ་འབྲེ ལ ་ཚོ ག ས་པ་ཞི ག ་གི ས ་ལོ ་ ལྔའི ་ དུས་ཡུན་གཙང་ཐུབ་པར་ བསྐྱངས་པའི་གཞུང་ཞིག་ཆགས་ཡོད།

ཕྱི་ལོ་ ༢༠༠༤ ལོར་བྱུང་བའི་རྒྱ་གར་རྒྱལ་ཡོངས་འོས་བསྡུ་ཆེན་

མོ འི ་ ནང་ཡང་བསྐྱར་ཚོ ག ས་པ་སུ་ལ་ཡང་མང་མོ ས ་ཆ་ཚང་ཞི ག་ཐོ བ་མེ ད།

འོན་ཀྱང་ཀོང་རེ་སི་(Congress)ཚོགས་པ་ཚོགས་པ་རྐྱང་པ་ཆེ་ཤོས་སུ་ཐོན་ 10


རྒྱ་གར་གྱི་མང་གཙོའི་འཕེལ་རིམ་མདོར་བསྟན།

ཏེ་ལམ་ལྷོངས་ལྡན་པའི་མཉམ་བསྒྲིལ་གཞན་ཞིག་བཟོས་ཡོད། དེ་ནི་ཡུ་ནའེ་

ཌེཊ་པོ་རོ་གྷེ་རེ་སིབ་ཨེ་ལཡེན་སིའམ་ཆིག་བསྒྲིལ་ཡར་རྒྱས་མཐུན་ཕྱོགས་

ཚོགས་པ་ཞེས་པ་དེ་ཡིན། དེར་གཡོན་ཕྱོགས་ལ་དགའ་བའི་ཚོགས་པ་དང་། རྒྱ་གར་ཇན་ཏ་

(Janta) ཚོགས་པའི་ཕྱོགས་འགལ་དབུས་གྲོས་ཚོགས་

འཐུས་མི་རྣམས་ཀྱི་རྒྱབ་སྐྱོར་སྤྲད་ཡོད།

ཕྱི་ལོ་

༢༠༠༩

ལོའི་རྒྱལ་ཡོངས་འོས་བསྡུ་ཆེན་མོའི་ནང་ཆིག་

བསྒྲིལ་ཡར་རྒྱས་མཐུན་ཚོགས་ལ་ (United Progressive Alliance) ཞབས་སྟེགས་སྔར་ལས་མང་བ་ཐོབ་སྟེ་དབང་ཆ་བཟུང་། དེ་ལ་རྒྱ་གར་དམར་ ཤོག་ཚོགས་པ་རྣམས་ཀྱི་རྒྱབ་སྐྱོར་དགོས་གལ་མེད་པས། དེ་ལོར་སྐུ་ཞབས་

མན་མོ་ཧན་སིངྷ་མཆོག་ ༡༩༥༧ དང་ ༡༩༦༢ ལོར་ཇོ་ཝ་ཧར་ལཱལ་ནེཧ་རུའི་ རྗེ ས ་ལོ ་ ལྔའི ་ དུས་ཡུན་རི ང ་མུ་མཐུད་བསྐྱར་དུ་འོས ་འདེ མ ས་བྱུང་བའི ་ སྲི ད ་

བློན་དང་པོར་གྱུར་པ་བཅས་རྒྱ་གར་གྱི་མང་གཙོའི་འཕེལ་རིམ་མདོར་བསྡུས་ སུ་བཀོད་པའོ།།

11


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་གསུམ་པ། ༈ བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

དེ་ཡང་༸རྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་

པདྨོའི ་ གདུལ་ཞི ང ་བསི ལ ་ལྡན་ཁ་བའི ་ ལྗོ ང ས་ཏེ ་ བོ ད ་ཆོ ས ་ལྡན་ཞི ་ བདེ ་ ཡི ་

རྒྱལ་ཁབ་ཆེན་མོ་འདི་ཉིད་འཛམ་གླིང་འཛིན་མའི་གླིང་ཆེན་ལྔ་ཡི་ཡ་གྱལ་ཏེ་

དཀྱིལ་ཤར་ཨེ་ཤ་ཡའི་ལྟེ་བར་ཆགས་ཤིང་། ཤར་དུ་རྒྱ་ནག་དང་། བྱ་ཤར་དུ་

སོག་པོ། ནུབ་ཏུ་བལ་ཡུལ། རྒྱ་གར་བྱང་ཁུལ། པ་ཀི་སི་ཐན། ཨབ་གྷན་ནི་སི་

ཐན། བྱང་དུ་ཏུར་ཀི་སི་ཏན་ཏེ་དེང་གི་ཤིན་ཅང་དང་། ཨུ་རུ་སུ། ལྷོ་ནུབ་ཏུ་རྒྱ་

གར་བྱང་ཤར་དང་། འབྲུག ལྷོར་འབར་མ་དང་། བྷང་ལ་དཱེ་ཤི་བཅས་རྒྱལ་ ཁབ་ཆེ ་ ཆུང་བཅུ་

གཅི ག ་གི ་ དཀྱི ལ ་

དབུས་སུ་གནས་

ཡོད་ལ། འཛམ་

གླི ང ་ གི ་ ས ་ ཐི ག ་ རགས་པའི་དབང་ དུ་བཏང་ན་ཤར་

གྱི ་ ག ཞུ ང ་ ཐི ག ་

(longitudes) ༧༨.༢༤ oE ནས་ ༡༠༥.༥༠ oE བར་དང་། བྱང་གི་ཕྲེད་

ཐིག་ (latitudes) ༢༦.༥༢ oN ནས་ ༣༩.༢༠ oN བར་ཁེལ་ཡོད།(1) མངའ་ ཁུལ་སྤྱིའི་རྒྱ་ཁྱོན་ལ་ཀེ་ལོ་སྨི་ཊར་གྲུ་བཞི་མ་ (Square Kilometer) ཁྲི་

1བོད་མིའི་སྒྲིག་འཛུགས་ཀྱིས་ཕྱི་ལོ་ ༢༠༠༠ ལོར་གཏན་འབེབས་གནང་བ་གཞིར་བཟུང་བྱས།

12


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

ཉིས་བརྒྱ་ལྔ་བཅུ་ལྷག་ཡོད་པ་དང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་

ཚད་ལ་སྨི་ (meter) བཞི་སྟོང་དགུ་བརྒྱ་ལྷག་ཟིན་པས་གངས་རི་དང་ཆུ་ཀླུང་

གི་ཞིང་ཁམས་འདི་ཉིད་འཛམ་གླིང་གི་སྣེ་མོ་གསུམ་པར་གྲགས་ཤིང་། གངས་

རི་ཆེན་པོ་ཏེ་སེ་དང་། ཇོ་མོ་གླང་མའམ་ཇོ་མོ་གངས་དཀར། ཉང་སྟོད་ཧ་བོའི་ གངས། ཙ་རི་ཏྲ། འབྲོག་ལ་ཕྱིའི་གངས། བསམ་གཏན་གངས་བཟང་། གཉན་

ཆེན་ཐང་ལྷ། ཡར་ལྷ་ཤམ་པོ། གངས་དཀར་ཕྱོགས་ལས་རྣམ་རྒྱལ། རྨེ་རུ་ གངས་དཀར། རྨ་ཆེན་སྤོམ་ར། གནོད་སྦྱིན་གང་བཟང་། མི་ཉག་གངས་དཀར།

རོང་བཙན་ཁ་བ་དཀར་པོ་སོགས་གནམ་འདེགས་ཤེལ་དཀར་གྱི་ཀ་བ་ལྟ་བུའི་

གངས་རི འི ་ མུ་ཁྱུད་ཀྱི ས ་མཐའ་ནས་བསྐོར་བས་རྒྱུ་མཚན་གྱི ས ་བོ ད ་རྒྱལ་

ཁབ་ཀྱི་མིང་ལའང་གངས་ལྗོངས་དང་། བསིལ་ལྡན་ལྗོངས། ཁ་བ་ཅན་སོགས་

སུ་འབོད་ཅིང་། གངས་རི་དང་། རྫ་རི། བྲག་རི། གཡའ་རི། ནགས་རི། སྤང་རི་ སོགས་རྩི་ཤིང་ནགས་ཚལ་གྱིས་ཕྱུག་པའི་རི་ཚོམ་དང་། མུ་མཐའ་ཡས་པའི་

རྩྭ་ཐང་ཆེན་པོའི་གཞི་ཁྱོན་ཀུན་ཏུ་རྟ་ནོར་ལུག་གསུམ་གྱིས་གཙོས།

སྒོ་

ཕྱུགས་དཀར་ནག་ཁྲ་གསུམ་དང་། ཤ་བ། རྒོ་བ། གླ་བ། རྐྱང་དང་འབྲོང་།

གཙོད་དང་རྣ་གཡག ཕྱི་བ་ཨ་བྲ་སོགས་རྩྭ་གཟན་སྲོག་ཆགས་མང་པོ་དང་། སྟག་གཟིག་དོམ་དྲེད། སྤྱང་ཀི་འཕར་བ། དོམ་ཁྲ། གཡུ་དཀར། སྲེ་མོང་དང་། ཐང་དཀར་། ཐང་ནག གོ་བོ། གོང་མོ། ཁྲ་གླག ངང་ངུར། ཁྲུང་ཁྲུང་སྐེ་ནག སྐྱ་ ཀ ཕོ་རོག ཁྭ་ཏ། ནེ་ལེ། ཁུ་བྱུག འཇོལ་མོ། ཅོ་ཀ ནགས་བྱི། ཁང་བྱིའུ་སོགས་ འཛམ་གླིང་ཐོག་མཐོང་དཀོན་པའི་རི་སྐྱེས་སེམས་ཅན་མཐའ་ཡས་ཤིང་།

རྒྱལ་རོང་། དགུ་རོང་། ཐེ་རོང་། ཨ་སྟག་རོང་། ཡར་ལུང་སོག་ཁ་ལ་

དེ་བཞིན་དུ་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་ཚེ་སྲོག་གི་གསོས་སུ་གྱུར་

སོགས་འབྲུ་རིགས་སྣ་ལྔའི་འཁྲུངས་ཡུལ་ཀྱི་གཤོང་ས་རོང་ཁུལ་ཡང་ཤིན་ཏུ་ མང་པོ་ཡོད།

13


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པའི་ཆུ་ཀླུང་ཆེན་པོ་ཡར་ཀླུང་གཙང་པོ་སྟེ་རྟ་མཆོག་ཁ་འབབ་བམ་ཆུ་བོ་ལོ་ཧི་

ཏ། རྨ་བྱ་ཁ་འབབ་བམ་ཆུ་བོ་གངྒ་། གླང་ཆེན་ཁ་འབབ་བམ་ཆུ་བོ་སིཏཱ། སེངྒེ་

ཁ་འབབ་བམ་ཆུ་བོ་སིནྡྷུ། སྐྱིད་ཆུ། ཆུ་བོ་གསེར་ལྡན་ནམ་རྨ་ཆུ། འབྲི་ཆུ། རྒྱལ་

མོ་རྔུལ་ཆུ་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ། རྫ་ཆུ། ཟླ་ཆུའམ་རྫ་ཆུ། ཉག་ཆུ། བྱ་ ཆུ། ནག་ཆུ། འབའ་སྐྱིད་ཆུ། ཙོང་ཆུ། འབའ་ཆུ། མང་ཆུ། རྩེ་ཆུ། ཧང་ཆུ།

བསང་ཆུ། དགུ་ཆུ། འབྲུག་ཆུ་སོགས་ཕྱོགས་བཞིའི་རྒྱ་མཚོར་འབབ་པའི་ཆུ་ ཀླུང་ཆེན་པོ་ཆུ་ལག་དང་བཅས་པ་རྣམས་དང་། མ་ཕམ་གཡུ་མཚོ་། གནམ་

མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ལྷ་མོའི་བླ་མཚོ། ཚྭ་མཚོ་ཆེན་མོ། ཕག་

མཚོ། མཚོ་ཆེན་ཁྲི་ཤོར་རྒྱལ་མོ། མཚོ་སྐྱ་རིང་། མཚོ་སྔོ་རིང་། བེའུ་དུག་

མཚོ། སྐྱེམས་མཚོ། སྟོང་རི་མཚོ་ནག་སོགས་གཡུ་ཡི་མཎྜལ་ཕྱིས་འདྲའི་མཚོ་

མོ་སྟོང་ཕྲག་མང་པོའི་རྟེན་གཞིར་གྱུར་པའི་རི་མཐོ་ཞིང་ས་གཙང་བ། ཆུ་དང་

མཚོ་མོས་བསྐོར་བའི་ཞིང་ཁམས་འདི་ཉིད་འཛམ་གླིང་གི་གཅེས་ནོར་དུ་བརྩི་

ཆོག་པའི་ཆུ་མཛོད་ཆེན་པོ་ཞིག་ཏུ་གྲུབ་ཡོད་པ་ནི་རང་བྱུང་ཁོར་ཡུག་གི་ས་

གཤིས་གནས་བབ་དང་། བོད་མིའི་སྲོལ་རྒྱུན་རིག་གནས་ཀྱི་སེམས་བསྐྱེད་ འབའ་ཞིག་གིས་སྲུང་སྐྱོབ་ཐོག་བཞེངས་བསྐྲུན་བྱས་པ་ཞིག་ཀྱང་ཡིན།

དེ་ལྟ་ན་ཐུན་མོང་མ་ཡིན་པའི་ཕྱི་སྣོད་ཀྱི་ཡུལ་ཁམས་ཆེན་པོ་འདིར་

ཆེས་སྔ་བའི་དུས་སུ་ས་ཁུལ་ཕལ་མོ་ཆེ་ཆུས་གང་ཡང་རིམ་གྱིས་རི་བོ་ཆེན་

པོ ་ དག་གི ་ ཟོ མ ་ཕྱེ ས ་ནས་ཆུ་རྣམས་གཤོ ང ་སར་བཞུར་ཤུལ་དུ་རི ་ མཐོ ་ ས་ གཉན་གྱི ་ གངས་རི འི ་ ལྗོ ང ས་འདི ་ ཆགས་ཤི ང ་བོ ད ་མི ་ རྣམས་ཀྱང་མི ་ དང་

བསྐལ་པ་བྱུང་བའི་དུས་གང་དེ་ནས་བཟུང་བྱུང་སྟེ་ཡུལ་ཁམས་འདིའི་བདག་ པོར་གྱུར།

ཡ་ཐོ ག ་སྤྱི ་ ཚོ ག ས་སུ་གོ ས ་སུ་ཤི ང ་ལོ ་ གྱོ ན ་ཞི ང ་ཟས་སུ་ཤ་དམར་

ཟོས་ཏེ་རིམ་བཞིན་གནོད་སྦྱིན་ནག་པོ་དང་། བདུད། སྲིན་པོ། ཀླུ་དང་བཙན། 14


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

མ་སངས་རུས་དགུ་(1)སོགས་དབང་མཛད་བཅུ་གཉིས་ཀྱིས་དབང་བྱས་པས།

བདུད་ཡུལ་ཁ་རག་དང་། ཤ་ཟ་གདོང་དམར་། བོད་ཁམས་གླིང་དགུ བོད་ཁ་ གཡའ་དྲུག་སོགས་ཡུལ་གྱི་མིང་ཡང་སྣ་ཚོགས་བྱུང་བར་གྲགས་ལ། དབང་

མཛད་བཅུ་གཉིས། མཐའ་མར་སིལ་བ་བཞི་བཅུར་གྱེས་ཏེ་གནས་ཤིང་། སྒྲུང་ དང་། ལྡེའུ། བོན་བཅས་ཀྱིས་བོད་ཀྱི་ཆབ་སྲིད་བསྐྱངས།

ཡོ ང ས་གྲགས་སུ་ཕྱི ་ ལོ འི ་ གོ ང ་གི ་ བརྒྱ་ཕྲག་གཉི ས ་པའི ་ ནང་བོ ད ་

རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས་དབུ་ཚུགས་ཏེ་ཕྱི་ལོ་བརྒྱ་ཕྲག་དགུ་པའི་

ནང་འུ་དུམ་བཙན་པོའི་བར་ལོ་གྲངས་ཆིག་སྟོང་བརྒལ་བའི་རིང་གི་བོད་རྒྱལ་

གདུང་རབས་ཞེ ་ གསུམ་གྱི ས ་རི མ ་པས་ཆོ ལ ་གསུམ་བོ ད ་ལྗོ ང ས་ཡོ ང ས་ལ་ མངའ་དབང་བསྒྱུར་ཏེ ་ ཡུལ་གྱི ་ དབང་རི ས ་རྣམ་པ་བཅོ ་ བརྒྱད་དུ་བཅད་པ་

དང་། རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཏུ་ཕྱེ་བ། གཡུང་གི་མི་སྡེ་ཁེང་དང་ཡང་

ཁེང་འབྱེད་པ།

དཔའ་སྡེ་གསུམ་གྱིས་མཐའ་ཡི་སོ་ཁ་སྲུང་བ་སོགས་དང་།

རྒྱལ་ཁྲིམས་བཅོ་ལྔ། ཁྲིམས་ཆེན་བདུན། མི་ཆོས་གཙང་མ་བཅུ་དྲུག་གི་

ཁྲིམས་བཅས་བཙུགས་ནས་པུར་རྒྱལ་བོད་ཅེས་བྱ་བ་ཤར་གླིང་དབུས་མའི་ ནང་དཔུང་སྟོབས་དང་མངའ་ཐང་ཆེ་གྲས་སུ་ཚུད་ཅིང་། བོད་ཀྱི་ས་ཁྱོན་དང་། མི་འབོར།

སྐད་ཡིག་བརྡ་སྤྲོད་སོགས་སྤྱི་ཚོགས་དན་རྟགས་རང་བཙན་པ་

འབུར་དོད་བྱུང་བ་ནས་བཟུང་སྲིད་འབྱོར་རིག་གསུམ་གྱི་དཔལ་ཡོན་གང་ཐད་

ནས་འཕགས་ཡུལ་གཉིས་པ་ལྟ་བུར་གྱུར།

ཕྱི ་ ལོ ་ བརྒྱ་ཕྲག་དགུ་པའི ་ ནང་བོ ད ་བཙན་པོ འི ་ རྒྱལ་ཁབ་ཀྱི ་ ཆི ག ་

བསྒྲིལ་ནུས་པའི་སྟོབས་ཤུགས་ཉམས་ཏེ་རྒྱལ་ཕྲན་ལམ་ལུགས་སུ་གྱེས་པས་ རེ་ཞིག་བོད་སྤྱི་ལ་དབང་བའི་ཆབ་སྲིད་ཚགས་ཚུད་བྱུང་མེད་ཀྱང་། ཕྱི་ལོ་

1མ་སངས་རུས་དགུ་ནི། གཉན་གཡའ་སྤང་སྐྱེས། གར་ཏིང་ནམ་ཚ། གླིང་ངན་ལམ་ཙང་སྐྱེས། རུ་ཐོ་གར་སྐྱེས་ ཤེ་དོ་ཀེར་ཏིང་ནམ། མེ་པད་མ་སྐྱེས། གསང་གི་འཕྲུལ་པོ་ཆེ་། དྲང་བ་དྲངས་མ་འགུར།་བཀོད་སྟོང་ནམ་ཚའོ།

15


༡༢༦༠

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ནང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆེན་པོ་ཧོར་དང་མཆོད་

ཡོན་གྱི་འབྲེལ་བ་བཙུགས་ཏེ། བོད་སོག་མཛའ་འབྲེལ་གྱི་སྟོབས་ཤུགས་ལ་

བརྟེན་ནས་བོད་ས་ཡོངས་ཆོལ་ཁ་གསུམ་དུ་ཕྱེས་ནས་མི་རྟ་ཆོས་གསུམ་གྱི་

མཚོན་བྱེད་དུ་གྱུར་པའི་ཞིང་གཅིག་སྟེ། ནང་མི་དྲུག་ལས་མ་ཉུང་བ་ཞིག་ལ་

དུད་ཆུང་གཅིག་དང་། དེ་ལྟའི་དུད་ཆུང་ཉེར་ལྔ་ལ་དུད་ཆེན་གཅིག དུད་ཆེན་

གཉིས་ལ་རྟ་མགོ་གཅིག རྟ་མགོ་གཉིས་ལ་བརྒྱ་སྐོར་གཅིག བརྒྱ་སྐོར་བཅུ་ལ་

སྟོང་སྐོར་གཅིག སྟོང་སྐོར་བཅུ་ལ་ཁྲི་སྐོར་གཅིག ཁྲི་སྐོར་བཅུ་ལ་ཀླུ་གཅིག ཀླུ་ བཅུ་ལ་ཞི ང ་གཅི ག ་ཏུ་བརྩི ས ་པས་ (1)ཁྱི མ ་ཚང་ས་ཡ་གཅི ག ་དང་ཆེ ས ་ཉུང་

མཐའ་ཡང་མི ་ གྲངས་ས་ཡ་དྲུག་གི ས ་བདག་པའི ་ ཆོ ལ ་གསུམ་གྱི ་ ས་ཁྱོན་

ཡོངས་ལ་མངའ་དབང་སྒྱུར་བའི་བོད་གཅིག་གྱུར་སྲིད་དབང་སླར་གསོ་མཛད།

དེའི་རྗེས་ཀྱི་ལོ་སུམ་བརྒྱ་བརྒྱད་ཅུ་ལྷག་གི་རིང་ཕག་གྲུ་དང་། རིན་

སྤུངས། གཙང་པ་བཅས་བོད་ཀྱི་སྲིད་སྐྱོང་ལ་འགྱུར་བ་ཡང་ཡང་བྱུང་སྟེ་བོད་ ལྗོངས་ཡོངས་ལ་ཁྲིམས་དང་དབང་ལུང་གིས་མ་ཁྱབ་ཅིང་།

ནང་ཁུལ་སྡེ་

གཟར་མང་བས་བོད་སྤྱིའི་ཆབ་སྲིད་ཀྱི་ནུས་པ་ཧ་ཅང་ཉམས་དམས་སུ་གྱུར།

ཕྱི་ལོ་ ༡༦༤༢ ལོར་༸གོང་ས་ལྔ་པ་ཆེན་པོའི་བོད་གཞུང་དགའ་

ལྡན་ཕྲོ་བྲང་དབུ་བརྙེས་པ་ནས་བཟུང་༸རྒྱལ་དབང་སྐུ་ཕྲེང་ན་རིམ་གྱིས་བོད་

ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་དབུ་ཁྲིད་གནང་སྲོལ་ཚུགས་ཤིང་། བོད་ཀྱི་ ཆབ་སྲིད་གང་འཚམ་སྲ་བརྟན་དང་། རིས་མེད་རྒྱལ་བསྟན་དར་རྒྱས། བོད་

འབངས་རྣམས་རང་དབང་བདེ ་ སྐྱི ད ་ཀྱི ་ འཚོ ་ བར་རོ ལ ་ཐུབ་པ་བྱུང་ཞི ང ་།

༸རྒྱལ་དབང་སྐུ་ཕྲེང་ན་རིམ་དགུང་ན་སོན་མཚམས་ཆབ་སྲིད་ཀྱི་མཛད་ཁུར་ རིམ་བཞེས་གནང་བའི་ལམ་སྲོལ་ཆགས།

བོད་བཙན་པོའི་རྒྱལ་རབས་ནས་དབུ་བཟུང་སྟེ་གཞུང་ས་དགའ་ལྡན་

1ས་སྐྱའི་གདུང་རབས་ངོ་མཚར་བང་མཛོད་ལས་དྲངས། 16


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

ཕོ་བྲང་དབར་བོད་ཀྱི་རྒྱལ་ས་ལྷོ་ཁ་དང་ལྷ་ས་རིམ་འགྲོས་ཡིན་ལ་བོད་རྗེ་ཐོག་

མ་གཉའ་ཁྲི་བཙན་པོས་བཞེངས་ཤིང་རྒྱལ་རབས་སོ་གཉིས་པ་གནམ་རི་སྲོང་

བཙན་བར་གྱི ་ བཙན་པོ ་ རི མ ་བྱོ ན ་རྣམས་བཞུགས་སའི ་ ཕོ ་ བྲང་ཡུམ་བུ་བླ་ མཁར་ལ་ད་བར་མི་ལོ་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད།

དེ ་ བཞི ན ་བོ ད ་རྒྱལ་སྲོ ང ་བཙན་སྒམ་པོ ་ ནས་གཞུང་དགའ་ལྡན་ཕོ ་

བྲང་དབར་གྱི་བོད་རྒྱལ་ཁབ་ཀྱི་ཕོ་བྲང་ནི་ལྷ་ས་དམར་པོ་རིར་བརྗིད་ཉམས་

ཀྱིས་འགྱིངས་པའི་ཕོ་བྲང་ཆེན་པོ་པོ་ཏཱ་ལ་ཡིན། ཕྱི་ལོ་ ༦༣༥ ལོར་བཙན་པོ་

སྲོང་བཙན་སྒམ་པོས་གསར་དུ་བཞེངས་པ་ནས་དེང་གི་བར་ལོ་ངོ་ ༡༣༠༠ ལྷག་ གི་ལོ་རྒྱུས་ལྡན་པ་དང་། ཕྱི་ལོ ༡༦༥༢ ལོར༸གོང་ས་ལྔ་པ་ཆེན་པོས་ཕོ་བྲང་

དཀར་པོ་གསར་བཞེངས་མཛད་པ་དང་། ཕྱི་ལོ ༡༦༩༠ ལོར་སྡེ་སྲིད་སངས་

རྒྱས་རྒྱ་མཚོ ས ་ཕོ ་ བྲང་དམར་པོ ་ དང་གསེ ར ་སྡོ ང ་འཛམ་གླི ང ་རྒྱན་གཅི ག ་ བཞེངས་འགོ་ཚུགས་ནས་ཕྱི་ལོ་ ༡༦༩༣ ལོར་ཡོངས་སུ་ལེགས་པར་གྲུབ་

རྗེས་༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ན་རིམ་གྱིས་ཉམས་གསོ་དང་རྒྱ་སྐྱེད་རིམ་

པར་གནང་སྟེ་ད་ཡོད་ཀྱི་གཞི་ཁྱོན་ལྟར་ཆགས།

ཕོ ་ བྲང་པོ ་ ཏཱ་ལ་ནི ་ བོ ད ་མི ་ རི ག ས་ཀྱི ་ ཞུམ་མེ ད ་སྙི ང ་སྟོབས་དང་བློ་

མཐོ་ཚད་ལ་ཐོག་རྩེག་བཅུ་གསུམ་ཏེ་སྨི (meter) ༡༡༧ དང་། ཤར་

གྲོས་ཀྱི ་ ཉི ང ་བཅུད་འདུས་པའི ་ འཛམ་གླི ང ་ཐོ ག ་མཐོ ང ་དཀོ ན ་པ་ཡི ་ གཞི ་ རྒྱ་

ཆེན་པོའི་འཛུགས་བསྐྲུན་ཞིག་ཡིན།

17


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ནུབ་ཀྱི་རིང་ཚད་སྨི་ (meter) ༣༦༠ ལྷག ལྷོ་བྱང་གི་རིང་ཚད་སྨི (meter)

༢༧༠ ཡོད་པ་དང་། ཁྱོན་ཁང་མིག་ཆེ་ཆུང་སྟོང་ཕྲག་གཅིག་ལྷག་ཡོད་པ་དག་

ནི། རྒྱལ་པོ་ལྕོག་དང་། བསྟན་མ་ལྕོག གཡུལ་རྒྱལ་ལྕོག ཤར་ཆེན་ལྕོག་བཅས་

ལྕོག་ཆེན་བཞི་དང་། དཀྱིལ་དུ་ཚོམས་ཆེན། སྟེང་གི་བྱང་ངོས་སུའང་ཚོམས་ ཆེན། གཟིམ་ཆུང་ཤར་ནུབ་སོགས་དང་། ཆོས་རྒྱལ་སྒྲུབ་ཕུག འཕགས་པ་ལྷ་

ཁང་། ས་གསུམ་རྣམ་རྒྱལ། ཕུན་ཚོགས་བཀོད་པ། བཀའ་གདམས་འཁྱིལ། དབང་ཁང་། བླ་མ་ལྷ་ཁང་། ལི་མ་ལྷ་ཁང་། སྨན་བླ་ཁང་། དགའ་ལྡན་ཕུན་

ཚོགས་འཁྱིལ། དུས་འཁོར་ལྷ་ཁང་། བཀའ་འགྱུར་ལྷ་ཁང་། ཚོམས་ཆེན་སྲིད་

ཞིའི་ཕུན་ཚོགས། གསེར་སྡོང་འཛམ་གླིང་རྒྱན་གཅིག འཁྲུངས་རབས་ལྷ་

ཁང་། ལམ་རི མ ་ལྷ་ཁང་། རི ག ་འཛི ན ་ལྷ་ཁང་། ཀུན་བཟང་རྗེས་འགྲོ་ཁང་། ༸གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནས་བཅུ་གསུམ་བར་གྱི་གསེར་སྡོང་ཁག་ གི་བཞུགས་གནས། རྣམ་རྒྱལ་གྲྭ་ཚང་གི་འདུ་ཁང་དང་གྲྭ་ཤག གཞུང་ས་ མཆོག་གི་ལས་ཁུངས། ཡིག་ཚང་། རྩེ་སློབ་གྲྭ་སོགས་ལས་གྲུབ་ཡོད་པ་

བཅས་ཕོ ་ བྲང་པོ ་ ཏཱ་ལ་ནི ་ བོ ད ་རྒྱལ་ཁབ་དང་མི ་ རི ག ས་ཀྱི ་ མཚོ ན ་བྱེ ད ་སྒྲི བ ་

གཡོགས་བྲལ་བ་ཞིག་ཡིན་པར་མ་ཟད་འཛམ་གླིང་ཐོག་གི་གནའ་ཤུལ་རིག་ དངོས་ཆེས་རིན་ཐང་བྲལ་བ་ཞིག་ཏུའང་གྱུར་ཡོད།

དེ ་ བཞི ན ་བོ ད ་རྒྱལ་ཁབ་ཀྱི ་ རྒྱལ་དར་ཡང་སྲི ད ་ལུགས་ཀྱི ་ འཕེ ལ ་

འགྲིབ་དང་བསྟུན་ཏེ་འགྱུར་འགྲོས་རིམ་པར་ཕྱིན་ནས་ཕྱི་ལོའི་བརྒྱ་ཕྲག་བདུན་

པའི་ནང་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་ཀྱི་དམག་དཔུང་གི་ནང་

ཚན་གཡོན་རུ་སྟོད་ཀྱི་རུ་དར་སེང་གེ་ཁ་སྤྲོད་དང་། གཡས་རུ་སྨད་ཀྱི་རུ་དར་

སེང་གེ་གོང་བཀྲ། གཙང་རུ་ལག་གི་རུ་དར་སེང་གེ་གནམ་སྒྲེང་། དབུ་རུ་སྟོད་ ཀྱི་རུ་དར་དམར་པོ་ལ། མེ་ལྕེ་དཀར་པོ་གསལ་བ་ཞེས་སོགས་དམག་རུ་སོ་

སོ འི ་ རུ་དར་རྣམ་པ་མི ་ འདྲ་བ་རེ ་ རེ ་ ཡོ ད ་པའི ་ གནའ་སྲོ ལ ་དག་རི མ ་བརྒྱུད་ 18


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

ཀྱི ས ་ལོ ་ རབས་ཉི ་ ཤུ་པའི ་ འགོ ་ སྟོད་བར་བོ ད ་དམག་གི ་ རུ་དར་གཞི ་ དམར་

པོའི་ངོས་སུ་སེང་གེ་ཁ་སྤྲོད་དང་། སེང་གེ་གནམ་མཆོངས་ཀྱི་རི་མོས་བརྒྱན་

པ་ཅི་རིགས་ཡོད་ཅིང་། ཕྱིས་སུ་ཕྱི་ལོ་ ༡༩༡༨ ལོར་བོད་དམག་རྣམས་ཨིན་ ལུགས་སུ་བསྒྱུར་གནང་མཛད་པ་དང་ཆབས་ཅིག ་དེ ང ་གི ་ གངས་སེ ང ་རྒྱལ་

དར་འདི་ཉིད་རྩ་བ་སྔར་ཡོད་ལ་གཞི་བཅོལ་གྱིས་རྒྱས་སྤྲོས་མཛད།

རྒྱལ་དར་འདི ས ་བོ ད ་རྒྱལ་ཁབ་ཀྱི ་ ཕྱི འི ་ སྣོད་ཀྱི ་ བཀོ ད ་པ་དང་ནང་

བཅུད་ཀྱི་བོད་མིའི་སྤྱི་ཚོགས་ཀྱི་དར་རྒུད་འཕེལ་རིམ་མཚོན་ཡོད་པས། སྤྱི་

ཚོགས་ཀྱི་དན་རྟགས་རིང་ནས་གྲུབ་པའི་རྒྱལ་ཁབ་ཅིག་གི་བྱུང་བ་ལྷུག་པོར་

བརྗོད་ཡོད་པ་མ་ཟད། དེང་གི་ཆ་ལའང་ཆོལ་གསུམ་བོད་མི་ཡོངས་ཀྱིས་ཡབ་

མེས་ཀྱི་གཅེས་ནོར་རིན་ཐང་བྲལ་བ་འདི་དཔྲལ་བའི་མིག་དང་ཁོག་པའི་སྙིང་

ལྟར་ཆེ་མཐོང་དང་གོང་བཀུར་བླ་མེད་ཞུ་བཞིན་ཡོད་ལ།

གངས་སེང་རྒྱལ་

དར་གྱི་མཚོན་དོན་ནི་ “ དབུས་སུ་ལྷུན་སྟུག་གངས་ཀྱི་རི་བོ་བརྗིད་ཆགས་སུ་ གནས་པས་གངས་

རི ས ་ བ སྐོ ར ་ བ འི ་ ཞིང་ཞེས་ཡོངས་

སུ་གྲགས་པའི་བོད་ རྒྱལ་ཁབ་ཆེན་པོའི་

ཡུལ་གྱི ་ བཀོ ད ་པ་ མཚོན། ནམ་མཁའི་

ངོས་སུ་འོད་མདངས་དམར་པོ་དྲུག་འཕྲོ་བས། སེ་དང་། རྨུ། ལྡོང་། སྟོང་། འབྲུ། དབྲ་སྟེ་བོད་མི་རིགས་ཀྱི་ཕྱི་མོ་མིའུ་གདུང་དྲུག་མཚོན།

རིགས་ཀྱི་ཁ་དོག་

དམར་པོ་དང་། ནམ་མཁའི་ཁ་དོག་སྔོ་ནག་སྤེལ་བས། རིང་ནས་འགོ་བའི་ལྷ་ སྲུང་དམར་ནག་གཉིས་ཀྱིས་བསྟན་སྲིད་སྲུང་སྐྱོང་གི་འཕྲིན་ལས་གཡེལ་མེད་ 19


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དུ་སྒྲུབ་པར་མཚོན། གངས་རིའི་རྩེ་ནས་ཉི་མ་ཤར་བའི་འོད་ཟེར་རྒྱ་ཁྱབ་ཏུ་

འཕྲོ་བས། བོད་ལྗོངས་སྐྱེ་འགྲོ་ཡོངས་ཀྱི་རང་དབང་ཆོས་འབྱོར་བདེ་སྐྱིད་ཀྱི་

སྣང་བར་ཀུན་སྙོམས་སུ་ལོངས་སྤྱོད་པ་མཚོན།

གངས་རིའི་ངོགས་སུ་མི་

འཇིགས་གདོང་ལྔ་འབར་བའི་སེང་གེ་ཟུང་རྣམ་པར་འགྱིངས་བས་ཆོས་སྲིད་

ཟུང་དུ་འབྲེ ལ ་བའི ་ རྒྱལ་ཐབས་ཆབ་སྲི ད ་ཀྱི ་ འཕྲི ན ་ལས་ཀུན་ལས་རྣམ་པར་

རྒྱལ་བ་མཚོན། གོང་ན་ནོར་བུ་ཁ་དོག་གསུམ་ལྡན་འོད་འབར་བ་མཛེས་པས།

བོད་མི་ཡོངས་ཀྱིས་རྟག་ཏུ་སྐྱབས་གནས་དཀོན་མཆོག་རིན་ཆེན་རྣམ་གསུམ་

གཙུག་ཏུ་བཀུར་བ་མཚོན། སེང་གེ་གཉིས་ཀྱི་ལག་ཏུ་ནོར་བུ་དགའ་འཁྱིལ་ཁ་

དོག་གཉིས་ལྡན་ཞིག་བཟུང་བས། ལྷ་ཆོས་དགེ་བ་བཅུ་དང་། མི་ཆོས་གཙང་

མ་བཅུ་དྲུག་སྙི ང ་པོ ར་གྱུར་པའི་ ལུགས་ཟུང་བླང་དོ ར ་གྱི་ རང་ཁྲིམ ས་གཅེ ས ་

སྲུང་བྱེད་པ་མཚོན། མཐའ་ལྕགས་ཁ་དོག་སེར་པོས་བརྒྱན་པས། གསེར་སྦྱང་

བཙོ་མ་ལྟ་བུའི་སངས་རྒྱས་ཀྱི་བསྟན་པ་ཕྱོགས་དུས་མུ་མེད་དུ་དར་ཞིང་རྒྱས་

པ་མཚོན་” པ་བཅས་ཡིན།(1)

ཕྱི་ལོ་བརྒྱ་ཕྲག་བཅུ་དགུ་པའི་མཇུག་དང་ཉི་ཤུ་པའི་འགོ་ཙམ་ནས་ སྲིད་ཕྱོགས་ཀྱི་ལས་དོན་སྤྱི་དང་། ཁྱད་པར་རྒྱལ་སྤྱིའི་ནང་ཕྱི་འབྲེལ་ཇི་བཞིན་ མ་བྱུང་ཁར། ༸རྒྱལ་མཆོག་སྐུ་ཕྲེང་བཅུ་གསུམ་པས་ཆབ་སྲིད་ཀྱི་མངའ་དབང་ བཞེས་པ་ནས་རིང་པོར་མ་སོང་བར་འགལ་རྐྱེན་སྣེ་མང་དབང་གིས་སོག་ཡུལ་ དང་། རྒྱ་ནག རྒྱ་གར་བཅས་སུ་ཕེབས་དགོས་བྱུང་སྟེ་སླར་རྒྱལ་ཁབ་ཏུ་ ༸ཞབས་སོ ར ་འཁོ ད ་བསྟུན་བོ ད ་ཀྱི ་ མངའ་དབང་གི ་ གནས་བབ་བསྐྱར་ནན་ གསལ་བསྒྲགས་དང་འབྲེལ། བར་སྐབས་རྒྱལ་སྤྱིའི་གནས་ཚུལ་གཟིགས་རྟོག་ ཇི་བྱུང་བཞིན་བོད་འབངས་བདེ་ཐབས་དང་། ཆབ་སྲིད་ཕྲ་ཚུགས་ཐབས་སུ་ དེང་རབས་ཀྱི་སློབ་གསོ་དང་། སྔར་གྱི་ལམ་ལུགས་ལེགས་བཅོས་ཀྱིས་ཕྱི་ལོ་ 1མཆན། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལས་དྲངས།

20


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

༡༨༩༠ ལོའི་རྗེས་ནས་བོད་ཀྱི་ཤོག་དངུལ་ཊམ་ལྔ་བཅུ་དང༌། ཊམ་ཉེར་ལྔ་

སོགས་དང༌། ཟངས་ཊམ་བཅུ་སྒོར་པར་འགྲེམས་གནང་བ་མ་ཟད། གསེར་ ཊམ་ཡང་པར་འདེབས་མཛད།

ཕྱི་ལོ་ ༡༩༡༣ ལོར་སྦྲག་ཟམ་དང༌། ཏར་ཁང་གསར་འཛུགས་ཀྱིས་

སྦྲག་འཛིན་ཁ་གང་དང༌། སྐར་ལྔ། སྐར་ཕྱེད་བརྒྱད། ཞོ་གང༌། ཊམ་གཅིག ཊམ་

གཉིས་སོགས་འདོན་སྤེལ་བྱས་ཏེ་ཡིག་སྐྱེལ་ཏར་གཏོང་གི་ལམ་ཁ་གསར་དུ་ བཙུགས། དེ་བཞིན་ས་གཏེར་འཚོལ་ཞིབ་དང༌། གློག་ལས་སྦྲག་ཏར་སོགས་ ཀྱི་ཤེས་བྱ་སྦྱོང་མི་ཨིན་ཡུལ་ལོན་ཊོན་དུ་སློབ་གཉེར་ལ་ཆེད་གཏོང་མཛད།

ཕྱི་ལོ་ ༡༩༡༤ ལོར་བོད་དུ་དྲག་པོའི་དམག་དཔུང་གི་སྒྲིག་འཛུགས་

ཕྱི་ལོ་ ༡༩༡༦ ལོར་སྨན་རྩིས་ཁང་གསར་འཛུགས་གནང་ཞིང༌ཕྱི་ལོ་

ལ་ལེགས་སྒྲིག་དང་རྒྱ་བསྐྱེད་མཛད་དེ་ཉི་འོང་དང༌། ཨུ་རུ་སུ། ཨིན་ཇི། རྒྱ་ ལུགས་བཅས་ཀྱི་དམག་རྩལ་སྦྱོང་བརྡར་མཛད།

༡༩༡༦ ནས་ ༡༩༢༣ གྲོང་ཁྱེར་སྐོར་སྲུང་དམག་ (police) སྒར་གསར་

འཛུགས་དང༌། ཇ་ཤིང་འདེབས་ལས་ཚོད་ལྟ། ཨིན་ཡིག་སློབ་གྲྭ་བཙུགས་པ། ཕྱི་ལོ་ ༡༩༢༧ ལོར་རྒྱ་གར་ནས་སྣུམ་འཁོར་ནང་འདྲེན་དང་རྒྱ་ལམ་གསར་ བཟོ།

གློག་ཤུགས་བཟོ་བསྐྲུན་གྱིས་ཚོན་ཁྲ་ཅན་གྱི་བོད་ཀྱི་ཤོག་དངུལ་

གསར་གཏོད་མཛད་ཅིང༌།

ཕྱི་རྒྱལ་སྐུ་ཚབ་དོན་གཅོད་ཁག་ཅིག་བོད་དུ་

འཛུགས་པ་དང་། བོད་ཀྱི་སྐུ་ཚབ་དོན་གཅོད་རྒྱ་ནག་ནན་ཅིན་དུ་བཙུགས་པ།

རི་རྒྱ་ཀླུང་རྒྱ་བསྡམས་ནས་རང་བྱུང་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས་སྲུང་

སྐྱོབ། ས་འགོ་ཆུ་ཡུར་གསར་བསྐྲུན་དང་བཟོ་ལས་ཐོན་སྐྱེད་སྣ་མང་ཅན་དུ་

བསྒྱུར་པ་སོགས་གསར་དར་ལས་རིགས་ལ་ཐུགས་བརྩོན་གནང་སྟེ་རླབས་

ཆེན་གྱི་གྲུབ་འབྲས་བྱུང་། མདོ་དོན་༸རྒྱལ་དབང་ལྔ་པ་ཆེན་པོ་ནས་༸རྒྱལ་ 21


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མཆོ ག ་སྐུ་ཕྲེ ང ་ན་རི མ ་གྱི ས ་བོ ད ་སྤྱི འི ་ ཆབ་སྲི ད ་ཀྱི ་ མངའ་དབང་ལོ ་ བཞི ་ བརྒྱར་ཉེ་བའི་རིང་སྲ་བརྟན་འཛིན་སྐྱོང་ཐུབ་པ་བྱུང་ཡོད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་དམར་པོའི་དཔུང་དམག་གིས་བོད་ལ་

དྲག་པོའི་བཙན་འཛུལ་བྱེད་འགོ་བཙུགས་ཤིང་། ཕྱི་ལོ་ ༡༩༥༠ ལོར་བོད་ཀྱི་

གནས་སྟངས་སྤྱི ་ ཡོ ང ས་ནས་ཛ་དྲག་གཉན་འཕྲང་ཅན་དུ་གྱུར་པའི ་ སྐབས་

༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་ ༡༦ ་ལས་སོན་

མེད་ཀྱང་ཆབ་སྲིད་ཀྱི་འགན་དབང་འབུལ་བཞེས་གནང་དགོས་པ་བྱུང་ཞིང་།

ཕྱི་ལོ་ ༡༩༥༡ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཙན་འོག་ཏུ་ “ གྲོས་མཐུན་དོན་ཚན་བཅུ་བདུན་” ཟེར་བ་འཇོག་དགོས་བྱུང་སྟེ་ལོ་བརྒྱད་

ཙམ་རིང་གནས་ཐབས་མཛད་ཀྱང་རྒྱ་ནག་གཞུང་གི་དབང་འཛིན་པས་གྲོས་

མཐུན་གྱི ་ དོ ན ་ཚན་ཁག་ལ་རྩི ས ་མེ ད ་དང་བོ ད ་མི ར ་དྲག་གནོ ན ་དབང་གི ས ་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་བཀའ་ཤག་བཅས་གཡུལ་རྒྱལ་

ལྷུན་རྩེ ་ རྫོ ང ་དུ་བོ ད ་གཞུང་སྤོ ་ བཤུག་དང་འབྲེ ལ ་གྲོས་མཐུན་དོ ན ་ཚན་བཅུ་

བདུན་ཟེར་བ་བཙན་འོག་ཏུ་འཇོག་དགོས་བྱུང་བའི་གསལ་བསྒྲགས་བསྐྱངས།

དེའི་རྗེས་བཙན་བྱོལ་དུ་ཕེབས་འབྱོར་བྱུང་མ་ཐག་རྒྱ་གར་གྲོང་ཁྱེར་

ཏེཛ་པུར་དུ་ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༡༨ ཉིན་“ གྲོས་མཐུན་དོན་ཚན་ བཅུ་བདུན་”

ཟེར་བ་དེ་ངོས་ལེན་མེད་པའི་ཡོངས་ཁྱབ་གསལ་བསྒྲགས་

བསྐྱངས་ཤིང་། གཞིས་བྱེས་བོད་མི་ཡོངས་ཀྱིས་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་དང་ཁོང་གི་བཀའ་ཤག་གང་དུ་ཡོད་པ་དེར་བོད་མིའི་ཁྲིམས་

མཐུན་གྱི ་ གཞུང་ཡོ ད ་པར་ཡི ད ་ཆེ ས ་དང་ངོ ས ་འཛི ན ་ཞུ་བཞི ན ་ཡོ ད ་ཅེ ས ་

ཡོངས་ཁྱབ་གནང་།

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ས ་དབུ་འཁྲི ད ་པའི ་

བཙན་བྱོ ལ ་བོ ད ་གཞུང་རྒྱ་གར་དུ་གཞི ་ ཚུགས་པ་དང་མཉམ་དུ་༸གོ ང ་ས་ 22


བོད་རྒྱལ་ཁབ་ཀྱི་སྤྱི་བཤད།

༸སྐྱབས་མགོ ན ་ཆེ ན ་པོ ས ་རི ང ་ནས་ཐུགས་ལ་བརྣགས་པའི ་ ཡང་དག་པའི ་

མང་གཙོའི་ལམ་ལུགས་གསོལ་བསྩལ་གནང་སྟེ་ཕྱི་ལོ་ ༡༩༦༠ ལོར་མང་

ཚོ ག ས་ཀྱི ས ་འོ ས ་འདེ མ ས་བྱས་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་

གསར་འཛུགས་བསྐྱངས་པ་དང་། ཕྱི་ལོ་ ༡༩༦༡ ལོར་མ་འོངས་བོད་ཀྱི་རྩ་

ཁྲིམས་སྙིང་དོན་དང་། ཕྱི་ལོ་ ༡༩༦༣ ལོར་བོད་ཀྱི་རྩ་ཁྲིམས་ཡོངས་ཁྱབ་ གསལ་བསྒྲགས་གནང་། ཕྱི་ལོ་ ༡༩༩༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་

པོ ་ མཆོ ག ་ནས་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་མི ང ་དོ ན ་མཚུངས་པའི ་ ཁྲིམས་བཟོ་ལྷན་ཚོགས་སུ་བསྒྱུར་གནང་མཛད་པ་ལྟར།

སྤྱི་འཐུས་སྐབས་

མཆོག་གིས་ཆོག་མཆན་བསྩལ་བ་བཅས་ལ་བརྟེན་ནས།

བཙན་བྱོལ་བོད་

བཅུ་གཅིག་པས་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཕྱི་ལོ་

༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་

གཞུང་འདི ་ གཞི ་ རྩའི ་ ཁྲི མ ས་ཡི ག ་ཡོ ད ་པའི ་ དེ ང ་རབས་མང་གཙོ འི ་ འགྲོ་

ལུགས་དང་མཐུན་པ་ཞིག་ཏུ་བསྒྱུར་གནང་མཛད།

ཕྱི་ལོ་ ༢༠༠༡ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་

བཅའ་ཁྲིམས་བསྐྱར་བཅོས་དགོས་པའི་བཀའ་དགོངས་ལྟར་། བཀའ་བློན་ཁྲི་

པ་མི ་ མང་གི ས ་ཐད་ཀར་འོས ་འདེ མ ས་བྱས་ཏེ ་ མང་གཙོ འི ་ འཕེ ལ ་རི མ ་ནང་ མདུན་བསྐྱོད་ཆེན་པོ་ཞིག་བྱུང་ཡོད།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ནང་། ༸གོང་ས་༸སྐྱབས་མགོན་

སྐུ་ཕྲེང་ན་རིམ་གཞུང་གི་འགན་འཛིན་དང་། རྒྱལ་ཁབ་ཀྱི་དབུ་འཛིན་ཡིན་པའི་

ཆ་རྐྱེན་བསྐྲུན་ཡོད་ཀྱང་། ད་ཆ་མང་གཙོའི་འཕེལ་རིམ་ཡོངས་སུ་རྫོགས་པའི་

ཆེད་དང་། བོད་མི་རྣམས་གང་ཟག་གཅིག་ལ་བརྟེན་མི་དགོས་པར་འཕྲལ་ཡུན་ དགག་དགོས་རྒྱུ་མཚན་དུ་མར་གཟིགས་ཏེ། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༡

(ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༤ ཉིན་གྲོས་ཚོགས་སུ་སྙན་གསན་གནང་།) ཉིན་༸གོང་ 23


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་གི་འགན་

དབང་བཞེས་རྒྱུ་མིན་པ་དང་། འབྱུང་འགྱུར་ཆབ་སྲིད་དང་འཛིན་སྐྱོང་གཉིས་ ཀའི ་ འགོ ་ འཁྲི ད ་མང་ཚོ ག ས་ཀྱི ས ་འོས ་འདེ མ ས་བྱས་པའི ་ ལས་ཀྱི ་ སྣེ་མོ ་ བ་

རྣམས་ཀྱིས་བྱེད་དགོས་པ་དང་།

དེའི་ཆེད་བཅའ་ཁྲིམས་ཀྱི་སྒྲོམ་གཞིར་

བསྐྱར་བཅོས་དགོས་པའི་བཀའ་ལྕི་བཟློག་མེད་གྲོས་ཚོགས་སུ་ཕེབས་པ་ལ་

བསྐྱར་དུ་དགོ ང ས་བཞེ ས ་ཡོ ང ་བའི ་ གསོ ལ ་བ་བཏབ་ཀྱང་ཞལ་བཞེ ས ་མ་ གནང་བར་ཕྱིར་སློག་བྱུང་བ་དང་། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་

ཐེངས་གཉིས་པས་༸གོང་ས་༸སྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ནས་

བོ ད ་རྒྱལ་ཁྱབ་ཀྱི ་ དབུ་འཁྲི ད ་ཀྱི ་ མཛད་འཁུར་སྐྱོང་བཞེ ས ་ཡོ ད ་བའི ་ གསོ ལ ་ འདེབས་ཀྱང་ཞལ་བཞེས་མ་གནང་བ་བཅས་ལ་བརྟེན། བཀའ་དགོངས་དང་

ལེན་མ་ཞུས་ཐབས་མེད་དུ་གྱུར་ཏེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་

བཅུ་བཞི ་ པའི ་ ཚོ ག ས་དུས་འཕར་མ་ཞི ག ་ཚོ ག ས་ནས་བཅའ་ཁྲི མ ས་བསྐྱར་

བཅོ ས ་ཉེ ར ་ལྔ་པ་བྱས་པ་དང་ཆབས་ཅི ག ་བོ ད ་མི འི ་ སྒྲི ག ་འཛུགས་འདི ་ ཉི ད ་

མངའ་དབང་ལྡན་པའི་ བོ ད ་མི ་ ཡོ ང ས་ཀྱི ་ ཁྲི མ ས་མཐུན་གྱི ་ དབང་ལྡན་འཛི ན ་

སྐྱོང་པ་དང་། ངོ་ཚབ་ཡིན་པའི་ངོ་བོ་རྒྱུན་སྐྱོང་ཐོག་ད་ཡོད་བཅའ་ཁྲིམས་ལེའུ་

བཅུ་གཅིག་གཞིར་བཟུང་། ༸གོང་ས་༸སྐྱབས་མགོན་ཆེན་པོས་བཅའ་ཁྲིམས་ བསྐྱར་བཅོས་ལ་ཆོག་མཆན་བསྩལ་བའི་སྒོ་ནས་༸གོང་ས་༸སྐྱབས་མགོན་ཏཱ་

ལའི་བླ་མ་མཆོག་གི་སྲིད་ཕྱོགས་ཀྱི་འགན་དབང་ཁག་འོས་འདེམས་བྱས་པའི་ འགོ་འཁྲིད་ཚོར་བསྩལ་ཏེ་དེ་དག་གཞིས་བྱེས་བོད་མི་ཡོངས་ཀྱི་ངོ་ཚབ་དང་

སྲི་ཞུ་སྒྲུབ་པའི་ནུས་ལྡན་དུ་མཛད་པ་བཅས་བོད་རྒྱལ་ཁབ་ཀྱི་སྤྱི་བཤད་སྙིང་

བསྡུས་རེ་ཞིག་རྫོགས་པར་བགྱིས།།

24


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

ས་བཅད་བཞི་པ། ༈ བོད་ས་མ་ཤོར་གོང་མང་གཙོའི་ལམ་ ལུགས་ཐོག་བསྐྱོད་འཆར།

མང་གཙོའི་རིང་ལུགས་ནི་མིའི་རིགས་ཀྱི་ལོ་རྒྱུས་བྱུང་རབས་ནང་

བཙན་གཉོམ་དང་། དབུལ་ཕྱུག ཕོ་མོ། རིགས་རྒྱུད་སོགས་མིའི་སྤྱི་ཚོགས་སུ་ མཆོག་དམན་གྱི་དབྱེ་བ་འབྱེད་པའི་འདུ་ཤེས་དེ་མེད་པར་བྱས་ནས།

སྤྱི་

ཡོངས་སམ་ཐུན་མོང་ལ་ལྟ་བའི་འདྲ་མཉམ་གྱི་སྤྱི་ཚོགས་ཤིག་ཏུ་འགྱུར་བར་

མི་མང་གི་འདོད་མོས་གཙོ་བོར་འཛིན་པའི་རིང་ལུགས་ཤིག་ཡིན་ལ། རླབས་

ཆེ ན ་གྱི ་ རི ང ་ལུགས་དེ ་ འདྲ་ཞི ག ་མངོ ན ་འགྱུར་བྱ་རྒྱུར་འཛམ་གླི ང ་རྒྱལ་ཁབ་ ཁག་གི་ལོ་རྒྱུས་བརྒྱུད་རིམ་ཁྲོད། དམག་འཁྲུག་དང་། འོས་ལངས། འཐབ་

རྩོད་བཅས་ཀྱི་མཇུག་འབྲས་ཁོ་ནས་རྒྱལ་ཕམ་ཐག་གཅོད་བྱས་ཏེ། མི་མང་གི་

དབང་བསྒྱུར་ནུས་ཤུགས་མངོན་འགྱུར་བྱེད་ཐབས་གནང་དང་གནང་མུས་སུ་ ཡོད་མོད། བོད་མིའི་སྤྱི་ཚོགས་ནང་གི་མང་གཙོ་ནི་མང་ཚོགས་ནས་འཐབ་

རྩོད་འཁྲུག་སློང་སོགས་རྔུལ་ཁྲག་གི་འགྲོ་གྲོན་ཕྲ་མོ་ཙམ་ཡང་བཏང་མ་དགོས་

པར་བོ ད ་རྒྱལ་ཁབ་ཀྱི ་ ཆོ ས ་སྲི ད ་གཉི ས ་ཀྱི ་ དབུ་འཁྲི ད ་སྤྱི ་ ནོ ར ་ྋགོ ང ་ས་

ྋསྐྱབས་མགོ ན ་ཏཱ་ལའི ་ བླ་མ་མཆོ ག ་ནས་མང་ཚོ ག ས་ལ་གསོ ལ ་རས་སུ་

གནང་བ་ཞིག་ཡིན།

དེ་ཡང་ཚུལ་ཇི་ལྟར་ཞེ་ན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

གི་ དགོ ང ས་པར་བོ ད ་རང་དབང་རང་བཙན་ཡི ན ་དུས་ནས་མང་གཙོ འི ་ ལམ་

ལུགས་གསར་གཏོད་གནང་རྒྱུའི་རྣམ་གཞག་ཅིག་ཡོད།

འོན་ཀྱང་རྒྱ་ནག་

དམར་པོའི་གཞུང་གི་འགོག་རྐྱེན་ལ་བརྟེན་ནས་དགོངས་དོན་ཇི་བཞིན་གནང་ 25


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཐུབ་མེད།

༸གོང་ས་མཆོག་གི་རང་རྣམ་ལས། “ང་ལོ་ན་སོན་མཚམས་ཆོས་

ཁོ་ནའི་ཐོག་ནས་ལྟ་དུས་ནོར་འཁྲུལ་ཇི་འདྲ་ཡོད་པ་རྣམས་མཐོང་གི་འདུག རྒྱུ་ ནོ ར་དབུལ་ཕྱུག་མ་སྙོམས་པ་ནི་ སངས་རྒྱས་ཀྱི་ ཆོ ས་དང་མི་ མཐུན་པ་ཞིག་

ཡིན་ཞིང་།

ངས་བོད་ཀྱི་སྲིད་དབང་འཛིན་རྒྱུན་ལོ་ཉུང་ངུ་ཞིག་ནང་དེ་སྐོར་

བསྒྱུར་བཅོས་འགའ་ཤས་བཏང་བ་ཡིན། སེར་སྐྱ་མི་གྲངས་ལྔ་བཅུ་སྐོར་ཡོད་ པའི་བསྒྱུར་བཅོས་ཚོགས་པ་ཞིག་དང་།

རྒྱུན་ལས་ཚོགས་པ་ཆུང་བ་ཞིག་

བཙུགས་ཏེ་ཚོགས་པ་ཆུང་བ་དེས་གང་དང་གང་ལ་བསྒྱུར་བཅོས་བྱེད་དགོས་ པ་བརྟག་ཞིབ་དང་།

བསྒྱུར་བཅོས་བྱེད་ཕྱོགས་ཀྱི་འཆར་གཞི་བཀོད་དེ་

ཚོགས་ཆེན་དེ་བརྒྱུད་ཕྲན་ལ་འབུལ་རྒྱུའི་ལས་དོན་བྱས་པ་རེད་”ཅེས་འཁོད་ ཡོད་པ་ལྟར །

ཐོ ག ་མར་མང་གཙོ འི ་ ལམ་ལུགས་གསར་གཏོ ད ་གནང་རྒྱུའི ་ སྔོ ན ་

འགྲོ་ལྟ་བུར་འགོ་འཛུགས་ཇི་ལྟར་གནང་བའི་ཚུལ་ནི།

སྤྱི་ནོར་ྋགོང་ས་

ྋསྐྱབས་མགོན་༸ཏཱ་ལའི་བླ་མ་སྐུ་འཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་བོད་

ཆོ ས་སྲིད ་གཉིས ་ཀྱི་ མཛད་འགན་བསྐྱེད་བཞེས ་གནང་འཕྲལ་སྤྱི་ ཚོགས་ཀྱི་ འགྲོ་སྟངས་ལ་དུས་བསྟུན་བསྒྱུར་བཅོས་མཛད་ཆེད་ “ལེགས་བཅོས་”

(1)

ཞེས་བཅོས་སྒྱུར་ལས་དོན་བྱེད་མཁན་ཚོགས་ཆུང་དང༌། དེའི་རྒྱུན་ལས་ཆེད་

འཛུགས་གནང་སྟེ་ཕྱོ ག ས་གང་སར་ཞི བ ་འཇུག་གི ས ་བཅོ ས ་བསྒྱུར་གནང་

རྒྱུའི་འཆར་གཞི་དེ་ཉིད་ཕྱི་ལོ་ ༡༩༥༢ ལོར་ལེགས་བཅོས་ལས་ཁུངས་གསར་ དུ་བཙུགས་པ་ནས་དབུ་བརྙེས་ཡོད།

དེ་ཡང་ཚོགས་འདུའི་རེ་འདུན་བཞིན་བཀའ་ཤག་བཀའ་བསྡུར་གྱིས་

1ལེགས་བཅོས་སྐོར་ཞིབ་རྒྱས་<<མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ>>གླེགས་བམ་བཞི་པའི་ཤོག་ ངོས་ ༦༩ ས་བཅད་བཞི་པ་ནས་གཟིགས།

26


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

དོ་དམ་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་དང་། བཀའ་བློན་ལས་

འཕར་ང་ཕོད་ངག་དབང་འཇིགས་མེད་གཉིས་ཀྱི་ཐོག དྲུང་རྩིས་ངོ་བཞུགས་ ཡོངས་རྫོགས་བཅས་ནས་ཐུགས་འགན་བཞེས་རྒྱུ་དང་།

ཚོགས་འཐུས་རྩེ་

ཤོད་དྲུང་རིགས་སེར་སྐྱ་ཛ་ཐའི་མཁན་རིམ་སོགས་ལས་ཚན་སྡེ་ཁག་སོ་སོ་ ནས་མི་འགྲོ་གཉིས་རེ་ཚན་པ་རང་ཁུངས་ནས་མང་མོས་འོས་འདེམས་བྱས་པ་

དང་།

གདན་ས་འབྲས་སེ་དགའ་གསུམ་སོ་སོའི་མཁན་འཐུས་བཅས་ཁྱོན་

ཚོགས་མི་གྲངས་ ༣༨ འདེམས་བསྐོ་གནང་ཞིང་། དེ་རྗེས་ཕྱི་ལོ་ ༡༩༥༤ ལོ་

ལེ ག ས་བཅོ ས ་སྤྱི ་ ཚོ ག ས་ནས་རྒྱ་ཁྱབ་རྫོ ང ་གཞི ས ་ཡོ ང ས་རྫོ ག ས་གཞུང་

འཛིན་བུམ་པ་སིབ་བླུག་གནང་རྒྱུ་དང་། མི་འགྲོ་གཞུང་ཞབས་སེར་སྐྱ་རྣམས་

ལ་ལས་འགན་དང་གོ ་ གནས་ལ་གཞི ག ས་པའི ་ འབྲུ་དངུལ་གྱི ་ ཕོ ག ས་ཐོ བ ་

གནང་རྒྱུ།

ད་ཕན་རྒྱ་ཁྱབ་རྫོང་གཞིས་ཁག་གི་ཆབ་འབངས་མི་སེར་ཐོག་

ཁྲིམས་སྲོལ་ཉམས་ལྷད་དང་། ཁྲལ་འུལ་འཕར་སྐུལ། དེ་བཞིན་འབམ་ཚོང་

སྤུས་སྒྱུར་སོ ག ས་ཆུ་ངན་ལམ་ཤོ ར ་གྱི ་ བརྡབས་མནར་རི ག ས་ནམ་ཡང་མི ་ ཆོག་པ་སོགས་བྱེད་སྒོའི་བཀའ་རྩ་དོན་ཚན་ལྔ་ཡོངས་ཁྱབ་གསལ་བསྒྲགས་ གནང་དོན།

བོད་ལྗོངས་ཆོས་སྲིད་གཉིས་ལྡན་ཞིང་འདིའི་སངས་རྒྱས་ཀྱི་བསྟན་

པ་རིན་པོ་ཆེ་དེ་འཛིན་དགེ་འདུན་སྡེ་དང་བཅས་པ་དར་རྒྱས་ཡུན་གནས་དང་། གཞུང་སའི་ཆབ་སྲིད་ཀྱི་དཔལ་ཡོན་མཐའ་དག་ཡར་རྒྱས། ཆབ་འབངས་མི་ སེར་ལ་བརྡབ་མནར་མེད་པར་བདེ་བར་འཚོ་ཐབས་དགོས་རྒྱུར། དོན་ཚན་དང་པོ།

<སྤྱི་སྒྲིགས་རྩ་འཛིན>

“རྫོ ང ་གཞི ས ་མི ་ འགྲོ་སེ ར ་སྐྱ་ངོ ་ མ་སོ ་ སོ ་ ལས་རྒྱུན་རི ང ་བཀའ་ 27


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འབྲེ ལ ་གཞུང་དོ ན ་གལ་ཆེ ར ་ངོ ་ མ་བཅར་དགོ ས ་ཀྱི ས ་ངོ ་ ཚབ་བཞག་འཐུས་ བཀའ་འཁྲོལ་རིགས་དང་།

རྩིས་ཞུར་བཅར་རྒྱུན་ངོ་ཚབ་དོ་ཆོད་འཛུགས་

འཇོག་ཆོག་པ་ལས། དེ་མིན་རྣམ་ཀུན་ས་གནས་སུ་གཏན་སྡོད་ཀྱིས་ལྷ་ཆོས་

དགེ་བ་བཅུ་དང་། མི་ཆོས་གཙང་མ་བཅུ་དྲུག་གི་སྲོལ་བཟང་ཁྲིམས་འདོམས་ གང་ཆེ་དགོས་རྒྱུ་དང་། མངའ་ཁུལ་མཐའ་འདུལ། ཡང་འདུལ་གྱི་གཙུག་ལག་

ཁང་དང་། རིས་མེད་དགེ་འདུན་གྱི་སྡེ་དགོན་རྣམས་ཉམས་ཆག་མེད་ཅིང་། དགེ ་ འདུན་རྣམས་ཐུགས་མཐུན་ཁྲི མ ས་གཙང་བཤད་སྒྲུབ་བསྟན་པའི ་ མི ག ་

རྒྱན་དུ་འགྱུར་བའི་མཇུག་གནོན་རྒྱུན་བསྲིངས་ཐོག དགོན་སྡེ་ཁག་གི་བླ་མ་

ལས་སྣེ་རྣམས་ནས་ཆོ ས ་ཁྲི མ ས་བྱེ ད ་སྒོ ་ རང་ལུགས་བཅའ་ཁྲི མ ས་དང་།

གཞུང་སྩལ་བཀའ་རྩ་རིམ་པའི་འབྲུ་དོན་འགལ་མེད་རང་དོན་རང་གཅེས་ཀྱི་ སྒྲིགས་ཁྲིམས་གནོན་སྡོམ་ཚུལ་བཞིན་དགོས་རྒྱུ་མ་ཟད། མི་སྡེ་རྣམས་ནས་

ཀྱང་འདི་ཕྱིའི་ལེགས་ཚོགས་ཀྱི་རྩ་བ་མི་ཆོས་གཙང་མ་བཅུ་དྲུག་གི་ཁྲིམས་

སྲོལ་བཟང་པོའི་ཉམས་ལེན་འགལ་མེད་ཐོག ཁྲལ་ཁྲིམས་འཁྲི་འཁུར་དགོས་

ངེ ས ་ཀྱི ་ རིག ས་ལ་ངན་བརྒལ་གང་ཐུབ་མི་ བྱེ ད ་པར་སྒྲུབ་འཁུར་ཚུལ་བཞི ན ་

དགོས་རྒྱུ་དང་།

ཁྲིམས་འགལ་བྱེད་མིའི་རིགས་ལ་སྣེ་སྡོད་ནས་གཅོད་རྒྱ་

གཏོང་སྐབས་འགལ་ཉེ ས ་ཆེ ་ ཆུང་ལ་གཞི ག ས་པའི ་ རྒྱལ་ཁྲི མ ས་ཀྱི ་ ཆེ ་

འདེགས་དང་། ལམ་བཟོ་སོགས་ཡུལ་སྤྱིར་སྨན་པ་དང་། སྔར་སྲོལ་མགུར་ མོའི་གྲངས་བཅད། ཉེས་ཅན་རིགས་ལ་ལུས་སྟེང་རྩ་རྭ་གཅོད་(1)འོས་བཅས་

ཉེས་བཀོད་བབས་བསྟུན་བློ་དཔྱད་བྱེད་ཅིང་། ཡུལ་གྲོང་དང་། ལ་འཕྲང་། ས་

ཁུལ་གང་ཅིར་བཅོམ་འཕྲོག་ཆོམ་རྐུན་གྱི་འཇིགས་པ་མིང་ཙམ་མི་གྲགས་པའི་

འཇི ག ས་སྐྱོབ་འཛུགས་འོས ་སོ ག ས་ཁྲི མ ས་བདག་ཁྲི མ ས་གཅེ ས ་མཇུག་

གནོ ན ་རྒྱུན་བསྲི ང ་བགྱི ས ་ཏེ ་ མི ་ གསོ ད ་ཐལ་ཆ་བྱུང་རི ག ས་ཀྱི ་ ལག་དམར་ 1ལུས་སྟེང་རྩ་རྭ གཅོད་ཟེར་བ་ནི། ཀོ་ལྕག་དང་། རྟ་ལྕག་གཏོང་བར་ཟེར། 28


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

དང་། རྒྱུ་འཕྲོ ག ་ཆོ མ་རྐུན་བྱེ ད་པོ ་ དངོ ས ་འབྲེ ལ ་གང་ཡིན་བཏང་ཤོར་མེད་ པའི་འཛིན་བཟུངས་དང་།

སྲོག་ཐལ་མིན་པའི་ལུས་སྟེང་རྣག་ཐོག་གཙག་

འཁེལ་རྩ་ར་ནན་འདོམས་དང་། དགའ་མིན་ཞེ་བཞག་གིས་ཡོ་ཁྱོག་རིགས་

ནམ་ཡང་མི་ཆོག་པའི་ཁྲིམས་འདོམས་དྲང་འབྲེལ་གླེང་མེད་དགོས་རྒྱུའི་ཐོག ལག་དམར་ངོ ་ མར་ཉེ ས ་ཆད་སླད་འདོ མ ས་ཆེ ད ་ཁྲི མ ས་འདོ མ ས་ཞུ་ཕྱོ ག ས་

འཆར་གཞི་ཐད་འབུལ་ཞུས་འཐུས་དང་།

རྐུན་མ་རྐུན་ཐོག་དང་།

འཛིན་

བཟུངས་བྱེ ད ་སྐབས་བཅས་པར་སྲོ ག ་རྐྱེ ན ་བྱུང་རི ག ས་ལ་བརྡ་འདེ ད ་རྩད་

གཅོད་མེད་པ་བགྱིས་རྒྱུ། དོན་ཚན་གཉིས་པ།

རྫོ ང ་གཞི ས ་ཡོ ང ས་སྡུད་བཅས་པ་གཞུང་འཛི ན ་གནང་བར་བརྟེན།

རྫོང་གཞིས་སོ་སོར་སོན་རྩ་སྤྲོད་འབྲུ་ཡོད་རིགས་ནས་སོན་རྩ་ལྡེང་མིན་དང་། སྤྲོད་རྒྱུ་མེད་རིགས་ལ་སོན་རྩ། རྨོས་མཛོ། གཤོལ་ལྕགས། ལུད་གསོག་ར་

ལུག་སོ ག ས་དགོ ས ་ངེ ས ་རྫོ ང ་གཞི ས ་མི ་ འགྲོ་སོ ་ སོ ས ་ཐབས་འཁོ ས ་ཀྱི ས ་ འདེབས་ལས་ཕྱིས་སྐྱོན་མེད་པ་དགོས་རྒྱུར་སོན་རྩ་དང་། ཕྱི་འགྲོ་ཙག་ཙིག་ སོགས་ཇི་སོང་ཧེ་བག་མེད་པ་ཐོ་བཀོད་ཐོག

དུས་བཞིའི་སོ་ནམ་བྱེད་སྒོ་

གཉེ ར ་འཕོ ས ་ལེ ན ་གྱི ་ སླ་བཅོ ས ་མ་ཡི ན ་པའི ་ སྟོན་འབྲས་ཐོ ན ་འབབ་གོ ང ་

འཕེལ་འབྱུང་ཐབས་དུས་ཐོག་རུ་ང་ཚགས་ཚུད་བགྱིས་ཏེ་ཐོན་འབབ་ཇི་བྱུང་

དང་། ཡོངས་སྡུད་དེབ་གསལ་འབབ་རིགས་ཆད་འཁུམས་མེད་པ་བསྡུ་ཚགས་

སྡེ་ཚན་མ་འདྲེས་པའི་ཐོ་བཀོད་བྱུང་སྟེང་ནས་འཆར་ཅན་ས་གནས་སུ་བཀར་

འཇུག་དང་། རྩེ་ཤོད་ཕྱག་མཛོད། མཁན་ཁོངས་ཀྱིས་མཚོན་གཞུང་ལས་ ཁུངས་ཆེ ་ ཕྲར་སྔར་འཁྲི ་ གཞུང་འབབ་གང་ཡོ ད ་ཆད་མེ ད ་དུས་འབུལ་ཐོ ག

ས་གནས་སུ་མཆོ ད ་རྒྱུན་འགྲོ་ཆ་ཡོ ད ་རི ག ས་སྔར་ལམ་ཉམས་ཆག་མེ ད ་པ་

དུས་སྤྲོད་གླེང་མེད་དང་། གཞུང་འཛིན་གནང་བའི་དགོངས་དོན་འཕར་མའི་ 29


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཞུང་འབབ་ཟལ་ཐོ ན ་རྩིས ་ཞུ་ཐུབ་པ་བགྱིས ་རྒྱུར་བྱུང་སོང་རྩིས ་ཁྲ་ཁམས་

དྭངས་དང་། འཆར་ཅན་གཞུང་འབབ་བཀར་འཇུག་ཞུས་ཟིན་པ་དང་། ཁ་ལྷག་

ཟལ་ཐོན་རྩིས་ཞུ་ཞུ་རྒྱུ་ཡོད་པའི་འབྲུ་རིགས་ཀྱི་འབྲུ་ཚད་ལས་ཐམ་འབྱར་མ་ བཅས་ཟླ་ ༡༢ ཚེས་ ༣༠ ཚུན་ངེས་འབུལ་ཐུབ་པ་དགོས་རྒྱུ་དང་། རྫོང་

གཞིས་ཁོངས་གཞིས་ལག་ཡོད་རིགས་ལ་སོན་རྩ་གཏོང་དམིགས་དང་། སོ་

ནམ་ཞི ང ་གཡོ ག ་དམི ག ས་བསལ་བསྐུལ་ཡུལ་མེ ད ་པས་རྫོ ང ་སྡོ ད ་རང་ནས་

འདེམས་འཁོས་བགྱིས་དགོས་གཞུང་གནོད་ཀྱི་ཕྱག་འབབ་ཆེ་བ་མེད་རིགས་

ཁ་འཛིན་ཡིག་རིགས་གཏོང་ཐལ་མེད་པར་མངའ་ཁུལ་ས་ཞིང་འདེབས་ལས་

དང་། བོགས་མ་དུས་འབུལ་ཐུབ་ངེས་ལ་བོགས་གཏོང་། ཕྱེད་ཤས་གང་འོ ས་

རྫོང་ཐོག་སོ་སོའི་རིང་གཞུང་གསར་ཕྱག་འབབ་གང་ཆེ་ཡོང་བའི་ཐབས་རྩོལ་ བློས་དཔྱད་ཆོག་རྒྱུ།

བྱང་རི ག ས་མངའ་ཁུལ་རྫོ ང ་གཞི ས ་སོ ་ སོ ར ་མགོ ་ རྩི ་ (1)འདི ་ བཞི ན ་

གཞུང་འབབ་དང་།

མི་སེར་ནང་ཁུལ་ཁྲལ་སི་(2)མོས་སྙོམས་བྱུང་བའི་བདེ་

དོན་གལ་ཆེར་བརྟེན་ད་ཕྱིན་མགོ་རྩི་བྱེད་མཚམས་སྐབས་འཁེལ་ཐོག་གཞུང་

གནས་སུ་དགོ ང ས་བསྐོར་འཆར་ཕུལ་མ་དགོ ས ་པར་རང་རང་རྫོ ང ་འགོ ་ སོ ་ སོས་འཁུར་ལེན་འགོ་འཛིན་གྱིས་གཙོ་རྒན། མངའ་ཁུལ་མི་སེར་བྱིངས་ནས་

སྤྱི་མོས་དྲང་ལྡན་འོས་ཐོ་འདེམས་སྒྲུག་བགྱིས་པའི་འཐུས་མི་དོ་ཆོད་གསུམ་ རེ་བཅས་མཉམ་སྦྲེལ་གོ་བསྡུར་ཐོག་ནས། དགོན་སྡེ་ཁག་གི་མཆོད་རྩ་དང་།

གྲྭ་ཟོ ག ་སེ མ ས་ཅན་རྩ་རི ན ་བླངས་ཏེ ་ མགོ ་ རྩི ་ ཕུད་ལམ་ཇི ་ ཡོ ད ་སྔར་གནས་ ཀྱིས་དེ་བྱིངས་ཁྲལ་ཟོག་སེམས་ཅན་དཀར་ནག་གང་ཡོད་སྦས་བཀུང་སྦུག་

འདྲེན་མེད་པའི་མནའ་གན་མཐའ་འདོམས་དང་འབྲེལ་མགོ་ཐོག་ལག་བཞག་

1མགོ་རྩི་ནི། ཕྱུགས་ཟོག་སེམས་ཅན་གྱི་ཁྲལ་ལེན་སྟངས་ཤིག་ཡིན། 2 ཁྲལ་སི་ནི། ཁྲལ་རིགས་དང་། ཁྲལ་གྱི་ལས་དོན་ལ་ཟེར། 30


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

གི ས ་མགོ ་ རྩི ་ བགྱི ས ་ཏེ ་ ཁྲལ་གཞུང་འདྲ་གཉི ས ་གསར་བཀོ ད ་ཀྱི ས ་འདྲ་ཡ་

སྙན་འབུལ་ཐོག་བསྙོན་འགེལ་རིགས་མེད་པའི་དྲང་མོས་ཉེ་སྙོམས་གླེང་མེད་

ཀྱི ས ་གཞུང་འབབ་ཆད་མེ ད ་དུས་འབུལ་བཅས་བློ་རྩ་ལྷག་བསམ་གཟབ་ འབུངས་དགོས་རྒྱུ།

ད་ལམ་རྒྱ་ཁྱབ་རྫོང་གཞིས་ཚང་མ་གཞུང་འཛིན་མི་འགྲོ་བསྐོ་གཞག་

བྱས་པར་བརྟེན་རྫོང་འགོ་གཞིས་སྡོད་རྙིང་པ་རྣམས་ནས་སྤྲོད་རྩ་འབྲུ་རིགས་

དང་། རྨོས་མཛོས་མཚོན་སྤྲོད་རིགས་ཆེ་ཕྲ་གང་ཅི་ཆད་འཇོག་ཏུ་གཏན་ནས་

བཞག་མི་ཆོག་ཅིང་། མངའ་ཁུལ་འབྱོར་ལྡན་རྣམས་ནས་ཀྱང་འདི་ལོའི་རིང་ གཞུང་འཛིན་ཐོག་མར་བརྟེན་མཐུན་འགྱུར་གང་ཟབ་དགོས་རྒྱུ། དོན་ཚན་གསུམ་པ།

རྫོ ང ་གཞི ས ་གཞུང་འཛི ན ་བསྐྱངས་པའི ་ ཐད་མཆོ ད ་སྦྱི ན ་གྱི ་ མངའ་

བདག་གཞུང་སའི་ཕྱག་རྫས་འཕེལ་ཐབས་དང་། ཆབ་འབངས་བདེ་བར་འཚོ་

བའི་ཐབས་ཚུལ་བཅས་རྗེ་འབངས་གཉིས་དགེའི་དགོངས་བཞེས་ཀྱི་མི་འགྲོ་

སོ ་ སོ ར ་ཤི ང ་རྟ་ལོ ་ འཁོ ར ་གཅི ག ་རི ང ་ས་ཐག་རི ང ་ཐུང་ལ་གཞི ག ས་པའི ་

ཕོགས་ཐོབ་ཟུར་དུ་སྩལ་བ་དང་།

ཤིང་རྟ་ལོ་འཁོར་བྱུང་སོང་རྩིས་ཞུ་ཞུས་

མཚམས་ནས་རང་རང་གཞུང་བསམ་བྱས་རྗེས་རྣམ་དབྱེའི་ཐོག་ནས་ཕོགས་ ཐོབ་སྤར་ཆ་སྩལ་རྒྱུ་ཐུགས་གཏན་འཁེལ་བ་ལྟར་འདོད་ཆུང་ཆོག་ཤེས་ཀྱིས་

གཙོ་བོ་རྫོང་ཡོད་ཁྲལ་འབབ་བསྡུ་གཏོང་གང་སར་བློ་ལྷད་ཀུན་རྫོབ་ཕྲ་མོ་ཙམ་

མེད་པ་རྩིས་ཁྲ་ཁམས་དྭངས་འགོད་འབུལ་དགོས་རྒྱུ་སྨོས་ཅི། གཞུང་སྒེར་

ཆོས་བཅས་མི་སེར་ཐོག་རྫོང་གཞིས་ངོ་གཡོག་སུ་ཐད་ནས་ལམ་ངན་སྒྲིགས་ འཛིན་གྱིས་རང་དོན་འབམ་ཚོང་སྤུས་བསྒྱུར་དང་།

རེ་བཅོལ་སོགས་མིང་

འདོགས་འདྲ་སྦྱར་གྱི་དངོས་ཤུགས་ནས་ཚོང་འཁོས་ཐབས་ལེན།

རྫོང་

གཞིས་འགའ་ཤས་ལ་ར་སློང་། ལུག་སློང་། བལ་སློང་། མར་སློང་ཟེར་བ་ 31


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སོགས་ཁུངས་མེད་བཙན་ལེན་བྱེད་པའི་ལམ་ངན་རིགས་དང་།

ལྷག་པར་

གཞུང་སྒེ ར ་ཆོ ས ་བཅས་ཀྱི ་ མི ་ སེ ར ་ཁོ ང ས་ཡུལ་འབྲོ ག ་གང་སར་ཁྱི མ ་ཚང་

ནང་ཁ་གཤིན་མིན་གྱིས་ཐ་དད་བྱེད་སྐབས་རྫོང་གཞིས་སྣེ་སྡོད་དང་། སྒེར་

ཆོ ས ་དཔོ ན ་འགོ ་ སོ ་ སོ ས ་“བགོ ས ་ཕུད་བཅུ་ཟུར་”ཞེ ས ་པ་ལེ ན ་སྲོ ལ ་ཡོ ད ་ འདུག་པ། ད་ནས་བཟུངས་མི་སེར་གྱི་བདེ་རྩར་གནོད་གཞིའི་ “བགོས་ཕུད་

བཅུ་ཟུར་” ཟེར་བ་མིང་ཙམ་སྤྲོད་ལེན་གཏན་ནས་མི་ཆོག་ཁར། རྫོང་སྡོད་ སེར་སྐྱ་ངོ་གཡོག་ནས་རང་དོན་སྒེར་གྱི་ས་ཞིང་འདེབས་བསྐུལ་ནམ་ཡང་མི་ ཆོག་པ་བཅས་གཞུང་འབབ་ཀྱིས་མཚོན་ལྷག་བསམ་བྱས་རྗེས་ཐོན་རིགས་ལ་

ཕོགས་འཕར་དང་། གོ་མིང་གནས་སྤར། གཞུང་འབབ་ལ་གཡོ་ཟོལ་ཧེ་བག་ བཏང་རིགས་དང་།

ཆབ་འབངས་ཐོག་འཕར་བརྡབ་ཚུལ་མིན་བྱས་པར་

གསལ་འཕྲོ ད ་རྣམས་ལ་མིག ་ལྟོས་ལ་འདོ མ ས་པའི་ ཉེ ས ་ཆད་སྐབས་འཕྲལ་

གཅོད་རྒྱུ།

ཡུལ་གྲུ་འགའ་རེ་ལ་སྐྱ་སྔོའི་ཆུ་ཐོབ་ཐད་སྤྱི་སྒྲིགས་ཆུ་ཁྲ་སོགས་རྩ་

འཛི ན ་མེ ད ་པར་ཆུ་བདག་ནས་བཙན་བཤེ ར ་ཀྱི ས ་མི ་ སེ ར ་འཁོ ས ་དམན་ སོ ག ས་ཀྱི ་ ས་ཞི ང ་ལ་ཞི ང ་ཆུ་བཀག་འགོ ག ་བྱེ ད ་ཀྱི ་ ཡོ ད ་འདུག་པར་ད་ནས་

བཟུངས།

ཆུ་བདེ་སྐྱིད་ཀྱི་རྩ་བ་སོང་ཚང་མར་མོས་སྙོམས་ཀྱིས་གཏོང་བ་

ལས། ཆུ་བདག་ཡིན་ཚུལ་གྱིས་བཀག་འགོག་རིགས་གཞུང་སྒེར་ཆོས་བཅས་

སུ་ཐད་ནས་དངོས་ཤུགས་མི་ཆོག་པར་གཞུང་ཕྱག་འདེབས་ཀྱིས་མཚོན་ཁྲལ་ ཞིང་། ཆོས་ཞིང་། གསར་སྦོལ་བཅས་པར་དཔོན་འགོ་མི་སེར་བཅས་མོས་

སྙོམས་གཏོང་འགྲེམས་བཀོད་ཁྱབ་བྱེད་ཅིང་། སྒེར་ཆོས་ཁག་ནས་ནང་ཁྲལ་

བསྐུལ་འདེད་རིགས་ལའང་རྐང་འགྲོ་རྟ་ཁལ། ཞིང་གཡོགས་སོགས་མཚམས་

ཆོད་མེད་པའི་མི་སེར་བདེ་རྩར་བསམ་མེད་འར་འདེད་བཙན་བསྐུལ་རིགས་

དང་། རང་འོག་མི་སེར་ལ་ནང་བརྡུང་སྲོག་རྐྱེན་ལ་བཏང་བ་སོགས་ཁྲིམས་ 32


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

འགལ་རིགས་གཏན་ནས་མི་ཆོག་ཁར། གཞུང་སྒེར་ཆོས་བཅས་ཚང་མས་ སྲོྤྲ ད་ལེན་འབོ་རྒྱ་གང་ཅི་གཏན་ཚིགས་མཁར་རུ་དང་། མཁར་རྒྱ་ཚད་འཕེར་

རང་ལ་རྩ་འཛིན་དགོས་རྒྱུར་མངའ་ཁུལ་དུ་སྤྲོད་ལེན་འབོ་རྒྱ་གཡོ་ཟོལ་ཡོད་ རིགས་རྫོང་གཞིས་སོ་སོས་སྐྱོན་བསྲང་གིས་འབོ་རྒྱ་གསར་ཞུ་དང་། གཡོ་

ཟོལ་ཅན་གྱི་འབོ་རྒྱ་ཕྱིར་བསྡུ་བྱེད་འོས་བཅས་དྲང་ཞིབ་མཇུག་གནོན་དགོས་ རྒྱུ༑

རྫོང་གཞིས་དང་།

སྒེར་ཆོས་གཞིས་ཁག་སོ་སོའི་བཙས་མ་བརྔ་

འདྲེན་མ་ཟིན་བར་ཆབ་འབངས་མི་སེར་གྱི་སྟོན་འབྲས་བརྔ་འདྲེན་མི་ཆོག་པ་

དང་། རེ་འགར་བརྔ་འདྲེན་ཆོག་འཐུས་དགོངས་ཞུ་བྱེད་ལམ་གྱི་སྲོལ་ངན་སྣ་

ཚོགས་ཡོད་འདུག་པར། ད་ནས་སྟོན་འབྲས་སད་སེར་ཆུད་ཟོས་འགྲོ་གཞིའི་དེ་ རིགས་མི་ཆོག་པར་ཡུལ་ལུང་སོ་སོའི་གནས་ལུགས་ལ་གཞིགས་པའི་མཆོག་

དམན་ཚང་མར་སྨན་སླེབས་གང་ཆེའི་ཁྲིམས་སྲོལ་གསར་བཟོ་དགོས་རྒྱུ་མ་

ཟད། ལྷག་པར་གཞུང་འབངས་གཉིས་དགེའི་ཁྲལ་ཁྲིམས་སྒྲུབ་འཁུར་སོགས་

དོ ན ་གལ་ཆེ ་ རི ག ས་ཀྱི ་ ལེ ག ས་བཟོ ་ བསྐྱར་བཅོ ས ་བྱེ ད ་འོས ་རྫོ ང ་གཞི ས ་སྣེ་

སྡོད་དང་། མངའ་ཁུལ་འགོ་བྱེད་གཙོ་དྲག་རྒན་དམངས་བཅས་ནས་བསམ་

གྲོས་ཞིབ་བསྡུར་གྱིས་སྤྱི་སྨན་ལེགས་འཆར་གཞིའམ་གནས་ལུགས་སྙན་ཞུ་ གང་འོས་རིམ་འབུལ་ཐུབ་པ་དགོས་རྒྱུ། དོན་ཚན་བཞི་པ།

ད་ཕན་གཞུང་སའི ་ མི ་ སྣ་འགྲུལ་བཞུད་ཁག་ལ་ས་གནས་སོ ་ སོ འི ་

གཙོ་རྒན་ནས་ས་མཇལ་ཞེས་ཤ་མར། སྲན་ཆག བྱ་འབྲས་སྣེ་སེལ་རེ་སྤྲད་

བླངས་ཀྱིས་ནང་ཁུལ་འདུ་ཁོངས་རྩིས་རྒྱག་སྐབས་མ་སོང་སོང་ཚུལ་ཕོན་ཆེ་

རྩིས་ཟར་འཁྱེར་ཏེ་བར་བཟོས་ཇི་སྙེད་ཅིག་ཡོད་འདུག་པ། ད་ནས་གཞུང་སའི་ མི་སྣ་འགྲུལ་བཞུད་ཆེ་ཕྲར་ས་གནས་མཇལ་ཞུ་ཟེར་བ་མ་དགོས་པ་མ་ཟད། 33


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདུ་ཁོ ང ས་རྩི ས ་རྒྱག་ཐད་ལོ ་ མང་བསྡེ བ ས་རྫོ བ ་ཀྱི ་ ཁྲལ་སི ་ རྒྱུགས་གུན་ཆེ ་ བར་གྱོ ང ་འཁྲི ་ སོ ག ས་མི ་ སེ ར ་ནང་ཁུལ་མོ ས ་སྙོ མ ས་མེ ད ་པའི ་ ཀུན་རྫོ བ ་ཆེ ་

གཤིས། ད་ནས་བཟུངས་ལོ་ལྟར་ཟླ་ཚེས་དུས་བཀག་ཀྲིག་ཅར་གྱི་རྫོང་འདུ་ དང་། རྟ་ཁལ་འཁྲི་ཁུངས་ཚང་འཛོམས་ཐོག་ནས་འདུ་རྩིས་ཁམས་དྭངས་རྒྱབ་

སྟེ་སློ ག ་སྤྲོ ད ་བྱེ ད ་འོས ་ཀྱང་འཕྲལ་འཕྲལ་བྱེ ད ་པ་ལས་སྔར་ལུགས་སྤྱི ་ ཟོ མ ་ རིགས་ནམ་ཡང་མི་ཆོག

མངའ་ཁུལ་སོ ་ སོ ར ་གཞུང་སྒེ ར ་ཆོ ས ་བཅས་ཀྱི ་ བུ་ཕྲུག་རྣམས་ལ་

ལུགས་གཉི ས ་ཀྱི ་ བླང་དོ ར ་འབྱེ ད ་པའི ་ མི ག ་བུ་ལྟ་བུ་ཡི ་ གེ ་ འདྲི་ཀློ ག ་འཕེ ར ་

བའི་སློབ་གྲྭ་གསར་འཛུགས་ཀྱི་རང་རང་བློ་དང་འཚམས་པའི་ཡིག་རྩིས་སློབ་

སྦྱོང་གང་ཐུབ་དགོས་རྒྱུ་དེ་ལྟར་ཡང་། མི་སེར་ལ་འཕར་བརྡབ་མི་འབྱུང་ཆེད་

དགེ་རྒན་དང་། སློབ་ཕྲུག་རྣམས་ལ་ལྟོ་ཕོགས་ལྡེང་ངེས་དང་། ཡིག་ཆས་

སོ ག ས་སྤྲོ ད ་ཐུབ་པའི ་ འབབ་དམི ག ས་ཟུར་དུ་ཐབས་ཤེ ས ་གོ ་ སྒྲི ག ས་གཟབ་ འབུངས་དགོས་རྒྱུ།

མངའ་ཁུལ་སོ ་ སོ ར ་ད་ཕན་བེ ད ་མེ ད ་དུ་བཞག་པའི ་ ས་སྟོང་ཡོ ད ་

རིགས་ལ་གཞུང་སྒེར་ཆོས་བཅས་མི་སེར་དུད་ཆུང་དང་བཅས་སུ་འོས་ནས་

རང་རང་ཐབས་འཁོ ལ ་ལ་གཞི ག ས་པའི ་ གཞུང་འབབ་བཅུ་ཟུར་སྤྱི ་ མཚུངས་

སྒྲུབ་འཁུར་ཞུས་ཏེ་ས་ཞིང་ཕྲུ་གདུལ་དང་། ཚལ་ཞིང་གསར་འདེབས། ཤིང་ འཛུགས་སོ ག ས་ལ་གཞུང་འབབ་བབས་མཚུངས་འགེ ལ ་བཀོ ད ་ཀྱི ས ་ཡུལ་

ལུང་ཡར་རྒྱས་དགེ ་ བེ ད ་གསར་ཐོ ན ་གྱི ་ ལས་འགུལ་བགྱི ས ་པར་མཁྲེ ག ས་ བཟུངས་བརྙས་རྩོད་རིགས་སུ་ཐད་ནས་དངོས་ཤུགས་སུ་བྱས་མི་ཆོག

རྒྱལ་པད་དབང་(རྒྱལ་རྩེ། པ་རྣམ། དབང་ལྡན།)གསུམ་ཁུལ། ཞིབ་

གཞུང་བརྗོ ད ་གསལ་གཞུང་རྒྱུགས་རྣམས་ཁྲལ་འཚོ ་ ཁུངས་སྟོང་མི ་ འབྱུང་

ཆེད་མངའ་ཁུལ་སྒེར་ཁག་ལ་གླང་སྐེ་བེལ་བཏགས་ཀྱིས་འགེལ་དཀྲི་གནང་བ་ 34


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

འདི་དག་དུས་ཕྱིས་ཁྲལ་ཚོར་ཕན་ཐབས་མེད་པའི་ཁྲལ་རྐང་སྟོང་རྐྱེན་གྱིས་ འཕར་བརྡབ་ཅི་ཆེ་ ཡོ ད་འདུག་པ་ད་ཕྱིན ་ཁུལ་དེར ་གླང་སྐེ་བེ ལ་བཏགས་མ་

དགོས་པར་ཁྲལ་རྐང་རང་འཚོ་འཛིན་ཐུབ་ཐབས་འཚོ་ཕན་ཇི་ཡོད་གོ་བསྡུར་

གྱི་རྗེ་འབངས་གཉིས་དགེའི་བསམ་འཆར་སྙན་ཞུ་ཞིབ་འབུལ་དགོས་རྒྱུ། དོན་ཚན་ལྔ་པ།

དེང་དུས་སྔར་དང་མི་འདྲ་བའི་རྒྱ་བོད་སྤུན་ཟླ་མི་རིགས་འདྲ་མཉམ་

གྱི་མཐུན་བསྒྲིལ་དང་།

བོད་རིགས་ནང་ཁུལ་མཐུན་ལམ་གཅིག་བསྒྲིལ་

ཚུན་གཅིག་གྲོགས་ཐོག

བོད་རིགས་ནང་ཁུལ་མཐུན་ལམ་རྡོག་རྩ་གཅིག་

དགོས་པའི་ལམ་བཟང་གསར་དུ་ཕྱེ་བའི་སྐབས་འདིར་ས་གནས་སོ་སོར་ཀྲུང་

དབྱང་དཔོ ན ་དམག་ཡོ ད ་རི ག ས་ལ་མཐུན་བསྒྲི ལ ་ཟབ་ནན་དང་འབྲེ ལ ་ཕན་ བསྒྲི ལ ་ཡོ ང ་བ་བཅས་ལ་ཚང་མས་འབད་བརྩོ ན ་ལྷོད་མེ ད ་དགོ ས ་རྒྱུ་དང་།

གཞུང་གནས་ནས་ཆབ་འབངས་རི ས ་མེ ད ་ཀྱི ་ བདེ ་ རྩར་འཚོ ་ གཟི ག ས་སྦུག་ དམ། སྲིད་ཐམ། བཀའ་ཐམ་བཅས་ཀྱི་བཀའ་རྩ་སྔ་ཕྱིར་རིམ་སྩལ་དགོངས་

དོ ན ་འགལ་མེ ད ་འཚོ ་ ཕན་ཡོ ད ་མེ ད ་བལྟ་ཞི བ ་མཇུག་གནོ ན ་རྒྱུན་བསྲི ང ས་

དང་།

མངའ་ཁུལ་གཞུང་རྒྱུགས་སྟོང་རྐང་རིགས་གཞུང་སྒེར་ཆོས་བཅས་

ནས་ཁ་འཛིན་གྱི་ཁྲལ་རིགས་ངོ་རྒྱུགས་མེད་པར་མི་སྤྱིར་ཁྲལ་དོད་དང་། ཞིང་

བོགས་སྣེ་སེལ་ཙམ་རེ་སྤྲད་དེ་དགེ་བེད་བྱེད་མི་འགའ་ཤས་ཡོད་འདུག་པ་དེ་ རིགས་སྟོང་རྐང་ཇི་ཡོད་ད་ལམ་རྫོང་གཞིས་སོ་སོས་མངའ་ཁུལ་དུ་རྩད་ཞིབ་ བཅད་དེ་གནས་ལུགས་འདི་དང་། འདི་འདུག་གནས་སྙན་ཁ་གསལ་དགོངས་ བདེ་ངེས་འབུལ་དགོས་རྒྱུ །

ཕྱི ་ རྒྱལ་ས་མཚམས་འཁེ ལ ་ཡུལ་ཁག་ནས་བར་ལམ་ས་སྡེ ་ དབང་

རིགས་ལ་འཐུས་ཤོར་བྱུང་ཡོད་མེད་རྩད་ཞིབ་ཀྱིས་འཐུས་ཤོར་བྱུང་ཡོད་ན་ སྔར་ལམ་ས་མཚམས་གང་ཡིན་དང་། དབང་ཆ་ཇི་ཡོད། བར་ལམ་འཐུས་ 35


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཤོ ར ་སོ ང ་སྟངས་བཅས་ཀྱི ་ གནས་ལུགས་ཕྲ་ཞི བ ་སྙན་ཞུ་འཕྲལ་འབུལ་ཐོ ག

སླར་སྔར་གྱི་ས་མཚམས་ནས་ས་སྡེ་དབང་རིགས་ཕྲ་མོ་ཙམ་ཐེ་གུ་སྣེ་ཤོར་མ་

སོང་བ་སྲུང་འདོམས་བདག་གཅེས་ཟབ་ནན་ལྷོད་མེད་དང་། ངེས་མེད་གསར་

སྤྲོས་ཤར་ན་སྐབས་འཕྲལ་སོ་སོར་གནས་ལུགས་སྙན་ཞུ་འཕྲལ་འབུལ་དགོས་

རྒྱུ༑

ས་གནས་སྤྱི་ཁྱབ། རྫོང་འགོ་གཞིས་སྡོད་སོ་སོར་རྩ་ཁྲིམས་ཕྱོགས་

འགལ་གྱིས་གཞུང་འབབ་ལ་བསམ་མེད་ཧེ་བག་དང་ཆབ་འབངས་ཐོག་འཕར་

བརྡབ་མནར་གཅོ ད ་རི ག ས་བྱས་པ་བྱུང་ཚེ ་ མངའ་ཁུལ་ལྷ་སྡེ ་ མི ་ སྡེ ་ མཆོ ག ་ དམན་ཚང་མས་རྗེ ་ འབངས་གཉི ས ་དགེ འི ་ སྐྱོན་སྲང་ཐད་ཀར་བརྗོ ད ་པའམ།

གནས་ལུགས་གཞུང་གནས་སུ་སྙན་ཞུ་ཐད་འབུལ་ཞུས་ཆོ ག ་པ་ཡོ ད ་ཅི ང ་།

སྐྱོན་སྲོང་བརྗོད་མི་དང་། སྙན་ཞུ་ཐད་འབུལ་ཞུ་མིར་སྤྱི་ཁྱབ། རྫོང་འགོ གཞིས་

སྡོད་ནས་དགའ་མིན་ཞེ་འཁོན་གྱིས་དོ་དམ་བཙོན་འཇུག་ཉེས་བཀོད་སོགས་ བསུན་གཙེར་རིགས་གཏན་ནས་མི་ཆོག

ལྷག་པར་སྔ་ལོ་འབྲུ་དངུལ་བུན་

འབབ་སྤྲོད་འཇལ་དང་། གསར་གཏོད་བྱེད་སྒོའི་སྐོར་བཀོད་རྒྱ་པར་མ་སྔོན་ སོ ང ་འགལ་མེ ད ་དམ་པོ ས ་དམ་བཅི ང ས་དོ ན ་དུ་ཆབ་འབངས་མི ་ སེ ར ་བདེ ་ སྐྱིད་ཀྱིས་འཚོ་བའི་ཐབས་ཚུལ་ལྷུར་ལེན་ཐོག

གནས་སྤྱི་ཁྱབ་ཀྱི་ངག་བཀོད་དང་ལེན་བགྱིས་ཐོག

རྫོང་གཞིས་ཁག་ནས་ས་

གཙོ་བོར་གཞུང་སའི་

ཕྱག་འབབ་ཚགས་ཚུད་ཀྱིས་རྩིས་ཞུ་དུས་ཐོག་ཐུབ་པས་མཚོན་རྒྱལ་བསྟན་ ཆབ་སྲིད་དང་། ཆབ་འབངས་བདེ་ཐབས་སུ་དགོངས་གཞི་དགོས་པ་དོན་ལྡན་

དུ་གྱུར་པ་དགོ ས ་གལ་ཆེ ་ བ་བཅས་ལོ ་ འཁོ ར ་སོ ་ སོ འི ་ ནང་རྫོ ང ་ཡོ ང ས་ཀྱི ་

གཏོང་ཡོང་གོང་ལྟར་རྩ་འཛིན་ལག་ལེན་དུ་བསྟར་ཏེ་ལྷག་བསམ་ཟལ་ཐོན་གྱི་ གཞུང་འབབ་རྩིས་ཞུ་ཇི་ཡོད་ལོ་རང་བཀག་སོ་སོར་ཐུབ་པ་དགོས་རྒྱུར།

དེ་ཡང་རྫོང་གཞིས་སོ་སོས་ལོ་འཁོར་བྱུང་སོང་ཞིབ་གསལ་རྩིས་ཁྲ་ 36


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

བཀོད་དེ་ས་གནས་སྤྱི་ཁྱབ་པར་སྤྲད་ཐོག སྤྱི་ཁྱབ་པ་ནས་ས་གནས་སོ་སོར་

རྫོང་གཙོ་རྒན་འཐུས་མཐུན་མོང་སར་རྩིས་ཞུས་ཞིབ་ནན་བཏང་སྟེ་བྱུང་སོང་

འཁུམ་ལུས་ཇི ་ ཡོ ད ་སྐྱོན་འདོ ན ་གྱི ་ ཧེ ་ བག་མེ ད ་པ་གཏན་ལ་ཕབ་པའི ་ རྩི ས ་ ཁྲར་སྤྱི་ཁྱབ་པ་ནས་ཀྱང་རྩིས་ཁྲར་ཧེ་བག་མེད་ཅེས་འགན་ལེན་ས་ཡིག་ཐམ་

འབྱར་འགོད་འབུལ་གྱིས་རྫོང་གཞིས་ངོ་མ་སོ་སོ་རྒྱལ་ཁབ་ཏུ་བཅར་ཏེ། སླར་

ཡང་ལེ ག ས་བཅོ ས ་ཚོ ག ས་འདུ་ནས་རྩི ས ་ཁྲར་རྩི ས ་ཞུས་ངེ ས ་ནན་གཏོ ང ་

འཇུག་རྒྱུར་ལྷག་བསམ་བྱས་བྱུང་དང་།

གཞུང་འབབ་འཕར་ཐོལ་ཇི་བྱུང་

བཅས་ཀྱི ་ རྣམ་དབྱེ ་ སྐབས་འཕྲལ་སོ ་ སོ ར ་སྙན་ཞུས་ཀྱི ས ་ཚང་མས་གསལ་

རྟོགས་ཐུབ་པ་བགྱིད་རྒྱུ་བཅས་དེ་དོན་བླང་དོར་དོན་ཚང་ཚུལ་བཞིན་སྤྱོད་པ་ གྱིས།

ཤིང་རྟ་ཟླ་ ༡/༡ ཚེས་ ༡༧ ལ། ཞེས་འཁོད་ཡོད།

(1)

དེ་ལྟར་ལེགས་བཅོས་ཀྱི་དགོས་དམིགས་དང་གྲུབ་དོན་གཙོ་བོ་ཁག་

ནི། དང་པོ། བུན་འབབ་སྤྲོད་འཇལ་ལྟ་བུར་ཆ་མཚོན་ན། སྐྱེད་འབབ་རིམ་ གསོག་དང༌།

མ་རྩ་བཅས་སྤྲོད་འཇལ་མི་ཐུབ་ངེས་ཅན་རྣམས་ངོ་སྐྱེད་རྩ་

ཡངས་ཀྱིས་སྤྲོད་འཇལ་མ་དགོས་པ་དང༌།

ཡང་འགའ་ཤས་ལོ་རེའི་ཡོང་

འབབ་ནས་སྐྱེད་ཁ་སྤྲོད་འཇལ་མི་ཐུབ་ཅིང༌། ངོ་བོ་རིམ་སྤྲོད་མ་དགོས་པར་ལོ་

དུས་རིམ་སྤྲོད་བྱ་རྒྱུ། ཡང་འགའ་ཤས་འཁོས་ཀ་མི་དམན་ཙམ་ཡོད་པ་རྣམས་

ཀྱི་ངོ་སྐྱེད་ལོ་དུས་རིམ་སྤྲོད་བྱ་རྒྱུ་དང༌། སླད་ཕྱིན་སྐྱེད་རྒྱག་དང༌། འདོད་

བརྣག་སྐྱེད་ལྕིའི་རིགས་གཏན་ནས་མི་ཆོག་པའི་རྒྱས་བཅད་བཟོ་གནང་མཛད།

གཉིས་པ། རྫོང་གཞིས་ཁག་གི་མཚོན་གཞུང་སའི་མི་སྣ་འགྲུལ་བཞུད་དང༌།

རྫོང་གཞིས་སོ་སོའི་གཞུང་འབབ་བཀར་འབྲུ་བསྐྱེལ་འདྲེན་སོགས་ས་ཚིགས་

1<<བོད་ཀྱི་སྲིད་དོན་རྒྱལ་རབས།>> གླེགས་བམ་གཉིས་པའི་ཤོག་གྲངས་ ༤༦༥ ཡི་ཡིག་ཕྲེང་ ༡༡ ནས་ ཤོག་གྲངས་ ༤༧༥ ཡི་ཡིག་ཕྲེང་ ༡༣ བར་གསལ།

37


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དང༌། དུས་རྒྱུན་འཁྲི་ཆ་ཆེ་ལ་གླ་འབབ་སྣེ་སེལ་ཙམ་ལས་མེད་པའི་རྫོང་ བསྐྱེལ་གྱི་རྟ་ཁལ་མི་གསུམ་ནི་ཆབ་འབངས་ཁྲོད་གནས་པའི་དཀའ་ངལ་ཆེ་བ་ ཞིག་ཡིན་པར་བརྟེན་བཀའ་ཤག་གི་དམིགས་བསལ་ལག་འཁྱེར་མེད་པར་རྟ་ ཁལ་མི་གསུམ་གང་བྱུང་བསྐུལ་གཏོང་མི་ཆོག་པ་དང༌། དེར་ཡང་ཡུལ་ཐང་ བདལ་འབབ་སྤྲོད་ལེན་དགོས་པའི་རྒྱས་བཅད་གནང༌།

གསུམ་པ། རྫོང་གཞིས་ཁག་གཞུང་འཛིན་གནང་སྟེ་དེབ་གསལ་འཁྲི་འབབ་ གང་ཡོད་གཞུང་རང་དུ་བུམ་པ་སིབ་བླུགས་ཀྱིས་འབབ་རྒྱུ་དང༌། རྫོང་གཞིས་ མི ་ འགྲོ་སོ ་ སོ ར ་གླ་ཕོ ག ས་འགྲིགས་ངེ ས ་བསྩལ་ཏེ ་ བར་ལག་འཕར་བསྡུ་མི ་ ཆོག་པའི་བསྒྱུར་བཅོས་གནང་བ་བཅས་ལ་བརྟེན། གཞུང་དང༌། ལས་བྱེད་མི་ འགྲོ ཆབ་འབངས་མི་སེར་དང་བཅས་པར་དགེ་ཕན་ཆེན་པོ་བྱུང་བ་མ་ཟད། དེ་ལས་ཀྱང་གལ་གནད་ཆེ་ཤོས་སྒེར་ཁག་དང༌། ཆོས་གཞིས་ནས་འཛིན་པའི་ གཞིས་ཁག་རྣམས་དོ་བདག་ལ་རིན་སྐྱིན་སྤྲད་དེ་གཞུང་ནས་བླང་ཐོག་ས་ཞིང་ རྣམས་མང་ཚོགས་ལ་བགོ་འགྲེམས་གནང་རྒྱུ།

དེ་བཞིན་ལྷ་ཁུལ་བདག་མེད་ཀྱི་རྒན་ཁོག་དང་། ཞ་ལོང་ལྐུག་གསུམ་ རྣམས་ལ་རྒས་གསོ་ཁང་གསར་འཛུགས་གནང་བ། ཕྱི་ལོ་ ༡༩༥༤ ལོ་མཇུག་ ཙམ་ལ་ལྷ་སར་ཆེ ས ་མཐོ འི ་ གྱོ ད ་ཞི བ ་ལས་ཁུངས་ཆེ ད ་འཛུགས་གནང་བའི ་ གཙོ་བོ འི ་ འགན་འཁུར་དོ ་ དམ་སྐུ་ངོ ་ གཡུ་ཐོ ག ་བཀྲ་ཤི ས ་དོ ན ་གྲུབ་དྲག་ འདེ མ ས་ཀྱི ས ་བསྐོ་གཞག་གནང་བ་ལྟར་ལས་ཁུངས་དབུ་འཛུགས་གནང་ སྐབས་ནས་བཟུང་ངོ་ལས་ཆེ་ཕྲ་ཚང་མས་༸གོང་ས་མཆོག་གི་བླ་ན་མེད་པའི་ བཞེད་དགོངས་དང་། གཞུང་སའི་མཚན་དོན། མི་དམངས་ཀྱི་ཕན་བདེ་བཅས་ ལ་ལྷག་བསམ་རྣམ་དག་གིས་གྱོད་དོན་གང་ཞིག་ཀྱང་དགའ་ཉེ་ཕྱོགས་ལྷུང་ དང་། དངུལ་དངོས་རྗེས་འབྲངས་སུ་མ་སོང་བར། བདེན་རྫུན་གསལ་འབྱེད་ འཕྲལ་འཕྲལ་ཐག་ཆོད་ཐུབ་པ་དགོས་རྒྱུའི་ཁྱབ་འདོམས་དང་། མཇུག་གནོན་ རྒྱུན་བསྲིངས་གནང་ཡོད། ཕྱག་ལས་དངོས་གཞི་གནང་སྐབས་དུས་ཡུན་ལོ་ 38


བོད་ས་མ་ཤོར་གོང་མང་གཙོར་བསྐྱོད་འཆར།

གཅི ག ་ཙམ་ནང་རྙོ ག ་འཛི ང ་ཅན་གྱི ་ གྱོ ད ་གཞི ་ ཆེ ་ ཁག་བརྒྱད་བཅུ་ལྷག་ཙམ་ ཐག་གཅོད་གནང་བར་དྲང་བདེན་བྱུང་མིན་གྱི་ཀླན་ཀ་དང་། ཞུ་རྩོད་ཕྲ་ལོག་གི་ གནས་ཚུལ་གཅིག་ཀྱང་བྱུང་མྱོང་མེད་(1)པ་སོགས་དུས་བསྟུན་ལེགས་བཅོས་ གང་ཡོང་གནང་སྟེ་མི་སེར་ཉམ་ཐག་རྣམས་ལ་དོན་ཕན་ཆེན་པོ་བྱུང་ཞིང་། ད་ དུང་མི་སེར་དམངས་ཀྱི་བློ་མོས་དང་བསྟུན་ཏེ་ས་ཞིང་བཅོས་བསྒྱུར་སོགས་ ཇི ་ དགེ འི ་ ཞི ་ འཇམ་ཐོ ག ་ནས་རི མ ་པས་དགོ ང ས་བཞེ ས ་གནང་རྒྱུའི ་ འཆར་ རྩིས་ཡོད་ཀྱང་། བསྒྱུར་བཅོས་དེའི་གོ་རིམ་དངོས་གཞི་ཆ་ཚང་མ་བསླེབ་གོང་ རྒྱ་ནག་དམར་པོའི་གཞུང་གི་དྲག་དམག་གིས་བོད་ལ་བཙན་འཛུལ་ལག་བསྟར་ བྱེད་བཞིན་པའི་དྲག་ཤུལ་གྱི་རྣམ་པ་ཉིན་བཞིན་ཇེ་ཆེར་སོང་ནས་གདུག་རྩུབ་ ཀྱི་གདོང་རིས་ངོ་མ་ཕྱིར་མངོན་ཏེ་ “ ཤ་དྲི་མ་ཅན་དེ་མེད་པ་བཟོས་ན་སྦྲང་བུ་ འཁོར་ས་མེད་ ” ཅེས་རྒྱལ་བའི་སྐུ་ཕྱྭ་ལའང་གནོད་པའི་སྦྱོར་བ་འཛེམ་བག་ མེད་པར་བརྩམས་པས། ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ ཉིན་གྱི་སྔ་དྲོར་ནོར་ གླིང་ཕོ་བྲང་ལྕགས་རིའི་ཁོར་ཡུག་ཏུ་རྒྱལ་ས་ལྷ་སའི་མི་མང་སེར་སྐྱ་ཕོ་མོ་ཁྲི་ ཁྲག་ཁ་ཤས་ཀྱིས་མཐའ་བསྐོར་ཏེ་༸གོང་ས་མཆོག་ལ་སྲུང་སྐྱོབ་དང་། གྲོང་ ཁྱེར་ལྷ་སའི་རྒྱ་མི་འདུས་སྡོད་ཁག་ཏུ་རྒྱ་དམར་མཐར་སྐྲོད་ཀྱི་གཞི་རྒྱ་ཆེ་བའི་ མི་མང་སྒེར་ལངས་རྔམས་སྟོན་ཁྲོམ་བསྐོར་བྱུང་ཞིང་། ༸གོང་ས་༸ཏཱ་ལའི་བླ་ མ་མཆོག་སྟོན་འཁོར་དང་བཅས་པ་རེ་ཞིག་བོད་བསྟན་སྲིད་མི་རིགས་ཀྱི་རང་ དབང་སླར་གསོའི་ཆེད་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་ སྲིད་དོན་བཙན་བྱོལ་ལ་ཆིབས་སྒྱུར་གནང་དགོས་བྱུང་བ་བཅས་ལྡོག་ཏུ་མེད་ པའི་འགོག་རྐྱེན་སྣེ་མང་འཕྲད་དབང་གིས་ “ལེགས་བཅོས་” དགོངས་གཞི་ཇི་ བཞིན་མཇུག་སྐྱོང་ཕྱག་བསྟར་གནང་མ་ཐུབ་པར་རེ་ཞིག་ལྷག་ལུས་སུ་གྱུར།

1གོང་གསལ་གྱོད་ཞིབ་ལས་ཁུངས་ཀྱི་སྐོར་ཡབ་གཞིས་གཡུ་ཐོག་ས་དབང་དམ་པ་བཀྲ་ཤིས་དོན་གྲུབ་མཆོག་

གི་སྐུ་ཚེའི་བྱུང་བ་ཆེ་ལོང་ཙམ་མ་བཅོས་ལྷུག་པར་བརྗོད་པ་ཞེས་པའི་ཤོག་གྲངས་ ༣༠ དང་ ༣༡ ནང་གསལ།

39


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་ལྔ་པ། ༈ བཙན་བྱོལ་བོད་གཞུང་གསར་འཛུགས།

ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་

མཆོག་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་ྋཞབས་སོར་འཁོད་མ་

ཐག་བཙན་བྱོ ལ ་བོ ད ་གཞུང་ཇི ་ ལྟར་གསར་འཛུགས་གནང་བའི ་ བརྒྱུད་རི མ ་

ནི༑

ཕྱི་ལོ་ ༡༩༥༩ ཟླ་ ༤ ཚེས་ ༢༥ ཉིན་གྱི་སྔ་དྲོར་ཀ་སྦུག་ནས་

སུ།

“ད་རེས་གཞིས་བྱེས་མཉམ་འཛོམས་འདིའི་ཐོག་ནས་རང་རེའི་ཕྱིས་

བཞུགས་སྒར་མ་སུ་རི ར ་བཅར་འབྱོ ར ་གཞུང་ཞབས་པ་རྣམ་པར་༸སྤྱི ་ ནོ ར ་

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བཀའ་སློ བ ་ཕེ བ ས་དགོ ང ས་ འབྱུང་གཞུང་གི་ལས་དོན་སྒྲུབ་ཕྱོགས་དང་།

བོད་གཞུང་གི་སྒྲིག་འཛུགས་

དེ ང ་དུས་དང་མཐུན་པའི ་ བསྐྱར་བཟོ ་ དང་འབྲེ ལ ་བའི ་ ལས་བགོ ས ་རྒྱག་ ཕྱོགས་སྐོར་གོ་བསྡུར་བྱེད་དགོས་” ཞེས་བཀའ་ཕེབས། ཁོང་རྣམས་བཀའ་ གྲོས་ཞིབ་པར་གནང་ནས་ཕྱི་ཚེས་ ༢༩ ཉིན་ཚིག་ཐོའི་ཞུ་སྙན་ཕུལ།

༸གོ ང ་ས་མཆོ ག ་ནས་ཚི ག ་ཐོ ར ་ཐུགས་ཞི བ ་དང་སྲི ད ་བཀའ་རྣམ་

པར་བཀའ་བསྡུར་མཛད་མཐར། གནས་སྟངས་ནི།

ད་ཕྱིན་རྒྱ་གར་ནང་རང་རེའི་གཞུང་གི་

ཉེ་ཆར་རྒྱ་གར་ས་གནས་ཏེཛ་སྤུར་དུ་རྒྱལ་སྤྱིའི་གསར་

འགོ ད ་འདུས་ཚོ ག ས་སར་༸གོ ང ་ས་མཆོ ག ་ནས་གསུང་བཤད་བསྩལ་པའི ་ སྙིང་དོན་དུ།

“རྒྱ་གར་གཞུང་དང་གཞན་རྒྱལ་ཁབ་སུ་ཞིག་གིས་ངོས་ལེན་

བྱས་མིན་གང་ལ་ཡང་མ་ལྟོས་པར་ངོས་དང་། ངའི་གཞུང་གི་བཀའ་ཤག་གང་

དུ་ཡོ ད ་པ་དེ ར ་བོ ད ་མི ་ མང་ནས་ཡིད ་ཆེ ས ་བློས་འཁེ ལ ་གྱི ས ་གཞུང་ལ་ངོ ས ་ 40


ལེན་བྱེད་མུས་ཡིན་

བཙན་བྱོལ་བོད་གཞུང་གསར་འཛུགས།

ཞེས་ཇི་ལྟར་བཀའ་བསྩལ་པ་བཞིན་༸གོང་ས་

༸སྐྱབས་མགོན་ཆེན་པོའི་དབུ་འཁྲིད་འོག་བཙན་བྱོལ་བོད་གཞུང་ཞིག་ངེས་

པར་འཛུགས་གནང་མཛད་རྒྱུ་དེའི་སྔོན་འགྲོའི་གྲ་སྒྲིག་དང་། གནས་སྐབས་ཛ་

དྲག་གི ་ ཕྱག་ལས་རི ག ས་ཕྱག་བཞེ ས ་བསྟར་རྒྱུའི ་ ལས་བགོ ས ་ཀྱི ས ་ཁུངས་ སོ་སོས་ལས་འགན་སྒྲུབ་རྒྱུར། རྩ་བའི་བཞུགས་སྒར་ཆགས་ཡུལ་ས་གནས་

གང་དུ་ཐུགས་གཏན་འཁེལ་མཚམས་བོད་མི་མང་ཚོགས་ཀྱི་མི་འཐུས་ཡོད་

པའི ་ ཚོ ག ས་འདུ་རྒྱས་པ་ཞི ག ་བསྐོང་འཚོ ག ས་གནང་བའི ་ ཐོ ག ་ཞི བ ་ཆའི ་

བཀའ་བསྡུར་གནང་སྟེ་གཏན་འབེ བ ས་ལ་ཐུགས་མོ ས ་བྱུང་འཕྲལ་གནས་ སྐབས་ཀྱི་ལས་འགན་ཕྱོགས་བགོས་བྱས།

༡༽ ༸གོང་ས་མཆོག་གི་དབུ་འོག་དཔུང་འདེགས་ཐུབ་པའི་སྲིད་བློན་ཞིག་

དགོས་པ་སྲིད་ཚབ་བདེ་མཁར་བ།

༢༽ ཆོས་དོན་ལས་ཁུངས་སུ་བཀའ་བློན་ཤན་ཁ་བ་འགྱུར་མེད་བསོད་ནམས་

སྟོབས་རྒྱལ་དང་། སྤྱི་ཁྱབ་མཁན་པོ་དགའ་བྲང་བློ་བཟང་རིག་འཛིན། མཁན་ དྲུང་ཏཱ་བླ་མ་ཐུབ་བསྟན་ནོར་བཟང་།

༣༽ ཕྱི་སྲིད་ལས་ཁུངས་སུ། ཕྱི་སྲིད་བཀའ་བློན་སྣེའུ་ཤར་ཐུབ་བསྟན་ཐར་

པ་དང་། སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ།

༤༽ ནང་སྲིད་ལས་ཁུངས་སུ་བཀའ་བློན་ཟུར་ཁང་དབང་ཆེན་དགེ་ལེགས་

དང་། མཁན་མགྲོན་ཆེ་བ་ཕ་ལྷ་ཐུབ་བསྟན་འོད་ལྡན།

༥༽ འདུ་འགོད་(དཔལ་འབྱོར་)ལས་ཁུངས་སུ། བཀའ་བློན་གཡུ་ཐོག་བཀྲ་

ཤིས་དོན་གྲུབ་དང་། རིམ་བཞི་སྤོམ་མདའ་བློ་བཟང་ཡར་འཕེལ།

༦༽ ལྡི་ལིར་གཏན་བཞུགས་སྐུ་ཚབ་དོན་གཅོད། རྩིས་དཔོན་ཞྭ་སྒབ་པ་

དབང་ཕྱུག་བདེ་ལྡན། ལས་རོགས་མཁན་ཆུང་ཆང་ཁྱིམ་ཐུབ་བསྟན་ཚེ་དཔལ། 41


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རིམ ་བཞི་ཚ་རོ ང་བདུད་འདུལ་རྣམ་རྒྱལ་བཅས་གོ ང་གསལ་ལས་ཁུངས་སོ་

སོའི་ལས་རོགས་དང་། ལས་བྱ་དགོས་ངེས་སྐབས་མཚམས་སོ་སོར་བཀའ་

བསྡུར་ཐོག་ནས་བསྐོ་གཞག་བསྩལ་རྒྱུ་བཅས་ལ་ཐུགས་གཏན་འཁེལ་བ་ལྟར་

ཁུངས་སོ་སོར་ལས་ཀའི་འགན་དཀྲི་གནང་།(1) དེ་བཞིན་ལྡི་ལིར་བོད་གཞུང་ གི་སྐུ་ཚབ་དོན་གཅོད་ཁང་ཞིག་འཕྲལ་དུ་འཛུགས་རྒྱུ་དང་། སྐུ་ཚབ་བམ་དོན་ གཅོད་དབུ་འཛིན་དུ་རྩིས་དཔོན་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་དང་། ལས་

རོགས་སུ་མཁན་ཆུང་ཆང་ཁྱིམ་ཐུབ་བསྟན་ཚེ་འཕེལ་དང་། རིམ་བཞི་ཚ་རོང་ བདུད་འདུལ་རྣམ་རྒྱལ་བཅས་ལ་བསྐོ་གཞག་བསྩལ་རྒྱུ།

མ་སུ་རི་བཞུགས་སྒར་དུ་ཆོས་དོན་ལས་ཁུངས་དང་། ཕྱི་སྲིད་ལས་

ཁུངས། ནང་སྲིད་ལས་ཁུངས། འདུ་འགོད་ལས་ཁུངས་བཅས་ལས་ཁུངས་

ཁག་བཞི་གཏན་ཚུགས་གནང་རྒྱུར།

ཆོས་དོན་ལས་ཁུངས་སུ་བཀའ་བློན་

ཤན་ཁ་བ་(བཤད་ཟུར་)འགྱུར་མེད་བསོད་ནམས་སྟོབས་རྒྱལ་དང་།

སྐུ་

བཅར་སྤྱི་མཁན་དགའ་བྲང་བློ་བཟང་རིག་འཛིན། མཁན་དྲུང་ཏཱ་བླ་མ་ལྕོག་ སྟེང་། (ཕྱག་རོགས་སུ་མཁན་དྲུང་ཏཱ་བླ་མ་ལྕོག་སྟེང་ཐུབ་བསྟན་ནོར་བཟང་)

སྲིད་ལས་ཁུངས་སུ་བཀའ་ཚབ་སྣེའུ་ཤར་ཐུབ་བསྟན་ཐར་པ་དང་།

(2)

ཕྱི་

སྐུའི་

གཅེན་པོ་རྒྱལ་ལོ་དོན་གྲུབ། (སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་སྐབས་དེར་

ཕྱི་སྲིད་བཀའ་བློན་གྱི་མཚན་གནས་བསྩལ།) ནང་སྲིད་ལས་ཁུངས་སུ་བཀའ་བློན་

ཁྲི་པ་ཟུར་ཁང་དབང་ཆེན་དགེ་ལེགས་དང་། རྩེ་མཁན་མགྲོན་ཆེ་བ་ཕ་ལྷ་ཐུབ་

1བཀའ་ཟུར་ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གྱིས་བརྩམས་གནང་བ། <<མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་ གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ།>> དེབ་དང་པོའི་ཤོག་གྲངས་ ༢༩༨ ནས་གསལ།

2 གཡུ་ཐོག་ཚེ་རིང་སྒྲོལ་དཀར་ལགས་ཀྱིས་བརྩམས་གནང་བ། <<ཡབ་གཞིས་གཡུ་ཐོག་ས་དབང་དམ་པ་

བཀྲ་ཤིས་དོན་གྲུབ་མཆོག་གི་སྐུ་ཚེའི་བྱུང་བ་ཆེ་ལོང་ཙམ་མ་བཅོས་ལྷུག་པར་བརྗོད་པ>> ཨ་མྱེས་རྨ་ཆེན་བོད་ ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་ཕྱི་ལོ་ ༢༠༠༢ ལོར་སྤར་དུ་བཏབ་པའི་ཤོག་གྲངས་ ༤༣ པར་གསལ།

42


བཙན་བྱོལ་བོད་གཞུང་གསར་འཛུགས།

བསྟན་འོད་ལྡན། འདུ་འགོད་ལས་ཁུངས་སུ་བཀའ་ཚབ་གཡུ་ཐོག་བཀྲ་ཤིས་ དོན་གྲུབ་དང་། (ཕྱག་སྦྲེལ་སྤྱི་མཁན་དགའ་བྲང་བློ་བཟང་རིག་འཛིན།)ཛ་སག་སྤོམ་

མདའ་བློ་བཟང་ཡར་འཕེལ། བཅས་ནས་ལས་འཁུར་ཞུ་རྒྱུར་ཐུགས་གཏན་

འཁེལ་བ་སོགས་ཁྱོན་ཆོས་དོན་དང་། ཕྱི་སྲིད། ནང་སྲིད། འདུ་འགོད་(དཔའ་

འབྱོར།) ལྡི་ལི་སྐུ་ཚབ་དོན་གཅོད་ཁང་བཅས་ལས་ཁུངས་ཁག་བཞི་དང་དོན་

གཅོད་ཁང་གཅིག སྲིད་བློན་གྱི་ཚབ་ཏུ་སྲིད་ཚབ་བདེ་མཁར་བ་གཙོས་སྲིད་ བློན་དང་བཀའ་བློན་རྣམས་གཏན་འཁེལ་གྱིས་གཞིས་བྱེས་གཉིས་ཀྱི་ངོ་ཚབ་

མཚོ ན ་པའི ་ བཙན་བྱོ ལ ་བོ ད ་གཞུང་འདི ་ ཉི ད ་བོ ད ་བསྟན་སྲི ད ་མི ་ རི ག ས་ཀྱི ་ རང་དབང་སླར་གསོའི་ཆེད་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་ པའི་ཡུལ་དུ་གསར་འཛུགས་ལེགས་པར་མཛད།(1) དེ་བཞིན་ཕྱི་ལོ་ ༡༩༥༩

ཟླ་ ༡༡ ཚེས་༢༩ ཉིན་མ་སུ་རིར་གཞུང་ཞབས་ཚོགས་འདུ་གོང་མ་ནས་ དགོངས་འཆར་༸སྙན་འབུལ་གནང་བར།

ཆབ་སྲིད་སྐྱོང་སྟངས་ལེགས་

བཅོ ས ་གནང་རྒྱུར་ཐོ ག ་མར་བོ ད ་གཞུང་གི ་ རྩ་ཁྲི མ ས་ཤི ག ་ངེ ས ་པར་གཏན་

འབེབས་གནང་དགོས་ལ། འཛམ་གླིང་ནང་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཁག་

གི་རྩ་ཁྲིམས་ནས་གོ་བསྡུར་གནང་རྒྱུ་ཇི་སྙེད་ཅིག་ཡོད་པས། རྒྱ་གར་དབྱིན་ ཇི་གཉིས་ཀྱི་རྩ་ཁྲིམས་བོད་ཡིག་ཐོག་ཕབ་སྒྱུར་བྱེད་རྒྱུའི་སྐོར་དང་།

དེ་

བཞི ན ་དུ་ཡི ག ་སྒྱུར་ལ་མཁོ ་ གལ་ཆེ ་ བའི ་ ཚི ག ་མཛོད་རྒྱས་པ་ཞི ག ་ཀྱང་ གསར་བཟོ་བྱ་རྒྱུ།

བོ ད ་རང་བཙན་དག་སྐྱེལ་དང་རྒྱ་དམར་གྱི ་ བཙན་གནོ ན ་ཇི ་ བྱས་

ཁྱབ་བསྒྲགས་བྱ་ཕྱིར་ཕྱི་འབྲེལ་མི་སྣ་བསྐོ་གཞག་གིས་ཕྱི་འབྲེལ་ལས་ཁུངས་ སྔར་མུས་ལྟར་ཕྱག་ལས་རྒྱུན་སྐྱོང་གནང་རྒྱུ།

1<<མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ>>དྷ་ས་ནོར་གླིང་རིག་གཞུང་གཅེས་སྐྱོང་ཁང་ནས་ཕྱི་ལོ་ ༢༠༠༩ ལོར་དཔར་བསྐྲུན་གནང་བ་རླབས་འཕྲེང་བཅོ་བརྒྱད་པའི་ས་བཅད་བཞི་བའི་ཤོག་གྲངས་ ༤༠༢ པར་གསལ།

43


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱབ་སྐྱོར་གནས་ལུགས་དྲིལ་

བསྒྲགས་གནང་འོས ་ཡི ག ་ཆ་རྣམས་བོ ད ་ཡི ག ་ཏུ་བསྒྱུར་ཟི ན ་མཚམས་དྲིལ་ བསྒྲགས་གནང་འོས་རྣམས་གནང་རྒྱུ་དང་། བོད་ཕྱི་ནང་གི་མཛད་ཕྱོགས་སྐོར་

མཇལ་ཐེངས་བཞི་པའི་ཚོགས་པར་བཀའ་སློབ་ཇི་བསྩལ་བསྐྱར་དུ་འགྲེམས་

སྤེལ་ཞུ་རྒྱུ།

མི་མང་དབར་གྱི་གནས་ཚུལ་ཤེས་རྟོགས་དང་འགལ་ཟླ་སེལ་ཆེད་

ལས་ཁུངས་ཟུར་འཛུགས་མ་དགོས་པར་མ་སུ་རིར་གཞུང་ཞབས་ངོ་ཡོད་ཐོག་

གདན་ས་དང་། ཁམས། ཨ་མདོ། དབུས་གཙང་སོགས་བོད་རིགས་མི་ དམངས་ཀྱི་སྤྱི་མོས་ཡོད་པའི་བསམ་ཡོད་གང་འཚམས་བསྡུ་རུབ་ཀྱིས་བོད་ ལྗོངས་ཚོགས་འདུ་རྒྱས་འཛོམས་ཤིག་གནང་སྟེ་ཚོགས་འདུ་དེའི་ལས་འགན་

བསྒྲུབ་བྱའི་སྙིང་པོ་ཕྱིན་ཆད་ཕྱོགས་ཚང་མའི་མི་སྣ་ཞུགས་ཆོག་པའི་ཚོགས་

འདུ་ཞི ག ་གོ ་ སྒྲི ག ་ཞུས་ཏེ ་ ཚོ ག ས་འདུ་དེ ས ་ལས་དོ ན ་ཆེ ་ རི ག ས་ཚོ ད ་འཛི ན ་

སློབ་སྟོན་བྱ་རྒྱུ།

ལྷ་སྲས་མཆོ ག ་ནས་བསྟན་སྲི ད ་ཀྱི ་ མཛད་སྒོ ར ་མུ་མཐུད་དབུ་

བཞུགས་བཀའ་སློབ་ཡོང་རྒྱུ།

ཕྱི ་ རྒྱལ་གསར་ཤོ ག ་ཁག་ལ་ཞི བ ་འཇུག་གི ས ་བཟང་ངན་ལན་

འདེབས་ཕྱི་འབྲེལ་ལས་ཁུངས་ནས་ཐུགས་འཁུར་བཞེས་རྒྱུ།

ཚ་ཁུལ་བོད་མིའི་སྡོད་སྒར་རྣམས་ཚ་བ་མ་རྒྱས་གོང་རྒྱ་གར་གཞུང་

དང་ཕྱི ་ རྒྱལ་རོ ག ས་སྐྱོར་ཁག་ལ་གོ ་ བསྡུར་ཞུ་འོས ་ཞུས་ཏེ ་ ནང་སྲི ད ་ལས་ ཁུངས་ནས་འགན་འཁུར་རྐང་ལེན་ཐོག་གནས་སྤོ་ཐུབ་པའི་ཐབས་ཤེས་བྱེད་ རྒྱུ༑

མཐུན་རྐྱེ ན ་འཛོ མ ས་མི ན ་དབང་གི ས ་སྒར་ས་སོ ་ སོ ར ་དབྱི ན ་ཡི ག ་

སློབ་གྲྭ་གསར་འཛུགས་ལག་ལེན་མ་མཆིས་གཤིས་སྔ་འཕྲོས་མ་སུ་རིར་སློབ་ 44


བཙན་བྱོལ་བོད་གཞུང་གསར་འཛུགས།

གྲྭ་གང་ལྕོགས་ཚུགས་ཐབས་ནང་སྲིད་ཁོངས་ནས་འཁུར་ལེན་ཞུ་རྒྱུ།

རྒྱ་གར་དུ་བོ ད ་མི ་ སྔོ ན ་འབྱོ ར ་ཁོ ང ས་ནས་ཕྱི ་ རྒྱལ་སྐད་ཡི ག ་ཤེ ས ་

མཁན་ཅི་ཡོད་དང་། དེ་མིན་སློབ་སྦྱོང་བྱེད་མུས་ཁོངས་ནས་རང་གཞུང་ལ་

ཞབས་འདེ ག ས་ཞུ་མོ ས ་ཡོ ད ་རི ག ས་རྣམས་མི ང ་ཐོ ་ འགོ ད ་བཞེ ས ་ཀྱི ས ་ཕྱི ་

རྒྱལ་དུ་སློབ་སྦྱོང་ཁོངས་གཏོང་གནང་མཛད་དགོས་ཐད་ནང་སྲིད་ནས་ལག་ ལེན་མུ་མཐུད་ཞུ་རྒྱུ།

དཔལ་འབྱོར་འདུ་འགོད་ཐད་གཡུ་སྤོམ་རྣམ་གཉིས་ལ་མཛད་འཁུར་

བཞེས་པར་འཕྲལ་ཕེབས་ཡོང་བའི་ཕྱག་བྲིས་འབུལ་རྒྱུ།

གཞུང་ཞབས་ལས་དཀྱུས་ལས་ཚན་དམི ག ས་བཀར་མེ ད ་རི ག ས་

དང་། ཕྱོགས་མཐར་ཡོད་པའི་ཁོངས་ནས་གསར་འགུག་གནང་འོས་སོགས་

ལས་ཁུངས་སོ ་ སོ འི ་ ཁོ ང ས་སུ་དགོ ས ་ངེ ས ་དམི ག ས་འཛུགས་བསྐོ་གཞག་

རིམ་ཞུ། འབྱུང་འགྱུར་ཚོགས་འདུ་རྒྱས་འཛོམས་ཐོག་ལས་དོན་སྒྲུབ་ཕྱོགས་

གཏན་འབེ བ ས་མ་བྱུང་བར་ལས་དོ ན ་འཐུས་ཤོ ར ་མི ་ འབྱུང་ཆེ ད ་མ་སུ་རི ་ བཞུགས་སྒར་དུ་གཏན་བཞུགས་རྣམས་ནས་ལས་ཁུངས་སོ་སོའི་ལས་འགན་

དམིགས་བཀར་རེས་གཟའ་ཉི་མ་ཕུད་པའི་དེ་བྱིངས་ལས་ཁུངས་རྟག་ཚུགས་

ཐོག་ལས་ཁུངས་བཞིའི་དབུ་འཛིན་རྣམས་རེས་གཟའ་པ་སངས་ནམ་ཡིན་ལ་ ཚོགས་འདུ་འཚོགས་ཏེ་ལས་བསྡོམས་གོ་བསྡུར་ཞུ་རྒྱུ་

(1)

སོགས་འཁོད་

འདུག་པ་བཅས་བཙན་བྱོ ལ ་བོ ད ་གཞུང་གསར་འཛུགས་སྐབས་ཀྱི ་ གནས་ སྟངས་དང་རྒྱུད་རིམ་རྣམས་མདོར་བསྡུས་སུ་བཀོད་པའོ།།

1 ཕྱི་ལོ་ ༡༩༥༩ ཟླ་ ༡༡ ཚེས་ ༢༩ ཉིན་མ་སུ་རིར་གཞུང་ཞབས་ཚོགས་འདུ་གོང་མ་ནས་དགོངས་འཆར་ ༸སྙན་འབུལ་ཇི་གནང་ཞིབ་ཕྲ་གཟིགས་འདོད་ཡོད་ཚེ་མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོའི་ཤོག་ངོས་ ༢༦༠ ནས་གཟིགས།

45


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་དྲུག་པ། ༈ གནས་མཆོག་རྡོ་རྗེ་གདན་དུ་མནའ་གན་མཐུ་ མོ་ཆེ་བཞག་པ། བཞུགས་སྒར་མ་སུ་རི་ནས་དྷ་རམ་ས་ལར་སྤོར་ བཞུགས་བསྐྱངས་པ། ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་ ཆོས་སྲིད་གཉིས་ལྡན་གྱི་བོད་མང་གཙོའི་ གཞུང་དབུ་བརྙེས་པ།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་དགོངས་

པར་སྔོན་ནས་མངའ་གསལ་ལྟར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ བཟང་པོ་རྣམས་གཞི་རྩར་བཟུངས་ཏེ།

དེང་དུས་འཛམ་གླིང་སྤྱི་སྲོལ་དང་

མཐུན་པའི ་ རང་དབང་(དམངས)མང་གཙོའི ་ (1) ལམ་ལུགས་ཐོ ག ་བསྒྱུར་

བཅོ ས ་གནང་རྒྱུར་ཐུགས་གཏན་སྔོན ་འཁེལ ་བཞིན ་མགོན ་པོ་ གང་ཉིད་ནས་

ཕྱི་ལོ་ ༡༩༥༩ ཟླ་ ༡༡ ཚེས་ ༡༧ ཉིན་མ་སུ་རིར་བཙན་བྱོལ་བོད་གཞུང་གི་

གཞུང་ཞབས་མཇལ་ཐེངས་བཞི་པའི་ཐོག་བཀའ་སློབ་ཕེབས་དགོངས་སུ། “ ཕྱིན་ཆད་བོད་ནང་རང་རེ་སྔ་མའི་གནས་སྟངས་དེ་དག་ཆ་ཚང་གནས་ཐབས་

མེད་པས་བསྒྱུར་བཅོས་འགྲོ་དགོས། གང་ལགས་ཟེར་ན་རྒྱ་ཆེའི་འཛམ་གླིང་ གི་གནས་ཚུལ་འཕོ་འགྱུར་ཆེན་པོ་འགྲོ་བཞིན་པར་བརྟེན། ང་ཚོས་དེ་དང་ བསྟུན་པའི་ལམ་ཕྱོགས་སུ་བསྐྱོད་རྒྱུ་གལ་གནད་ཆེན་པོ་ཡིན།

བོད་ལྗོངས་སྤྱིའི་བདེ་དོན་གལ་ཆེ་འདི་ཙམ་ལ་གྲལ་རིམ་དང༌། ཕོ་

མོ ་ རིགས་རུས་ཀྱི་དབྱེ་བ་ལ་མ་ལྟོས་པས་བོད་རིགས་ཡིན་ཕྱིན་རང་རང་སོ་

1མཚམས་འདི་ནས་བཟུང་སྔོན་གྱི་ཡིག་ཆ་མང་པོ་ལུང་འདྲེན་བྱེད་དགོས་པས་སྐབས་དུས་དེ་དག་དུ་བེད་ སྤྱོད་བྱེད་བཞིན་པའི་“དམངས་”ཅེས་པའི་ཐ་སྙད་དེ་ཁ་སྐོང་ནང་དུ་བཀོད་ཡོད།

46


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

སོ འི་ ཤེ ས ་ནུས་གང་ཡོ ད ་སྤྱི་ དོ ན ་ཐོ ག ་ཕྱར་བ་གྲུ་འདེ ག ས་བྱེ ད ་དགོ ས ་པ་མ་ ཟད།

རང་གི་ཤེས་ཚད་ལ་དཔག་པའི་ཐོབ་ཐང་ཡང་ངེས་པར་ཡོང་གི་རེད།

ཕེབས།

(1)

དེར་བརྟེན་ཚང་མས་རང་དོན་སྤང་སྟེ་སྤྱི་དོན་དུ་ཁ་ཙམ་མིན་པར་ཐབས་ཤེས་ གོང་འཕེལ་འགྲོ་བསྐྱོད་ཐུབ་པའི་ནུས་ཤུགས་འདོན་དགོས་”

ཞེས་བཀའ་

ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ས་ཕག་ཟླ་ ༡༢ ཚེས་ ༧ ཉིན་

གནས་མཆོ ག ་རྡོ ་ རྗེ ་ གདན་དུ་སྤྱི ་ ནོ ར ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་

མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་

མང་ཚོགས་འཛོམས་ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ་བླང་དོར་ ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས་པ་ནི།

༄༅།། རབ་བྱུང་བཅུ་དྲུག་པའི་བོད་ས་ཕག་ཟླ་ ༡༢ ཚེས་ ༧ ལ།

དཔལ་མྱུར་མཛད་ཡེ་ཤེས་ཀྱི་མགོན་པོ་ཕྱག་དྲུག་པ་དང་། དཔལ་ལྡན་དམག་ ཟོར་གྱི་རྒྱལ་མོ་རེ་མ་ཏི།

བསྟན་སྲུང་དམ་ཅན་རྒྱ་མཚོ་དཔང་དུ་བཙུགས།

ཕན་བདེའི་འབྱུང་གནས་ལུགས་གཉིས་ ༸ གོང་མ་ཁྲིམས་བདག་རིན་པོ་ཆེའི་ ༸ ཞབས་དྲུང་དུ།

བདག་མི ང ་རྟགས་ཁུངས་གཤམ་གསལ་རྣམས་བློ་ཡི ད ་གཅི ག ་ཏུ་

མཐུན་པའི་རང་མོས་བློས་བླངས་ནམ་ཡང་འགྱུར་མེད་ཀྱི་གན་རྒྱ་མཐུ་མོ་ཆེ་

གཙང་མར་འཇོག་སྙིང་། དོན་རྩ། འཇིག་རྟེན་ཡོངས་ལ་ཕན་བདེ་གང་ལས་

འབྱུང་བའི་རྩ་ལག་དམ་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་རྒྱས་ཡུན་

རིང་དུ་གནས་ཐུབ་པ་དང་། རང་ཅག་སྟོད་མངའ་རིས་སྐོར་གསུམ། བར་

1སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་

ཁག་དང་། བཀའ་ཤག་གིས་མཚོན་གཞུང་ཞབས་ལས་བྱེད་པར་སྩལ་པའི་བཀའ་སློབ་ཕྱོགས་བསྡེབས་བོད་ གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་བསྐྲུན་གནང་བ། པོད་དང་པོ། ཤོག་གྲངས་ ༢ པར་ གསལ།

47


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དབུས་གཙང་རུ་བཞི། སྨད་མདོ་ཁམས་ཆུ་བཞི་སྒང་དྲུག་ཨ་མདོ། འགུ་ལོག་

བཅས་བོད་ཆོལ་ཁ་གསུམ་གྱི་མི་མང་ཡོངས་ལ་བདེ་སྐྱིད་ཀྱི་དཔལ་ཡོན་རྟག་

ཏུ་བཞད་པའི ་ ཐབས་ཚུལ་ལ་གངས་ལྗོ ང ས་རྒྱལ་བསྟན་ཆབ་སྲི ད ་ཡོ ང ས་ཀྱི ་

བདག་པོ་༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཉིན་མཚན་དུས་དྲུག་ ཏུ་ཐུགས་ཁུར་ཟབ་བཞེས་བཀའ་དྲིན་མུ་མཐའ་མེད་པ་བསྐྱངས་རུང་། རང་

ཅག་བོ ད ་རི ག ས་མི ་ མང་ཡོ ང ས་ནས་ད་བར་མཐུན་ལམ་རྡོ ག ་རྩ་གཅི ག ་ཏུ་

བསྒྲིལ་བའི་ཁུར་བབས་སྲི་ཞུ་ལྷག་བསམ་རྣམ་དག་ཅིག་སྒྲུབ་མ་ཐུབ་པའི་ཉེར་ ལེན་དང་། བསྟན་པ་སྤྱི་བགེགས་གཉིས་ཀའི་ངན་འབྲས་བཟློག་ཏུ་མེད་པ་རང་

ས་དགྲ་ཡིས་ཧམ་བཟུང་གིས་བོད་ཆོལ་ཁ་གསུམ་གྱི་ཁོངས་སུ་གཏོགས་ཚད་

ཀྱི་མི་རྒྱུ་ཟོག་གསུམ་གང་ལའང་ལྟ་བཟོ་སྤུ་ཙམ་མེད་པར་ད་ཆ་བོད་མི་ཀུན་གྱི་

ཡིད་ལ་བཟོད་པར་དཀའ་བའི་སྡུག་བསྔལ་གྱི་ཚོར་བ་དྲག་པོ་མྱོང་མུས་ཀྱང་།

ད་དུང་གནས་སྐབས་རང་གི་བདེ་དོན་ཕྲ་མོར་ཞེན་པའི་འཁྲི་བ་མ་བཅད་པར། མཁྲེ ག ས་ཆོ ས ་སུ་བཟུང་སྟེ་བསྟན་པ་སྤྱི ་ དོ ན ་ལ་རང་ཅག་བོ ད ་རི ག ས་ཚང་

མས་སྔར་མུས་ལྟར་སྤྱི་ཟོམ་ཡལ་ཡོལ་འབའ་ཞིག་གི་དབང་དུ་མ་སོང་བར་སྤྱི་ ནོ ར ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་སྐུ་ངལ་ཁྱད་བསད་ཀྱི ས ་རྒྱ་

གར་འཕགས་པའི་ཡུལ་དུ་ཆིབས་བསྒྱུར་བཀའ་དྲིན་ཆེ་སྟེ་བོད་ལྗོངས་ཆོལ་ཁ་ གསུམ་གྱི་ཁྱོན་ལ་ཆོས་སྲིད་རང་དབང་བདེ་སྐྱིད་རྫོགས་ལྡན་གསར་པའི་དགེ་

མཚན་གསར་དུ་བཞད་ཐབས་ལ་༸སྐུའི་གསང་བ་གསུམ་གྱི་ཡོན་ཏན་མ་ལུས་ པ་གཅི ག ་ཏུ་སྤུངས་ཏེ ་ མཐུ་སྟོབས་ནུས་པའི ་ རྣམ་འཕྲུལ་ནི ་ རང་ཅག་སོ ་ སྐྱེ་

རྣམས་ཀྱི་བསམ་བརྗོད་ཀྱི་ཡུལ་ལས་འདས་པའི་མཐའ་ཡས་རྒྱ་ཆེའི་མཛད་ འཕྲིན་གྱི་འོད་སྟོང་འཛམ་གླིང་ཡངས་པའི་གོ་ལར་མངོན་པར་དུ་འཕགས་པ་

འདི་ནི་འཛམ་གླིང་ནང་གི་སངས་རྒྱས་པའི་རིང་ལུགས་ལ་ཞུགས་པ་རྣམས་

དང་། སྒོས་སུ་རང་ཅག་ཁ་བ་རི་པའི་སྐྱེ་འགྲོ་ཡོངས་ལ་བསམ་བཞིན་དད་པའི་ 48


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

སྤུ་ལོང་དབང་མེད་གཡོ་བའི་བཀའ་དྲིན་གྱི་ཚད་མཐའ་གཞལ་དུ་མེད་པ་དེ་ལྟ་ བུའི་དུས་འདིར་རང་ཅག་བོད་རིགས་ཚང་མས་སྔར་བྱས་ལ་འགྱོད་སྡོམ་དྲག་ པོ་དང་། ཕྱིས་ཀྱི་ཁུར་བབས་ཞུ་བྱའི་ཐད་༸གོང་ས་༸སྐྱབས་མགོན་ཐམས་

ཅད་མཁྱེན་གཟི ག ས་ཆེ ན ་པོ འི ་ དགོ ང ས་གཞི ་ ཟབ་མོ ་ དང་མཐུན་པའི ་ བོ ད ་ རི ག ས་ནང་ཁུལ་རང་རང་མི ང ་གི ་ རྗེ ས ་སུ་བསྙེ ག ས་པའི ་ ཕྱོ ག ས་འཐེ ན ་ཕྲག་

དོག་རྣམས་ཞེ་ནས་སྤངས་ཏེ་མཐུན་བསྒྲིལ་རྡོག་རྩ་གཅིག་བསྒྲིལ་ལྕགས་ཀྱི་

གོང་བུ་བཞིན་བྱེད་རྒྱུ་དང་།

༸གོང་ས་༸སྐྱབས་མགོན་ཆེན་པོའི་ཡང་དག་

པའི་དབུ་ཁྲིད་འོག་ང་ཚོས་བཀའ་དགོངས་ཟབ་མོ་དང་མཐུན་པའི་ཁུར་བབས་

ཞུ་བྱ་ཅི ་ མཆི ས ་ན་ནུས་འཆི ་ ཐུབ་ཞུས་ཚེ ་ བོ ད ་སྤྱི འི ་ འཕྲལ་ཕུགས་བདེ ་ དོ ན ་

སྒྲུབ་པར་འདི ་ ལས་དགེ ་ མཚན་ཆེ ་ བ་མ་མངོ ན ་པར་ཚང་མའི ་ མཐོ ང ་སྣང་

གཅིག་ཏུ་མཐུན་ཏེ་མ་བསྐུལ་དང་བླངས་དགའ་སྤྲོའི་སེམས་པ་ཁེངས་པའི་ངང་

ནས་གྲོས་ཐག་གཙང་མར་བཅད་ཟིན་པ་འདི་ལས་ནམ་ཡང་མི་འགལ་ཞིང་། གལ་སྲི ད ་འགལ་ཆར་འགྲོ་རི ག ས་དྲག་ཞན་སེ ར ་སྐྱ་སུ་ཐད་ནས་ཕྲ་མོ ་ ཙམ་ ཤར་རུང་ཡུལ་ཁྲིམས་དང་མཐུན་པའི་ལུགས་གཉིས་ཁྲིམས་ཀྱི་བདའ་འདེད་

ཡན་པོར་མ་སོང་བ་བྱེད་པོ་སུ་ཡིན་རྣག་ཐོག་གཙག་འཁེལ་གྱི་བཀའ་དཔྱད་

ཞུ་རྒྱུ་སྨོས་ཅི། དེས་ན་ཕྱིན་ཆད་མི་མང་གི་དགྲར་ཟིན་པ་མ་ཟད། ནང་པ་

སངས་རྒྱས་པར་ཁས་འཆེ་བའི་མི་རིགས་ནས་རང་གི་ཁས་ལེན་དམ་བཞག་

ལས་བཟློག་པའི་བགྱི་བ་ངན་པ་བྱེད་སྲིད་ན་བསྟན་སྲུང་དམ་ཅན་རྒྱ་མཚོའི་

ཚོགས་ཀྱི་ལས་འབྲས་དུས་སུ་བདོ་བའི་དྲག་པོའི་ཆད་པ་གཅོད་པར་མཛོད་

ཅིག་ཆེས་ཇི་སྲིད་བར་དེ་སྲིད་རྩ་འཛིན་སྤྱི་མཐུན་གན་རྒྱར་མིང་རྟགས་རིམ་ འབུལ་ཞུས་གྲས། ༡

གདན་ས་ཆེན་པོ་དཔལ་ལྡན་འབྲས་དཀར་སྤུངས་པའི་སྤྱི་འཐུས་བློ་ གླིང་སློབ་དཔོན་པདྨ་རྒྱལ་མཚན་གྱི་རྟགས། 49


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སེ ་ ར་ཐེ ག ་ཆེ ན ་གླི ང ་གི ་ སྤྱི ་ འཐུས་བྱེ ས ་སློ བ ་དཔོ ན ་བློ་བཟང་དོ ན ་ ཡོད་ཀྱི་རྟགས།

རྒྱུད་གྲྭ་སྟོད་སྨད་ཀྱི་སྤྱི་འཐུས་རྒྱུད་སྨད་སློབ་ཟུར་ངག་དབང་ལེགས་ ལྡན་གྱི་རྟགས།

དགའ་ལྡན་རྣམ་པར་རྒྱལ་བའི ་ སྤྱི ་ འཐུས་ཤར་རྩེ ་ སློ བ ་དཔོ ན ་བློ་ བཟང་ཆོས་འཕེལ་གྱི་རྟགས། བཀའ་རྙི ང ་ས་གསུམ་གྱི ་ སྤྱི ་ འཐུས་དཔལ་སྤུངས་དབོ ན ་སྤྲུལ་ཀརྨ་ བདེ་ཆེན་ངེས་དོན་གྱི་རྟགས།

ཀ་སྦུག་ཐར་ཆོས་དགོན་གྱི་སྤྱི་འཐུས་མཁན་པོ་ངག་དབང་སྦྱིན་པའི་ རྟགས།

གཞུང་ཞབས་རྩེ་སྐོར་སྤྱི་འཐུས་མཁན་དྲུང་ངག་དབང་དོན་གྲུབ་ཀྱི་ རྟགས།(ཨ་གུག་ལགས།)

༡༠

རྡོ ར ་གདན་བོ ད ་གཞུང་དགོ ན ་འཕེ ལ ་རྒྱས་གླི ང ་གི ་ སྤྱི ་ འཐུས་དགེ ་ བསྐོས་སྦྱིན་པ་རྒྱ་མཚོའི་རྟགས།

ཤོ ད ་སྐོར་སྤྱི ་ འཐུས་རྩི ས ་དཔོ ན ་རྣམ་གླི ང ་དཔལ་འབྱོ ར ་འཇི ག ས་ མེད་ཀྱི་རྟགས།

བོ ད ་གཞུང་དམག་སྒར་ཁག་གི ་ སྤྱི ་ འཐུས་ཀ་དང་སྐུ་སྲུང་རུ་དཔོ ན ་ བསོད་ནམས་བཀྲ་ཤིས་དང་། ངག་དབང་དོན་གྲུབ་གཉིས་ཀྱི་རྟགས།

༡༡

ཆུ་སྒང་ཨ་མདོ་འགུ་ལོག་བཅས་དང་བླངས་འགོ་མང་གི་སྤྱི་འཐུས་ བྱ་རྒོད་རྣམ་རྒྱལ་རྡོ་རྗེ་དང་ཨ་མདོ་ཆོས་གྲགས་གཉིས་ཀྱི་རྟགས།

༡༣

མི་མང་སྤྱི་འཐུས་སྔོན་འབྱོར་ཨ་མདོ་རྒྱས་སྟོང་(ཚེ་རིང་)གི་རྟགས།

༡༢

མི ་ མང་སྤྱི ་ འཐུས་སྔོ ན ་འབྱོ ར ་སེ ར ་སྨད་ཕྱག་དགེ ་ བློ་བཟང་རྡོ ་ རྗེ འི ་ རྟགས། (ཤེལ་ཕྱག)

༡༤ སྟོད་གཙང་སྤྱི་འཐུས་གཞིས་རྩེ་ལས་གཙོ་སྤེལ་ཟུར་རྡོ་རྗེ་ནོར་བུའི་ 50


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

༡༥

༡༦

༡༧ ༡༨

༡༩ ༢༠

རྟགས།

མི་མང་སྤྱི་འཐུས་ཆུ་ཤུར་སྐན་གྲོང་ཚེ་རིང་སྟོབས་རྒྱས་ཀྱི་རྟགས།

མི་མང་སྤྱི་འཐུས་སྣེ་གདོང་གཙོ་དྲག་དབང་འདུད་རྡོ་རྗེའི་རྟགས།

མི་མང་སྤྱི་འཐུས་བསོད་ནམས་བསྟན་འཛིན་གྱི་རྟགས།

མི་མང་སྤྱི་འཐུས་འཕྱོངས་རྒྱས་གཙོ་དྲག་ཤེས་རབ་ཀྱི་རྟགས།

མི་མང་སྤྱི་འཐུས་རྨར་ལམ་མཛོད་པ་ཚེ་བརྟན་རྣམ་རྒྱལ་གྱི་རྟགས། མི་མང་སྤྱི་འཐུས་མར་ནང་པདྨ་ཚེ་དབང་གི་རྟགས།

༢༡

ཀོང་པོ་སྤྱི་འཐུས་རྩེ་སྒང་ལྷ་དབང་ཚེ་རིང་གི་རྟགས།

༢༤

མི་མང་སྤྱི་འཐུས་གྲོ་མོ་གོང་འཐུས་ཨ་ཕུར་གྱི་རྟགས།

༢༢

༢༣ ༢༥

༢༦

༢༧

ཀ་སྦུག་པང་ཅའི་སྤྱི་འཐུས་རྨར་ཁམས་ཐོས་བསམ་ཅན་ནས་སྤྱི་ཐམ།

ཀ་སྦུག་ཡིད་མཐུན་སྤྱི་འཐུས་བསོད་ནམས་ཚེ་དབང་གི་རྟགས། མི་མང་སྤྱི་འཐུས་འཇིགས་མེད་རྣམ་རྒྱལ་གྱི་རྟགས།

ཝཱར་ཎ་བོད་དགོན་བཤད་སྒྲུབ་འདོད་རྒུ་འཁྱིལ་གྱི་གནས་འཛིན་དགེ་ སློང་ཐུབ་བསྟན་འབྱུང་གནས་ཀྱི་རྟགས།

རྡོར་གླིང་མི་མང་སྤྱི་འཐུས་བཟོད་པ་དང་། སྙན་གྲགས།ཨ་ཕྲ། ཕུར་ བུ། ཨ་ཁུ། ཡེ་ཤེས་ཚེ་རིང་བཅས་སྤྱི་ལག་སྐོར་བའི་རྟགས། (1)

སོགས་འཁོད་འདུག་པ་དེ་ཡིན།

དེ་ལྟར་མནའ་གན་མཐུ་མོ་ཆེ་དེ་བཞག་སྐབས་ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་ནས་བཀའ་སློབ་སྤྱི་ཕེབས་སུ། “ བོད་འདི་སྔར་ལྟར་མ་

ཡིན་པར་བོད་ཆོས་སྲིད་གཉིས་ལྡན་(དམངས)མང་གཙོའི་གཞུང་ཞིག་དགོས་

པ་གལ་ཆེ ར ་བརྟེན་རྒྱ་ཆེ འི ་ མི ་ མང་གི ་ ངོ ་ ཚབ་མང་མོ ས ་འོས ་འདེ མ ས་བྱས་

པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་ 1དུས་འགྱུར་མ་བྱུང་གོང་བོད་དུ་ཆབ་སྲིད་སྐྱོང་རིམ་ཞེས་པའི་དཔེ་དེབ་ཀྱི་ཤོག་ངོས་ ༢༡༨ པར་གསལ། 51


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པོ་བཞི་ནས་འཐུས་མི་རེ་དང༌།

ཆོལ་ཁ་གསུམ་ནས་འཐུས་མི་གསུམ་རེ་

བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ ཤེས་ཡོན་འབྱོན་ཐང་དང༌། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་

ཡི ད ་ཆེ ས ་བློ་གཏད་འཕེ ར ་བ་ཇི ་ ཡོ ད ་ནས་འོས ་འདེ མ ས་ཀྱི ས ་མི ང ་ཐོ ་ འོས ་ གྲངས་འཕྲལ་འབུལ་དགོས་” ཞེས་བཀའ་ཕེབས།(1)

ཕྱི་ལོ་ ༡༩༦༠ ཟླ་ ༤ ཚེས་ ༣༠ ཉིན་གྱི་ཕྱི་དྲོར་༸གོང་ས་མཆོག་

སྐུའི ་ སྟོན་འཁོ ར ་དང་བཅས་པ་མ་སུ་རི ་ ནས་དྷ་རམ་ས་ལར་སྤོ ར ་བཞུགས་

(2)

ཕེབས་ཐོན་མཛད། ཐོག་མར་ཕོ་བྲང་འབིར་ལ་ཧའོ་སེའི་ (Birla House)

ཉེ ་ འགྲམ་ནས་ས་གནས་ཀྱི ་ ཞི ་ དྲག་དཔོ ན ་རི ག ས་མི ་ སྣ་ཕེ བ ས་སྐྱེལ་ཆི བ ས་

ཞབས་སུ་བཅར་བའི ་ རླངས་འཁོ ར ་བསྟར་བསྒྲི ག ས་དང་བཅས་ཏེ ་ ཆི བ ས་ བསྒྱུར་བསྐྱངས་སྐབས། ཕེབས་ལམ་གཡས་གཡོན་དུ་ས་ཁུངས་དེར་ཡོད་རྒྱ་

གར་གཞུང་གི་ལས་བྱེད་སློབ་གྲྭ་བ་དང་། དགེ་སློབ་ལས་བྱིངས། ཁུལ་དེར་

ཁྱི མ ་ཆགས་ཡུལ་མི ་ ཚོ ་ བཅས་པས་གྲལ་བསྟར་བསྒྲི ག ས་ནས་གུས་འདུད་

ཕེབས་སྐྱེལ་ཞུས།

དེ་ནས་མ་སུ་རིའི་ཁྲོམ་ས་གན་དྷི་ལྕོག་

(Gandhi

Chowk) བརྒྱུད་དེ་ཕེབས་དགོས་ཀྱི་ཁྲོམ་ལམ་གཡས་གཡོན་གང་སར་མི་ མང་ཧ་ཅང་མང་པོས་ཀྱང་དགའ་གུས་ཆེན་པོས་བསྟར་བསྒྲིགས་ཕེབས་སྐྱེལ་ ཞུས་པ་དང་། རི་འདབས་ཌེ་ར་ལྡུན་ (Dehradun) གྲོང་ཁྱེར་གྱི་མེ་འཁོར་

འབབ་ཚུགས་སུ་ས་གནས་ཀྱི་ཞི་དྲག་དཔོན་རིགས་དང་། མི་སྣ་ཆེ་ཁག མི་

མང་བསྡེབས་འདུས་བཅས་ནས་དགའ་ཞིང་གུས་པའི་རྣམ་འགྱུར་དང་བཅས་ ཏེ ་ ཕེ བ ས་སྐྱེལ་ཞུ་བཞི ན ་དགོ ང ་དྲོར་དམི ག ས་བསལ་མེ ་ འཁོ ར ་ཐོ ག ་ཕེ བ ས་

ཐོན་གནང་། ཕྱི་ལོ་ ༡༩༦༠ ཟླ་ ༥ ཚེས་ ༡ ཉིན་གྱི་ཞོགས་པ་པཱན་ཇབ་མངའ་

1 ཆོས་སྲིད་གཉིས་ལྡན་བོད་དམངས་གཙོའི་གཞུང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བ་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༨༥ ལོར་དཔར་དུ་བསྐྲུན་པ་ཤོག་གྲངས་ ༢༢ དང་ ༢༣ ལ་གསལ། 2 སྤོར་བཞུགས་ནི། གནས་ཁང་དང་མཚེར་ས་སོགས་སྤོར་བའི་དོན།

52


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

སྡེའི་རྒྱ་ཐང་གྲོང་ཁྱེར་སྤ་ཋན་ཀོཊ་ (Pathankot) ཟེར་བའི་མེ་འཁོར་འབབ་

ཚུགས་སུ་ཕེ བ ས་འབྱོ ར ་སྐབས་ས་གནས་ཀྱི ་ དཔོ ན ་རི ག ས་དང་རྒྱ་གར་བ་ མང་ཚོགས་ནས་མེ་ཏོག་སྣ་ཚོགས་འཕྱར་ཞིང་འབུལ་བ་དང་། སྔ་ལོ་ཨ་སམ་

མི་ས་མ་རི་བཙན་བྱོལ་གསོག་སྒར་ནས་པཱན་ཇབ་ཌལ་ལ་ཧའོ་སེར་ (Punjab

Dalhousie) གནས་སྤོས་བོད་མི་སེར་སྐྱ་ཕོ་མོ་མང་པོས་ལག་ཏུ་སྤོས་དང་།

མཇལ་དར་ཐོགས་པ་བཅས་གྲལ་བསྟར་བསྒྲིགས་ནས་གུས་བསུ་ཞུས། སྔ་ལོ་

བོད་ནང་རྒྱ་གཞུང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་སྐུ་སྲོག་ལ་བདོ་ བའི་ཛ་དྲག་གི་གནས་ཚུལ་བྱུང་ནས། བོད་མི་སྟོང་ཕྲག་མང་པོ་གཞན་ཡུལ་དུ་

གྱར་རྗེས་༸རྒྱལ་བ་ཡིད་བཞིན་ནོར་བུའི་སྐུ་དངོས་སུ་མཇལ་ཞིང་། གསུང་ རྗེན་པར་ཐོས་པ་ཐོག་མ་ཡིན་པར་བརྟེན། གློ་བུར་དགའ་དད་སྐྱོ་གསུམ་གྱི་

སེམས་ཚོར་དྲག་པོ་གཅིག་ཏུ་འདོམས་པའི་ཡིད་འགུལ་གྱི་མཆི་མ་དབང་མེད་ དུ་འཁྲུག་བཞིན། དོན་གྱི་སྤྱི་ནོར་ཆེན་པོའི་དགྱེས་ཞལ་གུས་པས་མཇལ་བ་

དང་། ༸རྒྱལ་དབང་མཆོག་སྐུ་ཚེ་༸ཞབས་པད་བརྟན་པའི་སྨོན་ལམ་གདུང་

ཤུགས་དྲག་པོས་འདེབས་པ། ༸གོང་ས་མཆོག་ཀྱང་ཐུགས་ཤིན་ཏུ་དགྱེས་

ཤིང་འཁྲེང་བའི་ངང་ནས་ཁོང་ཚོར་གཟིགས་བཞིན། “ཌལ་ལ་ཧའོ་སེར་མི་ མང་ཐུག་འཕྲད་ལ་མགྱོགས་པོ་སླེབས་ཡོང་།

ཚང་མ་སེམས་སྐྱིད་པོ་བྱས་

སྡོད།”ཅེས་གསུང་བཟང་མཐོན་པོས་དབུགས་དབྱུང་མཛད། དེ་ནས་ཕེབས་

བསུ་ཞུ་མཁན་ཞི ་ དྲག་དཔོ ན ་རི ག ས་ལྷན་བཅར་ནས་ཕེ བ ས་འཁོ ར ་ཐོ ག ་དྷ་

རམ་ས་ལར་གདན་འདྲེན་ཞུས། ཕེབས་ལམ་འཁེལ་ཡུལ་ནུར་པུར་ (Nurpur) དང་། ཀོ་ཏ་ལ་ (Kotla) ཤཧ་པུར། (Shahpur) གྷ་གལ་ (Gaggal)

བཅས་ཀྱི་གྲོང་ཚོའི་མི་མང་ནས་དགའ་སྤྲོའི་རྣམ་པས་ཕེབས་བསུ་ཞུས་པ་དང་། ལྷག་པར་དྷ་རམ་ས་ལ་ཤོད་ཀྱི་གྲོང་ཚོར་ཆིབས་བསྒྱུར་གནང་སྐབས། གྲོང་

སྡེའི་སྨད་ཆར་ཐང་ཆེན་ཞིག་ཡོད་པ་དེའི་དབུས་སུ་སྡིངས་ཆ་མཐོན་པོ་གསར་ 53


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བསྒྲིགས་ཀྱི་སྟེང་དེར་༸གོང་ས་མཆོག་གདན་ཞུས་ཐོག ས་གནས་ཀྱི་དཔོན་

རི ག ས་མི ་ སྣ་དང་མི ་ མང་གི ་ འཐུས་ཚབ་བཅས་ནས་༸སྐྱབས་མགོ ན ་ཆེ ན ་

པོར་གུས་འདུད་དང་བཅས་ཏེ་མེ་ཏོག་གི་འཕྲེང་བ་སྒྲོན་འབུལ་ཞུས། དཔོན་

རིགས་མི་སྣས་དགའ་བསུའི་གསུང་བཤད་གནང་རིང་དང་། ༸གོང་ས་མཆོག་ ནས་ཐུགས་རྗེ་ཆེ་སོགས་གསུང་བཤད་གནང་རིང་དེར། ཐང་ཆེན་ཡོངས་སུ་ གང་བའི་མང་ཚོགས་ནས་དོ་སྣང་ཆེན་པོས་ཉན་འདུག དགའ་ཚོར་གྱི་ཐལ་མོ་ དྲག་ཏུ་བསྡེབས་པ་དང་།

བསྟོད་ཚིག་གི་སྐད་འབོད་བྱེད་པ་སོགས་དགའ་

བསུ་ཚད་མེད་ཞུས་པ་དང་། རས་ཡུག་ཐོག་དགའ་བསུའི་ཚིག་བརྗོད་དབྱིན་ ཧི ན ་ཡི ག ་ཆེ ན ་ཚོ ན ་བཀྲས་བརྒྱན་པ་དེ ་ འདྲ་གྲོང་ཚོ འི ་ ཁྲོ མ ་གཞུང་གི ་ ལམ་

འདུས་ཆེ་ས་ཁག་ཏུ་བཀྲམས་པ་དང་། ཁྲོམ་ལམ་གྱི་གཞོགས་གཉིས་ཕྱོགས་

ནས་ས་གནས་ཀྱི ་ མི ་ མང་བསྡེ བ ས་འཚང་ཆེ ན ་པོ ས ་དགའ་གུས་ཀྱི ་ ཐལ་མོ ་ སྦྱོར་བཞིན་དགའ་བསུ་ཞུས་པར། ༸གོང་ས་ཆེན་པོས་ཕེབས་ཊོར་དལ་པོར་ གཏོང་དགོས་བཀའ་གནང་ཐོག

ཐུགས་དགྱེས་ཚོར་ཆེ་བའི་ལྷ་ཞལ་འཛུམ་

པའི་ངང་ནས། ཕྱག་ཐལ་མོ་སྦྱར་བ་མང་ཚོགས་ཀྱི་ཕྱོགས་སུ་གུས་འདུད་དང་ བཅས་ཏེ་སྟོན་གནང་གིས་ཚང་མར་གཟིགས་བཞིན་ཕེབས་པས། རྣམས་ནས་ཀྱང་ལྷག་པར་དགའ་བའི་རྣམ་པ་ཤུགས་ཆེར་སྟོན།

ཡུལ་མི་

མུ་མཐུད་

ཆིབས་བསྒྱུར་གྱིས་དྷ་རམ་ས་ལ་སྟེང་གི་གྲོང་ཆུང་མེག་ལོཌ་གྷན་ཇི(Mcleod

Ganj) ཟེར་བའི་ལམ་འདུས་སུ་ཕེབས་འབྱོར་སྐབས། དྷ་སར་བཞུགས་སྒར་

གོ་སྒྲིག་ཞུ་བྱ་སོགས་སུ་སྔོན་འབྱོར་གཞུང་ཞབས་དང་བོད་མི་ཚོས་བསངས་

དུད་དང་། བདུག་སྤོས་དྲི་བཟང་གི་མཆོད་པས་སྔུན་བསུས། རྒྱ་གར་བ་གྲོང་

མི་ཚོས་ཀྱང་བོད་མི་ཚོ་དང་མཉམ་དུ་ཕེབས་བསུ་ཞུས་ཏེ། བཞུགས་སྒར་ཕོ་

བྲང་སུ་ཝར་ག་ཨ་ཤཱ་རམ (Swarg Ashram) (མཐོ་རིས་དབེན་གནས) ཅེས་

པར་༸ཞབས་སོར་འཁོད།

ཕེབས་གདོང་གསོལ་ཇ་བཞེས་འབྲས་འབུལ་ 54


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

བཞེས་སོགས་རང་ལུགས་ཀྱི་རྟེན་འབྲེལ་མཛད། གང་འཚམས་ནས་ཕོ་བྲང་

གི ་ མདུན་གཡབ་སོ ག ས་སུ་སྐུ་འཆམ་དང་སྦྲགས་ཕྱོ ག ས་གང་སར་རྒྱང་

གཟིགས་བསྐྱངས་རྗེས་སྐུ་ལྷོད་པོར་སྤྲོ་བཞུགས་གནང་།(1)

ལོ་དུས་དེར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་

གནས་མཆོག་རྡོ་རྗེ་གདན་དུ་བཀའ་ཇི་ལྟར་ཕེབས་པ་དེ་བཞིན་བཀའ་སློབ་སྤྱི་ ཕེབས་དགོངས་དོན་བོད་མིའི་འདུས་སྡོད་ས་གནས་ཁག་ནས་ཆོལ་ཁ་རེ་རེར་

མི་འཐུས་གསུམ་རེ་དང༌། ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་མི་འཐུས་རེ་

བཅས་དྲག་འདེ མ ས་ཀྱི ས ་མི ང ་ཐོ ་ འབུལ་ལམ་ཞུས་པར་ཕྱག་རྟགས་ཕེ བ ས་ གསལ་དུ། ༡༽

ས་སྐྱའི་སྤྱི་འཐུས་བྱེ་གཞོང་ཚེ་དབང་རྟ་མགྲིན།

༢༽

དགེ་ལུགས་སྤྱི་འཐུས་སེར་སྨད་སྤྱི་སོ་བློ་བཟང་རྣམ་རྒྱལ།

༥༽

དབུས་གཙང་སྤྱི་འཐུས་ཆུ་ཤུར་བསམ་མཁར་ཚེ་རིང་དབང་འདུས།

༣༽

༤༽

བཀའ་བརྒྱུད་སྤྱི་འཐུས་ཨ་ཁྲོ་སྤྲུལ་སྐུ་ཀརྨ་གཞན་ཕན་ཆོས་ཀྱི་ཟླ་བ།

རྙིང་མའི་སྤྱི་འཐུས་ཀརྨ་ཐུབ་བསྟན།

༦༽ གྲི་གུ་གཞིས་འོག་གཏམ་ཤུལ་བདེ་གྲོང་དབང་འདུད་རྡོ་རྗེ། ༧༽ ༨༽

༩༽

འཕྱོངས་རྒྱས་མཁར་གཙང་ཆུ་འཁོར་གྲ་བཞི་བརྒྱ་དཔོན་སྐལ་བཟང་ དགྲ་འདུལ་བཅས་གསུམ་དང༌། མདོ་སྟོད་སྤྱི་འཐུས་གྲའུ་དཔོན་རིན་ཆེན་ཚེ་རིང༌། ལི་ཐང་ལྗང་ཚ་ཚང་ཚེ་རིང་མགོན་པོ།

༡༠༽ ཏྲེ་ཧོར་ས་འདུ་བློ་བཟང་སྙན་གྲགས་བཅས་གསུམ།

༡༡༽ མདོ་སྨད་སྤྱི་འཐུས་སྟོང་འཁོར་སྤྲུལ་སྐུ་བློ་བཟང་བྱང་ཆུབ། (རེབ་གོང་ དགོན་ཆེན་ཨ་ལགས་ཁྲི་རྒན་དགོངས་པ་ཞུས་ཚབ།)

1མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོའི་གླེགས་བམ་ ༦ པའི་ཤོག་ངོས་ ༤༥༣ ལས་དྲངས། 55


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༡༢༽ བླ་བྲང་བཀྲ་ཤིས་འཁྱིལ་གུང་ཐང་ཚུལ་ཁྲིམས།

༡༣༽ རྒྱལ་རོང་ཁྲོ་ཆུ་དཔོན་རྡོ་རྗེ་དཔལ་བཟང་བཅས་གསུམ་སོ་སོར་བསྐོ་ གཞག་བསྩལ།

གོང་གསལ་རྣམས་ནས་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཞོགས་

པ་ཆུ་ཚོད་ ༩ པའི་ཐོག་ྋསྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

གི་སྐུ་མདུན་དུ་མཇལ་ཕྱག་དམ་འབུལ་ཞུས་པ་དང་འབྲེལ། ཆོས་སྲིད་གཉིས་

ལྡན་བོད་ (དམངས) མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་ རྒྱ་ཆེར་བསྐྱངས་ཤིང་བླང་དོར་ཞུ་སྒོའི་སྐོར་བཀའ་སློབ་ཞིབ་ལྷུག་བསྩལ་ཡོད་

པ་ནི། “ ཁྱོད་ཚོ་མི་མང་འཐུས་མི་རྣམས་རང་རེ་འདི་ཁུལ་ཡོད་པའི་བོད་ཆོལ་

ཁ་གསུམ་གྱི་མི་མང་རང་ནས་འོས་འདེམས་དྲག་རེས་ཀྱིས་འོས་འཆར་ཕུལ་ ཐོ ག ་ངོ ས ་ནས་ཀྱང་རེ ་ སེ མ ས་ཆེ ན ་པོ ས ་བསྐོས་ཏེ ་ མི ་ མང་སྤྱི ་ འཐུས་གཏན་

འཁེལ་ཡག་པོ་བྱུང་ཡོད། དེང་སང་གི་དུས་འདིར་ང་ཚོས་བསམ་བློ་མང་པོ་

བཏང་སྟེ་ལས་དོན་མང་པོ་ཞིག་བྱེད་དགོས་པ་ཡིན། ང་ཚོས་སྤྱི་དོན་རླབས་

ཆེ ་ ཙམ་སྒྲུབ་པར་བྱེ ད ་པ་ལ་བསམ་བློ་རྒྱ་ཆེ ་ ཙམ་ཞི ག ་ངེ ས ་པར་དུ་གཏོ ང ་

དགོས། ཁྱོད་ཚོ་ཚང་མ་མི་མང་ནས་དྲག་རེས་ཀྱིས་བདམས་པའི་འཐུས་མི་ དྲག་གྲས་ཤ་སྟག་རེད།

ད་རེ ས ་ཚོ ག ས་འདུ་འདི ་ ནི ་ གལ་ཆེ ་ གནད་ཆེ ་ ཞི ག ་ཡི ན ་པ་ལས་

གྲགས་གཏམ་སྟོང་པ་ཞིག་ཡོང་བའི་དོན་དུ་མིན། ཁྱེད་རང་ཚོའི་བོད་གཞུང་

འདི་དོན་དམ་མཚན་ཉིད་ཚང་བ་ཞིག་དགོས། དེའི་ཕྱིར་དུ་མི་མང་གི་འཐུས་ མི་ཡོད་པའི་ཚོགས་འདུའི་སྒྲིག་འཛུགས་ཤིག་ཀྱང་ངེས་པར་དུ་དགོས་པ་འདི་ ལ་དགེ་མཚན་ཧ་ཅང་གི་ཆེན་པོ་འདུག ད་ཆ་ཚོགས་འདུ་དངོས་སུ་ཚུགས་རྒྱུ་

འདི་ལ་ངོས་རང་དགའ་པོ་བྱུང༌། ད་ལྟ་ཚོགས་འཐུས་གསུམ་བཞི་འབྱོར་རྒྱུ་ བསྡད་ཡོད་ཀྱང༌།

ཁྱོད་ཚོ་མང་ཆེ་བ་འདིར་འབྱོར་ནས་བསམ་བློ་ཞིབ་ནན་ 56


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

བཏང་སྟེ་ད་ཕན་ལོ་གཅིག་ལྷག་ཙམ་གྱི་ནང་བོད་སྤྱིའི་ལས་དོན་ཐོག་དགེ་སྐྱོན་

གང་དང་གང་འདྲ་བྱུང་བ། སྐྱོན་བྱུང་སྟངས་གང་འདྲ་ཡིན་པ་སོགས་སྨན་པས་

ནད་ངན་པར་བརྟག་ཞིབ་ནན་ཏན་བྱས་ཏེ་ནད་ཀྱི་འབྱུང་རྩ་རྩད་ཆོད་པ་ལྟ་བུ་

ཞིག་བྱེད་དགོས། དེ་མིན་སྐད་ཆ་སྟོང་པ་ཚིག་སྐམ་པོ་བརྒྱ་སྟོང་མང་པོ་བཤད་ ཀྱང་ཕན་པ་མེད།

ཁྱོད་ཚོས་ངེས་པར་རང་ལ་ནད་དྲག་པོ་བྱུང་དུས་སྨན་བཅོས་ཐབས་

ཤེས་ཇི་ལྟར་བྱེད་དགོས་བསམ་པ་དེ་བཞིན་རང་རེའི་བོད་བསྟན་པ་ཆབ་སྲིད་ སྤྱི་དོན་གྱི་ཐོག་ཏུ་དོན་དམ་པའི་ཕན་ཐོགས་ཡོང་ཐབས་ཤིག་བྱེད་དགོས། ད་

རེས་ཁྱོད་ཚོས་ལས་དོན་འདི་ཐོག་ཏུ་སྤྱི་ཟོམ་དང༌།

འདྲ་ཆགས་པོ་ཞིག་ལ་

གཡུགས་བཞག་པའམ། ཟབ་བེ་ཟོབ་བེའི་ངང་དུ་ལུས་ན། ཉིན་གཅིག་སོང་ གཉིས་སོང༌། ཟླ་བ་དང༌། ལོ་སོང་ནས་ནམ་ཞིག་ཏན་ཏན་འ་འུབ་མ་འདུས་པ་

ཞིག་ཆགས་རྒྱུར། དེ་དུས་འཕྱིས་དྲགས་ནས་འགྱོད་ཀྱང་བྱ་ཐབས་རྩ་བ་ནས་

མེད་པ་ཞིག་ཡོང་གི་རེད། ད་ཕན་ང་ཚོས་དུས་སྐབས་དང་བསྟུན་པའི་ལས་

དོ ན ་བཟང་པོ ་ སྐབས་མཚམས་སོ ་ སོ ར ་འཕྲལ་འཕྲལ་ལག་ལེ ན ་མ་ཐུབ་པའི ་ སྐྱོན་བྱུང་ཡོད། འོན་ཀྱང་ཁྱོད་ཚོས་མ་འཕྱུགས་པ་ཞིག་ཅིས་ཀྱང་བྱེད་དགོས།

ཁྱོད་ཚོ ས ་སོ ་ སོ འི ་ མི ག ་གི ་ མདུན་དུ་མཐོ ང ་བ་གཅི ག ་པུ་གཞི ར ་བཟུང་གི ས ་

བསམ་སྦུག་དོ ག ་པོ འི ་ སྐད་ཆ་གང་བྱུང་མང་པོ ་ བཤད་པས་དགོ ས ་པ་མེ ད ། སྙིང་པོ་སྤྱི་དོན་གྱི་ཐད་ལ་འཕྲལ་ཕུགས་གང་ཅིའི་བསམ་བློ་རྒྱ་ཆེ་ཙམ་ཞིག་ བཏང་སྟེ། དཔེར་ན། འགོ་བྱེད་ཁག་སུ་དང་སུས་བྱེད། དེས་ལས་འགན་གང་

དང་གང་སྒྲུབ་དགོ ས ་སོ ག ས་འདི་ དང་འདི་ ཞེས ་པའི་ བསམ་བློའི་ རྒྱུ་ཆ་ཞིག་

བཏོན་ཐུབ་ན། དེ་ནས་གྲོས་བསྡུར་དོན་ཕན་གྱི་ཐབས་བྱུས་རྙེད་ཐུབ་ཀྱི་རེད་

བསམ་པ་འདུག ང་རང་ཚོས་ལས་ཀ་དང༌། མི། སྒྲིག་འཛུགས་སོགས་གང་

སར་སྒྱུར་བཅོས་དགོས་ངེས་ཤིག་མ་བྱས་ན་གཏན་ནས་མི་འགྲིགས། ད་ལྟ་ 57


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚོགས་འདུའི་དུས་ཚོད་དང་ཉིན་ཚད་གཏན་འབེབས་ཡོད་ཀྱང་དགོས་ངེས་ལ་ དུས་ཡུན་ཇི་ཙམ་འགོར་ཡང་འགྲིགས་ཀྱི་རེད།

ད་ལམ་གྱི ་ ཚོ ག ས་འདུ་འདི ་ གཞན་གྱི ་ སྐད་ཆ་མང་པོ འི ་ སྐྱོན་སེ ལ ་

ཆེད་དུ་མ་ཡིན། དེ་ཡིན་ན་བྱེད་སྟངས་འདི་འདྲ་མ་རེད། དེར་བརྟེན་ཁྱོད་ཚོས་ དོན་ངོ་མའི་ཐོག་ཏུ་ལས་འགན་ཁུར་དགོས་པ་དང༌། དོན་དམ་གྱི་ལས་འགན་

ཁུར་མཁན་མང་པོ་ཞིག་ཡོང་ཐུབ་པའི་ཐབས་ཤེས་བྱེད་དགོས་པ་ཡིན། ཁྱོད་ ཚོ་ཆེད་མངགས་འདིར་འཛོམས་དགོས་པའི་དོན་དག་སྙིང་པོ་གང་ཡིན་པར་ བསམ་བློ་ནན་ཏན་གཏོང་དགོས། ཞིབ་པའི་གནས་ལུགས་སྣེའུ་ཤར་ནས་སང་

ཉིན་ཚོགས་འདུར་བརྗོད་ཀྱི་རེད། དེ་དང་གྲོས་གཞི་ཡིག་ཆ་བཅས་ལ་བསམ་

ཞིབ་ནན་ཏན་བྱས་ཏེ། ད་རེས་ཁྱོད་ཚོས་ང་རང་ཚོའི་ལས་དོན་ཁ་ཚ་གལ་ཆེ་ དེ་དག་གང་འདྲ་བྱས་ནས་སྒྲུབ་པར་དགའ། གང་འདྲ་བྱས་ན་འགྲུབ་ཐུབ་པ་ སོགས་བྱ་བའི་གནད་གསལ་པོར་བཏོན་ཐུབ་པ་ཞིག་བྱེད་དགོས།

ད་རེས་

བསམ་བློ་གཏོང་རྒྱུ་གང་ཡོད་བཏང༌། ཀླད་པ་དཀྲུག་རྒྱུ་གང་ཡོད་དཀྲུག་ནས་

དོན་དག་སྙིང་པོ་ཡོད་པ། བོད་སྤྱི་དོན་ལ་ཕན་ངེས་ཤ་ཚ་བའི་སྐད་ཆ་བཤད་ རྒྱུ་གང་ཡོད་ཤོད་དགོས། དགོས་མེད་ཀྱི་སྐད་ཆ་སྟོང་པ་མང་པོ་(ཤོད)བཤད།

ཡི་གེ་ཟང་ཟིང་མང་པོ་བྲིས་ན་ཁྱོད་རང་ཚོར་ཚང་མས་རེ་བ་བཅོལ་ནས་འདིར་

ཆེད་མངགས་ཡོང་བའི་དགོས་པ་མ་ཚང་བ་རེད།

གང་ལྟར་ཁྱོད་ཚོས་དོན་

དམ་མི ་མང་འཐུས་མིའི་ གོ ་ ཆོ ད་པ་ཞིག ་བྱས་ཏེ ་ ལས་དོན ་ཐོག་ལ་འབྲས་བུ་

མངོན་རྒྱུ་ཡོད་པ་ཞིག་ངེས་པར་དུ་བྱེད་དགོས། དེ་རིང་ངོས་ནས་བཤད་རྒྱུ་

འདི་ཙམ་ཡིན། འཐུས་མི་ཚང་མ་འཛོམས་མཚམས་ང་ཚོ་སྐད་ཆ་ལྷོད་ལྷོད་

ཡོང་གི་རེད། ད་ཁྱོད་ཚོས་བསམ་བློ་ཟབ་པོ། བརླིང་པོ། རྒྱ་ཆེ་ཙམ་ཞིག་ངེས་

58


ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་མང་གཙོའི་གཞུང་ཚུགས་པ།

པར་དུ་གཏོང་དགོས། ”ཞེས་ཕེབས།

(1)

དུས་དེ ་ ནས་བཟུང་བོད་མི ་ མང་སྤྱི ་ འཐུས་ཀྱི ་ ལས་འཁུར་འགོ ་

འཛུགས་ཞུས་ཤིང་།

མར་ལམ་བཀའ་ཤག་ཏུ་འབྱོར་ཕྱག་ཟིན་མཚམས་

ཚོགས་ཁང་དུ་སྲིད་ཚབ་བདེ་མཁར་བ་དང༌། གཞུང་ཞབས། འཐུས་མི་བཅས་ ཚང་འཛོ མ ས་ཀྱི ས ་ཚོ ག ས་འདུའི ་ སྒོ ་ འབྱེ ད ་རྟགས་རྟེན་ལྟ་བུར་གསོ ལ ་ཇ་

བཞེས་འབྲས་བཏེགས་པ་དང་འབྲེལ། ཚོགས་འདུའི་གཙོ་འཛིན་བཀའ་བློན་

ཟུར་ཁང་མཆོག་ནས་ཚོགས་འདུའི་དབུ་འབྱེད་གསུང་བཤད་གནང་སྟེ་མཛད་

སྒོ་གྲོལ་བ་བཅས་ཕ་བརྒྱུད་བུ་འཛིན་གྱི་ལམ་ལུགས་དོར་ཏེ་ཆོས་སྲིད་གཉིས་

ལྡན་གྱི་བོད་ (དམངས) མང་གཙོའི་གཞུང་ཡོངས་སུ་དབུ་བརྙེས་པའོ།།

1 སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་

ཁག་དང་། བཀའ་ཤག་གིས་མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་པའི་བཀའ་སློབ་ཕྱོགས་བསྡེབས་བོད་ གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་བསྐྲུན་གནང་བ། པོད་དང་པོའི་ཤོག་གྲངས་ ༤ ནས་ ༧ བར་གསལ།

59


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་བདུན་པ། ༈ ལས་ཁུངས་ཁག་དང་། འགོ་ལས། གཞུང་ ཞབས། སྒར་འཐུས། མི་མང་འཐུས་མི་བཅས་ལེགས་སྒྲིག ནང་ཁུལ་རྩོད་རྙོག་འཐེན་འཁྱེར་སོགས་ཐེར་འདོན་ ཞི་འཇགས་བཏང་བའི་སྐོར།

ཕྱི་ལོ་ ༡༩༥༩ ལོར་མ་སུ་རིར་ཕྱི་འབྲེལ་ལས་ཁུངས་དང་། ནང་སྲིད་

ལས་ཁུངས། ཆོས་དོན་ལས་ཁུངས། འདུ་འགོད་ལས་ཁུངས་བཅས་འཕྲལ་

སེལ་དགོས་གལ་ལས་ཁུངས་ཁག་བཞི་གསར་འཛུགས་བསྐྱངས་པའི་ཁར་ཕྱི་

ལོ་ ༡༩༦༠ ལོར་བསྐྱར་དུ་ཤེས་རིག་ལས་ཁུངས་ཁ་སྣོན་དང་། དེ་བཞིན་དུ་

འགོ་ལས། གཞུང་ཞབས། སྒར་འཐུས། མི་མང་འཐུས་མི་བཅས་སྣོན་འཕྲི་དང་ ལེགས་སྒྲིག་ཇི་བགྱིས།

ནང་ཁུལ་བསལ་ཚུལ་མཐུན་མིན་གྱིས་རྩོད་རྙོག་

འཐེན་འཁྱེར་ཆུང་ཙག་རིགས་ཐེར་འདོན་དང་ཞི་འཇགས་ཇི་ལྟར་བཏང་བའི་ སྐོར་ཞིབ་རྒྱས་འགོད་རྒྱུར།

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྐབས་དང་པོའི་སྤྱི་འཐུས་ཀྱི་

དམ་འབུལ་གྲུབ་རྗེས་ཟླ་དེའི་ཚེས་ ༣ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པ་ནས་ ༡༢

བར་(དམངས)མང་གཙོའི་ལམ་ལུགས་དངོས་སུ་ལག་བསྟར་གནང་ཕྱོགས་ སྐོར་གྱི་ཚོགས་འདུ་ཉིན་བདུན་རིང་བསྐངས་ཏེ། ཟུར་ཉན་དུ་བཅར་མཁན་བླ་

སྤྲུལ་དགེ་བཤེས་དང༌། ཨ་ལོ་ཆོས་མཛད་སོགས་ཡོད་པའི་ཐོག་བཀའ་བློན་

ཟུར་ཁང་མཆོ ག ་ནས་ལས་དོ ན ་སྐོར་གནས་ལུགས་མདོ ར ་བསྡུས་གསུང་

བཤད་གནང་བ་དང༌། བཀའ་ཚབ་སྣེའུ་ཤར་མཆོག་ནས་གསུང་བཤད་ཞིབ་

ནན་གནང་རྗེ ས ་ཚོ ག ས་འདུའི ་ དྲུང་ཡི ག ་གཉི ས ་ནས་གྲོས་གཞི ་ དོ ན ་ཚན་ 60


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

གསུམ་ཅན་འགྲེམས་སྤེལ་ཞུས་པ་ནི།

༡༽ སྔ་ལོ ་ མ་སུ་རི ར ་བཀའ་གྲོས་ཀྱི ས ་འཕྲལ་སེ ལ ་དགོ ས ་གལ་ལས་ ཁུངས་ཁག་བགོ ས ་གསར་འཛུགས་བསྐྱངས་པ་ཕྱི ་ འབྲེ ལ ་ལས་

ཁུངས་དང༌། ནང་སྲིད། ཆོས་དོན། འདུ་འགོད་ལས་ཁུངས་བཅས་

ཁག་བཞི་གསར་འཛུགས་བསྐྱངས་དོན་ཁུངས་སོ་སོའི་ལས་འགན་ ལག་ལེན་གང་ཐུབ་ཅི་ཐུབ་བགྱིས་རུང༌།

ལས་བྱེད་རྣམས་ལས་

འགན་གཅིག་ལས། གཅིག་གལ་ཆེ་བའི་སྐབས་བསྟུན་གཞན་བསྐྱོད་

བྱ་དགོས་ཀྱི་གཏན་སྡོད་ཐུབ་མིན་དང༌།

ལས་དོན་གང་ཅི་གཞན་

རེ ་ བྱ་དགོ ས ་དབང་གི ས ་བསམ་ཐོ ག ་དོ ན ་འཁེ ལ ་ཡོ ང ་དང་ཡོ ང ་

མིན་སྣ་ཚོགས་ལ་བརྟེན་ད་ཕྱིན་གོང་གསལ་ལས་ཁུངས་ཁག་བཞི་

དང༌། གསར་དུ་ཤེས་རིག་ལས་ཁུངས་གཅིག་དགོས་པ་བཅས་ལས་ ཁུངས་ཁག་ལྔ་ལེ ་ ལག་དང་བཅས་པའི ་ ཤོ ག ་ལྷེ་ཟུར་ཡོ ད ་ཀྱི ་ ལས་

༢༽

༣༽

བྱེད་མི་འགྲོ་གཞུང་ཞབས་དང༌། ཁོངས་ནས་འོས་འདེམས།

འཐུས་མི་(སྤྱི་འཐུས)བཅས་ཀྱི་

འདི ་ ལོ ་ མཉམ་འབྲེ ལ ་རྒྱལ་ཚོ ག ས་སུ་བོ ད ་དོ ན ་སྐོར་ཞབས་བསྐུལ་ ཞུ་བར་མི་འགྲོ་མ་བཏང་མཐུ་མེད་ལ་བརྟེན་འགྲོ་བསྐྱོད་ཆོག་པའི་རྒྱ་

གར་གཞུང་ནས་ལག་འཁྱེར་ཞུ་མུས་སྩལ་སོ ན ་བྱུང་ཉི ན ་མངགས་ གཏོང་བྱ་རྒྱུའི་མི་འགྲོ་སུ་འོས་གྲོས་བསྡུར་བྱེད་རྒྱུ།

ད་ཕན་མཛད་ཕྱོགས་ཀྱི་གནས་ལུགས་ཞིབ་གསུངས་ཀྱི་རྩ་དོན་ལ་ སྐྱོན་དང༌། ནོར་འཁྲུལ་བྱུང་རིགས། གཞན་ཡང་བློ་དོགས་འཆར་སྒོ་ ཇི་སྙེད་ཡོང་སྲིད་པས་ད་ལམ་འཐུས་མི་ཚང་མས་དགེ་སྐྱོན་བསམ་ འཆར་མཛེ ས ་ཟོ ལ ་མེ ད ་པ་གསལ་ཞུ་གནང་ན་སླར་སྤྱི ་ དོ ན ་མཛད་

ཕྱོགས་གང་ཅིར་དགེ་མཚན་ཆེ་བ་ཡོང་རྒྱུར་དེ་ལུགས་ཚང་མས་སྤྱི་ 61


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་ལ་སྨན་པའི་དགོངས་འཆར་ལྷུག་པོར་གནང་དགོས།

ཞེས་གསལ། ཉིན་གུང་ཕྱག་ཚོད་ ༢ པ་ནས་ ༥ པའི་བར་ཚོགས་

འཐུས་རྣམས་ནས་ཚོགས་འདུའི་དབུ་འཛིན་གྱི་གསུང་བཤད་དང༌།

གོང་

གསལ་དོན་ཚན་གསུམ་ཅན་གྱི་གྲོས་གཞི་བཅས་ལ་དགོངས་འཆར་གང་ཡོད་

ཡི ག ་ངག་གཉི ས ་ཐོ ག ་ནས་གང་བདེ ་ ཚོགས་ཐོ ག ་ཏུ་གནང་རྒྱུའི ་ གཏན་ འབེབས་གནང་དོན་ལྟར། ཚེས་ ༤ ནས་ཚེས་ ༨ བར་ཕན་ཚུན་དགོངས་

འཆར་ལྷུག་པོར་གནང་བ་དང་འབྲེལ་ཚེས་ ༨ ཉིན་གྱི་ཕྱི་དྲོ་གྲོས་འཆམ་བྱུང་

བ་ཁག་ཡིག་ལམ་དུ་བཀོད་དེ་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ འཆར་འབུལ་སྙན་འབུལ་ཞུས།

ཕྱི་ཚེས་ ༩ ཉིན་ཚོགས་འདུའི་ལས་བསྡོམས་གྲོས་འཆམ་འཆར་

གཞི་སྙན་ཕུལ་ལ་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོག་མཆན་ བསྩལ་ཐོ ན ་བྱུང་བས་ཚོ ག ས་ཆེ ན ་ཐོ ག ་གཏན་འབེ བ ས་དྲིལ་བསྒྲགས་ཀྱི ས ་ ཚོགས་འདུ་དང་པོ་ལེགས་པར་གྲུབ་འདུག

(1)

ཕྱི་ལོ་ ༡༩༦༠ ཟླ ༩ ཚེས་ ༢ ཉིན་རྒྱལ་ཚོགས་སུ་ཞུ་སྐུལ་སྙན་ཞུའི་

ནང་དོན་ནི། ༸མི་རྗེ་མཆོག་ལ།

སྔ་ལོར་ངོས་ནས་རྒྱལ་ཚོགས་ཀྱིས་བོད་མིའི་ངོ་ཚབ་གནང་སྟེ་བོད་

ཀྱི་གནད་དོན་འགྲིག་འཇགས་ཡོང་བར་སྐུ་ཉིད་ལ་དངོས་སུ་ཞུ་ཡིག་འབུལ་

སྐབས། སྐུ་ཉིད་ནས་ངོས་ཀྱི་འཐུས་ཚབ་རྣམས་ལ་རིན་ཐང་བྲལ་བའི་ལམ་སྟོན་

དང་ཕྱག་རོགས་རྒྱ་ཆེ་གནང་བར་བཀའ་དྲིན་ཆེ། དེ་འདྲ་སོང་ཙང་། ངོས་ནས་

གདུག་རྩུབ་དང་། བཟོད་དཀའ་བའི་མནར་གཅོད་མྱོང་བཞིན་པའི་བོད་མི་ཚོའི་ ཚབ་ཞུས་ཏེ་སྐུ་ཉིད་ལ་བསྐྱར་དུ་སྙན་ཞུ་འབུལ་རྒྱུའི་བློ་སྤོབས་སྐྱེས་བྱུང་།

1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ཀ༽ (༡) ནང་གསལ། 62


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

སྐུ་ཉིད་ཀྱིས་དགོངས་ཆུབ་ལྟར། བོད་ནང་གི་གནས་སྟངས་ནི་ཧ་ཅང་ཛ་དྲག་

ཅན་ཞིག་ཏུ་གྱུར་ཡོད། མི་སྤྱོད་ལས་འདས་པའི་མནར་གཅོད་དང་གདུག་རྩུབ་

འོག ་བོ ད ་མི ་ བརྒྱ་ཕྲག་མང་པོ ་ རྒྱ་བལ་གཉི ས ་སུ་བྲོ ས ་བྱོ ལ ་དུ་འབྱོ ར ་མུས་

རེད། ཡིན་ནའང་། བོད་མི་སྟོང་ཕྲག་མང་པོ་ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་

སྐྱབས་བཅོལ་དུ་ཡོང་མ་ཐུབ་པར་བརྟེན། འཆི་གསོན་ཇི་ཡིན་ཆ་མ་རྟོགས་

པར་སྡིགས་རའི་འོག་མུ་མཐུད་གནས་དགོས་གྱུར་ཡོད། ངོས་ནས་བོད་མི་ སྐྱེས་པ་དང་བུད་མེད།

ཕྲུ་གུ་རྣམས་ཀྱི་ཚེ་སྲོག་འཕྲལ་དུ་སྐྱོབ་ཆེད་ཐབས་

ལམ་ཞིག་འདོན་རྒྱུའི་ཚོར་ཤུགས་ཆེན་པོ་ཞིག་ཡོང་བཞིན་འདུག་པས། རྒྱལ་

ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཁག་གི་སྐུ་ཚབ་རྣམ་པས་མཐུན་འགྱུར་དང་ རྒྱབ་སྐྱོར་གནང་ཐབས་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན།

མ་ལེ ་ ཤི ་ ཡ་སྤྱི ་ མཐུན་རྒྱལ་ཁབ་ཀྱི ་ སྲི ད ་བློན་མཆོ ག ་དང་ཐའེ ་ ལན་

ཌའི་སྲིད་གཞུང་གཉིས་ཀས་ངོས་ཀྱི་ཞུ་སྙན་དེར་བརྡ་ལན་གནང་སྟེ།

རྒྱལ་

ཚོ ག ས་ཀྱི་ཚོ ག ས་དུས་རྗེ ས ་མར་བོ ད་དོ ན ་གླེ ང་སློ ང་བྱེད་རྒྱུའི་ ཐུགས་འདོད་

ཡོད་པའི་གསལ་བསྒྲགས་གནང་ཡོད། འབྲེལ་ལམ་གྱི་བརྒྱུད་རིམ་འདིའི་ཐོག་ ངོས་ནས་སླར་ཡང་སྙན་ཞུ་འདི་འབུལ་རྒྱུའི་བློ་སྤོབས་ཤིག་སྐྱེས་བྱུང་།

མཐའ་མཇུག་ཞུ་རྒྱུར། སྐུ་ཉིད་ཀྱི་ཆེ་མཐོང་ལྡན་པའི་ལས་ཁུངས་བརྒྱུད་

ནས་བོ ད ་ནང་ཛ་དྲག་གི ་ དཀའ་ངལ་སེ ལ ་རྒྱུར་ལག་བསྟར་དངོ ས ་སུ་གནང་

བའི་ཡིད་ཆེས་ཡོད་ཅིང་། མི་རྗེ་མཆོག་གིས་གནད་དོན་འདིའི་ཐད་ངོས་རང་ གི ་ སེ མ ས་ཚོ ར ་ཇི ་ ཡི ན ་བཤད་ཆོ ག ་པའི ་ བཀའ་འཁྲོ ལ ་ཡོ ང ་བའི ་ རེ ་ བ་དང་།

བོད་ནང་བོད་མིས་མྱོང་བཞིན་པའི་དཀའ་སྡུག་རྣམས་རྒྱལ་ཚོགས་ཀྱིས་ཆེད་

བསྐོས་བྱས་པའི་འཕྲལ་སེལ་ཚོགས་ཆུང་བརྒྱུད་ནས་སམ་ཡང་ན་སྐུ་ཉིད་ཀྱི་ ཆེ་མཐོང་ལྡན་པའི་ལས་ཁུངས་བརྒྱུད་ནས་བར་འདུམ་བྱེད་པའི་བརྒྱུད་རིམ་

ནས་རོགས་སྐྱོར་ནུས་ཐོན་དང་འཕྲལ་མྱུར་གནང་ཐུབ་པའི་ཐབས་ལམ་ཁོ་ན་ 63


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དེ་ཡིན་པ་ངོས་རང་ལ་ཡིད་ཆེས་བརྟན་པོ་ཡོད། ངོས་རང་གི་ཚོར་སྣང་ཇི་ཡོད་

མི་རྗེ་ཏང་ཀུ་ཨབ་ཌུལ་རེ་ཧ་མེན་ ( Tenku Abdul Rehman ) མཆོག་དང་།

མི་རྗེ་དམག་སྤྱི་ས་རི་ཐི་ཏཱ་ན་ར་ཐི་ (Marshal Sarit Thanarat ) གཉིས་ ལའང་ཞུ་རྒྱུ་བྱུང་།

དེ་ལྟར་ནའང་། ངོས་ཀྱི་བསམ་ཚུལ་འདི་སྐུ་ཉིད་ཀྱི་དགོངས་པའི་དཔྱད་

གཞི་ཙམ་དུ་ཕུལ་བ་ཞིག་ཡིན་ཞིང་། སྐུ་ཉིད་སྐུ་སྒེར་གྱི་ཐོག་ནས་ངོས་ལ་ལམ་ སྟོན་བཀའ་སློབ་ཇི་འགབ་གནང་སྐྱོང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞེས་ཞུ་རྒྱུ་

ཡིན། གུས་འདུད་དང་འཚམས་འདྲི་བཅས།

རྒྱ་གར་པན་འཇབ་དྷ་རམ་ས་ལ་ནས་ཏཱ་ལའི་བླ་མས་ ༡༩༦༠ ཕྱི་ཟླ་ ༩ ཚེས་

༢ ལ།(1) ཞེས་བཀའ་ཕེབས་ཡོད།

དེ་དུས་ཚོགས་འདུའི་བར་གསེང་ཞིག་སྟེ་ཕྱི་ཚེས་ ༤ ཉིན་སྤྱི་འཐུས་

བཅུ་གཅིག་དང༌། སྤྱི་འཐུས་ངོ་ཚབ་གཅིག བཀའ་ཚབ་སྣེའུ་ཤར་བཅས་སྤྱི་ ནོར་ྋགོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུས་སྐབས་

ྋགོང་ས་མཆོག་ནས་བཀའ་སློབ་ཞིབ་རྒྱས་བསྩལ་གནང་འདུག་པ་འདི་ལྟར།

“ སྔོན་འབྱོར་འཐུས་མི་(སྤྱི་འཐུས)ཚོ་ཐེངས་གཅིག་འཕྲད་ཀྱང༌། འཐུས་མི་ ཡོངས་རྫོགས་ཚང་འཛོམས་ཞིབ་མོལ་ཞིག་བྱུང་ན་སྙམ་པ་ད་རིང་ཅུང་ལྷོད་པ་

བྱུང་བས་གནས་ཚུལ་ཕྲན་བུ་བརྗོད་ན། བར་སྐབས་ལོ་གཅིག་ལྷག་ཙམ་རིང་

ང་ཚོའི་ལས་དོན་ཐོག་གནས་ཚུལ་མང་པོ་ཞིག་མཐོང་ཞིང༌། ཉམས་མྱོང་མང་

པོ་ཞིག་ཀྱང་བྱུང་ཡོད། དེར་བརྟེན་གཅིག་ནས་འདི་གར་ལས་ཀའི་འགོ་བྱེད་

ཚོའི་བསམ་ཚུལ་མི་མང་ནས་ཇི་བཞིན་མ་ཤེས་པ་དང༌། མི་མང་ཚོའི་བསམ་

ཚུལ་ཐད་ཀར་འཕྲལ་འཕྲལ་ང་ཚོ ས ་ཤེ ས ་རྟོགས་མ་ཐུབ་པའི ་ སྐྱོན་ཡོ ང ་གི ་

1 <<མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ།>> གླེགས་བམ་དགུ་པའི་ཤོག་གྲངས་ ༢༤༤ ཡི་ཡིག་ཕྲེང་ ༦ པ་ནས་ ༢༤༦ གི་ཡིག་ཕྲེང་ ༡ པོའི་བར་དུ་གསལ།

64


འདུག

ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཡང་གལ་སྲིད་ཤོག་ཁག་སོ་སོའི་འཐུས་མི་ནས་གནས་ཚུལ་བརྗོད་

རྒྱུ་ཡོང་གི་ཡོད་ཀྱང༌། སྒྲིག་འཛུགས་འཆར་གཞི་དང་ལྡན་པའི་མི་མང་འཐུས་

མིའི་ཚོགས་པ་ཞིག་མིན་སྟབས་ཤོག་ཁག་སོ་སོའི་འཐུས་མིས་རྩ་བའི་གནས་

ཚུལ་ཇི་བཞིན་མ་རྟོགས་པའི་དབང་གིས་ལག་ལེན་འཁེལ་ཐུབ་དང་ཐུབ་མིན་ སྣ་ཚོགས་ཀྱི་བསམ་ཚུལ་མང་པོ་ཡོང་གི་འདུག་པ་དེ་ནི་རྙོག་གྲའི་རྒྱུ་ལས་མ་

འདས་པ་རེད།

དེར་བརྟེན་འཆར་གཞི་དང་ལྡན་པའི་མི་མང་འཐུས་མིའི་

ཚོགས་འདུ་ངོ་མ་ཞིག་ཡོད་ན་དགེ་མཚན་ཆེ་བར་མཐོང༌།

གཉི ས ་ནས་རྒྱ་གར་ནང་ཡོ ད ་པའི ་ ང་ཚོའི ་ སྲི ད ་གཞུང་གི ་ སྒྲི ག ་

འཛུགས་འདི་དུས་བསྟུན་སྲིད་གཞུང་གི་མཚན་ཉིད་ཚང་བ་ཞིག་འཛུགས་རྒྱུ་

ཤིན་ཏུ་གལ་ཆེར་བརྟེན།

ངེས་པར་མི་མང་འཐུས་མིའི་ཚོགས་འདུ་ཞིག་

དགོས་གལ་ཆེ་ཞེས་དང༌། ད་ལྟའི་ཆར་རྒྱ་གར་གཞུང་ནས་རྒྱ་གར་ནང་བོད་ གཞུང་ཁས་ལེན་བྱེད་ཀྱི་མེད་ཀྱང༌།

མཚན་ཉིད་ཚང་བའི་གཞུང་གི་སྒྲིག་

འཛུགས་ཡག་པོ་ཞིག་བྱུང་ན་གཞན་དག་ནས་ཆ་འཇོག་བརྩི་མཐོང་ཆེ་བ་དང༌།

རིམ་པས་མཚན་ཉིད་ཚང་བའི་སྲིད་གཞུང་ཞིག་ལ་ངོས་འཛིན་བྱེད་དགོས་པ་

ཡོང་རྒྱུ་དང༌།

ལས་དོན་འཐུས་ཤོར་མེད་པ་ཡོང་བའི་དགོས་པ་དེའི་ཆེད་

དུའང་མི་མང་འཐུས་མིའི་ཚོགས་འདུ་ཞིག་ཡོད་ན་ལེགས། དེ་ཡང་དཔེར་ན་

བོད་ཀྱི་ཚོགས་འདུ་སྐབས་འགའ་ཞིག་ཏུ་མི་མང་གི་འཐུས་མི་ཡོད་ཀྱང༌། མང་

ཆེ་བ་གཞུང་ཞབས་རེད།

རྩ་བའི་བོད་ཀྱི་ཕྱིན་ཆད་འགྲོ་སྟངས་སྐོར། རྒྱ་ཆེའི་འཛམ་གླིང་སྤྱིར་

ཡོད་པའི་འགྲོ་ལུགས་དང་སྒོ་བསྟུན་པའི་བསམ་བློ་གཏོང་བ་དང༌། ལས་དོན་

མ་བྱས་ན་སྔར་གྱི་ བསམ་ཚུལ་ཁོ ་ ནར་ཨུ་ཚུགས་བྱས་ན་གྱོ ང་ཕོ ག་རྒྱུ་དང༌། རྩིས་ཧ་ལོག་རྒྱུ་རང་རེད། སྤྱིར་ན་བོད་འདི་ལྷ་བླ་མའི་གདན་ས་དང༌། ཆོས་ 65


ལྡན་གྱི་ཞིང༌།

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྤྱན་རས་གཟིགས་ཀྱི་གདུལ་ཞིང་ཐུན་མོང་མ་ཡིན་པ་ཞིག་

ཡིན་པ་ལུང་རིགས་ཀྱིས་གྲུབ་པ་དེ་ལྟར་ཡང༌། གནས་ཡུལ་འཛམ་གླིང་འདིའི་ ནང་དུ་ཡོད་སྟབས་རྒྱ་ཆེའི་འཛམ་གླིང་ཁྱོན་ལ་འགུལ་བསྐྱོད་ཡོང་བའི་ཤུགས་ རྐྱེན་བོད་དུའང་མི་འབྱུང་ཐབས་མེད་རེད།

ཕྱི་ལོ་ ༡༩༤༧་་་༡༩༤༨ སྐབས་བོད་དུ་གུང་ཁྲན་གྱི་ཉེན་ཀ་ཡོང་ དུས་བོ ད ་འདི ་ ལྷ་བླ་མའི ་ གདན་ས་གཞན་དང་འདྲ་མི ན ་སྟབས་དགའ་མོ ་ མི ་

ཡོང་ངམ་སྙམ་པ་རང་གཞན་ཚང་མར་བྱུང་ཡོད་ཀྱང༌། འཛམ་གླིང་ནང་དམར་ པོའི་འགུལ་ཤུགས་ཀྱི་ཡོ་ལངས་བྱུང་བ་དང་ཆབས་ཅིག་ང་ཚོའི་ཡུལ་དུ་ཡང་ ལོ་དགུའི་རིང་དཀའ་ངལ་དེ་ལྟ་བུ་བྱུང་བ་ཡིན་པས་ང་ཚོས་ངེས་པར་འཛམ་ གླིང་གི་འགྲོ་ཕྱོགས་དང་སྒོ་བསྟུན་དགོས། འོན་ཀྱང་འཛམ་གླིང་ཕྱི་རྒྱལ་གཞན་ གྱི་གནས་ཚུལ་ཆ་ཚང་ཞིག་མཐའ་གཅིག་ཏུ་དགོས་པ་མིན། གང་ལྟར་དེ་དག་ ལ་སྒོ་བསྟུན་ཏེ་བསམ་ཤེས་མ་བྱས་ན་ཁུངས་འཁྱོལ་དཀའ་བའི་ཉམས་མྱོང་ བྱུང་བ་མ་ཟད་རིགས་པས་ཀྱང་གྲུབ། ད་རེས་ཀྱི་འཐུས་མི་མི་གྲངས་ཆ་ བགོས་བྱེད་སྟངས་དང༌། མི་འགྲོ་གཏན་འཁེལ་བྱེད་སྟངས་སྐོར་མ་འོངས་པའི་ བསམ་ཕུགས་རིང་པོ་ཞིག་དང་སྒོ་བསྟུན་ཏེ་བོད་ཆོལ་ཁ་གསུམ་ལ་ཆ་བགོས་ ཀྱིས་སོ་སོ་ནས་གནས་སྐབས་འཐུས་མི་གསུམ་རེ་དང༌། རིས་མེད་ཆོས་ ལུགས་ཀྱི་འཐུས་མི་གསུམ་བཅས་ཡིན་ཡང༌། ས་དགེ་རྙིང་གསུམ། གཙོ་ཆེའི་ ཆོ ས ་ལུགས་གཅི ག ་ཚང་མི ན ་ལྟ་བུར་བསྐྱར་སྣོན་གྱི ས ་འཐུས་མི ་ གཅི ག ་(1)

བཅས་ཁྱོན་མི་གྲངས་བཅུ་གསུམ་གཏན་འབེབས་བྱས་པ་རེད།

ཕྱིན་ཆད་ང་ཚོ་བོད་མི་རིགས་དང༌། ཆོས། སྐད་ཡིག་གིས་ཤན་ཕྱེ་

བའི་དར་མདོ། ཨ་མདོ་ཚུན་གྱི་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཐོག་ ཐོབ་ཐང་དང༌། དབང་ཆ་འདྲ་མཉམ་ཡོད་པའི་སྤྱིའི་གཞུང་དགོས་པ་བཅས་ལ་

1 བཀའ་བརྒྱུད་སྐབས་དེར་བཅར་ཐུབ་མིན་གྱིས་གསར་སྣོན་བྱས། དེའི་སྐབས་ཀྱི་སྤྱི་འཐུས་སྐུ་ངོ་སྐལ་

དགྲམ་ལགས་སུ་བཀའ་འདྲི་ཞུས་པ་ཡིན།

66


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

དམིགས་ནས་འཐུས་མི་བསྡུས་པ་ལས། འཕྲལ་སེལ་རྒྱ་གར་ནང་ཡོད་པའི་

བོད་མི་ཉུང་ཤས་ཀྱི་འཐུས་མི་ལྟ་བུ་མིན། འཐུས་མི་གཏན་འཁེལ་བྱེད་སྟངས་

ཐད་ཀྱང་རང་བཞིན་མིང་གྲགས་ཆེ་བ་དང༌། འོལ་ཚོད་ཀྱིས་བཙུགས་པ་མིན་

པར་སོ་སོའི་ཤོག་ཁོངས་རང་ནས་འོ ས་འདེམས་དྲག་བསྒྲུགས་ཐོག འདི་ནས་ ཀྱང་ཞིབ་བརྟག་དང་འབྲེལ་གཏན་འཁེལ་བྱས་པ་ཡིན་པས་འདི་ཚོའི་སྐོར་ཚང་ མས་བསམ་ཞིབ་ཡག་པོ་བྱ་དགོས། དེ་ལེའུ་གཅིག་ཡིན།

ཡང་འདི་འདྲ་ཞིག་བརྗོད་འདོད་འདུག ད་རེས་ཀྱི་ཚོགས་འདུ་འདི་

ངེས་པར་དོན་ཕན་ཡོང་བ་ཞིག་འཚོགས་དགོས། སྔོན་བཤད་ལྟར་གྲགས་པ་

སྟོང་པ་ཡོང་རེ་དང༌། དྲི་མ་འགེབས་བྱེད། ལག་པ་འཕྱིད་བྱེད་ལྟ་བུ་གཏན་ནས་ མིན། དེ་ལྟར་ཡིན་ན་གོ་བསྡུར་ལམ་རོབ་རྗེས་ཡི་གེ་འདྲ་ཆགས་པོ་བཟོས་ཏེ་

དྲིལ་བསྒྲགས་བྱས་ན་འགྲིགས་ཀྱང༌། དེ་འདྲ་མིན་པར་དོན་དམ་ལས་དོན་ཐོག་ དགེ་འདོན་སྐྱོན་སེལ་བྱེད་ཆེད་དུ་ཡིན་སྟབས།

ཁྱོད་ཚོས་ང་ཚོ་དྷ་རམ་ས་

ལར་བཀུག སྐད་ཆ་མང་པོ་ཉན་ནས་ཡི་གེ་མང་པོ་བྲིས་ནི་བྲིས་པ་ཡིན་ཟེར་བ་

ལྟ་བུ་རང་ངོ ས ་ནས་སེ མ ས་ཁུར་མ་བླངས་ན་ནོ ར ་འཁྲུལ་ཡི ན ་པས་བློ་གྲོས་

གང་ཡོད་འདོན་དགོས། དེ་ལ་མཛེས་ཟོལ་དང༌། འཇིགས་སྣང༌། སྤྱི་ཟོམ་དུ་

བཞག་ན་མི་འགྲིགས། ཡང་ཁོས་བཤད་སོང་ཟེར་བའི་སྟོང་བཤད་མང་པོས་ མི་ཕན་པས་དོན་ལག་ལེན་དགོས་ངེས་དང༌། ལག་ལེན་ཐུབ་ངེས་ཀྱི་བསམ་

ཚུལ་གང་ཡོད་མཛེས་ཟོལ་འཇིགས་ཞུམ་མེད་པར་ཤོད་དགོས། མཛེས་ཟོལ་ དང་འཇིགས་ཞུམ་བྱེད་དགོས་གང་ཡང་མེད།

ཁྱོད་ཚོ་བོད་ཆོལ་ཁ་གསུམ་ཁོངས་བཙན་བྱོལ་མི་མང་ནས་འདེམས་

སྒྲུག་བྱས་པའི་ཐོག ལས་སྨོན་དབང་གིས་བོད་མིའི་འགོར་སླེབས་པ། ངས་ ཐག་བཅད་པའི་མི་ཤ་སྟག་རེད།

དེ་ཡིན་ན་སྤྱིར་བཏང་མི་མང་ནང་ཁུལ།

གཞུང་ཞབས། གལ་སྲིད་ངའི་ཐོག་ནས་ནོར་འཁྲུལ་བྱུང་ན་ཡང་ཁྱེད་ཚོས་ང་ 67


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལ་ལས་དོན་འདིར་ནོར་འཁྲུལ་འདི་ལྟ་བུ་བྱུང་འདུག་ཅེས་གསལ་པོར་བཤད་ ན་ངས་དགའ་པོའི་ངང་ནས་ཉན་འཇོག་གིས་ནོར་འཁྲུལ་སྐྱོན་སེལ་བྱེད་དགོས་

པ་ལས། ང་ྋརྒྱལ་བ་རིན་པོ་ཆེ་ཡིན་ཟེར་ནས་མཐོན་པོའི་ཁྲི་དང༌། བཙན་

པོའི་བཀའི་ལག་ལེན་བྱེད་འོས་པ་མིན་ལ། བྱེད་ཀྱིའང་མ་རེད། གལ་སྲིད་

བྱས་ན་ང་རང་ནོར་བ་རེད། ངས་རྒྱོབ་མཆོངས་ཟེར་བའང་མིན། མཛེས་ཟོལ་

འདི ས ་འཐུས་ཤོ ར ་བྱུང་དང་འབྱུང་མུས་སྟབས་ལས་དོ ན ་གང་ཅི ར ་སྤྱི ་ ཟོ མ ་ དང༌། མཛེས་ཟོལ་གཏན་ནས་མེད་པ་ཞིག་ངེས་པར་དགོས། དེ་མིན་ང་དཀའ་ ངལ་ཧ་ཅང་ཆེན་པོ་ཡོང་གི་འདུག

ང་ཚོ་རྒྱ་གར་ནང་འབྱོར་ནས་ལོ་གཅིག་

དང༌། ཟླ་བ་ལྔ་དྲུག་ཙམ་སོང༌། དེའི་རིང་ལས་ཀ་མ་བྱས་པ་མིན་པར་མང་པོ་ ཞིག་བྱས་ཡོད། དཔེར་ན། སྣེའུ་ཤར་འདིར་ཡོད་པ་ནས་ཤེས་གསལ་རེད།

འོན་ཀྱང་ང་ཚོས་འགྲུབ་ཚོད་དང༌། ཐུབ་ཚོད་ཀྱི་ལས་དོན་འདོད་ཁེངས་ཤིག་ གཏན་ནས་ཡོང་ཐུབ་ཀྱི་མི་འདུག

བོད་ཀྱི་ནང་ང་ཚོའི་རྒྱ་ཆེའི་མི་མང་ལ་དཀའ་ལས་དང༌། སྡུག་བསྔལ་

ཇི་ཡོད་ང་ཚོས་ཤེས་ཀྱི་ཡོད་ཀྱང༌། སྐབས་གཅིག་ལམ་སེང་བྱེད་ཐབས་གང་ ཡང་མེད། རྒྱ་གར་ནང་ང་ཚོས་འགྲུབ་ཚོད་དང༌། ཐུབ་ཚོད་ཀྱི་ལས་དོན་འགའ་

ཤས་རྗེས་ལུས་དང༌། ཟོམ་འཇོག ཁུར་མེད་ཀྱིས་འཐུས་ཤོར་འགྲོ་བ་འདི་ལ་

ཧ་ཅང་བློ་ཕམ་ཆེ་ཞིང༌། ཐབས་སྡུག་ཅིག་རེད། བོད་ནང་གི་མི་ཚོ་ཟས་ཡི་

དྭགས་དང༌། ལས་དུད་འགྲོ། ཡིད་དངངས་སྐྲག་གི་སྡུག་བསྔལ་དམྱལ་བ་ལྟ་བུ་

མྱངས་དང་མྱོང་བཞིན་ཐོག རྣམ་འགྱུར་ཅུང་ཟད་ཙམ་གྱིས་ཀྱང་སྲོག་ལ་ཉེན་ ཁ་ཡོད་པའི་གནས་ཚུལ་དེ་འདྲ་ཞིག་གི་འོག་ནས་སེམས་ཤུགས་མ་ཆག་པར།

ྋརྒྱལ་བ་རིན་པོ་ཆེ་དང༌། བོད་གཞུང༌། བོད་མི་མང་པོ་བཅས་རྒྱ་གར་ལ་ཡོད་

སྙམ་སྟེ་ང་ཚོར་རེ་བ་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་རྒྱ་གར་ནང་གི་བོད་མི་

མང་རྣམས་ནས་ཀྱང་དཀའ་ངལ་ཇི་ཡོད་བཟོད་བསྲན་གྱིས་ྋརྒྱལ་བ་རིན་པོ་ 68


ཆེ་དང༌།

ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

བཀའ་ཤག་དྷ་རམ་ས་ལར་ཡོད་སྙམ་དུ་བློ་གཏད་བཅོལ་གྱི་ཡོད་

ཀྱང༌། ང་ཚོའི་ལས་ཀའི་བྱེད་སྟངས་འདི་མུར་ལུས་ན་གཏན་གཏན་བློ་ཕམ་

ཡོང་གཞི་དང༌། འགྱོད་པ་སྐྱེ་རྒྱུ། ཐབས་སྡུག་པོ་ཞིག་ཡོང་རྒྱུ་གསལ་པོ་མཐོང་ གི་འདུག

སྔ་ལོ་རྒྱ་གར་དུ་འབྱོར་ཉིན་ལས་དོན་ཚགས་ཚུད་ཆེད་བཀའ་ཤག་

ཡོད་མུས་ཐོག་ནང་གསེས་ལས་བགོས་ཟུར་དུ་བྱས་ཏེ་ནང་སྲིད་ལ་ཟུར་ཁང་ དང༌། ཕྱི་འབྲེལ་སྣེ་ཤར། ཆོས་དོན་ལ་ཤན་ཁ། འདུ་འགོད་ལ་གཡུ་ཐོག་བཅས་

ནས་འགོ ་ འཛི ན ་བྱས་ཏེ ་ ལས་དོ ན ་ཆུང་ཙག་རི ག ས་ལས་ཁུངས་སོ ་ སོ ས ་

འགན་ཁུར་ཐག་གཅོད་བྱེད་རྒྱུ་དང༌། གལ་ཆེའི་རིགས་ཁུངས་སོ་སོས་འཆར་ གཞི་བཀོད་དེ་བཀའ་ཤག་ལྷན་རྒྱས་ཐོག་གོ་བསྡུར་བྱེད་རྒྱུ་བྱས་ཀྱང༌།

དེ་

འདྲའི་ལས་དོན་རྣམས་ཁུངས་འཁྱོལ་པོ་ཞིག་བྱུང་མ་སོང༌། སྐབས་རེ་ལས་

བྱེད་པས་ལྕོགས་མིན་ལྟ་བུ་དང༌། སྐབས་རེ་དམིགས་བསལ་གྱི་གནས་ཚུལ་

སོ ག ས་གང་ལྟར་ལས་བགོ ས ་ཀྱི ་ ཁུངས་སོ ་ སོ འི ་ འགན་ཁུར་འཐུས་ཚང་མ་ བྱུང་བའི་སྐབས་ལས་དོན་ཇི་ཐོན་ལས་བགོས་ལ་བསྙད་དེ་འཇོག་ཐབས་མེད་

སྟབས། འདི་གར་གཏན་སྡོད་ཤན་ཁ། སྣེ་ཤར། དགའ་བྲང་སོགས་ནས་ཁུར་

ལེན་མི་བྱེད་མཐུ་མེད་བྱུང་བ་རེད། དེ་ནི་ལས་ཀ་མང་ལ་མི་ཉུང་བ་དང༌། མི་ གཅི ག ་གི ས ་ལས་ཀ་མང་པོ ་ བྱེ ད ་རྒྱུ་དུས་ཐོ ག ་འགྲུབ་མི ན ་གྱི ས ་འཐུས་ཤོ ར ་ དང༌། སྐྱོན་ཆེན་པོ་ཡོང་གིན་འདུག

རང་རེ་ནང་ཁུལ་ལ་བརྟེན་གསལ་པོ་བཤད་ན་མི་འགའ་ཤས་དངོས་

གནས་ལྷག་བསམ་དཀར་ཞིང༌། བསྟན་སྲིད་དང༌། རྒྱ་ཆེའི་བོད་མི་མང་གི་ ཆེད་དུ་དཀའ་ངལ་དང་ལེན་དང་འབད་བརྩོན་བྱེད་ཀྱི་ཡོད་ཀྱང༌། ད་ཕན་བོད་

ནང་གི་གནས་ཚུལ་ཙམ་ལས། ཕྱིའི་ལུགས་སྲོལ་སོགས་ཇི་བཞིན་མ་ཤེས།

ལག་ལེན་དང་བསམ་བློས་ད་ལྟའི་གནས་དུས་ཀྱི་རྗེས་ཟིན་མི་ཐུབ་པའི་སྐྱོན་ 69


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཡོང་གི་འདུག ཡིན་ནའང་དེ་ལ་ཧ་ལས་རྒྱུ་དང༌། ཡ་མཚན་རྒྱུ་གང་ཡང་མེད། རང་བཞིན་དངོས་ཡོད་ཀྱི་གནས་ཚུལ་ཞིག་རེད།

འགའ་ཤས་ནས་རང་གི་

ཤེས་ཚད་ཀྱི་ལས་དོན་འགྲུབ་ཚོད་རྣམས་ལའང་ལས་འགན་ཇི་བཞིན་མ་ཁུར་ བའི་འཐུས་ཤོར་འགྲོ་གི་འདུག

དེར་བརྟེན་སྤྱི་ཟོམ་དང་འཐུས་ཤོར་གྲ་མ་

འགྲིགས་པ་ཤ་སྟག་རེད། གནས་ཚུལ་འདིའི་སྐོར་ང་ཚོས་རྒྱུན་དུ་གོ་བསྡུར་

ཡོང་གི་ཡོད། ཧུར་བརྩོན་བྱས་ཀྱང་ནུས་པས་མི་ལྡང་བ་དང༌། འགའ་ཤས་

ནས་ཕྲན་བུ་ཤེས་ཀྱང་ལས་འགན་མི་འཁུར་བ་སོགས་མི་མང་ནས་ཀྱང་ཤེས་ ཀྱི་ཡོད་པ་དང༌། སྐད་ཆ་ཡང་ཤོད་ཀྱི་ཡོད་ངེས་རེད། ད་གང་དྲག་ཟེར་བསྡད་

ནས་མི་ཕན་པས་ལས་དོན་འཐུས་ཤོར་གང་ནས་བྱུང་དང༌། ཡོང་རྐྱེན་ཅིར་ ཐུག་ཞིབ་བརྟག་གིས་དོན་ཕན་ཡོང་བའི་སྐྱོན་སེལ་བྱེད་དགོས་པ་མ་གཏོགས་ རང་སོ ་ སོ འི ་ ཐག་གཅོ ད ་འགན་དབང་གི ་ ནུས་པ་དེ ་ ཟུར་དུ་བཞག་ནས་གང་ དྲག་ཟེར་བསྡད་པས་ཕན་པ་གང་ཡང་མེད། དེ་ཡན་ལེའུ་གཅིག་ཡིན།

ད་རེས་གྲོས་བསྡུར་བྱེད་རྒྱུའི་གོང༌། ལས་བགོས་ཀྱི་མི་འགྲོ་གཏན་

འཁེལ་བྱེད་རྒྱུའི་གྲས། ཆོས་དོན་དང༌། ནང་སྲིད། འདུ་འགོད། ཕྱི་འབྲེལ། ཤེས་རིག་སློབ་གསོ་བཅས་ཡོད་པ། ནང་སྲིད་ཁོངས་དྲིལ་བསྒྲགས་དང༌། བདེ་

འཇགས་ཀྱི་འགན་ཁུར་ཟུར་དུ་ཡོད་པ་དང༌། བྱུང་ན་རྗེས་སུ་ལས་བྱེད་མི་འགྲོ་

བསྡུ་གཏོང་བྱེད་མཁན་ལས་བྱེད་བདག་གཉེར་ཁང་ཞིག་ཀྱང་ཡོད་ན་ཁུངས་

དེས་ལས་བྱེད་ཚང་མ་རྒྱུན་དུ་ཞིབ་བརྟག་གིས་འཕྲལ་འཕྲལ་བཏང་ཆོག་ཡོང་

གནས་སྙམ། གང་ལྟར་ད་ལམ་ལས་བྱེད་གཏན་འཁེལ་དགོས་པ་རྣམས་ད་ཕན་

ལས་དོན་གྱི་སྐྱོན་དང༌། ཉམས་མྱོང་ལ་ཞིབ་འཇུག་གིས་དོན་ཕན་འཐུས་ཤོར་

མི་འབྱུང་བའི་མི་འགྲོ་བསྐོ་འཛུགས་བྱེད་རྒྱུ་ལས། མིང་དང༌། གོ་ས། རྒན་

གཞོན་སོགས་ལ་སྟབས་བསྟུན་བྱེད་མ་དགོས། ལས་འགན་སུས་ཐེག་པ་དང༌། སུ་ལ་བྱེད་འདོད་ཡོད་པ། སུས་བྱེད་ཐུབ་པ། སུ་ལ་འོས་པ་བཅས་ལ་འགན་ 70


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཁུར་སྤྲོད་པ་ལས།

མཛེས་མཚོན་ཟོམ་འཇོག་བྱེད་རྒྱུ་འཐུས་ཤོར་གྱི་གཞི་

རེད། ངའི་སེམས་ལ་ལས་བྱེད་མི་འགྲོ་གཞོན་པ་མང་ཙམ་ཞིག་བྱུང་ན་སྙམ། ན་གཞོན་རྣམས་རང་བཞིན་སེམས་རྩ་གྲུང་བ་དང༌། བསམ་བློ་གསར་པ་ཡང་

མང་བ། ཕྱིའི་གནས་ཚུལ་ཤེས་ཆེ་ལ། འབྱུང་བ་དར་བས་གང་ཅི་ནས་ནུས་

ཤུགས་ཆེ། འོན་ཀྱང་རྒན་པ་ངེས་པར་དུ་ཡོད་དགོས། གཞོན་པའི་བསམ་

འཆར་རྣམས་ལ་རྒན་པའི་ ཉམས་མྱོ ང ་བསྣན་ཏེ ་ ཐལ་ལུས་ཡ་ཡུད་མེ ད ་པའི ་

སྟངས་འཛིན་བྱེད་ཐུབ། ཡང་ཕྱོགས་གཅིག་ནས་རྒན་པ་རྣམས་རིམ་ཟད་འགྲོ་ རྒྱུར་གཞོན་པ་རྣམས་ལ་ཉམས་མྱོང་དང༌། མིག་ལྟོས་ངེས་པར་དུ་འཇགས་པ་

བྱེད་དགོས། ལས་བྱེད་པའི་སྒྲིག་འཛུགས་ཡག་པོ་ཞིག་བྱུང་ན་ལས་དོན་ཇི་ བྱེད་ནང་ཁུལ་གོ་བསྡུར་བྱས་ཏེ་འཆར་གཞིའི་ཡི་གེ་བཟོ་དགོས། དེ་ཡང་ཟླ་ བཞི་འམ། ཟླ་དྲུག་ལྟ་བུ་སྔོན་རྩིས་དུས་བཀག་བཟོས་ཏེ་སྒྲུབ་དགོས། དེ་ལ་

འགྲོ་གྲོན་ཇི་དགོས་སོགས་སྔོན་ཚུད་འཆར་གཞི་ཞིག་བཀོད། དེ་ལ་ལས་བྱེད་

ཚང་མའི་སེམས་ཤུགས་བསྒྲིལ་ནས་འབད་སྒྲུབ་བྱས་ན་ལས་དོན་བསྒྲུབ་ཐུབ་

པའི་རེ་བ་ཡོད། དེ་འདྲ་མིན་པར་ད་ལྟའི་བྱེད་སྟངས་ལ་སྐྱོན་ཆེན་པོ་ཡོད། ད་

ལྟ་ཟླ་དགུ་པ་དང་བཅུ་པའི་ནང་ལས་དོན་ཇི་བྱེད་ཀྱི་འཆར་གཞི་གང་ཡང་མེད་

པར་མི་གཞན་ཞིག་ནས་འདི་འདྲ་ཞིག་བྱེད་རན་ཟེར་ན་གློ ་བུར་དུ་ཚབ་ཚུབ་ ངང་བྱེད་དགོས།

དེ་ལྟར་བྱས་པས་ལས་དོན་ཇི་བཞིན་མི་འགྲུབ་པ་དང༌།

བསྒྲུབས་པ་རྣམས་ལའང་སྐྱོན་ཡོང་གི་འདུག དེར་བརྟེན་ད་ཆ་ལས་དོན་སྒྲུབ་ ཕྱོགས་ལ།

མ་ལན་མ་འགྱོད་མེད་པའི་བསམ་བློ་ཞིབ་ཏུ་གཏོང་བ་དང་གོ་

བསྡུར་ནན་ཏན་བྱས་ནས་སྐྱོན་སེལ་གང་ཐུབ་དང༌།

དོན་ཕན་གང་ཆེ་ཡོང་

ཐབས་བྱེད་དགོས། ཚོགས་འདུའི་ཉིན་གྲངས་ཁོངས་མ་ཟིན་ཡང་གལ་ཆེ་དོན་

ཆེའི་ལས་དོན་ལ་ཉིན་རེ་ཟུང་འཕར་དུ་འགོར་ན་ཡང་འགྲིགས། བསམ་བློའི་ རྒྱུ་ཆར་ཉེ་ཆར་ཌལ་ལ་ཧོ་སིར་ངའི་བསམ་ཚུལ་གང་འཚམས་བཤད་པ་པར་ 71


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདེབས་བྱས་ཡོད་པ་དེ་ཁྱོད་ཚོས་ཡག་པོ་ཀློག་དང༌། དེས་བསམ་བློའི་ནང་མ་ རྩ་ལྟ་བུ་ཕན་ཁྱད་ཕྲན་བུ་ཡོང་རེ་ཡོད།

ད་དུང་ཁ་སང་སྣེའུ་ཤར་ནས་བར་སྐབས་ཀྱི་ལས་དོན་གནས་ཚུལ་

བཤད་པ་རྣམས་ལའང་དགེ་ སྐྱོན་ཇི་འདུག་བསམ་ཞིབ་ཡག་པོ་བྱེ ད་དགོས།

རྗེས་སུ་ཚོགས་འདུ་ཟིན་སྐབས་ད་ལམ་ཚོགས་འདུར་གྲོས་མོལ་ཇི་བྱས་དང༌།

ལས་བསྡོམས་ཇི་བྱུང་གི་ཡི་གེ་ཞིག་བཟོས་ན་ཡག་པོ་ཡོང་གནས་སྙམ། བོད་ མི་མང་ནས་ང་ཚོར་རེ་བ་ཇི་བཅོལ་དང༌། འགན་ཁུར་ཇི་སྤྲད་ལ་ང་ཚོས་བསམ་

བློ་ཡག་པོ་ཞིག་ཅིས་ཀྱང་གཏོང་དགོས།

བོད་མི་ཁྲི་ཕྲག་གི་གཅེས་པའི་

སྲོག་དང༌། ཤ་ཁྲག་རྣམས་སྣང་ཆུང་དགོས་མེད་དང༌། སྐྱིད་འདོད་ཀྱིས་གང་

བྱུང་ཆུད་ཟོས་བཏང་བ་གཏན་ནས་མིན། ཤི་ཁར་ཁ་ཆེམས་ལའང་བསྟན་སྲིད་ ཀྱི་དོན་དུ་འབད་བརྩོན་དགོས་ལུགས་ཟེར་བའི་ལས་འགན་དེ་སུ་ལ་འཁྲི་གི་

ཡོད་དམ། ཤི་བ་ཚོ་དང་རྨས་པ་ཚོའི་གདོང་ལ་གཅིག་ལྟོས་དང༌། ཁོང་ཚོ་ཤི་

རྨས་གང་གི་དོན་དུ་བྱུང་བ་ཡིན། ང་ཚོ་མ་ཤི་བར་རྒྱ་གར་རང་དབང་གི་ཡུལ་

དུ་ཡོད་པ་རྣམས་ནས་བསྟན་སྲིད་དང༌། བོད་མི་རིགས་སྤྱིའི་ལ་རྒྱ་དང༌། ཤ་

ཞེན་སྙིང་ལ་བཟུང་ནས་རང་ནུས་གང་ཡོད་ཀྱི་འབད་བརྩོན་འགྱོད་པ་མེད་པ་

ཞིག་མ་བྱས་ན་ཆོས་ཀྱི་ཆ་ནས་ལས་འབྲས་ལ་མི་བཏུབ་ཅིང༌། འཇིག་རྟེན་གྱི་ ཆ་ནས་ཡ་རབས་ཀྱི་སྤྱོད་ཚུལ་དང་འགལ་གྱི་རེད།

མི་འགྲུབ་མི་ཐུབ་པའི་

ལས་ཀར་བྱ་ཐབས་མེད་ཀྱང༌། འགྲུབ་ཚོད་ཐུབ་ཚོད་ཀྱི་ལས་དོན་ལ་མཉམ་

ཁུར་མ་བླངས་པར་སྤྱི་ཟོམ་མཛེས་ཟོལ་འཐུས་ཤོར་དུ་བཏང་ན་དངོས་གནས་

བློ་ཕམ་ཆེན་པོ་ཡོང་གི་འདུག ཚང་མས་ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པ་

ཞེས་རྒྱུན་དུ་ཟེར་ཡང༌། ངས་བསྟན་སྲིད་དང༌། བོད་མི་སྤྱིར་ཕན་ཐོགས་ཤིག་

བྱུང་ན་བསྡད་ཀྱང་བསྡད་གོ་ཆོད། དེ་མིན་མི་གཅིག་གི་ནུས་པས་གོམ་པ་རིམ་

བགྲོད་ཀྱི་ཞིབ་ཕྲའི་ལས་དོན་ཐོག་དོན་ཕན་ཡོང་རྒྱུ་ཁག་པོ་རེད། ང་ཨ་མདོའི་ 72


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཕྲུག་གུ་ཐེབས་ཆག་གཅིག་ལས་སྨོན་རྟེན་འབྲེལ་དབང་གིས་བསྟན་སྲིད་བོད་

མི་བཅས་པར་དོན་ཕན་ཡོང་རེ་ཞིག་ཡོད་ན། ལོ་ཁྲི་ཕྲག་ཟེར་བ་ཇི་ལྟར་ཡང༌།

འཇིག་རྟེན་འདིའི་གནས་ཚུལ་དང་མཐུན་པའི་ལོ་བརྒྱད་ཅུ་ལྷག་སྡོད་ཤས་ཆེ།

ངས་ཕན་ཐོགས་ཡོད་ངེས་ཞིག་ཡིན་ན་བསད་ཀྱང་ཤི་བ་དཀའ། སྐྱེ་འཆི་རང་ དབང་མེད་ཀྱང་ལས་སྨོན་རྟེན་འབྲེལ་གྱི་གནས་ཚུལ་ཞིག་ཡོད་པ་རེད། ཚུལ་

དེ ་ ལས་ལྡོག་སྟེ་ལས་ཀའི ་ ཐོ ག ་ཚང་མས་ལྷག་བསམ་ཆི ག ་བསྒྲི ལ ་གྱི ་ ཁུར་ འགན་མ་བླངས་ན་ང་མི་གཅིག་གིས་ཇི་ཙམ་བསྡད་ཀྱང་ཕན་ཐོགས་པ་དཀའ།

གཞུང་ཞབས་ནང་ལྷག་བསམ་དཀར་ནག་མཐའ་གཅིག་ཏུ་བརྗོད་དཀའ་ཡང༌།

ལས་དོ ན ་བྱེ ད ་སྟངས་ཐོ ག ་ཧ་ཅང་བློ་ཕམ་འབྱུང་གཞི འི ་ གནས་ཚུལ་མང་པོ ་

ཡོང་གི་འདུག

ཁྱེད་ཚོ་མི ་ གསར་པ་རྣམས་ནས་བསམ་བློ་གསར་པས་ཐབས་

གསར་པ་བཏོན་ཏེ་འབྲས་བུ་གསར་པ་ཞིག་ཡོང་བ་བྱེད་དགོས། ཡང་ཁྲོ་ཆུ་

དཔོན་ལྟ་བུ་ནས་ལོ་མང་རིང་གུང་ཁྲན་ལ་ངོ་རྒོལ་བྱས་པ་དང༌། དེ་སྔོན་གོ་

མིང་ཏང་དང་འབྲེལ་གཏུགས་ཀྱི་ལས་དོན་བྱས་པའི་ཉམས་མྱོང་ཡོད་གཤིས་ ང་ཚོས་སྐད་ཆ་བཤད་པ་ཐད་ཀར་གསལ་པོ་གོ་གི་མེད་ན་ནང་ཁུལ་ཕར་ཚུར་

གོ་བསྡུར་ཡག་པོ་བྱས་ཏེ་བསམ་འཆར་གང་ཡོད་མཛེས་ཟོལ་མེད་པ་བརྗོད་ རྒྱུའི་རེ་བ་ཡོད། གོ་བསྡུར་སྐབས་ཚོགས་ཆེན་ནམ། ཡང་ན་འབྲེལ་ཡོད་ གཉིས་གསུམ་ཚོགས་ཆུང་ལྟ་བུར་གོ་བསྡུར་བྱས་ཀྱང་འགྲིགས། གང་ལྟར་

དོན་ཕན་གང་ཆེའི་བསམ་བློ་གཏོང་དགོས། ངས་ད་རེས་ཀྱི་གྲོས་ཚོགས་ལ་རེ་

བ་ཆེན་པོ་བྱེད་ཀྱིན་ཡོད། ད་རེས་གྲོས་ཚོགས་འདིར་ལས་དོན་ནོར་འཁྲུལ་

འདིར་ལེགས་བཅོས་འདི་བྱས་དང༌། དོན་ཕན་འདི་བྱུང་རྗེས་འབྲས་བུ་ཐོན་པ་

ཞིག་ཡོང་བའི་རེ་བ་ཡོད། གཞན་དེ་རིང་བརྗོད་རྒྱུ་འདི་ཙམ་ཡིན།” ཞེས་ 73


བཀའ་བསྩལ།(1)

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དེ ་ བཞི ན ་བོ ད ་མི ་ མང་སྤྱི ་ གཞུང་གི ་ སྔོ ན ་གྱི ་ ལམ་སྲོ ལ ་དང་མཛད་

ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང༌། འབྱུང་ འགྱུར་མཛད་ཕྱོགས་ཇི་དགེ

སྐབས་དེའི་ལས་ཁུངས་ཁག་རྒྱ་བསྐྱེད་དང༌།

ལས་བྱེ ད ་གསར་བསྐོ་གནང་ཕྱོ ག ས་སོ ག ས་ཉི ན ་བདུན་རི ང་བོ ད ་མི ་ མང་སྤྱི་

འཐུས་རྣམ་པ་དང༌། སྲི་ཞུའི་ལས་བྱེད་ཆེ་ཕྲ་ཚང་འཛོམས་གྲོས་བསྡུར་ཞིབ་ ལྷུག་ཞུས་འབྲས་སུ། ཆོས་དོན་ལས་ཁུངས། ནང་སྲིད་ལས་ཁུངས། འདུ་འགོད་ དམ་དཔལ་འབྱོར་ལས་ཁུངས།

ཕྱི་འབྲེལ་ལས་ཁུངས་བཅས་བཞི་དང༌།

གསར་དུ་ཤེས་རིག་ལས་ཁུངས་བསྣན་པས་ལས་ཁུངས་ཆེ་ཁག་ལྔ།

ཡན་

ལག་ལས་ཁུངས་བཞི་སྟེ་རྩིས་ཞིབ། ལས་བྱེད་བདག་གཉེར་ཁང༌། བདེ་སྲུང༌། དྲིལ་བསྒྲགས་བཅས་ཀྱི་གཙོ་འཛིན་དང༌། འགན་འཛིན། དྲུང་ཆེ་བཅས་སྐབས་

དེར་ལས་བྱེད་དང་མི་མང་ཁོངས་ནས་ཕོ་མོ་གང་འོས་དབྱེར་མེད་བོད་མི་མང་

སྤྱི་འཐུས་རྣམས་ནས་མང་མོས་འོས་བསྡུས་འཆར་ཕུལ་མི་ངོ་ ༥༤ ཕུལ་བ་

ལས་ཕྱིར་བསྩལ་ཕྱག་རྟགས་མི་གྲངས་ ༢༩ གནང་བ་སྡེབ་གཅིག་གསར་ མཇལ་ཞུས། (དེ་ནས་བཟུང་བར་ལམ་ཞིག་བར་ལས་བྱེད་ཆེ་ཕྲ་རྣམས་སྤྱི་འཐུས་ལྷན་

ཚོགས་ནས་ྋགོང་ས་མཆོག་ལ་འོས་འཆར་ཕུལ་སྟེ་ཕྱག་རྟགས་གནང་གི་འདུག) གོང་

གསལ་འོས་བསྡུས་འཆར་ཕུལ་མི་ངོ་ ༥༤ ཡི་མཚན་གཞུང་གཤམ་གསལ།

༡༽ ཡོངས་འཛིན་གླིང་རིན་པོ་ཆེ། ༢༽ ཡོངས་འཛིན་ཁྲི་བྱང་རིན་པོ་ཆེ། ༣༽ སྲིད་ཚབ་བདེ་མཁར་བ། ༤༽ བཀའ་བློན་ཟུར་ཁང་པ། ༥༽ བཀའ་

1 བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་བསྐྲུན་གནང་བ། སྲིད་ཞིའི་རྣམ་འདྲེན་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཁག་དང་། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་པའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོ། ཤོག་གྲངས་ ༨ པ་ ནས་ ༡༨ བར་གསལ།

74


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

བློན་ལས་རོགས་ཤན་ཁ་བ། ༦༽ བཀའ་ཚབ་སྣེའུ་ཤར་བ། ༧༽ བཀའ་ཚབ་

གཡུ་ཐོག་པ། ༨༽ སྐུའི་གཅེན་པོ་ལྷ་སྲས་རྒྱལ་ལོ་དོན་གྲུབ། ༩༽ སྐུ་བཅར་

སྤྱི་ཁྱབ་མཁན་པོ་སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ། ༡༠༽ སྐུའི་གཅེན་པོ་ བློ་བཟང་བསམ་གཏན། ༡༡༽ ཀུན་གླིང་ཛ་སག ༡༢༽ ཛ་སག་ཁེ་སྨད།

༡༣༽ ཛ་སག་ཕྲེང་རིང༌། ༡༤༽ ཛ་སག་ཨ་འབྲུག ༡༥༽ མཁན་དྲུང་ཏཱ་བླ་

མ། ༡༦༽ མཁན་དྲུང་ངག་དབང་དོན་འགྲུབ། ༡༧༽ རྩེ་མགྲོན་ཕ་ལྷ་བ། ༡༨༽

མཁན་ཆུང་མདོ་སྔགས་མཐར་ཕྱིན། ༡༩༽ རྩིས་དཔོན་ཞྭ་སྒབ་པ། ༢༠༽

རྩིས་དཔོན་རྣམ་གླིང༌། ༢༡༽ མཁན་ཆུང་ཁང་ཁྱིམ་པ། ༢༢༽ སྐུ་སྲུང་མདའ་

དཔོན་སྟག་ལྷ་སྲས། ༢༣༽ རིམ་བཞི་བ་ལྷ་སྲས། ༢༤༽ རིམ་བཞི་ཟུར་ཁང་

སྲས། ༢༥༽ གཡུ་ཐོག་སྲས་འཇིགས་མེད། ༢༦༽ རྩེ་མགྲོན་ངག་དབང་རིག་ གྲོལ། ༢༧༽ ལས་ཚན་རྒྱལ་མཚན་ཆོས་ལྡན། ༢༨༽ ལས་ཚན་ངག་དབང་

དོན་འགྲུབ། ༢༩༽ བར་གཞིས་རྩེ་མགྲོན་རྗེ་དྲུང༌། ༣༠༽ ལས་ཚན་རབ་ཁ་ པ། ༣༡༽ ལས་ཚན་ཡེ་ཤེས་དར་རྒྱས། ༣༢༽ ལས་ཚན་ས་འདུ་བ། ༣༣༽

ལས་ཚན་ཐུབ་བསྟན་ཉིན་བྱེད། ༣༤༽ ལས་ཚན་ངག་དབང་བསོད་ནམས། ༣༥༽ རྩིས་པ་བར་ཚོ་བ། ༣༦༽ ཤོད་དྲུང་རྨ་བྱ་བ། ༣༧༽ ཤོད་དྲུང་སྤྱི་

ཁྱབ་པ། ༣༨༽ གླིང་བླའི་གསོལ་དཔོན་ཐུབ་བསྟན་ཚེ་རིང༌། ༣༩༽ ཆུ་བཞི་ སྒང་དྲུག་ཁོངས་ཕྱག་མཛོད་བཀྲ་ཤིས། ༤༠༽ ཚ་བ་རོང་པ་དམ་པ་བློ་གྲོས།

༤༡༽ ཉག་རོང་རྒྱ་རི་ཉི་མ། ༤༢༽ ཨ་ལོ་ཆོས་མཛད། ༤༣༽ དགེ་ལུགས་

འབྲས་བློ་གླིང་རྟའུ་ཆོས་མཛད། ༤༤༽ ས་སྐྱའི་ཁོངས་ངོར་སྤྱི་ལྷག་པ་དོན་

འགྲུབ། ༤༥༽ རྙིང་མའི་ཁོངས་བྱ་རྒོད་དོན་ཡོད། ༤༦༽ བཀའ་བརྒྱུད་མི་ གཅིག ༤༧༽ ཨ་མདོ་ཁོངས་ཨ་ལགས་མཛོད་དགེ ༤༨༽ སྦྱིན་པ་རྒྱ་མཚོ།

༤༩༽ སྟག་འཚེར་ཕྱག་མཛོད། ༥༠༽ རྒྱལ་རོང་ཡར་འཕེལ། ༥༡༽ དབུས་ གཙང་ཁོངས་དགའ་གདོང་བློ་བསྟན། ༥༢༽ ལྷ་ས་བསོད་ནམས་བསྟན་འཛིན། 75


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༥༣༽ གཞིས་རྩེ་ཆུ་སྤེལ་བསྟན་འཛིན། ༥༤༽ ཕག་རི་ལས་དྲུང་ཁང་དཀྱིལ་ བཅས་སོ།།(1)

ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༩ ཉིན། སྲིད་ཚབ་བདེ་མཁར་བ་དང༌།

བཀའ་བློན་ཟུར་ཁང་པ། བཀའ་ཚབ་ཤན་ཁ་བ། བཀའ་ཚབ་སྣེའུ་ཤར། བཀའ་ ཚབ་གཡུ་ཐོག

གཞུང་ཞབས་བྱིངས་ཀྱི་སྤྱི་འཐུས་ཛ་སག་ཁེ་སྨད་པ་དང༌།

མཁན་དྲུང་ངག་དབང་དོན་གྲུབ། རྩེ་མགྲོན་ངག་དབང་ཆོས་བཟང༌། རྩེ་དྲུང་ བྱམས་པ་དབང་འདུས། དང༌།

ཆོལ་གསུམ་ཆོས་བརྒྱུད་ཀྱི་སྤྱི་འཐུས་བཅུ་གཅིག་

འཐུས་ཚབ་གཅིག་བཅས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་

ཚོགས་འདུའི་ཐོག་གི་མནའ་གན་དང༌། ལས་རོགས།

ལས་ཁུངས་ཁག་ལྔའི་གཙོ་འཛིན།

ལས་བྱ་བཅས་ཀྱི་འོས་འཆར་ྋསྙན་འབུལ་ཞུ་བཅར་སྐབས་

བཀའ་སློབ་ཕེབས་གསལ་དུ། “ཁྱེད་ཚོ་འཐུས་མི་ཉིན་ཤས་རིང་ཚོགས་འདུ་

འཚོགས་ཏེ་ལས་དོན་སྐོར་སྦྱངས་བཤད་ཡག་པོ་བྱུང་འདུག དེ་རིང་ལས་བྱེད་

གསར་བསྐོའི་འོས་ཐོ་མིང་ཤོག་ཀྱང་ཕུལ་འབྱོར་བྱུང་བ་བཅས་ཡག་པོ་རེད།

སྔ་ལོ་ལས་བགོས་མི་འགྲོའི་ཐོག་ནས་བར་ལམ་གནས་ཚུལ་མང་པོ་ཞིག་བྱུང་ བར་བརྟེན་ད་རེས་ཁྱེད་ཚོས་བསམ་བློ་ཞིབ་ནན་བཏང་སྟེ་འཆར་གཞི་གསར་

འགོད་ཐུབ་པ་བྱུང་ན་བསམ་བྱུང་ཡང༌། མྱོང་གོམས་མེད་པ་ལྟ་བུས་མ་བདེ་བ་ བྱུང་ཡོད་ན་ཁྱད་པར་མི་འདུག

ཁྱེད་ཚོས་བསམ་བློ་རྒྱ་ཆེ་ཙམ་བཏང་ནས་

གནས་ཚུལ་རྟོགས་པའི་འཆར་གཞི་གསལ་པོ་ཞིག་འགོད་ཐུབ་པའི་རེ་བ་ཆེན་ པོ་བྱུང༌། ད་ལྟའི་འོས་འཆར་འདི་ནི་སྦུག་སྦུག་འདྲ་ཞིག་འདུག འོན་ཀྱང་འགལ་ བ་ཆེར་མེད། ངོས་ནས་བརྟག་ཞིབ་བྱས་ཆོག ‘ ད་ཕན་ལས་ཀ་ཚགས་ཚུད་མ་ བྱུང་བའི་སྐོར་ལ་ཚང་མས་མ་ཤེས་རྨོངས་པས་ནོར་འཁྲུལ་ཤོར་བ་ལས།

1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ཀ༽ (༡) ནང་གསལ། 76


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཤེས་བཞིན་ཁྱད་གསོད་ཞུས་པ་མིན། ད་ནས་ཧུར་སྐྱེད་འབད་བརྩོན་ཞུ་རྒྱུར་

དགོངས་པ་དྭངས་པ་’ ཞེས་གསུང་གི་འདུག་པར།

ང་དགོངས་པ་དྭངས་

དགོས་པའི་གཞི་རྐྱེན་དགོངས་ཚོམས་གང་ཡང་མེད། ཡིན་ནའང་ངས་རྟག་ཏུ་

ཞུ་མུས་ལྟར། དུས་སྐབས་ཁག་པོ་རྙོག་འཛིང་ཆེན་པོ་འདིའི་ཐོག་ལ་ང་ལུང་

ཁུག་གི་ཕྲུ་གུ་ཞིག་ནས་བོད་མི་མང་ཡོངས་རྫོགས་ཀྱི་འགོ་འཁྲིད་བྱེད་དགོས་

པ་འདི་ནི་སོ་སོའི་ལས་སྐལ་ལམ། བོད་མི་མང་གི་ལས་སྨོན་དང་འབྲེལ་བ་

ཞིག་རེད། འོན་ཀྱང་ད་བར་གྲ་འགྲིགས་པ་དང་འཐུས་སྒོ་ཚང་བ་ཞིག་བྱུང་མ་ སོང༌། ངོས་རང་ལོ་བཅུ་བདུན་དུ་སླེབས་དུས་དུས་འགྱུར་ཤུགས་ཆེས་རྐྱེན་ པའི་གང་སར་གྲ་མ་འགྲིགས། ཐབས་སྡུག་ཁོ་ནའི་མུ་ལ་རང་གཞན་ཚང་མ་

དཀའ་སྡུག་མྱོང་དགོས་པ་དང༌། ང་རང་ཚོ་གཞན་ཡུལ་དུ་གྱར་དགོས་པ་འདི་ འདྲ་ཞིག་བྱུང༌། ག་དུས་ཡིན་ཡང་ཛ་དྲག་ཆེ་ལ། དངངས་ཚབས་ཆེ་བ། ཉེན་ཁ་

ཆེ་བའི་ལས་འགན་འདི་ང་མི་གཅིག་གིས་མཐའ་གཅིག་ཏུ་འགྲུབ་རྒྱུ་ཤིན་ཏུ་ ཁག་པོ་རེད། ཡིན་ནའང་བོད་རྒྱ་ཆེའི་མི་མང་ཡོངས་ནས་ངོས་ལ་ཁ་ཙམ་མིན་

པའི་རེ་བཅོལ་བྱས་དང་བྱེད་བཞིན་པ་ལྟར་བློས་གཏོང་ཐབས་མེད་ལ། བློས་ གཏོང་བསམ་པའང་གཏན་ནས་མེད།

ད་བར་དཀའ་ངལ་ཇི་འདྲ་བྱུང་ཡང་

འཛེམ་ཟོན་མེད་པར་རང་གི་ནུས་པས་གང་ལྡེང་ཅི་ལྡེང༌། རང་གི་ཐབས་ཤེས་ གང་ཐུབ་ཅི་ཐུབ་བྱས་དང་བྱེད་བཞིན་པ་ཡིན།

འདི་ནི་ངོས་ནས་བྱས་ཡུས་

བཤད་པ་མིན། ང་ཚོ་མི་རེ་གཉིས་ཀྱིས་བསམ་པ་བཟང་པོས་འབད་བརྩོན་ཇི་ ལྟར་བྱས་ཀྱང་གོམ་པ་རིམ་བགྲོད་ཀྱིས་བསྒྲུབ་དགོས་པའི་ཞིབ་ཕྲའི་ལས་དོན་ བྱེད་མཁན་ལས་བྱེད་པ་ཁག་ཧྲ་ཏག་ཏག་ཅིག་མེད་ན་མཐའ་འཁྱོལ་དོན་ཚང་ ཞིག་ཡོང་བ་ཧ་ཅང་གི་ཁག་པོ་རེད།

ད་ལྟ་བོད་ནང་དུ་ཡོད་པའི་རྒྱ་ཆེའི་མི་མང་རྣམས་ཀྱི་གནས་ཚུལ་ལ་

བསམ་བཞིན་བློ་འཚབ་དང༌། འགྱོད་སེམས་ཆེན་པོ་འདུག འདི་ནི་རྩ་བ་ལོ་ 77


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མང་པོའི་སྔོན་ནས་བཟོ་ཉེས་ཤོར་ཚར་བར་འགྱོད་ཀྱང་བྱ་ཐབས་ཅི་ཡོད། ད་

ཆ་ང་ཚོ་རང་དབང་གི་ཡུལ་དུ་སླེབས་ཏེ་རང་དབང་གི་ཐབས་ཤེས་བྱེད་རྒྱུའི་ གོ ་ སྐབས་གང་ཡོ ད ་འདི ་ དག་ལག་ལེ ན ་དངོ ས ་སུ་བསྟར་ཐུབ་ན་ད་ཚོ ད ་སྤྱི ་

དོན་གང་འཚམས་ཤིག་འགྲུབ་རྒྱུ་ཡང༌། དེ་ནི་བསམ་ཐོག་དོན་འཁེལ་མ་བྱུང༌།

ལས་དོན་མང་པོ་ཞིག་ལྷོད་ཡངས་སྤྱི་ཟོམ་དུ་འཇོག་པ་དང༌། མི་མ་འཛོམས་ པ། སྐབས་འཕྲལ་གོ་བསྡུར་མ་བྱུང་བ་སོགས་ཀྱིས་དངོས་ཡོད་གནས་ཚུལ་

གྱི་རྗེས་སུ་ལུས་པའམ། དུས་ཐོག་མ་འགྲུབ་པ་བྱུང་ཡོད། མང་ཆེ་བ་ཞིག་ནི་

གནས་ཚུལ་གསལ་པོ་མ་རྟོགས་པ་ཁོ་ནའི་སྐྱོན་རེད། ང་ཚོས་ད་དུང་འདི་མུར་ བསྡད་ན་མི་འགྲིགས་པས། བསམ་ཞིབ་ནན་ཏན་བྱས་ཏེ་སྤྱི་དོན་འཐུས་ཤོར་ དུ་མི་འགྲོ་བ་ཞིག་ཅིས་ཀྱང་བྱེད་དགོས།

ང་ནི་ཆུ་ཚོད་རེའི་ཡུན་ཙམ་ཡང་

འགྱངས་ན་ཅི་དྲག་སྙམ་པའི་སེམས་ཁྲལ་འདུག

བོ ད ་དུ་ཡོ ད ་པའི ་ རྒྱ་ཆེ འི ་ མི ་ མང་ཚང་མས་ང་རང་ཚོ ར ་རེ ་ བ་གང་

འདྲ་ཞིག་བྱེད་ཀྱི་ཡོད་པ་ཡོངས་གྲགས་རེད། དཔེར་ན། ཉེ་ཆར་བོད་ནས་ཡོང་

བ། ལྷ་བཙུན་རིན་པོ་ཆེར་ངོ་མཇལ་ཞུ་མྱོང་མཁན་ཞིག་ནས་བརྗོད་གསལ། རིན་པོ་ཆེས་ཁྱེད་རང་ཚོས་སེམས་ཁྲལ་བྱེད་མི་དགོས།

ང་མ་ཤི་གོང་ལ་

ྋརྒྱལ་བ་རི ན ་པོ ་ ཆེ ་ མཇལ་རྒྱུ་ཡོ ང ་གི ་ རེ ད ་ཅེ ས ་བཀའ་གནང་བྱུང་ཟེ ར ་གྱི ་

འདུག ཁྱེད་ཚོས་དགོངས་པ་ཡག་པོ་ཞིག་བཞེས་དང༌། ལྷ་བཙུན་རིན་པོ་ཆེ་ བགྲེས་སོང་དགུང་ལོ་སྨིན་པོ།

སྐུ་སྲོག་ལ་ཉེན་ཁ་ཡོད་པའི་གནས་ཚུལ་

དངངས་སྐྲག་ཅན་དེ་འདྲ་བའི་འོག་ཏུ་བཞུགས་ཀྱང་ང་ཚོར་རེ་བ་གང་འདྲ་ཞིག་ གནང་གི་འདུག་གམ། ང་ཚོ་རྒྱ་གར་ཁུལ་ཡོད་པ་ཚོས་སྤྱི་དོན་ལ་སེམས་ཁུར་

མི་བྱེད་པར་འདི་གའི་མུ་ལ་སྡོད་ཐབས་འདུག་གམ། ང་ཚོས་ད་ཕན་ལོ་གཅིག་

ཟླ་ཤས་སོང་ཟིན་པའི་དུས་ཚོད་ལ་ཕྱིར་མིག་ཅིག་བལྟས་ན། ཟབ་བེ་ཟོབ་བེ་ ཁོ་ནའི་ངང་ལ་དུས་ཚོད་རྩ་ཆེ་མང་པོ་ཞིག་ཆུད་ཟོས་སུ་བཏང་བ་མ་རེད་དམ། 78


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ད་བར་ཧྲ་ཏག་ཏག་ཅིག་མི་ཡོང་བའི་རྒྱུ་མཚན་གང་ཡིན་ནམ། དགོངས་པ་ཡག་པོ་ཞིག་བཞེས་དང༌།

ཁྱེད་ཚོ་

ང་ཚོའི་རྩ་བའི་ལས་འགན་ནི་རྒྱ་མི་

དམར་པོ་ལ་ངོ་རྒོལ་བྱེད་རྒྱུ་དེ་རེད། དེ་བྱེད་པར་གལ་གནད་ཆེ་ཤོས་སུ་བོད་

གཞུང་བཀའ་ཤག་འདི་ཕྱི་རྒྱལ་ཁག་ནས་ཁས་ལེན་ཐུབ་པ་ཞིག་དགོས། དེ་ བྱུང་ན་སྤྱི་དོན་གང་སར་ནུས་པ་ཆེ་བ་ཡོང་གི་རེད།

ང་ཚོའི་གཞུང་འདི་ཕྱི་

ལོགས་སུ་འདྲ་ཆགས་པོ་ཡོད་མེད་ལ་མ་ལྟོས་པར། དོན་ལ་ཚགས་ཚུད་པོ་

དང་ཕྲ་ཚུགས་པོ་ཞིག་དགོས། ང་རང་ཚོ་ཐོག་མ་རྒྱ་གར་དུ་འབྱོར་སྐབས་ཚང་

མ་སེམས་ཤུགས་ཆེན་པོ། རྡོག་ལ་འགྲིལ་པོ། བོད་གཞུང་ཡང་ཚགས་ཚུད་པོ་

ཞིག་ཡོང་རྒྱུ་ཉག་ཅིག་ཀྱང༌། དེ་ནས་རིམ་པས་ཇི་བྱུང་ངས་ཞུ་མི་དགོས། བར་ དེར་ང་ཚོའི་འདོད་བློ་ཁེངས་པ་ཞིག་རྩ་བ་ནས་མ་བྱུང༌། ཐབས་སྡུག་པོ་བྱུང༌།

བློ་ཕམ་ཡང་ཆེན་པོ་བྱུང༌། ང་ཚོའི་གཞུང་གི་ལས་བྱེད་པ་ནས་དུས་ཚོད་ཡག་ པོ་དང༌། བོད་གཞུང་གྲ་འགྲིགས་དབང་ཐང་ཡོད་སྐབས་ལས་དོན་ཧྲ་ཏག་ཏག་

བྱེད་པ་དང༌། གནས་དུས་ཁག་པོ། བོད་གཞུང་སྐྱོ་པོ་དབང་ཤུགས་མེད་པའི་ སྐབས་སུ་ལས་དོན་ཐོག་ཐེ་བྱུས་མི་བྱེད་པ་དང༌། འགན་མི་འཁུར་བ། སྤྱི་ཟོམ་ ཡ་ཡོལ་ཁོ་ནའི་ངང་ནས་སྤྱི་དོན་འཐུས་ཤོར་གཏོང་གིན་འདུག

ངས་ཟླ་ཤས་སྔོན་ང་ཚོའི་རྒྱ་ཆེའི་མི་མང་རྣམས་ལ་ཕྱག་འཚལ་འོ ས་

པ་ཞིག་རེད། འོན་ཀྱང་ལས་བྱེད་རེ་ཟུང་དང༌། ལྷག་པར་མཐོ་རིམ་འགན་ཁུར་

བའི་ཐད་ལ་ངོས་རང་བློ་ཕམ་ཆེན་པོ་ཡོད་ཅེས་གསལ་པོར་བཤད་པ་ཡིན། བློ་ ཕམ་འདི་ད་ལྟའང་ཡོད། ཕྱིན་ཆད་ཀྱང་གནས་ཚུལ་དངོས་བྱུང་དང་བསྟུན་ཏེ་ རིམ་པས་སེལ་ཐུབ་རྒྱུའི་རེ་བ་ལས།

མདུན་དུ་མི་རེ་གཉིས་ཀྱིས་ཚིག་རེ་

གཉིས་བཤད་པས་ངའི་བློ་འགྱུར་མི་ཐུབ། ངས་མི་རེ་རེའི་ཚིག་རེ་རེ་ལ་ཉན་

དགོས་བྱུང་ན་བསྟན་པ་ཆབ་སྲིད་ཀྱི་སྤྱི་དོན་ཇི་ལྟར་འགྲུབ། དོན་ངོ་མའི་ཐོག་

ཏུ་བསྟན་སྲིད་སྤྱི་དོན་ཕྱག་ལེན་དུ་འཁེལ་ཐུབ་པ་ཞིག་བྱུང་ན་གཞི་ནས་ངའི་ 79


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདི་ནི་ངས་‘དགོངས་སེལ་ཞུ་རྒྱུ་’

སེམས་ཀྱི་ན་ཚ་འདི་ཞི་ཐུབ་ཀྱི་རེད།

གསུང་མཁན་ལ་དམིགས་བསལ་གྱིས་ཞུས་པ་ཡིན།

ཁྱེད་ཚོས་མནའ་གན་ཞེས་གལ་ཆེ་མདོག་གསུང་གིན་འདུག འདི་

ལའང་ང་ཡིད་ཆེས་མེད། ངས་དཀོན་མཆོག་དང༌། ལས་འབྲས་དཔང་པོར་

བཞག་སྟེ་ཁ་ནས་གང་བཤད་ལག་ཏུ་ངོ་མ་བསྟར་ཐུབ་པ་དེ་ལ་ཡིད་ཆེས་བྱེད་ ཀྱི་ཡོད། མནའ་གན་ཟེར་བ་བོད་དུའང་ཐེངས་མང་པོ་བཞག་སོང༌། རྒྱ་གར་ དུའང་མ་སུ་རིར་འབྱོར་མ་ཐག་པ་དང༌།

དེ་རྗེས་རྡོ་རྗེ་གདན་བཅས་ལའང་

མནའ་གན་མཐུ་མོ་ཆེ་བཞག་སོང༌། འདི་དག་གིས་ཕན་ནུས་གང་བྱུང་ཡོད་

དམ། ད་རེས་ཡང་བསྐྱར་མནའ་གན་འདྲ་ཆགས་ཤིག་བཞག་པ་བཅས་ཡི་གེ་

སྟོང་པ་མང་པོ་དང༌། སྐད་ཆ་སྟོང་པ་མང་པོ་ལ་ངོས་ནས་ཆ་འཛིན་བྱེད་ཐབས་ མེད། ངས་དངོས་ཡོད་ཀྱི་གནས་ཚུལ་ལ་ཆ་འཛིན་བྱེད་ཀྱི་ཡོད། ཕྱིན་ཆད་ ཀྱང་དེ་བཞིན་ཡིན། གལ་སྲིད་ང་རང་ཚོས་ད་དུང་སྤྱི་དོན་ཟོམ་འཇོག་བྱས་ན་

ལོ་གཅིག་གཉིས་སོང་ནས་འབྲས་བུ་གང་འདྲ་ཞིག་ཡོང་གི་རེད་དམ། གཞུང་ སྒེར་ཚང་མ་ལྟ་ཁུངས་རྟེན་ཁུངས་གཏན་ནས་མེད་པ་ཞིག་ཆགས་ཀྱི་རེད་དམ་

མ་རེད། དངོས་གནས་སེམས་ཀྱིས་བཟོད་པ་འདུག་གམ། ང་སྒེར་གྱི་ཆ་ནས་ བོད་མི་སུ་གཅིག་ལ་ཚིག་ངན་བཤད་དགོས་པ་དང༌། ཁག་ངན་བསྐུར་དགོས་

དོན་གཏན་ནས་མེད། བོད་ཀྱི་བསྟན་སྲིད་སྤྱི་དོན་དང༌། གཞུང་དོན་ལ་ཐུག་

ནས་སྐད་ཆ་འདི་ཙམ་མ་བཤད་མཐུ་མེད་བྱུང༌། ཚིག་རྩུབ་པོ་འདི་ཙམ་མི་ཞུ་ ཐབས་མེད་བྱུང༌། དེ་རྩིས་ཁྱེད་ཚོས་དགོངས་པ་ཏན་ཏན་བཞེས་དགོས། ངས་

ཡང་བསྐྱར་ནན་ཏན་གྱིས་ཞུ་རྒྱུར། ཁྱེད་ཚོས་ལག་ལེན་དངོས་ཀྱི་ཐོག་ནས་

སྤྱི་དོན་གྲ་འགྲིགས་ཤིག་མ་བྱུང་ན། དེ་མིན་ཡི་གེ་འདྲ་ཆགས་པོ་དང༌། སྐད་ཆ་

ཡིན་མདོག་ཁ་པོར་ང་ཡིད་ཆེས་རྩ་བ་ནས་མེད། ཁྱེད་ཚོས་ ‘ ྋརྒྱལ་བ་རིན་ པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པ་ ’ཞེས་རྟག་པར་གསུང་གི་འདུག སྤྱི་དོན་ལ་ 80


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཕན་ཐོགས་ཡོད་ན་ངེས་པར་དུ་སྡོད་དགོས། རང་ལ་སྐྱེ་འཆིའི་རང་དབང་མེད་

ཀྱང༌།

བོད་མི་མང་དང་ལས་འབྲེལ་ཡོད་པའི་དབང་གིས་ལོ་བརྒྱད་ཅུ་དགུ་

བཅུ་འདྲ་འཚོ་ཐུབ། ལོ་ཁྲི་ཕྲག་ཟེར་བ་ནི་གང་ཤེས། སྤྱི་དོན་ལ་ཕན་ཐོགས་པ་

མེད་ན་ང་བསྡད་པས་དགོས་པ་ཅི་ཡོད། སྡོད་ཀྱང་མི་ཐུབ། ད་ཕན་ཁྱེད་ཚོས་

ྋརྒྱལ་བ་རིན་པོ་ཆེ་ཤི་མི་ཆོག ང་ཚོའི་ལས་ཀ་ང་ཚོ་རང་རང་གི་འདོད་མོས་

ལྟར་བྱེད་ཀྱི་ཡིན། ང་ཚོས་ཁྱོད་ཀྱི་འདོད་པ་ཇི་བཞིན་བྱེད་མི་ཐུབ་གསུང་བ་ལྟ་ བུར་གོ་རྟོགས་ཡོང་གི་འདུག གཅིག་བྱས་ན་ལོ་སུམ་ཅུ་ཙམ་སྡོད་ཤས་ཆེ། དེ་ ནས་ཇི་བྱེད་མི་ཤེས།

གང་ལྟར་ཚེ་ཕྱི་མ་ཞེས་པ་ནི་ཐག་ཧ་ཅང་གི་རིང་པོ་

མིན། སྙིང་པོ་ཁྱེད་ཚོས་ཞལ་ནས་གང་གསུངས་པ་རྣམས་ཕྱག་ལེན་དུ་འཁེལ་

བ་ཞིག་ངེས་པར་དུ་གནང་དགོས། འདི་བྱེད་པ་ལ་ཁག་པོ་ལོས་ཡོད། སྤྱི་དོན་

རླབས་ཆེ་ཙམ་ཞིག་སྒྲུབ་པ་ལ་དེ་རྩིས་ཀྱི་དཀའ་ངལ་ཆེ་བ་ལོས་ཡོད། ཡིན་ན་

ཡང་ཚང་མས་དཀའ་ངལ་ཁྱད་དུ་བསད་དེ་ལས་དོན་ངོ་མའི་ཐོག་ཁ་ཞེ་གཉིས་ མེད་ཀྱི་འབད་བརྩོན་ངེས་པར་གནང་དགོས། བདེ་སྡུག་བཟང་ངན་གང་བྱུང་

ཡང་རང་རང་གི་བློ་སེམས་ལ་འགྱུར་ལྡོག་མེད་པའི་ཁུར་བརྩོན་ཆེན་པོ་ཞིག་ གནང་ཐུབ་ན་དེ་ནི་ང་ཚོའི་མཐུན་རྐྱེན་བཟང་ཤོས་ཤིག་ཡིན། ངོས་ལ་བརྟན་ བཞུགས་ཟེར་ཡང་རུང༌། ངོས་ལ་སེམས་གསོ་ཟེར་ཡང་རུང༌། སྤྱི་དོན་བསྒྲུབ་

བྱ་ཚགས་སུ་ཚུད་པ་ཞིག་བྱུང་ན་དེ་གས་འགྲིགས། དེ་མིན་ང་རང་ཚོའི་བསམ་

ཕྱོགས་དང༌། གནས་ཚུལ་ཁག་ཁག་ཅིག་རང་ཆགས་འདུག་པས་ཇི་བྱེད་ཁྱེད་

ཚོ་སོ་སོས་དགོངས་པ་བཞེས་རོགས། དོན་དག་གསལ་པོ་མཁྱེན་སོང་ངམ།”

(མཚམས་དེར་སྲིད་ཚབ་བདེ་མཁར་བ་ནས་སྙན་སེང་ཞིག་གནང་བར།)

དེ་འཕྲལ་

ྋགོང་ས་མཆོག་ནས། “ ཡང་མ་སུ་རིར་གསུངས་པ་དེ་ལྡབ་སྐྱོར་སྐྱོན་གྱི་

ཡོད་དམ། དཔེ་ཆ་ནང་བཞིན་ཐུགས་ལ་བཟུང་ནས་སྐྱོར་སྦྱང་གནང་གི་ཡོད་ དམ།” ཞེས་བཀའ་གནང༌།

81


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

(དགེ་ལུགས་སྤྱི་འཐུས་སེར་སྨད་སྤྱི་ཟུར་བློ་བཟང་རྣམ་རྒྱལ་ནས།

“ད་ནས་

བཟུང་ཚང་མས་བཀའ་བསྟུན་ྋཞབས་འདེགས་ཞུ་རྒྱུ་རང་ཡིན། ད་ལམ་འོ ས་འཆར་འབུལ་

ཕྱོགས་སྐོར་རྒྱུས་མངའ་མེད་པའི་རྐྱེན་གྱིས་བསྡེབས་འབུལ་ཞུ་དགོས་བྱུང་”སོགས་ཞུས་

བའི་མུར་དབུས་གཙང་སྤྱི་འཐུས་གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ་ནས། “ ད་

ཕན་སྐུ་ངོ་རྣམ་པའི་བར་ལ་སྐད་ཆ་མང་པོ་ཡོད་པ་དེ་དག་དཀྲོག་གཏམ་ཆེད་བཟོས་ཡིན་པ་

དང༌། ཤོག་ཁག་འཐེན་འཁྱེར་མེད་ངེས་ཚོགས་འདུའི་ཐོག་དོ་བདག་སོ་སོས་ཞལ་བསང་

བྱུང་བ་དང༌། དེ་བཞིན་ཕྱིན་ཆད་སྐུ་ངོ་རྣམ་པས་བསྟན་སྲིད་སྤྱི་དོན་ཆེ་ཕྲར་ཐུགས་ཁུར་ཆེ་

བཞེ ས ་གནང་རྒྱུའི ་ དབུ་མནའ་འགན་བཞེ ས ་བྱུང་བས་ཡི ད ་བཞི ན ་ནོ ར ་བུ་མཆོ ག ་ལྷ་

དགོངས་གསལ་དྭངས་ཡོང་བ་དང༌། སླད་ཀྱི་བསྟན་སྲིད་ྋཞབས་འདེགས་ཞུ་སྒོ་འགྲིགས་ མིན་བྱུང་ན་རྟོག་ཞིབ་ཀྱིས་འཕྲལ་འཕྲལ་སྐྱོན་སེལ་ཞུ་རྒྱུ་ཡིན་ལགས།”

ཞེས་དང༌།

“མཉམ་འབྲེལ་རྒྱལ་ཚོགས་སུ་སྐུ་ཚབ་ཕེབས་དགོས་ཁ་ཚ་དུས་གཏུགས་ལ་སྐབས་བབས་ ལས་སྐལ་སུ་ཡོད་འཕྲལ་གཏོང་ཡེ་ཤེས་དབྱིངས་དཔྱད་ཞུ་རྒྱུ་” ཞེས་ཞུས་མཚམས་དེར་ བཀའ་བློན་ཟུར་ཁང་ནས།

“གུས་ཚོ་རང་ཉིད་ནས་འགལ་འཛོལ་བྱུང་འདུག་པས་ཡིད་

བཞིན་ནོར་བུ་ལྷ་དགོངས་དྭངས་བ་ཞིག་ཐུགས་རྗེས་གཟིགས།

ཕྱིས་འབྱུང་ཞུ་བྱའི་ཐད་

རང་ནུས་གང་ཐོན་ལྷག་བསམ་རྣམ་དག་ཞུས་ཆོག་པ་”ཞེས་ཞུས། )

ྋགོ ང ་ས་མཆོ ག ་ནས་“ཟུར་ཁང་གི ས ་གསུངས་པ་དེ ་ ལ་ལན་

འདེབས་ཞུ་རྒྱུ་ཁག་པོ་རེད། གཞན་དག་འཐུས་མི་ཚོ་ང་ལ་ལབ་རྒྱུ་གང་ཡོད་

དམ།” ཞེས་བཀའ་འདྲི་གནང༌། (དེ་འཕྲལ་ཟུར་ཁང་ནས།“ རྒྱལ་ཚོགས་སུ་སྐུ་ཚབ་

འཕར་མ་ཕེབས་དགོས་སྐོར་ཆོས་ལུགས་ཁག་དང༌། ཆོལ་ཁ་གསུམ་གྱི་མི་མང་འཐུས་མིའི་

ཁོངས་ནས་ཇི་དགོས། ཡང་ན་མི་མང་རང་ཁུངས་ནས་ཇི་དགོས་སོགས་ྋགོང་ས་མཆོག་ ནས་དགོངས་བཞེས་ཀྱིས་ཐུགས་ཐག་གཅོད་གནང་ཞུ་རྒྱུ། ད་ཆ་དུས་ལ་གཏུགས་འདུག”)

ཅེས་ཞུས་དེར་ྋགོང་ས་མཆོག་ནས། “ད་འཕྱིས་དྲགས་པ་རེད། ཁ་སང་ནས་

སྣེའུ་ཤར་ལ་ལྕག་ཙམ་བྱས་ན་དགའ་ཞེས་བཤད་པ་ཡིན། ངའི་སེམས་སུ་བུད་ 82


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

མེད་ཅིག་བྱུང་ན་ཡག་པོ་རེད།

ཕྲེང་རིང་ལྷ་ལྕམ་དེང་སང་ལོན་ཊོན་དུ་ཡོད་

ཐོག་དེ་ནས་འགྲོ་ཐུབ་ན་ཡག་པོ་མིན་ནམ་སྙམ།

མི་མང་བས་དགོས་པ་མི་

འདུག འོན་ཀྱང་ད་དུང་ཇི་དགའ་ཁྱེད་ཚོས་དགོངས་པ་བཞེས་རོགས། ངས་ མཐའ་གཅིག་ཏུ་འདི་ཡིན་ཞུ་འཚམས་མི་འདུག ”ཅེས་བཀའ་གནང༌།

(མཚམས་དེར་སྐལ་དགྲམ་ནས། “སྒང་ཏོག་མི་མང་ནས་རྒྱལ་ཚོགས་སུ་སྙན་

སྐུལ་ཞུ་རྒྱུ་རྗེས་ལུས་སུ་མ་སོང་བ་ཞིག་དང༌། མི་མང་ནས་རྒྱབ་སྐྱོར་དང་བསང་གསོལ་ཞུ་ རྒྱུ་སོགས་འཕྱུགས་མེད་ཞུ་གི་ཡིན་ཟེར་གྱི་འདུག ”ཅེས་ཞུས།) ྋགོང་ས་མཆོག་

ནས། “སྐབས་བབས་འཕྲལ་སེལ་གྱི་རིམ་གྲོ་འདྲ་ཞིག་རེད། རྩ་བའི་བསྒྲུབ་ བྱའི་སྐོར་ལ་ཁྱོད་ཚོས་བསམ་བློ་ཟབ་ནན་གཏོང་དགོས།

བྱེད་སྒོ་གཏན་

འཁེ ལ ་ཟི ན ་མཚམས་ལས་བྱེ ད ་རྒན་གཞོ ན ་མཉམ་རུབ་ཀྱི ་ ཐོ ག ་ནས་རྩ་བའི ་

ལས་དོན་ཚགས་སུ་ཚུད་ཐབས་ཤིག་བྱེད་ཐུབ་ན་ལེགས། རིམ་པས་མི་མང་ བྱིངས་ཁོངས་ནས་ཀྱང་ལས་འགན་ཁུར་ཐུབ་ན་ཡག་པོ་རེད། ད་རེས་འདིར་

ཁྱོད་ཚོ་མི་མང་འཐུས་མི་གྲོས་ཚོགས་ཐེངས་དང་པོ་འཚོགས། འཐུས་མི་ཚང་ མས་ཀླད་པ་དཀྲུག་སྟེ་བསམ་བློ་བཏང་བ་དེ་ཡག་པོ་བྱུང༌། ད་དུང་མུ་མཐུད་

ཉམས་མྱོང་གསོག་དགོས། མུ་མཐུད་སྲིད་དོན་ལ་གོམས་འདྲིས་ཡོང་ཐབས་

བྱས་ཏེ ་ འཛམ་གླི ང ་སྤྱི འི ་ འགྲོ་ལུགས་བཟང་པོ ་ དང་མཐུན་པའི ་ རང་རེ ་ བོ ད ་

གཞུང་མཚན་ཉིད་ཚང་བ་ཞིག་ཆགས་ཐུབ་པ་བྱེད་དགོས། ཁྱོད་ཚོས་ཕྱི་ནང་

གང་སར་དོ་སྣང་ཆེན་པོ་བྱེད་པ་དང༌། བློ་སྟོབས་ཆེ་བསྐྱེད་བྱས་ནས་རང་བློས་

གནད་དོན་ངོས་འཛིན་ཐུབ་པ་ཞིག་ངེས་པར་དུ་བྱེད་དགོས། ད་རེས་ཚོགས་ འདུ་གྲོལ་ནས་འགའ་ཤས་འདིར་སྡོད་དགོས་པ་དང༌། འགའ་ཤས་གཞན་དུ་ འགྲོ་དགོས་ཡོང་གི་རེད། ཁྱེད་ཚོ་གང་དུ་གནས་ཀྱང་བསམ་མེད་ལྷོད་གཡེང་

མ་བསྡད་པར་རྟག་ཏུ་སྤྱི ་ དོ ན ་རང་ལ་བསམ་ནས་དོ ་ ཁུར་ཆེ ་ བསྐྱེད་ཀྱི ས ་མི ་

མང་འཐུས་མིའི་གོ་ཆོད་པ་ཞིག་བྱེད་དགོས། ཡང་ལོ་རེ་གཉིས་ནས་མི་མང་ 83


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྤྱི་འཐུས་གྲངས་འབོར་སྤར་དགོས་ཡོད་མིན་སྐབས་བབས་གནས་ཚུལ་དང་ བསྟུན་པའི་བསམ་བློ་གཏོང་དགོས། ངོས་ནས་གནས་ཚུལ་མང་པོ་ཞིག་གོ་ ཐོས་དང༌། དངོས་མཐོང་མྱོང་རྟོགས་བྱུང་བ་འདིའི་སྐོར་ཚང་མར་གསལ་པོར་

ཤོད་འདོད་ནི་སྔ་ས་ནས་ཡོད། འོན་ཀྱང་དུས་སྐབས་རན་པ་ཞིག་གཏན་ནས་

རྙེད་མ་བྱུང༌། སྔོན་དུ་ཌ་ལ་ཧའོ་སེར་ལས་བྱེད་དང༌། མི་མང་སེར་སྐྱ་མང་ཙམ་ ཞིག་འཛོམས་ཐོག་ཏུ་སྐབས་སྦྱར་ཤོད་འོས་གང་འཚམས་ཤིག་གསལ་པོར་

བཤད་ཡོད། འདི་ཐད་ལ་ཁྱེད་རང་འཐུས་མི་ཚོ་བསམ་འཆར་གང་ཡོད་དམ།

བཀའ་ཤག་ནས་དེ་སྐོར་ཕྱི་བསྒྲགས་སུ་གྱུར་ན་རྒྱ་མིས་དེ་ལ་བེད་སྤྱོད་ཀྱིས་

དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་དང༌། བོད་ནང་ཁུལ་མི་མང་ལ་སེམས་ཁྲལ་ བཟོ་རྒྱུ་སོགས་ཀྱི་དགོངས་འཆར་གསུངས་པ་འདི་ཡག་པོ་རེད། ཐུགས་ཁུར་

བཞེས་པའི་བཀའ་མོལ་རེད། ཡིན་ན་ཡང་ངོས་ཀྱི་སེམས་སུ་དོན་ལ་སྐྱོན་ཨེ་ ཡོད་བསམ།

གལ་ཏེ་རྒྱ་མིས་ངས་བཤད་པ་དེ་ལ་སྒྲོ་བཏགས་ནས་དྲིལ་

བསྒྲགས་བྱས་པ་ཡིན་ན་རྒྱ་ཕྱོགས་སུ་དགའ་བ་རྣམས་ཀྱིས་ནི་རྒྱ་མིས་རྫུན་

གཏམ་བརྗོད་ཀྱང་ཡིད་ཆེས་བྱེད་པར་ཐག་ཉེ།

རྒྱ་ཕྱོགས་སུ་མི་དགའ་བ་

རྣམས་ཀྱིས་ནི་དོན་ལ་བརྟགས་པ་ལས། རྫུན་པའི་དཀྲོག་གཏམ་ལ་ཡིད་ཆེས་ མི་བྱེད།

འཛམ་གླིང་ནང་རྒྱ་དམར་ཕྱོགས་སུ་དགའ་བའི་མི་མང་ཇི་ཡོད་ཚང་

མས་ཤེས་གསལ་རེད། ང་ཚོའི་བསམ་ཚུལ་དང༌། དགེ་སྐྱོན་སྦས་གསང་མེད་

པར་གསལ་པོར་སྟོན་ཐུབ་ན་འཛམ་གླིང་ནང་གཟུ་བོར་གནས་པའི་རྒྱ་ཆེའི་མི་

མང་རྣམས་ཀྱིས་བོད་མིའི་སེམས་ཤུགས་དང༌།

འཕྲལ་ཕུགས་ཀྱི་རེ་དོན་

བསམ་ཚུལ་ཇི་ཡོད་དངོས་སུ་གསལ་པོར་རྟོགས་ཏེ་གཞི་ནས་ང་ཚོར་སེམས་

མཐུན་གྱི ་ རྒྱབ་སྐྱོར་རོ ག ས་རམ་སྔར་ལས་ཤུགས་ཆེ ར ་འགྲོ་ཐུབ་ཀྱི ་ རེ ད ་ བསམ་པ་འདུག ལྷག་པར་ང་ཚོས་རྗེས་ལུས་ལུགས་རྙིང་ཇི་ཡོད་རང་ངོ་འཕྲོད་ 84


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

པའི་སྒོ་ནས་བོད་རྒྱལ་ཁབ་རང་བཙན་ཐོབ་ཐབས་དང༌།

བོད་རིགས་རང་

དབང་རང་མགོ་ཐོན་ཐབས་ཇི་ལྟར་བྱེད་དགོས་ཕུགས་རྒྱང་རིང་པོའི་བསམ་

གཞི་གསལ་བར་སྟོན་ཐུབ་ན།

ང་ཚོས་རྒྱ་དམར་ལ་ངོ་རྒོལ་བྱེད་པ་འདི་ནི་

བོད་ཀྱི་ལུགས་རྙིང་ཞེན་ཆགས་བྱས་པ་མིན་ངེས་དང༌། བོད་མིས་རང་རིགས་

དང༌། རང་ཡུལ། ཆོས་ལུགས་སོགས་ཀྱི་ཐོབ་ཐང་དང་རང་དབང་གི་དོན་དུ་རྒྱ་ དམར་ལ་ངོ་རྒོལ་འཐབ་རྩོད་བྱས་པ་གསལ་པོར་ར་འཕྲོད་ཐུབ་པ་ཡིན།

ང་

ཚོ ས་ཐབས་བྱུས་འདི་ མ་རྩར་བཟུང་བའི་ བྱེ ད་ཕྱོགས་ལག་ལེ ན ་དུ་བསྟར་བ་

འདི་ནི་གཞན་དག་ནས་བོད་ཕྱོགས་སུ་མཐོང་ཚུལ་ངན་པ་ཡོད་རིགས་སེལ་

ཐུབ་པ་དང༌།

འཛམ་གླིང་མི་མང་མང་ཆེ་བས་བོད་ཀྱི་བདེན་པའི་ངོ་བོ་དེ་

གསལ་པོར་མཐོང་ནས་བོད་དོན་ལ་དོ་སྣང་ཆེན་པོ་བྱེད་རྒྱུར་ཕན་ཐོགས་ཡོད་ པའི་དོན་གནད་གལ་ཆེ་ཞིག་ཡིན་པར་བསམ་གྱི་འདུག

ཌ་ལ་ཧའོ་ སེ ར ་གང་བཤད་ཕྱོ ག ས་བསྒྲི ག ས་དཔེ ་ དེ བ ་བཟོ ས ་པ་དེ ་

དག་བོད་མི་སྡོད་སྒར་ཁག་ལ་འགྲེམས་སྤེལ་བྱས་ན་བོད་མིའི་སེམས་དོགས་

སྣ་ཚོགས་ཤིག་སེལ་ཐུབ་པ་མ་ཟད། ཁོང་ཚོས་འདི་ལ་བརྟེན་ནས་བསམ་རྒྱ་

བསྐྱེད་རྒྱུ་སོགས་བློའི་སྒོ་ཡངས་པོར་ཕྱེ་ཐུབ་པའི་རེ་བ་ཡོད། བོད་མི་ཚོས་ དཔེ ་ དེ བ ་དེ ་ ལ་དོ ་ སྣང་ཆེ ན ་པོ ས ་ཀློ ག ་སྦྱོ ང ་བྱས་ན་ཡག་པོ ་ རེ ད ་བསམ་པ་ འདུག

ཐུབ་བསྟན་བཟང་པོ་ཁོ་ཚོས་ཡི་གེ་མང་པོ་ཞིག་བྲིས་འདུག་པར་

གསར་དུ་ལན་འདེབས་ཀྱི་དགོས་པ་མི་འདུག ཌ་ལ་ཧའོ་སེར་བཤད་པ་དེའི་ ནང་ལ་རྩ་དོན་ཕལ་ཆེར་འཁོད་ཡོད།

གཞི་ནས་ཐུབ་བཟང་ཁོ་ཚོའི་སྐོར་ལ་

འཐུས་མི་ཚོས་ག་རེ་བསམ་བྱུང༌། སྡོད་སྒར་ཁག་ནས་འདི་སྐོར་ྋསྙན་འབུལ་

ཞུ་མི ་ འབྱོ ར ་རི ག ས་ཚང་མར་ཧ་ལས་ཡ་མཚན་གྱི ས ་འདྲོགས་དགོ ས ་མི ་ འདུག

སྤྱིར་བོད་འདི་འཛམ་གླིང་ནང་གནས་ཡོད་པ་དང༌། ཡང་སྒོས་རང་རེ་ 85


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དེང་སང་རྒྱ་གར་རང་དབང་གི་ཡུལ་དུ་སླེབས་ཡོད་པ་བཅས་གནས་ཚུལ་འདི་

འདྲ་བྱུང་དང་ཡོང་རྒྱུར་ཁྱད་མཚར་རྒྱུ་ཅི་ཡོད། དཔེར་ན། རྒྱ་གར་གཞུང་ལ་

རྒྱ་གར་ནང་ཁུལ་ཤོག་ཁག་གཞན་དག་ནས་ངོ་རྒོལ་བྱེད་པ་དང༌། དེ་ཡང་སྒྲིག་ འཛུགས་དང་འཆར་གཞི་ལྡན་པའི་སྒོ་ནས་རྩོད་པ་ཤུགས་ཆེ་བྱས་ཀྱང༌། རྩ་བ་

དབུས་གཞུང་ཨ་མ་ཕྲ་ཚུགས་གཞི་བརྟན་ཚགས་ཚུད་ཀྱི་ཐོག་ལ། མི་མང་མང་ ཆེ་བས་རྒྱབ་སྐྱོར་ཡོད་སྟབས་སྐྱོན་འཛུགས་ཇི་ཙམ་བྱུང་བ་དེ་ཙམ་དུ་གཞུང་

གི་སྲིད་བྱུས་ལ་ཕན་པ་ལས། གནོད་པའི་ཉེས་སྐྱོན་ཡོང་དོགས་མེད་པ་ལྟར་ད་

ལམ་གྱི་གནས་ཚུལ་ཕྲ་མོ་འདི་ཙམ་ལ་ང་ཚོས་འདྲོགས་དགོས་གང་ཡང་མི་

འདུག མི་རེར་བསམ་བློ་རེ་ངེས་པར་ཡོད་དགོས།

དོ ན ་དམ་པར་ང་ཚོ ས ་བོ ད ་གཞུང་འདི ་ མི ང ་དང་དོ ན ་མཚུངས་པའི ་

གཞུང་ཚགས་ཚུད་པོ་ཞིག་ཆགས་ཐུབ་ཐབས་བྱེད་དགོས།

ཡང༌ཁྱོད་ཚོས་

ཐུབ་བསྟན་བཟང་པོ་ཁོ་ཚོས་གང་བྱས་ཚང་མ་ནོར་འཁྲུལ་དུ་ལྟ་བ་དང༌། ངས་

གང་བྱས་ཐམས་ཅད་མཐའ་གཅི ག ་ཏུ་ཡང་དག་པར་ངོ ས ་འཛི ན ་བྱས་ན་མི ་ འགྲིགས། དཔེར་ན། བཅོམ་ལྡན་འདས་ཀྱིས་ཀྱང༌། དགེ་སློང་དག་གམ་མཁས་

རྣམས་ཀྱིས།

བསྲེགས་བཅད་བརྡར་བའི་གསེར་བཞིན་དུ།

ལེགས་པར་

བརྟགས་ལ་ང་ཡི་བཀའ། བླང་བར་བྱ་ཡི་གུས་ཕྱིར་མིན། ཞེས་གསུངས་པ་

བཞིན་གང་དང་གང་ཡིན་ཡང་དག་དང་མ་དག་གི་རྣམ་དབྱེ་ངེས་པར་གཅོད་ དགོས། ཐུབ་བསྟན་བཟང་པོ་ཁོ་ཚོས་རྒྱ་དམར་ལ་བོད་རང་དབང་རང་བཙན་

གྱི་དོན་དུ་ངོ་རྒོལ་བྱས་ཏེ་རྒྱ་གར་ཕྱོགས་སུ་བྲོས་ཡོང༌། འདིར་བོད་རང་གི་

ཐོ བ ་ཐང་དང་དབང་ཆ་ཡོ ད ་རི ག ས་གཞན་ལ་སྤྲོ ད ་པའི ་ བྱེ ད ་སྟངས་འདི ་ ཡ་ མཚན་པོ་ཞིག་རེད། རྒྱ་གར་གཞུང་ནས་ང་ཚོ་བཙན་བྱོལ་བ་རྣམས་ལ་རོགས་ རམ་གནང་དགོས་པའི་འོས་བབས་དང་འགན་ཁུར་ཡོད་པ་ལྟར་སྐྱབས་འཇུག་

གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང༌།

86

བོད་ཀྱི་གནད་དོན་ཐད་ལ་བཀོད་པ་


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

གཏོང་བའི་རིགས་ང་ཚོས་ལགས་སོ་ཞུ་ཐུབ་ཀྱི་མ་རེད། ཐུབ་བཟང་ཁོ་ཚོས་ རང་གི་དབང་ཆ་མི་ལ་སྤྲོད་པ་འདི་དངོས་གནས་ཁྱད་མཚར་པོ་ཞིག་རེད།

དེ་ནས་ཡང༌། མཉམ་འབྲེལ་རྒྱལ་ཚོགས་སུ་ཕུལ་བའི་བོད་དོན་སྙན་

ཞུའི་སྐོར་ལ་ཁོ་ཚོས་མགོ་མ་འཚོས་པའི་སྐྱོན་འཛུགས་བྱས་འདུག སྙན་ཞུ་ འདི ་ རྒྱལ་ཚོ ག ས་སུ་ཕྱི ་ རྒྱལ་སྐུ་ཚབ་མང་འཛོ མ ས་ཐོ ག ་འབུལ་དགོ ས ་པར་

བརྟེན་ཨིན་ཇིའི་ཡི་གེའི་འགྲོ་ལུགས་གཞིར་བཞག་གིས་བཟོས། ནང་ཁུལ་གོ་

བསྡུར་བྱས། དེ་ནས་བོད་ཡིག་ཏུ་བསྒྱུར་བ་ཞིག་རེད། རྒྱལ་ཚོགས་ཚོགས་

ཆེན་ཐོག་དམར་པོའི་ཕྱོགས་གཏོགས་ཉུང་ཤས་ཤིག་གིས་མ་གཏོགས། དེ་

མིན་རྒྱལ་ཁབ་ཁག་ཚང་མའི་སྐུ་ཚབ་ནས་སྙན་ཞུ་དེ་ལ་ངོ་རྒོལ་མེད་པ་དང༌།

ཕྱི ་ རྒྱལ་མི ་ མང་མང་ཆེ ་ བས་ཀྱང་དེ ་ ལ་རྒྱབ་སྐྱོར་ཡོ ད ་བཞི ན ་དུ་བོ ད ་མི ་ རེ ་ ཟུང་གིས་སྐྱོན་བརྗོད་བྱེད་པ་འདི་ཡང་ཡ་མཚན་པོ་ཞིག་རེད། ཁོ་ཚོའི་ཡི་གེའི་ ནང་འདི་དང་འདི་འདྲའི་མགོ་མ་འཚོས་པའི་གནས་ལུགས་མང་པོ་འདུག དེ་

བཞིན་ཁོ་ཚོས་ལས་བྱེད་འགོ་བྱིངས་རྩ་བརྗེས་ཀྱི་འཆར་གཞིའི་ནང་ངའི་ཇོ་ ལགས་གསུམ་དང༌། ཨ་ཅག་ལགས། མདའ་དཔོན་བཅས་ཚང་མ་འགོ་བྱེད་ཀྱི་ གྲས་སུ་མིང་བཀོད་འདུག་པ་འདི་ནི་ངོ་དགའ་སྤྲེལ་ལད་བྱེད་སྟངས་ཤིག་རེད།

གཞི་ནས་ཁོ་ཚོ་མི་བཞི་ལྔས་ལས་བྱེད་གསར་པའི་འཆར་གཞི་འགོད་ཤེས་

སྟངས་མེད་ལ། ངོས་ཀྱང་འདི་ལ་འདོད་བབས་མེད། ལས་བྱེད་གསར་བརྗེ་

དེའི་ནང་གི་མི་ལའང་ལེགས་ཉེས་སྣ་ཚོགས་ཤིག་འདུག ཁོ་ཚོས་ཡི་གེ་མང་

པོ་འདི་ཙམ་བྲིས་ཏེ་དཀའ་ལས་རྒྱག་སྟངས་ལ་བལྟས་ན་སྤྱི་དོན་ལ་བསམ་པ་ ཟོལ་མེད་ཀྱིས་བཤད་པ་ཞིག་འདྲ། འོན་ཀྱང་རྩ་དོན་ཇི་ཡིན་མི་ཤེས། བྱེད་

སྟངས་ནི་ནོར་འཁྲུལ་ཧ་ཅང་གི་ཆེན་པོ་ཞིག་རེད། འགའ་རེས་ཁོ་ཚོ་བོད་མིའི་ ཁོངས་ནས་འབུད་དགོས་ཟེར་ཡང༌། དོན་ལ་འགལ་འཛོལ་བྱུང་བར་ངོ་རྒོལ་

དང༌། དྲང་པོའི་སྐྱོན་འཛུགས་རྣམས་ངོས་ལེན། ལེགས་ཆ་ཡོད་རིགས་དང་ 87


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལེན་སོགས་རྣམ་དབྱེ་ཆོད་པོ་ཞིག་བྱེད་དགོས།

དོན་མེད་གང་བྱུང་དོགས་

འདྲོགས་དང༌། སེམས་ཕམ། ཞེད་སྣང་རིགས་བྱེད་མི་རུང་ཞེས་བཤད་པ་ཡིན། དེ་བཞིན་ཁྱེད་ཚོའི་ཐུགས་ལ་འཇོག་གནང༌།

ང་ཚོས་སྐད་ཆ་མང་པོ་ཞིག་ཡང་ནས་ཡང་དུ་ཤོད་དགོས་པའི་དོན་

དག་སྙིང་པོ་ནི། རྩ་བ་རང་རེ་བོད་གཞུང་འདི་དུས་བསྟུན་གཞུང་གི་མཚན་ཉིད་

ཚང་ཞིང༌། ཚགས་ཚུད་ཕྲ་ཚུགས་པོ་ཞིག་ཆགས་ནས་འཛམ་གླིང་རྒྱལ་ཁབ་ ཁག་གིས་ཁས་ལེན་ཐུབ་པ་ཞིག་བྱུང་ན། རྒྱ་གར་དང༌། བོད་ནང་ཁུལ་བཅས་ ལ་བོད་ཀྱི་བསྟན་སྲིད་སྤྱི་དོན་སྒྲུབ་རྒྱུར་ཁྱད་གནད་ཆེན་པོ་ཡོད་པར་བརྟེན།

གཞུང་གི་སྒྲིག་འཛུགས་བརྟན་པོ་ཡག་པོ་ཞིག་ཡོང་ཐབས་སུ་ད་རེས་ཁྱེད་ཚོ་

འདི་གར་བསྡུ་འཛོམས་བྱས་པ་རེད། དེ་དོན་ད་ལྟ་ཚང་མ་ཧུར་མདོག་ཁ་པོ་

འདུག ཡིན་ནའང་ཟླ་བ་རེ་གཉིས་སོང་རྗེས་རྩེད་མོ་རྩེད་མཁན་ལྟ་བུར་མ་སོང་

བ་བྱེད་དགོས། ཕྲུ་གུ་ཇི་བཞིན་རྔན་པ་བྱུང་དུས་དགའ་མདོག་ཧུར་མདོག་བྱེད་ པ་དང༌། རྔན་པ་མེད་དུས་འཁྲིས་ལ་མི་འཁོར་བ་དེ་འདྲ་མིན་པའི་གཟབ་གཟབ་

ངེས་པར་བྱེད་དགོས།

ད་ནི་ཚང་མས་རྩ་བ་བསྟན་སྲིད་སྤྱི་དོན་ལ་ཐུག་པར་བསམ་པའི་ཏན་

ཏན་ཞིག་མ་བྱས་ན། ངས་ནི་ཉེན་ཁ་ཧ་ཅང་ཆེན་པོ་མཐོང་གི་འདུག”(1) ་ཅེས་

པའི་བཀའ་སློབ་ཁག་ཅིག་ནན་ཏན་གྱི་སྒོ་ནས་ཕེབས་འདུག་པར་གཞིགས་ན་

ཆགས་འཇི ག ་དང་གཉན་འཕྲང་ཆེ ་ བའི ་ དུས་སྐབས་དེ ར ་བོ ད ་སྤྱི འི ་ འབྱུང་

འགྱུར་བྱ་གཞག་འཕེ ལ ་འགྲིབ་ཐད་གཞི ་ རྒྱ་ཆེ ན ་པོ འི ་ བསམ་གཞི ག ས་མ་

འཁོར་བར་སྒེར་གྱི་ཁེ་གྲགས་དོན་གཉེར་འབའ་ཞིག་གི་ཆེད། ནང་ཁུལ་རྩོད་

1 བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་དུ་བསྐྲུན་པའི་སྲིད་ཞིའི་རྣམ་འདྲེན་ ༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཁག་དང་། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་བའི་བཀའ་སློབ་ཕྱོགས་བསྡེབས། པོད་དང་པོའི་ཤོག་གྲངས་ ༡༩ པ་ནས་ ༣༣ བར་གསལ།

88


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

རྙོ ག་འཐེན་འཁྱེར་བྱེད་མཁན་རེ་ཟུང་ལོ་རྒྱུས་ཀྱི་ཆོས་ཉིད་ལྟ་བུར་བྱུང་ཡོད་

ལ། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ཇི་བཞིན་ ཤར་བསྐྱོད་མ་ཐུབ་པར་ལོ་ཤས་རིང་སྤྱི་དོན་ཐོག་འཐུས་ཤོར་ཤུགས་ཆེ་བྱུང་

བའི་རྣམ་པའང་གསལ་པོར་མངོན། འོན་ཀྱང་། ༸གོང་ས་༸སྐྱབས་མགོན་ཏཱ་ ལའི་བླ་མ་མཆོག་གི་ལྷད་མེད་ཐུགས་རྗེ་གཟི་བྱིན་དང་།

མཐའ་ཀླས་པའི་

མཁྱེན་དཔྱོ ད ་ལ་བརྟེན་ནས་འཛམ་གླི ང ་ས་ཁག་གཞན་ལྟ་བུའི ་ མང་གཙོ འི ་ འཐབ་རྩོ ད ་ཀྱི ་ ཡོ ་ ལང་ཆེ ན ་པོ འི ་ ཟུར་ཙམ་ཡང་བརྒྱུད་དགོ ས ་བྱུང་མེ ད ་པར་

དུས་བདེ ་ གནས་འཇམ་ངང་ཚོ ག ས་ཆེ ན ་དེ ་ མཇུག་སྐྱོང་གནང་འདུག་པ་མ་

ཟད། གོང་གསལ་ཚོགས་འདུའི་ཐོག་ཐག་གཅོད་གནང་གསལ་ལ། བོད་མི་

མང་སྤྱི ་ འཐུས་རྣམས་འཆར་ཅན་ཟླ་རེ ར ་ལྷན་ཚོ ག ས་ཐེ ང ས་གཉི ས ་དང༌། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང༌། རྒྱུས་མངའ་ཤེས་རྟོགས་དང༌།

སྔ་འཕྲོས་ལས་དོན་

ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་

འཐུས་མི འི ་ ངོ ་ བོ འི ་ ཐོ ག ་ནས་མཉམ་ཞུགས་གནང་རྒྱུ་སོ ག ས་ཀྱི ་ གྲོས་ཆོ ད ་

དང༌། འཆར་གཞི་ཁག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གསེར་སྙན་སྒྲོན་ འབུལ་ཞུས་པར་ཆོག་མཆན་ཕྱག་རྟགས་སྩལ།

ཕྱི ན ་ཆད་གཞུང་གི ་ སྲི ་ ཞུའི ་ ལས་བྱེ ད ་ཕ་བརྒྱུད་བུ་འཛི ན ་ལྟ་བུ་མ་

ཡིན་པར་རང་གི་ལྷག་བསམ་དང་ཤེས་ཡོན་གནས་ཚད་ཆ་རྐྱེན་ཚང་ན་ལུང་

ཚན་དང༌།

ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་

སོགས་ཀྱི་སྒྲིག་འཛུགས་དང༌། ལས་བྱེད་བཀོད་སྒྲིག་ལེགས་བཅོས་གནང་ བའི་གནས་ལུགས་བོད་མིའི་སྡོད་སྒར་ཡོངས་ལ་དྲིལ་བསྒྲགས་གནང༌།

དེ་ཡང་ཕྱི་ལོ་ ༡༩༦༠ ཟླ་ ༡༠ ཚེས་ ༤ ཉིན་བཀའ་ཤག་ནས་བཀའ་

རྒྱ་བསྩལ་པ་ལྟར། “ ཐོ་དོན། རང་རེ་བོད་སྤྱིའི་འཕྲལ་ཡུན་བདེ་དོན་སྒྲུབ་

ཕྱོ ག ས་སྔ་ལོ ་ མ་སུ་རི ར ་རྒྱལ་བློན་བཀའ་གྲོས་ཀྱི ས ་ལས་ཁུངས་ཁག་བཞི ་ 89


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གསར་འཛུགས་བསྐྱངས་དོ ན ་ཁུངས་སོ ་ སོ འི ་ ལས་འགན་གང་ཅི ར ་འབད་ བརྩོན་ཆེ་བསྐྱེད་བགྱིས་རུང་།

ལས་ཁུངས་སོ་སོའི་ལས་བྱེད་པ་རྣམས་ལ་

ལས་འགན་གཅིག་ལས་གཉིས་ཆེའི་ཁ་ཚ་དུས་གཏུགས་ཀྱིས་གཞན་བསྐྱོད་

བྱ་དགོས་བྱུང་དབང་གིས་མི་མང་བྱིངས་ནས་གནས་ཚུལ་ཕྲ་ཞིབ་མ་རྟོགས་

པའི་བསམ་ཚུལ་ཇི་སྙེད་བྱུང་དང་འབྱུང་བཞིན་ལ་བརྟེན་༸གོང་ས་༸སྐྱབས་ མགོ ན ་ཆེ ན ་པོ ་ མཆོ ག ་ནས་དུས་བསྟུན་རླབས་ཆེ ན ་དགོ ས ་པ་གལ་ཆེ ར ་

དགོངས་བཞེས་བླ་མེད་ཀྱི་བཀའ་སློབ་ཟབ་མོ་སྔ་ཕྱིར་བསྩལ་དོན་ལྟར། སྔ་ལོ་

རྡོ་རྗེ་གདན་དུ་བོད་ལྗོངས་ཆོལ་ཁ་གསུམ་གྱི་སེར་སྐྱ་མི་མང་ཚོགས་འཛོམས་

སྐབས་ཀྱང་དེང་ཕྱིན་ལས་དོན་ནང་གཞུང་ཞབས་དང་།

མི་མང་སྤྱི་འཐུས་

མཉམ་ཞུགས་བྱ་འོས་ཀྱི་བཀའ་སློབ་སྤྱི་བསྩལ་བཞིན་སྤྱི་འཐུས་འོ ས་འདེམས་

བསྐོ་གཞག་ཞུ་འཆར་འཕྲལ་འབུལ་ཞུ་དགོས་བཅས་ད་ལམ་འདི་ག་དྷ་རམ་ས་

ལའི་བཞུགས་སྒར་དུ་སྲིད་བཀས་མཚོན་གཞུང་ཞབས་ངོ་ཡོད་རྣམས་ཀྱི་ཐོག ས་དགེ་བཀའ་རྙིང་བཅས་པའི་ཆོས་ལུགས་ཁག་གི་འཐུས་མི་དང་། མི་མང་

སེ ར ་སྐྱའི ་ སྤྱི ་ འཐུས་བཅས་རང་ཁུངས་སོ ་ སོ འི ་ སྤྱི ་ མོ ས ་འོས ་འདེ མ ས་ཞུ་ འཆར་སྔོ ན ་ཕུལ་ལ་བསྐོ་གཞག་ཕྱག་རྟགས་བསྩལ་ཐོ ན ་གྱི ་ སྤྱི ་ འཐུས་དང་

བཅས་ཚང་མ་ཚོགས་འཛོམས་དང་འབྲེལ་སླད་༸རྒྱལ་བསྟན་ཆབ་སྲིད་ཡུན་ གནས་དང་། བོད་ལྗོངས་ཆོལ་ཁ་གསུམ་གྱི་མི་མང་ཆེ་ཕྲ་བཅས་པའི་ཁེ་དབང་

སྔར་སོར་ཆུད་ཐབས་ཀྱི་རྩ་བ་གོམ་པ་རིམ་བགྲོད་ཀྱིས་ལས་དོན་ཆེ་ཕྲ་རྗེས་

ལུས་དང་སྤྱི་ཟོམ་སྒྱིད་ལུག་ཏུ་མ་སོང་བ་ཞིག་དགོས་པས་འདི་སྐོར་ཚོགས་

མི་ཚང་མས་གང་དགེའི་བསམ་གྲོས་དགོས་རྒྱུ་སྤྱི་ཕེབས་བཞིན་ཉིན་བསྟུད་

ཞི བ ་བསྡུར་བགྱི ས ་པའི ་ སྙི ང ་པོ ར ་ལས་བྱེ ད ་སྒྲི ག ་འཛུགས་ཀྱི ་ འགྲོ་སྟངས་ ཚགས་ཚུད་ཆེ ད ་ཤུགས་སྣོན་བྱེ ད ་གལ་ལ་བརྟེན་རྩ་བའི ་ བཀའ་ཤག་ལྷན་ རྒྱས་ཀྱི ་ ཚོ ག ས་འདུའི ་ ཐོ ག ་ལས་འགན་ནང་བགོ ས ་ཀྱི ་ བྱེ ད ་ཐབས་འདི ་ ཉི ད ་ 90


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

དགེ་མཚན་ཆེ་བས་སྔ་ལོ་མ་སུ་རིར་ལས་ཁུངས་ཁག་བཞི་གསར་འཛུགས་

བསྐྱངས་པ་རང་འཇགས་ཐོ ག ་འཕར་སྣོན་དུ་ཤེ ས ་རི ག ་ལས་ཁུངས་གཅི ག ་

བཅས་པའི་ལས་ཁུངས་སོ་སོའི་ནང་ལས་དོན་བྱེད་མིའི་གཞུང་ཞབས་དང་། མི་མང་སྤྱི་འཐུས་བཅས་སུ་འོས་སྤྱི་ཚོགས་ནས་མིང་ཐོ་སྙན་ཤོག་ཕུལ་བར་

ཕྱག་རྟགས་བསྩལ་ཐོན་དགོངས་དོན།

༡༽

རྒྱ་གར་ཁུལ་འབྱོར་རིས་མེད་དགེ་འདུན་རྣམས་ནས་༸རྒྱལ་

བསྟན་འཛིན་སྐྱོང་སྤེལ་གསུམ་གོང་འཕེལ་ཡོང་ཐབས་དང་། ནང་བསྟན་ལ་

དད་མོས་ཞུ་མི་རྒྱ་གར་གྱིས་མཚོན་ཕྱི་རྒྱལ་མི་རིགས་ཁག་ལ་འབྲེལ་མཐུད་

གནང་མིའི་ཆོས་དོན་ལས་ཁུངས་ཀྱི་གཙོ་འཛིན་བཀའ་བློན་ཤན་ཁ་བ་དང་། ལས་རོགས་མཁན་དྲུང་ཏཱ་བླ་མ་རོང་རྣམ་སྲས། མཁན་དྲུང་ངག་དབང་དོན་

གྲུབ། དགེ་ལུགས་སྤྱི་འཐུས་སེར་སྨད་སྤྱི་ཟུར་བློ་བཟང་རྣམ་རྒྱལ། ས་སྐྱའི་སྤྱི་ འཐུས་ཚེ་དབང་རྟ་མགྲིན།

རྙིང་མའི་སྤྱི་འཐུས་དཔལ་ཡུལ་སྤྲུལ་སྐུ་འཇམ་

དཔལ་བློ་གྲོས། ལས་བྱ་རྩེ་མགྲོན་ངག་དབང་ཆོས་བཟང་བཅས་དང་།

༢༽ རྒྱ་གར་གཞུང་སོགས་ལ་བོད་དོན་སྐོར་འབྲེལ་མཐུད་ཞུ་མིའི་

ཕྱི་འབྲེལ་ལས་ཁུངས་ཀྱི་གཙོ་འཛིན་བཀའ་ཚབ་སྣེའུ་ཤར་ཐུབ་བསྟན་ཐར་པ་ དང་། ཡབ་གཞིས་སྲས་རྒྱལ་ལོ་དོན་གྲུབ། ལས་རོགས་ལྷ་གཉེར་ལས་ཚན་

ངག་དབང་དོན་གྲུབ། ལས་ཚན་ས་འདུ་རིན་ཆེན། ལས་བྱ་ཆུ་ཤུར་བསམ་ མཁར་ཚེ་རིང་དབང་འདུད།

༣༽ ལས་བྱེད་ཁག་གི་ཕོགས་དང་། གཞན་ཡང་སྤྱི་དོན་འགྲིམ་

འགྲུལ་སོ ག ས་འགྲོ་གྲོན་གཏོ ང ་ལེ ན ་གྱི ་ དངུལ་ཕོ ག ས་ལས་ཁུངས་ཀྱི ་ གཙོ ་ འཛིན་སྤྱི་ཁྱབ་མཁན་ཚབ་དགའ་བྲང་བློ​ོ་བཟང་རིག་འཛིན། རྒྱལ་ལོ་དོན་གྲུབ།

སྟག་ལྷ་སྲས།

ལས་རོགས་སྐུ་བཅར་གཟིམ་མཁན་བསམ་མཁར་ཐུབ་

བསྟན་དོན་ཡོད། མཁན་ཆུང་ཐུབ་བསྟན་ཚེ་དཔལ། རིམ་བཞི་ཚ་རོང་སྲས། 91


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལས་བྱ་རྩེ་དྲུང་ལས་ཚན་ཤན་ཁ་དགེ་ལེགས་དར་རྒྱས། རྩིས་པ་བར་ཚོ་བ།

༤༽ རྒྱ་གར་ཁུལ་བོད་མི་ན་གཞོན་རྣམས་ཀྱི་སློབ་གྲྭ་ཚུགས་དང་

ཚུགས་བསྡད། གཞན་ཡང་བོད་མི་སྡོད་སྒར་སོ་སོར་ཡོད་པའི་སློབ་གྲྭ་ཁག་ དང་། དྷ་རམ་ས་ལའི་བུ་བཅོལ་ཁང་། ཟློས་གར་ཚོགས་པ་ཁག་སོགས་ཀྱི་

འགོ་འཛིན་ལྟ་རྟོག་བྱེད་མི་ཤེས་རིག་ལས་ཁུངས་ཀྱི་གཙོ་འཛིན་ཀུན་གླིང་ཛ་

སག་འོད་ཟེར་རྒྱལ་མཚན།

ལས་རོགས་ཛ་སག་ཁེ་སྨད་པ་བསོད་ནམས་

དབང་འདུས། རྩེ་དྲུང་ལས་ཚན་ཐུབ་བསྟན་ཉིན་བྱེད། ཁྲི་རྒན་སྤྲུལ་སྐུ་འཇམ་ དབྱངས་འཕྲིན་ལས་དབང་པོ། ལས་བྱ་རྩེ་དྲུང་བྱམས་པ་ཡོན་ཏན།

༥༽ རྒྱ་གར་ཁུལ་འབྱོར་བོད་མི་རྣམས་ཀྱི་སྡོད་སྒར་སོ་སོར་དཀའ་

ངལ་ཇི་ཡོད་རིམ་པས་སེལ་ཐབས་དང་། སྔ་འཕྲོས་རྒྱ་གར་ཁུལ་སྡོད་རྒྱུན་རིང་

ད་མུས་ལམ་ལས་ངལ་རྩོལ་ཁ་འཐོར་འདི་མུར་སྡོད་མ་དགོས་པར་ས་གནས་

གཅིག་ལ་ཟླ་བསྒྲིལ་གཞིས་ཆགས་ཡོང་ཐབས་ཆེད་ནང་སྲིད་ལས་ཁུངས་ཀྱི་

གཙོ་འཛིན་རྩེ་མཁན་མགྲོན་ཆེ་ཕ་ལྷ་བ་ཐུབ་བསྟན་འོད་ལྡན་དང་། རྩིས་དཔོན་ ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན། ལས་རོགས་ཁྲོ་ཆུ་རྡོ་རྗེ་དཔལ་བཟང་། འཇང་

ཚ་ཆོས་མཛད་ཚེ་རིང་མགོན་པོ། སྣེ་གདོང་དབང་འདུས་རྡོ་རྗེ། དེའི་ཡན་ལག་ གྲས། སྡོད་སྒར་སོ་སོའི་ནང་བར་ལམ་དཀྲོག་གཏམ་སྣ་ཚོགས་ཀྱིས་རྐྱེན་པས་

ཚང་མ་སྡོད་བག་མི་ཕེབས་པའི་སེམས་ངལ་སེལ་ཐབས་སློབ་གསོ་དང་། ཕྱི་ ཁག་ཏུ་དྲིལ་བསྒྲགས་བྱེད་མིའི་ལས་ཁུངས་ཀྱི་འགན་འཛིན་ཤོད་དྲུང་རྨ་བྱ་བ་

ཚེ་དབང་འགྱུར་མེད། ལས་རོགས་རྩིས་པ་བྱང་ཐང་བཀྲ་ཤིས་གླིང་། གུང་ཐང་ ཚུལ་ཁྲིམས།

༦༽ ཕ་རོལ་ངན་གཡོ་ཆེ་བ་བོད་རིགས་ནང་ཁུལ་དཀྲུགས་ཤིང་གི་

ངན་དབང་དུ་མ་སོ ང ་བའི ་ ཚང་མ་མཐུན་བསྒྲི ལ ་རྡོ ག ་རྩ་ཆི ག ་བསྒྲི ལ ་ཡོ ང ་ ཐབས་ཀྱི་དགེ་སྐྱོན་ལྟ་ཞིབ་བྱེད་མིའི་བདེ་སྲུང་ལས་ཁུངས་ཀྱི་འགན་འཛིན་སྐུ་ 92


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

སྲུང་མདའ་དཔོན་སྟག་ལྷ་སྲས།

ལས་རོགས་ཤོད་སྐོར་བློ་བཟང་ཡེ་ཤེས།

གྲའུ་དཔོན་རིན་ཆེན་ཚེ་རིང་། གྲ་བཞི་བརྒྱ་དཔོན་སྐལ་བཟང་དགྲ་འདུལ།

༧༽

ལས་བྱེད་བབས་འོས་ཕྱི་གཏོང་ནང་འཇོག་བྱེད་མིའི་ལས་

ཁུངས་ཀྱི་འགན་འཛིན་རྩེ་དྲུང་བྱམས་པ་དབང་འདུས། ལས་རོགས་རྩེ་མགྲོན་

བར་ཞི་རྗེ་དྲུང་ངག་དབང་བསྟན་སྐྱོང་། ས་འདུ་བློ་བཟང་སྙན་གྲགས་བཅས་

པར་འགན་དཀྲི་བསྐོ་གཞག་ཐོག སྲིད་ཚབ་བདེ་མཁར་བ་མཆོག་དང་། ས་

དབང་ཟུར་གཡུ་རྣམ་གཉིས་བཅས་གོང་གསལ་ལས་ཁུངས་ཁག་ལྔའི་ཁོངས་

མཛད་འཁུར་མཚན་གསལ་མེད་རུང་།

བསྟན་སྲིད་སྤྱི་དོན་གལ་ཆེའི་སྐོར་

དགོ ང ས་འཆར་བཀའ་བསྡུར་གནང་ཆེ ད ་བཅས་པར་ཚང་མ་གྲོས་འཆམས་ མོས་མཐུན་ལྟར་ལ་ཕྱག་རྟགས་བསྩལ་ཐོན་ཐུགས་གཏན་འཁེལ་སོང་བ་དེས་

ན་རིས་མེད་ཆོས་བྱེད་དགེ་འདུན་གྱི་སྐོར་དང་། སྦག་སའི་ཆོས་སྡེ། གཞན་ ཡང་ཆོས་ཕྱོགས་དང་འབྲེལ་བའི་སྙན་ཞུའི་རིགས་ཆོས་དོན་ལས་ཁུངས་ཀྱི་

གཙོ་འཛིན་གོང་གི་མཚན་ཐོག་དང་། རྒྱ་གར་གཞུང་གིས་མཚོན་ཕྱི་འབྲེལ་ སྐོར་བཀའ་ཚབ་སྣེའུ་ཤར་གྱི་མཚན་ཐོག དངུལ་ཕོགས་སྐོར་དངུལ་ཕོགས་

ལས་ཁུངས་ཀྱི ་ གཙོ ་ འཛི ན ་སྐུ་བཅར་མཁན་ཚབ་དགའ་བྲང་གི ་ མཚན་ཐོ ག སློབ་གྲྭ་ཁག་དང་།

ཟློས་གར་ཁག་གི་སྐོར་ཤེས་རིག་ལས་ཁུངས་ཀྱི་གཙོ་

འཛིན་ཀུན་གླིང་ཛ་སག ཀ་རྡོར་འབྲས་གསུམ་དང་། ལྡི་ལི་སྐྱོབ་གསོའི་དོན་

གཅོད་ཁང་། གཞན་ཡང་བོད་མི་སྡོད་སྒར་སྦག་ས་ཕུད་པའི་དེ་བྱིངས་སྡོད་

སྒར་ཚང་མ་ནང་སྲིད་ཡན་ལག་ལ་བརྟེན་གོང་གསལ་ཁུངས་སོ་སོ་ནས་བོད་ མི་བཙན་བྱོལ་བའི་སྐོར་སོགས་ནང་སྲིད་ལས་ཁུངས་ཀྱི་གཙོ་འཛིན་མགྲོན་

རྩིས་བཅས་ལས་ཁུངས་སོ་སོའི་ལས་འགན་སྐོར་གྱི་གནས་སྙན་འབུལ་གཏོང་

དགོས་རྒྱུ་བཅས་པའི་རང་རང་འཁུར་བབས་ཞུ་བྱར་ཚང་མས་བསྟན་སྲིད་སྤྱི་

དོ ན ་སྙི ང ་བཅངས་ཀྱི ས ་འཁུར་བརྩོ ན ་བྱས་ཚེ ་ ཕར་ཁག་ཚུར་དཀྲི འི ་ འཐུས་ 93


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཤོར་མི་འབྱུང་བའི་སྤྱི་དོན་ཚགས་ཚུད་དགེ་མཚན་ཡོང་རྒྱུ་ཤེས་ཆོད་བཞིན་

དེ་ལུགས་ལས་བྱེད་ཆེ་ཕྲ་ཚང་མས་བཀོད་དོན་དང་ལེན་དང་འབྲེལ་བས་རང་

འགན་སྒྲུབ་ཐབས་ལྷག་བསམ་འཁུར་བརྩོན་ཆེ་བསྐྱེད་དགོས་རྒྱུ་དེ་དོན་ཡིད་ འདོམས་གྱིས། དྷ་རམ་ས་ལ་བཀའ་ཤག་ནས། ༡༩༦༠ ཕྱི་ཟླ་ ༡༠ ཚེས་ ༤ ལ།” ཞེས་གསལ།(1)

ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༢ ཉིན་བོད་མི་མང་སྤྱི་འཐུས་དང༌།

གཞུང་ཞབས་ཐུན་མོང་ལ་སྩལ་བའི་བཀའ་སློབ་ནང་(དམངས)མང་གཙོ་དང་

འབྲེལ་བའི་ཐོག་བཀའ་སློབ་འདི་ལྟར། “ དེ་ནས། བར་དེར་ཚོགས་འདུའི་ཡིག་

ཆ་མང་པོའི་ནང་སྐབས་དང་པོའི་ཚོགས་ཐེངས་གཉིས་པ་ཟེར་བ་བྲིས་འདུག

ད་ལྟ་ང་ཚོའི་ཚོགས་འདུ་འདི་སྒྲིག་གཞི་དང་ལྡན་པ་ཞིག་མིན། བོད་ཆོལ་ཁ་

གསུམ་གྱི་མི་མང་སེར་སྐྱའི་སྤྱི་འཐུས་བསྡུ་ཁུངས་ཀྱང་རྒྱ་གར་ཁུལ་སྡོད་བོད་

མི་རྐྱང་པ་ཙམ་ལས། བོད་ནང་ཁུལ་རྒྱ་ཆེའི་མི་མང་གི་འཐུས་མི་མེད། ད་ལྟའི་ ང་ཚོ འི ་ ཚོ ག ས་འདུ་འདི ་ ནི ་ རང་རེ ་ བཙན་བྱོ ལ ་བའི ་ གནས་སྐབས་ཀྱི ་ སྲི ད ་

གཞུང་(དམངས)མང་གཙོའི་རྣམ་པ་ཅན་འདི་ཉིད་ཀྱི་སྐབས་བབས་ལས་དོན་

ཆེ ད ་ཡིན ་སྟབས་ཚོ ག ས་འདུ་སྐབས་དང་གཉི ས ་ཞེ ས ་བརྗོ ད ་ན་མི ་ འགྲིགས།

ཚོགས་འདུ་ཐེངས་དང་པོ་དང༌། གཉིས་པ་ཟེར་དགོས། རང་རེ་ཕྱི་རྒྱལ་དུ་སྡོད་ རྒྱུན་རིང་ཚོགས་འདུ་ཐེངས་བརྒྱ་ཕྲག་འཚོགས་ཀྱང་འགྲིགས། རང་རེ་བོད་ཀྱི་

རྩ་ཁྲིམས་གསར་པ་ཞིག་གཏན་འབེབས་ཟིན་རྗེས་དེ་ལས་བྱུང་བའི་ཚོགས་ འདུ་ཆེན་མོ་ཐོག་མ་འགོ་ཚུགས་མཚམས་གཞི་ནས་ཚོགས་ཆེན་སྐབས་དང་

1བཀའ་ཟུར་ཀུན་བདེ་གླིང་འོ ད་ཟེར་རྒྱལ་མཚན་གྱིས་བརྩམས་གནང་བའི་མི་ཚེའི་ལོ་རྒྱུས་ལས་འཕྲོས་པའི་ གཏམ་ཐབས་བྱུས་སྙིང་སྟོབས་ཀྱི་འབྲས་བུ། དེབ་དང་པོ་ཤོག་གྲངས་ ༣༣༧ ནས་ ༣༤༣ བར་གསལ། 94


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

པོ་དང༌། གཉིས་པ། གསུམ་པ་སོགས་བརྗོད་ཆོག་པ་ཡིན།”(1) ཞེས་ཕེབས་པ་

དེས་སྤྱི་འཐུས་ཀྱི་འོས་བསྡུ་རྒྱ་གར་ཁོ་ནའི་ནང་དུ་མ་གཏོགས་གནང་གི་མེད་ པ་དང་།

བཙན་བྱོལ་ནང་དུ་(དམངས)མང་གཙོའི་སྒྲིག་འཛུགས་བཟོས་པ་

དེ འི ་ དམི ག ས་ཡུལ་ངོ ་ མ་བོ ད ་རང་དབང་སླར་གསོ ་ བྱུང་མཚམས་(དམངས) མང་གཙོའི་སྒྲིག་འཛུགས་ཅན་དུ་བསྒྱུར་རྒྱུ་དེ་ཡིན།

ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

མཆོག་ནས། “ང་ཚོས་མ་འོངས་པའི་བོད་རྒྱལ་ཁབ་ཀྱི་གཞུང་དང༌། མི་མང་

བཅས་པའི་འཕྲལ་ཕུགས་ཕྱི་ནང་འགྲོ་ལུགས་རྩ་ཁྲིམས་གསར་པ་ཞིག་ངེས་པར་

གཏན་འབེབས་བྱེད་དགོས་པ་ལྟར་རྩ་དོན་གྱི་ལེའུ་ཕྱོགས་སྒྲིག་ཟིན་པ་རིམ་པས་ འདིར་ཡོད་མི་མང་སེར་སྐྱའི་སྤྱི་འཐུས་དང༌།

བོད་མི་ཡོངས་རྫོགས་ལ་གྲོས་

བསྡུར་བརྟག་ཞིབ་བྱ་རྒྱུར་འགྲེམས་སྤེལ་བྱ་རྩིས་ཡིན། དེང་སྐབས་ཚང་མས་རང་

དབང་བེད་སྤྱོད་མ་འཕྱུགས་པ་ཞིག་བྱེད་དགོས་པ་དང༌།

སྤྱི་དོན་རླབས་ཆེར་

སྨན་པའི་རང་གི་འདོད་ཚུལ་གསལ་པོར་བཏོན་ཏེ་ལེགས་ཆ་ཕྱོགས་བསྡུས་ཀྱིས་ རང་རེའི་རྩ་ཁྲིམས་གསར་པའི་ཟིན་བྲིས་ཀྱི་ཚིག་དོན་ལ་བཟོ་བཅོས་གང་ཡང་ རྒྱབ་ཆོག་པ་ཡིན།

ང་ཚོ་རང་གི་རྒྱལ་ཁབ་དང༌།མི་མང་བཅས་ཀྱི་འཕྲལ་ཕུགས་

འགྲོ་ལུགས་སྐོར་ཐམས་ཅད་བསམ་གྲོས་མོ ས ་མཐུན་གྱི ་ ཐོ ག ་ནས་གཏན་ འབེབས་བྱེད་པའི་རང་དབང་དང་འགན་ཡོད་པ་ཞིག་བྱེད་དགོས་”(2)

ཞེས་

བཀའ་སློབ་ཕེབས་པ་ལྟར། ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་རྩ་

1 བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་བསྐྲུན་གནང་བ། སྲིད་ཞིའི་རྣམ་འདྲེན་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་མང་སྤྱི་འཐུས་ཀྱི་གྲོས་ཚོགས་ཁག་དང་། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་པའི་བཀའ་སློབ་་ཕྱོགས་བསྡེབས་པོད་དང་པོ། ཤོག་གྲངས་ ༤༧ ནས་གསལ།

2 བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་དཔར་དུ་བཏབ་པ་། <<ཆོས་སྲིད་གཉིས་ལྡན་བོད་དམངས་གཙོའི་ གཞུང་དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བ།>> ༡༩༨༥ ཤོག་གྲངས་ ༢༥ ནས་ ༢༦ བར་གསལ།

95


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁྲི མ ས་སྙི ང ་དོ ན ་དེ ང ་རབས་ཀྱི ་ (དམངས)མང་གཙོ འི ་ ལམ་སྲོ ལ ་གྱི ་ གནད་

དོ ན ་ཐམས་ཅད་ཚང་བ་ཞི ག ་གསལ་བསྒྲགས་བསྐྱངས་པར་བོ ད ་མི ་ མང་སྤྱི ་

འཐུས་དང༌། གཞུང་ཞབས་ལས་བྱེད་ཆེ་ཕྲ། བོད་མིའི་འདུ་སྡོད་ཡོངས་ནས་

འཐུས་མི་ཆེད་གཉེར་གྱིས་བོད་མི་མང་སྤྱི་མགྲིན་ནས་མ་འོངས་པའི་ཁེ་ཕན་

དང་མདུན་ལམ་གྱི ་ ཆེ ད ་རྩ་ཁྲི མ ས་ཀྱི ་ ས་བོ ན ་འགྲེམས་སྤེ ལ ་གནང་བ་ལ་

བསམ་ཞིབ་ནན་ཏན་ཞུས་པར།

བོ ད ་ནང་སྔར་ནས་དར་བའི ་ དམ་པའི ་ ཆོ ས ་ཀྱི ་ དགོ ང ས་དོ ན ་དང༌།

དེང་རབས་འཛམ་གླིང་གི་གནས་ཚུལ་དང་ཡོངས་སུ་མཐུན་པ་འདི་ལྟ་བུ་ནི་ ཕྱོགས་གང་ཅིའི་ཐད་ནས་བདག་ཅག་རྣམས་ལ་ལོང་བར་མིག་དང༌། འོན་པར་

སྒྲ་ཐོས་པ་དང་གཉིས་སུ་མེད་པས། དགའ་མགུ་ཡི་རང་ངང་བློ་འདོད་ཡོངས་

སུ་ཚིམས་ཏེ་དོན་གནད་བྱིངས་ལ་གློ་སྙིང་བྲང་གསུམ་གཅིག་གཏོད་ཀྱི་མོས་

མཐུན་གཙང་མ་ཞུ་ལགས་པ་དང༌། གཞན་གལ་དོན་ཆེ་ཤོས་གཅིག་ལ། རྩ་

ཁྲི མ ས་ཟི ན ་བྲི ས ་ནང་“ཏཱ་ལའི ་ བླ་མའི ་ དབང་ཆ་འདོ ར ་དགོ ས ་པ་བྱུང་ན་རྩ་ ཁྲིམས་དང༌།

ཞེས་གསལ་བར།

ཚོགས་འདུའི་འགྲོ་ལུགས་མཐུན་པར་ཐག་གཅོད་བྱེད་རྒྱུ་”

སྐབས་དེའི་བོད་མི་མང་སྤྱི་འཐུས་དང༌། གཞུང་ཞབས་ལས་བྱེད་ཆེ་

ཕྲ། བོད་མིའི་འདུ་སྡོད་ཡོངས་ནས་འཐུས་མི་ཆེད་གཉེར་སྤྱི་མགྲིན་ནས་ “འདི་ ནི་གུས་འབངས་ཡོངས་ཀྱི་བློ་ཡུལ་དུ་ཆུད་དཀའ་བ་མ་ཟད། གདུལ་བྱ་འདུལ་

བྱེ ད ་ཀྱི ་ མགོ ན ་སྐྱབས་ཡ་བྲལ་དུ་ནམ་ཡང་འགྲོ་ཐབས་མེ ད ་པ་ཞི ག ་ཡི ན ་ན་ ཆོས་སྲིད་དོན་གྱི་བདག་པོའི་མཚན་དབང་སྣོན་འཕྲིའི་དགོངས་གཞིའི་ཚིག་ བརྗོད་འདི་དག་བློ་མོས་ཞུ་ཐབས་རྩ་བ་ནས་མེད་ངེས་ལགས་ན། རྩ་ཁྲིམས་ཀྱི་

ས་བོ ན ་འདི ་ དང་མ་འོང ས་པའི ་ རྩ་ཁྲི མ ས་བཅས་པར་ཚི ག ་ཟུར་ཙམ་འགོ ད ་

མཛད་དགོ ང ས་བཞེ ད ་མི ་ འབྱུང་བའི ་ གསོ ལ ་བ་ཕུར་ཚུགས་སུ་འདེ བ ས་རྒྱུ་ 96


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཡིན་” ཞེས་སོགས་ཀྱི་བསམ་ཚུལ་འབུལ་ལམ་ཞུས་འདུག(1)

ཕྱི་ལོ ༡༩༦༡ ནས་ ༡༩༦༣ བར་ྋགོང་ས་ྋསྐྱབས་མགོན་ཆེན་

པོའི་བཀའ་དགོངས་བཞིན་བོད་ཀྱི་(དམངས)མང་གཙོའི་རྩ་ཁྲིམས་གསར་དུ་

བསྐྲུན་པའི ་ ལས་དོ ན ་དབུ་འཛུགས་གནང་བ་ནས་གཏན་འབེ བ ས་མ་གནང་ བར་ཁྲི མ ས་དོ ན ་མཁས་པ་ཀྲི ་ ཀམ་རྡ་སི ་ ལྷན་དུ་ལས་འཁུར་གནང་བ་དང༌།

རྗེས་སུ་རྩ་ཁྲིམས་མ་ཟིན་རོབ་ཙམ་གཏན་འབེབས་གནང་བ་རྒྱ་གར་མཁས་པ་

ཁག་ལ་བཀའ་བསྡུར་དང༌། དེ་རྗེས་རང་གཞུང་ཕྱི་དྲིལ་དྲུང་ཆེ་ངག་དབང་དོན་ གྲུབ་ལྷན་རྩ་ཁྲིམས་རིན་པོ་ཆེ་བོད་ཡིག་ཐོག་ཕབ་བསྒྱུར་གནང༌།(2)

སྤྱི་

འཐུས་སྐུ་ཚབ་རེ་བོད་མིའི་སྡོད་གནས་གཙོ་ཆེ་ཁག་ལ་གཞུང་འབངས་འབྲེལ་

ལམ་ཡག་པོ་ཡོང་སླད་འཛུགས་གནང་དགོས་པའི་སྙན་ཞུ་ཕྱི་ལོ་ ༡༩༦༢ ཟླ་ ༧ ཚེས་ ༢ ཉིན་ཕུལ།(3)

ཕྱི་ལོ་ ༡༩༦༢ ཟླ་ ༩ ཚེས་ ༥ ནས་བཟུང་ཉིན་གསུམ་རིང་བཞུགས་

སྒར་དྷ་རམ་ས་ལར་ཟླ་དྲུག་ལས་བསྡོམས་ཚོགས་ཐེངས་བཞི་པ་གནང་ཞིང༌།

ཚོགས་འདུ་དེར་གཏན་བཞུགས་ལས་ཁུངས་མ་ལག་དང༌བཅས་པ། དེ་མིན་ བུ་གསོ་ཁང༌། ཟློས་གར་ཚོགས་པ་བཅས་ཀྱི་གཙོ་ལས་དང༌། ཆོལ་གསུམ་

ཆོས་ལུགས་དང་བཅས་པའི་སྤྱི་འཐུས། ལས་བྱེད་དང་ལས་བྱེད་སློབ་གྲྭ་བ་ སོགས་ཟུར་བཞུགས་གནང་ཡོད་པས་ཁྱོན་ཟུར་ཉན་དང་བཅས་པའི་མི་

1 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་དཔར་དུ་བཏབ་པ་། ཆོས་སྲིད་གཉིས་ལྡན་བོད་དམངས་གཙོའི་གཞུང་ དབུ་བརྙེས་ནས་ལོ་ཉེར་ལྔ་འཁོར་བ། ༡༩༨༥ ཤོག་གྲངས་ ༢༦ ནས་ ༢༧ བར་གསལ།

2 རྒྱུན་མཁོའི་བོད་གནས་ལག་དེབ་ལས། བཀའ་ཟུར་ས་འདུ་རིན་ཆེན་དོན་གྲུབ་མཆོག་གི་ལོ་རྒྱུས་ཤོག་ གྲངས་ ༡༤༢ ཕྱི་ལོ་ ༡༩༨༧ ལོའི་དཔར་མའི་འཕྲེང་ ༡ ནས་ ༡༢ བར་གསལ། 3 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་༼ཆ༽(༡) གི་ནང་དུ་གསལ།

97


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གྲངས་བདུན་ཅུ་སྐོར་འཛོམས་ཐོག ལས་ཁུངས་ཁག་གི་ལས་དོན་སྙིང་བསྡུས་

ཕྱོགས་བསྡོམས་སྙན་སྒྲོན་དང༌། གོ་བསྡུར་གནང་སྟེ་གྲོས་ཆོད་དོན་ཚན་ཆེ་བ་

དྲུག་བཀོད་དེ་ཕྱི་ལོ་ ༡༩༦༢ ཟླ་ ༩ ཚེས་ ༧ ཉིན་ྋགོང་ས་ྋསྐྱབས་མགོན་

ཆེ ན ་པོ ར ་ྋསྙན་ཞུར་བཅར་མཁན་ཤེ ས ་རི ག ་གཙོ ་ འཛི ན ་ཀུན་གླི ང ་ཛ་སག་

འོད་ཟེར་རྒྱལ་མཚན་དང༌། ནང་སྲིད་གཙོ་འཛིན་མགྲོན་ཆེ་ཕ་ལྷ། དངུལ་རྩིས་ ལས་རོགས་མཁན་ཆུང་ཆང་ཁྱིམ། ཆོས་དོན་ལས་རོགས་མཚན་ཞབས་སེར་

ཀོང་རིན་པོ་ཆེ། ཕྱི་སྲིད་ལས་རོགས་རྩེ་ལས་ངག་དབང་དོན་གྲུབ། ཆོས་

འཐུས་སེ ར ་སྨད་སྤྱི་ཟུར།(བློ་བཟང་རྣམ་རྒྱལ)དབུས་གཙང་ཆོལ་འཐུས་བསམ་

མཁར་ཚེ་རིང་དབང་འདུད།

མདོ་སྟོད་ཆོལ་འཐུས་གྲའུ་དཔོན་རིན་ཆེན་ཚེ་

རིང༌། མདོ་སྨད་ཆོལ་འཐུས་གུང་ཐང་ཚུལ་ཁྲིམས། མདོ་སྟོད་ཆོལ་འཐུས་

འཇང་ཚ་ཆོ ས ་མཛད་ (ཚེ་ རིང ་མགོ ན་པོ ) བཅས་ལ་༸གོ ང ་ས་༸སྐྱབས་མགོ ན ་

ཆེན་པོ་མཆོག་གིས་བཀའ་སློབ་སྩལ་དོན། “ད་ལམ་ཚོགས་འདུའི་ཐོག་གྲོས་

ཆོད་དོན་ཚན་དྲུག་བཞག་པ་ཡག་པོ་བྱུང་འདུག ད་དུང་ཁུངས་སོ་སོས་འདི་

དོན་དངོས་སུ་ལག་ལེན་བསྟར་རྒྱུ་དེ་གལ་ཆེན་པོ་རེད། ཡང༌། ད་རིང་འདིར་ ཁྱེད་ཚོར་གནས་ལུགས་ཤོད་རྒྱུ་ཞིག་ལ། ཉེ་ཆར་འདིར་ཡོད་སྤྱི་འཐུས་ནས་ ལས་བྱེད་བདག་གཉེར་ཁང་བརྒྱུད་སྙན་སེང་ཞུ་དོན་ལྟར།

སྒར་ས་ཁག་ལ་

འཐུས་མི་འཛུགས་རྒྱུའི་སྐོར་ད་དུང་ང་ཚོས་བསམ་བློ་ཏན་ཏན་ཞིག་བཏང་ན་ བསམ་པ་འདུག

ས་གནས་གང་སར་འཐུས་མི་མང་པོ་ཞིག་བཙུགས་ནས་ཕན་ཐོགས་

ཆེ་ཆུང་ག་འདྲ་ཞིག་ཡོང་གི་ཡོད་དམ། ང་ཚོས་སྔོན་ལ་བསམ་ཞིབ་ནན་ཏན་མ་

བྱས་ན།

མི་མང་པོ་ཞིག་བསྐོས་ཚར་བའི་རྗེས་ལ་བཟོ་བཅོས་རྒྱག་དགོས་

བྱུང་ན་ཁག་པོ་རེད། ང་རང་ཚོས་གཞུང་དོན་ནམ། སྤྱི་དོན་ཁོ་ནའི་ཆེད་དུ་བྱེད་

ཕྱོགས་ཡག་པོ་ཞིག་ལག་ལེན་བསྟར་བ་ཡིན་ཡང་། སྒེར་ཕྱོགས་ནས་མཐོང་ 98


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

ཚུལ་ཁྱད་མཚར་དེ ་ འདྲ་བཟུང་སྟེ་ཉེ ་ དགའ་ཕྱོ ག ས་ལྷུང་བྱེ ད་ཀྱི་ ཡོ ད་ལུགས་

སོགས་ཀྱི་སྐད་ཆ་མང་པོ་བཤད་ན་རྙོག་གྲ་ཡོང་གི་མ་རེད་དམ།

སྔོན་ལ་

དགོས་ངེས་ཐིག་ངེས་ཡིན་མིན་ད་དུང་བསམ་གྲོས་ཞིབ་བསྡུར་བྱེད་དགོས།

དགོ ས ་ངེ ས ་ཤི ག ་ཡི ན ་ན་འཐུས་མི ་ ག་ཚོ ད ་བསྐོ་དགོ ས ་འདུག་ཀྱང་བསྐོས་

ཆོག་གི་རེད། འགྲོ་གྲོན་ལའང་འཛེམས་རྒྱུ་ཡོད་པ་མ་རེད།

ངའི་བསམ་ཚུལ་ལ། སྔ་འཕྲོས་ཚོགས་འདུ་སྔོན་མའི་གྲོས་ཆོད་ནང་

འཁོད་པ་ལྟར།

སྤྱི་འཐུས་ཚོ་འདི་གར་གཏན་སྡོད་ཐོག་ནས་སྒར་ས་ཁག་

སོགས་གང་སར་འབྲེལ་བ་རྒྱ་ཆེ་ཙམ་ཞིག་བྱས་ཏེ་ཕྱི་ནང་ཕན་ཚུན་ཚང་མའི་

གནས་ཚུལ་གསལ་ཙམ་ཞིག་རྟོགས་ཐུབ་པ་བྱས་ན། དེ་ནས་ང་ཚོའི་ལས་དོན་

བྱེད་སྟངས་འདི་ལས་གསལ་བ་དང༌། རྙོག་འཛིང་ཆུང་བ་ཞིག་མི་ཡོང་ངམ། སྤྱི་

འཐུས་ཚོས་མི་མང་གི་དོན་གནས་ཆ་འཛིན་འོས་དང་མ་འོས་དཔྱད་ཞིབ་ཡག་

པོ་བྱས་མཐར་རིམ་པ་རིམ་པས་གནས་ལུགས་བཤད་རྒྱུ་ཡོད་པ་ཞིག་བྱུང་ན་

ཡག་པོ་མིན་ནམ་བསམ་གྱི་འདུག

གཞི ་ ནས་སྤྱི ་ འཐུས་ཚོ ས ་རང་གི ་ ལས་འགན་ངོ ་ ཆ་ཡག་པོ ་ ཞི ག ་

འཕྲོད་ཨེ་ཡོད། རྩ་བ་ལས་བགོས་བརྒྱབ་སྟེ་རང་རང་ལས་ཁུངས་སོ་སོའི་ནང་

གི་ལས་དོན་ལ་ཧུར་བརྩོན་ཆེ་བསྐྱེད་བྱེད་ཀྱི་ཡོད་པ་ཡག་པོ་རེད།

ཡིན་ན་

ཡང་རང་སོ་སོའི་ལས་ཁུངས་གཅིག་པུའི་ལས་ཀར་མགོ་འཁོར་ཏེ་སྡོད་རྐྱང་ བྱས་ན་འགྲིགས་ཀྱི་ཨེ་ཡོད།

ཕྱོགས་གཅིག་ནས་སྤྱི་འཐུས་ཀྱི་ལས་འགན་

ཡོད་པ་ལའང་བསམ་བློ་གཏོང་དགོས་ཀྱི་འདུག སོ་སོའི་མིང་རྒྱབ་འཁུར་གྱི་ ལས་དོན་འཐུས་ཤོར་མ་སོང་བ་བྱེད་རྒྱུ་གལ་གནད་ཆེན་པོ་རེད། དང་པོ་ཨ་ གསར་གྱིས་ནུས་ཤུགས་ཆེན་པོ་འདོན་པ་དང༌།

དེ་རྗེས་ཟླ་བ་གཅིག་སོང་

གཉིས་སོང༌། ལོ་ནས་ལོ་སོང་དུས་ཐོག་མའི་ཤུགས་དེ་ཉམས་ཆག་འགྲོ་བ་ལྟ་

བུ་མིན་པ་ཞིག་དགོས། ང་ཚོས་ཡིད་གཟབ་མ་བྱས་ན་བྱང་ཆུབ་ཀྱི་སེམས་ 99


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཀྱང་ཉམས་རྒྱུ་ཡོད་པ་རེད། གང་ལྟར་སེམས་ཤུགས་མ་ཉམས་པ་ཞིག་ངེས་

པར་བྱེད་དགོས།

ཡང་ངས་འདིར་ནན་ཏན་གསལ་བཤད་བྱ་རྒྱུར། ད་ཕན་སྤྱི་འཐུས་

ཚོས་ལས་འགན་སྒྲུབ་མི་འདུག་ཟེར་གྱི་མེད། ཚང་མས་ཡག་པོ་བྱས་འདུག

སུ་གཅིག་ལའང་ཤོད་དགོས་གང་ཡང་མེད། ཡིན་ན་ཡང་ད་དུང་ཡག་པོའི་སྒང་

ལ་ཡག་ཤོས་ཟེར་བ་དེ་བྱེད་རྒྱུ་མེད་དམ། ངེས་པར་བྱེད་རྒྱུ་ཡོང་གི་རེད། ད་ དུང་ཡག་ཤོས་བྱེད་རྒྱུ་གང་འདུག་གམ། ཁྱེད་ཚོས་བསམ་བློ་ཡག་པོ་གཏོང་

དགོས། མི་ཉུང་ཉུང་གིས་ལས་དོན་མང་པོ་དང༌། གཞི་རྒྱ་ཆེན་པོ་སྒྲུབ་ཐུབ་ཀྱི་ རེད།

མི་ཉུང་ཡང་ཐབས་ཤེས་བྱས་ན་ནུས་པ་ཆེན་པོ་འདོན་ཐུབ་ཀྱི་རེད།

ལས་ཀ་ཆེན་པོ་བྱེད་དགོས་ཞེས་མཐའ་གཅིག་ཏུ་མི་མང་པོ་ཞིག་དགོས་པའི་

ཁྱབ་པ་ཨེ་ཡོད།

ཁྱེད་ཚོ་རང་གི་ནུས་ཁྱབ་ཆེ་ཙམ་ཞིག་བྱེད་རྒྱུ་མེད་དམ།

སྔོན་ལ་ང་རང་ཚོ་སོ་སོས་ནུས་པ་གང་ཐོན་གྱི་ཐབས་ཤེས་ལས་འགུལ་བྱས།

དེ་ནས་མི་འགྲུབ་ཐག་ཆོད་ཀྱི་དཀའ་ངལ་དགོས་གནས་འདུག་ན། གཞི་ནས་ མི་གསར་པ་འཕར་སྣོན་བསྐོ་འཛུགས་བྱེད་དགོས།

དེ་ཡང་སྒར་ས་ཞིག་ལ་འཐུས་མི་གཅིག་འཛུགས་དགོས་ཡོད་ན། དེ་

མ་བསྐོས་གོང་ནས་འཛུགས་དགོས་དོན་གང་ཡིན་པ་དང༌། ལས་འགན་གང་

དང་གང་འཁུར་དགོ ས ་སོ ག ས་རྒྱུ་མཚན་དང་བྱེ ད ་སྒོ ་ ཁ་གསལ་འཁོ ད ་པའི ་ སྒྲིག་གཞིའམ་འཆར་གཞི་ངེས་པར་བཟོ་དགོས།

དེ་མིན་བསྐོས་ཚར་ནས་

ཕྱིར་བསྡུ་བྱེད་རྒྱུ་སོགས་ཧ་ཅང་གི་ཁག་པོ་རེད། གཙོ་བོ་ཁྱེད་ཚོ་སྤྱི་འཐུས་

རྣམས་ནས་ད་དུང་ཡག་ཤོ ས ་དེ ་ བྱེ ད ་རྒྱུ་བསྡད་མེ ད ་དམ་བསམ་བློ་གཏོ ང ་

100


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

དགོས། ” (1)

ཞེས་བཀའ་སློབ་ཕེབས་པ་དེས་བོད་མིའི་འདུ་གནས་མི་འབོར་ཆེ་སར་སྒར་

འཐུས་བསྐོ་འཛུགས་དགོས་པའི་སྤྱི་འཐུས་ཀྱི་གྲོས་ཆོད་ལ་སླར་ཡང་དགོས་

དབང་ལ་སོགས་ཡོད་མེད་བསམ་ཞིབ་དང༌། ལས་འགན་ཇི་ཡོད་གསལ་པོ་

བཟོ་དགོས་པའི་བཀའ་སློབ་ཕེབས་པ་ལྟར་ཞིབ་འཇུག་ཞུས་འབྲས་སུ་ཕྱི་ལོ་

༡༩༦༣ ཟླ་ ༥ ཚེས་ ༡༥ ཉིན་སྒར་འཐུས་ཀྱི་འགན་དབང་དང་དུས་ཡུན་གྱི་ སྒྲིག་གཞི་གཏན་འབེབས་ལ་ཆོག་མཆན་སྨིན་བསྩལ་བྱུང་ཞིང༌།

(2)

ཕྱི་ལོ་

༡༩༦༤ ཟླ་ ༢ ཚེས་ ༨ ནས་གཞིས་སྒར་ཆེ་ཁག་རྣམས་ལ་སྒར་འཐུས་བསྐོ་ འདེམས་འགོ་འཛུགས་ཞུས།

དེ ་ བཞི ན ་དུ་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཕྱི ་ ལོ ་

༡༩༦༣ ཟླ་ ༣ ཚེས་ ༧ ཉིན་ཟླ་དྲུག་ལས་བསྡོམས་ཚོགས་ཆེན་ཐེངས་ལྔ་

པའི ་ གྲོས་ཆོ ད ་ྋསྙན་ཞུར་བཅར་མཁན་ཚོ ག ས་འདུའི ་ འགན་འཛི ན ་དངུལ་

ཕོགས་གཙོ་འཛིན་ྋསྐུ་བཅར་མཁན་ཚབ་དགའ་བྲང་པ་དང༌། འགན་འཛིན་རྩེ་མགྲོན་བར་ཞི་བ།

རྩིས་ཞིབ་

ཆོལ་གསུམ་སྤྱི་འཐུས་ནང་སྲིད་ལས་

རོགས་འཇང་ཆོས་ཚེ་རིང་མགོན་པོ་བཅས་ལ་(དམངས)མང་གཙོ་དང་འབྲེལ་ བའི་ཐོག་བཀའ་སློབ་སྩལ་བ་ཟུར་བཏོན་ཞུས་ན། “གཙོ་བོར་(དམངས)མང་

གཙོའི་མཚན་ཉིད་ཚང་བའི་དོན་དུ་རྩ་བའི་མི་མང་གི་ཤེས་བྱའི་ཆུ་ཚད་གོང་

མཐོ ར ་སྤེ ལ ་དགོ ས ་པ་གལ་གནད་ཆེ ་ གཤིས ་སྡོ ད་སྒར་སོ ་ སོ ར ་རྒྱུན་དུ་སློ བ ་

གསོ་བྱེད་དགོས་པ་མ་ཟད། ཟློས་གར་གཏམ་བརྗོད་དང༌། ཚགས་པར། རི་ 1 བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་དུ་བསྐྲུན་པའི་སྲིད་ཞིའི་རྣམ་འདྲེན་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་སྤྱི་འཐུས་ཀྱི་གྲོས་ཚོགས་ཁག་དང་། བཀའ་ཤག་གིས་མཚོན་ གཞུང་ཞབས་ལས་བྱེད་པར་བསྩལ་པའི་བཀའ་སློབ་ཕྱོགས་བསྡེབས་ཀྱི་པོད་དང་པོའི་ཤོག་གྲངས་ ༥༢ ནས་ ༥༥ བར་གསལ།

2 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་༼ཀ༽ (༡) ནང་གསལ། 101


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མོ འི ་ དཔེ ་ རི ས ་འགྲེལ་བཤད་ཅན་གྱི ་ དེ བ ་སོ ག ས་འགྲེམས་སྤེ ལ ་གྱི ་ ཐབས་

ལམ་སྣ་ཚོ ག ས་བྱ་དགོ ས ་པས་དྲིལ་བསྒྲགས་ཀྱི ་ ལས་དོ ན ་ལ་ཤུགས་སྣོན་

བྱས་ནས་བྱེད་ཕྱོགས་འཆར་གཞི་གསར་པ་ཞིག་གོ་སྒྲིག་བྱ་དགོས།

ལས་བྱེད་ལས་འགན་གྱི་རིམ་པའི་འཆར་གཞི་གཏན་འབེབས་སྐོར་

ད་ལྟ་རྩ་ཁྲི མ ས་གཏན་འབེ བ ས་ཕྱི ་ རྒྱར་དྲིལ་བསྒྲགས་གནང་མུས་ཟི ན ་

མཚམས་གནས་ཚུལ་ལ་འགྱུར་བ་ཇི་བྱུང་དང་བསྟུན་པའི་རང་གཞུང་གི་ངོ་བོ་

(དམངས)མང་གཙོའི་ལུགས་སྲོལ་དང་མཐུན་པ་ཞིག་དང༌། ལས་བྱེད་པའི་

མིང་སོགས་ཀྱང་ཕྱི་རྒྱལ་དང་མཐུན་པ་ཞིག་མ་བྱུང་མཐུ་མེད་ལ་དེ་སྔའི་རང་ གཞུང་གི ་ ལས་བྱེ ད ་པའི ་ མི ང ་རྙི ང ་པ་རྣམས་ཕྱི ར ་བསྡུ་དང་འབྲེ ལ ་ལས་བྱེ ད ་

ལས་འགན་གྱི་རིམ་པ་དང༌། ལས་ཚན་གྱི་རིམ་པ། དེ་བསྟུན་ཕོགས་རིམ་ བསྐྱར་བཟོ་དང༌། ཕྱོགས་ཐོན་ལ་ཡུལ་བབས་འཚོ་སྣོན་ཕོགས་རིམ་བཅས་ ཕྱོ ག ས་སྒྲི ག ་གཏན་འབེ བ ས་དང་ཆབས་ཅི ག ་བོ ད ་མི ་ སྡོ ད ་སྒར་ཁག་ལའང་ གསལ་བསྒྲགས་གནང་བཞེད་ཡོད།

འཐུས་མིའི་ཡུན་ཚད་སྐོར། འཐུས་མི་རྣམས་ལས་དོན་ལ་དངོས་སུ་

ཞུགས་ཏེ ་ མྱོ ང ་འདྲིས་མེ ད ་ན་གཞུང་གི ་ ལས་དོ ན ་ལ་ལྟ་རྟོག་ཐུབ་མི ན ་སྐྱོན་ གནད་ཡོད་སྟབས་ལས་དོན་ལ་འཐུས་མི་རྣམས་དངོས་སུ་ཞུགས་པ་རེད། སྤྱི་

སྲོལ་ལྟར་ན་ལས་དོན་ལ་ཞིབ་འཇུག་ལྟ་རྟོག་བྱེད་མི་ལྟ་བུར་ཟུར་དུ་སྡོད་ཀྱི་

ཡོད་པ་རེད། སླད་ཕྱིན་ད་མུས་ལས་འགན་ནང་རང་འཇགས་བསྡད་དང༌། ཡང་ ན་སྤྱི ་ སྲོ ལ ་ལྟར་ལས་དོ ན ་ཞི བ ་འཇུག་ལྟ་རྟོག་བྱེ ད ་མི ་ ལྟ་བུར་བསྡད་པ་ཇི ་

ལེགས་དང༌། ཡུན་ཚད་ཀྱང་རྩ་ཁྲིམས་སྐོར་གྲུབ་མཚམས་ཆབས་ཅིག་གཏན་

102


ལས་ཁུངས་ཁག་ལེགས་སྒྲིག་དང་ནང་ཁུལ་རྩོད་རྙོག་ཞི་འཇགས་བཏང་སྐོར།

འཁེ ལ ཡོ ང ་ཐབས་ཟུར་དུ་གྲོས་བསྡུར་བྱ་རྒྱུ།” (1)ཞེ ས ་བཀའ་བསྩལ་པ་ལྟར་ གོང་གསལ་ཁག་མང་ཆེ་བ་ཕྱི་ལོ་ ༡༩༦༣ ལོར་མ་འོངས་རྩ་ཁྲིམས་རྒྱས་པ་ གསལ་བསྒྲགས་གནང་བའི་རྗེས་སུ་ལག་བསྟར་ཞུ་འགོ་བཙུགས། སྤྱི་འཐུས་

སྐབས་གཉིས་པ་ནས་བཟུང་ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་

དང༌། རྩ་ཁྲིམས་འབྲུ་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་

རིག་དང༌། ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་བསྐོ་འཛུགས་བསྐྱང་

རྒྱུ་གསལ་བ་ལྟར་བསྐོ་སྩལ་གནང༌བ་སོགས་གོང་འཁོད་ལོ་སྟར་ཆགས་སུ་ བཀོད་པའི་བྱུང་རིམ་དག་ནི་བཙན་བྱོལ་གཞུང་གསར་འཛུགས་ལེགས་པོར་

གྲུབ་རྗེས་སྒྲིག་འཛུགས་ལས་ཁུངས་ཁག་ལ་འཕྲི་སྣོན་དང་། ལས་དོན་བྱེད་ ཕྱོ ག ས་འཐུས་ཚང་དུ་བཏང་ནས་(དམངས)མང་གཙོ འི ་ བགྲོད་ལམ་ཡངས་ པོར་ཕྱེས་ཤིང་།

ནང་ཁུལ་མཐུན་མིན་གྱི་རྩོད་རྙོག་ཆུང་ཙག་བྱུང་རིགས་

རྣམས་ཀྱང་དུས་ཐོག་ཞི་འཇགས་སུ་བཏང་སྟེ་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་

གྱི ས ་བོ ད ་བསྟན་སྲི ད ་མི ་ རི ག ས་ཀྱི ་ བདེ ན ་མཐའི ་ འཐབ་རྩོ ད ་ཆེ ད ་གཞི ་ རྐང་ བརྟན་པོ་འཛུགས་ཐུབ་པ་བྱུང་ཡོད།

1 བོད་གཞུང་ཕྱི་དྲིལ་ལས་ཁུངས་ནས་ཕྱི་ལོ་ ༢༠༠༡ ལོར་དཔར་དུ་བསྐྲུན་པའི་སྲིད་ཞིའི་རྣམ་འདྲེན་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བོད་མི་སྤྱི་འཐུས་ཀྱི་གྲོས་ཚོགས་ཁག་དང་། བཀའ་ཤག་གིས་མཚོན་ གཞུང་ཞབས་ལས་བྱེད་པར་བསྩལ་པའི་བཀའ་སློབ་ཕྱོགས་བསྡེབས་ཀྱི་པོད་དང་པོའི་ཤོག་གྲངས་ ༦༠ ནས་ ༦༢ བར་གསལ།

103


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་བརྒྱད་པ། ༈ རྩ་ཁྲིམས་གསལ་བསྒྲགས་ཀྱིས་སྒྲིག་ འཛུགས་བསྐྱར་བཅོས་དང་། གཞུང་རྙིང་པའི་ལས་བྱེད་གོ་ མིང་ཕྱིར་བསྡུ། བོད་མི་མང་སྤྱི་འཐུས་ཚོགས་གཙོ་ བགྲེས་གཞོན་ཐོག་མར་གསར་དུ་བསྐོ་སྩལ་ གནང་བ་བཅས་ཀྱི་སྐོར།

མ་འོང ས་བོ ད ་ཀྱི ་ རྩ་ཁྲི མ ས་བསྐྱར་དུ་བཅོ ས ་སྒྲི ག ་དང་ཡོ ང ས་ཁྱབ་

གསལ་བསྒྲགས་གནང་བ་དང་སྦྲགས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་

འགན་འཁུར་འོག ་གཞུང་གི ་ སྒྲི ག ་འཛུགས་དང་ལས་བྱེ ད ་པའི ་ བཀོ ད ་སྒྲི ག ་

བསྐྱར་བཅོས་གནང༌སྟེ་། མི་མང་གི་གཞུང་གསར་པའི་ལས་བྱེད་པའི་ཁོངས་

སུ་གཞུང་རྙིང་པའི་ལས་བྱེད་ངོ་ཡོད་རྣམས་ཀྱི་གོ་མིང་རྣམས་དེང་དུས་འཛམ་

གླིང་སྤྱི་སྲོལ་གྱི་གནས་ཚུལ་དང་གཏན་ནས་མི་འཚམས་ཤིང༌། རྩ་ཁྲིམས་ཀྱི་ དགོངས་དོན་དང་ཡང་ཕྱོགས་འགལ་དུ་སོང་ཡོད་པ་སོགས་ལ་གཞིགས་ནས་

ལས་བྱེ ད ་རྣམས་ཀྱི ་ ཁྲོ ད ་གཞུང་རྙི ང ་པའི ་ དུས་ཀྱི ་ གོ ་ མི ང ་ཆེ ་ ཕྲ་ཇི ་ ཡོ ད ་རྨང་ ནས་ཕྱིར་བསྡུ་བསྐྱངས་ཤིང་།

ལས་བྱེད་རྙིང་པ་རྣམས་བོད་མི་མང་བྱིངས་

དང་ཐོབ་ཐང་འདྲ་མཉམ་དུ་གནས་པར་བྱས་པ་དང་། བོད་མི་མང་སྤྱི་འཐུས་

ཚོ ག ས་གཙོ ་ བགྲེས་གཞོ ན ་ཐོ ག ་མར་གསར་དུ་བསྐོ་སྩལ་གནང་བ་སོ ག ས་ སྐབས་དེའི་བྱུང་རིམ་རྣམས་ལོ་སྟར་ཆགས་སུ་བཀོད་ན།

ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་ (དམངས)

མང་གཙོའི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ལེའུ་བཅུ་དང༌།

དོན་ཚན་བདུན་ཅུ་

དོ ན ་བདུན་ཅན་གསལ་བསྒྲགས་བསྐྱངས་པ་དང་ཆབས་ཅི ག ་ྋགོ ང ་ས་ 104


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་དེ ་ དང་འབྲེ ལ ་བའི ་ ཐོ ག ་བཀའ་སློ བ ་ ཕེབས་དགོངས་སུ།

“ང་ཚོས་མ་འོངས་པར་ལམ་ཕྱོགས་ཇི་ལྟར་བགྲོད་

དགོས་པའི་སྐོར་ད་ལྟ་ནས་བསམ་གཞིག་དང་གྲ་སྒྲིག་གིས་རིམ་བགྲོད་བྱེད་

དགོས་པ་ནི་ད་ལྟའི་དུས་སྐབས་ཀྱི་རང་རེའི་ལས་འགན་ཡིན་ཞིང༌། དེའི་དོན་ དུ་ངེད་ནས་མ་འོངས་པའི་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་སྔོན་མ་ལས་རྒྱས་ཙམ་

ཞིག་ད་ལམ་འགྲེམས་སྤེལ་བྱས་པ་འདིར་བོད་མི་ཚོས་བརྟག་ཞིབ་ནན་ཏན་བྱ་

དགོས།

རྩ་ཁྲིམས་ཀྱི་ཟིན་བྲིས་འདི་བཞིན་སྟོན་པ་ཐུགས་རྗེ་ཅན་གྱི་བཀའ་

དང༌། བོད་རྗེ་ཆོས་རྒྱལ་གོང་དུས་ནས་དར་བའི་རང་རེའི་གོམས་སྲོལ་བཟང་ པོ་རྣམས་དང་མི་འགལ་ཞིང༌།

འདྲ་མཉམ་(དམངས)མང་གཙོའི་སྲོལ་དང་

མཐུན་པ། བོད་ཀྱི་ཆོས་སྲིད། དཔལ་འབྱོར། ཤེས་རིག་སོགས་ཡར་རྒྱས་ཀྱི་

ལམ་སྒོ་ཡངས་ཤིང་རྒྱ་ཆེ་བ་ཞིག་ལེགས་པར་ཕྱེ་བའི་ཁུལ་དུ་ཡོད་ཀྱང༌། ད་

དུང་ཤེས་ལྡན་བོད་མི་ཚོར་ལེགས་ཆའི་བསམ་ཚུལ་ཇི་ཡོད་བསྡུ་གསོག་ཐོག་ རྗེ ས ་སུ་བོ ད ་ནང་ཁུལ་གྱི ་ སྤུན་ཟླ་ཚོ ར ་གོ ་ བསྡུར་ལེ ག ས་པར་བྱས་ཏེ ་ དངོ ས ་

གཞིའི་གཏན་འབེབས་ལག་ལེན་བྱེད་དགོས།” ཞེས་བཀའ་ཕེབས། <<མ་ འོངས་བོད་ཀྱི་རྩ་ཁྲིམས>>གསལ་བསྒྲགས་གནང་བ་དང་སྦྲགས། སྤྱི་འཐུས་

ལྷན་ཚོགས་ཀྱི་འགན་འཁུར་འོག་གཞུང་གི་སྒྲིག་འཛུགས་དང་ལས་བྱེད་པའི་ བཀོད་སྒྲིག་བསྐྱར་བཅོས་གནང༌།

དེ་ཡང་<<མ་འོ ང ས་བོད་ཀྱི ་ རྩ་ཁྲི མ ས>>ཡོངས་ཁྱབ་གསལ་

བསྒྲགས་གནང་བ་ཕྱི་ལོ་ ༡༩༦༥ ལོར་དཔར་དུ་བསྐྲུན་པ་ཇི་བཞིན་འདིར་

བཀོད་ན། “ཆེད་བསྒྲགས། བོད་ཆོས་ལྡན་རྒྱལ་ཁབ་ཆེན་པོའི་མངའ་རིས་སུ་

གཏོགས་པ་ཤར་ཕྱོགས་མདོ་སྟོད་སྨད་ཁུལ་དུ་འདོད་རྔམས་ཅན་གྱི་ཕྱི་རྒྱལ་

བཙན་འཛུལ་བས་དྲག་ཤུགས་ཉི ན ་བཞི ན ་ཇེ ་ ཆེ ་ ཇེ ་ ཆེ ར ་གཏོ ང ་བ་དང་དུས་

མཚུངས་བོ ད ་ལྗོ ང ས་ལྷ་མི ་ ཡོ ང ས་ཀྱི ་ རེ ་ མོ ས ་བཟློག་ཏུ་མ་བཏུབ་པར་རྒྱལ་ 105


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁབ་ཀྱི་ཆབ་སྲིད་འགན་ཁུར་ངོས་རང་ལ་བབས་པ་ནས་བཟུང་ཆབ་འབངས་

རྣམས་ཆོ ས ་འབྱོ ར ་བདེ ་ དགའི ་ དཔལ་ལ་རྟག་ཏུ་སྤྱོ ད ་པའི ་ ཐབས་ཚུལ་གང་

ཡོང་བགྱིད་མུས་ནས་སྲིད་ཀྱི་སྐྱོང་སྟངས་ལས་དོན་མྱོང་རྟོགས་ཅུང་ཟད་བྱུང་

བའི ་ སྐབས་དེ ར ་རང་རེ འི ་ བོ ད ་གཞུང་གི ་ གནས་སྟངས་ལའང་དེ ང ་དུས་ལོ ་

རབས་ཉི་ཤུ་པའི་འཛམ་གླིང་གི་འགྲོ་ལུགས་ལ་གཞིགས་པའི་བསྒྱུར་བཀོད་

དགོས་ངེས་བཏང་སྟེ་འདེམས་བསྐོས་མི་མང་སྤྱི་འཐུས་ནས་གཞུང་གི་ལས་

དོན་འཛིན་སྐྱོང་ཐོག་ཐེ་བྱུས་དབང་འཛིན་ནུས་ཤུགས་ཐོན་པ་ཞིག་བཟོ་རྒྱུར་

ཐག་བཅད་ཟིན་པ་ཡིན། འོན་ཀྱང་རང་རེའི་ཡུལ་ནི་རྒྱ་དམར་གྱི་བཙན་འཛུལ་

དྲག་གནོན་འབུ་ཆེས་ཆུང་ཟོས་ཀྱི་གདུག་རྩུབ་ཅན་གྱི་མི་སེར་སྤེལ་ཡུལ་ཞིག་

ཏུ་གྱུར་ཏེ་ངོས་ཀྱི་རེ་དོན་ལག་ལེན་དུ་འཁེལ་ཐུབ་པ་མ་བྱུང་བའི་ངང་། ཕྱི་ལོ་ ༡༩༥༩ ཟླ་ ༣ པ་ནང་བོད་རྒྱ་ཁྱབ་ཏུ་འགྲོ་བ་མིའི་བསམ་བརྗོད་ལས་འདས་

པའི་དུས་ཀྱི་འགྱུར་བ་མི་བཟད་པ་ཞིག་བྱུང་གཤིས་ངོས་རང་བསྟན་སྲིད་བདེ་

དོན་གལ་ཆེའི་སླད་རང་ཡུལ་ནས་ཕྱིར་ཐོན་མི་བྱ་མཐུ་མེད་ཀྱི་གནས་སུ་གྱར་

བ་དེ་ལྟ་ནའང་། བོད་རྒྱལ་བསྟན་ཆབ་སྲིད་སྐྱེ་འགྲོའི་འཕྲལ་ཡུན་ཕན་བདེའི་ དོན་ཆེན་འདི་བཞིན་རང་རེའི་བྲོས་བྱོལ་གཞུང་གི་བྱེད་སྒོ་སྐབས་སུ་བབས་པ་

ཞིག་ཡིན་པར་བརྟེན་མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་ཞིག་ཕྱི་ལོ་ ༡༩༦༡

ཟླ་ ༡༠ ཚེས་ ༡༠ ཉིན་ཁྱབ་བསྒྲགས་བགྱིས་པ་དེར་བཙན་བྱོལ་བོད་མི་ ཡོངས་ནས་དགའ་མགུ་བློ་མོས་བརྩི་བཀུར་ཆེན་པོ་བྱེད་པ་དང་བཅས་དེ་རྗེས་

འདི་གར་མི་མང་སེར་སྐྱའི་སྤྱི་འཐུས་རྣམས་ལའང་གོ་བསྡུར་ཐོག་ནས་གོང་གི་

རྩ་ཁྲིམས་སྙིང་དོན་གཞི་རྩར་བཞག་པའི་བོད་ཀྱི་རྩ་ཁྲིམས་རྒྱས་ཙམ་འདི་ཉིད་ བཟོ་འགོད་བགྱིས་པ་ཡིན།

རྩ་ཁྲིམས་འདི་ནི་དེང་རབས་འཛམ་གླིང་གི་གནས་ཚུལ་དང་། བོད་

ནང་སྔར་ནས་དར་བའི་ཆོས་སྲིད་ལུགས་སྲོལ་བཟང་པོ་སོགས་ཕྱོགས་གང་ 106


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

སར་གོ་བསྟུན་བསམ་ཞིབ་ནན་ཏན་གྱིས་ཕྱོགས་སྒྲིག་བགྱིས་ཏེ་དཔལ་འབྱོར་

དང་སྤྱི་ཚོགས་དྲང་བདེན་ཡོང་བ།

མི་མང་ནས་རང་རང་ཤེས་སྤྱོད་ལ་

གཞིགས་པའི་གཞུང་གི་ལས་དོན་ཐོག་ཞུགས་ཏེ་བྱས་ནུས་ལེགས་ཐོན་ཡོང་ ཐུབ་པ་ཞིག་ཡོད་ངེས་ཡིན།

ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་ << མ་འོངས་བོད་ཀྱི་རྩ་

ཁྲིམས་ཟིན་བྲིས >> ཁྱབ་བསྒྲགས་བགྱིས་པ་དེར་ “ཏཱ་ལའི་བླ་མའི་དབང་ཆ་ འདོར་དགོས་པ་བྱུང་ན་རྩ་ཁྲིམས་དང༌། ཚོགས་འདུའི་འགྲོ་ལུགས་མཐུན་པར་

ཐག་གཅོད་བྱེད་རྒྱུ་” ཞེས་པ་ཙམ་ལས་གཞན་དོན་ཚན་ཚང་མར་བཙན་བྱོལ་ བོད་མི་ཡོངས་ནས་དགའ་མགུ་བློ་མོས་བརྩི་བཀུར་ཆེན་པོ་བྱས་པ་དང༌། དེའི་

རྗེས་སུ་སྤྱི་འཐུས་རྣམས་ལའང་གོ་བསྡུར་ཐོག་ནས་རྩ་ཁྲིམས་སྙིང་དོན་གཞི་

རྩར་བཞག་པའི་ཐོག་མ་འོངས་བོད་ཀྱི་རྩ་ཁྲིམས་རྒྱས་པ་བཟོ་འགོད་གནང༌། དེ་འདྲ་པོའི་རྩ་ཁྲིམས་ནི་དེང་རབས་འཛམ་གླིང་གི་གནས་ཚུལ་དང༌། བོད་ནང་

སྔར་ནས་དར་བའི་ཆོས་སྲིད་ལུགས་སྲོལ་བཟང་པོ་སོགས་ཕྱོགས་གང་སར་

གོ་བསྟུན་བསམ་ཞིབ་ནན་ཏན་གྱིས་ཕྱོགས་སྒྲིག་བགྱིས་ཏེ་དཔལ་འབྱོར་དང་

སྤྱི་ཚོགས་དྲང་བདེན་ཡོང་བ། མི་མང་ནས་རང་རང་ཤེས་སྤྱོད་ལ་གཞིགས་ པའི་གཞུང་གི་ལས་དོན་ཐོག་ཞུགས་ཏེ་(བྱས)བྱེད་ནུས་ལེགས་ཐོན་ཡོང་ཐུབ་

པ་དང༌། དེའི་དམིགས་ཡུལ་ནི་བོད་རང་བཙན་བསྐྱར་ལོན་བྱུང་མ་ཐག་ཏུ་ཐོག་ མའི་རྩ་འཛིན་ལག་ལེན་བསྟར་རྒྱུ།

དེའི་རྗེས་འདེམས་བསྐོས་མི་མང་སྤྱི་

འཐུས་རྣམས་ཀྱི ་ བསམ་འཆར་ལ་བརྟེན་ནས་སྣོན་འཕྲི ་ བསྐྱར་བཅོ ས ་བྱ་རྒྱུ་

བཅས་ཡིན།

རྩ་ཁྲིམས་འདི་བཞིན་བོད་རང་བཙན་བསྐྱར་ལོན་བྱུང་མ་ཐག་ཏུ་ཐོག་

མའི་རྩ་འཛིན་ལག་ལེན་བསྟར་རྒྱུ་དང་། དེ་ནས་འདེམས་བསྐོས་མི་མང་སྤྱི་ འཐུས་རྣམས་ཀྱི་བསམ་འཆར་ལ་བརྟེན་ནས་སྣོན་འཕྲི་བསྐྱར་བཅོས་བགྱི་རྒྱུ་ 107


ཡིན༑

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༠ བོད་རང་བཙན་བསྐྱར་རྩོད་སྒེར་

ལངས་བྱས་པའི་དྲན་གསོའི་དུས་ཆེན་ཐེངས་བཞི་པའི་སྐབས་ངོས་ནས་ཁྱབ་

བསྒྲགས་བགྱིས་པའི་རྩ་ཁྲིམས་འདིའི་ཚིག་སྦྱོར་ལ་ལེགས་བཅོས་དང་འབྲེལ་ འགོ་གཤམ་གྱི་མཆོད་བརྗོད་སྨོན་ཚིག་དང་། བར་སྐབས་ཚིགས་བཅད་ཁག་

བཅས་གསར་བསྣན་གྱི ས ་ད་ལམ་བསྐྱར་དུ་དཔར་འདེ བ ས་འགྲེམས་སྤེ ལ ་

བགྱིས་པ་ཡིན་པས། བོད་ཕྱི་ནང་དུ་གནས་པའི་རང་རིགས་རྣམས་ནས་འདིའི་ འབྲུ་དོན་གོ་རྟོགས་ཐུབ་ངེས་ཀྱི་སྦྱང་བརྩོན་ཐོག བོད་རང་དབང་རང་བཙན་

འཕྲལ་མྱུར་ལོ ན ་ཐབས་ཀྱི ་ ལས་དོ ན ་གང་ཅི ར ་ཚང་མས་ལྷག་བསམ་ཆི ག ་ སྒྲིལ་འཁུར་འགན་ཆེ་བསྐྱེད་བྱ་དགོས་ཡིད་འཇགས་འཚལ། བོད་རང་དབང་

གི་ཉི་མ་མྱུར་དུ་འཆར་བའི་མཆོག་གསུམ་གསོལ་འདེབས་བཅས། འཕགས་ ཡུལ་པཎ་རྗབ་དྷ་རམ་ས་ལ་ཞི་བའི་བསྟི་གནས་ནས།

ཏཱ་ལའི་བླ་མ་བསྟན་

འཛིན་རྒྱ་མཚོས། བོད་རྒྱལ་ཁབ་དབུ་བརྙེས་ཀྱི་ལོ་ ༢༠༩༢ གསར་དུ་བཞད་ པའི་ཟླ་ ༡ ཚེས་ ༣ ཕྱི་ལོ་ ༡༩༦༥ ཟླ་ ༣ ཚེས་ ༦ བཟང་པོར་བྲིས།།”

བོད་ཀྱི་རྩ་ཁྲིམས།

༄༅།།ཨོྃ་སྭ་སྟི། རྒྱ་མཚོའི་རྡུལ་རྙེད་བསོད་ནམས་ནོར་བུའི་སྐྱེས། ། གཞན་ཕན་འོད་རླབས་མཁའ་ལྟར་ཡངས་པའི་རྩེས། ། ཀུན་དགའི་ཆུ་སྐྱེས་འབུམ་དུ་འབྱེད་པའི་གཉེན། ། ཤཱཀྱའི་ཉི་མ་སྲིད་པའི་མིག་ཏུ་བསྔགས། ། 108


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

སྲིད་ཞིའི་གདུང་བ་ཀུན་སེལ་སྙིང་རྗེའི་གཏེར། །

འཕྲིན་ལས་ཕ་མཐའ་མེད་པའི་འཛུམ་ཟེར་ཅན། །

བརྒྱད་གཉིས་ལང་ཚོའི་ཆ་རྫོགས་ཟླ་བའི་བཞིན། ས་གསུམ་ཡིད་ཀྱི་ཀུན་དའི་གཉེན་དུ་ཆེ། །

བྷོ་ཊའི་མུན་ཆེན་གཞིལ་བ་ཚངས་པའི་སྲིད། །

རྒྱལ་བའི་རིགས་གསུམ་མཚན་དཔེར་བརྗིད་པའི་གར། །

ས་སྐྱོང་བྱེ་བའི་རལ་ཀླུང་དུད་པའི་རྩེར། །

མེས་དབོན་རྣམ་གསུམ་སྔོན་རབས་ཕྲེང་བར་མཛེས། ། ༵ ་གི་རྡོ་རྗེ་དབ༵ང་བཅུས་སྙེམས་པའི་རྩལ། ། ངག

ས་གསུམ་ཕན་བདེར་བསྒྱུར་བའི་ལུགས་ཟུང་གིས། །

༵ ་འབྱེད་མཁས་པའི། ། བློ༵་ལྡན་སྐལ་བཟ༵ང་འདབ་རྒྱ

མཚོ༵་བྱུང་མགྲིན་པར་རོལ་བ་བསྟན་པའི་དཔྱིད། ། ༵ ་གི་འདོད་འཇོ་འཇིག་རྟེན་དབ༵ང་། ། མི་ཟད་ངག

བློ༵་འདས་སྐལ་བཟ༵ང་རྒྱལ་བའི་རྣམ་ཐར་གྱིས། །

༵ ་དབང་བསྟན༵ ་ལ་དཔལ་གྱི་མཛོད་འཛིན་པ། ། ཐུ བ ༵ ་ཆེན་ཆོས་ཀྱི་རོལ་མཚོ༵་གཙུག་གི་རྒྱན། ། རྒྱ

109


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མངོན་དགའ་གསར་པའི་མུ་ཏིག་འཁྲི་ཤིང་སྟོང་། །

འཛམ་གླིང་ཀུན་དགེར་བགྱིད་པའི་མཁས་རྣམས་ཀྱི། །

དཔྱིད་ཀྱི་ལང་ཚོར་དར་བའི་དུས་སྟོན་གྱིས། །

གྲགས་པའི་ཕྲེང་བ་ཀུན་གསལ་མཐར་ཡང་རིང་། །

མི་བསྲུན་བདུད་རིགས་ནག་པོ་བརྩེགས་པའི་རི། །

ཆོས་སྲིད་རྣམ་པར་རྒྱལ་བའི་རུ་མཚོན་ཆེ། །

མཐུ་སྟོབས་རྡོ་རྗེའི་ཐོག་གིས་རབ་(བཅོམས)བཅོམ་ནས། ། སྒྲེང་ལ་བསྟན་སྲུང་རྒྱ་མཚོ་རྩལ་མ་ཞན། །

དུས་ངན་མཚན་མོའི་ཐུན་གསུམ་མཐར་བསྐྲད་དེ། །

འདྲེན་བྱེད་སྐྱ་རེངས་གཞོན་ནུ་དེང་ཤར་གྱི། །

རྫོགས་ལྡན་ཀུན་བཟང་ཞིང་གི་ཉིན་བྱེད་དཔལ། །

གྲོགས་དག་དགའ་བའི་མིག་ཡངས་ད་གདོངས་ཤིག །

ཅེ ས ་ཤི ས ་པ་བརྗོ ད ་པའི ་ དབྱངས་ཀྱི ་ རྒྱལ་མོ ་ དགེ ་ ལེ ག ས་མཐའ་

ཡས་པའི་མགྲོན་བསུ་བ་ལ་མངོན་དུ་ཆས་པས་ཐོག་མའི་ལམ་ཡངས་པོར་ཕྱེ་

ནས། དེ་ཡང་རང་ཅག་བསིལ་ལྡན་གངས་ཅན་གྱི་ལྗོངས་འདིར་བཀའ་དྲིན་

ལྷག་པར་དུ་ཆེ ་ བ་ཆོ ས ་རྒྱལ་མེ ས ་དབོ ན ་རྣམ་གསུམ་གྱི ས ་མཚོ ན ་སྔོ ན ་བྱོ ན ་ ༸རྒྱལ་མཆོག་སྐུ་ཕྲེང་གོང་མ་ན་རིམ་ནས་འགྲོ་བའི་བློ་མོས་ཡུལ་དུས་གནས་

སྐབས་ཀུན་དང་འཚམས་པའི ་ ལུགས་གཉི ས ་བཀའ་ཁྲི མ ས་ཀྱི ་ ལམ་སྲོ ལ ་ 110


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

བཟང་པོ་གཏོད་པར་མཛད་དེ་སྐྱེ་རྒུ་མཐའ་དག་ཆོས་འབྱོར་བདེ་སྐྱིད་དགའ་

སྟོན་གྱི ་ དཔལ་ལ་ལོ ང ས་སུ་སྤྱད་དང་སྤྱོ ད ་བཞི ན ་པར་འཚོ ་ བ་དེ ་ ལྟར་ཡང་། འདུས་བྱས་ཀྱི་རང་མཚང་ཕྱི་ནང་སྣོད་བཅུད་གང་ས་ནས་འགྱུར་ལྡོག་ཚབས་

ཆེ འི ་ དབང་གི ས ་གནའ་བོ འི ་ ལམ་སྲོ ལ ་ཁོ ་ ནས་དུས་བསྟུན་མི ་ མང་གི ་ བདེ ་

ཐབས་དང་། འབྱུང་འགྱུར་ཡར་རྒྱས་འགྲོ་ཕྱོགས་ཀྱི་གནས་ཚུལ་དང་མཐུན་

པའི ་ ཤུགས་ནུས་ཇི ་ བཞི ན ་འདོ ན ་སྤེ ལ ་མ་ཐུབ་པའི ་ སྐྱོན་གནད་གསལ་པོ ར ་ མངོན་ཟིན་ཅིང་།

དེས་ན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་བྱ་ཕྱོགས་ནི་བདག་

ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་ལེགས་པར་གསུངས་པའི་དམ་པའི་ཆོས་ ཀྱི་དགོངས་དོན་དྲང་བདེན་དང་། འདྲ་མཉམ། (དམངས) མང་གཙོ་བཅས་ཀྱི་

གཞི་རྩའི་ནུས་ཤུགས་ཇེ་ཆེ་ཇེ་ཆེར་གཏོང་རྒྱུའི་བློ་འདོད་དངོས་ཡོད་དེ་དོན་

ངེས་པར་དགོས་པ་ཡིན།

དེ ་ འབྲེ ལ ་བོ ད ་མི ་ མང་ནས་རང་གི ་ འཕྲལ་ཡུན་གཏན་བདེ འི ་ ལམ་

བཟང་སྒྲུབ་ཕྱོགས་འདི་ལས་གལ་གནད་ཆེ་བ་གཞན་དུ་མེད་གཤིས་བོད་མི་ ཡོངས་ཀྱིས་ལྷག་བསམ་གྱི་འོ་མཚོ་གྱེན་དུ་འཕྱུར་བའི་ནུས་སྟོབས་ལྷག་པར་

བསྐྱེད་དེ ་ རང་རང་གི ་ རེ ་ འདོ ད ་བསམ་འཆར་འདོ ན ་དགོ ས ་ཀྱང་དོ ན ་གནད་ ཤིན་ཏུ་གལ་ཆེ་ཞིག་ཡིན། རྒྱུ་མཚན་འདི་ལྟར་ལ་བརྟེན་ད་ཆ་༸རྒྱལ་བསྟན་

ཡོངས་རྫོགས་ཀྱི་བདག་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་

ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་གངས་ལྗོངས་སྐྱེ་བོ་ཡོངས་

ལ་ཐུགས་བརྩེ ་དགྱེ ས ་སྤྲོའི་ ངང་ནས་ཕན་བདེའི་ ལམ་བཟང་སྟོན་པའི་ བཀའ་ འཁོར་ཟབ་མོ་སྤྱི་བོར་སྩལ་བ། །

111


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལེའུ་དང་པོ། སྔོན་གླེང་།

འགོ་འཛུགས། དོན་ཚན་དང་པོ།

རྩ་ཁྲིམས་འདི་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་

གཏན་འབེབས་མཛད་པའི་དུས་ཚེས་དེ་ནས་བཟུང་དངོས་སུ་རྩ་འཛིན་ལག་

ལེན་བསྟར་རྒྱུ།

བོད་མིའི་ཆབ་སྲིད་ཀྱི་རང་བཞིན། དོན་ཚན་གཉིས་པ།

བོད་ནི་སྟོན་པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་དམ་པའི་

ཆོས་ཀྱི་དགོངས་དོན་རྩ་བཟུང་ (དམངས) མང་གཙོ་གཅིག་སྒྲིལ་གྱི་རྒྱལ་ ཁབ་ཅིག་བྱེད་པ་དང་།

འདི་གཤམ་ཞིབ་འཁོད་ཀྱི་དོན་གནད་ཁག་གཞིར་

བཞག་ཐོག་ནས་མ་གཏོགས། དེ་མིན་ད་ལྟའི་རྩ་ཁྲིམས་འདི་ལ་བསྒྱུར་བཀོད་ གཏོང་རྒྱུ་མིན།

གཞུང་གི་རྩ་དོན། དོན་ཚན་གསུམ་པ།

གཞུང་ནས་མཉམ་སྦྲེལ་རྒྱལ་ཚོགས་ཀྱི ་ ཡོངས་ཁྱབ་གསལ་

བསྒྲགས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་བརྩི་ནན་ཏན་བྱེད་པ་དང་། བོད་མི་མང་ གི ་ སེ མ ས་སྟོབས་དང་དངོ ས ་པོ འི ་ ཁེ ་ ཕན་ཡར་རྒྱས་གཏོ ང ་བའི ་ ལས་འགན་

བསྒྲུབ་རྒྱུ།

རྩ་ཁྲིམས་ཀྱི་ཁྱད་གནད། དོན་ཚན་བཞི་པ། ༡

ཁྲིམས་ལུགས་དང་། བཀའ་རྩ། སྒྲིག་ཁྲིམས། ཡང་ན་ཆབ་སྲིད་དབང་

འཛིན་གྱི་བཀའ་བཅས་འདི་དག་གང་རུང་རྩ་ཁྲིམས་འདིའི་དོན་ཚན་ཅི་རིགས་

དང་ཕྱོགས་འགལ་གྱི་གནས་ཚུལ་ཇི་བྱུང་ལ་བརྩི་འཇོག་ཆ་འཛིན་མེད་པ་བྱ་ རྒྱུ༑

ཁྲིམས་ལུགས་དང་། བཀའ་རྩ། སྒྲིག་ཁྲིམས། ཡང་ན་ཆབ་སྲིད་དབང་ 112


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

འཛི ན ་གྱི ་ བཀའ་བཅས་རྩ་ཁྲི མ ས་འདི འི ་ དོ ན ་གནད་ཁག་དང་ཕྱོ ག ས་འགལ་

ཡི ན ་མི ན ་ཁྲི མ ས་ཁང་མཐོ ་ ཤོ ས ་ནས་ཐག་བཅད་ཆོ ག ་པའི ་ དབང་ཆ་འཛི ན ་ ཕྱོགས་ཞིབ་གསལ་གཏན་འབེབས་བྱ་རྒྱུ།

རྒྱལ་སྤྱིའི་ཁྲིམས་ལུགས་ཁས་ལེན། དོན་ཚན་ལྔ་པ།

རྒྱལ་ཁབ་ཀྱི་ས་ཁུལ་ཁག་ནང་ལག་ལེན་བསྟར་བཞིན་པའི་ཁྲིམས་

ལུགས་དང་། བཀའ་རྩ། སྒྲིག་ཁྲིམས་ཁག་བཅས་སྤྱི་ཡོངས་ནས་ཁས་ལེན་

བྱེ ད ་པའི ་ རྒྱལ་སྤྱི འི ་ ཁྲི མ ས་ལུགས་ཀྱི ་ རྩ་དོ ན ་དང་མཐུན་པ་བྱ་རྒྱུ་དང་།

ཁྲིམས་སྲོལ་ཕྱི་མིའི་ཐོབ་ཐང་སྐོར་རྒྱལ་སྤྱིའི་འགྲོ་ལུགས་དང་། ཆིངས་དོན་ ཡིག་ཁག་ཕྱོགས་མཐུན་གྱི་ཁྲིམས་ལུགས་ལ་བརྟེན་པའི་སྒྲིག་བཟོ་ལམ་སྟོན་

བྱ་རྒྱུ།

དྲག་པོའི་འཐབ་འཛིངས་སྤོང་བ། དོན་ཚན་དྲུག་པ།

བོད་ནས་རྒྱལ་སྤྱིའི་རྩོད་རྙོག་ཐག་གཅོད་བྱ་ཐབས་དང་།

མི་མང་

གཞན་གྱི་འདོད་དབང་ཐོག་ཏུ་དྲག་ཤུགས་ཀྱི་བྱ་བ་ལག་ལེན་བསྟར་བ། དེ་

བཞིན་ཕར་རྒོལ་སྲིད་བྱུས་ཀྱི་ལག་ཆ་ལྟ་བུའི་དམག་འཐབ་ནི་སྔར་བཞིན་སྤོང་

རྒྱུ་དང་། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་རྩ་དོན་ཁག་ལ་བརྩི་བཀུར་ བྱ་རྒྱུ།

རྒྱལ་ཁབ་ཀྱི་མངའ་འབངས། དོན་ཚན་བདུན་པ།

བོད་རྒྱལ་ཁབ་ཀྱི་མངའ་འབངས་སུ་ཞུགས་པ་དང་། དེ་ལས་ཕྱིར་

འཐེན་བྱེད་པ།

འདི་དང་འབྲེལ་ཡོད་དོན་གནད་གཞན་དག་བཅས་ཀྱི་སྐོར་

དགོ ས ་ངེ ས ་དོ ན ་ཚན་ཁག་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་བཟོ ་ འགོ ད ་བྱ་རྒྱུ་

བཅས་སོ།།

གངས་ཅན་ས་ཡི་ཐིག་ལེར་རྟེན་བཟང་གི ། 113


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལང་ཚོའི་འཁྲི་ཤིང་དར་བའི་སྐྱེ་བོ་ཀུན། །

རྩེ་དགའ་གསར་པའི་དུས་སྟོན་སྙིང་ལ་སིམ། །

རང་སྲིད་རང་གིར་སྤྱོད་པའི་མངོན་འདོད་ཀྱི། །

འཛམ་གླིང་སྐྱེ་བོས་བཀུར་བའི་སྤྱི་སྙོམས་ཁྲིམས། །

འཚེ་སྤོང་ཐབས་ཀྱིས་སྤྲེལ་ཚ་རིགས་བཞིའི་ལྗོངས། །

ཡང་དག་ཞི་བའི་ལམ་དང་རྗེས་མཐུན་པར། །

སྣོད་བཅུད་དགེ་མཚན་སྤེལ་ལ་སུ་མི་གུས། །

སྡིག་ཏོའི་ངན་གཡོས་བསྐྱེད་པའི་དུག་ཤིང་གི །

ཚངས་པའི་གནས་བཞིའི་སྤྱོད་པའི་འདབ་བརྒྱ་པ། །

མེ་ཏོག་ཚུ་རོལ་མཛེས་པ་གཟིལ་གནོན་པའི། །

ལེགས་གསུང་ཐུབ་པའི་ཆོས་ཀྱི་མཚོ་ལས་སྐྱེས། །

ལེའུ་གཉིས་པ། གཞི་རྩའི་ཐོབ་ཐང་དང་ལས་འགན། ཁྲིམས་ཀྱི་མདུན་སར་འདྲ་མཉམ།

དོན་ཚན་བརྒྱད་པ།

བོད་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། སེར་སྐྱ་ཕོ་མོ་

དང་། མི་རིགས། སྐད་ཡིག ཆོས་ལུགས། སྤྱི་ཚོགས་ཀྱི་འབྱུང་ཁུངས། མཁར་

དབང་། རིགས་བརྒྱུད། གནས་སྟངས་གཞན་དག་བཅས་འདི་འདྲའི་གནས་

ཚུལ་གང་ཅི འི ་ ཐོ ག ་ཏུ་དབྱེ ་ འབྱེ ད ་མེ ད ་པར་ལེ འུ ་འདི ་ ནང་འཁོ ད ་པའི ་ རང་ 114


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དབང་དང་ཐོབ་ཐང་ཁག་ལོངས་སུ་སྤྱད་ཆོག་པ་ཡིན།

ལུས་སྲོག་དང་། འདོད་དབང་། མཁར་དབང་བཅས་ཀྱི་ཐོབ་ཐང་།

དོན་ཚན་དགུ་པ།

ཁྲི མ ས་ཀྱི ་ འགྲོ་ལུགས་དང་མ་མཐུན་པར་སྐྱེ་བོ ་ སུ་རུང་གི ་ ལུས་

སྲོག་དང་། འདོད་དབང་། མཁར་དབང་བཅས་འཕྲོག་ལེན་མི་ཆོག ལུས་སྲོག་གི་ཐོབ་ཐང་། དོན་ཚན་བཅུ་པ།

སྐྱེ་བོ་རེ་རེར་ལུས་སྲོག་གི་ཐོབ་ཐང་ཡོད། འོན་ཀྱང་སྐབས་བསྟུན་

དགོས་དབང་བཙན་ཤུགས་ཀྱིས་འཕྲོག་ལེན་མི་བྱ་མཐུ་མེད་བྱུང་ནའང་དོན་ ཚན་འདི་དང་ཕྱོགས་འགལ་མིན་པའི་གནས་ཚུལ་འདི་ལྟར།

ཀ༽ སྐྱེ་བོ་སུ་རུང་ཁྲིམས་འགལ་རླང་སྤྱོད་ཀྱི་བྱ་ངན་ལས་སྐྱོབ་ ཐབས་བྱེད་པ།

ཁ༽

ཁྲིམས་མཐུན་འཛིན་བཟུང་བྱེད་པའམ། ཁྲིམས་མཐུན་དོ་

ག༽

ཟི ང ་འཁྲུག་དང་ངོ ་ ལོ ག ་འགོ ག ་གནོ ན ་གྱི ་ ཆེ ད ་དུ་ཁྲི མ ས་

དམ་ཟིན་པ་གང་ཞིག་བྲོས་བྱོལ་དུ་མི་འགྲོ་བའི་བཀག་བསྡོམས་བྱེད་

པ༑

མཐུན་བྱ་ཐབས་ལག་ལེན་བསྟར་བ་བཅས།

འདོད་དབང་གི་ཐོབ་ཐང་།

དོན་ཚན་བཅུ་གཅིག་པ། ༡

འཛིན་བཟུང་བྱས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་། འཛིན་བཟུང་

བྱེད་དོན་ཇི་ཡིན་གྱི་གནས་ཚུལ་གང་མྱུར་ངོ་སྤྲོད་མེད་པར་རང་བཞིན་དོ་དམ་

བྱས་མི་ཆོག དེ་འབྲེལ་གང་ཞིག་རང་ཉིད་ཀྱི་བདེན་པ་སྲུང་སྐྱོབ་ཆེད་དུ་རང་

གི་བློ་མོས་ཡོད་པའི་ཁྲིམས་རྩོད་པར་གོ་བསྡུར་བྱེད་པ་དང་། རང་གི་བདེན་པ་ 115


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དག་སྐྱེལ་བྱ་རྒྱུའི་གྲ་སྒྲིག་བྱ་བར་མཐུན་རྐྱེན་དང་། དུས་ཚོད་ལྡེང་ངེས་དགོས་

པ་བཅས་ཀྱི་ཐོབ་ཐང་བཀག་བསྡོམས་མི་ཆོག ༢

འཛིན་བཟུང་དོ་དམ་བྱས་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་འཛིན་བཟུང་

བྱེད་ས་ནས། ས་གནས་ཁྲིམས་དབང་ཁྱབ་ཁོངས་ཁྲིམས་ཁང་ཉེ་ཤོས་ཤིག་ལ་

ལམ་བར་དགོས་ངེས་འགོར་ཡུན་ཕུད་པའི་ཆུ་ཚོད་ཉི་ཤུ་རྩ་བཞིའི་ནང་ཚུད་

རྩིས་སྤྲོད་ཟིན་པ་བྱ་དགོས། ཁྲིམས་དཔོན་གྱི་བཀའ་མེད་པར་དུས་ཡུན་འདི་ ལས་རིང་བ་དོ་དམ་བཀག་བསྐྱིལ་བྱས་མི་ཆོག

༣ སྐྱེ་བོ་སུ་རུང་དོན་ཚན་འདིའི་དོན་གནད་ཁག་དང་ཕྱོགས་འགལ་གྱི་

འཛིན་བཟུང་ངམ། དོ་དམ་བྱས་པ་ཡིན་ཚེ་དེ་ལ་ཁྲིམས་ཐོག་ནས་གུན་གསབ་ ཡོང་བའི་ཐོབ་ཐང་ཡོད།

ཁྲིམས་མཐུན་ཞུ་གཏུགས་ལ་སྲུང་སྐྱོབ།

དོན་ཚན་བཅུ་གཉིས་པ། ༡

ཁྲིམས་ལུགས་གཞིར་བཟུང་བསྐོ་གཞག་གནང་བའི་རང་དབང་ལྡན་ལ།

ཕྱོ ག ས་རི ས ་བྲལ་བའི ་ ཁྲི མ ས་དཔོ ན ་ལྷན་ཁང་གི ས ་དུས་ཚོ ད ་འཚམས་པའི ་

ནང་ཡོ ང ས་གྲགས་རྩོ ད ་ཞུ་དྲང་བདེ ན ་གྱི ་ སྒོ ་ ནས་ཞི བ ་ཉན་དགོ ས ་པའི ་ ཐོ བ ་ དབང་སྐྱེ་བོ་རེ་རེར་ཡོད།

ཁྲིམས་ཞིབ་དཔྱད་མཚམས་ཀྱང་ཡོངས་གྲགས་

ཐག་གཅོད་བྱ་དགོས། འོན་ཀྱང་ཡོངས་གྲགས་ཀྱིས་རྐྱེན་པས་དྲང་བདེན་ཁེ་

ཕན་ལ་གནོད་འགལ་ཆགས་གཞིའི་དམིགས་བསལ་གནས་ཚུལ་ཐོག་ཁྲིམས་ ཁང་ནས་དགོས་དབང་ལག་ལེན་མ་བསྟར་མཐུ་མེད་བྱུང་བའམ། ཡང་ན་ན་

གཞོན་རྣམས་ཀྱི་ཁེ་ཕན་དང་། ཟློས་ཡ་སོ་སོའི་སྒེར་གྱི་འཚོ་ཐབས་ལ་སྲུང་

སྐྱོབ་བྱ་འོས་ཀྱིས་མཚོན་མི་མང་གི་སྤྱོད་བཟང་དང་། སྒྲིག་ལམ། རྒྱལ་ཁབ་

བརྟན་སྲུང་བཅས་ཀྱི་ཁེ་ཕན་ཆེད་དུ་གསར་འགྱུར་འགོད་མཁན་དང་། མི་མང་ 116


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

བྱིངས་ནས་ཁྲིམས་ཞིབ་ཆ་ཚང་ངམ། བསྐྱོད་མི་ཆོག་པའང་ཡོང་རྒྱུ། ༢

དོན་གནད་འགའ་ཞིག་ཐོག་ཏུ་བལྟ་

ཁྲིམས་འགལ་ནང་ཁྲ་བཙུགས་པའི་སྐྱེ་བོ་གང་ཞིག་ལ་ཁྲིམས་ལུགས་

གཞིར་བཟུང་ཉེས་སྐྱོན་ཁུངས་སྐྱེལ་ར་འཕྲོད་མ་བྱུང་བར་ནག་ཉེས་མེད་པར་ ངོས་འཛིན་བྱ་རྒྱུ།

༣ ཁྲིམས་འགལ་ནག་སྐྱོན་བཙུགས་པའི་སྐྱེ་བོ་རེ་རེར།

ཀ༽ རང་ངོས་ནས་ཁྲིམས་རྩོད་པའི་རོགས་རམ་ལ་གླ་འབབ་སྤྲོད་

རྒྱུའི ་ མཐུན་རྐྱེ ན ་ལྡེང་ངེ ས ་མེ ད ་ཚེ ་ བདེ ན ་པའི ་ ཁེ ་ ཕན་གྱི ་ ཆེ ད ་དུ་

དགོས་གལ་བྱུང་སྐབས་ཁྲིམས་ཁང་ནས་གླ་ཆ་མེད་པའི་ཁྲིམས་རྩོད་ རོགས་རམ་བྱ་རྒྱུ།

ཁ༽ གང་དག་ཁྲིམས་ཁང་ནང་སྤྱོད་པའི་སྐད་ཡིག་གོ་རྟོགས་མ་ཐུབ་

པ་བྱུང་ན་ཁྲིམས་ཁང་ནས་གླ་མེད་སྐད་སྒྱུར་གྱི་རོགས་རམ་བྱ་རྒྱུ། ཁྲིམས་འགལ་ནག་ཉེས་སྐོར་ལ་སྲུང་སྐྱོབ།

དོན་ཚན་བཅུ་གསུམ་པ།

༡ སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཁྲིམས་འགལ་གྱི་བྱ་བ་ལག་ལེན་བསྟར་བའི་

སྐབས་དེའི་ཁྲིམས་གསལ་འགལ་འཛོལ་ཡོད་ན་མ་གཏོགས་དེ་མིན་ཁྲིམས་

འགལ་ནག་སྐྱོན་བཙུགས་མི་ཆོག དེ་འབྲེལ་ཁྲིམས་འགལ་གྱི་བྱ་བ་ལག་ལེན་

བསྟར་བར་སྐབས་དེའི་ཁྲིམས་གསལ་ཉེས་འདོམས་ཇི་ལྟར་ཟིན་པ་དེ་ལས་ལྕི་

རུ་གཏོང་བའི་རིགས་ཀྱང་མི་ཆོག ༢

སུ་ཡིན་ཡང་ཁྲིམས་འགལ་གཅིག་གི་དོན་དུ་ཉེས་བཀོད་གཅིག་ལས་

བཏང་མི་ཆོག ༣

སུ་ཡི ན ་རུང་ནག་ཉེ ས ་འཛུགས་ཡུལ་རང་ཐོ ག ་ཏུ་གནོ ད ་སྐྱོན་བྱེ ད ་ 117


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སླད་དོ་བདག་རང་ཉིད་དཔང་པོར་ཞུགས་དགོས་ཀྱི་བཙན་བསྐུལ་རིགས་མི་

ཆོག

མི་སྤྱོད་ལས་འདས་པའི་བྱ་གཞག་བཀག་སྡོམ(བསྡོམས)།

དོན་ཚན་བཅུ་བཞི་པ།

ཆབ་འབངས་སུ་རུང་ལ་མནར་གཅོད་གཏོང་བ་དང་། དམའ་འབེབས་

སམ། མི་སྤྱོད་ལས་འདས་པའི་བྱ་ལས་དང་། ཉེས་ཆད་སྒྲུབ་ཏུ་འཇུག་པའི་ རིགས་མི་ཆོག

ཚེ་གཡོག་དང་དབང་ཤེད་(བཤེད)ཀྱི་ངལ་རྩོལ་བཀག་སྡོམ་(བསྡོམས)།

དོན་ཚན་བཅོ་ལྔ་པ། ༡

སྐྱེ་བོ་སུ་འདྲ་ཞིག་ཡིན་ཡང་ཚེ་གཡོག་ཏུ་བཀོལ་སྤྱོད་མི་ཆོག་པ་དང་།

བཙན་ཤེད་(བཤེད)དམ། བྱེད་མི་དགོས།

དབང་ཤུགས་ཀྱིས་བསྐུལ་བའི་ངལ་རྩོལ་རིགས་

གོང་གསལ་དོན་ཚན་འདིའི་ནང་། (བཙན་ཤེད་(བཤེད)དམ། དབང་

ཀ༽

ཤུགས་ཀྱིས་བསྐུལ་བའི་ངལ་རྩོལ།) ཞེས་པའི་བརྗོད་དོན་དེའི་ཁོངས་སུ་མི་ འགྲོ་བ་འདི་ལྟར།

ཁྲིམས་ཁང་ཞིག་ནས་ཁྲིམས་གཅོད་ཉེས་བཀོད་ལ་བརྟེན་

པའི་དོ་དམ་བྱེད་པའི་དུས་ཡུན་རིང་ལས་རྩོལ་གང་ཡང་བྱེད་དགོས།

ཁ༽

མང་ཚོགས་ཀྱི་འཚོ་ཐབས་སམ། བདེ་སྐྱིད་ཀྱི་ཐོག་ཏུ་དོན་

ག༽

དྲག་པོའི་རྣམ་པ་ཅན་གྱི་ཞབས་འདེགས་ཅི་རིགས་ཞུ་བ།

དམ་རྐྱེན་ངན་འཇིགས་ཉེན་བྱུང་བའམ། ཡང་ན་ཛ་དྲག་གི་གནས་ ཚུལ་ལ་བརྟེན་པའི་ཞབས་འདེགས་ཅི་རིགས་ཞུ་བ། ང་༽

རྒྱལ་ཁབ་ཀྱི ་ སྤྱི ར ་བཏང་ཁུར་འཁྲི འི ་ ཆ་ཤས་སུ་གཏོ ག ས་ 118


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

པའི་ཞབས་འདེགས་སམ། དམིགས་བསལ་ཡིན།

ལས་རྩོལ་གང་ཡང་རུང་བ་བཅས་ནི་

ཕྲུག་གུར་གླ་བསྐུལ་བཀག་སྡོམ་(བསྡོམས)།

དོན་ཚན་བཅུ་དྲུག་པ།

ཕྲུག་གུ་ལོ ་ བཅུ་བཞི ་ ཧྲི ལ ་པོ ར ་ལོ ན ་པ་མན་ཆད་ཚང་མ་བཟོ ་ གྲྭ་ཁག་དང་།

གཏེར་ཁ་ཁག དེ་མིན་དཀའ་ངལ་ཉེན་ཚབས་ཅན་གྱི་ལས་རྩོལ་གང་ཡང་རུང་

བ་བཅས་སུ་གླ་བསྐུལ་མི་ཆོག དོན་ཚན་བཅུ་བདུན་པ།

ཆོས་དད་རང་དབང་།

༡ ཁྲིམས་ཀྱི་མདུན་སར་ཆོས་ལུགས་ཡོངས་རྫོགས་འདྲ་མཉམ་ཡིན།

༢ བོད་མི་རེ་རེར་བསམ་བློ་དང་། རྣམ་དཔྱོད། ཆོས་ལུགས་བཅས་ཀྱི་རང་

དབང་ཐོབ་ཐང་ཡོད། ཐོབ་ཐང་དེའི་ཁོངས་སུ་རང་ཉིད་ཁེར་རྐྱང་ངམ། གཞན་

དག་མཉམ་ཚོ ག ས་ཀྱི ་ ཐོ ག ་ནས་ཆོ ས ་གང་ཞི ག ་ལ་དད་མོ ས ་བྱེ ད ་པ་དང་། ཉམས་སུ་ལེན་པ། ཆོས་སྒོར་ཞུགས་པ། ཆོས་སྤྱོད་ཅི་རིགས་བཅས་མངོན་ གསལ་དུ་ལག་ལེན་བསྟར་ཆོག་པའི་རང་དབང་ཁག་ཀྱང་ཚུད་ཡོད།

༣ མི་མང་བདེ་དོན་གྱི་ཁེ་ཕན་དང་། མི་མང་གི་སྒྲིག་ལམ་སྲུང་འདོམས། མི་

མང་གི་སྤྱོད་བཟང་ངམ། འཕྲོད་བསྟེན། ཡང་ན་གཞན་གྱི་རང་དབང་དང་ཐོབ་

ཐང་སྲུང་སྐྱོབ་བཅས་ལ་དགོས་ངེས་ཀྱི་ཁྲིམས་གསལ་འགྲོ་ལུགས་ཕུད། རང་

ཉིད་ཁེར་རྐྱང་ངམ། མཉམ་སྦྲེལ་གྱི་ཐོག་ནས་ཆོས་དང་དད་མོས་སློབ་སྟོན་

དང་། ཆོས་ཕྱོགས་དང་དགེ་རྩའི་ལས་དོན་གང་ཡང་བྱེད་པའི་རང་དབང་ཡོད། གཞན་དག་གཞི་རྩའི་རང་དབང་ཁག

དོན་ཚན་བཅོ་བརྒྱད་པ།

119


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྒྱལ་ཁབ་བརྟན་སྲུང་དང་། མི་མང་གི་སྒྲིག་ལམ། སྤྱོད་བཟང་། འཕྲོད་

བསྟེན་བཅས་ཀྱི ་ ཁེ ་ ཕན་ཆེ ད ་དུ་ཁྲི མ ས་ལུགས་གང་རུང་གི ་ སྒོ ་ ནས་དགོ ས ་

ངེས་བཀག་བསྡོམས་བྱ་འོས་ཕུད། གཤམ་གསལ་ཐོབ་ཐང་ཁག་ཡོད།

རྒྱལ་ཁབ་ཀྱི་མངའ་འབངས་ཚང་མར་

ཀ༽

གཏམ་བརྗོད་ཀྱི་རང་དབང་།

ང་༽

བོད་ཀྱི་ས་ཁུལ་གང་སར་རང་དབང་ཐོག་ནས་འགྲོ་བསྐྱོད་

ཆ༽

བོད་ཀྱི་ས་གནས་གང་སར་གཞིས་ཆགས་གཏན་སྡོད་བྱེད་པ།

ཉ༽

ཁ༽

གོ་མཚོན་མེད་པར་ཞི་འཇམ་གྱི་ཐོག་ནས་འདུ་ཚོགས་བྱེད་པ།

ག༽ སྐྱིད་སྡུག་ཚོགས་པ་དང་། སྤྱི་མཐུན་ཚོགས་པ་འཛུགས་པ།

ཆོག་པ། ཅ༽

ཇ༽

བོད་ནས་ཕྱིར་བསྐྱོད་ལག་ཁྱེར་གྱི་ཐོབ་ཐང་།

མཁར་དབང་ཉོ་སྒྲུབ་དང་། བདག་འཛིན། སྟེར་ཚོང་ཇི་བྱེད།

ལས་རིགས་སམ། ལས་ཁུར། ཚོང་འཁོས། གཞན་དག་

ལས་དོན་གང་རུང་བྱེད་པ་བཅས།

དོན་ཚན་བཅུ་དགུ་པ།

མཁར་དབང་གི་ཐོབ་ཐང་།

མི་མང་གི་བདེ་དོན་གལ་ཆེའི་སླད་དུ་ཁྲིམས་ཀྱི་དབང་ཆའི་ཐོག་ནས་

དྲང་ལྡན་གུན་གསབ་སྤྲད་དེ་གཞུང་ལེན་བྱ་དགོས་ཕུད། དེ་མིན་སྐྱེ་བོ་སུ་རུང་ གི་མཁར་དབང་འཕྲོག་ལེན་མི་ཆོག དོན་ཚན་ཉི་ཤུ་པ།

འོས་བསྡུའི་ཐོབ་ཐང་།

120


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

བོད་མི་སེར་སྐྱ་ཕོ་མོ་རང་ལོ་བཅོ་བརྒྱད་ཧྲིལ་པོར་ལོན་པ་ཡན་ཆོད་

ཚང་མར་འོས་བསྡུའི་ཐོབ་ཐང་ཡོད། འོས་བསྡུ་དེ་ཡང་རང་རང་སོ་སོ་དང་། འདྲ་མཉམ། རང་དབང་། གསང་བ་བཅས་ཀྱི་ཐབས་ལ་བརྟེན་ནས་ལག་ལེན་ བསྟར་བ་དེ་ནི་ཆབ་འབངས་ཀྱི་ལས་ཁུར་ཞིག་ཡིན།

འོས་བསྡུའི་ཐོབ་ཐང་བྲལ་བ། དོན་ཚན་ཉེར་གཅིག་པ།

༡ ཚད་ལྡན་ཁྲིམས་ཁང་ཞིག་ནས་གསལ་བསྒྲགས་ཀྱི་རིག་འཚོ་མ་ཟིན་པའི་

རིགས།

༢ ཁྲིམས་ཐོག་ནས་འོས་བསྡུའི་ཐོབ་ཐང་འཕྲོག་པའི་རིགས།

ལས་ཁུངས་ཁག་ལ་གཞུག་རྒྱུའི་ཐོབ་ཐང་།

དོན་ཚན་ཉེར་གཉིས་པ།

བོད་མི་སེར་སྐྱ་ཕོ་མོ་སུ་ཡིན་ཡང་།

ཁྲིམས་མཐུན་དགོས་གནད་

གཞི ར ་བཟུང་འདེ མ ས་བསྐོས་དང་ཐད་བསྐོས་ཅི ་ རུང་གི ་ ཐོ ག ་ནས་མི ་ མང་ ལས་དོན་ལས་ཁུངས་ཁག་ལ་ངོ་ཞུགས་ཆོག་པའི་ཐོབ་ཐང་འདྲ་མཉམ་དུ་ཡོད། ཆབ་འབངས་ཀྱི་ལས་ཁུར་ཁག

དོན་ཚན་ཉེར་གསུམ་པ།

བོ ད ་མི ་ ཚང་མས་རྩ་ཁྲི མ ས་ཀྱི ་ དོ ན ་བཞི ན ་ལས་ཁུར་སྒྲུབ་དགོ ས ་

གཤམ་གསལ།

ཀ༽

ག༽

ཁ༽

བོད་རྒྱལ་ཁབ་ལ་དོན་དམ་བློ་རྩེ་གཅིག་གཏོད་ཞུ་རྒྱུ།

རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་། ཁྲིམས་ལུགས་ཁག་ལ་སྙིང་

ཐག་པ་ནས་བརྩི་བཀུར་ཉམས་ལེན་ཞུ་རྒྱུ།

ཁྲིམས་ལུགས་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཀྱི་ 121


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དཔྱ་ཁྲལ་བསྒྲུབ་རྒྱུ། ང་༽

རྒྱལ་ཁབ་སྲུང་སྐྱོབ་ལ་འཇིགས་ཉེན་ནམ། ཡང་ན་མི་མང་

ལ་རྐྱེ ན ་ངན་གཞན་དག་བྱུང་སྐབས་ཁྲི མ ས་ཐོ ག ་ནས་བསྐུར་བའི ་ ལས་ཁུར་མཐའ་དག་བསྒྲུབ་རྒྱུ།

ཐོབ་ཐང་ལག་ལེན་དོན་འཁེལ།

དོན་ཚན་ཉེར་བཞི་པ།

ལེ འུ ་འདི འི ་ ནང་འཁོ ད ་གསལ་རྒྱལ་ཁབ་ཀྱི ་ མངའ་འབངས་རེ ་ རེ འི ་

རང་དབང་དང་ཐོབ་ཐང་ལ་གནོད་འགལ་བྱུང་སྐབས་རང་དབང་ཐོབ་ཐང་འདི་

དག་ཇི ་ བཞི ན ་ལག་ལེ ན ་དོ ན ་ཁེ ལ ་ཡོ ང ་ཆེ ད ་ཁྲི མ ས་ཁང་མཐོ ་ ཤོ ས ་དང་།

མངའ་སྡེའི་ཁྲིམས་ཁང་ཁག དེ་མིན་ཁྲིམས་ཁང་གཞན་ཁག་བཅས་འདི་སྐོར་

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་ཁྲི མ ས་ལུགས་བཀའ་བཀོ ད ་གར་གནང་གི ་

ཁྲིམས་ཁང་དེ་ལ་གནས་ཚུལ་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད། ཁྲིམས་ ཁང་དེ་དག་ལ་ལེའུ་འདི་ནང་གི་ཐོབ་ཐང་ཁག་སྲུང་སྐྱོབ་བྱེད་པར་དགོས་ངེས་ ཀྱི་བཀོད་འདོམས་བྱ་རྒྱུའི་ཐོབ་དབང་ཡོད་པ་བཅས་སོ།།

རྣམ་སྨིན་དཀར་པོ་འཛག་པའི་ལེགས་བྱས་འབྲས། ། རང་རང་འདོད་རྒུའི་འཚོ་བར་སྤྱོད་པ་ལ། །

རྟེན་དང་ཆོ་རིགས་ཡུལ་ཆོས་ཁྱད་པར་གྱིས། །

བསྙེན་སྲིང་བྱེད་པ་བླུན་པོའི་རང་མཚང་ཉིད། །

དམན་དང་ཉམ་ཆུང་སྐྱེ་བོ་དབང་མེད་དུ། །

བཙན་པོས་བྲན་དུ་བཀོལ་བའི་འཆིང་རྒྱ་ལས། ། 122


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཡོངས་གྲོལ་སྒོ་གསུམ་ཅི་བདེར་རང་དབང་གི། །

ངལ་གསོར་སྦྱོར་བ་ཀུན་དགའི་འཁྲི་ཤིང་མཆོག །

འདི་སྣང་བདེ་འབྱོར་སྤེལ་བའི་འཚོ་ཚིས་དང་། །

ཆོས་ལྡན་རྒྱལ་ཐབས་སྲུང་འཛིན་ལྷན་བསམ་སྤྱོད། །

འགྲོ་འོང་བྱ་བ་འགོག་པ་མེད་སྤྱོད་ཅིང་། །

ཁུར་དུ་མི་བབས་མཆོག་དམན་སྐྱེ་བོ་སུ། །

འཇིག་རྟེན་ཡང་དག་ལྟ་བའི་ཐེམ་སྐས་ལས། །

བགྲོད་པའི་ཆོས་ལམ་ཡངས་པོ་དོག་མེད་དུ། །

མངོན་མཐོ་ངེས་ལེགས་ཁང་བཟང་ཉམས་དགའ་བར། ། ཕྱེ་འདི་ཆོས་ལྡན་ཞིང་གི་སྲོལ་བཟང་ཡིན། །

དོན་ཚན་ཉེར་ལྔ་པ།

ལེའུ་གསུམ་པ། ས་ཆའི་སྐོར། ས་ཆ་བདག་འཛིན།

༡ ས་ཆ་ཡོངས་རྫོགས་རྒྱལ་ཁབ་གཞུང་གི་ཡིན། གཞུང་ནས་ལོ་རེ་སྐབས་

བསྟུན་གཏན་འབེབས་བྱ་རྒྱུའི་ས་གླ་སྒྲུབ་འབུལ་ཞུས་ཏེ་ཁང་པ་རྒྱག་ས་དང་།

ས་ཞིང་། གཞན་དག་དགོས་གནད་ལ་གཞིགས་པའི་ས་ཆ་ཞུ་སྤྲོད་ཆོག་རྒྱུ།

༢ གཞུང་ནས་སྤྱི་ཚོགས་དྲང་བདེན་དང་། དཔལ་འབྱོར་གོང་སྤེལ་གྱི་ཆེད་དུ་

ཁུངས་གཅིག་ནས་ས་ཆ་རྒྱ་ཆེ་བསྡེབས་འཛིན་མི་ཆོག་པའི་རྒྱས་དཔྱད་བཟོ་ 123


རྒྱུ༑

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༣ ས་ཆ་འཛིན་མཁན་ནས་གཞུང་གི་བཀའ་འཁྲོལ་མེད་པར་ཐོག་མ་ས་ཆ་

སྤྲོད་སྐབས་ཀྱི་དོན་གནད་ལས་འདས་པའི་བེད་སྤྱོད་དང་། ཁ་འཛིན་བརྗེ་

བསྒྱུར་རིགས་མི་ཆོག་པ་བཅས་སོ།།

སྤྱི་མཐུན་ལས་ཀྱིས་བསྐྱེད་པའི་ནོར་འཛིན་ལ། །

འོན་ཏེ་སྐལ་བས་ཐོབ་པའི་ཆ་ཤས་ལ། །

རང་ཆེའི་འདོད་རྔམས་བྱེད་པ་ཤིན་ཏུ་འཁྲུལ། ། ཆོག་ཤེས་རང་གིར་སྤྱོད་པ་དྲང་པོའི་ལམ།།

ལེའུ་བཞི་པ། གཞུང་གི་རྩ་བའི་ལམ་སྟོན།

དོན་ཚན་ཉེར་དྲུག་པ། ༡

སྤྱི་ཚོགས་བདེ་དོན།

གཞུང་ནས་སྤྱིའི་ཕན་བདེ་སྒྲུབ་ཆེད་ཡུལ་ལུང་ནང་དུ་ཐོན་རྫས་འབྱུང་

ཁུངས་བདག་ཐོབ་ཆ་སྙོམས་ཡོང་བ་དང་།

དཔལ་འབྱོར་འགྲོ་ལུགས་ལག་

ལེན་བསྟར་ཕྱོགས་ལ་བརྟེན་ནས་རྒྱུ་དངོས་དང་ཐོན་རྫས་སྤེལ་ཐབས་ཁག་སྤྱི་

ལ་གནོད་གཞིའི་བསྡེབས་བསྒྲིལ་མི་འབྱུང་བ་བཅས་ཀྱི་ཐབས་ཤེས་བྱ་རྒྱུ།

༢ རང་རང་འཁོས་ཀ་དང་ཡོང་འབབ་ལ་གཞིགས་པའི་འཁྲི་ཁུངས་ཆ་སྙོམས་

ཀྱི་དཔྱ་ཁྲལ་འགྲོ་ལུགས་བཟོ་རྒྱུ། ༣

གཞུང་ནས་ཆབ་འབངས་སེར་སྐྱ་ཕོ་མོ་ཁྱད་མེད་ཚང་མར་འཚོ་བའི་

མཐུན་རྐྱེན་ལྡེང་ངེས་ཀྱི་ཐོབ་ཐང་འདྲ་མཉམ་ཡོང་བ་དང་། དེ་བཞིན་ལས་དོན་

འདྲ་མཚུངས་ལ་གླ་ཕོགས་འདྲ་མཉམ་ཡོང་བ་བཅས་ཀྱི་སྲིད་བྱུས་ལག་ལེན་ 124


བསྟར་རྒྱུ།

རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཤེས་ཡོན་དང་རིག་གཞུང་།

དོན་ཚན་ཉེར་བདུན་པ།

༡ གཞུང་ནས་ཤེས་ཡོན་སློབ་སྟོན་གྱི་བྱ་བ་ཡར་རྒྱས་གཏོང་ཐབས་སུ་ཕྲུག་

གུ་ལོ་དྲུག་ཧྲིལ་པོར་ལོན་པ་ཡན་ཆོད་ཚང་མར་སློབ་སྦྱོང་གི་མཐུན་རྐྱེན་སྤྲོད་

པ་དང་།

ལོ་བདུན་རིང་གླ་མེད་གཞི་རིམ་སློབ་སྦྱོང་ཐོབ་ཐབས་བཅས་སུ་

འབད་བརྩོན་བྱ་རྒྱུ། ༢

གཞུང་ནས་ན་གཞོན་རྣམས་ལ་དམིགས་བསལ་ལྟ་རྟོག་གིས་དམིགས་

བཀར་ལས་རིགས་དང་། བཟོ་ལས། མཐོ་རིམ་ཤེས་ཡོན་བཅས་ཡར་རྒྱས་

གཏོང་རྒྱུ། སྤྱིར་བཏང་ཤེས་སྤྱོད་ལ་གཞིགས་པས་ཤེས་ཡོན་འདི་རིགས་སློབ་ སྟོན་ཡོང་རྒྱུ་དང་། སློབ་སྦྱོང་གི་འགྲོ་གྲོན་གཏོང་རྒྱུ་མེད་མཁན་ལ་གཞུང་ནས་

མཐུན་རྐྱེན་འཐོབ་རྒྱུ།

༣ ཤེས་ཡོན་སློབ་སྟོན་གྱི་སྒྲིག་འཛུགས་ཚང་མ་གཞུང་གི་དབང་སྒྱུར་ལྟ་རྟོག་

འོག་ཏུ་གནས་དགོས་པ་ཡིན།

༤ གཞུང་ནས་རྒྱལ་ཁབ་ཀྱི་རིག་གཞུང་གཅེས་སྐྱོང་དང་། ཚན་རིག་དང་རྩོམ་

རིག་ཉམས་ཞིབ་བྱ་བར་མཐུན་རྐྱེན་སྒྲུབ་ཐབས་ལ་དོན་གཉེར་བྱ་རྒྱུ། དོན་ཚན་ཉེར་བརྒྱད་པ།

འཕྲོད་བསྟེན།

༡ གཞུང་ནས་འཕྲོད་བསྟེན་དང་། སྨན་བཅོས་ཀྱི་མཐུན་རྐྱེན་ལྡེང་ངེས་ཡར་

རྒྱས་གཏོང་རྒྱུ་དང་།

མི་མང་གི་ནང་ནས་སྨན་བཅོས་གླ་རིན་སྤྲོད་རྒྱུ་མེད་

རིགས་ལ་གླ་མེད་རོགས་རམ་ཐོབ་པ་བཅས་ཀྱི་ཐབས་ལམ་སྟོན་རྒྱུ།

༢ གཞུང་ནས་འཚོ་ཐབས་མི་ཐུབ་པའི་རྒས་འཁོགས་དང་། ནད་གཅོང་ཐ་ཞན་ 125


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྣམས་ལ་དགོས་ངེས་མཐུན་རྐྱེན་བསྒྲུབ་རྒྱུ་དང་། ལྟ་རྟོག་འགོ་འདོན་གྱི་སྒྲིག་ འཛུགས་བཟོ་ཐབས་ལ་འབད་བརྩོན་བྱ་རྒྱུ་བཅས་སོ།།

བདེ་སྐྱིད་གཡང་དུ་ཆགས་པའི་ཡུལ་ལྗོངས་ཀྱི། །

ཉི་ཚེའི་གཤོང་བུར་མ་ཡིན་ཕྱོགས་བྲལ་དུ། །

དགེ་མཚན་འདོད་རྒུའི་ཆུ་ཀླུང་ཇི་སྙེད་པ། །

གནོད་མེད་འོས་པར་གཞོལ་འདི་ཀུན་གྱི་གསོས། ། རང་རང་རྐྱེན་དང་འཚམས་པའི་དཔྱ་ཐང་དང་། ། འཚེངས་པའི་འཚོ་རྐྱེན་བྱ་བའི་རྙེད་པ་རྣམས། །

གྱ་ཚོམ་བསྙེན་སྲིད་བྲལ་བའི་ལག་ལེན་གྱིས། །

རེ་འཁང་ཅ་ཅོའི་ཚེར་མ་རྒྱང་དུ་བསྲིངས། །

སྣ་ཚོགས་ཤེས་བྱ་རིག་པའི་ཐང་ཡངས་པོར། །

རང་རིགས་ལང་ཚོ་གཞོན་ནུ་ཕོ་མོ་རྣམས། །

སྦྱང་བརྩོན་ཅང་ཤེས་བང་རྩལ་ཉེར་བཀོད་དེ། །

རྣམ་དཔྱོད་དཀྱུས་ཐོག་གཅོད་པའི་གཟིགས་མོར་སྤེལ། །

ནངས་ཀྱི་མེས་པོ་དུ་མས་འབད་པ་བརྒྱས། །

ཚན་རིག་རིན་ཆེན་སྣ་ཚོགས་རྒྱན་བཀོད་དེ། །

བསྒྲུབས་པའི་གཙུག་ལག་གཞུང་མང་ནོར་བུའི་མཛོད། ། འཛིན་སྐྱོང་སྤེལ་བ་རང་རེའི་གོ་སྐལ་ཉིད། ། 126


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

འདུ་བ་འཕེལ་ཟད་འཁྲུགས་པའི་ཟུག་རྔུའི་ནད། །

རིས་མེད་འགྲོ་སྲོག་ཉེར་འཚོར་རབ་རྒྱས་ཤིང་། །

དྲུང་འབྱིན་ཚེ་ཡི་རིག་བྱེད་སྨན་གྱི་ལྗོན། །

དམན་ལ་ལྷག་པར་གྲིབ་ཏུ་བསིལ་བ་གལ། །

ལེའུ་ལྔ་པ། གཞུང་གི་འགན་འཛིན།

དོན་ཚན་ཉེར་དགུ་པ།

འགན་འཛིན་དབང་ཆ།

༡ ༸གོང་ས་༸སྐྱབས་མགོན་༸རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་དགུང་གྲངས་

བཅོ ་ བརྒྱད་དུ་ཕེ བ ས་མཚམས་སྔར་གྱི ་ ཐུགས་བསྐྱེད་དམ་བཅའ་ཇི ་ བཞི ན ་ གཞུང་གི་ཆབ་སྲིད་འགན་དབང་གང་ཅི་མུ་མཐུད་༸གོང་ས་མཆོག་ལ་འབུལ་ རྒྱུ།

དེ་ཡང་རྩ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་༸གོང་ས་མཆོག་

གོང་འཁོད་དོན་ཚན་གཞིར་བཟུང་༸གོང་ས་༸སྐྱབས་མགོན་ཆེན་པོ་

ནས་ཐད་ཀར་རམ། ཡང་ན་གཤམ་འོག་འགན་ཁུར་དཔོན་རིགས་བརྒྱུད་དེ་ དབང་ལུང་ཁྱབ་བསྒྱུར་མཛད་རྒྱུ།

མཆོག་གིས་རྒྱལ་ཁབ་ཀྱི་དབུ་འཛིན་མཛད་པའི་ཐོག་ནས།

ཀ༽

ཕྱི་རྒྱལ་གྱི་གཞུང་ཚབ་ཁག་ངོས་བཞེས་དང་། རང་རྒྱལ་

གྱི་གཞུང་ཚབ་ཁག་བསྐོ་མངགས་དང་བརྗེ་འཐེན་མཛད་རྒྱུ། འོས་

བབས་གནས་ཚུལ་ལ་གཞིགས་པས་སྔོན་ཚུད་རྒྱལ་ཡོངས་ཚོགས་

ཆེན་ནམ།

ཡང་ན་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུས་མོས་

མཐུན་ཟིན་པའི་རྒྱལ་འབྲེལ་གྲོས་ཆོད་ཁག་ལ་གཏན་འབེབས་ཆོག་ མཆན་བསྩལ་རྒྱུ།

127


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁ༽ སྐྱེ་བོ་གང་ཞིག་ཁྲིམས་འགལ་བྱ་བ་ཅི་རིགས་ཉེས་ཅན་ར་

འཕྲོད་ལ་ཁྲིམས་འདོམས་ཉེས་ཆད་རྩ་ཡངས་དང་། བཟོད་ཡངས་

སམ། ཕར་འགྱངས། བར་མཚམས་འཇོག་པ། ཡང་ན་དཔྱད་ མཚམས་ཕྱིར་འཐེན་ནམ།

ཉེས་ཆད་བརྗེ་བསྒྱུར་བཅས་དམིགས་

བསལ་གྱིས་བཀའ་འཁྲོལ་མཛད་འཐུས།

ག༽ བྱས་རྗེས་ཀྱི་གཟེངས་རྟགས་དང་། བསྩལ་རྒྱུ། ང་༽

གོ་མིང་བདག་རྐྱེན་

ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ལུགས་ཁག་དང་།

བཀའ་རྩ་ཁག་ཁྱབ་བསྒྲགས་གནང་རྒྱུ། ཅ༽

རྒྱལ་ཡོངས་ཚོགས་འདུ་ཆེ་མོ་མཚམས་འཇོག་ཕར་

འགྱངས་དང་། སྐབས་བསྟུན་བསྡུ་བཀོང་མཛད་རྒྱུ། ཆ༽

དགོ ས ་ངེས ་ཀྱི་ སྐབས་སུ་༸གོ ང་ས་མཆོག་ནས་དགོངས་

གཞི ་ ལྟར་རྒྱལ་ཡོ ང ས་ཚོགས་འདུ་ཆེ ་ མོ ར ་གསུང་བཤད་དང་། བཀའ་འཕྲིན་བསྩལ་རྒྱུ།

ཇ༽ རྩ་ཁྲིམ ས་འདི་ ནང་འཁོ ད ་གསལ་གནས་ཚུལ་འགའ་ཞི ག་ སྐོར་མང་མོ ས ་ཐག་གཅོ ད ་བྱས་འཐུས་ཀྱི ་ བཀའ་འཁྲོ ལ ་མཛད་རྒྱུ་ བཅས།

༣ དོན་ཚན་འདི་ནང་འཁོད་གསལ་དོན་གནད་གང་རུང་རྒྱུ་མཚན་དུ་བྱས་ཏེ་

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ རྒྱལ་ཁབ་ཀྱི ་ བླ་ན་མེ ད ་པའི ་

ཆོས་ཕྱོགས་དབུ་འཛིན་གནས་སྟངས་དང་སྐུ་དབང་ལ་དངོས་ཤུགས་བརྒྱུད་ གསུམ་ནས་བསྒྱུར་བཅོས་དང་། གནོད་སྐྱོན་གང་ཡང་བཏང་མི་ཆོག བློན་ཆེན་དང་བཀའ་ཤག 128


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དོན་ཚན་སུམ་ཅུ་པ།

༡ བློན་ཆེན་ཇི་དགོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་

བསྟུན་བསྐོ་གཞག་བསྩལ་རྒྱུ་དང་།

བློན་ཆེན་དེ་དག་གི་ཁོངས་ནས་བཀའ་

ཤག་ལྷན་ཚོགས་སུ་སྲིད་བློན་གཅིག་དང་། བཀའ་བློན་ལྔ་ལས་མ་ཉུང་བ་ཞིག་

ཟུར་བསྐོ་མཛད་རྒྱུ། ༢

བློན་ཆེན་སུ་འདྲ་ཞིག་ཡིན་རུང་རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིའི་

གྲས་སུ་ཞུགས་མི་ཆོག

༣ བློན་ཆེན་དུ་བསྐོ་གཞག་གནང་བའི​ི་སྐྱེ་བོ་སུ་རུང་སྐབས་དེར་རྒྱལ་ཡོངས་

ཚོགས་ཆེན་གྱི་འཐུས་མི་ཡིན་ཚེ་རང་གི་འཐུས་མིའི་ལས་ཁུར་འཁྱུར་པ་ཡིན། ༤ བློན་ཆེན་རྣམས་ལས་ཁུར་དུ་མ་ཞུགས་གོང་༸གོང་ས་༸སྐྱབས་མགོན་

ཆེན་པོའི་སྐུ་མདུན་དུ་ཁྲིམས་ལུགས་ནང་འཁོད་གསལ་ལྟར་ལས་ཁུར་དང་། གསང་རྒྱ་ཞུ་རྒྱུའི་དམ་བཅའ་འབུལ་དགོས།

༥ བཀའ་ཤག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོར་རྒྱལ་ཁབ་གཞུང་གི་

ཆབ་སྲིད་འཛིན་སྐྱོང་སྐོར་ལ་ཞབས་འགྱུར་དང་། གསལ་འདེབས་ཞུ་རྒྱུ། ༦

བློན་ཆེན་རྣམས་ཀྱི་ཕོགས་ཐོབ་དང་།

ཟུར་ཕོགས་ཁག་རྒྱལ་ཡོངས་

ཚོགས་འདུ་ཆེ་མོས་ཁྲིམས་ལུགས་ཐོག་ནས་སྐབས་བསྟུན་ཐག་གཅོད་བྱ་རྒྱུ། དོན་ཚན་སོ་གཅིག་པ།

༸རྒྱལ་བློན་ལྷན་ཚོགས།

༡ ༸རྒྱལ་བློན་ལྷན་ཚོགས་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་

ནས་དབུ་འཛིན་མཛད་རྒྱུ་དང་།

༸གོང་ས་མཆོག་ལྷན་ཚོགས་སུ་ཆིབས་

བསྒྱུར་མེད་པའི་སྐབས་སྲིད་བློན་ནམ། སྐབས་དེ་གའི་བཀའ་བློན་བགྲེས་ཤོས་

ནས་ལྷན་ཚོགས་ཀྱི་དབུ་འཛིན་གནང་རྒྱུ། 129


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༢ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བློན་ཆེན་གཞན་དག་སུ་རུང་

༸རྒྱལ་བློན་ལྷན་ཚོགས་སུ་ཕེབས་དགོས་བཀའ་ཁྱབ་མཛད་ཀྱང་འཐུས་རྒྱུ། དོན་ཚན་སོ་གཉིས་པ།

ཁྲིམས་ལུགས་བཀའ་ཁྱབ།

ཁྲི མ ས་ལུགས་རྣམས་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་མཐའ་མའི ་ ཐག་གཅོ ད ་

ཟིན་བསྟུན་བཀའ་ཤག་བརྒྱུད་ཕུལ་རྗེས་ཉིན་བཅུ་བཞིའི་ནང་ཚུད་དུ་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཁྱབ་གནང་རྒྱུ་དང་། འོ ན་ཀྱང་རྣམ་ ཀུན་དུས་ཚོད་འདི་ཡུན་མ་རྫོགས་གོང་༸གོང་ས་མཆོག་གིས་ཁྲིམས་ལུགས་ དེའམ། དེའི་དོན་གནད་གང་རུང་སྐོར་ལ་ཚོགས་ཆེན་ནས་བསྐྱར་དུ་བསམ་ ཞིབ་དགོས་རྒྱུ་བཀའ་གནང་འཐུས་དང་། རྒྱལ་ཡོངས་ཚོགས་ཆེན་ནས་ཀྱང་

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ འི ་ བཀའ་འཕྲི ན ་ཇི ་ བསྩལ་ལྟར་བསྐྱར་དུ་

བསམ་ཞིབ་བྱ་རྒྱུ།

དོན་ཚན་སོ་གསུམ་པ།

མང་མོས་ཐག་གཅོད།

རྒྱལ་ཡོངས་ཚོགས་ཆེན་ནས་ཁྲིམས་ལུགས་གང་རུང་བཟོ་འགོད་གྲོས་འཆར་

སྙན་ཞུ་ཕུལ་བ་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་ གཞི འ མ་བཀའ་ཤག་གི ་ འོས་འདུན་དགོ ང ས་འཆར་དང་སྦྲགས་༸གོ ང ་ས་ མཆོག་ནས་མང་མོས་ཐག་གཅོད་བྱ་རྒྱུར་བསྩལ་འཐུས་དང་། དེ་ལ་འོས་བསྡུ་

བ་མང་ཆེ་བས་བློ་མོས་བྱུང་བ་ཡིན་ན་གོང་གི་མཐའ་མའི་དོན་ཚན་ཐོག་ཞིབ་

འཁོ ད ་དུས་ཚོ ད ་ནང་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བཀའ་ ཁྱབ་གནང་རྒྱུ།

རྒྱལ་ཡོངས་ཚོགས་ཆེན་འཕོ་འགྱུར་གཏོང་བ། 130


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དོན་ཚན་སོ་བཞི་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཤག་དང་། རྒྱལ་ཡོངས་

ཚོགས་ཆེ ན ་གྱི ་ གཙོ་འཛི ན ་ལ་བཀའ་བསྡུར་བསྐྱངས་རྗེ ས ་རྒྱལ་ཡོ ང ས་

ཚོགས་ཆེན་འཕོ་འགྱུར་གཏོང་གནང་མཛད་འཐུས། འོན་ཀྱང་རྣམ་ཀུན་འདི་

འདྲའི་གནས་ཚུལ་བྱུང་སྐབས་དེ་ཉིན་ནས་བཟུང་ཉིན་བཞི་བཅུའི་ནང་ཚུད་སྤྱི་ ཡོངས་འདེམས་བསྐོ་ཚུགས་ཟིན་པ་བྱ་རྒྱུ། དོན་ཚན་སོ་ལྔ་པ།

གཞུང་གི་ལས་དོན་བྱ་ཕྱོགས།

༡ གཞུང་གི་འགན་འཛིན་ལས་དོན་ཚང་མ་༸གོང་ས་༸སྐྱབས་མགོན་ཆེན་པོ་

མཆོག་གི་མཚན་ཐོག་ཡིན་པར་ངོས་འཛིན་བྱ་རྒྱུ།

༢ སྔོན་ཚུད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་འཁྲོལ་ཐོག་

བཀའ་ཤག་ནས་གཞུང་གི་ལས་དོན་མཛད་བདེའི་སྒྲིག་ལམ་དང་། བློན་ཆེན་ རྣམས་ཀྱི ་ ལས་འགན་ཞུ་ཕྱོ ག ས་བཅས་ཀྱི ་ འཆར་གཞི ་ བཀོ ད ་དེ ་ ༸གོ ང ་ས་ མཆོག་ལ་༸སྙན་འབུལ་ཆོག་མཆན་ཞུ་རྒྱུ། དོན་ཚན་སོ་དྲུག་པ། ༡

སྡེ་སྲིད་ལྷན་ཚོགས།

གཤམ་འཁོད་གནས་ཚུལ་བྱུང་སྐབས་གཞུང་གི་འགན་འཛིན་དབང་ཆ་

ལག་ལེན་བསྟར་མཁན་སྡེ་སྲིད་ལྷན་ཚོགས་ཤིག་དགོས་པ་ཡིན།

ཀ༽

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ ཡང་སྲི ད ་

མཆོག་སྤྲུལ་སྐུ་ན་མ་སོན་བར་དང་། ཁ༽

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ཕྲེང་གོང་

རིམ་གྱི་འགན་དབང་མ་བཞེས་པའི་བར། 131


ག༽

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་མཛད་

འགན་འཁུར་བཞེས་མ་ཐུབ་པའི་གནས་ཚུལ་གང་རུང་བྱུང་སྐབས།

ང༽

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱལ་ཁབ་ཏུ་མ་

བཞུགས་པའི་གནས་ཚུལ་བྱུང་སྐབས། ཅ༽

རྒྱལ་ཁབ་ཀྱི ་ ཁེ་ཕན་ཆེ་ཤོས་ཀྱི ་ དོན་དུ་རྒྱལ་ཡོངས་

ཚོ ག ས་ཆེ ན ་ནས་འཐུས་མི ་ རྩ་འབོ ར ་གསུམ་ཆ་གཉི ས ་ཀྱི ས ་མོ ས ་

མཐུན་ཐོག་ཁྲིམས་ཁང་མཐོ་ཤོས་ལ་གོ་བསྡུར་དང་འབྲེལ་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གི་འགན་འཛིན་མཛད་ཁུར་རྣམས་ སྡེ ་ སྲི ད ་ལྷན་ཚོ ག ས་ནས་ཕྱག་བཞེ ས ་མ་བསྟར་མཐུ་མེ ད ་ཀྱི ་ ཐག་ གཅོད་བྱུང་སྐབས་བཅས།

༢ སྡེ་སྲིད་ལྷན་ཚོགས་ནང་རྒྱལ་ཡོངས་ཚོགས་ཆེན་ནས་འོས་འདེམས་བསྐོ་

གཞག་བྱས་པའི་སྡེ་སྲིད་གསུམ་དགོས་པ་དང་། དེའི་ཁོངས་ཀྱི་སྡེ་སྲིད་གཅིག་

ཆོས་ཕྱོགས་ནས་དགོས་པ་ཡིན།

༣ རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་ཞིག་སྡེ་སྲིད་དུ་འདེམས་བསྐོ་བྱས་

པ་ཡིན་ཚེ་རང་གི་འཐུས་མིའི་ལས་ཁུར་འཁྱུར་དགོས་པ་ཡིན། ༤

བློན་ཆེན་སུ་རུང་སྡེ་སྲིད་དུ་འདེམས་བསྐོ་བྱས་པ་ཡིན་ཚེ་རང་གི་བློན་

ཆེན་ལས་ཁུར་འཁྱུར་དགོས་པ་ཡིན།

༥ འདེམས་བསྐོས་སྡེ་སྲིད་ནས་ཁྲིམས་ལུགས་ནང་འཁོད་གསལ་ལྟར་རྒྱལ་

ཡོངས་ཚོགས་ཆེན་སར་ལས་ཁུར་དམ་བཅའ་འཇོག་དགོས།

༦ སྡེ་སྲིད་གང་ཞིག་དུས་ཆོས་སུ་གྱུར་པའམ། ཡང་ན་ལས་ཁུར་མ་ཐུབ་པའི་

ཚབ་གསར་ཐད་རྒྱལ་ཡོངས་ཚོགས་ཆེན་ནས་འོས་འདེམས་བསྐོ་གཞག་བྱ་ རྒྱུ༑

132


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

༧ སྡེ་སྲིད་སུ་རུང་གཅིག་ལས་ཁུར་ཕྱིར་འཐེན་བྱ་དགོས་ཀྱི་གནས་ཚུལ་བྱུང་

སྐབས་རྒྱལ་ཡོངས་ཚོགས་ཆེན་ཚུགས་མུས་ཡིན་ན་བརྗོད་མེད་དང་། དེ་མིན་ རྣམ་ཀུན་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུ་དང་། བཀའ་ཤག་གྲོས་བསྡུར་

གྱིས་སྡེ་སྲིད་དེའི་ལས་ཁུར་མཚམས་འཇོག་དགོས་པའི་བཀའ་བསྡོམས་བྱས་

འཐུས།

འོན་ཀྱང་རྩ་བའི་ལས་ཁུར་ཕྱིར་འཐེན་བྱ་རྒྱུའི་ཐད་རྒྱལ་ཡོངས་

ཚོགས་ཆེན་རྗེས་ཚོགས་ཀྱི་སྐབས་སུ་རྒྱུན་ལས་དང་། བཀའ་ཤག་ཐུན་མོང་

ནས་འོ ས ་འདུན་དགོ ང ས་འཆར་སྟོན་པར་ཚོགས་ཆེ ན ་ནས་བབས་འོ ས ་ མཆི ས ་མི ན ་ཞི བ ་གྲོས་ཀྱི ས ་ཕྱི ར ་འཐེ ན ་བྱས་ཚེ ་ ཚབ་གསར་ཡང་ཚོ ག ས་

ཐེངས་དེ་ཐོག་ནས་འོས་འདེམས་བསྐོ་གཞག་བྱ་རྒྱུ།

༨ སྡེ་སྲིད་གཉིས་སམ། གསུམ་ག་ལས་ཁུར་ཕྱིར་འཐེན་བྱ་དགོས་ཀྱི་གནས་

ཚུལ་བྱུང་སྐབས་རྒྱལ་ཡོངས་ཚོགས་ཆེན་ཚུགས་མུས་ཡིན་ན་ལས། དེ་མིན་ རྒྱུན་ལས་ཚོགས་འདུ་དང་། བཀའ་ཤག་གྲོས་བསྡུར་ཐོག་ནས་ཛ་དྲག་ཚོགས་ ཆེན་བསྡུ་བཀོང་ཚོགས་འདུ་འཕར་ཚུགས་ཐོག་སྡེ་སྲིད་དེ་དག་ལས་ཁུར་ཕྱིར་

འཐེ ན ་དགོ ས ་པའི ་ འོས ་འདུན་དགོ ང ས་འཆར་སྟོན་པར་ཚོ ག ས་ཆེ ན ་ནས་ བབས་འོས་མཆིས་མིན་ཞིབ་གྲོས་ཀྱིས་སྡེ་སྲིད་ཚང་མའམ། ཡང་ན་སུ་རུང་

ཕྱིར་འཐེན་བྱས་ཚེ་ཚབ་གསར་ཡང་ཚོགས་ཐེངས་དེ་ཐོག་ནས་འོས་འདེམས་ བསྐོ་གཞག་བྱ་རྒྱུ།

༩ སྡེ་སྲིད་ལྷན་ཚོགས་སྐབས་རེ་རེའི་ལས་རྒྱུན་ཡུན་ཚད་རིང་ཤོས་ནི་རྒྱལ་

ཡོངས་ཚོགས་ཆེན་གྱི་ཡུན་ཚད་དང་འདྲ་བ་ཡིན།

༡༠ སྡེ་སྲིད་ལྷན་ཚོགས་ནས་བཀའ་ཤག་དང་། ཆོས་དོན་ལྷན་ཚོགས། རྒྱལ་

ཡོངས་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུ་བཅས་ལ་གོ་བསྡུར་ཐོག་༸གོང་

ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ ༸སྐུའི ་ ཡང་སྲི ད ་མཆོ ག ་སྤྲུལ་རྩད་

གཅོད་ཞུ་སྒོའི་ལས་དོན་འགན་འཁུར་བཀོད་བྱུས་གཏོང་རྒྱུ་དང་། ༸སྐུའི་ཡང་ 133


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྲིད་ངེས་རྙེད་འཁྲུལ་བྲལ་ངོས་འཛིན་གཏན་འགེལ་དང་། གསེར་ཁྲིར་མངའ་ གསོ ལ ་ཞུ་ཕྱོ ག ས་སྐོར་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ལ་སྙན་སྒྲོ ན ་གྱི ས ་ཚོ ག ས་ ཆེན་ནས་དེ་སྐོར་གྲོས་ཆོད་གཏན་འབེབས་བྱ་རྒྱུ།

༡༡ རྩ་ཁྲིམས་འདིའི་དོན་ཚན་ཁག་དང་། འདི་སྐོར་རྒྱལ་ཡོངས་ཚོགས་ཆེན་

ནས་ཁྲིམས་ལུགས་གཞན་ཁག་གཏན་འབེབས་བྱ་རྒྱུ་གཞིར་བཟུང་མང་མོས་ ཐག་གཅོད་ཀྱི་ཐོག་ནས་འོས་བསྡུ་བ་མང་ཆེ་བས་སྔོན་ཚུད་བློ་མོས་བྱུང་ན་མ་ གཏོགས་དེ་མིན་སྡེ་སྲིད་ལྷན་ཚོགས་ནས་རྒྱལ་ཁབ་ཀྱི་རང་བཙན་དང་འབྲེལ་ ཡོད་རྒྱལ་འབྲེལ་གྲོས་མཐུན་ཆོད་ཡིག་གང་རུང་འཇོག་པའམ། ཡང་ན་རྒྱལ་

ཁབ་ཀྱི ་ ས་སྡེ འི ་ ཆ་ཤས་ཅི ་ རི ག ས་གཞན་སྤྲོ ད ་བྱེ ད ་པའི ་ དབང་ཆ་གང་ཡང་

མེད༑

དོན་ཚན་སོ་བདུན་པ།

ཆོས་དོན་ལྷན་ཚོགས།

༡ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་གཟིགས་སྐྱོང་དང་

འབྲེལ་རྒྱལ་ཡོངས་དགོན་ཁག་དང་། ཆོས་ཕྱོགས་ཚོགས་སྡེ་ཁག་ཚང་མའི་

ལས་དོན་འཛིན་སྐྱོང་གི་ཆོས་དོན་ལྷན་ཚོགས་ཤིག་དགོས་པ་ཡིན།

༢ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཆོས་དོན་ལྷན་ཚོགས་ཀྱི་

འགན་ཁུར་ལས་འཛིན་མི་གྲངས་ལྔ་ལས་མ་ཉུང་བ་ཞིག་སྐབས་བསྟུན་བསྐོ་ གཞག་བསྐྱང་རྒྱུ།

༣ ཆོས་དོན་ལྷན་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་

བཀའ་འཁྲོ ལ ་དང་འབྲེ ལ ་ཆོ ས ་ཕྱོ ག ས་ཀྱི ་ ལས་དོ ན ་མཐའ་དག་འགན་དབང་ འཁུར་འཛིན་བྱ་རྒྱུ་བཅས་སོ།།

ལྷ་གཅིག་པད་དཀར་འཆང་བ་སྙིང་རྗེའི་སྤྱན། ། 134


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

གངས་ཅན་འགྲོ་ལ་རྗེས་ཆགས་༸རྒྱལ་བའི་དབང་། །

དབང་སྒྱུར་འཁོར་ལོའི་ཕྱག་རྒྱ་ཉེར་བཟུང་སྟེ། །

བསམ་འཕེལ་ནོར་བུའི་ཕྲེང་བས་ལུགས་ཟུང་གི །

འཛམ་གླིང་སྲིད་སྡེ་གཞན་དང་མཉེས་གཤིན་དུ། ། མཛའ་བའི་གསེར་སྐུད་ཐགས་སུ་སྦྲེལ་བ་དང་། ། པུར་རྒྱལ་ཀུན་ཏུ་དགེ་བའི་སྤྱི་སྙོམས་ཁྲིམས། །

སྐྱེ་རྒུའི་ཡིད་ལ་མངོན་དགའི་འདོད་པ་འཇོ། །

སྤྱོད་བཟང་བསྟོད་ཅིང་སྡིག་ཏོའི་རྙོག་མ་གནོན། །

རིས་མེད་ཆོས་ཚུལ་རང་གིར་སྐྱོང་བ་སོགས། །

ཆེས་དཀར་ལམ་བཟང་སྲོང་པོར་དུས་སུ་འདོམས། ། ཚངས་སྲས་བཞད་པའི་རྣམ་ཐར་བཟུང་བར་སྨོན། །

༵ འ་རྟགས་ཕྱག་རྒྱས་དབང་བསྐུར་མདུན་ན་འདོན། ། བཀ

ཟབ་དགོངས་ཆུ་ཀླུང་རོ་གཅིག་འཁྱིལ་བའི་མཚོར། །

ཆེས་མང་གཟུར་གནས་སྐྱེ་བོའི་བློ་གྲོས་ཀྱི། །

བློ༵ན་པོ་རིན་ཆེན་ངང་ཚུལ་ཅན་རྣམས་དང་། །

རྒྱལ་ཐབས་གཟུགས་སྣང་འབུམ་ཕྲག་འཆར་འདི་མཚར། ། དཔྱད་གསུམ་སྲང་ལ་གཞལ་བའི་མཎི་ཀཿ ། ། 135


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་བཟང་སྙིང་པོས་མཆོག་ཏུ་རབ་ལྕི་བ། །

བཀའ་ལུང་རིན་ཆེན་དོ་ཤལ་རྒྱན་དུ་བསྟར། །

རྒྱལ་བའི་ཐུགས་བསྐྱེད་ཡོལ་གོར་མ་བཟུང་བའི། །

རྒྱལ་དབང་གསུང་གིས་རྗེས་བསྟན་རྗེས་སྒྲུབ་པ། །

རྒྱལ་ཁམས་ཕན་བདེའི་ཁུར་ཆེན་གཞན་ཡོད་མིན། །

རྒྱལ་ཁབ་སྐྱོང་བའི་བློན་པོའི་ལས་སུ་ཆེ། །

དྲང་ལ་དཀྱེལ་ཆེ་ཡིད་གཞུངས་བློ་གྲོས་མཛངས། །

མཆོག་གསུམ་བླ་མར་བཀུར་ཞིང་སྡེ༵་རིས་སྤངས། །

དེ་འདྲ་དེ་དག་སྲི༵ད་ཀྱི་སྣ་ཆེན་པོར། །

རང་སྲུང་གཞན་སྡེ་རྣམ་གནོན་སྟོབས་འབྱོར་གྱིས། །

ཀུན་ཕན་ཞི་བ་དམ་ཆོས་བདུད་རྩིའི་ཀླུང་། །

རྒྱལ་བསྟན་ནོར་བུའི་ལྟེ་བས་ཡོངས་བཟུང་བའི། །

གཏོགས་པའི་བྱེད་པོར་སྐབས་སུ་འོས་པར་འཇོག །

དྲེགས་ལྡན་རྒྱལ་ཁབ་ཀླ་ཀློ་ན་ཡང་མང་། །

གཅིག་ཏུ་འཁྱིལ་བའི་སྐལ་བཟང་བོད་ལྗོངས་ཙམ། ། སྣ་ཚོགས་སྲིད་ཀྱི་རྩིབས་སྟོང་འཁོར་ལོའི་འཕྲུལ། ། 136


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

བསོད་ནམས་ཤུགས་ཀྱིས་བསྐུལ་ན་སྡེ་བཞིའི་དཔལ། །

དེ་ཕྱིར་ཆོས་མིག་སྡིག་ལྟས་མ་ནོངས་པར། །

རྒྱལ་བའི་འཕྲིན་ལས་དོན་ལྡན་སྒྲུབ་པ་དང་། །

རབ་འབྱམས་འདོད་རྒུར་བསྐྲུན་ལ་ངལ་བ་ཅི། །

རིས་མེད་ཐུབ་བསྟན་བླ་ནས་བླར་འདེགས་པའི། ། ལྷན་ཅིག་དགེ་ཚོགས་དཔལ་ཡོན་འགུགས་ལ་རེམས། །

ལེའུ་དྲུག་པ། ཁྲིམས་བཟོའི་དབང་འཛིན།

དོན་ཚན་སོ་བརྒྱད་པ།

ཁྲིམས་བཟོའི་དབང་ཆ།

ཁྲིམས་ལུགས་བཟོ་འགོད་གཏན་འབེབས་བྱ་རྒྱུའི་འགན་དབང་ཚང་

མ་རྒྱལ་ཡོངས་ཚོགས་འདུ་ཆེ་མོར་ཡོད། འོན་ཀྱང་ཁྲིམས་ལུགས་དེ་དག་ལ་

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ བཀའ་འཁྲོ ལ ་ཆོ ག ་མཆན་ཞུ་

དགོས་པ་ཡིན།

རྒྱལ་ཡོངས་ཚོགས་ཆེན་སྒྲིག་འཛུགས།

དོན་ཚན་སོ་དགུ་པ།

༡ རྒྱལ་ཡོངས་ཚོགས་འདུ་ཆེ་མོ་གཤམ་གསལ་ལྟར་དགོས་རྒྱུ།

ཀ༽

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་འཐུས་མི འི ་ རྩ་འབོ ར ་གྱི ་ བརྒྱ་ཆ་

བདུན་ཅུ་དོན་ལྔ་ཐོབ་ཁུངས་ས་ཁུལ་སོ་སོའི་རང་ཐོབ་ལྟར་མི་མང་ སེར་སྐྱ་ནས་ཐད་ཀར་འདེམས་བསྐོ་བྱ་རྒྱུ་དང་། 137


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁ༽

བརྒྱ་ཆ་བཅུ་ཐམ་པ་ཁྲི མ ས་ལུགས་གཞི ར ་བཟུང་དགོ ན ་

ག༽

ཡང་བརྒྱ་ཆ་བཅུ་ཐམ་པ་ཁྲི མ ས་ལུགས་གཏན་འབེ བ ས་

ང༽

བརྒྱ་ཆ་ལྔ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་

ཁག་དང་། དེ་མིན་ཆོས་ཕྱོགས་ཚོགས་སྡེ་ཁག་ནས་འདེམས་བསྐོ་ བྱ་རྒྱུ།

གཞིར་བཟུང་མངའ་སྡེ་ཁག་དང་།

ཚོགས་འདུ་ནས་འདེམས་བསྐོ་བྱ་རྒྱུ།

རྫོང་ཁག་སོ་སོའི་འཐུས་མི་

རྩོམ་རིག་དང་། ཚན་རིག་ཐོག་ཏུ་བྱས་རྗེས་སྙན་གྲགས་ཡོད་པའི་མི་ སྣ་ཁག་ཐད་ཀར་བསྐོ་འཛུགས་བསྐྱང་རྒྱུ།

༢ དོན་ཚན་འདིའི་ལེ་ཚན་དང་པོ་ ཀ༽

ནང་འཁོད་གསལ་སྐོར་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བསྐོ་གཞག་གནང་བའི་འདེམས་བསྐོ་

ལྷན་ཚོ ག ས་ནས་རྒྱལ་ཁབ་ཀྱི ་ ས་ཁྱོན་ཡོ ང ས་རྫོ ག ས་འདེ མ ས་བསྐོའི ་ ཐོ བ ་

དབང་ཡོ ད ་པའི ་ མི ་ འབོ ར ་ལ་གཞི ག ས་ཏེ ་ ཚོ ག ས་འཐུས་འདེ མ ས་ཕྱོ ག ས་ས་ ཁུལ་དུ་ཆ་བགོ ས ་ཀྱི ས ་ས་ཁུལ་རེ ་ རེ ར ་ཚོ ག ས་འཐུས་ངོ ་ གྲངས་ཇི ་ དགོ ས ་

གཏན་འབེབས་ཐག་གཅོད་བྱ་རྒྱུ།

རྒྱལ་ཡོངས་ཚོགས་ཆེན་གྱི་ཡུན་ཚད།

དོན་ཚན་བཞི་བཅུ་པ།

༡ རྒྱལ་ཡོངས་ཚོགས་ཆེན་ལོ་དུས་མ་རྫོགས་གོང་འཕོ་འགྱུར་གཏོང་དགོས་

ཀྱི་གནས་ཚུལ་དམིགས་བསལ་བྱུང་ན་ལས། དེ་མིན་ཚོགས་ཆེན་སྐབས་རེ་

རེའི་ཡུན་ཚད་དེ་ཚོགས་འདུ་དང་པོ་ཚུགས་ཉིན་ནས་བཟུང་ལོ་ལྔ་རིང་གནས་

རྒྱུ་དང་། ལོ་རྒྱུན་འདི་རྫོགས་མཚམས་ནས་སྐབས་འདིའི་ཚོགས་ཆེན་འཁྱུར་ ཟིན་པར་ངོས་འཛིན་བྱ་རྒྱུ།

138


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

༢ རྒྱལ་ཡོངས་ཚོགས་ཆེན་ཚོགས་འདུ་མ་ཚོགས་པའི་དུས་ཡུན་རིང་རྒྱུན་

ལས་ཚོགས་འདུ་ཞིག་དགོས་པ་ཡིན།

༣ རྒྱུན་ལས་ཚོགས་འདུའི་འཐུས་མི་གྲངས་འབོར་ཇི་དགོས་དང་། འགན་

དབང་སོགས་རྒྱལ་ཡོངས་ཚོགས་ཆེན་ནས་འཆར་གཞི་བཀོད་དེ་༸གོང་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་འབུལ་ཆོག་མཆན་ཞུ་རྒྱུ། རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིར་འོས་པའི་གནས་ཚད། དོན་ཚན་ཞེ་གཅིག་པ།

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིར་འདེམས་ཐོན་ཡོང་བར་བྱེད་པ་ལ།

ཀ༽

བོ ད ་ཀྱི ་ ཆབ་འབངས་རང་ལོ ་ ཉི ་ ཤུ་ལྔ་ཧྲི ལ ་པོ ར ་ལོ ན ་པ་

ཡན་དང་། ཁ༽

རྒྱལ་ཡོངས་ཚོགས་ཆེན་ནས་གཏན་འབེབས་བྱ་རྒྱུའི་ཁྲིམས་

ལུགས་ཅི་རིགས་ནང་གསལ་ལམ། འདི་སྐོར་ཚད་གཞི་གཞན་ཁག་ ཟུར་འགོད་བྱ་རྒྱུའི་གནས་ཚུལ་དང་ཕྱོགས་འགལ་མིན་པ་བཅས། རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་འདུ།

དོན་ཚན་ཞེ་གཉིས་པ།

༡ འཆར་ཅན་རྒྱལ་ཡོངས་ཚོགས་འདུ་ཆེ་མོ་ཚུགས་དུས་དང་། ས་གནས་ཐད་

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་དགོ ང ས་དཔྱད་ཀྱི ས ་དུས་ སྐབས་སོ་སོར་ཚོགས་ཆེན་བསྡུ་བཀོང་མཛད་རྒྱུ།

དེ་ཡང་ཚོགས་ཆེན་གྱི་

ཚོ ག ས་འདུ་སྔོ ན ་མ་གྲོལ་མཚམས་ནས་བཟུང་བའི ་ ཟླ་དྲུག་ནང་ཚུད་ཚོགས་ ཐེངས་རྗེས་མའི་ཚོགས་འདུ་དང་པོ་ཚུགས་ཟིན་པ་དགོས་རྒྱུ། ༢

རྩ་ཁྲིམས་འདིའི་དོན་ཚན་ཁག་གཞིར་བཟུང་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ནས།

139


ཀ༽

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་གྱི ་ ཚོ ག ས་འདུ་མཚམས་འཇོ ག ་

ཕར་འགྱངས་གནང་བའམ།

ཁ༽

ཡང་ན་ཚོགས་ཆེན་འཕོ་འགྱུར་གཏོང་གནང་མཛད་འཐུས།

རྒྱལ་ཡོངས་ཚོགས་ཆེན་ཐོག་༸གོང་ས་མཆོག་གི་ གསུང་བཤད་དང་བཀའ་འཕྲིན།

དོན་ཚན་ཞེ་གསུམ་པ། ༡

མི་མང་ནས་འདེམས་བསྐོས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐོག་མ་

གསར་ཚུགས་དང་། ལོ་རེའི་ཚོགས་ཐེངས་དང་པོའི་ཚོགས་འདུ་འགོ་འཛུགས་

བཅས་སུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་སྐབས་དེའི་ཚོགས་ ཆེན་བསྡུ་བཀོང་གི་གནས་ལུགས་གསུང་བཤད་བསྩལ་རྒྱུ།

༢ རྒྱལ་ཡོངས་ཚོགས་ཆེན་ནང་ཐག་གཅོད་བྱ་རྒྱུར་ལུས་བསྡད་འཆར་གཞི་

ཞིག་གམ།

གཞན་དག་གནས་ཚུལ་གང་ཅིའི་སྐོར་ལ་༸གོང་ས་༸སྐྱབས་

མགོན་ཆེན་པོ་མཆོག་ནས་རྒྱལ་ཡོངས་ཚོགས་ཆེན་ཐོག་བཀའ་འཕྲིན་བསྩལ་

འཐུས་དང་། བཀའ་འཕྲིན་ནང་གསལ་གནད་དོན་ཇི་ཡོད་ཚོགས་ཆེན་ནས་ གང་མྱུར་བསམ་ཞིབ་ཞུ་དགོས། དོན་ཚན་ཞེ་བཞི་པ།

དམིགས་བསལ་ཚོགས་འདུ།

༡ བཀའ་ཤག་གམ། རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་མང་ཆེ་བས་ཞུ་

སྐུལ་ལ་བརྟེན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དམིགས་

བསལ་རྒྱལ་ཡོངས་ཚོགས་འདུ་ཆེ་མོ་བསྡུ་བཀོང་མཛད་འཐུས།

༢ རྒྱལ་ཡོངས་ཚོགས་ཆེན་གྱི་དམིགས་བསལ་ཚོགས་འདུ་ཚང་མ་༸གོང་ས་

༸སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཁྱབ་དང་འབྲེལ་བའི་འགོ་འཛུགས་ 140


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དང་། མཇུག་བསྡོམས་བྱ་རྒྱུ།

བློན་ཆེན་རྣམས་ཚོགས་ཞུགས་ཆོག་པའི་ཐོབ་ཐང་།

དོན་ཚན་ཞེ་ལྔ་པ།

བློན་ཆེན་སུ་ཡིན་རུང་རྒྱལ་ཡོངས་ཚོགས་ཆེན་གྱི་ཚོགས་འདུར་ངོ་

ཞུགས་དང་། གསུང་གླེང་གནང་འཐུས་མ་ཟད། ཚོགས་ཆེན་གྱི་ཚོགས་ཆུང་

གང་རུང་ནང་ཚོ ག ས་མི འི ་ མཚན་ཁོ ང ས་སུ་ཡོ ད ་ན་གོ ང ་བཞི ན ་ངོ ་ ཞུགས་

གསུང་གླེང་གནང་འཐུས། འོན་ཀྱང་འོས་བསྡུ་ཆོག་པའི་ཐོབ་ཐང་མེད། རྒྱལ་ཡོངས་ཚོགས་ཆེན་གྱི་གཙོ་འཛིན།

དོན་ཚན་ཞེ་དྲུག་པ། ༡

རྒྱལ་ཡོངས་ཚོགས་ཆེན་སྐབས་རེ་རེའི་ཚོགས་ཐེངས་དང་པོའི་ཐོག་

ཚོ ག ས་ཆེ ན ་འཐུས་མི འི ་ ཁོ ང ས་ནས་ཚོ ག ས་འདུའི ་ གཙོ ་ འཛི ན ་གཅི ག ་དང་།

གཙོ་འཛིན་གཞོན་པ་གཅིག་འདེམས་བསྐོ་བྱ་རྒྱུ། གཙོ་འཛིན་དང་། གཙོ་

འཛི ན ་གཞོ ན ་པ་སུ་རུང་གི ་ ལས་ཁུར་འཛི ན ་མཁན་མེ ད ་སྐབས་འཐུས་མི ་ གཞན་ཞིག་ཚབ་གསར་འོས་འདེམས་བསྐོ་གཞག་བྱ་རྒྱུ།

༢ ཚོགས་ཆེན་གྱི་གཙོ་འཛིན་དང་། གཙོ་འཛིན་གཞོན་པ་ཚོགས་ཆེན་འཐུས་

མིའི་ཁོངས་ནས་བུད་པ་དང་།

གཞན་ཡང་ཚོགས་ཆེན་འཐུས་མི་རྩ་འབོར་

གསུམ་ཆ་གཉི​ིས་ནས་གྲོས་ཆོད་ཀྱིས་གཙོ་འཛིན་ལས་ཁུར་ཕྱིར་འཐེན་བཅས་ ཀྱི་སྐབས་སུ་རང་གི་ལས་ཁུར་བཤོལ་རྒྱུ།

༣ ཚོགས་ཆེན་གྱི་གཙོ་འཛིན་དང་། གཙོ་འཛིན་གཞོན་པའི་ཕོགས་ཐོབ་དང་།

ཟུར་ཕོགས་བཅས་རྒྱལ་ཡོངས་ཚོགས་འདུ་ཆེ་མོས་ཁྲིམས་ལུགས་ཐོག་ནས་ གཏན་འབེབས་བྱ་རྒྱུ།

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིའི་དམིགས་བསལ་ཐོབ་ཐང་། 141


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་ཚན་ཞེ་བདུན་པ།

༡ རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་སུ་རུང་ནས་ཚོགས་ཆེན་ཐོག་གམ།

དེའི་ཚོགས་ཆུང་གང་རུང་ལ་གྲོས་མོལ་གླེང་ཕྱོགས་དང་འོས་བསྡུ་བྱེད་སྟངས་

གང་ཅིའི་སྐོར་ལ་སུས་ཀྱང་ཁྲིམས་ཁང་གང་དུའང་ཞུ་གཏུགས་མི་ཆོག་ཅིང་། དེ་བཞིན་རྒྱལ་ཡོངས་ཚོགས་ཆེན་ནས་སམ།

དེའི་བཀའ་འབྲེལ་ཐོག་ནས་

ལས་དོན་༸སྙན་ཐོ་དང་། དེ་མིན་ཡིག་ཆུང་གང་རུང་དཔར་འགྲེམས་བྱས་པའི་

དོན་གནད་ལ་བསྙད་དེ་རྩོད་འཛུགས་ཞུ་གཏུགས་རིགས་མི་ཆོག

༢ རྒྱལ་ཡོངས་ཚོགས་འདུ་ཆེ་མོ་ཚུགས་ཡུན་རིང་ཚོགས་འཐུས་སུ་འདྲ་ཞིག་

ཡི ན ་ཡང་ཁྲི མ ས་དོ ན ་ཕྱོ ག ས་འགལ་གྱི ་ བྱ་བ་ལག་ལེ ན ་བསྟར་བཞི ན ་པའི ་

སྐབས་སུ་མ་གཏོགས། དེ་མིན་ཁྲིམས་འགལ་དང་། སྒེར་རྩོད་ཉེས་ཚབས་ཆེ་

ཆུང་ཇི་ལྟར་བྱུང་རུང་སྔོན་ཚུད་རྒྱལ་ཡོངས་ཚོགས་འདུ་ཆེ་མོའི་གཙོ་འཛིན་ གྱི་བཀའ་འཁྲོལ་མེད་པར་འཛིན་བཟུང་ཁྲིམས་གཅོད་བྱས་མི་ཆོག ༣

གནས་ཚུལ་གཞན་གྱི་ཐོག་ཏུ་རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིར་

དམིགས་བསལ་ཐོབ་ཐང་སྤྲོད་ཕྱོགས་སྐོར་ཚོགས་ཆེན་རང་ནས་སྐབས་སྦྱར་

ཁྲིམས་ལུགས་གསར་བཟོ་དང་འབྲེལ་དོན་གནད་འགྲེལ་བཤད་བྱ་རྒྱུ།

འཐུས་མིས་ཁས་ལེན་དམ་བཅའ་འཇོག་པ།

དོན་ཚན་ཞེ་བརྒྱད་པ།

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་རེ་རེས་རང་ཉིད་འཐུས་མིའི་

ཁོ ང ས་སུ་མ་ཞུགས་གོ ང ་ཚུད་ཁྲི མ ས་ཐོ ག ་འགྲོ་ལུགས་ཞི བ ་འཁོ ད ་ལྟར་ ཚོགས་འདུའི་གཙོ་འཛིན་ནམ། དེའི་ལས་ཚབ་ཀྱི་མདུན་སར་ཁས་ལེན་དམ་ བཅའ་འཇོག་དགོས།

ཚོགས་ཆེན་ཐོག་འོས་བསྡུ། 142


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དོན་ཚན་ཞེ་དགུ་པ།

༡ རྒྱལ་ཡོངས་ཚོགས་འདུ་ཆེ་མོ་ནམ་ཚུགས་ཀྱི་སྐབས་སུ་རྩ་ཁྲིམས་འདིར་

གསལ་ཁྲིམས་སྲོལ་འགྲོ་ལུགས་ཕུད། དེ་མིན་ཚོགས་འདུའི་ལས་དོན་ཚང་མ་ ཚོགས་ཆེན་གྱི་གཙོ་འཛིན་ནམ། དེའི་ལས་ཚབ་ཕུད་པའི་འཐུས་མི་ངོ་ཡོད་

རྣམས་ནས་འོས་བསྡུས་ཀྱིས་འོས་བསྡུ་མང་བས་མོས་མཐུན་ཇི་བྱུང་ལ་ཐག་ གཅོད་བྱ་རྒྱུ་དང་། ཚོགས་འདུའི་གཙོ་འཛིན་ནམ། དེའི་ལས་ཚབ་ནས་ཐོག་ མར་འོས་བསྡུ་བྱ་རྒྱུ་མེད་རུང་།

འོས་བསྡུའི་གྲངས་འབོར་འདྲ་མཚུངས་སུ་

གྱུར་སྐབས་ཕྱོགས་གང་མོས་སུ་འོས་བསྡུ་བྱས་ཆོག་པ་ཡིན། ༢

རྒྱལ་ཡོངས་ཚོགས་ཆེན་ནས་ཚོགས་འཐུས་རྩ་འབོར་གྱི་ལྔ་ཆ་གཅིག་

འཛོམས་ཕྱིན་ལས་དོན་གང་ཅི་ཐག་གཅོད་བྱེད་པའི་དབང་ཆ་ཡོད། ཚོགས་

ཆེན་ནས་ལས་དོན་གང་རུང་གྲོས་བསྡུར་ཐག་གཅོད་ཟིན་རྗེས་གཞི་ནས་སྐྱེ་བོ་ གང་ཞིག་ཐོབ་ཐང་མེད་པར་མཉམ་ཚོགས་གྲོས་གླེང་འོས་བསྡུ་བྱས་པ་ཤེས་

རྟོགས་བྱུང་ཡང་ལས་དོན་ཐད་ཚོགས་ཆེན་ནས་ཇི་ལྟར་ཐག་བཅད་ཟིན་པ་དེ་ དོན་རྩ་འཛིན་བྱ་རྒྱུ། ༣

རྒྱལ་ཡོངས་ཚོགས་ཆེན་ཚོགས་འདུ་ནམ་ཚུགས་ཀྱི་འཐུས་མིའི་གྲངས་

རྒྱལ་ཡོངས་ཚོགས་འདུ་ཆེ་མོ་ནམ་ཚུགས་ཀྱི་སྐབས་སུ་འཐུས་མིའི་

ཚད་ཉུང་མཐར་ཚོགས་ཆེན་འཐུས་མིའི་རྩ་འབོར་གྱི་ལྔ་ཟུར་གཅིག་དགོས་པ་

ཡིན།

གྲངས་འབོར་ཚད་ལོངས་མེད་ཚེ་ཚོགས་འདུ་གྲོལ་རྒྱུའམ།

ཡང་ན་འཐུས་

མི འི ་ གྲངས་ཚད་མ་ལོ ང ས་བར་ཚོ ག ས་འདུ་ཕར་འགྱངས་བྱ་རྒྱུ་བཅས་ནི ་ ཚོགས་འདུའི་གཙོ་འཛིན་ནམ། དེའི་ལས་ཚབ་ཀྱི་འགན་ཁུར་ཡིན། འཐུས་མི་འཁྱུར་དགོས་པ། 143


དོན་ཚན་ལྔ་བཅུ་པ།

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༡ རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་ཞིག་བློན་ཆེན་ནམ། སྡེ་སྲིད་གང་

རུང་དུ་འདེམས་བསྐོ་བྱས་པའམ། འདི་གཤམ་དོན་ཚན་ནང་འཁོད་གསལ་མ་

འོས་པའི་གནས་ཚུལ་གང་ཞིག་བྱུང་བ། ཡང་ན་ཚོགས་འདུའི་གཙོ་འཛིན་ལ་ རང་གི་ལག་བྲིས་དགོངས་༸སྙན་ཕུལ་ཏེ་དགོངས་པ་ཞུས་འཁྲོལ་བཅས་ཀྱི་

སྐབས་སུ་རང་གི་འཐུས་མིའི་ལས་ཁུར་འཁྱུར་དགོས་པ་ཡིན། ༢

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་ཞིག་ཚོགས་ཆེན་ནས་དགོངས་

འཁྲོལ་མེད་པར་དུས་ཡུན་ཉིན་དྲུག་ཅུའི་རིང་ཚོགས་འདུ་ཚང་མར་ངོ་ཞུགས་

མ་བྱུང་ཚེ ་ དེ ་ དག་ཚོ ག ས་ཆེ ན ་གྱི ་ འཐུས་མི ་ མི ན ་པར་ངོ ས ་འཛི ན ་གསལ་ བསྒྲགས་བྱ་འཐུས། འོན་ཀྱང་ཚོགས་ཆེན་ཚུགས་མུས་ནས་ཚོགས་འདུ་བར་

མཚམས་ཉིན་བཞི་ལས་བརྒལ་བ་བསྟུད་མར་བཞག་ཚེ་སྐབས་དེ་གའི་ཚོགས་ དབར་ཉིན་གྲངས་ཇི་སོང་རྣམས་ཉིན་དྲུག་ཅུའི་ཁོངས་སུ་བརྩི་རྒྱུ་མིན། འཐུས་མིར་མ་འོས་པའི་རྒྱུ་མཚན།

དོན་ཚན་ང་གཅིག་པ། ༡

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིར་འདེམས་བསྐོ་མ་འོས་པའམ།

འཐུས་མིའི་ཐོབ་ཐང་བྲལ་བའི་སྐྱེ་བོ་འདི་ལྟར།

ཀ༽

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་ཁྲི མ ས་ལུགས་ལྟར་འཐུས་

ཁ༽

ཚད་ལྡན་ཁྲི མ ས་ཁང་ཞི ག ་ནས་གསལ་བསྒྲགས་ཀྱི ་ རི ག ་

མིར་འོས་ངེས་གསལ་བསྒྲགས་ཟིན་པའི་ལས་བྱེད་ཁག་ཕུད། མིན་གཞུང་ཁོངས་ཁེ་ཡོད་ལས་འཛིན་ཡིན་རིགས། འཚོ་མ་ཟིན་པའི་རིགས། ག༽

དེ་

ཁྲིམས་ཐོག་གསལ་བསྒྲགས་ཀྱི་བུ་ལོན་སྒྲུབ་འཇལ་མ་ཐུབ་ 144


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

པའི་རིགས། ང༽

བོད་ཀྱི་ཆབ་འབངས་མ་ཡིན་པའམ། རྒྱལ་ཁབ་གཞན་ལ་

བློ་བཅོལ་མགོ་བཏགས་བྱས་རིགས། ཅ༽

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་གཏན་ལ་ཕབ་པའི ་ ཁྲི མ ས་

ལུགས་གང་རུང་ངམ། ཡང་ན་ཚོགས་ཆེན་ནས་མ་འོས་པར་ངོས་ འཛིན་བྱས་རིགས་བཅས།

འཐུས་མིར་མ་འོས་པའི་དོན་གནད་ཐག་གཅོད།

དོན་ཚན་ང་གཉིས་པ།

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་ཞིག་གོང་འཁོད་དོན་ཚན་ནང་

གསལ་འཐུས་མིར་མ་འོས་པའི་ཀླན་ཀ་བྱུང་རིགས་ཁྲིམས་ཁང་མཐོ་ཤོས་ཀྱི་

ཁྲིམས་དཔོན་ཆེ་བར་༸སྙན་སེང་གིས་དེ་ནས་བཀོད་འདོམས་ཇི་བྱུང་དེ་དག་

མཐའ་མའི་ཐག་གཅོད་ལ་ངོས་འཛིན་བྱ་རྒྱུ།

དམ་བཅའ་མ་བཞག་པའི་སྔོན་དང་། འཐུས་མིའི་ཐོབ་ཐང་བྲལ་ཡང་ ཚོགས་ཞུགས་འོས་བསྡུ་བྱས་པའི་ཉེས་ཆད།

དོན་ཚན་ང་གསུམ་པ།

སྐྱེ་བོ ་ གང་ཞི ག ་གི ས ་རང་ཉི ད ་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་གྱི ་ འཐུས་

མིའི་ཁས་ལེན་དམ་བཅའ་མ་བཞག་པའི་སྔོན་ཚུད་དམ། རྒྱལ་ཡོངས་ཚོགས་

ཆེ ན ་ནས་གཏན་ལ་ཕབ་པའི ་ ཁྲི མ ས་ལུགས་གང་རུང་གི ་ ལེ ་ ཚན་ཁག་ནང་ གསལ་འཐུས་མིའི་ཐོབ་ཐང་བྲལ་བ་དང་།

དེ་མིན་བཀག་བསྡོམས་ཡོད་

རིགས་སམ། མ་ཆོག་པ་ཤེས་བཞིན་དུ་རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་

མིའི་གྲས་སུ་ཞུགས་པའམ། བསྒྲུབ་རྒྱུ།

འོས་བསྡུ་བྱས་པ་ཡིན་ཚེ་ཉིན་རེར་ཉེས་ཆད་ 145


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཐུས་མིའི་ཕོགས་ཐོབ་དང་། ཟུར་ཕོགས།

དོན་ཚན་ང་ལྔ་པ།

༡ རྒྱལ་ཡོངས་ཚོགས་ཆེན་ནས་བཀའ་ཤག་གི་འོ ས་འདུན་དགོངས་འཆར་

མེད་པར་དཔྱ་ཁྲལ་འགེལ་བའམ། ཆག་ཡངས་དང་། རྩ་ཆག བསྒྱུར་བཀོད། ཡང་ན་ཁྲལ་འབབ་གང་རུང་གི་སྒྲིག་ཁྲིམས། དང་།

གཞུང་གི་དངུལ་བུན་ལེན་པ་

འགན་ལེན་བྱེད་ཕྱོགས་ཀྱི་སྒྲིག་ཁྲིམས་བཅས་པའི་འཆར་གཞི་གང་

ཡང་འགོད་འབུལ་མི་ཆོག

འོན་ཀྱང་འཆར་གསལ་ཁྲལ་འབབ་གང་རུང་རྩ་

ཆག་གམ། ཆག་ཡངས་ཀྱི་དོན་གནད་སྐོར་ལ་བཟོ་བཅོས་བྱ་རྒྱུར་བཀའ་ཤག་ གི་འོས་འདུན་དགོངས་འཆར་དགོས་པ་མ་ཡིན།

༢ ཁྲིམས་དཔྱད་ཉེས་དངུལ་དང་། དེ་མིན་དངུལ་གྱི་ཉེས་ཆད། ལག་ཁྱེར་གླ་

འབབ་དང་། ལས་དོན་གླ་འབབ་སྤྲོད་ལེན་བཅས་འཆར་གཞི་ཞིག་ནང་འཁོད་

པའི ་ རྒྱུ་མཚན་ཁོ ་ ནར་བརྟེན་ནས་འདི ་ དག་གོ ང ་གསལ་ལེ ་ ཚན་མཐའ་མའི ་ ནང་ཞིབ་འཁོད་གནས་ཚུལ་གང་རུང་གི་དོན་གནད་གྲས་སུ་འཇོག་དགོས་པ་ མ་ཡིན།

༣ གཞུང་ནས་འགྲོ་གྲོན་གཏོང་དགོས་ཀྱི་འཆར་གཞིའི་རིགས་བཀའ་ཤག་གི་

འོས ་འདུན་དགོ ང ས་འཆར་མེ ད ་པར་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་གཏན་ འབེབས་ཐག་གཅོད་བྱས་མི་ཆོག

༤ གོང་གསལ་མཐའ་མའི་ལེ་ཚན་ཁག་གསུམ་ནང་འཁོད་གསལ་དོན་གནད་

རྣམས་ཕུད། རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་སུ་རུང་ནས་འཆར་གཞི་ དང་གྲོས་ཆོད་གང་རུང་འགོད་འབུལ་དང་། ཡང་ན་འཆར་གཞི་གང་ཡང་བཟོ་ བཅོས་དགོས་པའི་བསམ་འཆར་བཏོན་འཐུས།

༥ འཐུས་མི་སྒེར་ནས་ཕུལ་བའི་འཆར་གཞི་ཁག་གམ། གྲོས་ཆོད་ཁག་ཚང་ 146


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

མ་དང་། བཀའ་ཤག་གི་དགོངས་འཆར་འཆར་གཞི་ཁག་བཅས་དགོས་ངེས་

བྱུང་ན་དོན་གནད་འདི་སྐོར་དམིགས་བསལ་ཟུར་བཙུགས་ཚོགས་ཆུང་ཁག་ ལ་རྟོག་ཞིབ་བྱ་དགོས་སུ་གཏོང་རྒྱུ། དོན་ཚན་ང་དྲུག་པ།

ལོ་འཁོར་དངུལ་རྩིས་སྙན་སྒྲོན།

༡ བཀའ་ཤག་ནས་ལོ་ལྟར་རྒྱལ་ཡོངས་ཚོགས་ཆེན་ཐོག་ལོ་དེའི་སྔོན་རྩིས་

ཡོང་འབབ་དང་། འགྲོ་སོང་སྐོར་ལོ་འཁོར་དངུལ་རྩིས་སྙན་སྒྲོན་གནང་རྒྱུ།

༢ སྙན་སྒྲོན་ནང་འཁོད་སྔོན་རྩིས་འགྲོ་སོང་ཐད་འདི་ལྟར་དབྱེ་འབྱེད་ཀྱིས་སྟོན་

རྒྱུ།

ཀ༽

གཞུང་གི་ཡོང་འབབ་ཐོག་ནས་འདི་གཤམ་ལེ་ཚན་གསུམ་

ཁ༽

དེ་མིན་རྩིས་འཆར་ནང་གསལ་གཞུང་གི་ཡོང་འབབ་ནས་

ཀ༽

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་

པའི་ནང་འཁོད་དགོས་ངེས་འགྲོ་གྲོན་གཏོང་རྒྱུའི་དངུལ་འབོར་ཁག་ དང་།

འགྲོ་གྲོན་གཏོང་དགོས་ཀྱི་དངུལ་འབོར་ཁག

༣ གཞུང་གི་ཡོང་འབབ་ཐོག་ནས་གཏོང་དགོས་འགྲོ་གྲོན་ཁག་གཤམ་གསལ།

རྗེས་འབྲེལ་གྱི་འགྲོ་གྲོན།

ཁ༽

རྒྱལ་ཡོངས་ཚོགས་འདུ་ཆེ་མོའི་གཙོ་འཛིན་དང་།

འཛིན་གཞོན་པའི་ཕོགས་ཐོབ་དང་། ཟུར་ཕོགས་ཁག ག༽

ཁྲི མ ས་ཁང་མཐོ ་ ཤོ ས ་ཀྱི ་ ཁྲི མ ས་དཔོ ན ་རྣམས་ཀྱི ་ ཕོ ག ས་

ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས་ཐོབ། ང༽

གཙོ་

གཞུང་ལ་འཁྲི་བའི་བུན་སེལ་དམིགས་སྒོ་ཟུར་གསོག་དང་། 147


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མ་དངུལ་བསྐྱེད་འབབ་བཅས་པ།

གཞུང་གི་ཡོང་འབབ་ཐོག་ནས་འགྲོ་གྲོན་འདི་རིགས་ཀྱི་སྔོན་རྩིས་ཐད་

རྒྱལ་ཡོངས་ཚོགས་ཆེན་ལ་འོས་བསྡུའི་འཆར་འབུལ་གནང་དགོས་མེད་ཀྱང་།

རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནང་གྲོས་བསྡུར་བྱ་རྒྱུར་ལེ ་ ཚན་འདི ་ ཐོ ག ་ནས་ བཀག་འགོག་གང་ཡང་མེད།

༥ གཞན་དག་དངུལ་གྱི་འགྲོ་སོང་དགོས་རིགས་རྒྱལ་ཡོངས་ཚོགས་ཆེན་ལ་

རྩིས་འཆར་ཕུལ་ཏེ་བཀའ་འཁྲོལ་ཡོང་བ་ཞུ་དགོས། ཚོགས་ཆེན་ནས་དེ་དོན་

ཆོག་འཐུས་སམ། ཡང་ན་གཅོག་འཕྲི་བྱེད་པ། དེ་མིན་འཆར་གཞི་ཕྱིར་སློག་ བཅས་ཇི་འོས་ཐག་གཅོད་བྱ་རྒྱུའི་དབང་ཆ་ཡོད། དོན་ཚན་ང་བདུན་པ།

སྒྲིག་ལམ་འགྲོ་ལུགས།

རྒྱལ་ཡོངས་ཚོགས་ཆེན་ནས་རྩ་ཁྲིམས་འདིའི་དོན་ཚན་ཁག་གཞིར་

བཟུང་ཚོགས་འདུའི་འགྲོ་ལུགས་དང་། བཟོ་རྒྱུ།

ལས་དོན་བཀོད་བྱུས་ཀྱི་སྒྲིག་ལམ་

གྲོས་བསྡུར་བཀག་བསྡོམས།

དོན་ཚན་ང་བརྒྱད་པ།

རྒྱལ་ཡོངས་ཚོགས་ཆེན་ནས་གཤམ་གསལ་ལྟར་ཁྲིམས་ཁང་མཐོ་

ཤོ ས ་ཀྱི ་ ཁྲི མ ས་དཔོ ན ་ཞི ག ་ལས་ཁུར་ཕྱི ར ་འཐེ ན ་བྱ་རྒྱུའི ་ སྐོར་༸གོ ང ་ས་ ༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་འབུལ་ཞུ་དགོས་ཀྱི་དོན་གནད་བྱུང་

ན་མ་གཏོགས། དེ་མིན་ཁྲིམས་དཔོན་སུ་རུང་གི་འགན་ཁུར་ལས་དོན་བྱེད་ ཕྱོགས་ལ་གྲོས་གླེང་ཆོག་པ་མ་ཡིན།

༸གོང་ས་མཆོག་ནས་བཀའ་རྩ་ཁྱབ་བསྒྲགས་གནང་རྒྱུ། 148


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དོན་ཚན་ང་དགུ་པ། ༡

རྒྱལ་ཡོངས་ཚོགས་འདུ་ཆེ་མོ་མ་ཚུགས་པའི་དབར་༸གོང་ས་༸སྐྱབས་

མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཛ་དྲག་ཆེ ་ ལ་ངེ ས ་པར་ཕྱག་བཞེ ས ་དགོ ས ་པའི ་ དོན་གནད་དགོངས་བབས་ནམ་བྱུང་སྐབས་རྒྱལ་ཡོངས་ཚོགས་ཆེན་གྱི་རྒྱུན་

ལས་ཚོགས་འདུར་བཀའ་བསྡུར་བསྐྱངས་རྗེས་གནས་ཚུལ་ལ་གཞིགས་པའི་

བཀའ་རྩ་ཁག་ཁྱབ་བསྒྲགས་མཛད་རྒྱུ། ༢

དོན་ཚན་འདི་ནང་གསལ་བཀའ་རྩ་ཁྱབ་བསྒྲགས་གནང་བ་དེ་དག་རྒྱལ་

ཡོངས་ཚོགས་ཆེན་གྱི་ཁྲིམས་ལུགས་དང་འདྲ་བའི་ནུས་ཤུགས་ཡོད། འོ ན་

ཀྱང་རྗེ ས ་སུ་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ནས་འདི ་ སྐོར་བསམ་འཆར་༸སྙན་ ཞུས་བྱུང་ཚེ་བཀའ་རྩ་འདི་རིགས་ལ་བཟོ་བཅོས་སམ། བསྒྱུར་བཀོད། ཡང་ན་ ཕྱིར་འཐེན་མཛད་ཀྱང་འཐུས་རྒྱུ།

འཆར་གཞི་ཁག་ལ་ཆོག་མཆན་བསྩལ་རྒྱུ།

དོན་ཚན་དྲུག་ཅུ་པ།

འཆར་གཞི་ཞིག་རྒྱལ་ཡོངས་ཚོགས་ཆེན་ནས་གཏན་འབེབས་ཟིན་

བསྟུན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཕུལ་གྱིས་༸གོང་

ས་མཆོག་གིས་འཆར་གཞི་དེ་ལ་ཆོག་མཆན་བསྩལ་ན་དང་། དེ་མིན་༸གོང་ ས་མཆོག་ནས་འཆར་གཞི་དེའམ།

ཡང་ན་དེའི་དོན་གནད་གང་རུང་ཟུར་

འདོན་གནང་སྟེ་བཀའ་འཕྲིན་དང་སྦྲགས་རྒྱལ་ཡོངས་ཚོགས་ཆེན་ཐོག་དེ་སྐོར་

བསྐྱར་དུ་བསམ་ཞིབ་དགོས་རྒྱུར་ཕྱིར་བསྩལ་དང་། ལྷག་པར་བཀའ་འཕྲིན་

ནང་གསལ་ཐུགས་བཞེ ས ་དགོ ང ས་འཆར་ལྟར་གང་ཅི འི ་ བཟོ ་ བཅོ ས ་གནང་

བར་དགེ་མཚན་མཆིས་མིན་ཚོགས་ཆེན་ནས་ངེས་པར་བསམ་ཞིབ་ཞུ་རྒྱུ། རྒྱལ་ཡོངས་ཚོགས་ཆེན་གྱི་ལས་དོན་ལ་ཁྲིམས་ཁང་ནས་ 149


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་ཚན་རེ་གཅིག་པ།

རྩད་གཅོད་མི་ཆོག་པ།

༡ ཁྲིམས་ཁང་ནས་རྒྱལ་ཡོངས་ཚོགས་ཆེན་ནང་ལས་དོན་བྱེད་ཕྱོགས་གང་

ཅི་ཚོགས་ཆེན་རང་གི་འགྲོ་ལུགས་གང་རུང་དང་མཐུན་མིན་རྩད་གཅོད་བྱས་ མི་ཆོག

༢ རྒྱལ་ཡོངས་ཚོགས་ཆེན་ནང་གི་འགྲོ་ལུགས་དང་། ལས་དོན་བཀོད་བྱུས་

སམ། ཡང་ན་སྒྲིག་ལམ་གནས་ཐབས་བཅས་ཀྱི་ཆེད་རྩ་ཁྲིམས་འདི་ཐོག་ནས་

དབང་ཆ་སྤྲད་པའི་རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་སུ་རུང་གིས་དབང་

ཆ་འདི་དག་ལག་ལེན་བསྟར་ཕྱོགས་སྐོར་ཁྲིམས་ཁང་གང་རུང་གི་དབང་འོག་

ཏུ་འདུ་དགོས་མེད་པ་བཅས་སོ།།

༵ ལ་སྲིད་བྱ་བར་མ་རྨོངས་ཤིང་། ། ཆོས་དང་རྒྱ

མ༵ང་མང་གཟུར་གནས་ཚོ༵གས་ཀྱིས་བཀྲབས་པ་རྣམས། །

ཡོང༵ས་སྨན་ལྷག་བསམ་རང་དབང་གྱུར་པའི་མི༵། ། རྒྱ་ཆེ༵ན་མདུན་མ་གྲུ་བཞིར་གཤོམ་ལ་བྲེལ། །

རང་བློ་མལ་དུ་མི་གནས་འཁྱོག་པོའི་འགྲོས། །

བདག་དོན་གཉེར་བའི་སྐྱེ་བོ་གང་ཡིན་དེ། །

འདོད་སྡང་རྨོངས་པས་གྱ་ཚོམ་བགྲོད་བྱེད་ཅིང་། །

ཚོགས་ཀྱི་དོན་ཆེན་སྒྲུབ་ལ་བཀུར་འོས་མིན། །

མཁས་མཛངས་བརྒྱ་ཕྲག་གཟུ་བོའི་རྣམ་དཔྱོད་ཀྱིས། ། 150


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཡང་ཡང་ཞིབ་མོར་བཅད་བརྡར་བླང་དོར་གནད། །

དེ་ལ་ཐུབ་པ་དྲང་སྲོང་རྣམས་ཀྱང་དགྱེས། །

ཀུན་ཕན་བདེ་བའི་སྙིང་པོར་གཅིག་གཞོལ་བ། །

འདོད་རྒུའི་འབྱོར་ཚོགས་འདུ་དང་འགྱེད་པའི་སྒོ། །

རྐྱེན་དང་འཚམས་པར་དབྱེ་བའི་རི་མོའི་གྲངས། །

བརླང་སྤྱོད་མཐོ་དམའི་ཉེས་བརྒྱས་མ་བཀབ་པར། ། མ་འདྲེས་གསོང་པོར་སྒྲོག་པའི་གཏམ་དེ་སྙན། །

རྟག་ཏུ་དགེ་བ་སྡེ་བཞི་སོ་ཀའི་དུས། །

དཔྱིད་ཀྱི་རྒྱལ་མོའི་མགྲིན་གླུ་འཁྲོལ་བའི་ཚེ། །

ལ་གོར་མགྲོན་དུ་འབོད་པའི་དོན་ལྡན་བཀའ། ། ཀུན་དགའི་ལྕུག་ཕྲན་དར་བའི་མགོ་ལྕོགས་ལྡེམ། །

ངོ་སྲུང་གཅམ་བུའི་ཚིག་གིས་མ་བསླད་པའི། །

དགུ་ཚིགས་སྐ་རགས་ནམ་མཁའི་མཐར་རིང་བའི། །

གཟུ་བོའི་བདེན་གཏམ་སྨྲེང་བ་གནམ་གྱི་ཐིག ། རི་མོ་མིག་གསུམ་པས་ཀྱང་ག་ལ་དབྱི། །

ལེའུ་བདུན་པ། ཁྲིམས་ཀྱི་སྐོར། 151


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁྲིམས་ཁང་མཐོ་ཤོས་ཀྱི་སྒྲིག་འཛུགས།

དོན་ཚན་རེ་གཉིས་པ།

༡ རྒྱལ་ཁབ་ཁྱོན་གྱི་ཁྲིམས་ལུགས་དབང་འཛིན་ཁྲིམས་ཁང་མཐོ་ཤོས་གཅིག་

དགོས་པ་ཡིན། ཁྲིམས་ཁང་དེའི་ནང་ཁྲིམས་དཔོན་ཆེ་བ་གཅིག་དང་། རྒྱལ་ ཡོངས་ཚོགས་འདུ་ཆེ་མོས་ཁྲིམས་ལུགས་ཐོག་ནས་གྲངས་སྤོར་དགོས་གནད་ མ་སྟོན་བར་གཞན་དག་ཁྲིམས་དཔོན་གསུམ་ལྷག་དགོས་པ་མ་ཡིན།

༢ ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་ཚང་མ་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ནས་བསྐོ་གཞག་བསྩལ་རྒྱུ།

འོན་ཀྱང་དུས་རྟག་ཏུ་ཁྲིམས་

དཔོ ན ་ཆེ ་ བ་ཕུད་པའི ་ ཁྲི མ ས་དཔོ ན ་གཞན་དག་བསྐོ་གཞག་གནང་སྐབས་ ཁྲིམས་དཔོན་ཆེ་བར་བཀའ་བསྡུར་བསྐྱང་རྒྱུ། ཡང་རྒྱལ་ཡོངས་ཚོགས་ཆེན་

ནང་འཐུས་མི་ངོ་ཡོད་གསུམ་ཆ་གཉིས་ནས་ཁྲིམས་དཔོན་གང་ཞིག་ལས་ཁུར་ ཕྱི ར ་འཐེ ན ་གནང་དགོ ས ་ཀྱི ་ གྲོས་ཆོ ད ་ཕུལ་བར་༸གོ ང ་ས་༸སྐྱབས་མགོ ན ་

ཆེན་པོ་མཆོག་གིས་དགོངས་བབས་ཆོག་མཆན་བསྩལ་ཐོན་བྱུང་ན་ལས། དེ་ མིན་ལས་ཁུར་རྒྱུན་འཛིན་བྱ་རྒྱུ།

༣ སྐྱེ་བོ་ཞིག་ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་དུ་བསྐོ་གཞག་གནང་

འོས་ནི། གང་དག་བོད་ཀྱི་ཆབ་འབངས་ཡིན་པ་དང་། མངའ་སྡེའི་ཁྲིམས་ཁང་

ཞིག་ནང་ངམ། ཁྲིམས་ཁང་གཞན་ཁག་གཉིས་སམ་དེ་ལས་མང་བར་ལོ་ལྔའི་ རིང་མུ་མཐུད་ཀྱིས་ཁྲིམས་དཔོན་བྱེད་མྱོང་བ། ཡང་ན་ཁྲིམས་ཁང་ཆེ་བའམ།

མངའ་སྡེའི་ཁྲིམས་ཁང་ནང་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་

གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབས་ཡོད་པ་མ་ཡིན། འོན་ཀྱང་ རྩ་ཁྲིམས་འདི་ལག་ལེན་མགོ་ཚུགས་ནས་བཟུང་ལོ་ལྔའི་དུས་ཡུན་ནང་༸གོང་

ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ས ་ཁྲི མ ས་དཔོ ན ་བསྐོ་གཞག་བསྐྱང་

དགོ ས ་རི ག ས་དོ ན ་ཚན་འདི ་ གའི ་ ལེ ་ ཚན་འདི འི ་ དགོ ས ་དོ ན ་ཁག་ལ་བསྟུན་ 152


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

གནང་མཛད་དགོས་མེད།

༤ ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་དུ་བསྐོས་པའི་སྐྱེ་བོ་སོ་སོས་རང་

གི་ལས་ཁུར་མ་བླངས་གོང་འདི་སྐོར་རྒྱལ་ཡོངས་ཚོགས་ཆེན་ནས་གཏན་ལ་

ཕབ་པའི་ཁྲིམས་ལུགས་ལྟར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་

མདུན་དུ་ཁས་ལེན་དམ་བཅའ་འབུལ་དགོས། ཁྲིམས་དཔོན་གྱི་ཕོགས་ཐོབ་སོགས། དོན་ཚན་རེ་གསུམ་པ།

༡ ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་རྣམས་ཀྱི་ཕོགས་ཐོབ་དང་། ཟུར་

ཕོགས། ལས་ཐོན་ཕོགས་ཐོབ་བཅས་རྒྱལ་ཡོངས་ཚོགས་ཆེན་ནས་ཁྲིམས་ ལུགས་གཏན་འབེབས་ཇི་བྱས་ལྟར་སྤྲོད་རྒྱུ།

༢ ཁྲིམས་ཁང་མཐོ་ཤོས་ཀྱི་ཁྲིམས་དཔོན་རྣམས་ཀྱི་རང་གི་ལས་ཁུར་འཛིན་

པའི་དུས་ཡུན་དེའི་རིང་གི་ཕོགས་ཐོབ་དང་།

ཟུར་ཕོགས།

གཞན་དག་

དམིགས་བསལ་ཐོབ་ཐང་བཅས་ལ་གནོད་སྐྱོན་འགྲོ་བའི་བསྒྱུར་བཅོས་དང་། གཅོག་འཕྲི་མི་བྱེད།

ཁྲིམས་ཁང་མཐོ་ཤོས་ཀྱི་དབང་ཆའི་ཁྱབ་ཚད།

དོན་ཚན་རེ་བཞི་པ།

༡ ཁྲིམས་ཁང་མཐོ་ཤོས་ནི་ཞུ་གཏུགས་བྱ་ཡུལ་ཁྲིམས་ཁང་དབང་ཚད་མཐོ་

ཤོས་དང་།

རྒྱལ་ཁབ་ཀྱི་ཁྲིམས་འཛིན་འགོ་གཙོ་གོང་ན་མེད་པ་ཞིག་ཡིན།

སྔོ ན ་ཚུད་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ བཀའ་འཁྲོ ལ ་དང་ བཅས་ཁྲིམས་ཁང་རང་གིས་གཏན་ལ་ཕབ་པའི་སྒྲིག་ལམ་འགྲོ་ལུགས་ཁག་

གཞིར་བཞག་གི་ལས་འགན་ཁག་སྒྲུབ་ཆེད་དགོས་ངེས་ཀྱི་དབང་ཆ་ཚང་མ་ ལག་ལེན་བསྟར་རྒྱུ།

153


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༢ ཁྲིམས་འགལ་དང་། སྒེར་རྩོད་ཅི་རིགས་སམ། གཞན་དག་རྩོད་ཞུ་གང་རུང་

མངའ་སྡེའི་ཁྲིམས་ཁང་དང་། དེ་མིན་ཞིབ་དཔྱོད་ཁང་ཁག་ནས་ཁྲིམས་ཞིབ་ བམ།

མཐའ་འདོམས་བཀའ་དཔྱད་ཟིན་ཀྱང་གྱོད་གཞི་དེ་དག་རྒྱལ་ཡོངས་

ཚོགས་ཆེན་ནས་གཏན་ལ་འབེབས་རྒྱུའི་ཁྲིམས་ལུགས་ནང་གསལ་ཆ་རྐྱེན་ དང་མཐུན་པ་ཡོ ད ་ན་དེ ་ སྐོར་ཁྲི མ ས་ཁང་མཐོ ་ ཤོ ས ་ལའང་༸སྙན་འབུལ་ཞུ་

གཏུགས་ཆོག་རྒྱུ་དང་། ཡང་རྩ་ཁྲིམས་འདིའི་དོན་གནད་གོ་བ་ལེན་ཕྱོགས་

ཀྱིས་རྐྱེན་ཁྲིམས་ཐོག་རྩོད་རྙོགས་དོགས་གཞི་དངོས་ཡོད་རིགས་དུས་ཚོད་

ནམ་ཡིན་ལ་ཁྲིམས་ཁང་མཐོ་ཤོས་སུ་ཞུ་གཏུགས་ཆོག་པའི་ཐོབ་ཐང་ཡོད། དོན་ཚན་རེ་ལྔ་པ།

དམིགས་བསལ་ཞུ་འཁྲོལ།

ཁྲིམས་ཁང་དང་། ཞིབ་དཔྱོད་ཁང་ཁག་གང་རུང་ནས་དོན་རྩ་ཆེ་ཆུང་

ཅི་རིགས་ལ་ཁྲིམས་ཞིབ་བམ། བཀོད་འདོམས་ཐག་བཅད་ཟིན་ཀྱང་། རྩ་

ཁྲིམས་འདིར་གསལ་ལམ། གཞན་དག་ཁྲིམས་ལུགས་གང་རུང་ཐོག་ཁྲིམས་ ཁང་མཐོ་ཤོས་ལ་ཞུ་གཏུགས་བྱ་རྒྱུའི་ཆ་རྐྱེན་ཞིབ་འཁོད་ཡོད་མིན་ལ་མ་ལྟོས་

པར་ཁྲིམས་ཁང་མཐོ་ཤོས་ནས་བློས་དཔྱད་ཀྱིས་དམིགས་བསལ་ཞུ་གཏུགས་ ཆོག་པའི་བཀའ་བཏང་འཐུས། དོན་ཚན་རེ་དྲུག་པ།

ཁྲིམས་ཁང་གི་སྒྲིག་ལམ།

རྒྱལ་ཡོངས་ཚོགས་ཆེན་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་གང་

རུང་གི་དོན་ཚན་ཁག་གཞིར་བཟུང་ཐོག ཁྲིམས་ཁང་མཐོ་ཤོས་ནས་༸གོང་ས་

༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ བཀའ་འཁྲོ ལ ་དང་འབྲེ ལ ་སྐབས་བསྟུན་ ཁྲིམས་ཁང་གི་སྤྱིར་བཏང་འགྲོ་ལུགས་ལག་ལེན་བསྟར་ཕྱོགས་ཀྱི་སྒྲིག་ལམ་ 154


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

བཟོ་འགོད་ཆོག་རྒྱུ།

ཁྲིམས་ཁང་མཐོ་ཤོས་ནས་བསམ་འཆར་བཞེས་རྒྱུ།

དོན་ཚན་རེ་བདུན་པ།

༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་མི ་ མང་གི ་ དོ ན ་དུ་

གལ་ཆེའི་རྣམ་པ་ཅན་གྱི་ཁྲིམས་དོན་ནམ། དངོས་ཡོད་གནས་ཚུལ་ཞིག་བྱུང་ ཟིན་པ་དང་།

ཡང་ན་འབྱུང་ཉེའི་སྐོར་ལ་ཁྲིམས་ཁང་མཐོ་ཤོས་ནས་བསམ་

འཆར་བཞེ ས ་འོས ་ཀྱི ་ དགོ ང ས་གཞི ་ ནམ་བྱུང་སྐབས་ཁྲི མ ས་ཁང་ལ་བཀའ་

བསྡུར་བསྐྱངས་ཚེ་ཁྲིམས་ཁང་ནས་དེ་སྐོར་ཇི་དགེ་བསམ་ཚུལ་༸སྙན་འབུལ་

ཞུ་རྒྱུ་བཅས་སོ།།

མི་ལུས་ལྕེ་གཉིས་སྐྱོང་བ་བྲང་འགྲོའི་སྤུན། །

དབང་པོ་ཉེར་ཞི་ལུགས་ཀྱི་བསྟན་བཅོས་ཤེས། །

ཕྱོགས་ལྷུང་འཁྱོག་པོའི་འགྲོས་ཅན་མ་ཡིན་པར།།

གཟུ་བོའི་བློ་ལྡན་ཁྲིམས་ཀྱི་ཆེ་བཞིར་བསྔགས།།

དྲང་པོས་སྟངས་འཛིན་ཁྲིམས་ཀྱི་སྙིང་པོ་སྟེ། །

བསྙེན་བསྲིང་ཞལ་ལྕེ་ཡོན་པོར་གཅོད་པ་དང་། །

གྱ་ཚོམ་ཁྲ་མས་བབ་ཅོལ་ཤན་འབྱེད་པ། །

རྒྱལ་ཁྲིམས་མཚོ་ཆེན་དཀྲུག་པའི་སྲུབ་ཤིང་དངོས།།

ལུགས་ཟུང་པད་རྫིང་རྙོག་པའི་གཉིས་འཐུང་གི །

རྣ་བར་དྲན་འཛིན་ལྕགས་ཀྱུ་ཉེར་བཏབ་སྟེ།། 155


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྒོ་གསུམ་དུལ་བའི་བག་ཡོད་གོམ་པའི་སྟབས། ། ཁྲིམས་གཉིས་ར་བར་འགོད་འདི་ཐབས་སུ་ཆེ།།

ལེའུ་བརྒྱད་པ། མངའ་སྡེའི་སྲིད་དབང་འཛིན་སྐྱོང་།

དོན་ཚན་རེ་བརྒྱད་པ། ༡

རྒྱལ་ཁབ་ཀྱི་མངའ་སྡེ་ཁག

རྒྱལ་ཁབ་ཀྱི་ས་ཁྱོན་ཡོངས་རྫོགས་མངའ་སྡེ་ཁག(་་་་་་་)བཟོ་རྒྱུ་གཤམ་

གསལ། ཀ༽(་་་་་་་་་)། ༢

མངའ་སྡེ་རེ་རེའི་རྒྱ་ཁྱོན་དབྱེ་མཚམས་ཐད་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་གི་བཀའ་འཁྲོལ་ཆོག་མཆན་དང་འབྲེལ་རྒྱལ་ཡོངས་ཚོགས་

ཆེན་ནས་གཏན་འབེབས་ཐག་གཅོད་བྱ་རྒྱུ། དོན་ཚན་རེ་དགུ་པ།

མངའ་སྡེའི་སྤྱི་ཁྱབ།

༡ མངའ་སྡེ་རེ་རེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་

བསྐོ་གཞག་གནང་བའི་སྲིད་དབང་འགན་འཛིན་སྤྱི་ཁྱབ་གཅིག་རེ་དགོས་པ་

ཡིན།

༢ མངའ་སྡེ་རེ་རེར་སྤྱི་ཁྱབ་གཞོན་པ་གཅིག་རེའང་དགོས་པ་དེ་དག་མངའ་སྡེ་

སོ ་ སོ འི ་ རང་ཁོ ང ས་ཚོ ག ས་འདུ་ནས་འོས ་འདེ མ ས་འཆར་༸སྙན་ཕུལ་ཏེ ་ ༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ས ་བསྐོ་གཞག་ཆོ ག ་མཆན་ བསྩལ་རྒྱུ། ༣

སྤྱི་ཁྱབ་དང་།

སྤྱི་ཁྱབ་གཞོན་པའི་ལས་ཁུར་ཡུན་ཚད་ནི་༸གོང་ས་ 156


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་ལ་བཀའ་ བསྡུར་མཛད་ཐོག་ཇི་ལྟར་ཐག་གཅོད་གནང་བ་དེ་བཞིན་བྱ་རྒྱུ།

༤ སྤྱི་ཁྱབ་མེད་པའི་སྐབས་དང་། ནད་མནར་རམ། དེ་མིན་ལས་ཁུར་མ་ཐུབ་

པའི་རིང་བཅས་སུ་སྤྱི་ཁྱབ་གཞོན་པས་དེའི་འགན་དབང་འཁུར་འཛིན་བྱ་རྒྱུ།

༥ སྤྱི་ཁྱབ་དང་། སྤྱི་ཁྱབ་གཞོན་པའི་ཕོགས་ཐོབ་ཐད་རྒྱལ་ཡོངས་ཚོགས་

ཆེན་ནས་གཏན་འབེབས་བཟོ་རྒྱུ་དང་། དེ་ཡང་ལས་ཁུར་གནས་བཞིན་པའི་ རིང་ལ་གཅོག་འཕྲི་མི་ཆོག

མངའ་སྡེའི་འཐུས་མི་ཚོགས་འདུའི་སྒྲིག་འཛུགས།

དོན་ཚན་བདུན་ཅུ་པ།

༡ མངའ་སྡེ་སོ་སོར་འཐུས་མི་ཚོགས་འདུ་རེ་དགོས་པ་དང་། དེའི་འཐུས་མི་

གྲངས་འབོར་ཇི་དགོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱལ་ ཡོངས་ཚོགས་ཆེན་ལ་བཀའ་བསྡུར་མཛད་དེ་ཐག་གཅོད་གནང་རྒྱུ།

༢ མངའ་སྡེའི་ཚོགས་འདུའི་འཐུས་མི་ཁག་ནི་རང་རང་མངའ་སྡེ་སོ་སོའི་ནང་

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་འོས་འདེམས་ཆོག་མཁན་རྣམས་ནས་

འདེམས་བསྐོ་བྱ་རྒྱུ།

༣ མངའ་སྡེ་རེ་རེའི་འོ ས་འདེམས་ཀྱི་དུས་སྐབས་ནི་སྤྱི་ཁྱབ་སོ་སོས་བཀའ་

ཤག་ལ་གོ་བསྡུར་ཞུས་ཏེ་བཀའ་གཏོང་རྒྱུ།

༤ མངའ་སྡེའི་ཚོགས་འདུ་སྐབས་རེ་རེའི་ཡུན་ཚད་ནི་ཁུངས་སོ་སོའི་ཚོགས་

འདུ་དང་པོ་ཚུགས་ཚེས་ནས་བཟུང་ལོ་གསུམ་རིང་གནས་རྒྱུ། དུས་ཡུན་འདི་ དག་མ་རྫོགས་བར་ཚོགས་འདུ་འཕོ་འགྱུར་གཏོང་རྒྱུ་མིན། མངའ་སྡེའི་ཚོགས་འདུ།

དོན་ཚན་དོན་གཅིག་པ།

157


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མངའ་སྡེ་སོ་སོར་སྤྱི་ཁྱབ་ནས་མངའ་སྡེ་རེ་རེའི་ཚོགས་འདུའི་དུས་

ཚོད་གང་ལ་ཇི་འོས་གཏན་འབེབས་བརྡ་ལན་གཏོང་རྒྱུ། འོན་ཀྱང་ལོ་རེའི་ནང་

ཉུང་མཐར་ཚོགས་འདུ་ཐེངས་གསུམ་རེ་ཚུགས་ཏེ་ཚོགས་ཐེངས་རེ་རེའི་གྲོལ་ མཚམས་ནས་བཟུང་བའི་ཟླ་བཞིའི་ནང་ཚུད་ཚོགས་ཐེངས་རྗེས་མའི་ཚོགས་

འདུ་དང་པོ་ཚུགས་ཟིན་པ་དགོས་རྒྱུ།

མངའ་སྡེའི་ཚོགས་འདུའི་གཙོ་འཛིན།

དོན་ཚན་དོན་གཉིས་པ།

མངའ་སྡེའི་སྤྱི་ཁྱབ་ཡོད་ན་དང་། དེ་མིན་སྤྱི་ཁྱབ་གཞོན་པས་མངའ་

སྡེའི་ཚོགས་འདུའི་གཙོ་འཛིན་བྱ་རྒྱུ། མངའ་སྡེའི་སྤྱི་ཁྱབ་ནས་ཚོགས་འདུའི་ འགྲོ་ལུགས་བཀོད་བྱུས་ཀྱི་དོན་གནད་སྐོར་བཀའ་ཤག་ལ་གོ་བསྡུར་ཞུས་ཏེ་

རྒྱལ་ཡོངས་ཚོགས་ཆེན་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་གཞིར་ བཟུང་སྒྲིག་ལམ་བཟོ་རྒྱུ།

མངའ་སྡེའི་ཚོགས་འདུའི་དབང་ཆ།

དོན་ཚན་དོན་གསུམ་པ།

མངའ་སྡེ འི ་ ཚོ ག ས་འདུ་ནས་རྩ་ཁྲི མ ས་འདི འི ་ དོ ན ་ཚན་ཁག་དང་།

རྒྱལ་ཡོངས་ཚོགས་ཆེན་ནས་གཏན་ལ་ཕབ་པའི་ཁྲིམས་ལུགས་ཁག་རྩ་འཛིན་

བྱ་དགོས་ཐོག

གཤམ་གསལ་དོན་གནད་ཁག་གི་ཁོངས་སུ་གཏོགས་པའི་

ལས་དོན་སྐོར་ལ་མངའ་སྡེ་རང་ཁུངས་ནས་སྒྲིག་ཁྲིམས་བཟོ་འགོད་ཆོག་རྒྱུ།

ཀ༽ སྨན་ཁང་ཁག་དང་དགེ ་ རྩའི ་ ཚོ ག ས་པ་ཁག་འཛུགས་པ་

ཁ༽

དང་། དེ་དག་ལ་ལྟ་རྟོག་བདག་གཉེར་བྱེད་པས་མཚོན་མི་མང་གི་ འཕྲོད་བསྟེན་དང་། གཙང་སྦྲའི་བྱེད་སྒོ་ཁག

རྒྱལ་ཡོ ང ས་ཚོགས་ཆེ ན ་ནས་གཏན་འབེ བ ས་བྱ་རྒྱུའི ་ 158


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཁྲིམས་ལུགས་ཁག་ལ་བསྟུན་པའི་སློབ་གྲྭ་ཆུང་བ་དང་། འབྲིང་བའི་ ཤེས་ཡོན་སློབ་སྟོན་བྱེད་སྒོ་ཁག ག༽

མངའ་སྡེ་ཁག་གི་ནང་ཁོངས་ས་ཁུལ་སོ་སོའི་ལས་འགན་

ཅ༽

སྤྱི་ཚོགས་བདེ་དོན་དང་། མི་མང་ལ་རོགས་རམ།

ཇ༽

དོ ན ་ཚན་འདི འི ་ དོ ན ་གནད་ཀྱི ་ ཁོ ང ས་སུ་གཏོ ག ས་པའི ་

འཁུར་དགོས་ཁག ང༽

ཆ༽

ལམ་ཁག་དང་། ཟམ་པ། གཞན་དག་ཨར་ལས་སྐོར།

སོ་ནམ་ཕྱུགས་སྐྱོང་དང་། ཆུ་བེད། བཟོ་ལས་ཆུང་ཁག་

བཅས་ཀྱི་སྐོར།

ལས་དོ ན ་ཅི ་ རི ག ས་དང་འབྲེ ལ ་ཡོ ད ་མངའ་སྡེ འི ་ སྒྲི ག ་ཁྲི མ ས་གང་

རུང་ལག་ལེན་དོན་ཁེལ་ཡོང་ཆེད་ཁྲིམས་འགལ་ཉེས་དངུལ་འགེལ་བ།

ཉ༽

དེ ་ མི ན ་རྒྱལ་ཡོ ང ས་ཚོ ག ས་འདུ་ཆེ ་ མོ ས ་ཁྲི མ ས་ལུགས་

ཅི་རིགས་ཐོག་ནས་མངའ་སྡེའི་ཚོགས་འདུར་སྒྲིག་ཁྲིམས་བཟོ་རྒྱུའི་

དབང་ཆ་ཇི ་ གནང་དེ འི ་ དོ ན ་གནད་གང་རུང་སྐོར་ལ་མངའ་སྡེ ་ རང་ ཁུངས་ནས་སྒྲིག་ཁྲིམས་གཏན་འབེབས་ཆོག་འཐུས།

འོན་ཀྱང་

མངའ་སྡེའི་ཚོགས་འདུའི་སྒྲིག་ཁྲིམས་དང་རྒྱལ་ཡོངས་ཚོགས་ཆེན་

ནས་གཏན་ལ་ཕབ་པའི ་ ཁྲི མ ས་ལུགས་དབར་དོ ན ་གནད་ཕྱོ ག ས་

མཐུན་མི ན ་པའི ་ གནས་ཚུལ་བྱུང་ན་རྒྱལ་ཡོ ང ས་ཚོ ག ས་ཆེ ན ་གྱི ་ ཁྲིམས་ལུགས་རང་ལ་བརྩི་འཇོག་ཆ་འཛིན་བྱ་རྒྱུ། ལས་དོན་༸སྙན་ཐོ་འབུལ་རྒྱུ།

དོན་ཚན་དོན་བཞི་པ།

ལོ ་ མཇུག་སོ ་ སོ ར ་མངའ་སྡེ འི ་ སྤྱི ་ ཁྱབ་ནས་མངའ་སྡེ འི ་ ཚོ ག ས་འདུའི ་ ལོ ་ 159


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཁོར་ལས་དོན་ཇི་བྱས་ཞིབ་ཕྲའི་༸སྙན་ཐོ་ཁག་བཀའ་ཤག་ཏུ་འབུལ་རྒྱུ་དང་། བཀའ་ཤག་ནས་དེ་རྣམས་རྒྱལ་ཡོངས་ཚོགས་ཆེན་ཐོག་༸སྙན་སྒྲོན་གནང་རྒྱུ་ བཅས་སོ།།

མང༵འ་འབངས་སྐྱེ་རྒུ་ཆོས་ནོར་ཐར་འདོད་སྡེ༵འི། །

ཕུན་ཚོགས་སྲི༵ད་རྩེར་བསྙེགས་པའི་དཔལ་ཡོན་ལ།།

འཛི༵ན་པས་ཡུལ་འཁོར་བདེ་བར་སྐྱོ༵ང་འདི་རྨད།།

སྡེ་ཚན་ཚོམ་བུར་དབྱེ་བའི་སྣོད་བཅུད་ཀྱི། །

གཙོ་བོ་གྲོས་ལ་དབང་བའི་སྐྱེ་བོར་བཅས། །

ཡུལ་འབྲོག་དགེ་མཚན་དཔལ་འབྱོར་གཡང་དུ་བསྐྱིལ། །

ཆོས་སྲིད་མངོན་དགའ་རབ་རྒྱས་རྫོགས་ལྡན་དཔལ། །

འདོད་རྒུར་དབ༵ང་བའི་ཐབས་འཕྲུལ་རྣམ་པ་བརྒྱ། །

བྱ་བའི་ཁུར་ཆེན་གང་ལ་ཡོངས་གཏད་པའི། །

དོན་མང་ལྷུག་པོར་བགྲོ་བ་མདུན་མའི་རྩེ། །

སྣ་ཚོགས་རིག་གཞུང་མེ་ཏོག་འབུམ་བཞད་པའི།། མགྲོན་དུ་འགུགས་པ་སྐྱེ་རྒུའི་ངལ་འཚོའི་གཞི།།

ལེའུ་དགུ་པ། རྩ་ཁྲིམས་བཟོ་བཅོས། རྩ་ཁྲིམས་བཟོ་བཅོས་ཀྱི་འགྲོ་ལུགས།

དོན་ཚན་དོན་ལྔ་པ།

160


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མིའི་རྩ་འབོར་གསུམ་ཆ་གཉིས་ནས་

མོ ས ་མཐུན་གཏན་ལ་ཕབ་པའི ་ ཁྲི མ ས་ལུགས་ཤི ག ་ལ་༸གོ ང ་ས་༸སྐྱབས་

མགོ ན ་ཆེ ན ་པོ ་ མཆོ ག ་ནས་དགོ ང ས་བབས་ཆོ ག ་མཆན་བསྩལ་ཐོ ན ་བྱུང་ཚེ ་ དེའི་ཐོག་ནས་རྩ་ཁྲིམས་འདིའམ། འདིའི་དོན་ཚན་གང་རུང་བཟོ་བཅོས་སམ། བསྒྱུར་བཀོད་ཆོག་རྒྱུ།

༢ ཡང་ན་འདི་ལྟའི་བསྒྱུར་བཅོས་གང་རུང་དེའང་༸གོང་ས་༸སྐྱབས་མགོན་

ཆེན་པོ་མཆོག་ནས་མང་མོས་ཐག་གཅོད་བྱ་དགོས་བཀའ་ཁྱབ་བསྩལ་འཐུས་ དང་། དེ་དག་ལ་རྒྱལ་ཡོངས་ཚོགས་ཆེན་གྱི་འཐུས་མི་འོས་བསྡུ་ཆོག་མཁན་ མི་མང་གསུམ་ཆ་གཉིས་ནས་མོས་མཐུན་ཁས་ལེན་བྱུང་ན་མ་གཏོགས། དེ་ མིན་རྩ་འཛིན་མ་དགོས་པ་ཡིན།

༣ རྒྱལ་ཡོངས་ཚོགས་འདུ་ཆེན་མོས་དོན་ཚན་འདིའི་གནས་ཚུལ་གང་རུང་

ཐོ ག ་ནས་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ་ རྒྱལ་ཁབ་ཀྱི ་ ཆོ ས ་

ཕྱོགས་དབུ་འཛིན་གནས་སྟངས་ཀྱི་སྐུ་དབང་གང་ཅིར་གནོད་སྐྱོན་གཏོང་བའི་ ནུས་ཤུགས་དང་། དབང་ཆ་གང་ཡང་མེད་པ་བཅས་སོ།།

བླང་དོར་གཟུགས་བརྙན་འབུམ་ཕྲག་འཆར་བཟོད་པའི། །

རྙོག་མ་ར་རིའི་ཆ་ཤས་སྐབས་སྲིད་ན། །

བཅའ་ཁྲིམས་ནོར་བུའི་མེ་ལོང་དྭངས་པའི་ངོས།།

དཔྱོད་ལྡན་ཚོགས་ཀྱིས་བསལ་བ་བཀག་པ་མིན།།

ལེའུ་བཅུ་པ། སྒྲིག་འཛུགས་བསྐྱར་བཟོ། མི་མང་ལས་དོན་སྒྲིག་འཛུགས།

དོན་ཚན་དོན་དྲུག་པ།

161


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྩ་ཁྲི མ ས་འདི ་ ཁྱབ་བསྒྲགས་གྲུབ་རྗེ ས ་དུས་ཡུན་གང་མྱུར་ཐོ ག ་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མི་མང་ལས་དོན་ཁང་ཁག་གི་

སྒྲིག་འཛུགས་དང་།

བཀོད་སྒྲིག་བསྐྱར་བཟོ་དགོས་ངེས་ཐོག་འོས་འདུན་

བསམ་འཆར་འདོ ན ་མཁན་མི ་ མང་ལས་དོ ན ་ལྷན་ཚོ ག ས་ཤི ག ་བསྐོ་གཞག་ བསྐྱང་རྒྱུ།

མི་མང་ལས་དོན་ལྷན་ཚོགས།

དོན་ཚན་དོན་བདུན་པ།

རྩ་ཁྲིམས་འདིའི་དོན་གནད་ཁག་ལག་ལེན་འགོ་ཚུགས་རྗེས་༸གོང་

ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གཏན་འཇགས་མི་མང་ལས་དོན་ལྷན་

ཚོགས་ཤིག་བསྐོ་གཞག་གནང་རྒྱུ་དང་། ལྷན་ཚོགས་དེ་ལ་མི་མང་གི་ལས་ དོན་འགན་ཁུར་བ་ཁག་བསྐོ་ཕྱོགས་དང་སྒྲིག་ལམ། ལས་ཁུར་དགོངས་ཞུ།

གཟུགས་བབས་ལས་བཤོལ་བཅས་དང་འབྲེལ་བའི་ལས་འགན་དང་། དབང་

ཆ་སྩལ་ཕྱོ ག ས་སྐོར་༸གོ ང ་ས་༸སྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་རྒྱལ་ ཡོངས་ཚོགས་ཆེན་ལ་བཀའ་བསྡུར་བསྐྱངས་ཏེ་གཏན་འབེབས་ཐག་གཅོད་ མཛད་རྒྱུ་བཅས་སོ།།

བོད་ལྗོངས་ས་ཡི་ཐིག་ལེར་མངོན་ཆགས་པའི། །

སྐྱེ་བོའི་དོན་མང་རིན་ཆེན་འབུམ་གྱི་ལྕིད། །

བློ་ལྡན་མང་འདུས་ལྷག་བསམ་གྲུ་བོ་ཆེས། །

འབད་མེད་འདྲེན་ལ་མི་གུས་དེ་སུ་ཞིག །

དེ་བས་རབ་ཏུ་བརྟན་པའི་སེམས་བསྐྱེད་ན། །

ཞུམ་པས་ཕོངས་ལས་ཐར་བར་མི་ཕན་གྱི། །

དོན་རྣམས་ཐམས་ཅད་གྲུབ་པ་ལག་མཐིལ་ན། ། 162


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཡོད་ཅེས་ཐུབ་པའི་སྐྱེས་རབས་དག་ལས་གསུངས། །

སླར་སྨྲས་པ།

བློ་གྲོས་ཉ་ལྕིབས་ཁོག་པ་ལས་བླངས་པའི། །

བླང་དོར་ཁྲིམས་སུ་བཅའ་བའི་མུཀྟི་ཀཱ །

གངས་ཅན་ཀ་ཤི་མཛེས་དགའི་རྒྱན་དུ་ཆེ། །

ཚིག་གི་སྲད་བུར་བརྒྱུས་པའི་དོ་ཤལ་འདི།

ཨེ་མ་རྣམ་དཔྱོད་ནོར་བུ་ཀེ་ཏ་ཀས། །

ཕན་བདེའི་གཟུགས་བརྙན་འཆར་བའི་རྟེན་འབྲེལ་གྱི། །

བགྲུངས་པའི་བདེན་གཏམ་ཆུ་ཀླུང་རྙོག་མེད་དུ། ། ངང་ཚུལ་འགོག་པ་མེད་དེ་སུ་ཡིས་བསླུ། །

ལྷག་བསམ་གསེར་གྱི་འཛིན་མར་བསྐྱེད་བསྲིངས་པའི། །

ཀུན་དགའི་འབྲས་བཟང་དུད་པའི་ཡལ་གའི་ཁྱོན། །

རྗེས་བརྗོད་ཡོངས་འདུ་གསར་པའི་འཁྲི་ཤིང་འདིའི། །

བགྲང་ཡས་འགྲོ་བའི་ཉེར་འཚོར་ཁྱབ་པར་སྨོན། །”ཞེས་གསལ།

རྩ་ཁྲི མ ས་གསལ་བསྒྲགས་གནང་བའི ་ རྗེ ས ་བཞུགས་སྒར་དུ་ཡོ ད ་

པའི་བོད་མི་མང་སྤྱི་འཐུས་དང༌།

ལས་བྱེད་ཆེ་ཕྲ་རྣམས་ནས་བཀའ་སློབ་

དགོངས་དོན་མོལ་བསྡུར་ཞིབ་ནན་ཞུས་པའི་ཐག་གཅོད་ཚིག་ཐོའི་སྙན་ཞུ་ཕྱི་

ལོ་ ༡༩༦༣ ཟླ་ ༤ ཚེས་༤ ཉིན་འབུལ་གནང་མཛད་འདུག་པ་ནི། “ ༡༩༦༣ 163


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་ རྒྱལ་ཁབ་ཀྱི་རྩ་ཁྲིམས་སྤྱི་སྩལ་དགོངས་དོན།

རང་རེ་བོད་ནང་སྔར་ནས་

འཛིན་སྐྱོང་བྱེད་པའི་གཞུང་གི་ལམ་སྲོལ་དེས་མི་མང་གི་དུས་བསྟུན་དགོས་

གནད་དང༌། འབྱུང་འགྱུར་ཡར་རྒྱས་གཏོང་ཕྱོགས་ཀྱི་གནས་ཚུལ་དང་མཐུན་

པའི ་ ནུས་ཤུགས་ལྡེང་ངེ ས ་ཤི ག ་འདོ ན ་སྤེ ལ ་མ་ཐུབ་པའི ་ རྣམ་པ་ཧ་ཅང་གི ་

གསལ་པོ་མངོན་ཟིན་ཅིང༌། དེས་ན་བོད་ཀྱི་ཆབ་སྲིད་འཛིན་སྐྱོང་ཐོག་ཏུ་སྟོན་

པ་སངས་རྒྱས་ཀྱིས་ལེགས་པར་གསུངས་པའི་དམ་ཆོས་ཀྱི་དགོངས་དོན་དྲང་ བདེན་དང༌། འདྲ་མཉམ། (དམངས)མང་གཙོ་བཅས་ཀྱི་གཞི་རྩའི་ནུས་ཤུགས་

ཇེ་ཆེ་ཇེ་ཆེར་གཏོང་རྒྱུའི་ཐུགས་འདོད་དངོས་ཡོད་དེ་དོན་ངེས་པར་དགོས་པ་ ལྟར་ཕྱག་ལེ ན ་དུ་བསྟར་ཕྱོ ག ས་བོ ད ་རྒྱ་ཆེ འི ་ མི ་ མང་གི ་ ཁེ ་ དབང་བླ་ན་མེ ད ་

པའི ་ ཆེ ད ་དུ་རྩ་ཁྲི མ ས་འཛམ་གླི ང ་ཡོ ང ས་ལ་གསལ་བསྒྲགས་བསྐྱངས་པ་

བཞིན། འདི་ག་དྷ་རམ་ས་ལའི་བཞུགས་སྒར་དུ་མི་མང་སྤྱི་འཐུས་དང༌། ལས་

བྱེད་བཅས་པར་ཕྱི་འབྲེལ་ནས་གནད་དོན་ལྷུག་བཀྲོལ་གསལ་བཤད་གནང་

དོན།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱལ་ཁབ་ཆེན་

པོའི་བསྟན་སྲིད་མི་མང་གི་དོན་དུ་ཉིན་མཚན་དུས་དྲུག་ཏུ་སྐུ་ངལ་ཆེ་བཞེས་

ཀྱི ས ་བོ ད ་རང་དབང་རང་བཙན་བསྐྱར་བཞེ ས ་ཆབ་སྲི ད ་ཀྱི ་ ངོ ་ བོ ་ (དམངས)

མང་གཙོ་གཅིག་བསྒྲིལ་གྱི་གཞུང་ལམ་གསར་པའི་ཐོག་ནས་སྤྱི་ཚོགས་ཡར་

རྒྱས་གོ ང ་དུ་འཕེ ལ ་བའི ་ དུས་བསྟུན་སྤྱི ་ འཐུས་དང་བཅས་པའི ་ ལས་བྱེ ད ་ རྣམས་ནས་བཀའ་དྲིན་དྲན་ཤེས་ཀྱིས་ཐུགས་རྗེ་ཆེ་ཞུའི་ྋསྙན་གསེང་གསོལ་

འདེབས་ཞུས་ཏེ་རླབས་ཆེན་འཕྲིན་ལས་ཀྱི་འོད་སྣང་གྱེན་དུ་འདེགས་ཕྱིར་རྩ་

ཁྲི མ ས་གཏན་འབེ བ ས་གསལ་བསྒྲགས་བསྐྱངས་པའི ་ དགོ ང ས་དོ ན ་གུས་

འབངས་རྣམས་ཀྱི ་ སྤྱི ་ བོ ར ་ནོ ད ་དེ ་ སྔ་འཕྲོ ས ་རྒྱ་གར་ས་ཐོ ག ་ཏུ་མཐུན་རྐྱེ ན ་ 164


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

གནས་ཚུལ་དང་འཚམས་པའི་ཕྱག་བཞེས་བསྟར་འོས་ཅི་མཆིས། ཕྱག་ལེན་

དུ་མྱུར་འཁེ ལ ་ཡོ ང ་ཐབས་བསམ་གྲོས་ཞི བ ་བསྡུར་གྱི ས ་མཛད་དཀའ་མེ ད ་

པའི ་ འཆར་ྋསྙན་རི མ ་འབུལ་ཞུས་ཆོ ག ་པ་ཞེ ས ་ྋསྙན་ཞུས་ཕྱི ར ་ཕེ བ ས་

བཀའ་སློབ་དགོངས་དོན། ཐོས་དོན་སྒྲུབ་ལ་གཞོལ་དགོས་པ་གནད་དུ་ཆེ་བ་

བཞིན། ད་ལམ་ཁྱེད་ཚོས་ང་ཚོའི་རྩ་བའི་གཞུང་ཐིག་ལྟ་བུ་ཞིག་གཏན་འཁེལ་

ཡོ ད ་པ་དེ ་ དང་བསྟུན་པའི ་ ལག་ལེ ན ་འཁེ ལ ་ཐབས་བསམ་གྲོས་ཞི བ ་བསྡུར་

གྱིས་མཛད་དཀའ་མེད་པའི་ྋསྙན་ཞུ་གནང་རྒྱུ་གསུངས་པར་དགྱེས་མཉེས་ བྱུང་ན་དེ་དོན་འཕྲལ་འབུལ་དགོས་རྒྱུ་བཀའ་བཟང་དབུག་དབྱུང་ཟབ་མོ་སྤྱི་

བོར་ཕེབས་པ་བཞིན་ད་ལམ་རྩ་ཁྲིམས་གཞི་རྩར་བཟུང་སྟེ་བསྟན་སྲིད་མི་མང་

སྤྱི ་ དོ ན ་ལ་དུས་བསྟུན་ནུས་ཤུགས་འདོ ན ་ཐབས་ཀྱི ་ མི ་ མང་འཐུས་མི ་ བསྐོ་ འདེམས་དང༌།

ལམ་སྲོལ་རྙིང་པའི་ལས་བྱེད་མིང་འཁུར་ཕྱིར་བསྡུ་བྱེད་

ཕྱོགས། ལས་ཁུངས་དང༌། ཚོགས་འདུའི་སྒྲིག་འཛུགས་སོགས་(དམངས) མང་གཙོའི་ངོ་བོ་གསལ་མཐོང་ཐུབ་པའི་སྒྲིག་བཀོད་ཞུ་ཕྱོགས་ཀྱི་གྲོས་ཆོད་ འགོད་འབུལ་ཞུས་པར། རྩ་ཁྲིམས་དགོངས་དོན།

རྒྱལ་ཡོ ང ས་མི ་ མང་འཐུས་མི འི ་ ཚོ ག ས་ཆེ ན ་གནས་སྐབས་དངོ ས ་

སུ་ཚུགས་ཐབས་མེད་ཀྱང༌། ཆོས་ལུགས། ཆོལ་གསུམ་དང་བཅས་པའི་མི་

མང་སྤྱི ་ འཐུས་སྒྲི ག ་འཛུགས་གཤམ་གསལ་དེ ས ་སྔ་འཕྲོ ས ་རྒྱལ་ཡོ ང ས་ ཚོགས་ཆེན་དང༌། རྒྱུན་ལས་གཅིག་འཐུས་ཀྱི་འཐུས་མིའི་འཁུར་འགན་ལེན་

དགོས་ཤིང༌། འཐུས་མིའི་ལོ་དུས་ལོ་ལྔ་རྩ་ཁྲིམས་གཞིར་བཟུང་གིས་ད་ཡོད་

སྤྱི་འཐུས་བཅུ་གསུམ་དེ་དག་ལས་དོན་མྱོང་གོམས་ཆེ་བའི་བབས་དང་བཅས་ འཐུས་མིའི་ལས་འཁུར་ལོ་འཕྲོས་རང་འཇགས་ཐོག

ཆོལ་ཁ་གསུམ་གྱི་མི་

མང་ཁོ ང ས་ནས་འཐུས་མི ་ འཕར་བསྣོན་མི ་ དགུ་གསར་འཛུགས་བྱ་རྒྱུའི ་ མི ་ འགྲོར་ཆོ ལ ་ཁ་རེ ་ ནས་མི ་ གསུམ་རེ ་ ནང་ཁུལ་མི ་ མང་ནས་འཐུས་མི འི ་ འོས ་ 165


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚད་དང་མཐུན་པའི ་ འོས ་ཤོ ག ་བསྡུས་ཏེ ་ མང་མོ ས ་ལ་གཏན་འཁེ ལ ་བྱ་རྒྱུ་

དང༌། དེའི་ཐོག་རྩོམ་རིག་དང༌། ཚན་རིག་སྐོར་ལ་སྙན་གྲགས་ཅན་གྱི་ཁོངས་

ནས་འཐུས་མི ་ ཇི ་ དགོ ས ་ྋགོ ང ་ས་ཆེ ན ་པོ ས ་ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་

བསྐོ་གཞག་སྩལ་རྒྱུ། ཆོས་ལུགས་ཁོངས་སུ་རྩ་བའི་འཐུས་མིའི་གྲངས་འབོར་

བརྒྱ་ཆ་བཅུ་ཡིན་གཤིས་གནས་སྐབས་རིང་ད་ཡོད་འཐུས་མི་བཞིས་འཐུས་

པ་ཞུ་རྒྱུ།

ལས་འགན་ཞུ་ཕྱོགས་སྐོར།

འཐུས་མི་རྣམས་ནས་རྒྱལ་ཡོངས་

ཚོ ག ས་ཆེ ན ་གྱི ་ འཐུས་མི འི ་ ལས་འགན་ལག་ལེ ན ་དུ་བསྟར་ཐུབ་པ་རྣམས་

འགན་འཁུར་དང་ལེན་ཐོག རྣམ་ཀུན་ལས་དོན་མྱོང་རྟོགས་ཚགས་ཚུད་ཆེད་

རང་གཞུང་ལས་ཁུངས་ཆེ་ཕྲའི་ནང་སྤྱི་འཐུས་ཆ་བགོས་ལས་དོན་གལ་ཆེའི་

འགན་འཁྲིར་མཉམ་ཞུགས་ཀྱིས་ལས་འགན་འཁུར་རྒྱུ་དང༌། མི་མང་གཞུང་གི་

ལས་དོན་ལ་ཐལ་སྐྱོན་ལྷག་ལུས་ཡོད་མེད། དགེ་འདོན་སྐྱོན་བསྲང་བསྐུལ་ལྕག

མང་ཚོགས་ཀྱི་བདེ་དོན་དང༌། གནས་ཚུལ་ལ་ཞིབ་འཇུག་བཀོད་ཁྱབ་བཅས་ ཀྱི་ལས་དོན་འཁུར་ལེན་བྱ་རྒྱུ།

ཡང་གཞུང་མང་བདེ་དོན་གལ་ཆེའི་བཀའ་གྲོས་ཚོགས་འདུ་གཞི་རྒྱ་

ཆེ ་ བ་གནང་འོས ་བྱུང་རི ག ས་ལ་ཕྱོ ག ས་མཐའི ་ སྡོ ད ་སྒར་ཁག་སོ ག ས་ནས་ བཀའ་འབྲེལ་བསྡུ་འགུགས་གནང་བའི་འཐུས་མི་ཟུར་འབྱོར་རྣམས་ནས་སྤྱི་ དོན་བསམ་འཆར་ཇི་ཡོད་ལྷུག་གསོལ་ཞུ་རྒྱུ་ལས། ལས་དོན་ཐག་གཅོད་ཀྱི་ ཐོབ་དབང་མེད་པ་བྱ་རྒྱུ།

བཀའ་ཤག་ལྷན་ཚོ ག ས་རེ ས ་གཟའ་ཟླ་བ་ནམ་ཤར་ལ་ཚོ ག ས་ཏེ ་

བཀའ་བློན་ལྷན་ཚོགས་དེའི་འགོ་འཛིན་གཅིག་རྩ་ཁྲིམས་གཞིར་བཟུང་བསྐོ་

གཞག་གནང་རྒྱུ།

ཟླ་རེའི་ལས་བྱེད་ཚོགས་འདུ་ཚེས་ལྔ་ནམ་ཤར་ལ་རྒྱས་

ཚོགས་རེ་གནང་རྒྱུའི་ཚོགས་ཆེན་རྒྱུན་ལས་བཀའ་འགན་འཐུས་གསུམ་ཐོག་ 166


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཚོགས་མི་འཕར་བསྣོན་ཅི་དགོས་དང༌། ཚོགས་འདུ་ཆེ་ཆུང་གི་ཚོགས་དྲུང་ རྒན་གཞོན་གཏན་འཇགས་མི་འགྲོ་བཅས་ཚོགས་ཆེན་རྒྱུན་ལས་ཀྱིས་ལས་

བྱེ ད ་ཁོ ང ས་ནས་འོ ས ་འདེ མ ས་ཀྱི ས ་དུས་ཡུན་བཅས་འཆར་འབུལ་བསྐོ་ གཞག་ཐོག་རྒྱས་འཛོམས་དགོས་རིགས་སྐབས་བསྟུན་སྙན་གསེང་ཞུ་རྒྱུ།

ཟླ་དྲུག་ལས་བསྡོ མ ས་ཚོ ག ས་ཆེ ན ་འཚོ ག ས་སྐབས་ཚོ ག ས་ཆེ ན ་

རྒྱུན་ལས་དང་ཚོགས་མི ་ གོ ང ་ལྟར་ཐོ ག ་ཚོགས་མི ་ འཕར་བསྣོན་དགོ ས ་ རིགས་དང༌། ལས་བསྡོམས་སྙན་ཞུར་བཅར་འོས་གྲོས་བཞུགས་དང༌། གྲོས་ ཉན།

ཚོགས་མགྲོན་བཅས་ཇི་དགོས་ཚོགས་ཆེན་རྒྱུན་ལས་ནས་སྐབས་

འཕྲལ་འཆར་འབུལ་གྱིས་གཏན་འཁེལ་གནང་རྒྱུ། འཆར་འཕར་ཚོགས་འདུ་

ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་ལས་བྱེད་རྣམས་ལས་དོན་སྙན་གསེང་

དང༌། བསམ་འཆར་ཞུ་བར་བཅར་བ་ལས། ཚོགས་འདུའི་དབང་ཚད་དང༌། ཚོ ག ས་གཙོ ་ འདེ མ ས་བསྐོ་ལས་དོ ན ་ཐག་གཅོ ད ་བྱེ ད ་རྒྱུ་བཅས་འཐུས་མི ་ ཚོགས་ཕེབས་ངོ་ཡོད་རྣམས་ནས་རྩ་ཁྲིམས་གཞི་བཟུང་བྱ་རྒྱུ།

གཞུང་རྙི ང ་པའི ་ ད་ཡོ ད ་ལས་བྱེ ད ་པའི ་ མི ང ་འཁུར་ཕྱི ར ་བསྡུ་བྱེ ད ་

ཕྱོགས་སྐོར། མི་མང་གཞུང་གསར་པའི་ལས་བྱེད་པའི་ཁོངས་སུ་གཞུང་རྙིང་

པའི ་ ལས་བྱེ ད ་ངོ ་ ཡོ ད ་རྣམས་ཀྱི ་ གོ ་ མི ང ་འདི ་ དག་དེ ང ་དུས་འཛམ་གླི ང ་སྤྱི ་ སྲོལ་གྱི་གནས་ཚུལ་དང་གཏན་ནས་མི་འཚམས་ཤིང༌། རྩ་ཁྲིམས་ཀྱི་དགོངས་

དོ ན ་དང་ཡང་ཕྱོ ག ས་འགལ་དུ་སོ ང ་བས་ད་ཡོ ད ་ལས་བྱེ ད ་པར་གཞུང་རྙི ང ་

པའི་དུས་ཀྱི་གོ་མིང་ཆེ་ཕྲ་ཇི་ཡོད་རྨང་ནས་ཕྱིར་བསྡུ་བསྐྱངས་པ་ཡིན་གཤིས་ ལས་བྱེད་རྙིང་པ་རྣམས་བོད་མི་མང་བྱིངས་དང་ཐོབ་ཐང་འདྲ་མཉམ་དུ་གནས་

རྒྱུ་དང༌། ད་ནས་གོ་མིང་རྙིང་པ་ནས་འབོད་པ་སོགས། རྙིང་ཞེན་རིང་ལུགས་

རྩ་བ་ནས་གཏན་སྤང་ཞུ་རྒྱུ་ཡིན་ཅིང༌། ཕྱི་ལོ་ ༡༩༦༠ ལོར་གཞུང་མང་གི་ བདེ་དོན་དུ་ཆོས་ལུགས་དང༌།

ཆོལ་གསུམ་མི་མང་སྤྱི་འཐུས་བཅུ་གསུམ་ 167


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བསྡུ་འགུགས་བསྐྱངས་ཏེ་གོང་ལོའི་ཟླ་ ༩ ཚེས་ ༢ ཉིན་ནས་བཟུང་ལས་དོན་

ལ་མཉམ་ཞུགས་ཐོག་རང་གཞུང་ལས་ཁུངས་ཁག་ལྔའི་མ་ལག་དང་བཅས་པ་

གསར་འཛུགས་གནང་བའི་སྐབས་དེར་འཕྲལ་སེལ་ལས་བྱེད་པར་གཞུང་རྙིང་ པའི ་ ལས་བྱེ ད ་བཙན་བྱོ ལ ་དུ་འབྱོ ར ་པ་ཕལ་ཆེ ར ་བཀོ ད ་སྒྲི ག ་གནང་དགོ ས ་

བྱུང་བ་དང༌། ད་ཆ་འཛམ་གླིང་ཡོངས་ཁྱབ་ཏུ་གསལ་བསྒྲགས་བསྐྱངས་པའི་

རྩ་ཁྲི མ ས་ཀྱི ་ དགོ ང ས་དོ ན ་ལག་ལེ ན ་དངོ ས ་སུ་བསྟར་བ་ཕྱི ་ ནང་མི ་ རི ག ས་ ཚང་མས་མངོན་སུམ་མཐོང་ཆོས་ཀྱི་ཡུལ་དུ་གྱུར་པའི་(དམངས)མང་གཙོའི་

མདུན་ལམ་གྱི་ངོ་བོ་ཡངས་པོར་ཕྱེ་བ་གསལ་སྟོན་ཐུབ་པ་ཞིག་བྱུང་ན་གཞུང་ མང་བསྟན་སྲིད་ཀྱི་དགེ་མཚན་ལ་འཕྲལ་ཡུན་གཉིས་སྨན་ཐོག

ྋགོང་ས་

ྋསྐྱབས་མགོ ན ་ཆེ ན ་པོ ས ་བསྟན་སྲི ད ་གཞུང་མང་གི ་ དོ ན ་དུ་སྐུ་ངལ་ཐུགས་

འཁུར་ཆེ ་ བཞེ ས ་བསྐྱངས་པའི ་ དུས་བབས་མཛད་འཕྲི ན ་དོ ན ་དང་ལྡན་པའི ་

འབྲས་བཟང་མྱུར་བར་སྨིན་པའི་དགེ་མཚན་ཞིག་ཏུ་འགྱུར་ངེས་ལགས་ན། ད་

ཡོ ད ་གཞུང་རྙི ང ་པའི ་ མཐོ ་ རི མ ་ལས་བྱེ ད ་དབང་ཆ་རྒྱུན་འཛི ན ་གཙོ ་ འཛི ན ་

རྣམས་ཀྱི་ལས་འཁུར་ཕྱིར་བསྡུ་བསྐྱངས་ཏེ་གནས་སྐབས་རང་གི་ཤེས་ནུས་ གང་ཐོན་གྱིས་རྒྱུས་བབས་གྲོས་རོགས་འཁུར་བསམ་ཆེ་བསྐྱེད་ཞུ་རྒྱུ།

རྩ་ཁྲི མ ས་དགོ ང ས་དོ ན ་དེ ང ་དུས་དང་མཐུན་པའི ་ (དམངས)མང་

གཙོའི་གཞུང་གསར་པའི་བཀོད་སྒྲིག་ལས་བྱེད་པའི་གྲལ་རིམ་དང༌།

ལས་

འགན་གྱི་རིམ་པའི་འཆར་གཞི་ཟུར་འབུལ་ཞུས་པ་ལྟར་ངོས་ལེན་རྩ་འཛིན་ཞུ་ རྒྱུ༑

མི ་ མང་གཞུང་གི ་ ལས་ཁུངས་ཆེ ་ ཁག་ལྔའི ་ གཙོ ་ འཛི ན ་གསར་པ་

དང༌། ལས་རོགས་ཀྱི་གྲས་སུ་བུད་མེད་གསུམ་བཅས་སེར་སྐྱ་མི་མང་ཁོངས་

ནས་གསར་བསྐོ་བསྐྱངས་ཚེ ་ (དམངས)མང་གཙོ ་ ཕོ ་ མོ ་ འདྲ་མཉམ་ངོ ་ བོ ་

གསལ་མཐོང་གི་དགེ་མཚན་མངོན་ཁྱད་ཆེ་བས་གསར་བསྐོ་སྩལ་ཕྱོགས་ཐད་ 168


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ལས་དུས་འདིའི་རིང་ཆོས་དོན་གཙོ་འཛིན་ཆོས་ལུགས་ཁོངས་ནས་ཆོས་སྲིད་

མཁྱེན་ལྡན་གཅིག་དང༌། ལས་ཁུངས་བཞིར་གཙོ་འཛིན་རེ་དགོས་པ་ཆོལ་ཁ་ གསུམ་སོ་སོ་ནས་གཙོ་འཛིན་རེ་དང༌། ཆོལ་ཁ་གསུམ་རེས་འཁོར་གྱི་གཙོ་ འཛིན་གཅིག

ལས་རོགས་གྲས་སུ་ཆོལ་ཁ་སོ་སོ་ནས་བུད་མེད་ཀྱི་ལས་

རོ ག ས་རེ ་ བཅས་སྤྱི ་ མོ ས ་གཞི ར ་བཟུང་ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་བསྐོ་ གཞག་སྩལ་རྒྱུ། དེ་འོག་འགན་འཛིན་དང༌། ལས་བྱེད་གནད་ཡོད་ལས་འགན་

ལེན་མི་རྣམས་ད་ལམ་སྒྲིག་བཀོད་དུས་སྐབས་འདིར་ལས་བྱེད་དང༌། མི་མང་

གང་འོས ་ཕོ ་ མོ ་ དབྱེ ར ་མེ ད ་ཀྱི ་ ཁོ ང ས་ནས་ད་ཡོ ད ་མི ་ མང་སྤྱི ་ འཐུས་རྣམས་ ཀྱི ས ་དམི ག ས་བསལ་འོ ས ་བསྡུ་འཆར་འབུལ་ཕྱག་རྟགས་ཞུས་ཏེ ་ བསྐོ་

འཛུགས་བྱ་རྒྱུ།

དེ ་ བྱི ང ས་ལས་བྱེ ད ་གནས་སྤོ ས ་ཇི་ དགོ ས ་ལས་བྱེ ད ་བདག་གཉེ ར ་

ནས་སྐབས་འཕྲལ་སོ་སོར་ཐག་གཅོད་འཆར་འབུལ་དགོས་རྒྱུ། མི་མང་གཞུང་

གི་ལས་ཁུངས་ཆེ་ཁག་ལྔ་དང༌། འགན་འཛིན་ལས་ཁུངས་ཁག་བཞི་བཅས་ ཡོད་མུས་འདི་ཐོག་མཛད་འཕྲིན་རྒྱ་བསྐྱེད་ཀྱིས་སླར་དུས་བསྟུན་ལས་ཁུངས་

གསར་འཛུགས་བསྐྱངས་འོས་དང༌། ད་དུང་བསྒྱུར་བཅོས་གནང་འོས་སྐབས་

བསྟུན་དགོ ང ས་བཞེ ད ་བསྐྱང་རྒྱུ་བཅས་ལ་གུས་འབངས་ཆོ ས ་ལུགས་དང༌། ཆོ ལ ་གསུམ་མི ་ མང་སྤྱི ་ འཐུས་རྣམས་དང་བཅས་པའི ་ ལས་བྱེ ད ་སྤྱི ་ མགྲིན་

ནས་མང་མོ ས ་བསམ་གྲོས་གཅི ག ་མཐུན་གྱི ་ གྲོས་ཆོ ད ་གཙང་མར་ཞུས་པ་

ལགས་ན། ད་དུང་རྩ་ཁྲིམས་དགོངས་མཐུན་ལྟར་(དམངས)མང་གཙོའི་ངོ་བོ་

གསལ་སྟོན་ཞུ་ཕྱོགས་ལ་སྨན་པའི་ལེགས་སྤེལ་ཉེས་འགོག་ཇི་འོ ས་ཡེ་ཤེས་ དབྱི ང ས་དཔྱད་ཀྱི ས ་ཆོ ག ་མཆན་སྤྱི ་ སྨི ན ་ཐུགས་རྗེ ་ ཆེ ་ བ་ཞུ་རྒྱུའི ་ གྲོས་ཆོ ད ་

ྋསྙན་ཞུར། གུས་འབངས་ཆོས་ལུགས་དང༌། ཆོལ་གསུམ་མི་མང་སྤྱི་འཐུས་ དང་བཅས་པའི་ལས་བྱེད་སྤྱི་མགྲིན་ནས། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༤ 169


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཉིན་ཕུལ།།” ཞེས་གསལ།

གོ ང ་གསལ་གྲོས་ཆོ ད ་ྋསྙན་ཞུར་ལེ ག ས་བཅོ ས ་བཀའ་སློ བ ་དང་

སྦྲགས་ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༥ ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་ མཆོག་ནས་ཆོག་མཆན་སྩལ།

དེ་རྗེས་སླར་ཡང་བཀའ་སློབ་དགོངས་དོན་

མོལ་བསྡུར་ཐག་གཅོད་ཇི་བྱུང་ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༨ ལ་ྋསྙན་ཞུར་ ཕུལ་བ་དང༌། ཚིག་ཐོ་དེའི་ཐོག་གཙོ་འཛིན་དང༌། འགན་འཛིན། སྤྱི་འཐུས་

བཅས་ལ་བཀའ་སློབ་ཕེབས་པར་སླར་ཡང་ཞིབ་བསྡུར་གྱིས་ཕྱི་ལོ་ ༡༩༦༣

ཟླ་ ༤ ཚེས་ ༡༨ ཉིན་སླད་རྩ་ཁྲིམས་དགོངས་དོན་བྱ་ལམ་བྱེད་ཕྱོགས་ཐག་ གཅོད་ཀྱི་ཟུར་རྒྱན་གྲོས་ཆོད་ཚིག་ཐོའི་ྋསྙན་ཞུ་གཤམ་གསལ་ལྟར་འབུལ་ གནང་མཛད་འདུག

དེ་ཡང་། “ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༤ ཉིན་བཞུགས་སྒར་དུ་

གཏན་བཞུགས་གནང་བའི་བོད་མི་མང་སྤྱི་འཐུས་རྣམ་པ་དང༌། རང་གཞུང་

ལས་བྱེད་ཆེ་ཕྲ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་

དུ་བཅར་ནས་ཉེ་ཆར་གསུམ་བཅུའི་དུས་དྲན་ཐོག་བོད་མི་མང་གི་ཁེ་ཕན་བླ་ན་

མེ ད ་པ་བོ ད ་ཀྱི ་ རྩ་ཁྲི མ ས་གསལ་བསྒྲགས་བཀའ་དྲིན་ཆེ ་ བའི ་ དགོ ང ས་དོ ན ་ མཛད་འཕྲི ན ་གྱི ་ སྣང་བ་གྱེ ན ་དུ་འདེ ག ས་ཕྱི ར ་སྲི ་ ཞུ་འཁུར་འཁྲི འི ་ གུས་

འབངས་ལས་བྱེད་རྣམས་ནས་གནས་སྐབས་ཕྱག་བཞེས་བསྟར་ཐུབ་རིགས་

ཀྱི་ལེགས་བཅོས་གནང་ཕྱོགས་ལ་མཛད་དཀའ་མེད་པའི་ཚིག་ཐོ་ལས་བྱེད་ངོ་ ཡོ ད ་ཆེ ་ ཕྲའི ་ མི ང ་རྟགས་འབྱར་མ་ྋསྙན་ཞུར་འབུལ་ལམ་ཞུས་པར་བཀའ་

སློ བ ་དང་འབྲེ ལ ་འདི ་ སྐོར་བོ ད ་མི ་ མང་གི ་ བདེ ་ དོ ན ་ཐུགས་གལ་ཆེ ་ གཤི ས །

ཚི ག ་ཐོ ར ་རི མ ་པས་ཐུགས་ཞི བ ་གཟབ་ནན་གྱི ས ་ཐུགས་དམ་བརྟག་དཔྱད་

བསྐྱང་འོས ་བསྐྱངས་ཏེ ་ རི མ ་པས་བཀའ་གསལ་གནང་རྒྱུ་ཞེ ས ་བཀའ་སྤྱི ་ ཕེབས་བཞིན། དེ་རྗེས་ཟླ་ ༤ ཚེས་ ༨ ཉིན་གཙོ་འགན་འཐུས་གསུམ་ལས་ 170


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

རོགས་དང་བཅས་པ་གཟིམ་ཆུང་དུ་ཆེད་འགུགས་བསྐྱངས་ཏེ་ཚིག་ཐོའི་ཐོག་

བཀའ་སློབ་ཕེབས་དགོངས་སུ། སྔོན་ཕུལ་ཚིག་ཐོའི་རྩ་དོན་ཁག་གི་ཁོངས་ ནས་ད་ཡོ ད ་གཙོ ་ འཛི ན ་ཁོ ང ས་འཕོ ་ འགྱུར་གནང་རྒྱུ་ཐུགས་འདོ ད ་མེ ད ་ན་

གནས་སྐབས་ལས་འཁུར་རང་འཇགས་དགོ ས ་རྒྱུ་ཞེ ས ་ྋགོ ང ་ས་ྋསྐྱབས་

མགོན་ཆེན་པོའི་མཚན་ཐོག་ནས་ཐག་གཅོད་གཙང་མ་གནང་བ་ཟུར་དུ་ཕུད།

དེ་འཕྲོས་ཚིག་ཐོ་ནང་གསལ་རྩ་དོན་ཁོངས་ནས་བྱིངས་ཆེ་རང་འཇགས་ཀྱིས་

འཐུས་མིའི་སྐོར་སོགས་ལ་དགོངས་འཆར་བཀའ་སློབ་ལྷུག་སྩལ་སྐུ་སྒེར་དྲུང་

ཆེས་སྙེལ་ཐོ་ཤོག་ལྷེར་འགོད་གནང་མཛད་གསལ་རྣམས་ྋགོང་ས་ཆེན་པོས་ ཐག་གཅོད་གནང་བ་མིན་གཤིས་ལེགས་ཆའི་གོ་བསྡུར་ཞིབ་ནན་དགོས་རྒྱུ་

སྤྱི་ཕེབས་བཞིན།

ཚོགས་འདུར་བསྐྱར་གྲོས་ཞིབ་བསྡུར་ཞུས་པའི་ཚིག་ཐོ་

འགོད་འབུལ་ཞུས་པར།

༡༽ འཐུས་མིའི་ལོ་དུས་གནས་སྐབས་དུས་བསྟུན་ཕྲན་བུ་རིང་སྐྱོན་མིན་ནམ་

ཞེས་ཕེབས་སྐོར་ཆོལ་གསུམ་མི་མང་སྤྱི་འཐུས་རྣམས་ཀྱི་ལས་འཁུར་ལོ་དུས་ སྔ་འཕྲོ ས ་རི ང ་ལོ ་ གསུམ་རེ ར ་གཏན་འཁེ ལ ་གྱི ས ་ད་ཡོ ད ་ཆོ ས ་ལུགས་ཆོ ལ ་

གསུམ་དང་བཅས་པའི་སྤྱི ་ འཐུས་རྣམས་ཀྱི ་ ལས་འཁུར་ལོ་དུས་ཀྱང་ (དམངས)མང་གཙོའི་གཞུང་གི་བཀོད་སྒྲིག་དང་པོ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ལ་བཟུངས་ནས་གོང་ལྟར་འཕོ་ལེན་གནང་སྟེ་ཚབ་གསར་ཆབས་

ཅི ག ་འདེ མ ས་བསྐོ་གནང་ཕྱོ ག ས་གྲོས་ཆོ ད ་གཞི ་ བཟུང་གནང་རྒྱུ་དང༌།

འདེམས་བསྒྲུག་སྐབས་སུ་འཐུས་མི་རྙིང་པའི་ཐད་རང་འཇགས་འདེམས་བསྐོ་ བྱུང་ན་མི་མང་སྤྱི་འཐུས་ཀྱི་ལས་འཁུར་རང་འཇགས་དང༌། མ་བྱུང་ཚེ་ཤེས་

ཡོན་འབྱོན་ཐང་བབས་ཀྱིས་ལས་བྱེད་ཁོངས་སུ་ཞུགས་བློ་ཡོད་རིགས་གང་ ལ་ཇི་འོས་སྐབས་ཐོབ་ཀྱི་ཞུགས་རྒྱུ། ཡང་ལས་བྱེད་ཁོངས་སུ་ཞུགས་བློ་མེད་

རིགས་འདོད་མོས་ཆོག་རྒྱུའི་ཐོག་ལོ་ནའི་བབས་དང༌། ལས་འཁུར་རིང་བྱས་ 171


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྗེ ས ་སོ ག ས་གང་ཅི ར ་བརྟག་དཔྱད་ཀྱི ས ་དཀའ་ངལ་ཡོ ད ་རི ག ས་ལ་གཞུང་

གནས་ནས་གཟིགས་སྐྱོང་གནང་འོས་སྐབས་སོ་སོར་དགོངས་བཞེས་གནང་

རྒྱུ༑

༢༽ འཐུས་མི་ནས་ལས་བྱེད་པའི་མིང་འཁུར་མ་དགོས་པར་འཐུས་མི་རང་

གི་མིང་ཐོག་ནས་ལས་འཁུར་ལས་རོགས་དང་འདྲ་བ་བཟུང་རྒྱུ། ༣༽

སྤྱི་འཐུས་མི་འབོར་གནས་སྐབས་མི་གྲངས་བཅུ་བདུན་ལ་ཆ་འཇོག་

གནང་རྒྱུ།

༤༽ སྤྱི་འཐུས་ཕྱེད་ལེན་ཕྱི་ནང་འགྲོ་སྡོད་བརྗེ་ལེན་བྱ་འོས་སོགས་ཀྱི་བཀའ་

སློབ་ཕེབས་སྐོར།

ད་ལམ་བཀོད་སྒྲིག་གི་སྐབས་འདི་ནས་བཟུང་སྤྱི་འཐུས་

རྣམས་ནས་ལས་དོན་གོམས་འདྲིས་དང་མང་ཚོགས་ཀྱི་བདེ་དོན་ཤེས་རྟོགས་

འབྱུང་ཆེད་ཆོས་ལུགས་དང༌། ཆོལ་གསུམ་སྤྱི་འཐུས་ཀྱི་རྣམ་དབྱེ་མེད་པར་

ལས་ཁུངས་ཆེ་ཁག་ལྔ་ལ་འཐུས་མི་གཉིས་རེ་དང༌། རྩིས་ཞིབ་དང༌། ཡན་ལག་

ལས་ཁུངས་ཁག་གསུམ་ལ་འཐུས་མི་གཅིག་རེ་བཅས་ལས་དོན་ཐོག་མཉམ་

ཞུགས་ཀྱིས་ལས་དུས་འདིའི་རིང་ལས་ཁུངས་ནང་ཁུལ་རེ་བསྐོར་མ་དགོས་

པར་ད་མུས་གཏན་འཇགས་ཞུགས་རྒྱུར་མང་མོས་བྱུང་སོང་བ་ལྟར་གནང་རྒྱུ་ དང༌།

དེ་འཕྲོས་སྤྱི་འཐུས་མི་གསུམ་ཕྱོགས་མཐའི་སྡོད་སྒར་ཁག་ལ་མི་རེ་

བགོས་འགྲེམས་ཀྱི ས ་སྡོ ད ་རྒྱུན་ཟླ་གསུམ་རེ ་ བགྱི ས ་ཐོག་ཟླ་དྲུག་རེ འི ་

མཚམས་ཕྱི་ནང་བརྗེ་ལེན་གྱིས་གནས་ཏེ་མི་མང་བདེ་དོན་གྱི་གནས་སྟངས་

ལ་རྟོག་ཞིབ་བྱ་རྒྱུ། སྤྱི་འཐུས་ད་ཡོད་བཅུ་གསུམ་ཐོག་འཕར་བསྣོན་ཆོལ་ཁ་

རེ་ནས་བུད་མེད་རེ་འོས་འདེམས་དང༌། ྋགོང་ས་ཆེན་པོས་རྩོམ་རིག་དང༌།

ཚན་རིག་གང་རུང་ལ་མཁས་པ་མི་གཅིག་བསྐོ་འཛུགས་བསྐྱངས་ཏེ་སྔ་འཕྲོས་ དེ་གས་འཐུས་པ་ཞུ་རྒྱུ། སྤྱི་འཐུས་ཕྱི་ནང་འགྲོ་སྡོད་རེ་བསྐོར་བརྗེ་ལེན་བྱེད་

སྟངས་མི་མང་སྤྱི་འཐུས་རྣམས་ནང་གྲོས་ཀྱིས་ཐག་གཅོད་ཞུ་རྒྱུའི་ཐོག 172

ད་


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ལམ་རང་གཞུང་གི ་ བཀོ ད ་སྒྲི ག ་བསྐྱར་བཅོ ས ་ཀྱི ས ་དུས་སྐབས་འདི འི ་ ལས་

རིམ་ནང་གསལ་བཀའ་བློན་ལས་རོགས་དང༌། ལས་ཁུངས་ཁག་གི་འགན་

འཛིན་ལས་བྱེད་གནད་ཡོད་རྣམས་ད་ཡོད་ཀྱི་ལས་བྱེད་དང༌། མི་མང་བཅས་ ཀྱི་ཁོངས་ནས་ཕོ་མོ་དང༌།

སྐྱ་སེར་དབྱེར་མེད་ད་ལྟའི་མི་མང་སྤྱི་འཐུས་

རྣམས་ཀྱིས་གང་ལ་ཇི་འོས་དམིགས་བསལ་འོས་བསྡུ་འཆར་ཕུལ་ཕྱག་རྟགས་ ཞུས་ཏེ་བསྐོ་འཛུགས་ཞུ་རྒྱུ།

རང་གཞུང་ཕྱི་ནང་ལས་ཁུངས་ཆེ་ཕྲའི་ལས་རིམ་དང༌། ལས་བྱེད་

པའི་ཞུ་འགན་ཆེ་ཆུང་ལ་གཞིགས་པའི་གནས་རིམ་བཅས་བསྐྱར་སྒྲིགས་ཞུས་

པའི་འཆར་གཞི་ཟུར་འབུལ་ཞུས་པར་ཕྱག་རྟགས་སྩལ་ཐོན་བྱུང་མཚམས་དེ་ དོན་གཞི་བཟུང་བཀོད་སྒྲིག་གིས་རྩ་འཛིན་ཞུ་རྒྱུ།

ཡང་ཚོ ག ས་གཙོ ་ ཐུན་མོ ང ་བརྒྱུད་བཀའ་མངགས་ཕེ བ ས་དགོ ང ས་

ལྟར། ད་ཕྱིན་ལས་བྱེད་རྣམས་རྒས་ཡོལ་དུས་ཚོད་དུ་མ་སླེབས་པར་འགའ་

ཤས་གཟུགས་བབས་སོགས་ཀྱིས་ལས་རིམ་དང༌། གནས་རིམ་ཆེ་ས་ནས་

ཆུང་སར་རང་རང་འདོད་མོས་ལྟར་བསྐོ་གཞག་གནང་འོས་བྱུང་རིགས་གནང་

རྒྱུ་ལས། གནས་རིམ་མཐོ་བ་ནས་དམའ་སར་བབས་མི་ཤེས་པ་ལྟ་བུའི་ལས་ མེད་ཟུར་པའི་མིང་གནས་ཁག་མེད་པ་ཞུ་རྒྱུ། ལས་འགན་གོང་ནས་འོག་མར་

འཕོས་པ་དེ་དག་ལ་ལས་འགན་གྱི་བྱས་རྗེས་ལ་བརྟེན་པའི་ཕོགས་ཐོབ་སྤར་

ཆ་ཞུ་རྒྱུ་མཐོ ང ་སྣང་བདེ ་ མི ན ་ཡོ ང ་གནས་ལ་ད་ཕྱི ན ་སོ ་ སོ འི ་ སྐབས་བབས་ ལས་འགན་གར་འཁེལ་གྱི་ཕོགས་ཐོབ་ཕོགས་རིམ་གཞིར་བཟུང་སྤྱི་མཚུངས་

གནང་ན་སྙམ་པ་བཅས་ལ་གྲོས་འཆམས་ཞུས་ལགས་པའི ་ གྲོས་ཆོ ད ་ཟུར་ རྒྱན་ྋསྙན་ཞུར། ༡༩༦༣ ཟླ་ ༤ ཚེས་ ༡༨ ལ་ཕུལ།།” ཞེས་གསལ། ཟུར་

རྒྱན་གྲོས་ཆོ ད ་དེ ར ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཕྱི ་ ལོ ་

༡༩༦༣ ཟླ་ ༤ ཚེས་ ༢༠ ཉིན་ཆོག་མཆན་སྩལ་པས་དེ་ནས་བཟུང་གོང་ 173


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཁོད་ཁག་ཕྱག་བསྟར་ཞུ་འགོ་བཙུགས།

སྐབས་དེར་སྤྱི་འཐུས་ལྷན་ཁང་

ཟུར་དུ་མེད་ནའང་ཚོགས་འདུའི་སྐབས་སུ་ཚོགས་གཙོའི་འགན་འཁུར་བཞེས་ མཁན་ཚོགས་གཙོ་བགྲེས་གཞོན་གཉིས་ཡོད་པ་གནང༌། ཕྱི་ལོ་ ༡༩༦༣ ཟླ་

༦ ཚེས་ ༦ ཉིན་གཞུང་རྙིང་པའི་སྐབས་ཀྱི་གོ་མིང་ཆེ་ཕྲ་ཇི་ཡོད་ཕྱིར་བསྡུ་ ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་གནང༌།

(1)

ཕྱི་ལོ་ ༡༩༦༣ ཟླ་ ༦ ཚེས་ ༢༩ ཉིན་གོང་གསལ་ཕྱི་ཚེས་

༢༠ ཉིན་ཆོག་མཆན་སྩལ་ཁོངས་ནས་སྤྱི་འཐུས་ཀྱི་ལས་ཡུན་ལོ་གསུམ་ལ་

ཐུགས་གཏན་འཁེ ལ ་སྟབས་སྐབས་གཉི ས ་པའི ་ སྤྱི ་ འཐུས་ཀྱི ་ འོས ་བསྡུའི ་

གསལ་བསྒྲགས་བཀའ་ཤག་ནས་གནང་བ་འདི་ལྟར། “ དོན་གཅོད་འགོ་ འཛིན་བརྒྱ་བཅུ་སེར་སྐྱ་མི་མང་ཐུན་མོང་ལ། ཆེད་དོན། སྤྱི་ནོར་ྋགོང་ས་

ྋསྐྱབས་མགོན་ཆེན་པོ་མཆོག་ནས་བསྟན་སྲིད་བདེ་དོན་སླད་དགོངས་གཞི་ དགོས་པ་ཆེན་པོས་<<མ་འོངས་བོད་ཀྱི་རྩ་ཁྲིམས>>འཛམ་གླིང་ཡོངས་ལ་

གསལ་བསྒྲགས་བསྐྱངས་པ་བཞིན། རྩ་ཁྲིམས་དེའི་ནང་ཚན་ནས་སྔ་འཕྲོས་ རྒྱ་གར་ས་ཐོ ག ་ཏུ་མཐུན་རྐྱེ ན ་གནས་ཚུལ་དང་འཚམས་པའི ་ ཕྱག་བཞེ ས ་ བསྟར་འོས་རིགས་ཉེ་ཆར་འདི་ག་དྷ་རམ་ས་ལ་བཞུགས་སྒར་དུ་ཆོས་ལུགས་

ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་རྣམས་དང༌། ལས་བྱེད་ཆེ་ཕྲ་བཅས་

ཚོགས་འདུ་རྒྱས་འཛོམས་ཐོག་བསམ་གྲོས་ཞིབ་བསྡུར་ཞུས་པའི་གྲོས་ཆོད་

བཞག་ཁག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་ཞུས་ཆོག་མཆན་སྩལ་ ཕེབས་དགོངས་དོན།

འདི ་ ག་བཞུགས་སྒར་དུ་གཏན་སྡོ ད ་ཆོ ས ་ལུགས་ཆོ ལ ་གསུམ་དང་

1

བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ཇ༽(༡) ནང་གསལ།

བཅས་པའི་སྤྱི་འཐུས་རྣམས་ཀྱི་ལས་འཁུར་ལོ་དུས་ཐད། ད་ལམ་རྩ་ཁྲིམས་

174


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ནང་གསལ་འཐུས་མིའི་ལོ་དུས་ལོ་ལྔ་གསལ་འཁོད་ཡོད་རུང༌། སྔ་འཕྲོས་རིང་

ལོ་གསུམ་རེའི་མཚམས་བརྗེ་ལེན་གནང་རྒྱུ་ཐུགས་གཏན་འཁེལ་བ་བཞིན་ད་

ཡོ ད ་སྤྱི ་ འཐུས་རྣམས་ཀྱི ་ ལས་འཁུར་ལོ ་ དུས་ཀྱང་(དམངས)མང་གཙོ འི ་

གཞུང་གི་བཀོད་སྒྲིག་དང་པོ་སྤྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་དབུ་འཛུགས་

གནང་བ་ནས་བཟུང་འདི་ལོ་ཟླ་ ༩ ཚེས་ ༢ ཉིན་བར་ལོ་གསུམ་འཁོར་ཉེའི་ད་

ཆ་འཐུས་མི འི ་ ལས་འཁུར་འཕོ ་ ལེ ན ་བྱེ ད ་མཚམས་སུ་སླེ བ ས་གཤི ས ་ལྷག་ པར་ད་ལམ་གྲོས་ཆོད་ནང་གསལ་འཐུས་མིའི་སྤྱི་འཐུས་ངོ་གྲངས་བཅུ་གསུམ་ ཐོག འཕར་བསྣོན་ཆོལ་ཁ་རེ་ནས་བུད་མེད་རེ་དང༌། ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང༌། ཚན་རིག་གང་རུང་ལ་མཁས་པའི་

མི་གཅིག་གསར་བསྐོ་བསྐྱངས་རྒྱུ་བཅས་ཁྱོན་སྤྱི་འཐུས་མི་གྲངས་བཅུ་བདུན་

ལ་ཐུགས་གཏན་འཁེ ལ ་སོ ང ་ན་ས་དགེ ་ བཀའ་རྙི ང ་ཆོ ས ་ལུགས་སོ ་ སོ ་ ནས་ སྔར་བཞིན་འཐུས་མི་རེ་དང༌། ཆོལ་ཁ་གསུམ་སོ་སོ་ནས་བུད་མེད་རེ་བསྣན་

པས་འཐུས་མི་ངོ་གྲངས་བཞི་རེ་དགོས་པ་རྩ་ཁྲིམས་ལེའུ་དྲུག་པའི་དོན་ཚན་ ༤༡ ནང་གསལ་འཐུས་མིའི་མི་འགྲོ་རང་ལོ་ ༢༥ ཡན་སོན་པ་དགོས་ལུགས་

གསལ་བ་ལྟར་ཆོ ས ་ལུགས་ཁག་བཞི འི ་ འཐུས་མི ་ རང་ཁོ ང ས་སོ ་ སོ ་ དང༌། ཆོལ་ཁ་གསུམ་གྱི་འཐུས་མི་རྣམས་སྡོད་སྒར་ཁག་གི་མི་མང་སེར་སྐྱ་ཕོ་མོའི་

ཁོངས་དང༌། དེ་གའི་སྡོད་སྒར། ད་ཡོད་འཐུས་མི་རྙིང་པའི་ཁོངས་བཅས་ནས་

མང་མོས་འོས་འདེམས་ཇི་བྱེད་རྩ་ཁྲིམས་ལེའུ་གཉིས་པའི་དོན་ཚན་ ༢༠ དང་

༢༡ སོ་སོར་རིག་འཚོ་མ་ཟིན་པ་དང༌། ཁྲིམས་ཐོག་ནས་འོས་བསྡུའི་ཐོབ་ཐང་ འཕྲོག་པ་ཕུད། དེ་བྱིངས་བོད་མི་སེར་སྐྱ་ཕོ་མོ་རང་ལོ་ ༡༨ དུ་སོན་པ་ཡན་

ཆོད་ལ་འོས་བསྡུའི་ཐོབ་ཐང་ཡོད་ཅེས་འཁོད་པ་ལྟར་རྩ་དོན་གཞིར་བཟུངས་

མི ་ མང་སྤྱི ་ མོ ས ་དྲག་འདེ མ ས་ཀྱི ས ་སླད་མི ་ མང་བྱི ང ས་ནས་འོས ་བསྡུ་དྲང་

མིན་སོགས་ཀྱི་ནང་ཁུལ་ཀླན་ཀ་མི་འབྱུང་བའི་འོས་ཁམས་དྭངས་ས་རྟགས་ 175


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འབྱར་མ་འཕྲལ་དུ་ངེས་འབུལ་ཐུབ་པ་དགོས་རྒྱུ་བཅས་དེ་དོན་ཡིད་འཇགས་ བྱེད། དྷ་རམ་ས་ལ་བཞུགས་སྒར་བཀའ་ཤག་ནས་ཕྱི་ལོ་ ༡༩༦༣ ཟླ་ ༦ ཚེས་ ༢༩ ལ།།”ཞེས་གསལ །

(1)

ཕྱི་ལོ་ ༡༩༦༣ ལོར་རང་གཞུང་ལས་ཁུངས་མ་ལག་དང་བཅས་པའི་

ལས་དོན་ཆེ་ཕྲའི་ཚོགས་འདུ་རྒྱས་པའི་སྐབས་ཚོགས་འདུའི་འགན་འཁུར་ད་

ཕན་རྙིང་ལུགས་སྲོལ་འཛིན་ལྟ་བུས་གཙོ་འཛིན་རྣམས་ནས་འཁུར་ལེན་བྱེད་

རྒྱུན་འདི་དག་སྤྱི་སྲོལ་དང་མི་མཐུན་ཞིང༌། ལས་དོན་ལའང་ཡར་རྒྱས་མི་ཐོན་

པ་བཅས་ཀྱི་སྐྱོན་གནད་འདུག་སྟབས་ད་ཕྱིན་ལས་དོན་འབྲེལ་ཡོད་ཀྱི་ཚོགས་ འདུའི་སྐབས་ཚོགས་གཙོ་དམིགས་བསལ་ཅན་ཕུད།

དེ་བྱིངས་ད་ལམ་ཟླ་

དྲུག་ལས་བསྡོམས་འདི་ནས་བཟུང་ཚོགས་འདུ་རྒྱས་པ་ནམ་ཡོད་ཀྱི་སྐབས་

སོ ་ སོ ར ་འགན་འཛི ན ་ཚོ ག ས་གཙོ འི ་ ཐད་གཙོ ་ འཛི ན ་གྱི ་ ཁོ ང ས་ནས་གཅི ག ་

དང༌། འགན་འཛིན་ཁོངས་ནས་གཅིག སྤྱི་འཐུས་ཁོངས་ནས་གཅིག་བཅས་ རང་ཁུངས་སོ་སོས་འདེམས་བསྐོས་གསུམ་ནས་ཚོགས་ཡུན་དེའི་རིང་ཉིན་ རེའི་ཚོགས་གཙོ་རེས་འཁོར་དང༌།

ཐུན་མོང་ནས་ཚོགས་འདུའི་ལས་དོན་

ཕྱོགས་བསྡོམས་ཀྱིས་མཚོན་སྐབས་དེའི་ཞུ་སྒོ་ཆེ་ཕྲ་འཁུར་ལེན་ཞུ་རྒྱུ་བཅས་ ཀྱི་ལམ་སྲོལ་གསར་འབྱེད་གནང་རྒྱུའི་འཆར་གཞི་ཆོག་མཆན་སྩལ།

རྩ་ཁྲི མ ས་ཟི ན ་བྲི ས ་དགོ ང ས་དོ ན ་ལས་ཁུངས་ཆེ ་ ཁག་ལྔའི ་ བཀའ་

བློན་རྣམ་པ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐད་བསྐོས་གནང་ རྒྱུ་དང༌། དེ་བྱིངས་ལས་བྱེད་གནད་ཡོད་རྣམས་ཀྱི་བཀོད་སྒྲིག་བོད་མི་མང་ སྤྱི་འཐུས་ལྷན་ཚོགས་ཀྱིས་གནང་གི་ཡོད།

ལས་ཁུངས་ཆེ་ཁག་ལྔ་དང་མ་

ལག་བཅས་པའི ་ སྤྱི ་ ཁྱབ་གཙོ ་ འཛི ན ་དང་བཅས་པ་བཀོ ད ་སྒྲི ག ་གནང་བ་སྤྱི ་

སྐབས་དང་པོའི་ཡིག་སྣོད་ནས་ཟུར་བཏོན་ཞུས་དོན།

1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ཇ༽ (༡) ནང་གསལ། 176


ཕྱི་ལོ་

རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

༡༩༦༣

ལོའི་གསུམ་བཅུའི་དུས་ཆེན་ཐོག་ྋགོང་ས་

ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བོ ད ་རྒྱལ་ཁབ་ཀྱི་ རྩ་ཁྲིམ ས་རི ན ་པོ ་ ཆེ ་

འཛམ་གླིང་ཡོངས་ལ་གསལ་བསྒྲགས་ཐོག་གུས་འབངས་བོད་རིགས་ཀུན་ལ་ གསོལ་སྩལ་བཀའ་དྲིན་ཆེ་བའི་དགོངས་དོན་ཆོས་ལུགས་དང༌། ཆོལ་གསུམ་

མི ་ མང་སྤྱི ་ འཐུས་དང་བཅས་པའི ་ ལས་བྱེ ད ་ཡོ ང ས་ཀྱི ་ སྤྱི ་ བོ ར ་ནོ ད ་དེ ་ སྔ་

འཕྲོ ས ་རྒྱ་གར་ས་ཐོ ག ་ཏུ་མཐུན་རྐྱེ ན ་གནས་ཚུལ་དང་འཚམས་པའི ་ ཕྱག་ བཞེ ས ་བསྟར་འོས ་ཅི ་ མཆི ས ་བསམ་གྲོས་ཞི བ ་བསྡུར་གྱི ས ་གྲོས་ཆོ ད ་དང༌། ཟུར་རྒྱན་སྙན་ཞུ་ཁག་གཉིས་འབུལ་ལམ་ཞུས་པར་ྋགོང་ས་ྋསྐྱབས་མགོན་ ཆེན་པོ་མཆོག་ནས་ཐུགས་ཞིབ་ཆོག་མཆན་སྩལ་ཐོན་དགོངས་དོན།

དམངས་གཙོ ་ གཅི ག ་སྒྲི ལ ་གྱི ་ མི ་ མང་གཞུང་གསར་པའི ་ ལས་དོ ན ་ཁང་ཆེ ་ ཁག་ལྔའི་བཀའ་བློན་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཚན་ཐོག་

ནས་ཐད་ཀར་ཐག་གཅོད་བསྐོ་གཞག་གནང་བ་ཟུར་དུ་ཕུད། དེ་བྱིངས་ལས་

བྱེ ད ་གནད་དོ ན ་ཁག་གི ་ བཀོ ད ་སྒྲི ག ་གུས་འབངས་སྤྱི ་ འཐུས་རྣམས་ནས་ཞུ་

དགོས་སྤྱི་ཕེབས་བཞིན། གནས་རིམ་གསུམ་པ་སྤྱི་ཁྱབ་བཀའ་ཤག་གི་བཀའ་ བློན་ཐུབ་བསྟན་ནོར་བཟང༌། ཐུབ་བསྟན་འོད་ལྡན། སྣེའུ་ཤར་ཐུབ་བསྟན་ཐར་

པ། སྐུའི་གཅེན་པོ་སྟག་ལྷ་རྒྱལ་ལོ་དོན་གྲུབ། དགའ་བྲང་བློ་བཟང་རིག་འཛིན། ཀུན་གླིང་འོད་ཟེར་རྒྱལ་མཚན།

གནས་རིམ་ལྔ་པ་དྲུང་ཆེ་གཅིག་དགོས་པ་

དབུས་གཙང་སྤྱི་འཐུས་དབང་འདུད་རྡོ་རྗེ་བཅས་དང༌། གནས་རིམ་གསུམ་པ་ ཆོས་དོན་ལྷན་ཁང་གི་སྤྱི་ཁྱབ་བཀའ་བློན་སེར་སྨད་ཐུབ་བསྟན་ནོར་བཟང༌།

གནས་རིམ་བཞི་པ་བཀའ་བློན་ལས་རོགས་གཅིག་དགོས་པ་མཚན་ཞབས་ སེར་ཀོང་ཐུབ་བསྟན་སྟོབས་འབྱོར། གནས་རིམ་ལྔ་པ་དྲུང་ཡིག་ཆེ་བ་བཅོ་ བརྒྱད་སྤྲུལ་སྐུ་ཐུབ་བསྟན་ལེགས་བཤད། གནས་རིམ་དྲུག་པ་དྲུང་ཆེ་གཞོན་

པ་ལས་བྱེད་སློབ་དགེ་རྡོ་རྗེ་དབང་ཕྱུག་བཅས་དང༌། 177


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆོས་ལུགས་ཁག་ནས་ལྷན་ཚོགས་པ་བཞི་དང༌། བོན་པོའི་ཁོངས་

ནས་ཆོ ས ་ཚོ ག ས་ཁོ ང ས་སུ་འདྲ་མཚུངས་མ་འཚུད་པ་ལྟ་བུའི ་ བསམ་ཚུལ་

མཐོང་ཕྱོགས་ཡོད་ཚོད་ལ་བརྟེན་ད་ལམ་ལྷན་ཚོགས་ཁོངས་སུ་བསྡུ་བསྐོང་

གནང་འོས་ཆེ་མིན་ཡེ་ཤེས་དབྱིངས་དཔྱད་ཀྱིས་གནང་འོས་མཆིས་ཚེ་ལྷན་

ཚོགས་གཅིག་བཅས་རང་ཁུངས་སོ་སོ་ནས་འདྲ་དྲང་གླེང་མེད་འོས་འདེམས་

འཆར་འབུལ་དགོས་རྒྱུ་དང༌། མི་འགྲོ་གཏན་འཁེལ་མཚམས་ཚོགས་འདུར་

བཀའ་འགུགས་ནམ་གནང་ལ་ཕར་ཕྱིར་ལམ་གྲོན་དང༌། འགོར་རྒྱུན་རིང་འཚོ་

ཕོགས་སྩལ་ཏེ་རྣམ་ཀུན་གཞུང་གྲོན་མ་དགོས་པ་མཛད་དམ། ཡང་ན་མི་འགྲོ་ སྐབས་སོ ་ སོ ར ་འབུལ་དགོ ས ་པའི ་ གནས་ལུགས་གསལ་འཁོ ད ་ཆོ ས ་དོ ན ་

ལས་ཁུངས་ནས་ཁུངས་སོ་སོར་བཀོད་རྒྱ་གཏོང་རྒྱུ།

གནས་རི མ ་གསུམ་པ་ནང་སྲི ད ་ཁང་གི ་ སྤྱི ་ ཁྱབ་བཀའ་བློན་ཐུབ་

བསྟན་འོད་ལྡན། གནས་རིམ་བཞི་པ་བཀའ་བློན་ལས་རོགས་ཀུན་བཟང་རྩེ་

བསོད་ནམས་དབང་འདུད། གནས་རིམ་ལྔ་པ་དྲུང་ཡིག་ཆེ་བ་རྒྱལ་རྩེ་བསོད་ ནམས་དཔལ་འབྱོར།

གནས་རིམ་དྲུག་པ་དྲུང་ཆེ་གཞོན་པ་ཡེ་ཤེས་མཐར་

ཕྱིན་དང༌། ཕག་མོ་ལྷ་ལྡིང་སྲིབ་བྱང་སྒྲོལ་མ་གཡུ་སྒྲོན།

གནས་རིམ་གསུམ་

པ་ཕྱི་སྲིད་ཁང་གི་སྤྱི་ཁྱབ་བཀའ་བློན་སྣེའུ་ཤར་ཐུབ་བསྟན་ཐར་པ་དང༌། སྐུའི་ གཅེན་པོ་སྟག་ལྷ་རྒྱལ་ལོ་དོན་གྲུབ།

གནས་རིམ་བཞི་པ་བཀའ་བློན་ལས་

རོགས་གཉིས་དགོས་པ་ས་འདུ་རིན་ཆེན་དོན་གྲུབ་དང༌། ཚེ་དབང་ཆོས་རྒྱལ་

བཀྲས་མཐོང༌། གནས་རིམ་ལྔ་པ་དྲུང་ཡིག་ཆེ་བ་ངག་དབང་དོན་གྲུབ། གནས་ རི མ ་དྲུག་པ་དྲུང་ཆེ ་ གཞོ ན ་པ་ཀུ་ལུ་ལམ་སྤྱི ་ རྣམ་རྒྱལ་དབང་འདུད་བཅས་

དང༌། གནས་རིམ་གསུམ་པ་དངུལ་རྩིས་ཁང་སྤྱི་ཁྱབ་བཀའ་བློན་དགའ་བྲང་ བློ་བཟང་རིག་འཛིན། རོང་དམ་པ་བློ་གྲོས།

གནས་རིམ་བཞི་པ་བཀའ་བློན་ལས་རོགས་ཚ་བ་

གནས་རིམ་ལྔ་པ་དྲུང་ཡིག་ཆེ་བ་དབང་ལྡན་ཚེ་རིང་ 178


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

དཔལ་འབྱོར། གནས་རི མ ་དྲུག་པ་དྲུང་ཆེ ་ གཞོ ན ་པ་བལ་དོ ན ་ལས་བྱ་ འཕྱོངས་རྒྱས་ལྡུམ་གཞོན་བསོད་ནམས་ཆོས་འབྱོར། གནས་རི མ ་གསུམ་

པ་ཤེས་རིག་ལྷན་ཁང་གི་སྤྱི་ཁྱབ་བཀའ་བློན་ཀུན་གླིང་འོ ད་ཟེར་རྒྱལ་མཚན།

གནས་རིམ་བཞི་པ་བཀའ་བློན་ལས་རོགས་རྩིས་ཞིབ་འགན་འཛིན་ངག་དབང་

བསྟན་སྐྱོང༌།

གནས་རིམ་ལྔ་པ་དྲུང་ཡིག་ཆེ་བ་ཟློས་གར་འགོ་འཛིན་བློ་

བཟང་བསྟན་འཛིན། གནས་རིམ་དྲུག་པ་དྲུང་ཆེ་གཞོན་པ་རང་དབང་པར་ཁང་

ལས་བྱེད་ཨ་མདོ་འཇམ་དཔལ་བཅས་དང༌། ལྷན་ཚོགས་པ་ཆོས་སྲིད་གཉིས་ ཀར་ཤེས་ཡོན་ཅན་སེར་སྐྱ་ཕོ་མོ་རྒན་གཞོན་ཁྱད་མེད་མི་བཞི་སློབ་གྲྭ་སོགས་ ནས་འོས་འདེམས་དང༌།

འཚོ་ཕོགས་སྩལ་ཕྱོགས་སོགས་ཆོས་དོན་ལྷན་

ཚོགས་དང་འདྲ་མཚུངས་རང་ཁུངས་ནས་སྐབས་མཚམས་འཆར་འབུལ་ཞུ་ རྒྱུ།

གནས་རིམ་བཞི་པ་རྩིས་ཞིབ་ལས་ཁུངས་ཀྱི་འགན་འཛིན་ཤེས་རིག་

ལས་རོགས་ངག་དབང་དོན་འགྲུབ། གནས་རིམ་དྲུག་པ་དྲུང་ཆེ་གསེར་དགའ་ བསོད་ནམས་དབང་རྒྱལ།

གནས་རིམ་བདུན་པ་དྲུང་ཆེ་གཞོན་པ་དགའ་

གདོང་འཇམ་དཔལ་ཚེ་རིང༌། གནས་རིམ་བཞི་པ་ལས་བྱེད་བདག་གཉེར་ལས་ ཁུངས་ཀྱི་འགན་འཛིན་རག་ཤག་བསོད་ནམས་སྟོབས་རྒྱལ། གནས་རིམ་དྲུག་ པ་ལས་རོགས་ཀུན་བཟང་རྩེ་ཚེ་དབང་དོན་འགྲུབ། གནས་རིམ་བདུན་པ་དྲུང་ ཆེ་གཞོན་པ་བློ་བཟང་རྡོ་རྗེ།

གནས་རིམ་བཞི་པ་བདེ་སྲུང་ལས་ཁུངས་ཀྱི་

འགན་འཛིན་སྟག་ལྷ་ཕུན་ཚོགས་བཀྲིས། གནས་རིམ་དྲུག་པ་ལས་རོགས་

སྨར་ཁམས་བསྟན་པ་འཕྲིན་ལས་དང༌། གནས་རིམ་དྲུག་པ་དྲུང་ཆེ་ཁུམ་ཤོ་

འགོ་འཛིན་ཐུབ་བསྟན་ཉི་མ། གནས་རིམ་བདུན་པ་དྲུང་ཆེ་གཞོན་པ་སྦོ་སྤལ་

ཤོག་བཟོའི་ལས་རོགས་གསང་སྔགས་རིན་ཆེན། གནས་རིམ་བཞི་པ་དྲིལ་ བསྒྲགས་ལས་ཁུངས་འགན་འཛིན་མཁར་ཀ་ཚེ་དབང་འགྱུར་མེད།

གནས་

རིམ་དྲུག་པ་ལས་རོགས་ཨ་ཆོས་ཚེ་རིང་རྡོ་རྗེ(ཨ་ལོ་ཆོས་མཛད)། གནས་ 179


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རིམ་དྲུག་པ་དྲུང་ཆེ་ཀ་དོན་(ཀ་སྦུག)ལས་བྱ་དགའ་བྱང་བསོད་ནམས་དབང་

འདུད། གནས་རིམ་བདུན་པ་དྲུང་ཆེ་གཞོན་པ་བྲག་གཡབ་ཡེ་ཤེས་འགྱུར་མེད་

བཅས་ལ་བསྐོ་གཞག་ཕྱག་རྟགས་སྩལ་ཐོན་བྱུང་བ་ལྟར་གྱི་གཟའ་ཚེས་དགེ་

བའི་དུས་དང་བསྟུན་གསར་མཇལ་དམ་འབུལ་ཞུས། དེའི་སྐབས་དམ་བཅའ་

འབུལ་སྟངས་ནི། བཀའ་བློན་རྣམ་པ་དང༌། ཡན་ལག་ལས་ཁུངས་ཁག་གི་ འགན་འཛིན།

སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་བཅས་ནས་ྋགོང་ས་

ྋསྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་ གདམས་མ་ཎི་བཀའ་འབུམ་དང༌། རྩ་ཁྲིམས་ལག་ཏུ་བཟུང་ནས་དམ་བཅའ་

འབུལ་དགོས་པ་དང༌། དམ་བཅའི་ཚིག་གཞི་ནི། “འཕགས་མཆོག་འཇིག་རྟེན་

མགོན་པོ་ནས་བཟུང་བའི་གངས་ལྗོངས་ཆོས་སྲིད་ཀྱི་རྒྱལ་བློན་སེམས་དཔའི་

ཚོགས་དང༌། ཆོས་བཞིན་སྐྱོང་བའི་ལྷ་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་

དགོངས་སུ་གསོལ། ད་ལམ་གུས་པ་མིང་འདི་ཞེས་བགྱི་བ་ལ་བོད་ཆོས་སྲིད་ གཉིས་ལྡན་(དམངས)མང་གཙོའི་གཞུང་གི་ལས་འཁུར་བསྐོ་གཞག་སྩལ་བ་

ལྟར་ཞུ་སྒོའི་སྐོར་རྩ་ཁྲིམས་དང༌། ལས་བྱེད་སྒྲིག་གཞི་ཟུར་ཡོད་ཀྱི་འབྲུ་དོན་ འགལ་མེད་ཐོག

བསྟན་སྲིད་མི་མང་དང་བཅས་པའི་ཞབས་འདེགས་སུ་སྒོ་

གསུམ་ནུས་ཤུགས་གང་ཡོད་འདོན་སྤེལ་ལྷག་བསམ་རྣམ་དག་མཆོག་གསུམ་ ལས་འབྲས་དཔང་འཕེ ར ་ཞུ་རྒྱུའི ་ ཁས་ལེ ན ་དམ་བཅའ་གཙང་མར་ཕུལ་བ་

ཡིན།” ཞེས་ངག་ནས་སྒྲ་དག་གསལ་པོས་འབུལ་དགོས། དེ་བྱིངས་ལས་བྱེད་

རྣམས་ནས་རང་རང་ལས་ཁུངས་སོ ་ སོ འི ་ བཀའ་བློན་ནམ་འགན་འཛི ན ་ལ་ མཇལ་དར་རེ་ཕུལ་ཏེ་གསར་མཇལ་ཞུ་སྲོལ་ཡོད།

སྤྱི་འཐུས་རྣམ་པ་ཚོས་

ཚོགས་གཙོའི་མདུན་གོང་གསལ་བཞིན་གནང་སྟངས་དང་ཚིག་གཞི་དེ་ཀའི་ ཐོག་དམ་འབུལ་ཞུ་དགོས།

སྐབས་གཉི ས ་པའི ་ བོ ད ་མང་སྤྱི ་ འཐུས་ཀྱི ་ འོས ་བསྡུའི ་ ཆེ ད ་རྩ་བའི ་ 180


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

འགན་འཁུར་བཞེ ས ་མཁན་གཙོ ་ འགན་འཐུས་གསུམ་ནས་གནང་རྒྱུ་ཡང༌།

ལས་དོ ན ་ཚགས་ཚུད་འཐུས་ཤོ ར ་མི ་ འབྱུང་བའི ་ སླད་ཚོ ག ས་ཆུང་ཞི ག ་ཟུར་

འཛུགས་གནང༌། ཚོགས་ཆུང་དེའི་ནང་ཚོགས་གཙོ་ཕྱི་སྲིད་བཀའ་བློན་དང༌། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་རེ།

ལས་བྱེད་བདག་

གཉེར་དང་དྲིལ་བསྒྲགས་འགན་འཛིན། གཙོ་དྲུང་བཅས་ཡིན།

ཕྱི་ལོ་ ༡༩༦༣ ཟླ་ ༡༢ ཚེས་ ༡༡ ཉིན་སྐབས་གཉིས་པའི་བོད་མི་

མང་སྤྱི་འཐུས་འདེམས་ཐོན་བསྐོ་སྩལ་བྱུང་བའི་གསལ་བསྒྲགས་གནང་དོན།

“ རྡོར་གླིང་རང་དབང་གསར་ཁང་གི་ལས་བྱེད་ཐུན་མོང་ལ། ཆེད་དོན། མ་

འོང ས་བོ ད ་ཀྱི ་ རྩ་ཁྲི མ ས་རི ན ་པོ ་ ཆེ འི ་ དགོ ང ས་དོ ན ་བོ ད ་གཞུང་ཆོ ས ་སྲི ད ་

གཉི ས ་ལྡན་(དམངས)མང་གཙོའི ་ གཞུང་གསར་པའི ་ ཆོ ས ་ལུགས་ཆོ ལ ་

གསུམ་དང་བཅས་པའི ་ སྤྱི ་ འཐུས་རྙི ང ་པ་རྣམས་ལོ ་ དུས་རྫོ ག ས་ཉེ ར ་སྐབས་ གཉིས་པའི་སྤྱི་འཐུས་གསར་པའང་མི་མང་རང་མོས་འདེམས་སྒྲུག་འོས་ཤོག་

ཁམས་དྭངས་འབུལ་དགོ ས ་སྐོར་སོ ག ས་བཀོ ད ་རྒྱ་སྔོ ན ་སོ ང ་བཞི ན ་བོ ད ་མི ་ སྡོད་སྒར་ཁག་ནས་ྋསྙན་གནས་དང༌། འོས་ཤོག་རིམ་འབྱོར་བྱུང་བ་རྣམས་

འདི ་ གར་འདེ མ ས་བསྐོ་ལྷན་ཚོ ག ས་ཟུར་ཚུགས་ནས་ཞི བ ་འཇུག་གྲངས་

བཤེ ར ་ངེ ས ་ནན་བགྱི ས ་པའི ་ འོས ་ཤོ ག ་གྲངས་འབོ ར ་འཁོ ད ་པའི ་ རེ འུ ་མི ག ་ དང༌།

འཆར་གཞི་བཅས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་ཞུས་

ཕྱག་རྟགས་རིན་པོ་ཆེ་སྩལ་ཐོན་འཆར་ངོའི་ཞལ་བཤུས་ཟུར་སོང་ལྟར། དགེ་

ལུགས་སྤྱི་འཐུས་གསར་པ་འབྲས་བློ་གླིང་ཚ་ཕྱག་བློ་བཟང་མཁྱེན་རབ། ས་

སྐྱའི་སྤྱི་འཐུས་གསར་པ་ཚེ་དབང་རྟ་མགྲིན།

རྙིང་མའི་སྤྱི་འཐུས་གསར་པ་

རྫོང་དགའ་སྤྲུལ་སྐུ་འཇམ་དཔལ་བློ་གྲོས། བཀའ་བརྒྱུད་སྤྱི་འཐུས་གསར་པ་

བློ་གྲོས་ཆོས་ལྡན། དབུས་གཙང་སྤྱི་འཐུས་གསར་པ་སྐལ་བཟང་དགྲ་འདུལ་

དང༌། ངག་དབང་ཆོས་བཟང༌། ཚེ་རིང་དབང་འདུད། བུད་མེད་སྤྱི་འཐུས་རིན་ 181


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེན་སྒྲོལ་མ། མདོ་སྟོད་སྤྱི་འཐུས་གསར་པ་ས་འདུ་བློ་བཟང་སྙན་གྲགས་དང༌།

བྱ་རྒོད་རྣམ་རྒྱལ་རྡོ་རྗེ། འཇང་ཆོས་ཚེ་རིང་མགོན་པོ། བུད་མེད་སྤྱི་འཐུས་ ཆབ་མདོ་བདེ་སྐྱིད་དཔལ་སྒྲོན།

མདོ་སྨད་སྤྱི་འཐུས་གསར་པ་སྟོང་འཁོར་

སྤྲུལ་སྐུ་བློ་བཟང་བྱང་ཆུབ་དང༌། ཀིརྟི་འཇམ་དབྱངས་བསོད་ནམས། ཀུན་

མཁྱེན་ཆོས་གྲགས། བུད་མེད་སྤྱི་འཐུས་ཡབ་གཞིས་ཚེ་རིང་སྒྲོལ་མ་བཅས་

ལ་མང་མོས་ལ་གཞིགས་པའི་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

ནས་ཚན་རི ག ་དང་རྩོ མ ་རི ག ་གང་རུང་ལ་མཁས་པའི ་ འཐུས་མི ་ གཅི ག ་ཐད་

བསྐོ་བསྐྱང་དགོ ས ་ཕན་བདེ ་ ལེ ག ས་བཤད་གླི ང ་གི ་ སློ བ ་དཔོ ན ་ར་སྟོད་ཆུ་

དབར་སྤྲུལ་སྐུ་བློ་བཟང་ཚུལ་ཁྲི མ ས་བཅས་ལ་བསྐོ་གཞག་ཐུགས་གཏན་ འཁེལ་སོང་བས་ན་གཤམ་གསལ་འཆར་གཞིའི་ཞལ་བཤུས་དང༌།

གནས་

ཚུལ་འདི་བཅས་དེ་གའི་ཚགས་ཤོག་ཐོག་ངེས་འགོད་དགོས་རྒྱུ་བཅས་དེ་དོན་

ཡིད་འཇགས་བྱེད། དྷ་རམ་ས་ལ་བཀའ་ཤག་ནས་ ༦༣ ཟླ་ ༡༢ ཚེས་ ༡༡ ལ།།”

(1)

ཞེས་འཁོད་འདུག

ཕྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༤ སྔ་དྲོ་ཆུ་ཚོད་ ༡༠ ཐོག་སྐབས་

གཉིས་པའི་བོད་མི་མང་སྤྱི་འཐུས་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་

མཇལ་ཕྱག་ཞུས་པ་དང༌། ཚོགས་གཙོ་རྒན་གཞོན་འོས་འདེམས་ཕྱག་རྟགས་

སྔོན་སྩལ་གྲུབ་པ་བཞིན་དེ་ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་སྤྱན་སྔར་

གསར་མཇལ་དམ་འབུལ་ཞུས་རྗེ ས ་ྋཞབས་ཟུང་རྡོ ་ རྗེ འི ་ ངོ ་ བོ ར ་འཚོ ་ ཞི ང ་

གཞེས་པའི་བརྟན་བཞུགས་བསྟར་འབུལ་ཞུས། ཆུ་ཚོད་ ༢ ཐོག་འཐུས་མིའི་

ཚོགས་ཁང་ནང་ཚོགས་གཙོ་རྣམ་གཉིས་ལ་འཐུས་མི་བྱིངས་ནས་མཇལ་དར་

རེ་ཕུལ། ཆུ་ཚོད་ ༣ ཐོག་བཀའ་བློན་རྣམ་པས་གཙོས་སྤྱི་འཐུས་གསར་རྙིང་

ལས་བྱེད་ཡོངས་རྫོགས་ཚོགས་འདུ་བསྐྱངས་ཏེ་དེ་ཉིན་འཐུས་མི་གསར་རྙིང་ 1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ཐ༽(༡) ནང་གསལ། ཞེས་གསལ། 182


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

མཚམས་འབྱེད་ཀྱི་གསུང་བཤད་དང༌། འཐུས་རྙིང་རྣམས་ལ་གཞུང་གནས་

ནས་ལེགས་དར་རེ་སྩལ་བ་སོགས་གྲ་རྟེན་ལེགས་འགྲིགས་ཀྱིས་ཚོགས་འདུ་

གྲོལ།(1) ཕྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༤ ཉིན་སྤྱི་འཐུས་སྐབས་གཉིས་པ་ རྣམས་དམ་འབུལ་བཞེས་གནང་མཛད

(2)

ཕྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༨ ནས་བོད་མི་སྡོད་སྒར་ཆེ་ཁག་གི་

འགན་འཛིན་ལས་ཁུངས་ནང་ས་ཁུལ་དེ་གའི་མང་ཚོགས་ནས་ཐད་ཀར་འོས་

བསྡུ་བྱས་པའི་སྒར་འཐུས་གསུམ་ལ་འོས་འདེམས་ཀྱིས་ས་གནས་དེའི་ལས་

དོན་ཐོག་ལྟ་རྟོག་འགན་འཁུར་བྱེད་རྒྱུའི་ལམ་སྲོལ་གསར་གཏོད་གནང༌། དེའི་ སྐབས་ཀྱི་སྒར་འཐུས་རྣམ་པའི་འགན་དབང་ལ་སོགས་ཇི་ལྟར་ཡོད་མེད་སྒར་ འཐུས་རྣམ་པའི་བླང་དོར་སྒྲིག་གཞི་ནས་རྟོགས་ཐུབ་པས་སྒྲིག་གཞི་ཆ་ཚང་

གཤམ་དུ་བཀོད་ཡོད། སྒར་འཐུས་རྣམ་པའི་འགན་དབང་དང་ལོ་རྒྱུན་གྱི་སྒྲིག་

གཞི་ཕྱི་ལོ་ ༡༩༦༣ ཟླ་ ༥ ཚེས་ ༡༥ ཉིན་འཆར་ཕུལ་ཕྱག་རྟགས་ཐོན་པ་འདི་

ལྟར། “ སྔོན་གླེང༌། རང་ཅག་བསིལ་ལྡན་ས་ལའི་ལྗོངས་འདི་ཉིད་འཕགས་

མཆོག་འཇིག་རྟེན་མགོན་པོའི་གདུལ་བྱའི་ཞིང་ཁམས་སུ་བདག་གིར་བཞེས་ ཏེ་བོད་རྗེའི་ཐོག་མ་གཉའ་ཁྲི་བཙན་པོ་ནས་བཟུང་ཆོས་རྒྱལ་རིམ་བྱོན་རྣམས་ དང༌། ལྷག་པར་རྒྱལ་མཆོག་སྐུ་ཕྲེང་ན་རིམ་བཅས་ནས་བསྟན་སྲིད་མི་མང་གི་

བདེ་དོན་ལ་ཐུགས་འཁུར་ཆེ་བཞེས་མཛད་པའི་ཐུགས་རྗེས་བོད་ལྗོངས་རང་

ས་རང་བཟུངས་ཀྱི ་ རང་དབང་གཙང་མའི ་ དཔལ་ལ་རྗེ ་ འབངས་ཚང་མ་ཅི ་ དགར་ལོངས་སུ་སྤྱད་དེ་གནས་བཞིན་པ་དེ་ལྟར་ཡང༌། དེ་རྗེས་རྒྱལ་མཆོག་ སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཚུལ་

1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ཇ༽(༡) ནང་གསལ། 2 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ད༽(༡) ནང་གསལ།

183


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བསྟན་ཏེ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ན་མ་སོན་དབར་བར་སྐབས་

ཤིག་ནས་བསྟན་སྲིད་སྤྱི་དོན་རྣམས་སྤྱི་ཟོམ་བག་ལ་ཉལ་བ་སོགས་སྒོ་ཀུན་

ནས་རྒུད་ཚོགས་དུ་མ་སྣེ་འདོམས་ཀྱིས་རྐྱེན་པས་རང་ས་རྒྱ་དམར་གུང་བྲན་ ཏང་ནས་བཙན་འཕྲོགས་ཀྱིས་བོད་ཅེས་པའི་ཡུལ་ཁམས་ཆེན་པོ་དེ་ཡང་རྩ་

རླག་ཏུ་འགྲོ་བའི་གནས་ཚུལ་ཉེན་འགན་ཅི་ཆེ་འདི་འདྲ་ཞིག་བྱུང་རུང༌། འོན་ ཀྱང་སྤྱི་ནོར་ྋགོང་ྋསྐྱབས་མགོན་ཆེན་པོ་མཆོག་ནས་སྐུ་ངལ་ཁྱད་བསད་

ཀྱི ས ་ཕྱོ ག ས་གཅི ག ་ནས་བསྟན་སྲི ད ་རང་དབང་སླར་གསོ འི ་ དོ ན ་དུ་ཐུགས་ འཁུར་བསྐྱེད་བཞེས་བཀའ་དྲིན་ཆེ་མུས་དང༌།

ཕྱོགས་གཅིག་ནས་རེ་དོན་

འགྲུབ་མཚམས་ཆབ་སྲིད་ཕྲ་ཚུགས་སྲ་བརྟན་ཡོང་བ་ལ་དུས་གསུམ་གྱི་དགེ་

སྐྱོན་གང་ཅིར་དགོངས་བཞེས་ཀྱིས་རང་ལུགས་བཞེད་སྲོལ་བཟང་པོ་རྣམས་

གཞི ར ་བཟུང་དེ ང ་དུས་འཛམ་གླི ང ་སྤྱི འི ་ འགྲོ་ཕྱོ ག ས་དང་བསྟུན་པའི ་ ལམ་

ཕྱོགས་བཟུང་སྟེ་ལེགས་བཅོས་བསྐྱང་ན་སྤྱི་དགོས་གང་སར་དགེ་མཚན་ཆེ་ བ་གསལ་པོར་གཟིགས་ཏེ་བཀའ་སློབ་རིམ་པར་ཕེབས་པ་མ་ཟད། ལྷག་པར་

རྒྱ་གར་ནང་ཡོ ད ་པའི ་ སྲི ད ་གཞུང་མི ་ མང་འཐུས་མི འི ་ ཚོ ག ས་འདུ་ཡོ ད ་པའི ་

དུས་བསྟུན་སྲིད་གཞུང་གི་མཚན་ཉིད་ཚང་བ་ཞིག་དགོས་པ་དང༌། ཕྱིན་ཆད་ ང་ཚོ་བོད་མི་ཡོངས་རྫོགས་གཅིག་བསྒྱུར་ཐོག་ཐོབ་ཐང་དང༌། དབང་ཆ་འདྲ་ མཉམ་ཡོད་པའི་སྤྱི་གཞུང་དགོས་པ་བཅས་ལ་དམིགས།

མང་ཚོགས་ནས་

འོས་འདེམས་ཐོ་ཕུལ་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བསྐོ་ གཞག་ཕྱག་རྟགས་སྩལ་ཏེ་ཕྱི་ལོ་ ༡༩༦༠ ནས་བཟུང་མི་མང་གི་སྤྱི་འཐུས་ བཅུ་གསུམ་བསྡུ་བསྐོང་བསྐྱངས་ཏེ ་ གཞུང་མང་གི ་ ཆབ་སྲི ད ་ལས་དོ ན ་ཐོ ག ་

དངོས་སུ་ཞུགས་པ་དང༌། ལས་བྱེད་ཀྱང་ཆོལ་གསུམ་ཁོངས་ནས་སེར་སྐྱ་ཕོ་

མོ་རིས་མེད་མཐུན་རྐྱེན་ཚང་བ། ཞུ་བློ་ཡོད་པ་ཞེ་གཅིག་འདྲ་མཉམ་གྱི་བསྡུ་

བསྐོང་གནང་མུས་བཅས་རང་རིགས་བོད་མི་ཡོངས་ཀྱི་དམིགས་ཡུལ་རེ་དོན་ 184


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

འགྲུབ་ཐབས་སུ་སེར་སྐྱ་མཆོག་དམན་ཀུན་ནས་ད་མུས་འབད་རྩོན་ལྷུར་ལེན་ ཞུ་རྒྱུ་དང༌། ད་ལམ་ཆོལ་འཐུས་རྣམས་ནས་ས་ཁུལ་ཁག་ཏུ་ཆོལ་གསུམ་སྒར་ འཐུས་ཤིག་བཙུགས་ན་འདྲ་མཉམ་གྱི་རྣམ་པ་ཆེས་གསལ་ཞིང༌།

མཐོང་

ཕྱོ ག ས་ཉུང་བ་སོ ག ས་དགེ ་ མཚན་མི ་ ཡོ ང ་ངམ་སྙམ་པའི ་ རེ ་ འདུན་བསམ་

འཆར་གཙོ་འཛིན་ལྷན་རྒྱས་བརྒྱུད་ྋགོང་ས་ཆེན་པོར་ྋསྙན་གསེང་གནང་

འབྲེལ་འཐུས་མིའི་ལས་འགན་དང༌། དབང་ཚད། ལོ་རྒྱུས་སོགས་སྒྲིག་གཞི་ འཆར་འབུལ་གཏན་འཁེལ་དང་འབྲེལ་བསྐོ་འཛུགས་བགྱིད་འཐུས་སྤྱི་ཕེབས་ བཞིན།

རྩ་བའི ་ རྒྱལ་ཁབ་ཀྱི ་ རྩ་ཁྲི མ ས་དང་ལས་བྱེ ད ་སོ ག ས་ཀྱི ་ སྒྲི ག ་གཞི ་

གང་ཅི་རིམ་པས་ཐུགས་གཏན་རྗེས་སུ་འཁེལ་རྒྱུ་ཡང༌། འཕྲལ་སེལ་རྒྱ་གར་

ནང་བཞུགས་རྒྱུན་རི ང ་ལས་བྱེ ད ་ཀྱི ་ སྒྲི ག ་གཞི ་ ཟུར་ཡོ ད ་ལྟར་ས་ཁུལ་སྒར་

འཐུས་སོ ་ སོ འི ་ བླང་དོ ར ་བྱེ ད ་སྒོ འི ་ སྒྲི ག ་གཞི ་ གཅི ག ་དགོ ས ་པ་ལས་བྱེ ད ་

བདག་གཉེར་དང༌།

སྤྱི་འཐུས་ཐུན་མོང་ནས་བསམ་གྲོས་ཞིབ་བསྡུར་ཐོག་

ནས། ཚོགས་འདུར་ཡང་གྲོས་བསྡུར་ནན་ཞུས་ཀྱིས་འཆར་ཕུལ་ཕྱག་རྟགས་ དགོངས་དོན་གཏན་ལ་ཕབ་པ་གཤམ་གསལ།

ས་བཅད་དང་པོ་འཐུས་མིའི་ལས་འགན།

དོན་ཚན་དང་པོ།

ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ས ་དབུ་འཁྲི ད ་མཛད་པའི ་ བོ ད ་

ཆོལ་ཁ་གསུམ་གཅིག་བསྒྲིལ་གྱི་གཞུང་འདི་ཉིེད་རང་གི་ཁྱིམ་ཚང་དུ་བཅོས་

མིན་གྱི་ངོས་འཛིན་ལེགས་པར་ཐུབ་པ་དགོས་རྒྱུ་འགོ་འཁྲིད་སྨོས་ཅི། མི་མང་ ལའང་ངོ་སྤྲོད་ཟབ་ནན་དགོས་རྒྱུ། དོན་ཚན་གཉིས་པ།

185


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྒར་འཐུས་འཛུགས་ཡུལ་ས་གནས་གང་འདྲ་ཞིག་ཏུ་ཡིན་རུང༌། ས་

ཁུལ་དེར་རང་གཞུང་གིས་བསྐོ་གཞག་གནང་བའི་དོན་གཅོད་འགོ་འཛིན་སུ་ ཡིན་དང༌། མཉམ་དུ་རང་གཞུང་མི་མང་དང་བཅས་པའི་སྤྱིའི་ཁེ་ཕན་གཙོ་བོར་

བཟུང་བའི་གཞུང་མང་གཉིས་ཀའི་དབར་གྱི་གནས་ལུགས་ཚང་མར་ལྟ་རྟོག་ འཁུར་མཉམ་ལེན་ཐུབ་པ་དགོས་རྒྱུ། དོན་ཚན་གསུམ་པ།

ནང་པ་སངས་རྒྱས་ཀྱི་ལྟ་བ་གཙང་མར་འཛིན་ཅིང༌།

སྐྱབས་འགྲོ་

ལས་འབྲས་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཟང་པོ་མེད་དུ་མི་རུང་

བ་རྣམས་རྒྱུད་འཇགས་གནས་ཐབས་དང་ལེན་ཞུ་བ། དོན་ཚན་བཞི་པ།

ཆོལ་གསུམ་མི་རིགས་སེར་སྐྱ་ཕོ་མོ་རྒན་གཞོན་ཚང་མར་མདའ་ཉེ་

འབེན་རྒྱང་ཡུལ་ལུང་གི་ཕྱོགས་རིས་སྤངས་པའི་ཉེ་སྙོམས་སྐྱོང་མཁས་གླེང་

ལྷག་མེད་པ་བྱ་རྒྱུ། དོན་ཚན་ལྔ་པ།

ཕྱི ་ རྒྱལ་རོ ག ས་རམ་ཚོ ག ས་པ་ཁག་སོ ག ས་བཙན་བྱོ ལ ་བོ ད ་མི ར ་

དམི ག ས་ཏེ ་ སྐྱོབ་གསོ ་ སྨན་སོ ག ས་ཇི ་ བྱུང་བར་ཟོ ས ་མི ་ འབྱུང་བའི ་ འགོ ་ ཚོ ་

ཐུབ་པ་དང༌། ནང་དོན་ས་གནས་ཀྱི་རང་མིར་བགོས་འགྲེམས་ཤ་ཁུ་ཤ་ཐིམ་བྱ་ རྒྱུ༑

དོན་ཚན་དྲུག་པ།

དེང་སྐབས་ཕྱི་ནང་གང་ས་ནས་དབྱེན་སྦྱོར་དཀྲུགས་ཤིང་མང་བར་

བརྟེན་གཞུང་དང༌། མི་མང༌། ལས་བྱེད་མཐོ་དམའ། འཐུས་མི་དང་མི་མང་

དབར་སོགས་ལ་ཁ་བྲལ་གཏོང་སེམས་ཀྱི་དཀྲོག་གཏམ་བསླུ་བྲིད་རིགས་ལ་ 186


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

མགོ་བོ་མ་འཁོར་བར་བག་ཟོན་ལྷོད་མེད་དང་འབྲེལ་རང་ཚུགས་ཐུབ་པ་བྱས་

ཏེ་མི་མང་རྣམས་ལའང་དེ་ལྟའི་གཞན་དབང་དུ་མགོ་རྨོངས་མི་འགྲོ་བའི་དགྲ་

གཉེན་མགོན་གསུམ་གྱི་འཛིན་སྟངས་སོགས་སློབ་གསོ་རྒྱུན་མཐུད་བྱེད་གལ། དོན་ཚན་བདུན་པ།

ལས་ཁུངས་ཁག་ལྔ་མ་ལག་དང་བཅས་པ་གསར་འཛུགས་བཀའ་

དྲིན་ཆེ ་ བ་ནས་བཟུང་དེ ང ་སྐབས་རང་གཞུང་གི ་ མཛད་ཕྱོ ག ས་གང་ཅི ར ་མི ་ མང་བྱིངས་ཀྱི་བསམ་འཆར་དང༌། མཐོང་ཚུལ་གནད་འགགས་ཡོད་རིགས་ ཤེས་རྟོགས་ཐུབ་པ་བྱས་ཏེ་རང་གཞུང་དང༌།

སྤྱི་འཐུས་ཐོག་འབྲེལ་ཟབ་

དགོས་རྒྱུ་དང༌། རང་ངོས་ནས་ཀྱང་བསམ་འཆར་ཡོད་རིགས་རང་ཟོན་མེད་ པར་ལྷུག་བརྗོད་དགོས་རྒྱུ། དོན་ཚན་བརྒྱད་པ།

རང་ཅག་བོ ད ་མི ་ ཡོ ང ས་ནས་གཅེ ས ་པའི ་ སྲོ ག ་ཀྱང་ཕང་མེ ད ་ཀྱི ས ་

དགྲ་བོར་ངོ་རྒོལ་བྱེད་དགོས་པའི་གནད་དོན་གཙོ་ཆེ་བ་གཅིག་སངས་རྒྱས་

ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ཡིན་གཤིས་ས་དགེ་བཀའ་རྙིང་སོགས་གྲུབ་

མཐའ་རི ས ་མེ ད ་ཀྱི ་ རྒྱལ་བསྟན་ཡུན་དུ་གནས་ཐབས་ལ་འབད་བརྩོ ན ་ལྷུར་ ལེན་དགོས་པ་མ་ཟད། ཕྱི་ནང་གང་ས་ནས་སྙིགས་ལྔའི་རང་མདངས་དུས་སུ་

བདོ ་ བ་ལྟ་བུས་ྋརྒྱལ་བསྟན་ཉམས་ཆགས་སུ་འགྲོ་གཞི འི ་ བསམ་སྦྱོ ར ་མི ་

ཡོང་བའི་ངེས་པ་མེད་གཤིས་རྟག་ཏུ་དོ་སྣང་ཆེན་པོས་སྲོག་ལྟར་གཅེས་པར་ འཛིན་ཏེ་བཀུར་བསྟི་གུས་སྐྱོང་བྱེད་དགོས། དོན་ཚན་དགུ་པ།

འཕགས་ཡུལ་རྡོ ་ རྗེ ་ གདན་དུ་ཆོ ལ ་གསུམ་བོ ད ་རི ག ས་སྤྱི ་ ནས་མ་

གྲོས་བསམ་པ་གཅིག་མཐུན་གྱིས་བསྣོལ་འཇོག་བྱས་པའི་མནའ་གན་ཐུ་མོ་ 187


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ་གཞིས་བྱེས་བོད་མིའི་འཕྲལ་ཡུན་འདི་ཕྱིའི་དབུ་འཁྲིད་ྋགོང་ས་ྋསྐྱབས་ མགོན་ཆེན་པོའི་ཕྱག་ཏུ་བོད་རིགས་མི་མང་ནས་མ་བསྐུལ་དངས་བླངས་ཀྱིས་

འབུལ་ལམ་ཞུས་པའི་འབྲུ་དོན་གཞིར་བཟུང་གི་དེ་རྗེས་བོད་མི་སྡོད་སྒར་ཁག་ ནས་ཀྱང་མི ང ་རྟགས་བཀོ ད ་པའི ་ རྒྱབ་སྐྱོར་ྋསྙན་ཞུ་སྔ་རྗེ ས ་རི མ ་འབུལ་

བཅས་ལ་ད་དུང་མུ་མཐུད་སྔར་བཞིན ་ཤུགས་སྣོན་རྒྱབ་སྟེ་བོ ད ་རི ག ས་ནང་ ཁུལ་ཁ་བྲལ་དཀྲུགས་ཤིང་གི་ ལས་འགུལ་བྱེ ད་མི་ དྲག་ཞན་བྱུང་དང་འབྱུང་

འགྱུར་ཚང་མར་མི་རིགས་ཀྱི་དགྲ་བོར་ངོས་འཛིན་གྱིས་ངོ་རྒོལ་མཐའ་གཅིག་

ཏུ་བྱེད་རྒྱུ་དང༌། རང་ཉིད་ཀྱང་མགོ་བོ་མི་རྨོངས་པར་བོད་མི་བོད་པ་རང་བྱེད་ པའི་བསམ་ཚུལ་བརྟན་པོར་བཟུང་རྒྱུ། དོན་ཚན་བཅུ་པ།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་དང༌།

རང་

གཞུང་ལས་ཁུངས་ཁག ཚོགས་འདུ་བཅས་ནས་ས་གནས་སོ་སོར་དོན་གཅོད་

མི་སྣ་ཆེད་གཉེར་གྱིས་གཞུང་སའི་བཀའ་དགོངས་ཁག་དང༌། འདི་ག་བཞུགས་

སྒར་དུ་གཏན་སྡོ ད ་ཆོ ལ ་གསུམ་ཆོ ས ་ལུགས་བཅས་པའི ་ སྤྱི ་ འཐུས་བཅུ་ གསུམ་ཐུན་མོང་གིས་སྤྱིར་སྨན་གནས་ཚུལ་བཅས་ལས་དེ་མིན་གཞུང་དོན་ ལ་བསྙད་དེ་ས་གནས་དོན་གཅོད་དང༌།

མི་མང་གི་ཐོག་ཏུ་རང་འཚམས་

གནས་ཚུལ་དང༌། བཀོད་བྱུས་གཏོང་བའི་རིགས་ལས་བྱེད་མཆོག་དམན་དྲག་

ཞན་སུ་ཐད་ནས་བྱུང་རུང་ཁས་ལེན་ཆ་འཇོག་རྩ་བ་ནས་མི་དགོས་པ་མ་ཟད། རྒྱུ་མཚན་ྋསྙན་སེང་དགོས་རྒྱུ། དོན་ཚན་བཅུ་གཅིག་པ།

བོ ད ་མི ་ ཉི ས ་སྟོང་བརྒལ་བའི ་ ས་ཁུལ་དུ་འཐུས་མི ་ བསྐོ་འཛུགས་

གནང་རྒྱུ་དང༌། དེ་ནས་རིམ་བཞིན་གནས་ལུགས་ཆོ་བབ་ལ་གཞིགས་པའི་ སྡོད་སྒར་བྱིངས་ལ་འཐུས་མི་བསྐོ་འཛུགས་ཞུ་འོས་ཞུ་རྒྱུར། སྒར་འཐུས་དེ་ 188


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཚོ་བསྐོ་འཛུགས་བྱ་ལུགས་ཐད་ས་ཁུལ་སོ་སོའི་བརྒྱ་བཅུའི་རྒྱུས་མངའི་ཐོག་

ནས་སྤྱི ་ འཐུས་འོས ་གཞི ་ དྲག་འདེ མ ས་ཀྱི ས ་ཆོ ལ ་འཐུས་བཅུ་གསུམ་ཐོ ག ་ ཕུལ་འབྱོ ར ་བརྟག་ཞི བ ་དང་འབྲེ ལ ་ལས་བྱེ ད ་བདག་གཉེ ར ་ཁང་ལའང་གོ ་

བསྡུར་གྱི ས ་མི ་ མང་ནས་མོ ས ་འདེ མ ས་ཀྱི ་ མང་མོ ས ་ལ་གཞི ་ བཞག་ནས་ འཆར་འབུལ་ཞུ་རྒྱུ།

ས་བཅད་གཉིས་པ་དབང་ཆའི་ཚད་སྐོར།

དོན་ཚན་དང་པོ།

ས་ཁུལ་དེའི་འགན་འཛིན་ལས་བྱེད་དྲག་ཞན་སུ་འདྲ་ཞིག་ཡིན་རུང་

འགོ ་ འཛི ན ་དང་ལས་རོ ག ས་རྣམས་ཀྱི ་ དབར་ལས་དོ ན ་བྱེ ད ་སར་

སྔ་འཕྲོས་དེའི་ལས་རོགས་ཀྱི་དབང་ཆ་གཙང་མ་སྩལ་རྒྱུ། དོན་ཚན་གཉིས་པ།

ཡོ ད ་བཞི ན ་དུ་གོ ་ བསྡུར་མེ ད ་པར་འགོ ་ འཛི ན ་གཅི ག ་པོ ས ་ཐག་གཅོ ད ་བྱེ ད ་

པའི་དབང་ཆ་མེད། དབང་ཆ་ཡོད།

དོན་ཚན་གསུམ་པ།

གལ་ཏེ་དེ་རིགས་སྲིད་ཀྱང་བསམ་འཆར་བརྗོད་པའི་

ལས་དོ ན ་ཆེ ་ ཕྲ་གང་ཅི ར ་ཚང་མའི ་ བསམ་འཆར་ལྷུག་བརྗོ ད ་མོ ལ ་

བསྡུར་གྱི་ལེགས་ལམ་དགེ་མཚན་གང་ཆེར་གཞོལ་བ་མ་གཏོགས་རང་འདོད་ ཁེར་གཙང་གིས་རང་ཤེད་རིགས་སུ་ཐད་ནས་མི་ཆོག དོན་ཚན་བཞི་པ།

འཚོ་ཕོགས་སྩལ་ཕྱོགས་སྐོར་དོན་གཅོད་དང༌། སྡོད་སྒར་འགོ་འཛིན་

ལས་རོ ག ས་ཚང་མར་འཚོ་ཕོ ག ས་རྒྱ་གར་གཞུང་སོ ག ས་ནས་སྩལ་རྒྱུ་ 189


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སོ ག ས་གནས་ཚུལ་དམིག ས་བསལ་ཅན་གཞུང་གྲོན་མི ་ དགོ ས ་པའི ་ རི ག ས་

ཕུད། དེ་མིན་རང་གཞུང་ནས་ཕོགས་རིམ་ནང་གསལ་ཕོགས་དང་འཚོ་སྣོན་ སོགས་སྩལ་འོས་སྒྲིག་གཞི་ཕྱག་རྟགས་ཁག་དང་འགལ་མེད་དགོས་རྒྱུ། དོན་ཚན་ལྔ་པ།

ཕྱོ ག ས་མཐའི ་ སྒར་འཐུས་ཀྱི ་ ལས་འཁུར་ཡུན་ཚད་ལོ ་ གསུམ་རེ ་

ཡིན་ཅིང༌། དེ་མཚམས་སླར་ཡང་འོས་ཤོག་བསྐྱར་བསྡུས་ཀྱིས་ཕྱག་རྟགས་ ཞུས་ཏེ་བསྐོ་གཞག་གནང་རྒྱུ། དོན་ཚན་དྲུག་པ།

སྤྱི ་ འཐུས་འདེ མ ས་སྒྲུག་རེ འི ་ མཚམས་རྙི ང ་པ་རང་འཇགས་མོ ས ་

འདེམས་བྱུང་ན་ལས་འཁུར་སྔར་རྒྱུན་དང༌། དེ་མིན་འཁྱུར་རྒྱུ། ཡང་ལས་

འཁུར་ཞུ་བྱའི་རིང་གཞུང་མང་གི་ཞབས་འདེགས་ལྷག་བརྩོན་ཞུ་མིར་འཐུས་ མིའི་ལོ་དུས་རྫོགས་ཀྱང༌།

སོ་སོའི་འཇོན་ཐང་ལ་གཞིགས་པའི་དམིགས་

བསལ་ལས་འགན་སྤྲོ ད ་འོས ་སམ་དྲིན་ཆུང་མ་སོ ང ་བའི ་ དགོ ང ས་བཞེ ས ་

གནང་རྒྱུ་དང༌། ཡང་ལས་འཁུར་བྱེད་རིང་ཧུར་བརྩོན་བྱས་ཀྱང་མ་འགྲིགས་

མ་འཐུས་པའི་སྙན་ཕྲ་དང༌། ཡང་ངོ་ལས་ཚང་མས་མ་བྱུང་བ་ཞིག་ཡིན་རུང༌།

ངན་ཁག་འགེ ལ ་རེ ས ་ཀུན་རྫོ བ ་རི ག ས་གཏན་ནས་མེ ད ་པའི ་ དངོ ས ་འབྲེ ལ ་ ལས་འབྲས་དཔང་འཕེ ར ་གོ ང ་དོ ན ་རྣམས་ལས་འགལ་ངེ ས ་ཁུངས་ལྡན་ར་

འཕྲོ ད ་འཕེ ར ་བ་བྱུང་ན་སྐབས་འཕྲལ་སྙན་ཞུ་དང་འབྲེ ལ ་འཐུས་མི འི ་ ལས་

འཁུར་ཕྱིར་འཐེན་བྱ་རྒྱུ་ཡིན་ཅིང༌། དེ་བཞིན་ལས་བྱེད་གོང་རིམ་ནས་ལེ་ལན་ བྱུང་ཚེ་དེ་ལུགས་བབས་འགྲོས་ཀྱི་འགལ་ཉེས་ཐོབ་རྒྱུ་གཞིར་བཅས་པ་ལྟར་

ཞུ་རྒྱུ་བཅས་འགོ་མང་ཚང་མས་སྒྲིག་ཁྲིམས་མཉམ་འཁུར་དགོས་རྒྱུའི་སྒྲིག་ 190


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

གཞི་འདི་དག་ལ་བསྒྱུར་བཀོད་གནང་འོས་མ་བྱུང་རིང་རྩ་འཛིན་ཞུ་རྒྱུ།།”(1)

ཕྱི་ལོ་ ༡༩༦༥ ཟླ་ ༣ ཚེས་ ༦ ཉིན་བོད་ཀྱི་རྩ་ཁྲིམས་ལ་ལེགས་

བཅོ ས ་དང་བཅས་བོ ད ་དབྱི ན ་གཉི ས ་ཀྱི ་ སྐད་ཡི ག ་ཐོ ག ་ཡོ ང ས་ཁྱབ་གསལ་ བསྒྲགས་གནང༌།

བོད་མི་མང་སྤྱི་འཐུས་སྐབས་གཉིས་པའི་ཚོགས་གཙོ་

བགྲེས་པ་མདོ་སྟོད་སྤྱི་འཐུས་འཇང་ཚ་ཚེ་རིང་མགོན་པོ་ཤེས་རིག་ལྷན་ཁང་

གི་བཀའ་བློན་དུ་བསྐོས་པའི་ཚབ་གསར་ཚོགས་གཙོ་གཞོན་པ་ས་འཐུས་ཚེ་

དབང་རྟ་མགྲིན་ཚོགས་གཙོ་བགྲེས་པ་དང༌། ཚོགས་གཙོ་གཞོན་པ་དབུས་

གཙང་སྤྱི ་ འཐུས་བསམ་མཁར་ཚེ ་ རི ང ་དབང་འདུད་ལ་བསྐོ་གཞག་སྩལ་ཏེ །

ཕྱི་ལོ་ ༡༩༦༥ ཟླ་ ༣ ཚེས་ ༢༧ སྔ་དྲོ་ཆུ་ཚོད་ ༩ ཐོག་ྋགོང་ས་ྋསྐྱབས་ མགོན་ཆེན་པོའི་སྐུ་མདུན་དུ་བཀའ་བློན་རྣམ་པ་དང༌།

ཆོས་ལུགས་ཆོལ་

གསུམ་དང་བཅས་པའི ་ སྤྱི ་ འཐུས་རྣམས་ལྷན་འཛོ མ ས་ཐོ ག ་ཚོ ག ས་གཙོ ་

བགྲེས་གཞོ ན ་གཉི ས ་ནས་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ར ་མཎྜལ་རྟེན་ གསུམ་རིམ་བཞིན་འདེགས་འབུལ་དང་འབྲེལ་དམ་འབུལ་ཞུས།

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པའི་

ནང་ཕྱི་ལོ་ ༡༩༦༥ སྐབས་ནས་ས་གནས་གཞིས་སྒར་སོ་སོའི་འགོ་འཛིན་དེ་ མི ་ མང་ནས་ཐད་ཀར་འོས ་བསྡུ་གནང་བ་ཞི ག ་དགོ ས ་ཀྱི ་ ཡོ ད ་ནའང་ད་བར་

བོད་མིའི་འདུ་གནས་མང་ཆེ་བར་དགོངས་དོན་ཇི་བཞིན་ལག་བསྟར་མེད་པར་

དབུས་གཞུང་ནས་ཐད་ཀར་བསྐོ་གཞག་གནང་བའི་ས་གནས་འགོ་འཛིན་མང་ བ་ཡོད།

དེའི་སྐབས་བཀའ་སློབ་ཕེབས་ཡུལ་སྦེལ་ཀོབ་ལྟ་བུར་ཆ་མཚོན་ན།

དུས་ད་ལྟའང་འོས་བསྡུ་བྱས་པའི་ ས་གནས་འགོ ་ འཛིན ་ཕར་ཞོག་འོས ་བསྡུ་

1 བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ཡིག་སྣོད་ ༼ཁ༽(༡) ནང་གསལ། 191


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བྱས་པའི་ས་གནས་འཐུས་མིའི་ཚོགས་འདུ་ཡང་བསྐོ་འདེམས་བྱེད་ཐུབ་མེད། ཕྱི་ལོ་ ༡༩༦༥ ཟླ་ ༡༠ ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་

པོ ་ མཆོ ག ་ནས་སྦེ ལ ་ཀོ བ ་ལུགས་ཟུང་བསམ་གྲུབ་གླི ང ་གཞི ས ་འགོ འི ་ ལས་

ཁང་དུ་སྩལ་བའི་བཀའ་སློབ་ཇི་བཞིན་བཀོད་ན་འདི་ལྟར། “གཞིས་ཆགས་

འདི འི ་ ནང་འཛི ན ་སྐྱོང་ལས་ཁུངས་ལྟ་བུའི ་ ཚོ ག ས་པ་ཞི ག ་འཛུགས་དགོ ས ། དེའི་མི་འགྲོ་རྣམས་གཞིས་ཆགས་འདིའི་ནང་གི་མི་མང་ཚོས་འོས་བསྡུ་བྱས།

དྷ་ས་དབུས་གཞུང་ནས་སྐུ་ཚབ་ལྟ་བུ་ཞིག་དགོས་མཁོ་ཡོད་ན་ལས། དེ་མིན་ གཞིས་ཆགས་འདི་ནས་འོས་བསྡུ་བྱས་པ་ཡིན་ན།

སྲིད་དོན་གྱི་ཆ་ནས་

(དམངས)མང་གཙོ་ཆགས་ཡོད། དེ་འདྲ་ཞིག་བྱུང་ན་དགེ་མཚན་མང་པོ་ཡོད། དཔེར་ན། དེའི་ནང་གི་སྨན་ཁང་དང༌། སློབ་གྲྭ། ཐོན་སྐྱེད་ཀྱི་འཛུགས་བསྐྲུན་ སོགས་གང་འདྲ་ཞིག་ཡིན་ན་ཡང༌། འཛིན་སྐྱོང་ལས་ཁུངས་དེ་གས་བསམ་བློ་

བཏང༌། གོ་བསྡུར་བྱས། འཆར་གཞི་བཀོད། ཐག་བཅད་ནས་ལས་ཀ་བྱས་

ཆོག་གི་རེད། དེ་ལྟར་བྱས་ན། ལས་ཀ་འཕྲལ་འཕྲལ་ཐག་གཅོད་ཐུབ་པའི་ཐོག་ ལ།

ལས་ཀ་དེ་དངོས་ཡོད་གནས་ཚུལ་དང་རན་པ་ཞིག་ཡོང་ཐུབ་ཀྱི་རེད།

སྒྲི ག ་འཛུགས་གོ ་ རིམ ་ལྡན་པའི ་ ཐོ ག ་ནས་(དམངས)མང་གཙོ འི ་ འགྲོ་སྟངས་

ཡག་པོ་བྱུང་བ་ཡིན་ན། ཡར་རྒྱས་ཕྱིན་པའི་རྒྱལ་ཁབ་ཆུང་ཆུང་དེ་ཚོའི་ནང་ ཡོད་པ་ལྟར། སོ་སོ་རང་སྐྱོང་བྱེད་ཐུབ།

དཔེར་ན། གཞིས་སྒར་དང་པོ་རང་སྐྱོང་གཅིག་དང༌། དེ་བཞིན་གཉིས་

པ། གསུམ་པ་སོ་སོའི་ནང་རང་སྐྱོང་རེ། དེ་དག་ཚང་མ་སྤྱི་ཐོག་ལ་འཛིན་སྐྱོང་

ལས་ཁུངས་མཐོ་ཤོས་གཅིག་བཙུགས། གཞིས་སྒར་དང་པོའི་ནང་ཡར་རྒྱས་

ཇི་ཙམ་གཏོང་དགོས་ཀྱི་ཡོད་ན་ཡང༌། དེའི་ནང་གི་ནུས་པས་ལྡེངས་ཚོད་ཅིག་

ཁོ་རང་ཚོས་བསམ་བློ་བཏང༌། གྲོས་བསྡུར་བྱས། འཆར་གཞི་བཀོད་དེ་ཐག་

བཅད། དེའི་ནུས་པས་མ་ལྡེངས་པ་དེ་གོང་རིམ་ཐུན་མོང་གི་འཛིན་སྐྱོང་ལས་ 192


རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

ཁུངས་མཐོ་ཤོས་ནས་བྱེད་པ་བཅས་ཡོང་མ་ཐུབ་པ་གང་ཡང་མེད། མི་ཉུང་ ཉུང་སྤུས་དག་པོ་ཞིག་གི་ཐོག་ལ་སྒྲིག་འཛུགས་ཀྱང་སྤུས་དག་པོ་ཞིག་ཆགས་

ཐུབ་ངེས་ཡིན། དེ་འདྲ་བྱུང་ན། བཅོམ་ལྡན་འདས་ཀྱིས་བདག་ཉིད་བདག་གི་ མགོན་ཡིན།

གསུངས་པ་དེ་ངོ་མ་ཆགས་ནས་(དམངས)མང་གཙོ་ཧ་ཅང་

སྤུས་དག་ཅིག་ཡོང་ཐུབ་ཀྱི་རེད།

གཞིས་སྒར་དང་པོའི་འགོ་འཛིན་གཞིས་སྒར་དང་པོ་རང་ཉིད་ཡིན་པ་

དང༌། གཞིས་སྒར་འདི་དག་ཡོངས་རྫོགས་ཀྱི་འགོ་འཛིན་ནི་གཞིས་སྒར་ཚང་ མ་སྤྱི་འདུས་ཀྱི་གཞིས་སྒར་འདི་ཡིན་པས་སོ་སོའི་དཔོན་པོ་སོ་སོ་དང༌། སོ་

སོའི་འཆར་གཞི་འགོད་མཁན་སོ་སོ་ཆགས་པ་ཡིན། དེ་འདྲ་བྱུང་ན་བསམ་

བློའི་ནང་ལ་བདེ་སྐྱིད་དང༌། སྤོབས་པ་སླེབས་ཐུབ་ལ། འགྲན་བསྡུར་བྱེད་ཐུབ།

དཔེར་ན། རྒྱ་མིས་བོད་ནང་རང་སྐྱོང་ལྗོངས་ཟེར་བའི་མིང་བཏགས་པའི་ལས་ ཁུངས་ཀྱི་སྒྲིག་འཛུགས་དེའི་འོག་ནས་(དམངས)མང་གཙོ་ག་འདྲ་ཞིག་བྱེད་ ཐུབ་ཀྱི་རེད་དམ།

ང་ཚོ་རྒྱ་གར་དུ་བཙན་བྱོལ་བའི་མིང་འཁྱེར་ནས་

(དམངས)མང་གཙོ ་ ག་འདྲ་ཞི ག ་ཚུགས་ཡོ ད ་མེ ད ་འགྲན་བསྡུར་བྱེ ད ་ཐུབ་པ་ ཡིན།

ཕྱི ན ་ཆད་བོ ད ་རང་དབང་བྱུང་བའི ་ མཚམས་ལའང་སྒྲི ག ་འཛུགས་

གནས་སྟངས་དེ་ངེས་པར་དུ་དགོས་ངེས་ཤིག་ཡིན། ང་ཚོས་སྒྲིག་འཛུགས་ ལེགས་པོ་འདི་དག་བོད་ནང་བཞག་ཆོག་ཆོག་ཆགས་དགོས། བོད་དུ་ཆོལ་ཁ་ གསུམ་གཅིག་ཏུ་བསྒྲིལ་བའི་ཚོགས་འདུ་ཆེན་མོ་དང༌།

དེའི་ཐོག་དབུས་

གཞུང༌། དེའི་འོག་ནས་མངའ་སྡེ་ས་ཁུལ་སོ་སོ་དང༌། རྫོང་སོ་སོར་རང་སྐྱོང་གི་ གཞུང་རེ ་ ཆགས་དུས་ལས་དོ ན ་འཐུས་ཤོ ར ་མེ ད ་པའི ་ ཚགས་ཚུད་པོ ་ ཞི ག ་

ཡོང་ཐུབ་ཀྱི་རེད། དེར་བརྟེན་འདི་ནས་སློབ་སྦྱོང་དང༌། དཔེ་མཚོན་བྱེད་ཐུབ་ 193


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པའི་རེ་བ་དང་གོ་སྐབས་ཡོད།”(1)

ཅེས་དང༌།

ཕྱོགས་གཅིག་ནས་

(དམངས)མང་གཙོ་རང་སྐྱོང་གི་ལག་ལེན་དངོས་སྤྱོད་བྱེད་པ་དང༌། གཉིས་ ནས་ལས་དོ ན ་གང་ཅི ་ རང་དོ ན ་རང་གཅེ ས ་ཚགས་ཚུད་ཡོ ང ་བའི ་ དགོ ས ་པ་

གཉིས་ཚོགས་ཀྱི་སླད་དུ། གཞིས་སྒར་སོ་སོའི་འགོ་འཛིན། བརྒྱ་དཔོན་ཁག་

གོ་བསྡུར་གྱིས་བཀའ་སློབ་དགོངས་དོན་ལག་ལེན་འགེལ་ཐབས་བྱ་དགོས།

ཡང༌། རང་སྐྱོང་ཞེས་པའི་མིང་ཚིག་ལ་གོ་བ་ལོག་སྒྲུབ་ཀྱིས་རྒྱ་ཆེའི་བོད་མི་

རིགས་ཀྱི་ཆིག་བསྒྲིལ་ལ་གནོད་འགལ་དང༌། དབུས་གཞུང་དང་འབྲེལ་ཐག་ཇེ་

རིང་དུ་གཏོང་བ་སོགས་བྱས་ན་མི་འགྲིགས་པས། བོད་རང་བཙན་སྒྲུབ་པའི་

ཆ་རྐྱེན་བོད་རིགས་ཐམས་ཅད་མཛའ་འབྲེལ་ཆིག་བསྒྲིལ་སྔར་བཞིན་དམ་ཟབ་ ཐོག ནུས་པའི་གོང་བུ་གཅིག་བསྡུས་སྤྱི་གཞུང་ལ་བརྩི་བཀུར་གུས་ཞེན་སྔར་ ལྷག་གོང་མཐོར་གཏོང་དགོས།”

(2)

ཞེས་གསལ་བ་ལྟར་སྐབས་དེའི་བཀའ་

ཤག་གིས་ཀྱང་ཕྱི་ལོ་ ༡༩༦༦ ཟླ་ ༡ ཚེས་ ༣༡ ཉིན་སྐབས་གསུམ་པའི་བོད་

མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་སྩལ་པ་འདི་ལྟར། “ སྤྱི་

ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དགོངས་གཞི་དགོས་པ་ཟབ་མོས་མ་ འོང ས་བོ ད ་ཀྱི ་ རྩ་ཁྲི མ ས་རི ན ་པོ ་ ཆེ ་ འཛམ་གླི ང ་ཡོ ང ས་ལ་གསལ་བསྒྲགས་ བསྐྱངས་ཟིན་པའི་དགོངས་དོན་ལྟར།

མི་མང་སྤྱི་འཐུས་སྐབས་གཉིས་པའི་

ལས་འཁུར་ལོ་དུས་འདི་ལོ་ཕྱི་ཟླ་ ༩ པ་ནས་རྫོགས་རྒྱུར་བརྟེན་སྐབས་གསུམ་

པའི་སྤྱི་འཐུས་གསར་དུ་འོས་འདེམས་གནང་བའི་མི་འགྲོའི་ཐད།

སྤྱི་ནོར་

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་དབུ་འཁྲིད་ཟབ་མོའི་འོག་གཞུང་གི་ཆབ་

1 ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༧༧ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་པའི་བཀའ་

སློབ་སྙིང་བསྡུས་བོད་གཞུང་དྲིལ་བསྒྲགས་ལས་ཁང་ནས་ཕྱི་ལོ་ ༡༩༧༨ ཟླ་ ༣ ཚེས་ ༡༠ ཉིན་དཔར་དུ་བསྐྲུན་ བའི་ནང་གསལ།

2 ཕྱི་ལོ་ ༡༩༦༠ ནས་ཕྱི་ལོ་ ༡༩༧༧ བར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་བསྩལ་པའི་བཀའ་

སློབ་སྙིང་བསྡུས་བོད་གཞུང་དྲིལ་བསྒྲགས་ལས་ཁང་ནས་ཕྱི་ལོ་ ༡༩༧༨ ཟླ་ ༣ ཚེས་ ༡༠ ཉིན་དཔར་ངུ་བསྐྲུན་ བའི་ནང་གསལ།

194


སྲིད།

རྩ་ཁྲིམས་གསལ་བསྒྲགས་དང་གོ་མིང་རྙིང་པ་ཕྱིར་བསྡུ་སོགས།

མི་མང་གི་བདེ་དོན་ཞབས་ཞུར་ཞེ་བརྩོན་བློ་གཙང་ལྷག་བསམ་ཆེ་

བསྐྱེད་རང་ཟོ ན ་མེ ད ་པ་ཞུ་ཐུབ་པའི ་ བོ ད ་མི ་ ཤེ ས ་ཡོ ན ་འབྱོ ན ་ཐང་ཅན་ཡོ ད ་

རིགས་རྣམས་ད་ལམ་སྤྱི་འཐུས་འོས་གཞིའི་ཁོངས་སུ་འཚེམ་ལུས་མེད་པའི་

འདེམས་ཐོན་ཡོང་ཐབས་ཆེད་དུ་ཆོས་ལུགས་དང༌། ཆོལ་གསུམ་མི་མང་སྤྱི་ འཐུས་གསར་པའི་མིང་ཤོག་འགོད་བདེའི་མདུན་ངོས་རེའུ་མིག་དང༌། རྒྱབ་ཏུ་

འོས་བསྡུ་ཚོགས་ཆུང་སོ་སོའི་བླང་དོར་བྱེད་སྒོའི་མཛུབ་སྟོན་གསལ་བཀོད་

ཤོ ག ་ལྷེ་དང་སྦྲགས་བོ ད ་མི འི ་ སྡོ ད ་སྒར་ཁུངས་སོ ་ སོ ར ་འདི ་ ནས་བཀོ ད ་རྒྱ་ ཟུར་སོང་ལྟར། ས་དགེ་བཀའ་རྙིང་བཅས་ཆོས་ལུགས་སོ་སོ་ནས་སྤྱི་འཐུས་

འོས་མི་གཉིས་རེ་དང༌། ཆོལ་ཁ་གསུམ་སོ་སོ་ནས་སྤྱི་འཐུས་འོས་མི་སྐྱེས་པ་

དྲུག་རེ་དང༌། བུད་མེད་སྤྱི་འཐུས་འོས་མི་གཉིས་རེ་བཅས་མང་མོས་ཀྱི་མིང་ ཐོ་བཀོད་དེ་འཕྲལ་འབུལ་བྱུང་བསྟུན་འོས་གཞིའི་བསྡོམ་ཐོག་ནས་འོས་གྲངས་

མང་ཐོན་བྱུང་རིགས་རྣམས་སླར་ཡང་འོས་བསྡུ་དངོས་གཞིའི་མིང་ཐོ་འདི་ནས་

འཕྲལ་གཏོང་གནང་རྒྱུ་ཡིན་ན། ཚང་མས་བསྟན་པ་ཆབ་སྲིད་ཀྱི་སྤྱི་དོན་གལ་ ཆེར་བསམ་པས་དོ་སྣང་འཁུར་བརྩོན་བསམ་ཤེས་ཆེ་བསྐྱེད་དགོས་རྒྱུ་དང༌།

བོད་མིའི་སྡོད་སྒར་འཚོ་འདུས་དང༌། ཁ་འཐོར་ཁག་བཅས་པར་བཀའ་རྒྱ་སྔོན་

སོང་ས་གནས་སུ་འབྱོར་མིན་དང་འཚེམ་ལུས་བྱུང་ཡོད་ཚེ་འདི་གར་གནས་

ཚུལ་ཁ་གསལ་འཕྲལ་འབུལ་དགོས་རྒྱུར་དེ་བསྟུན་འོས་གཞིའི་ཤོག་ལྷེ་ལམ་

སེང་བཏང་འཐུས་ཆོག་རྒྱུ་བཅས། བཞུགས་སྒར་དྷ་རམ་ས་ལའི་བཀའ་ཤག་ ནས་ ༡༩༦༦ ཟླ་ ༡ ཚེས་ ༣༡ ལ།།” ཞེས་གསལ།

195


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་དགུ་པ། ༈ བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་དབུ་ ཚུགས་པ་དང་། སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་གྱི་མཚན་ གནས་གཏན་འབེབས། ལས་བསྡོམས་འབུལ་ཕྱོགས་ཀྱི་ ཐག་གཅོད། བོད་རང་དབང་བདེན་པའི་ལས་འགུལ་ ཚོགས་ཆུང་གི་སྔོན་འགྲོའི་ཚོགས་ཆེན་ འཚོགས་པ་སོགས་ཀྱི་སྐོར།

མང་གཙོའི ་ ཐུན་མི ན ་དགོ ས ་དམི ག ས་འབའ་ཞི ག ་ནི ་ མི ་ མང་གི ་

དགོས་འདུན་གཙོར་བཟུང་གིས་མང་གཙོའི་ཁེ་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་

པས། མི་མང་འཐུས་མི་རྣམས་དབང་འཛིན་པ་དང་ལྷན་དུ་འཛིན་སྐྱོང་དབང་

ཆ་མཉམ་འདྲེས་སུ་མི་སྤྱོད་པར་དམངས་ཀྱི་འདོད་མོས་ལྟར་ཁྲིམས་སྒྲིག་ལམ་

ལུགས་བཟོ་འགོད་བྱ་རྒྱུར་སོང་། བོད་མི་མང་སྤྱི་འཐུས་ལྷན་ཁང་དེ་ཉིད་ཟུར་

དུ་དབུ་འཛུགས་གནང་བ་དང་། དེ་བཞིན་ཚོགས་གཙོ་བགྲེས་གཞོན་གཉིས་ ཀྱི་མཚན་གནས་གཏན་འབེབས།

བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་

རི མ ་ནང་མི ་ མང་རང་ཉི ད ་ནས་དང་དུ་བླངས་ནས་བྱུང་བའི ་ བོ ད ་རང་དབང་

བདེན་པའི་ལས་འགུལ་ཚོགས་ཆུང་གི་སྔོན་འགྲོའི་ཚོགས་ཆེན་འཚོགས་པ།

ཟླ་དྲུག་ལས་བསྡོམས་ནས་ལོ་འཁོར་ལས་བསྡོམས་ཏེ་ལས་བསྡོམས་འབུལ་

ཕྱོགས་ཀྱི་ཐག་གཅོད་སོགས་ཇི་མཛད་ཞིབ་འགོད་བྱ་རྒྱུར།

ཕྱི་ལོ་ ༡༩༦༦ ཟླ་ ༥ ཚེས་ ༣ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་

ཟུར་དུ་དབུ་ཚུགས་པའི་གསལ་བསྒྲགས་བསྐྱངས། སྤྱི་འཐུས་ལྷན་ཚོགས་ལ་ ཚོགས་གཙོ་བགྲེས་གཞོན་གཉིས་དགོས་པ་སྤྱི་འཐུས་མང་མོས་ཀྱི་འོས་ཐོན་ 196


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

འཆར་ཕུལ་ལ་ཕྱག་རྟགས་སྩལ་བའི ་ ཚོ ག ས་གཙོ ་ བགྲེས་གཞོ ན ་གཉི ས ་ལ་

བཀའ་བློན་དང་འདྲ་བའི་མཚན་གནས་དང༌། སྤྱི་འཐུས་བྱིངས་རྣམས་བཀའ་ བློན་ལས་རོགས་དང་འདྲ་བའི་མཚན་གནས་སྩལ།

སྐབས་གསུམ་པའི ་ སྤྱི ་ འཐུས་མང་ཆེ ་ བ་སྔོ ན ་དུ་དམ་བཅའ་འབུལ་

བཞེས་ཟིན་ཅིང༌། དང༌།

འཕྲོས་མདོ་སྟོད་སྤྱི་འཐུས་གྲའུ་དཔོན་རིན་ཆེན་ཚེ་རིང་

མདོ་སྨད་བུད་མེད་སྤྱི་འཐུས་དགའ་བ་དབྱངས་སྒྲོན་གཉིས་ཕྱི་ལོ་

༡༩༦༧ ཟླ་ ༣ ཚེས་ ༢༨ ཉིན་དང༌། རྙིང་མའི་སྤྱི་འཐུས་ཀཿཐོག་དབོན་སྤྲུལ་

ཕྱི་ལོ་ ༡༩༦༧ ཟླ་ ༦ ཚེས་ ༡༣ ཉིན་དམ་འབུལ་ཞུས། ཕྱི་ལོ་ ༡༩༦༧ ཟླ་ ༩ ཚེས་ ༡༥།༡༦།༡༨།༡༩ བཅས་ཉིན་བཞིའི་རིང་བཀའ་བློན་ལས་ཟུར་རྣམ་པ་

དང༌། ཚོགས་གཙོ་བགྲེས་གཞོན་དབུས་པས་སྤྱི་འཐུས་རྣམ་པ། ལས་བྱེད་ སེར་སྐྱ་ཡོངས་རྫོགས་རྒྱས་འཛོམས་ཀྱིས་ཟླ་དྲུག་ལས་བསྡོམས་ཚོགས་འདུ་ ཚོགས།

ཕྱི་ལོ་ ༡༩༦༨ ཟླ་ ༣ ཚེས་ ༢༠ ནས་ཚེས་ ༢༥ བར་ཉིན་དྲུག་གི་

རིང་བཞུགས་སྒར་གངས་ཅན་སྐྱིད་གཤོངས་སུ་བཀའ་བློན་རྣམ་པའི་དབུས་

ལས་ཁུངས་མ་ལག་དང་བཅས་པའི་ལས་བྱེད་ཡོངས་རྫོགས་དང༌། བོད་མི་ མང་སྤྱི་འཐུས་རྣམ་པ། ཡན་ལག་སྡེ་ཁག་གི་འགན་འཛིན་བཅས་ནས་ཟླ་དྲུག་ ལས་བསྡོམས་ཐེངས་བཅོ་ལྔ་པ་བསྐྱངས།

སྐབས་གསུམ་པའི་རྙིང་མའི་སྤྱི་

འཐུས་ཀཿཐོ ག ་དབོ ན ་སྤྲུལ་འདས་ཚབ་ཏུ་ཡར་འབྲོ ག ་སྟག་ལུང་ཉི ་ མ་བཟང་ པོར་བསྐོ་གཞག་སྩལ།

ཕྱི་ལོ ་ ༡༩༦༨།༤།༥ ཉིན ་གྱི་ ཆེས ་མཐོ འི ་ རྒྱུན་ལས་ཀྱི་ གྲོས་ཆོད་

དུ། སྐབས་བཞི་ པའི་ འདེམས་བསྐོ་ལྷན་ཚོ ག ས་ཀྱི་ མི ་ འགྲོ་དྲུག་ལ་ཐུགས་

གཏན་འཁེ ལ ། ྋསྙན་ཐོ ན ་དུ་ཚོ ག ས་གཙོ ་ བགྲེས་པ། སྟོང་འཁོར ་རི ན ་པོ་ ཆེ །

བཀའ་འཐུས་རི ན་པོ ་ ཆེ།(བློ་གྲོས་མཐར་ཕྱིན ) ལས་བྱེད་ནས་ཕྱི་ སྲི ད་དྲུང་ 197


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཞོ ན ་འགྱུར་མེ ད ། ནང་སྲིད་དྲུང་ཆེ་ ཐུབ་སངས། བུ་གསོ་ ཁང་ལས་རོགས་ ཡེ ་ དར་བཅས་ལ་བསྐོ་གཞག་སྩལ།

(1)

ཕྱི་ལོ་ ༡༩༦༩ ཟླ་ ༣ ཚེས་ ༡༤ ཉིན་ྋགོང་ས་ྋསྐྱབས་མགོན་

ཆེན་པོ་མཆོག་ནས་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་བདུན་པའི་མཛད་

སྒོར་(དམངས)མང་གཙོ་དང་འབྲེལ་བའི་ཐོག་བཀའ་སློབ་ཕེབས་དོན། “ དེ་

བཞིན་སྤྱི་འཐུས་ཚོ་བཞུགས་སྟངས་སྐོར་སྔ་རྗེས་གྲོས་ཆོད་བཞག

སྐད་ཆ་

གླེང་གཞི་ཡོང་མུས་རེད། སྤྱི་འཐུས་ཚོའི་ནང་ནས་འགའ་ཤས་མ་གཏོགས་དྷ་ སར་གཏན་བཞུགས་མི་དགོས་པར།

བཞུགས་རྒྱུ་དང༌།

སྤྱི་འཐུས་མང་བ་ཕྱོགས་མཐའ་ལ་

དུས་དུས་ལ་ལས་དོན་གལ་ཆེའི་ཚོགས་འདུ་ཚོགས་རྒྱུ་

དང༌། དེ་བཞིན་ཟླ་དྲུག་ལས་བསྡོམས་ཀྱི་ཚོགས་འདུ་ལྟ་བུ་ཡོད་པའི་སྐབས་ སུ་ཚང་མ་ཚུར་ཕེབས་རྒྱུ་ཡོད་པ་བྱས་ན་ཞེས་སྔོན་མ་ནས་འཕྲོ་ཅན་དུ་བསྡད་

ཡོད་པས་ད་རེས་འདི་སྐོར་ལའང་དགོངས་པ་བཞེས་དགོས་ཀྱི་མེད་དམ་སྙམ་ པ་དང༌། སྤྱི་འཐུས་འགའ་ཤས་ལས་མང་ཆེ་ས་གནས་གཞན་དུ་བཞུགས་རྒྱུ་

བྱས་ན། ས་གནས་ཁག་གི་སྒར་འཐུས་ཞེས་པ་དེ་ཡང་དགོས་ཀྱི་ཡོད་མེད་ དང་དེ་དག་རྒྱས་བསྡུས་འདྲ་བྱེད་རྒྱུ་ཡོད་མེད་གོ་བསྡུར་བྱེད་དགོས། གསུམ་པ།

དེ་བཞིན་ཟླ་དྲུག་ལས་བསྡོམས་འདི་ད་ཕན་ལ་ཟླ་དྲུག་རེའི་

མཚམས་འཚོགས་ཀྱི་ཡོད།

ད་ཆ་མཐའ་གཅིག་ཏུ་ཟླ་བ་དྲུག་རེའི་མཚམས་དགོས་ཀྱི་ཡོད་དམ་

མེད། གཅིག་བྱས་ན་ལོ་རེའི་ནང་ལོ་འཁོར་གྱི་ཚོགས་འདུ་ལྟ་བུ་འཚོགས་རྒྱུ་

དང༌། དེ་ཡང་འཆར་ཅན་གསུམ་བཅུའི་དུས་ཚེས་དང་སྦྲེལ་ནས་འཚོགས་ན་

གང་འདྲ་ཡོད་དམ། ཟླ་བ་དྲུག་རེའི་བསྟར་ཆག་གི་ཚོགས་འདུ་འདི་མི་དགོས་ པར་ལོ་འཁོར་གྱི་ཚོགས་འདུ་ཞིག་འཚོགས། དེའི་སྐབས་ལོ་རེའི་ནང་ཐོན་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་རིང་ཨང་ ༤༩།༡ ནང་གསལ། 198


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

སྐྱེད་གསར་པ་ཇི་བྱུང་གི་འགྲེམས་སྟོན་འདྲ་ཡང་བྱས། འདི་གར་གཉུག་མར་

གནས་པའི་ལས་བྱེད་ཙམ་མིན་པར་ཕྱོགས་མཐའ་ནས་ད་ལམ་བཞིན་ཕྲན་བུ་

རྒྱས་ཙམ་ཡོ ང ་རྒྱུ་ཞི ག ་བྱས་ན་ཡག་པོ ་ མི ན ་ནམ་སྙམ་པ་ངའི ་ བསམ་ཚུལ་

ཡིན།” ཞེས་ཕེབས་པ་ལྟར་ལག་བསྟར་ཞུས་དོན།

དེ་སྔོན་བོད་གཞུང་ལྷན་ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་

ལས་དོན་ཞིབ་འཇུག་སླད་སྤྱི་འཐུས་རྣམས་དང༌། བཞུགས་སྒར་དུ་ཡོད་པའི་ ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་

རེ་གནང་མུས་དེ་དག་ཕྱི་ལོ་ ༡༩༦༩ ལོར་བཙན་བྱོལ་བོད་གཞུང་མང་གི་ ལས་དོན་ཆེ་ཕྲ་མཐའ་དག་གི་ཐོག་དགེ་འདོན་སྐྱོན་སེལ་གྱི་བསམ་ཞིབ་གྲོས་ བསྡུར་ཆེད་སྤྱི་འཐུས་ལྷན་ཚོགས་ཀྱི་གཙོ་སྐྱོང་འོག་དབུས་དང༌།

ཕྱོགས་

མཐའི་ལས་བྱེད་རྣམས་དང༌། བོད་མིའི་གནས་ཡུལ་ས་གནས་སོ་སོའི་མི་མང་

གི ་ འཐུས་མི ་ བཅས་ཡོ ད ་པའི ་ ཚོ ག ས་ཆེ ན ་རྒྱས་པ་རེ ་ ལོ ་ ལྟར་ཚོ ག ས་རྒྱུའི ་ གཏན་འབེབས་གནང༌།

ཕྱི་ལོ་ ༡༩༦༩ ཟླ་ ༩ པའི་འགོ་སྟོད་དུ་སྐབས་གསུམ་པའི་བོད་མི་

མང་སྤྱི ་ འཐུས་རྣམས་ལས་དུས་རྫོ ག ས་པའི ་ ཚབ་ཏུ་བོ ད ་གཞུང་བཀའ་ཤག་ ནས་སྐབས་བཞི་པའི་བོད་མི་མང་སྤྱི་འཐུས་རྣམས་ཀྱི་འོས་གཞིའི་འཆར་གཞི་

ཁག་ཕྱག་རྟགས་ཞུ་སླད་ཞུ་ྋསྙན་ཇི་ལྟར་ཕུལ་བ་ཡིག་ཆ་ངོ་མ་ཇི་བཞིན་ཕབ་

བཤུས་བགྱིས་པ་འདི་ལྟར། “ ༈ བོད་རྒྱལ་ལོ་ ༢༠༩༦ ལུགས་གཉིས་ཟུང་

འབྲེལ་བོད་(དམངས)མང་གཙོའི་རྒྱལ་ཁབ་ཆེན་པོའི་དབུ་ཁྲིད་སྤྱི་ནོར་ྋགོང་

ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་དགོ ང ས་གཞི ་ དགོ ས ་པ་བླ་ན་མེ ད ་ པའི ་ མ་འོང ས་བོ ད ་ཀྱི ་ རྩ་ཁྲི མ ས་རི ན ་པོ ་ ཆེ ་ འཛམ་གླི ང ་ཡོ ང ས་ཁྱབ་གསལ་

བསྒྲགས་བཀའ་དྲིན་ཆེ ་ བའི ་ དགོ ང ས་དོ ན ་ནས་གནས་ཡུལ་དུས་བསྟུན་གྱི ་

ཕྱག་བཞེ ས ་ཐུབ་འོས ་བསྟར་དང་བསྟར་བཞི ན ་གྱི ་ བོ ད ་མི ་ མང་སྤྱི ་ འཐུས་ 199


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྣམས་ལོ་གསུམ་རེའི་མཚམས་འོས་བསྡུ་གསར་འདེམས་མཛད་མུས་ལྟར།

ད་ལམ་སྐབས་བཞི་པའི་མི་མང་སྤྱི་འཐུས་དེ་སྔོན་སྐབས་གསུམ་པའི་འདེམས་ བསྐོ་བཞིན་འོས་གཞི་དང༌། འོས་ངོ་ཐེངས་གཉིས་བསྡུ་འདེམས་མ་དགོས་པར་ འོས་བསྡུའི་ཁེ་དབང་ཡོངས་རྫོགས་མི་མང་ལ་སྤྲད་དེ་འོས་བསྡུ་ཆེ་མོ་ཐེངས་

གཅིག་གིས་འཐུས་པ་ཞུ་རྒྱུ་རྒྱུན་ལས་ཚོགས་འདུར་བསམ་བསྡུར་དང་འབྲེལ་

བའི ་ དགོ ང ས་བསྐོར་ྋསྙན་ཞུས་བཀའ་འཁྲོ ལ ་བཞི ན ་སྤྱི ་ འཐུས་ཀྱི ་ མི ་ འགྲོ་ རྣམས་མི ་ མང་ནས་གོ ་ ཐོ ས ་འོས ་ཚོ ད ་ཀྱི ས ་ལུགས་འདེ མ ས་མི ན ་པར་སྔོ ན ་ ཚུད་ནས་སེམས་ཐོག་གྲ་སྒྲིག་བརྟག་ཞིབ་ཟབ་ནན་དང་བཅས་ཏེ་བོད་གཞུང་

མང་ལ་སྤྱི་གཙིགས་རྒྱལ་ཞེན་ཆེ་ཞིང༌།

ལྷག་བློ་ཤེས་འཇོན་ཅན་ཇི་ཡོད་

འདེམས་ཐོན་ཡོང་ཐབས་སྔ་ས་ནས་སྤྱི་འཐུས་གལ་ཆེའི་དྲིལ་བསྒྲགས་ཡིག་ ཆ་རི མ ་འགྲེམས་ས་གནས་དོ ན ་འགོ ་ ནས་མང་ཚོ ག ས་ལ་སློ བ ་འགྲེལ་དོ ན ་ རྟོགས་ཐུབ་པ་ཞུས་ཏེ ་ མི ་ མང་རང་རང་གི ་ རེ ་ འདོ ད ་ཇི ་ ཡོ ད ་རང་མོ ས ་རང་

དབང་གི ས ་ལུགས་འདེ མ ས་འོས ་མི ང ་ཇི ་ ཐོ ན ་བསྡོ མ ས་གྲངས་ཁ་གསལ་

བཀོད་དེ་གཟིགས་བདེ་ཟུར་ཡོད་ཁོངས་ནས་འཐུས་མིའི་འོས་མིང་མང་ཐོན་ རྣམས་རྩེ་བཏོག་གིས་ཆོས་ལུགས་ས་དགེ་བཀའ་རྙིང་སོ་སོའི་སྤྱི་འཐུས་མི་

རེར་འོས་མིང་བདུན་རེ་དང༌། ཆོལ་གསུམ་སོ་སོའི་སྤྱི་འཐུས་སྐྱེས་པ་གསུམ་ རེ་དང༌།

བུད་མེད་གཅིག་རེ་དགོས་པའི་མི་རེར་འོས་མིང་ལྔ་རེ་བཅས་ཀྱི་

འོས ་འཆར་ྋསྙན་ཤོ ག ་ཆབས་ཅི ག ་ྋསྙན་ཞུར་འབུལ་ལམ་ཞུས་དོ ན ་ལྟར་

ཆོས་ལུགས་གཙོ་བོ་ཁག་བཞི་སོ་སོ་ནས་སྤྱི་འཐུས་མི་གཅིག་རེ་དང༌། ཆོལ་ གསུམ་སོ་སོ་ནས་སྤྱི་འཐུས་སྐྱེས་པ་གསུམ་རེ་དང༌།

བུད་མེད་གཅིག་རེ་

བཅས་ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་བསྐོ་གཞག་ཕྱག་རྟགས་རི ན ་པོ ་ ཆེ ་ སྤྱི ་ སྩལ་ཐོག ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཚན་རིག་དང༌། རྩོམ་ རིག་ལ་མཁས་པའི་སྤྱི་འཐུས་མི་གཅིག་ཐད་ཀར་ཟུར་དུ་བསྐོ་སྩལ་ཐུགས་རྗེ་ 200


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཆེ་བ་ནས། འཆར་གཞི་འདིའི་ཞལ་བཤུས་དང༌། སྤྱི་འཐུས་གཏན་འཁེལ་

རྣམས་ལ་བཀའ་ཤག་ནས་བཀའ་རྒྱ་དང་སྦྲགས་མི་མང་སྡོད་སྒར་ཁག་གི་དོན་

འགོ ་ སོ ་ སོ ས ་འདི ་ དོ ན ་ཁྱབ་བསྒྲགས་ཞུ་རྒྱུ་ཞུས་ན་འཐུས་མི ན ་ྋསྙན་ཞུ།”

ཞེས་དང༌།

དངོས་གཞིའི་གསལ་བསྒྲགས་ཡིག་ཆ་ངོ་མ་ཇི་བཞིན་ནི།“ སྤྱི་ནོར་

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་རྩ་ཁྲིམས་རིན་པོ་ཆེ་

འཛམ་གླིང་ཡོངས་ལ་གསལ་བསྒྲགས་བསྐྱངས་པའི་དགོངས་དོན་བོད་གཞུང་ ཆོ ས ་སྲི ད ་གཉི ས ་ལྡན་(དམངས)མང་གཙོ འི ་ གཞུང་གི ་ སྐབས་གསུམ་པའི ་

ཆོ ས ་ལུགས་ཆོ ལ ་གསུམ་དང་བཅས་པའི ་ མི ་ མང་སེ ར ་སྐྱ་སྤྱི ་ འཐུས་རྣམས་

ལས་འཁུར་ལོ་དུས་རྫོགས་སྟབས་ད་ལམ་སྐབས་བཞི་པའི་སྤྱི་འཐུས་གསར་

འདེམས་གནང་ཕྱོགས་ཐད་མང་མོས་སྤྱི་འཚིས་ཆེ་ཞིང༌། ལྷག་བློ་ཤེས་འཇོན་

གཉིས་ལྡན་ཤ་སྟག་དགོས་པ་འཁུམས་ལུས་མི་འབྱུང་ཆེད་སྔོན་ཚུད་ནས་གྲ་

སྒྲི ག ་བརྟག་ཞི བ ་ཟབ་ནན་དགོ ས ་པའི ་ དྲིལ་བསྒྲགས་ཡི ག ་ཆ་འགྲེམས་སྤེ ལ ་ དང་འབྲེལ་འོས་བསྡུའི་ཁེ་དབང་ཡོངས་རྫོགས་མི་མང་ལ་སྤྲད་པའི་འོས་ཤོག་

ཕུལ་འབྱོ ར ་ཚད་མཐུན་རྣམས་འདེ མ ས་བསྐོ་ལྷན་ཚོ ག ས་ནས་ཞི བ ་འཇུག་ གྲངས་བཤེ ར ་ནན་ཏན་བགྱི ས ་དོ ན ་འོས ་ཐོ བ ་གྲངས་འབོ ར ་འཁོ ད ་པའི ་ རེ འུ ་

མིག་ཁ་གསལ་འཆར་གཞི་དང་སྦྲགས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ ྋསྙན་ཞུས་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེ་སྤྱི་སྩལ་དགོངས་དོན།

དགེ་ལུགས་སྤྱི་འཐུས་ཏྲེ་ཧོར་བྱམས་པ་རིན་ཆེན།

ས་སྐྱའི་སྤྱི་

འཐུས་ངོར་ཀླུ་ལྡིང་ཞབས་དྲུང༌།(འཇིགས་མེད་རྒྱལ་མཚན) བཀའ་བརྒྱུད་སྤྱི་ འཐུས་འབྲུག་པ་ཐུགས་སྲས་སྤྲུལ་སྐུ།

རྙིང་མའི་སྤྱི་འཐུས་སྟག་ལུང་ཉི་མ་

བཟང་པོ། དབུས་གཙང་སྤྱི་འཐུས་ལྷ་ས་བ་བློ་བཟང་དར་རྒྱས་དང༌། རྒྱལ་རྩེ་ ཚེ་དབང་རིན་ཆེན། སྐྱིད་གྲོང་ནོར་བུ་ཚེ་རིང༌། བུད་མེད་སྤྱི་འཐུས་ས་སྐྱ་བ་ 201


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཆི་མེད་སྒྲོལ་དཀར། མདོ་སྟོད་སྤྱི་འཐུས་སྡེ་དགེ་ཕུ་མ་རིན་རྣམ་དང༌།(རིན་ ཆེན་རྣམ་རྒྱལ) རྒྱལ་ཐང་མཁར་ཆེན་ཕྱག་མཛོད།(ཐུབ་བསྟན་དགེ་ལེགས)

ཏྲེ་ཧོར་ཚེ་དབང་འཕྲིན་ལས། བུད་མེད་སྤྱི་འཐུས་ཨ་འབྲུག་ཆོས་སྐྱིད། མདོ་

སྨད་སྤྱི་འཐུས་རེབ་ཀོང་འཇིགས་མེད་སྤྲུལ་སྐུ་དང༌། ཅོ་ནེ་འཕགས་པ་ཚེ་རིང༌།

རྒྱལ་རོང་དབྱིག་གཉེན།

བུད་མེད་སྤྱི་འཐུས་སྟག་འཚེར་དགའ་བ་དབྱངས་

སྒྲོལ་བཅས་ལ་བསྐོ་གཞག་སྩལ་བ་ལྟར། གསར་མཇལ་དམ་བཅའ་འབུལ་བ་

དང་སྦྲགས་ལས་འཁུར་ཞུ་བར་འདི་ག་བཞུགས་སྒར་དུ་སྤྱི་ཟླ་ ༩ ཚེས་ ༡༥ ཚུན་བཅར་འབྱོ ར ་དགོ ས ་སྐོར་ཁུངས་སོ ་ སོ ར ་བཀའ་ཤག་ནས་བཀོ ད ་རྒྱ་

བཏང་ཟིན་པ་བཅས་ཀྱི་གསར་གནས་གསལ་བསྒྲགས་སུ། སྤྱི་ལོ་ ༡༩༦༩ ཟླ་ ཚེས་ལ། ” ཞེས་གསལ།

ཕྱི་ལོ་ ༡༩༦༩ ཟླ་ ༡༡ ཚེས་ ༢༥ ཉིན་སྐབས་བཞི་པའི་བོད་མི་མང་

སྤྱི ་ འཐུས་རྣམ་པ་གསར་མཇལ་སྐབས་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་

མཆོག་ནས་བཀའ་སློབ་སྩལ་དོན། “ ད་ལྟ་འདིར་འདེམས་བསྐོ་ཟིན་པའི་སྤྱི་

འཐུས་གསར་པ་ཁྱེད་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ཁྱེད་ཚོས་

ཤེས་གསལ་ལྟར། ང་ཚོ་ཚང་མ་རང་གི་ལུང་པ་ནས་མིའི་ལུང་པར་སླེབས་ཏེ་ དུས་སྐབས་ཐབས་སྐྱོ་པོ་ཡིན་རུང༌། ཕྱི་རྒྱལ་ཁག་དང༌། རྒྱ་གར་སོགས་ནས་

ངོས་ལེན་ཡོད་མིན་ལ་མ་ལྟོས་པར་བོད་མི་ཚང་མའི་བློ་གཏད་བྱེད་ཡུལ་བོད་

གཞུང་གི་སྒྲིག་འཛུགས་ཤིག་ཡོད་པ་དང༌། དེ་ཡང་མི་འགའ་ཤས་ཤིག་གི་ཁེ་ ཕན་ཆེད་དུ་མ་ཡིན་པར་བོད་མི་མང་སྤྱི་ཡི་དོན་དུ་ཡིན།

ཇི་སྲིད་བོད་མི་མང་ལ་བོད་རང་དབང་རང་བཙན་སྒྲུབ་པའི་འདོད་པ་

ཡོད་པ་དེ་སྲིད་དུ་གཞུང་གི་སྒྲིག་འཛུགས་འདི་འདྲ་ཞིག་དགོས་མཁོ་ཆེན་པོ་

ཡོད། སྒྲིག་འཛུགས་འདི་ཡང་དུས་ཚོད་དང་མཐུན་པ་ཞིག་ཡོད་དགོས་པར་

བརྟེན། (དམངས)མང་གཙོའི་རྩ་ཁྲིམས་དོན་བཞིན་ཆོས་ལུགས་དང༌། མི་མང་ 202


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

སྤྱི་འཐུས་ཀྱི་འགྲོ་ལུགས་འདི་དགོས་པ་དང༌། རྒྱུ་མཚན་མང་པོ་ཞིག་ལ་བརྟེན་ ནས་བཟོ ས ་ཡོ ད ་པས་ད་ལྟའི ་ དུས་འདི ར ་སྤྱི ་ འཐུས་ཚོ འི ་ གནས་སྟངས་འདི ་

གལ་ཆེན་པོ་ཆགས་ཡོད།

དེ་སྔ་སྤྱི་འཐུས་རྙིང་པ་ཚོས་ཀྱང་ལས་དོན་ཡག་པོ་བྱུང་ཡོད། སྤྱིར་

བཏང་བརྗོད་ན་ཕྱོགས་གང་ས་ནས་དགེ་མཚན་དང་གྲུབ་འབྲས་མང་པོ་བྱུང་

སོང༌། ད་དུང་ཁྱེད་རང་ཚོའི་སྐབས་སུ་ཡང་ཡག་པོ་ཡོང་བའི་རེ་བ་ཡོད། བོད་

ནང་ཡོད་པའི་མི་མང་ཚོས་ང་ཚོར་རེ་བ་ཆེན་པོ་ཞིག་རྒྱག་གི་ཡོད་པར་བརྟེན་

ང་ཚོས་ཧུར་བརྩོན་གྱིས་བོད་རང་བཙན་ལེན་ཐབས་བྱེད་དགོས།

(དམངས)མང་གཙོའི་རྩ་ཁྲིམས་ནང་གསལ་རྣམས་རྒྱ་གར་ས་ཐོག་

ཏུ་ལག་ལེན་ཆ་ཚང་བསྟར་མི་ཐུབ་ཀྱང༌། ད་ལྟའི་གནས་ཚུལ་དང་མཐུན་པའི་ གང་ཐུབ་ལག་ལེ ན ་བསྟར་ཏེ ་ མ་འོང ས་པར་ཉམས་མྱོ ང ་ཐོ བ ་ཐུབ་པའི ་ ལས་

དོན་སྒྲུབ་དགོས། ད་ལྟའི་སྐབས་འདིར་ང་ཚོས་གཟབ་གཟབ་དང་དོ་སྣང་བྱེད་

དགོས་པ་ནི། ང་ཚོ་ཚང་མར་སྤྱིའི་སྒྲིག་འཛུགས་ཤིག་དང༌། སྤྱིའི་ལམ་ལུགས་ (དམངས)

མང་གཙོ་ཆོས་སྲིད་གཉིས་ལྡན་གཏན་འཁེལ་བ་ཞིག་ཡོད་པ་

འདིའི་ཐོག་ཤར་བསྐྱོད་ཐུབ་ཐབས་ལ་ཚང་མས་ནུས་ཤུགས་གང་ཡོད་འདོན་

དགོས། ཕྱོགས་གང་ས་ནས་ཕྱར་བ་གྲུ་འདེགས་བྱེད་རྒྱུ་གལ་ཆེན་པོ་འདུག དེ་ཡོང་བར་ཁྱེད་རང་ཚོས་ཀྱང་གཟབ་གཟབ་བྱེད་དགོས། གཅིག་ནས་ལངས་ཀྱང༌། འགྲིགས།

དེ་མིན་ཕྱོགས་

ཕྱོགས་གཅིག་ནས་འགྱེལ་བ་ལྟ་བུ་བྱུང་ན་མི་

ང་ཚོ ས ་དེ ་ སྔའང་ལས་དོ ན ་གྱི ་ འཆར་གཞི ་ མང་པོ ་ ཞི ག ་བསྒྲི ག ས།

དེར་བསྒྱུར་བཅོས་མང་པོ་བཏང་ཡོད། དེ་འདྲ་བྱ་དགོས་དོན་ནི་ལོ་རེ་གཉིས་ གོང་གི་ལས་དོན་འགའ་ཤས་ལོ་རེ་ཟུང་རྗེས་དགོས་མཁོ་མེད་པ་དང༌། ཡང་ ལས་དོ ན ་འགའ་ཞི ག ་གསར་དུ་བྱེ ད ་དགོ ས ་པ་སོ ག ས་འགྱུར་བ་སྣ་ཚོ ག ས་ 203


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བྱུང་བའི་རྐྱེན་གྱིས་ཡིན། གང་ལྟར་སྔ་མའི་འཆར་གཞིར་བསྒྱུར་བཅོས་གསར་

པ་སྣ་ཚོ ག ས་གཏོ ང ་དོ ན ་སྙི ང ་པོ ་ གནས་ཚུལ་དངོ ས ་ཡོ ད ་དང་བསྟུན་ཏེ ་ གྲུབ་ འབྲས་ཡག་པོ་ཡོང་བའི་ཐབས་ཤེས་གང་དྲག་བྱས་པ་ཞིག་རེད།

ང་ཚོས་ལས་དོན་འཆར་གཞི་མང་པོ་ཞིག་བསྒྲིགས་ཏེ་བྱས། དེ་ཡག་

པོ་ཡོང་གི་མེད་ན་བཞག་ཀྱང་ཆོག་གི་རེད། ད་ལྟའི་ལས་དོན་འཆར་གཞི་ཁག་ ལའང་རྒྱུ་མཚན་ཁུངས་ལུང་ཡོད་ངེས་ཅན་གྱི་ལེགས་བཅོས་གཏོང་རྒྱུ་འདུག་

ན་བཏང་ཆོག་གི་རེད། ང་ཚོས་བསམ་འཆར་གྲོས་བསྡུར་བྱས། དེའི་ཐོག་ནས་

ཐག་གཅོད་བྱེད་དགོས། བསྒྱུར་བཅོས་གསར་པ་གཏོང་དགོས་མེད་ན་ད་ལྟའི་ ལམ་འདིའི་སྟེང་ཤར་བསྐྱོད་འགྲོ་ཐུབ་པ་དགོས།

བསམ་འཆར་གང་ཡོད་

མདུན་དུ་ཤོད་དགོས། བསམ་འཆར་ཤོད་སར་མ་བཤད་པར་རྒྱབ་བཤད་དང་

ལྐོག་ལབ་བྱས་ཏེ་མི་མང་པོར་བློ་དོགས་བཟོས། ཡིད་ཆེས་མེད་པ་བྱས་ན་

ཡག་པོ་ཡོང་གི་མ་རེད། དེ་སྔ་ྋརྒྱལ་བ་རིན་པོ་ཆེའམ། བླ་བྲང་གཅིག་གིས་

འཛིན ་པའི་གཞུང་ལྟ་བུ་དགའ་ལྡན་ཕོ ་ བྲང་ཟེར་བ་དེ་ད་ཆ་བྱིན ་རྟེན་གྱི་ ཕབ་

རྒྱུན་ལྟ་བུ་ཞིག་བསྡད་ཡོད་ན་ལས། རེད།

དངོས་དོན་དུ་འཕོ་འགྱུར་ཕྱིན་ཚར་བ་

ད་ཆ་མི ་ མང་སྤྱི ་ གཞུང་གི ་ ལས་དོ ན ་བསྒྲུབ་དགོ ས ་པའི ་ སྤྱི འི ་ ལམ་

འདིར་ཚང་མས་གཟབ་གཟབ་བྱས་ཏེ་འགྲོ་དགོས། ང་རང་ལ་ཆ་མཚོན་ན་འ་

འུབ་འདུས་ལ་མ་འདུས་འདི་འདྲ་བྱེད་པ་ལས། ཚེ་མཇུག་འདིར་ཆོས་གཅིག་ རང་བྱས་ཏེ་སྡོད་རྒྱུ་བྱུང་ན་བསམ་པ་འདུག

ངས་བྱས་ནས་ཡག་པོ་དང༌།

འབྱོན་པོ་ཞིག་ཡོང་བསམ་པ་མི་འདུག་ཀྱང༌། ཡོང་ན་གཅིག་དང་མི་ཡོང་ན་

གཉིས་ཨུ་ཚུགས་བྱེད་དགོས་པ་འདི་ནི་ད་ལྟའི་དུས་འདིར་བོད་མི་ཚང་མས་ང་

ལ་དགའ་པོའི་སྒོ ་ནས་རེ་བ་དང་བློ་གཏད་བཅོལ་བར་བརྟེན་ང་ཚོ་ཚང་མའི་ བར་ལ་སྒྲོག་ཁ་རྒྱག་མཁན་ལྟར་སྡོད་དགོས་བྱུང་བ་ཞིག་ཡིན། 204


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཁྱེད་ཚོ་སྤྱི ་ འཐུས་ཡི ན ་པས་སྤྱི ་ མི ་ ལེ ག ས་པོ ་ ཞི ག ་བྱེ ད ་ཐུབ་པ་

དགོས།

ད་ནས་སྤྱི་མི་ཡིན་སྙམ་དུ་སྤྱིའི་ལས་དོན་ཁོ་ནར་བརྩོན་ཏེ་མི་མང་

ནས་ཡིད་ཆེས་ཆ་འཇོག་འཕེར་བ་ཞིག་དགོས་པ་མ་གཏོགས། སོ་སོའི་རིགས་

རུས་ཀྱི་བཟོ་ལྟ་བུ་རང་རང་ཡོང་ཁུངས་རེ་ཡོད་པ་དེ་གཅིག་པུའི་ཕྱོགས་ཞེན་

བྱས་ན་གྲ་འགྲིགས་པོ་ཡོང་གི་མ་རེད། ལས་དོན་གང་སར་སྤྱིའི་གཞུང་དང༌། མི་མང་ཡོངས་ཀྱི་བདེ་དོན་ཁོ་ནར་འབད་བརྩོན་བྱས་ན་ལས་དོན་གྲ་འགྲིགས་

པོ་ཡོང་གི་རེད་བསམ་གྱི་འདུག ང་ཚོའི་མི་མང་བདེ་དོན་ཆགས་འཇིག་གི་ས་

མཚམས་གལ་འགངས་ཆེན་པོར་ཐུག་ཡོད་པའི་དུས་སྐབས་འདིར་ཚང་མས་ མ་བྱས་དོགས་མེད་རུང༌།

ད་དུང་ཡང་ཡར་རྒྱས་གཏོང་ཐབས་གང་ཅིར་

གཟབ་གཟབ་ནུས་ཤུགས་ཆིག་སྒྲིལ་གནང་དགོས། ད་ལྟ་ཞུ་རྒྱུ་དེ་རང་ཡིན།”

(1)

ཞེས་ཕེབས།

ཕྱི་ལོ་ ༡༩༧༡ ཟླ་ ༧ ཚེས་ ༢༣ ཉིན་རྒྱུན་ལས་ཚོགས་འདུ་འཕར་

ཚོགས་ཐོག སྐབས་བཞི་པའི་སྤྱི་འཐུས་རྣམས་ཕྱི་ལོ་ ༡༩༧༢ ཟླ་ ༩ ནང་དུས་

ཡུན་རྫོགས་ཉེར་འདེམས་བསྐོ་ཚོགས་ཆུང་གི་ཚོགས་མིར། མི་གྲངས་དྲུག་ དང་བརྒྱད་སྣ་ཚོགས་བྱུང་ཡོད་ཀྱང༌། ད་ལམ་ཆོལ་ཁ་གསུམ་དང༌། ཆོས་ ལུགས་བཅས་པའི་སྤྱི་འཐུས་མི་བཞི་དང༌།

ལས་བྱེད་མི་གསུམ་བཅས་མི་

གྲངས་བདུན་ལ་གཏན་འབེབས་དང༌། མི་འགྲོ་རྣམས་རྒྱུན་ལས་ཚོགས་འདུའི་ ཐོ ག ་འོས ་བསྡུ་གནང་འབྲེ ལ ་འཆར་ྋསྙན་བཟོ ་ འབུལ་ཞུས་པ་བསྐོ་གཞག་ སྩལ་ཐོན་བྱུང་བ་གཤམ་གསལ། ༡༽

༢༽

ཆོས་ལུགས་ཚོགས་གཙོ་ཉི་མ་བཟང་པོ། མདོ་སྨད་འཇིགས་མེད་སྤྲུལ་སྐུ།

1 <<སྤྱི་འཐུས་དང་བཀའ་ཤག་ལ་སྩལ་བའི་བཀའ་སློབ་>>པོད་ ༡ པོའི་ཤོག་ངོས ༩༨ ཀྱི་ཡིག་ཕྲེང་དང་ པོ་ནས་གསལ། 205


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༣༽ མདོ་སྟོད་རྟ་མགྲིན་ཆོས་སྐྱིད།

༤༽ དབུས་གཙང་བློ་བཟང་དར་རྒྱས། ༥༽

ལས་བྱེད་དྲུང་ཆེ་རྒྱལ་མཚན་ཆོས་ལྡན།

༧༽

ལས་བྱེད་དྲུང་གཞོན་དགེ་འདུན་དགེ་ལེགས་བཅས་སོ།(1)

༦༽

ལས་བྱེད་དྲུང་ཆེ་བྱམས་པ་དབང་འདུས།

ཕྱི་ལོ་ ༡༩༧༡།༨།༡༦ རྒྱུན་ལས་ཚིག་ཐོའི་ནང་དུ། འདེམས་བསྐོ་

ལྷན་ཚོགས་ནས་ཕུལ་བའི་སྤྱི་འཐུས་འོས་འདེམས་སྐོར་འཆར་ཟིན་ལ་བཀའ་

བགྲོས་དོན་ཚན་གསུམ་ཁོངས་ནས་འོས་ཤོག་ནང་འོ ས་མི་འདེམས་བསྐོ་སྔོན་ མའི་འོས་ཐོན་ཁོངས་ནས་དྲག་འདེམས་དང༌། གཞན་ཡང་གསར་དུ་འཚར་

ལོ ང ས་ཡོ ད ་པའི ་ གཞོ ན ་ནུའི ་ ཁོ ང ས་ནས་འོས ་ངེ ས ་དྲག་རི ག ས་ཀྱི ་ མི ང ་ཐོ ་

བསྣན་འོས་འོས་ཤོག་མར་བཏོན་ཏེ་དེ་ཐོག་ནས་ཚང་མ་འོ ས་འདེམས་བྱ་རྒྱུ་ ཐུགས་གཏན་འཁེལ་བ་དང༌།

འདི་སྐོར་རྒྱུན་ལས་ནས་འཆར་གཞི་ཕུལ་ཏེ་

འཆར་གཞི ་ འདེ མ ས་ལྷན་ལ་གནང་མཚམས་ལག་ལེ ན ་གནང་དགོ ས ་ལྟར་ འཆར་གཞི་བསྐྱར་བཟོ་གནང་རྒྱུར་འདེམས་ལྷན་ལ་གནང༌།

ཕྱི་ལོ་ ༡༩༧༡།༨།༢༠ ཉིན་རྒྱུན་ལས་འཕར་འཚོགས་ཀྱིས་ཐག་

གཅོད་བྱུང་བ་ལྟར།

རྒྱུན་ལས་སྔོན་མར་བཀའ་བསྡུར་གྲོས་ཆོད་བཞིན་སྤྱི་

འཐུས་སྐབས་ལྔ་པ་འདེ མ ས་བསྐོའི ་ འཆར་གཞི ་ ཟི ན ་བྲི ས ་ལ་བཀའ་བཅོ ས ་

བཀའ་བསྡུར་གནང་འོ ས་གནང་སྟེ་འཆར་གཞི་གཏན་འབེབས་གནང་།(2)

ཕྱི་ལོ་ ༡༩༧༡།༨།༢༣ ཉིན་རྒྱུན་ལས་འཕར་འཚོགས་ཐོག

གོང་གསལ་འཆར་གཞི་ྋསྙན་འབུལ་དང་ྋསྙན་ཞུར་བཅར་སྐབས་སྙན་སེང་

1ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༤ ནང་གསལ།

2 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༤ ནང་གསལ། 206


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཞུས་པར་བཀའ་སློབ་ཕེབས་དོན། “ གཞོན་ནུའི་བསམ་འཆར་ལྟར་སྤྱི་འཐུས་

རིམ་པ་གོང་འོག་གི་ཚོགས་འདུ་ཞིག་བཟོས་ན་ཡག་པོ་འདུག་བསམ་པ་འདུག ཡི ན ་ཡང་ཁྱེད་ཚོ ས ་སྐྱོན་ཞི ག ་མཐོ ང ་སྟབས་སྐྱོན་དེ ་ སེ ལ ་ཕྱོ ག ས་སྐོར་གྲོས་

བསྡུར་ཇི་བྱས་ཕེབས་པར། དེ་སྐོར་གྲོས་བསྡུར་བྱུང་མ་སོང་ཞེས་སྙན་སེང་ ལ། དེ་མཛེས་བཟོལ་བྱས་པ་ལྟ་བུ་མ་རེད་པས། ང་ཚོས་མདོ་སྟོད་སྨད་ལ་

བསམ་བརྣག་བྱས་པ་མ་རེད། སྔོན་ལ་གསལ་བསྒྲགས་ཡག་པོ་ཞིག་བྱས་ཏེ་

དེ་ནས་ས་ཁུལ་ཁག་བགོས་ཀྱིས་འདེམས་རྒྱུ་བྱས་ན་ཞེས་ཕེབས་སོང་ཞེས་ ” ཚོགས་གཙོས་སྙན་སྒྲོན་དང༌། དེ་སྐྱོན་ཆ་སེལ་ཕྱོགས་གྲོས་བསྡུར་ཞིབ་

མཛད་ཀྱིས་མཐའ་དོན་འཆར་གཞི་ཟུར་ཡོད་ལ་གཏན་འཁེལ་གནང་སྟེ་འཆར་ སྙན་འབུལ་རྒྱུ་གནང༌།(1)

ཕྱི་ལོ་ ༡༩༧༡།༡༢།༦ ཆེས་མཐོའི་རྒྱུན་ལས་སྐབས་ལས་བསྡོམས་

འབུལ་ཕྱོགས་ཐག་གཅོད་བྱུང་དོན་ནི། “ ཚོགས་འདུ་སྔོན་མར་བཀའ་མོལ་

བྱུང་གསལ་ལས་བསྡོ མ ས་རྒྱས་བསྡུས་གཏོ ང ་ཕྱོ ག ས་སྐོར་བཀའ་བསྡུར་ གནང་འབྲེལ། ལས་བསྡོམས་བཟོ་ཕྱོགས་གཏན་འཁེལ་སྔོན་ཡོད་ས་བཅད་

བརྒྱད་ནས་ས་བཅད་དང་པོ་གསུམ་ཕྱོགས་གཅིག་ཏུ་བསྡུས་ཏེ་རེའུ་མིག་བཟོ་ རྒྱུ་དང༌། ས་བཅད་བཞི་པ་ལྔ་པ་གཉིས་གཅིག་ཏུ་བསྡུ་རྒྱུ། ས་བཅད་དྲུག་པ་

བདུན་པ་གཉིས ་རང་འཇགས་ཐོ ག ་བརྒྱད་པ་ཟུར་དུ་གྲོས་འཆར་མཉམ་སྙན་

འབུལ་ཞུ་ཁུལ་ལ་བརྟེན་མ་དགོ ས ་གནང་རྒྱུ་བཅས་ལས་བསྡོ མ ས་རྒྱས་

བསྡུས་འབྲིང་བ་ཞིག་བཟོས་ཏེ་འཆར་ཅན་ཞིབ་བཤེར་སྙན་འབུལ་གྱིས་ཐོག་

འཕྲལ་མར་དེ་ཁོངས་ནས་ནང་སྲིད་ཁོངས་བཟོ་གཞིས་ཐོན་སྐྱེད་དང༌། དཔལ་

འབྱོ ར ་ལས་ཁུངས་ཀྱི ་ དངུལ་རྩི ས ་སོ ག ས་ཡི ག ་ཐོ ག ་གསལ་བསྒྲགས་མ་

དགོས་པའི་རིགས་ཤོག་ལྷེ་ཟུར་འདོན་གྱིས་ངག་ཐོག་ནས་གསལ་བསྒྲགས་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༤ ནང་གསལ། 207


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གནང་རྒྱུ་ཕུད་དེ ་ བྱི ངས་སྙན་ཐོ ན ་ལྟར་ལ་དཔར་འདེ བ ས་ཀྱིས ་ཚོ ག ས་མི ་ ངོ ་ ཡོད་ལ་འགྲེམས་སྤེལ་གནང་རྒྱུ།

ཡང་ལས་བསྡོམས་ནང་ནང་སྲིད་ཀྱི་ལས་བསྡོམས་གཞིས་ཁག་གི་

སློབ་གྲྭ་སྐོར་དང༌། ཞབས་བརྟན་སྒྲུབ་ཐོ་སྐོར་སོགས་འཁོད་ཀྱི་ཡོད་པ་འདི་ རིགས་ཆོས་དོན་ནས་སྙན་སེང་གནང་དོན་གཞིས་ཁག་གི་སློབ་གྲྭའི་དགེ་རྒན་ ཆེ་མོ་(Head Master) ཆེད་འཛུགས་གཞིས་འགོར་ལས་འགན་མེད་ལུགས་

ལ་བརྟེན་ས་གནས་གཞིས་ཆགས་ལས་བསྡོམས་ནང་སློབ་གྲྭའི་སྐོར་བཀོད་མ་

དགོས་པར་ཤེས་རིག་ཁོངས་འགོད་རྒྱུ།

དེ་བཞིན་སྒྲུབ་ཐོ་ཡང་ཤེས་རིག་

ཁོ ང ས་འཁོ ད ་ཀྱི ་ ཡོ ད ་སྟབས་ནང་སྲི ད ་ཁོ ང ས་མ་དགོ ས ་པ་བཅས་ལ་གཏན་ འཁེལ་གྱིས་འཆར་སྙན་འབུལ་རྒྱུ་གནང༌།

ཡང་དེའི་སྐབས་སྤྱི་ལྷན་ནས་

གཞུང་གི ་ རྒྱལ་རྟགས་བེ ད ་སྤྱོ ད ་ཆོ ག ་དང་ཆོ ག ་མི ན ་སྐོར་བཀའ་བསྡུར་འདི ་

ལྟར་གནང་འདུག སྤྱི་ལྷན་ནས་བོད་གཞུང་གི་རྒྱལ་རྟགས་དེ་དག་འགོད་ཆོག་

དང་ཆོག་མིན་མཚམས་ཚིགས་ཨེ་ཡོད། གཞུང་འབྲེལ་ལས་ཁུངས་ཆེ་ཁག་

ནས་བཀོད་ཚེ་ལྡི་དོན་དང༌། བལ་དོན། འབྲུག་དོན། འབྲས་དོན་བཅས་ནས་

བཀོད་མི་འདུག་ཅིང༌། སྨན་རྩིས་ཡིག་ཚང་ནས་བཀོད་འདུག་པ་ཇི་འདྲ་ཡིན་ ནམ་ཞེས་དོགས་འདྲི་(འདྲིས)དང༌།

དེར་ས་གནས་དོན་གཅོད་ཁག་ནས་

གཞུང་སོ་སོས་ངོས་ལེན་ཇི་བཞིན་མེད་པའི་དཀའ་རྙོག་དང་བཅས་ཐོག་མར་ བཀོད་མ་ཐུབ། གནང༌།(1)

རྩ་བའི་སྨན་རྩིས་ནས་བཀོད་པ་དགོངས་བཞེས་གནང་རྒྱུ་

ཕྱི་ལོ་ ༡༩༧༢ ཟླ་ ༣ ཚེས་ ༡༣ ནས་ཚེས་ ༡༧ བར་ཉིན་ལྔའི་རིང་

1

ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༤ ནང་གསལ།

ལོ་འཁོར་ལས་བསྡོམས་ཚོགས་ཆེན་རྒྱས་འཛོམས་ཐེངས་གསུམ་པ་དེ་

208


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

འཚོགས་ཤིང༌། གྲོས་ཆོད་དོན་ཚན་གསུམ་ནང་གསེས་དང་བཅས་པ་བཞག་

པ་དང༌། གཞིས་ལུས་མི་མང་ལ་འཚམས་འདྲི་གནས་འཕྲིན་བཅས་བཏང༌།

ཕྱི་ལོ་ ༡༩༧༢ ཟླ་ ༤ ཚེས་ ༡༩ ཉིན་གྱི་རྒྱུན་ལས་འཕར་ཚོགས་ཐོག

འདེམས་བསྐོ་ལྷན་ཚོགས་ནས། འཐུས་མི་འོས་བསྡུ་སྐོར་རྩ་བའི་འཆར་གཞི་ ཐུགས་གཏན་འཁེལ་ཟིན་རུང༌།

གནས་ལུགས་སྙན་སེང་གནང་དོན། ༡༽

༢༽

དགེ་སྐྱོན་རྒྱས་བསྡུས་གནང་ཕྱོགས་ཀྱི་

འཆར་གསལ་མི་མང་སྤྱི་འཐུས་གོང་འོག་གཉིས་གནང་སྐབས་གཉིས་

ཀར་རང་གཞུང་ནས་འཚོ ་ ཕོ ག ས་སྩལ་དགོ ས ་དང་བཅས་ད་ཡོ ད ་ སྤྱི ་ འཐུས་ཀྱི ་ གྲངས་འབོ ར ་ནས་ཆོ ལ ་ཁ་གསུམ་ནས་རེ ་ རེ ་ ཉུང་དུ་ བཏང་ཡང་རིམ་པ་འོག་མའི་སྤྱི་འཐུས་རྣམས་ད་ཆ་ཕྱིར་འཐེན་གནང་

ལེགས་ལ་བརྟེན་འཐུས་མིའི་གྲངས་འབོར་སྔར་ལྟར་གནང་རྒྱུ་དང༌།

འཆར་གཞི་ནང་གསལ་རིམ་པ་འོག་མའི་ས་ཁུལ་སྤྱི་འཐུས་ཐད་ཝ་ར་

ཎ་སི་ནས་འགོ་བརྩམས་རང་བཙན་ལས་འགུལ་གྱི་ཐོག་ས་ཁུལ་སོ་ སོར་འཐུས་མི་ཚོགས་ཆུང་རེ་འཛུགས་གཏན་འཁེལ་བར་བརྟེན་ས་ ཁུལ་རེ་རེར་མི་འཐུས་སྡེ་ཁག་གཉིས་ཆགས་ཏེ་ཕན་ཚུན་ལས་དོན་ ལ་བྱ་དཀའ་བྱེད་གཏད་ཡོང་གཞི་དང༌། རིམ་པ་འོ ག་མའི་ས་ཁུལ་

སྤྱི ་ འཐུས་ལས་གོ ང ་གསལ་ཁྱབ་ཆེ ་ བ་ཡོ ང ་རྒྱུ་བཅས་ས་ཁུལ་སྤྱི ་ འཐུས་མ་དགོས་པ་ཕྱིར་འཐེན་གནང་རྒྱུ།

རང་བཙན་ལས་འགུལ་

ཚོགས་ཆུང་ཁག་གི་ལས་དོན་ལ་བོད་མི་མང་སྤྱི་འཐུས་ནས་འབྲེལ་ བ་གནང་རྒྱུ་ཡང༌། གཞུང་འབྲེལ་རིམ་པ་འོག་མའི་ས་ཁུལ་སྤྱི་འཐུས་ སུ་ངོས་འཛིན་མེད་པ་གནང་རྒྱུ།

༣༽ འདེམས་བསྐོ་ཞུ་ཕྱོགས། འདེམས་བསྐོ་ལྷན་ཚོགས་ནས་འོས་གཞི་ འདོན་རྒྱུ་གནང་ཡང༌། དེ་དག་རྩ་ཁྲིམས་ནང་གསལ་མེད་པ་མ་ཟད། 209


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྐབས་འདིར་འོས་གཞི་འདོན་དགོས་པའི་དགོས་པ་མ་རྟོགས་པར་

བསམ་ཕྱོགས་ལོག་པ་རེ་འགའ་ནས་མི་མང་གི་འོ ས་བསྡུའི་ཁེ་དབང་

འཕྲོ ག ་ཚུལ་གྱི ་ གླེ ང ་རྙོ ག ་ཡོ ང ་དོ ག ས་ཆེ ་ བ་བཅས་འོས ་གཞི ་ ཞེ ས ་ ཟུར་དུ་མི ང ་འདོ ག ས་ཀྱི ས ་འགྲེམས་སྤེ ལ ་མ་དགོ ས ་པར་འདེ མ ས་

ལྷན་ནས་འོས ་མི ང ་དྲག་གྲས་མྱང་ཞི བ ་ཕྱོ ག ས་བསྡུ་གནང་ནས་ཅི ་ ཡོ ད ་འོ ས ་ཤོ ག ་གི ་ རྒྱབ་ཏུ་དྲན་བསྐུལ་གྱི ་ ཚུལ་དུ་བཀོ ད ་དེ ་ འོས་

འདེམས་པ་སོ་སོས་དེ་ཁོངས་ནས་མིང་ཐོ་ཟུར་འདོན་གྱིས་མདུན་དུ་

འགོད་དམ་ཡང་ན་སྤྱི་འཐུས་ཀྱི་མཐུན་རྐྱེན་ཚང་བའི་འོས་མི་གཞན་

པ་ཇི་ཡོད་ལུགས་མཐུན་གདམ་བྱ་འདེམས་བྱེད་ཀྱི་ཁེ་དབང་མི་མང་

ལ་ཡོད་པ་གནང་རྒྱུའི་བཀོད་རྒྱ་དང༌། དེ་བཞིན་དྲིལ་བསྒྲགས་ཡིག་

ཆ་བཅས་ལ་བརྗོ ད ་སྣོན་གནང་འོས ་གནང་ལེ ག ས་བཅས་ལ་གྲོས་ འཆམས་ཀྱིས་འཆར་འབུལ་གནང་རྒྱུ་གནང་།(1)

གོང་དོན་ལ་ཕྱི་ལོ་ ༡༩༧༢ ཟླ་ ༤ ཚེས་ ༢༠ ཉིན་ཆོག་མཆན་སྩལ་ཐོན་བྱུང་

འདུག ཕྱི་ལོ་ ༡༩༧༢ ཟླ་ ༥ ཚེས་ ༡ རྒྱུན་ལས་ཚོགས་འདུ་འཕར་ཚོགས་ ཐོག

འདེམས་བསྐོ་ལྷན་ཚོགས་ནས་དགོངས་འཆར་ཞུ་དོན་དུ་རྒྱུན་ལས་

ཚོགས་འདུ་བསྐྱར་གྲོས་ཀྱིས་འཆར་གཞི་འབུལ་ལམ་ཞུས་པ་སྙན་སྒྲོན་དང༌།

འཆར་དོན་ལྟར་འདེམས་བསྐོ་ལྷན་ཚོགས་ཀྱི་གསལ་བསྒྲགས་ཡིག་ཆ་དང༌།

འོས་ཤོག་ཟིན་བྲིས། ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་ཀྱི་ འོས་མི་འདེམས་སྒྲུག་གནང་བ་བཅས་ལ་བཀའ་བསྡུར་གནང༌།

ལས་བྱེད་

ཁོངས་ནས་སྤྱི་འཐུས་ནང་བཏང་འོས་དམིགས་བསལ་གསལ་བསྒྲགས་གནང་ འོས་ཡོད་མེད་སྐོར།

འདེམས་བསྐོ་ལྷན་ཚོགས་ནས་ད་ལྟའི་ཆར་འོས་མི་

གཏོང་འོས་དེ་ཙམ་མི་འདུག་པར་བརྟེན་གསལ་བསྒྲགས་གནང་མ་དགོས་པ་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ། 210


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

གནང་རྒྱུ་ཐུགས་གཏན་འཁེལ་འདུག་ཀྱང༌། འཕྲོས་གླེང་དུ་བཀའ་མོལ་བྱུང་

བར་བརྟེན་སླར་ཡང་རྒྱུན་ལས་བཀའ་བསྡུར་གྱིས་གསལ་བསྒྲགས་མ་དགོས་ པ་ཐག་གཅོད་གནང༌།(1)

ཕྱི་ལོ་ ༡༩༧༢ ཟླ་ ༥ ཚེས་ ༢ རྒྱུན་ལས་ཚོགས་འདུ་འཕར་ཚོགས་

ཐོག་འདེམས་བསྐོའི་སྐོར་ཕྱི་ཚེས་ ༡ ཉིན་མཇུག་སྐྱོང་བཀའ་བསྡུར་གྱིས་

མཐའ་དོན། འདེམས་ལྷན་ནས་ཕུལ་བའི་སྤྱི་འཐུས་འོ ས་མིའི་དྲན་བསྐུལ་མིང་

ཐོ འི ་ ནང་ཆོ ས ་ལུགས་ཆོ ལ ་གསུམ་དང་བཅས་པའི ་ སྤྱི ་ འཐུས་མི ་ རེ ར ་དྲན་ བསྐུལ་མི ་ གྲངས་ལྔ་རེ ་ ཡོ ད ་པ་ནས་མི ་ གཉི ས ་རེ ་ ཉུང་དུ་བཏང་སྟེ་མི ་ གྲངས་

གསུམ་རེས་འཐུས་པ་གནང༌། དེ་ཡང་མིང་ཐོ་གཏན་འབེབས་གནང་བ་དང༌།

གཞན་ཡང་འདེ མ ས་ལྷན་ནས་གོ ་ སྒྲིག ་གནང་བའི་འོས ་བསྡུ་བྱེ ད་ཕྱོ གས་ཀྱི་ ཡི ག ་ཆ་ཁག་ལ་སྣོན་འཕྲི ་ སྤོ ར ་གཅོ ག ་གནང་ཏེ ་ ཡི ག ་ཆ་རྣམས་ྋསྙན་ཞུར་

བཏང་འཐུས་ཀྱིས་ཕྱིར་སློག་གནང༌།(2)

ཕྱི་ལོ་ ༡༩༧༢ ཟླ་ ༥ ཚེས་ ༡ ཉིན་སྐབས་བཞི་པའི་བོད་མི་མང་སྤྱི་

འཐུས་ཀྱི་ལས་ཡུན་ཕྱི་ལོ་ ༡༩༧༢ ཟླ་ ༩ ཚེས་ ༢ ཉིན་རྫོགས་རྒྱུར་བརྟེན་

སྐབས་ལྔ་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུའི་གསལ་བསྒྲགས་སྐབས་ ལྔ་པའི་འདེམས་བསྐོ་ལྷན་ཚོགས་ནས་གནང༌།

སྤྱི ་ འཐུས་འདེ མ ས་བསྐོ་ཞུ་ཕྱོ ག ས་སྐོར་བཀའ་ཤག་ནས་ཕྱི ་ ལོ ་

༡༩༧༢ ཟླ་ ༥ ཚེས་ ༨ ཉིན་གསལ་བསྒྲགས་གནང་བ་འདི་ལྟར། “ ༈ཆེད་དོན། སྐབས་བཞི་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་ལོ་དུས་ ༧༢ ཟླ་ ༩

ཚེས་ ༢ ནས་རྫོགས་རྒྱུར་བརྟེན་སྤྱི་འཐུས་གསར་པའི་འོས་དམིགས་འདེམས་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ། 2 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ། 211


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བསྐོ་བྱ་སྟངས་ཐད་ད་ཕན་འདེ མ ས་བསྐོ་རི མ ་པའི ་ ཉམས་མྱོ ང ་ལེ ག ས་ཆ་

ཕྱོ ག ས་བསྡུས་ཀྱི ས ་ད་ལམ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་མང་ཚོ ག ས་ལ་ དྲན་བསྐུལ་མིང་ཐོ་ངོ་སྤྲོད་ཙམ་གྱི་ཆེད་དུ་མིང་ཤོག་དང༌།

འོ ས་བསྡུ་བྱེད་

ཕྱོགས་ཀྱི་གནས་ཚུལ་ཞིབ་ཆ་གཏོང་རྒྱུར་དེ་དོན་ཚང་མས་གོ་བ་ལོག་སྒྲུབ་ཏུ་

མ་སོང་བར་སྤྱི་སྨན་དོན་ཚང་ཉམས་ལེན་ཚུལ་བཞིན་དགོས་རྒྱུ་དང༌། མ་གཞི་

ནས་བོ ད ་མི ་ མང་སྤྱི ་ འཐུས་འདི ་ བཞི ན ་གཞུང་དང་མི ་ མང་དབར་ལ་འབྲེ ལ ་ ལམ་རྒྱ་ཆེའི་ཟམ་པ་ལྟ་བུའི་གལ་ཆེར་བརྟེན་རྩ་ཁྲིམས་རིན་པོ་ཆེའི་དགོངས་

དོ ན ་རང་དབང་གཞི ་ རྩར་བཟུང་སྟེ་འོས ་བསྡུའི ་ ལས་དོ ན ་ལ་ཚང་མས་གལ་ ཆེའི་དོ་སྣང་ཟབ་ནན་དགོས་པ་བཅས་དེ་དོན་ཡིད་འཇགས་བྱེད།

དྷ་ས་

བཞུགས་སྒར་བཀའ་ཤག་ནས་ ༧༢ ཟླ་ ༥ ཚེས་ ༨ ལ་ཕུལ།།” ཞེས་གསལ།

ཡང་སྐབས་ལྔ་པའི་སྤྱི་འཐུས་འདེམས་བསྐོ་ལྷན་ཚོགས་ནས་ཕྱི་ལོ་

༡༩༧༢ ཟླ་ ༥ ཚེས་ ༡༡ ལ་འོས་བསྡུ་ཐེངས་གཅིག་གིས་འཐུས་པ་བྱ་རྒྱུ་ ཡིན་གནས་དང༌། མང་ཚོགས་ནས་དགོངས་བཞེས་སླད་དྲན་ཐོ་ཟུར་བསྐུར་ ཞུས་སྐོར།

དེ་མིན་སྤྱི་འཐུས་ཀྱི་མཐུན་རྐྱེན་ཚང་ལ་གཞུང་མང་གི་ཞབས་

འདེགས་འགྲུབ་ངེས་འོས་བསྡུ་བ་སོ་སོའི་རང་བློར་འོས་མི་ཡོད་པ་དང༌། སྤྱི་ འཐུས་བྱེད་བཞིན་པའི་ཁོངས་ནས་འོས་ཤོག་འཕེན་ན་འཐུས་སྐོར།

ཕྱི་ལོ་

༡༩༧༢ ཟླ་ ༦ ཚེས་ ༥ ཉིན་འོས་བསྡུའི་ཉིན་མོ་ཡིན་པ། དབུས་སུ་འོས་

བསྡུའི་གྲུབ་འབྲས་ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༡༠ གོང་མ་འབྱོར་ཚེ་རྩིས་ མེད་གནང་རྒྱུ་ཡིན་སྐོར་གྱི་བཀོད་རྒྱ་ཞིག་བཏང་འདུག

བཙན་བྱོལ་བོད་མིའི་(དམངས)མང་གཙོའི་འཕེལ་རིམ་ནང་མི་མང་

རང་ཉིད་ནས་དང་དུ་བླངས་ནས་བྱུང་བ་གཅིག་ནི་བོད་རང་དབང་བདེན་པའི་ ལས་འགུལ་ཚོགས་ཆུང་དེ་ཉིད་ཡིན་ཅིང༌། ལྡི་ལིར་སྔོན་འགྲོའི་ཚོགས་འདུ་

ཚོ ག ས་ཕྱོ ག ས་སྐོར་ཆེ ས ་མཐོ འི ་ རྒྱུན་ལས་སུ་བཀའ་གྲོས་བྱུང་བ་འདི ་ ལྟར། 212


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཕྱི་ལོ་ ༡༩༧༢ ཟླ་ ༦ ཚེས་ ༥ ཉིན་གྱི་ཆེས་མཐོའི་རྒྱུན་ལས་ནང༌། ཝར་ཎ་

ཚོགས་འདུའི་སྐོར་བཀའ་ཤག་ནས། ཚོགས་འདུ་དེ་དག་ཕྱི་ཟླ་ ༦ ཚེས་ ༡༣ ལ་ལྡི་ལིར་ཚུགས་རྒྱུར་གཏན་འཁེལ་ཡང༌།

རྒྱ་གར་གཞུང་ནས་ྋགོང་ས་

མཆོག་ལ་ཚོགས་འདུ་དེ་དག་བཀག་འགོག་གནང་དགོས་སྙན་སེང་སྐབས།

ྋགོང་ས་མཆོག་ནས། ཚོགས་འདུ་དེ་དག་ཕྲན་ནས་བསྐུལ་སློང་གིས་ཚོགས་

པ་ཞིག་མིན། མི་མང་རང་འགུལ་གྱིས་ཚོགས་རྒྱུར་བརྟེན་བཀག་འགོག་བྱ་

འོས ་མ་མཆི ས ་རུང་བཀའ་ཤག་ལ་བཀའ་ཁྱབ་གནང་གི ་ ཡི ན ་ཞེ ས ་བཀའ་

གནང་འདུག་པ་དང༌། དེ་འབྲེལ་བཀའ་ཤག་ལ་བཀའ་ཁྱབ་གནང་རུང༌། བཀའ་

ཤག་ནས་ཝཱ་ཎཱའི་ལས་འགུལ་བྱེད་མཁན་ཚོ་ཆེད་འགུག་ཐོག་སྤྱི་འཐུས་དང་

བཅས་བཀའ་མོལ་གནང་ཐོག སྣེ་ཤན་སྐུ་ཞབས་མ་ལིག་ཁོང་རྣམས་ཆེད་དུ་ བཀའ་མོལ་ཞུ་བཅར་སྐབས། ཚོགས་འདུ་དེ་དག་མ་འཚོགས་ན་ལེགས་ཞུ།

དེ་མིན་ “རྒྱ་གར་གཞུང་ནས་སྙིང་རྗེ་མེད་པའི་ཐོག་ནས་བཀག་འགོག་གནང་

རྒྱུ་ཐུགས་གཏན་འཁེལ་ཟིན་པ་རེད་”ཅེས་སོགས་ཞིབ་མོལ་བྱས་དོན་མཐའ་

མཇུག་ཚོགས་འདུ་དེ་དག་མ་འཚོགས་ཐབས་མེད་ཀྱི་རྒྱུ་མཚན་གསལ་ཞུའི་

ཆེད་ཕྱི་རྒྱལ་ལས་ཁུངས་སུ་ཚོགས་གཙོ་རྣམ་གཉིས་སོགས་སྤྱི་འཐུས་བཞི་ དང་ཁོང་ཚོ་ ༣ བཅས་ལྡི་ལིར་ཕྱི་རྒྱལ་ལས་ཁུངས་སུ་བཀའ་མོལ་ཞུ་བར་ གནངས་ཉིན་ཕེབས་རྒྱུ་ཡིན་ཞེས་སྙན་སེང་གནང༌།(1)

དེ ་ ཡང་སྔོ ན ་འགྲོའི ་ ཚོགས་ཆེ ན ་ནས་དང་བླངས་དཔྱ་ཁྲལ་དང་

ཕོགས་འབབ་བརྒྱ་ཆ་འཕར་འབུལ་བཅས་གཏན་འབེབས་ཇི་བྱུང་ཡོངས་ཁྱབ་ གསལ་བསྒྲགས་གནང་བ་འདི་ལྟར། “རྒྱལ་གཅེས་སེམས་ཤུགས་དང༌། ལྷག་

བསམ་རྨད་དུ་བྱུང་བ་ཝཱ་ཎཱའི་གནས་འཛིན་ཐུབ་བསྟན་འབྱུང་གནས་ལགས་

དང༌། མཐོ་རིམ་སློབ་སྤྱི་ཟམ་གདོང་རིན་པོ་ཆེ། དགེ་སློབ་ཀྱིས་མཚོན་ཝཱ་ཎཱ་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ། 213


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁུལ་གནས་འཁོ ད ་བོ ད ་རི ག ས་སེ ར ་སྐྱ་མི ་ མང་རྣམས་མ་བགྲོས་བསམ་པ་

གཅིག་མཐུན་ཐོག་ནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་འདུའི་ འབོ ད ་བསྐུལ་ཇི ་ལྟར་གནང་བ་ལྟར་མི་ མང་སྤྱི་ འཐུས་ལྷན་ཚོགས་ནས་དབུ་ ཁྲིད་ཀྱིས་བཞུགས་སྒར་དྷ་རམ་ས་ལར་སྤྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༢༢ ནས་

ཟླ་ ༧ ཚེས་ ༣༡ བར་ཉིན་བཅུའི་རིང་ལ་རྒྱ་བལ་འབྲས་འབྲུག་གིས་མཚོན་ ས་གནས་གང་དུ་གཞིས་ལམ་བཟོ་གསུམ་གྱི་ལས་རིགས་དང༌།

རང་འཚོ་

གནས་འཁོ ད ་ས་ཁུལ་སོ ་ སོ འི ་ མི ་ མང་གི ས ་ཡི ད ་ཆེ ས ་བློ་གཏད་དབང་ཚད་

སྤྲད་པའི་འཐུས་མི་རྣམས་ཚང་འཛོ མས་ཀྱིས ་གྲོས་གཞི་ དོན ་ཚན་བརྒྱད་ཀྱི་

དོ ན ་གནད་ཁག་ལ་བསམ་གྲོས་ཞི བ ་བསྡུར་ཞུས་པའི ་ གྲོས་ཆོ ད ་དོ ན ་ཚན་

བརྒྱད་སྤྱི་མོས་ཐོག་གཏན་འབེབས་ཟིན་པ་ལྟར། ས་གནས་སོ་སོའི་འཐུས་མི་ རྣམ་པས་འགྲེལ་བཤད་ཞིབ་ཕྲ་གནང་རྒྱུ་ཡང༌། ཚོགས་ཆུང་གིས་མ་ཁྱབ་པའི་

ས་གནས་གང་དུ་གནས་ཆགས་བོད་རིགས་རྣམ་པས་མཁྱེན་རྟོགས་སླད་ཆེད་ བསྒྲགས་ཞུ་རྒྱུ་གྲོས་ཆོད་ཀྱི་དོན་ཚན་གཅིག་ལ་སྤྱི་ལོ་ ༡༩༥༩ ནས་བཟུང་ད་

བར་རང་གཞུང་གིས་བོད་རང་དབང་བསྐྱར་གསོ་དང༌། གཞིས་བྱེས་བོད་མིའི་ འཕྲལ་ཕུགས་བདེ ་ དོ ན ་རྩ་བར་སྤྱི་ ནོ ར ་ྋགོ ང་ས་ྋསྐྱབས་མགོ ན ་ཆེ ན ་པོ འི ་

དབུ་ཁྲིད་འོག་ཕྱག་ལས་རྒྱ་ཆེ་གནང་དང་གནང་བཞིན་པའི་གྲུབ་འབྲས་ཀྱང་

གསལ་པོར་ཐོན་དང་ཐོན་བཞིན་པ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ནས་ཚང་

མས་དགོངས་པར་གསལ་རྟོགས་ཡོད་པ་དེ་ལྟར་ཡང༌། ང་ཚོའི་དགྲ་ཕྱོགས་ཀྱི་ གཡོ་འཕྲུལ་ནུས་ཤུགས་དང༌། བོད་ནང་གི་རང་རིགས་སྤུན་ཟླ་རྣམས་བཙན་

གནོན་གདུག་རྩུབ་དམྱལ་ཁམས་མི་ཡུལ་དུ་མྱོང་བཞིན་པ་དང༌། ཆོས་ལྡན་ རྒྱལ་ཁབ་འཛུགས་བསྐྲུན། ཆོས་ལྡན་མི་རིགས་སྲུང་སྐྱོབ་བཅས་ཀྱི་ལས་དོན་

ཡར་རྒྱས་ནུས་ཤུགས་ཛ་དྲག་གི ས ་འདོ ན ་དགོ ས ་པའི ་ བསམ་ཚུལ་གཅི ག ་ མཐུན་བྱུང་སྟེ་ནུས་ཤུགས་ཐོན་ཐབས་སུ་བཟོ་བྱེད་པར་སོལ་བའི་དཔེ་བཞིན་ 214


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

དཔལ་འབྱོར་གྱི་ལྡེངས་པ་ཞིག་དགོས་པ་དང༌། མི་མང་གི་གཞུང་དེ་མི་མང་ རང་གིས་སྐྱོང་དགོས་པར་སོང་བོད་རིགས་མཆིས་སོ་ཅོག་ནས་ཟླ་རེ་སྒོར་རེ་

དང༌། ལྷག་པར་མཐོ་རིམ་དང༌། གཞི་རིམ་སློབ་གྲྭའི་དགེ་རྒན། དེ་མིན་གཞུང་

སྒེར། བཟོ་གྲྭ་བཅས་ཀྱི་ནང་ཡོད་པའི་བོད་རིགས་རྣམས་ནས་རང་གཞུང་གི་

ལས་བྱེད་དང་མཚུངས་པ་སོ་སོའི་ཕོགས་ཐོབ་ནས་ཟླ་རེ་བརྒྱ་ཆ་གཉིས་རེ། མཉམ་འབྲེལ་ལམ་སྒེར་ཁག་གིས་བཙུགས་པའི་བཟོ་གྲྭ་ཁག་དང༌།

བོད་

རིགས་འབྱོར་ལྡན་རྣམས་ལ་འཕར་མའི་འབོད་བསྐུལ་ཞུ་རྒྱུའི་གྲོས་ཆོད་བྱུང་

སོང་ན་ཚོགས་ཆུང་གིས་མ་ཁྱབ་ཅིང༌། ཁ་འཐོར་ས་གནས་ཁག་གི་བོད་མི་ རྣམ་པས་གྲོས་གཞི ་ གྲོས་ཆོ ད ་སྐོར་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་སུ་

འབྲེལ་བ་ཞུས་ཏེ་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན།

བོད་རང་དབང་བདེན་པའི་ལས་འགུལ་སྔོན་འགྲོའི་ཚོགས་ཆེན་ནས་

ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༣༡ ལ།། “ ཞེས་གསལ།(1)

དེ ་ བཞི ན ་བོ ད ་མི འི ་ རང་དབང་གསར་ཤོ ག ་ཏུ་ཚོ ག ས་འདུའི ་ སྐོར་

བཀོད་པ་འདི་ལྟར།

“བོད་རང་དབང་བདེན་པའི་ལས་འགུལ་སྔོན་འགྲོའི་

ཚོ ག ས་ཆེ ན ་གྱི ་ཞིབ ་ཕྲའི་ གནས་ཚུལ་ཝཱ་ར་ཎཱ་སི་ ཁུལ་གནས་འཁོད་བོད་མི ་

སེར་སྐྱ་སྤྱི་ནས་ལྷག་བསམ་གྱི་ཀུན་ནས་བླངས་ཏེ་དཀའ་ངལ་འཛེམས་མེད་ ཀྱི་འབོད་བསྐུལ་ཐབས་ཤེས་རྒྱ་ཆེ་གནང་འབྲས་སུ། རྒྱ་བལ་འབྲས་འབྲུག་

སོགས་སུ་གནས་ཆགས་བོད་མིའི་སྡོད་སྒར་ཡོད་དོ་ཅོག་ནས་སྤྱི་མོས་དྲག་

འདེ མ ས་འོས ་བསྡུ་བྱས་པའི ་ འཐུས་མི ་ བརྒྱ་དང་བཅུ་སྐོར་བོ ད ་རང་དབང་

བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་འདུ་ཞིག་བོད་མི་མང་སྤྱི་འཐུས་

ལྷན་ཚོགས་ཀྱི་དབུ་འཁྲིད་འོག་བཞུགས་སྒར་དྷ་རམ་ས་ལར་ཕྱི་ལོ་ ༡༩༧༢

ཟླ་ ༧ ཚེས་ ༢༢ ནས་ཟླ་ ༧ ཚེས་ ༣༡ བར་ཉིན་བཅུའི་རིང་སྔ་དྲོ་ཆུ་ཚོད་ 1བོད་མིའི་རང་དབང་ཕྱི་ལོ་ ༡༩༧༢།༨།༡༡ ཤོག་གྲངས་བདུན་པར་གསལ། 215


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དགུ་པ་ནས་བཅུ་གཉིེས་བར་དང༌། དགོང་དྲོ་ཆུ་ཚོད་གསུམ་པ་ནས་དྲུག་པ་

བར་ཚོགས་ཆེན་རྒྱས་འཛོམས་གནང་ཞིང༌། དེ་ཡང་ཉིན་དང་པོ་སྟེ་ཚེས་ ༢༢

ཉི ན ་ཚོ ག ས་འདུ་དབུ་འཛུགས་ཀྱི ས ་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་ཀྱི ་

ཚོ ག ས་གཙོ ་ ཉི ་ མ་བཟང་པོ ་ མཆོ ག ་ནས་ཚོ ག ས་འདུ་དབུ་འབྱེ ད ་ཀྱི ་ གསུང་ བཤད་དང༌། དེ་ནས་ཚོགས་སྐོང་(བཀོང)འགན་བྱེད་དགེ་ཐུབ་བསྟན་འབྱུང་

གནས་ནས་ལགས་ཚོགས་འདུ་འདི་འདྲ་ཞིག་འཚོགས་དགོས་རྒྱབ་ལྗོངས་ཀྱི་

རྒྱུ་མཚན་དང་འབོད་བསྐུལ་གནང་སྟངས་སོགས་ཀྱི་གསུང་བཤད་གནང༌། དེ་

རྗེས་ཝཱ་ཎ་མཐོ་སློབ་སློབ་སྤྱི་ཟམ་གདོང་རིན་པོ་ཆེ་ནས་ཚོགས་འདུའི་དགོས་ པ་རྒྱུ་མཚན།

འཕྲལ་ཡུན་ལག་ལེན་བསྟར་ཕྱོགས་བཅས་ཀྱི་སྐོར་གསུང་

བཤད་གནང༌། ཉིན་རྒྱབ་ཆོས་དོན་བཀའ་བློན་འོ ད་ཟེར་རྒྱལ་མཚན་མཆོག་

ནས་ད་བར་རང་གཞུང་གི་ཆབ་སྲིད་ཀྱི་མཛད་འགན་དང༌། བོད་མིའི་སྲིད་དོན་

གྱི་ངོ་སྤྲོད།

ལྷག་པར་ཆབ་སྲིད་ཀྱི་ངོ་བོ་ལྡན་པའི་ཕྱི་འབྲེལ་སྲིད་བྱུས་སྐྱོང་

སྟངས། ནང་ཁུལ་སྤྱི་སྙོམས་གཟིགས་སྐྱོང་གནང་སྟངས་སོགས་ཀྱི་གསལ་ བཤད་ཞིབ་རྒྱས་གནང༌།

དེ་རྗེས་ཚོགས་སྐོང་(བཀོང)འགན་བྱེད་རྣམ་པ་

ཕྱོ ག ས་བགོ ས ་གྱི ས ་ས་གནས་ཁག་ཏུ་དྲིལ་བསྒྲགས་ལ་ཕེ བ ས་པའི ་ ལས་ བསྡོམས་ཁུངས་སོ་སོ་ནས་རེ་རེ་བཞིན་སྙན་སྒྲོན་གནང༌།

ཚེས་ ༢༣ ཉིན་ལས་བསྡོམས་མཇུག་སྐྱོང་དང༌། ཚོགས་འཐུས་ཁག་

ནས་དགོངས་འཆར་ཇི་ཡོད་རེ་རེ་བཞིན་གནང༌།

ཚེས་ ༢༤ ཉིན་གྲོས་གཞི་དོན་ཚན་དང་པོ་དང་གཉིས་པའི་སྐོར་ཉེ་

སྔོན་སྤྱི་འཐུས་རྣམ་པ་དང༌།

ཝཱ་ཎ་ཚོགས་སྐོང་(བཀོང)འགན་བྱེད་བཅས་

ཀྱི ས ་སྙན་ཕུལ་དོ ན ་གནད་ཁག་སོ ག ས་ལ་ཤུགས་སྣོན་གནང་ཕྱོ ག ས་སྐོར་

དང༌། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་འབོད་བསྐུལ་ཞུ་ ཕྱོགས་སྐོར་བཀའ་བསྡུར་གནང༌།

216


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཚེས་ ༢༥ ཉིན་གྲོས་གཞི་དོན་ཚན་གསུམ་པ་རྒྱལ་ཚོགས་སུ་བོད་

མིའི་བདེན་པའི་དག་སྐྱེལ་ཞུ་ཕྱོགས་ཐབས་ཤེས་སྐོར་དང༌། དོན་ཚན་བཞི་པ་ རྒྱ་གར་གཞུང་ནས་བཙན་བྱོལ་བོད་གཞུང་ངོས་ལེན་གནང་ཕྱོགས་སྐོར། དོན་

ཚན་ལྔ་པ་རྒྱ་གར་གཞུང་མང་ཡོ ང ས་ལ་བོ ད ་མི ་ མང་གི ་ རེ ་ དོ ན ་གསལ་པོ ་

འབོད་བསྐུལ་ཞུ་ཕྱོགས་སྐོར་བཅས་བཀའ་བསྡུར་གནང༌།

ཚེས་ ༢༦ ཉིན་གྲོས་གཞི་དོན་ཚན་དྲུག་པ་གོང་གསལ་དོན་ཚན་

རྣམས་རང་གཞུང་ནས་ཕྱག་ལེན་བསྟར་མུས་ལ་རྒྱབ་སྐྱོར་ཚགས་ཚུད་འབྱུང་ ཆེ ད ་སྤྱི ་ འཐུས་ལྷན་ཁང་གི ་ དབུ་ཁྲི ད ་འོག ་བོ ད ་མི ་ གནས་ཡུལ་ཁག་ཏུ་མི ་

འབོར་མང་ཉུང་ལ་གཞིགས་པའི་ཚོགས་ཆུང་སྒྲིག་འཛུགས་ཞུ་ཕྱོགས་དང༌། སྤྱི་འཐུས་ལྷན་ཁང་གི་བཀའ་དགོངས་དང་བསྟུན་པས་ས་ཁུལ་སོ་སོར་ལས་ དོན་སྒྲུབ་ཕྱོགས་སྐོར་བཀའ་བསྡུར་གནང༌།

ཚེས་ ༢༧ ཉིན་གོང་གསལ་དོན་ཚན་དྲུག་པའི་སྐོར་དང༌། དོན་ཚན་

ཚེས་ ༢༨ ཉིན་གྲོས་ཆོད་ཟིན་འགོད་གནང་མཁན་ཟུར་འཚོགས་

ཚེས་ ༢༩ ཉིན་ས་གནས་ཁག་ཏུ་ཚོགས་ཆུང་འཛུགས་རྒྱུའི་སྒྲིག་

གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་ཐོག་དགོངས་འཆར་དགོངས་ དོན་གྲོས་ཆོད་ཟིན་འགོད་ཞུ་མིའི་ཚོགས་ཆུང་ཆེད་འཛུགས་ཞུས།

གནང་ཞིང༌། ཚོགས་འཐུས་བྱིངས་རྣམས་ནས་མ་འོངས་འགྲོ་སོང་ཡོང་ཁུངས་ ད་ལྟ་ནས་མིག་རྒྱང་རིང་པོས་དགོངས་བཞེས་སྐོར་གྱི་བཀའ་བསྡུར་གནང༌། གཞིའི་ཟིན་བྲིས་བཟོ་རྒྱུར་སྤྱི་འཐུས་རྣམ་པ་དང༌།

ཚེས་ ༢༧ ཉིན་ཟུར་འཛུགས་ཞུས་པའི་ཚོགས་ཆུང་ནས་འགན་

བཞེས་གནང་རྒྱུའི་ཐག་གཅོད་གནང༌། གྲོས་གཞི་དོན་ཚན་བདུན་པའི་བཀའ་ མོལ་འཕྲོ་སྐྱོང་ཞུ་དགོས་ཞུས།

217


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚེས་ ༣༠ ཉིན་ད་ལམ་གྱི་ལས་འགུལ་འདི་དག་ཇི་སྲིད་དམིགས་

ཡུལ་མ་འགྲུབ་བར་དུས་ཡུན་རིང་ཐུང་དང༌། ཚ་གྲང་དཀའ་སྡུག་ཇི་འདྲ་བྱུང་

ཡང་ཐབས་ཕྱོ ག ས་གཅིག ་གྱུར་ཁ་ཞེ་ ངོ ་ ལྐོག ་མེད་པ་ལུས་སྲོ ག་ལོངས་སྤྱོ ད་ དང་བཅས་པ་བློས་བཏང་ཁས་ལེ ན ་ཞུས་པ་བཞི ན ་དངོ ས ་དོ ན ་ལག་ལེ ན ་

སྙུགས་སྲིང་བསྟར་ཕྱོགས་སྐོར་བཀའ་བསྡུར་དང༌། གྲོས་ཆོད་ཟིན་བྲིས་དོན་

ཚན་བརྒྱད་དང༌། ནང་གསེས་དོན་ཚན་གཉིས་པ། གསུམ་པ། བཞི་པ། ལྔ་པ་ བཅས་ཀྱི་གྲོས་ཆོད་ྋསྙན་ཞུ།

ས་ཁུལ་ཚོགས་ཆུང་འཛུགས་ཕྱོགས་སྐོར་

ཚོགས་ཆུང་ཟུར་འདེམས་ནང་སྒྲིག་གཞི་དོན་ཚན་བཅུ་གཅིག་འཁོད་པའི་ཟིན་ བྲི ས ་ལ་ཚོ ག ས་ཆེ ན ་ནས་ཚི ག ་དོ ན ་རེ ་ རེ ་ བཞི ན ་སྣོན་འཕྲི ་ བྱེ ད ་འོས ་བཀའ་ བསྡུར་གནང༌།

ཚེས་ ༣༡ ཉིན་གོང་གསལ་གྲོས་གཞི་གྲོས་ཆོད་དང༌། སྒྲིག་གཞི།

ྋསྙན་ཞུ་བཅས་པར་མི་འཐུས་རྣམ་པས་ས་རྟགས་བཀོད། དེ་ནས་ཚོགས་

འདུ་བ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཇལ་ཁ་དང༌། ྋགོང་ས་ མཆོག་ནས་ད་ལམ་སྤྱི་དོན་ཁོ་ནར་ཉིན་མང་གོ་བསྡུར་ལྷུགས་པོ་དོན་ཕན་གང་

ལེ ག ས་བྱུང་འདུག་ལ་སོ ག ས་པའི ་ དགྱེ ས ་བརྩེ འི ་ གསུང་གི ་ དབུགས་དབྱུང་ བཀའ་དྲིན་སྩལ།

དེ ་ ནས་སླར་ཡང་ལྷན་འཛོ མ ས་ཀྱི ས ་བྱུང་སོ ང ་རྩི ས ་ཁྲའི ་ སྐོར་སྙན་

སྒྲོན་གནང་བའི་རྗེས།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་ཉི་མ་བཟང་པོ་

མཆོག་ནས་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང༌།

དགོང་དྲོ་བཀའ་ཤག་

ནས་ཚོགས་བཅར་བ་ཡོངས་ལ་གསོལ་སྟོན་འབུལ་གཤོམས་ཀྱིས་བདེ་སྲུང་

དང་ནང་སྲིད་བཀའ་བློན་དབང་འདུས་རྡོ་རྗེ་མཆོག་ནས་ཚོགས་འདུ་གྲ་རྟེན་ ལེགས་འགྲིགས་བྱུང་བ་སོགས་ཀྱི་གསུང་བཤད་གནང༌། དེ་རྗེས་རང་གཞུང་

བཀའ་ཤག་ནས་ཝཱར་ཎཱ་དགེ ་ ཐུབ་བསྟན་འབྱུང་གནས་ལ་མཇལ་དར་ཨ་ཤེ ་ 218


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

དང༌། སྐུ་པར་མཚན་ཡིག་འབྱར་མ། གནང་ཆ་ཐེར་མའི་ཤམ་ཐབས་དྲ་གདན་

ཁ་གསར་གཅིག་དང༌། རྒྱུ་མཚུངས་གཟན། སྤོབས་ལེན་སེར་པོའི་རྔུལ་ལེན་ གཅིག་གནང་ཞིང༌། སློབ་སྤྱི་ཟམ་གདོང་རིན་པོ་ཆེར་མཇལ་དར་ཨ་ཤེ་དང༌།

དགེ་སློབ་བྱིངས་ལ་མཇལ་དར་ཟུབ་ཕྱེ་རེ། མཐོ་རིམ་སློབ་གྲྭའི་སྤྱི་ཁྱབ་དགེ་

སློབ་དང་བཅས་པར་བསྔགས་བརྗོད་ཀྱི་བཀའ་ཤོག་བཅས་གསོལ་རས་དང་ འབྲེལ་ཆོས་དོན་བཀའ་བློན་འོ ད་ཟེར་རྒྱལ་མཚན་མཆོག་ནས་ཐུགས་རྗེ་ཆེ་ཞུ་ གནང་ནས་ཚོགས་འདུ་རྒྱལ་ཁའི་ངང་གྲོལ།”

(1)

ཚོགས་འདུའི་ཐོག་གྲོས་གཞི་དང་གྲོས་ཆོད་དོན་ཚན་བརྒྱད་བཞག་

པ་འདི་ལྟར། “ ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༢༢ ནས་ཟླ་ ༧ ཚེས་ ༣༡ བར་

བཙན་བྱོ ལ ་བོ ད ་མི ་ གནས་ཡུལ་ས་ཁུལ་ཁག་གི ་ དབང་ཚད་ལྡན་པའི ་ མི ་

འཐུས་མིང་རྟགས་གཤམ་གསལ་རྣམས་ཚང་འཛོམས་ཀྱིས་བསམ་ཞིབ་གྲོས་ བསྡུར་ནན་ཏན་བགྱིས་པའི་གྲོས་ཆོད།

ང་ཚོ འི ་ ཕ་ཡུལ་བོ ད ་ལྗོ ང ས་ཆོ ས ་ལྡན་གྱི ་ ཞི ང ་སར་རྒྱ་དམར་གུང་

བྲན་ཏང་གི ས ་དྲག་པོ འི ་ བཙན་འཛུལ་བྱས་ཏེ ་ ྋརྒྱལ་བསྟན་ཆབ་སྲི ད ་དང་ བཅས་པ་རྩ་མེ ད ་དུ་བཏང་བས་མ་ཚད་གཞི ས ་ལུས་རྒྱ་ཆེ འི ་ སྤུན་ཟླ་མི ་ མང་

རྣམས་དམྱལ་ཁམས་མི་ཡུལ་དུ་མྱོང་བ་ལྟ་བུའི་སྡུག་བསྔལ་མནར་གཅོད་ཁྲག་

གི ་ འབབ་རྒྱུན་དུས་ད་ལྟ་ཡང་ཚད་མེ ད ་དུ་མྱོ ང ་བཞི ན ་པ་ལས་གྲོལ་ཐབས།

ལྷག་པར་བོ ད ་རང་དབང་རང་བཙན་ལོ ན ་ཐབས་སུ་རང་གཞུང་ནས་ཕྱི ་ ནང་ གསང་གསུམ་ལས་ཐབས་སྣ་ཚོ ག ས་ཀྱི ་ སྒོ ་ ནས་ཐབས་ཤེ ས ་འབད་བརྩོ ན ་

གནང་བཞིན་པ་དེ་ལྟར་ཡང༌། རང་ཅག་བོད་མི་མང་ཚོགས་ཀྱི་ངོས་ནས་ད་

བར་ལས་དོན་འདིའི་སྐོར་རང་གཞུང་གི་མཛད་བྱུས་ལ་རམ་འདེགས་ནུས་པ་

ཐོན་པ་ཞིག་བྱུང་མི་འདུག་སྟབས།

ཝཱ་ར་ཎཱ་སིའི་ཁུལ་གནས་འཁོད་བོད་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༢།༨།༢༥ ཤོག་གྲངས་ ༩ ནས་ ༡༠ བར་གསལ། 219


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རིགས་མི་མང་རྣམས་སྔ་ལོ་ ༡༩༧༡ ཟླ་ ༡༢ ཚེས་ ༢༣།༢༥ སོ་སོར་ཚོགས་

འཛོ མ ས་གྲོས་བསྡུར་ཞི བ ་ཞུས་རྡོ ་ དོ ན ་བོ ད ་རང་དབང་བསྐྱར་གསོ འི ་ ལས་

འགུལ་འདི་དག་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་ཀྱི་འཁུར་དུ་བབ་པའི་

བསྒྲུབ་བྱ་སྙི ང ་པོ ་ དེ ་ ལས་མེ ད ་གཤི ས ་དེ ་ དོ ན ་ལག་ལེ ན ་བསྟར་ཕྱོ ག ས་རང་ རིགས་མང་ཚོགས་ལ་འབོད་བསྐུལ་ཞུས་འཐུས་བོད་མི་མང་སྤྱི་འཐུས་ལྷན་

ཚོགས་ལ་དགོངས་བསྐོར་ཐོག རང་གཞུང་དང༌། སྤྱི་ལྷན་གྱི་རྒྱབ་སྐྱོར་ལམ་

སྟོན་མཐུན་འགྱུར་དང་འབྲེལ་བོད་རིགས་གནས་འཁོད་ཀྱི་ས་གནས་སོ་སོར་

མི་འགྲོ་ཆེད་བཅར་གྱིས་ ༡༩༧༡ ཟླ་ ༧ ཚེས་ ༡༣་་་་༢༥ འཁོད་པའི་གྲོས་

དོ ན ་པར་མ་འགྲེམས་སྤེ ལ ་ཞུས་པའི ་ དོ ན ་ཚན་ཁག་གཞི ར ་བཟུང་ལ་བསམ་

གྲོས་མོལ་བསྡུར་ཞུས་པར་སྙིང་སྟོབས་དང༌། ལྷག་བསམ་གྱེན་དུ་འཕྱུར་བའི་ རྒྱ་ཆེའི་མང་ཚོགས་ནས་དགའ་མོས་དགོངས་དབྱངས་གཅིག་མཐུན་བྱུང་བ་

ལྟར་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་ཀྱི ་ དབུ་འཁྲི ད ་དང་འབྲེ ལ ་བོ ད ་རང་

དབང་བདེ ན ་པའི ་ ལས་འགུལ་གྱི ་ མི ་ མང་ཚོ ག ས་ཆེ ན ་ཐེ ང ས་དང་པོ ་ ཕྱི ་ ལོ ་

༡༩༧༢ ཟླ་ ༦ ཚེས་ ༡༥ ནས་ཚེས་ ༢༡ བར་རྒྱ་གར་རྒྱལ་ས་ནེའུ་ལྡི་ལིར་ བསྐྱང་རྒྱུ་ཐུགས་གཏན་འཁེལ་བ་ཚང་མས་མཁྱེན་ཆུབ་དེ་ལྟར་ཡང་རྒྱ་གར་

གཞུང་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ད་ལམ་གྱི་ཚོགས་ཆེན་འདི་

བཞིན་མཚམས་འཇོག་དགོས་ལུགས་མི་མང་ལ་བཀའ་ཁྱབ་ཡོང་བ་ཞེས་ཐད་ ཀར་ྋསྙན་སེང་ཞུས་པར་ང་ཚོར་རང་གཞུང་བཀའ་ཤག་ནས་རྒྱ་གར་གཞུང་

གི་དགོངས་ཚུལ་རྣམས་འགྲེལ་བཤད་གནང་བར་བོད་མིའི་བདེན་པའི་ལས་

འགུལ་འདི་དག་མཚམས་འཇོག་ཞུ་ཐབས་རྩ་བ་ནས་མེད་སྟབས་ཚོགས་འདུ་

ཚོགས་འཐུས་ཡོང་བ་དང༌། གལ་སྲིད་དགོངས་བཞེས་དོན་ཐོབ་མ་གྱུར་ཚེ་

གུས་ཚོ་ལྡི་ལིར་ངོ་བཅར་ཆོག་པ་ཞེས་དྷ་སར་གཏན་བཞུགས་རྒྱ་གར་གཞུང་

གི་སྣེ་ཤན་པ་སྐུ་ཞབས་ཨིན་དྲ་མ་ལིག་བརྒྱུད་གནས་ལུགས་ཞིབ་ཞུས་མཐར་ 220


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ལྡི་ལིར་བཅར་རྒྱུ་སོགས་བཀའ་ཤག་ནས་ནང་མའི་སློབ་སྟོན་གནང་བ་ལྟར་

ཐུགས་གཏན་འཁེལ་ཏེ་སྤྱི་འཐུས་ལྷན་ཁང་དང༌། ཝཱ་ཎཱ་ཚོགས་བསྐོང་འགན་

འཛིན་ཚོགས་ཆུང་བཅས་ཀྱི་ཐོག རྒྱ་གར་གཞུང་དང་ཆེད་བཅར་འཐུས་མིའི་ དབར་བཀའ་མོལ་ཞུ་སྐབས་ཐལ་ཆ་སོགས་མི་འབྱུང་ཆེད།

ྋགོང་ས་

ྋསྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ཆོས་དོན་བཀའ་བློན་འོ ད་ཟེར་

རྒྱལ་མཚན་བཅས་ལྡི་ལི ར ་ཆེ ད ་ཕེ བ ས་གནང་དོ ན ་རྒྱ་གར་ཕྱི ་ རྒྱལ་ལས་ ཁུངས་ཀྱི ་ ཟུང་འབྲེ ལ ་དྲུང་ཆེ ་ དང་མཇལ་འཕྲད་ཐེ ང ས་གཉི ས ་ཞུས་ཐོ ག ་རྒྱ་

གར་སྲིད་བློན་ཨིན་དྲ་གྷནྡིའི་མཚན་ཐོག་ྋསྙན་ཞུ་བཅས་ཕུལ་ཏེ་མཐའ་དོན་

སྙི ང ་པོ ར ་དགག་དགོ ས ་རྒྱུ་མཚན་དུ་མའི ་ དབང་གི ས ་ཚོ ག ས་ཆེ ན ་ལྡི་ལི ར ་

ཚོགས་རྒྱུ། གནས་སྐབས་ཕར་འགྱངས་ཞུ་རྒྱུ་ཞུས་ཏེ་དེའི་དབར་བོད་མི་མང་

ཚོ ག ས་ལ་གནས་ཚུལ་གསལ་བཤད་ཞུ་སླད་སྔོ ན ་འགྲོའི ་ ཚོ ག ས་འདུ་ཞི ག ་ ཚུགས་རྒྱུ་ཞུས་པར་རྒྱ་གར་གཞུང་ནས་དེ ་ དོ ན ་མོ ས ་མཐུན་བྱུང་དོ ན ་ལྟར་ བཞུགས་སྒར་དྷ་རམ་ས་ལར་ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༢༢ ནས་ཚེས་ ༣༡

བར་ཉིན་ ༡༠ རིང་ཚོགས་མི་རྣམས་བསམ་གྲོས་གཟབ་ནན་ཞུས་པའི་གྲོས་ ཆོད་གཤམ་གསལ།

༡༽ གྲོས་གཞི་དོན་ཚན་དང་པོ། ཉེ་སྔོན་སྤྱི་འཐུས་ལྷན་ཁང་དང༌། ཝཱ་ཎཱ་

ཚོགས་བསྐོང་འགན་འཛིན་བཅས་ལྡི་ལིར་ཆེད་བཅར་སྐབས་རྒྱ་གར་གཞུང་

ལ་ཕུལ་བའི ་ སྙན་ཞུའི ་ དོ ན ་གནད་ཁག་དང་བཀའ་བསྡུར་ཇི ་ བྱུང་བཅས་ལ་ ཤུགས་སྣོན་མཇུག་སྐྱོང་གནང་ཕྱོགས་སྐོར། ཉེ་སྔོན་བོད་མི་མང་སྤྱི་འཐུས་ རྣམ་པ་དང༌། ཝཱར་ཎཱའི་ཚོགས་བསྐོང་འགན་འཛིན་བཅས་ལྡི་ལིར་ཆེད་ཕེབས་

ཀྱིས་རྒྱ་གར་གཞུང་ལ་ཕྱི་ལོ་ ༡༩༧༢ ཟླ་ ༦ ཚེས་ ༡༣ འཁོད་པའི་བོད་དོན་ སྐོར་ཕུལ་བའི་སྙན་ཞུའི་དོན་གནད་ཁག་ལ་དགོངས་བཞེས་ཕྱག་ལེན་འཕྲལ་

ལ་འཁེ ལ ་བའི ་ རྒྱབ་སྐྱོར་སྙན་ཞུ་ཞི ག ་ད་ལམ་ཚོ ག ས་འདུ་འདི ་ ནས་ཕུལ་ཏེ ། 221


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དེའི་ངོ་བཤུས་རེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་

བཀའ་ཤག ལྡི་ལི་རྒྱལ་ཡོངས་བོད་དོན་ཚོགས་པ་བཅས་ལ་འབུལ་རྒྱུ་དེ་དག་

ལ་དགོངས་བཞེས་དོན་སྨིན་མ་བྱུང་ཚེ་བོད་མི་མང་སྤྱི་འཐུས་ལྷན་ཁང་དང༌།

ས་ཁུལ་སོ་སོའི་སྒྲིག་འཛུགས་ཚོགས་ཆུང་གིས་འགན་བཞེས་ཀྱིས་ས་གནས་

སོ ་ སོ འི ་ མི ་ མང་ནས་ད་ལམ་ཚོ ག ས་འདུ་འདི ་ ཐོ ག ་ནས་ཕུལ་བའི ་ སྙན་ཞུར་

བཀའ་ལན་བཟང་པོ་འཕྲལ་སྩོལ་ཡོང་བའི་ཞབས་བསྐུལ་སྙན་ཞུ་འབུལ་རྒྱུ། དེ་

དོན་དགོངས་བཞེས་དོན་སྨིན་མ་བྱུང་ཚེ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས་ཐབས་ཤེ ས ་ལེ ག ས་ཆ་སྐོར་ཕྱོ ག ས་དགོ ང ས་བཞེ ས ་ཀྱི ས ་ལམ་སྟོན་ཇི ་

བྱུང་སྐབས་འཕྲལ་ཕྱག་ལེན་བསྟར་ཐབས་གནང་རྒྱུ།

༢༽ འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང་འཐུས་མིའི་རྒྱལ་

ཁབ་ཚང་མར་བོད་དོན་སྐོར་ ༡༩༥༩། ༡༩༦༡། ༡༩༦༥ བཅས་སོ་སོའི་ཐག་ གཅོད་བྱུང་བའི་འགྲོ་བ་མིའི་ཀུན་སྤྱོད་ཀྱི་ཐོབ་ཐང་དང༌། རང་ཐག་རང་གཅོད་

ཀྱི་ཐོབ་ཐང་བཅས་ལ་སྲུང་སྐྱོབ། བོད་མིས་དུས་ད་ལྟའང་མྱོང་བཞིན་པའི་མི་ སྤྱོ ད ་ལས་འདས་པའི ་ བཙན་གནོ ན ་གདུག་རྩུབ་ཅི ་ ཆེ ་ འདི ་ དག་འཕྲལ་ལ་ མཚམས་འཇོག་ཡོང་ཐབས་བཅས་སུ། རྒྱལ་ཚོགས་ཚུགས་ཚེས་དང་སྟབས་

བསྟུན་གྱིས་བོད་དོན་བདེན་པ་དག་སྐྱེལ་ཀྱི་ལོ་རྒྱུས་དང༌། བོད་གཞིས་བྱེས་

ཀྱི་དངོས་ཡོད་གནས་ཚུལ་འཁོད་པའི་ཡིག་ཆ་ཁུངས་ལྡན་ཕྱོགས་བསྒྲིགས་

དབྱིན་ཡིག་ཐོག་ཕབ་བསྒྱུར་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་དང༌།

འཐུས་མི འི ་ རྒྱལ་ཁབ་ཁག་ལ་ཕུལ་ཐོ ག ་བོ ད ་དོ ན ་སྐོར་རྒྱབ་སྐྱོར་དགོ ང ས་ བཞེས་ཡོང་བའི་སྙན་ལྕག་ཞུ་བསྐུལ་གྱིས་འབྲེལ་བ་བྱ་ཡུལ་གྱི་དགོངས་ཚུལ་ རྣམས་སྤྱི་ལྷན་དུ་གནས་ཚུལ་འབུལ་དགོས་པའི་ཨ་རིའི་དོན་གཅོད་ལ་བཀའ་

ཁྱབ་མཛད་འོས་ཇི་དགེ་རང་གཞུང་ནས་ཐུགས་འཁུར་བསྐྱེད་བཞེས་ཡོང་བ་

དང༌། དེ་མཚུངས་ཡིག་ཆ་དེ་དག་རིན་མེད་དམ། རིན་གོང་གང་ཆུང་ཐོག་ཤེས་ 222


ཡོན་དང༌།

བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

དོ་སྣང་ཅན་གྱི་ཕྱི་རྒྱལ་མི་རིགས་ཁག་དང་བོད་རིགས་རྣམས་

ལའང་འགྲེམས་སྤེལ་རྒྱ་གང་ཆེ་ཡོང་བ་ཞུ་རྒྱུ།

༣༽ མཉམ་འབྲེལ་རྒྱལ་ཚོགས་ནང་བོད་མིའི་བདེན་པའི་དག་སྐྱེལ་ཞུ་བསྐུལ་

གནང་རྒྱུ་དེ ་ དག་རྒྱ་གར་གཞུང་གི ས ་དབུ་འཁྲི ད ་ཐུགས་འགན་རྐང་བཞེ ས ་

ཀྱིས་འཛམ་གླིང་རྒྱལ་ཁབ་གཞན་དག་ལ་འབོད་སྐུལ་ཡོང་བ་ཞུ་ཕྱོགས་སྐོར།

མཉམ་འབྲེ ལ ་རྒྱལ་ཚོ ག ས་སུ་བོ ད ་དོ ན ་བདེ ན ་པའི ་ དག་སྐྱེལ་ཞུ་བརྒྱུད་རྒྱ་

གར་གཞུང་གིས་སྣེ་འཁྲིད་ཐོག་འཐུས་མིའི་རྒྱལ་ཁབ་ཁག་ལ་འབོད་སྐུལ་ཞུ་

རྒྱུའི་ཐད།

ཚོགས་འདུ་འདིའི་ཐོག་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

མཆོག་དང༌། བོད་གཞུང་ནས་ད་ལྟ་ཞུ་སྐུལ་གནང་མུས་ལ་དགོངས་བཞེས་ དང༌། ཕྱག་ལེན་ཡོང་བ་ཞེས་སྙན་ཞུ་འབུལ་རྒྱུ།

འཛམ་གླི ང ་སྲི ད ་དོ ན ་གྱི ་ འགྱུར་བ་སྐད་ཅི ག ་སྔ་རྗེ ས ་ལ་བརྟེན་གོ ་

སྐབས་སྨིན་ཉིད་སྐབས་འཕྲལ་ལ་བེད་སྤྱོད་ཐུབ་པའི་རྒྱ་གར་རྒྱལ་ཡོངས་བོད་

དོ ན ་ཚོ ག ས་པ་ལའང་འབྲེ ལ ་ལམ་ཡར་རྒྱས་ཐོ ག ་བོ ད ་མི འི ་ རང་བཙན་ལས་

འགུལ་ལ་རྒྱབ་སྐྱོར་ནུས་ཤུགས་ཐོན་ཐབས་འབོད་སྐུལ་ཞུ་རྒྱུ། རང་གཞུང་གི་ ཆབ་སྲིད་འཛིན་སྐྱོང་གང་ཅིའི་ཐད།

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་

དགོ ང ས་གཞི ་ གང་ཡོ ད ་ཀྱི ་ རྗེ ས ་སུ་བསྙེ ག ས་ཐུབ་པའི ་ གྲ་སྒྲི ག ་ཚགས་ཚུད་ ཡོང་ཐབས་ཞུ་རྒྱུ།

རྒྱ་གར་གྱི ས ་དབུས་ཕྱི ་ རྒྱལ་མི ་ སྣ་མཁས་པ་གྲགས་ཅན་ཁག་དང་

འབྲེལ་ལམ་ཡར་རྒྱས་ཡོང་ཐབས་མཛད་བྱུས་སྐྱོང་ཕྱོགས་ཇི་དགེ་རང་གཞུང་ ནས་ཐུགས་འཁུར་བསྐྱེད་བཞེས་ཡོང་བ་ཞུ་རྒྱུ། བོད་མི་གནས་ཡུལ་ས་གནས་

སོ་སོའི་དཔོན་རིགས་དང༌། མཁས་པ་ཁག ལྷག་པར་མི་མང་བཅས་པར་བོད་ མི་སྤྱི་སྒེར་གཉིས་ཐད་ནས་མཐུན་ལམ་དང༌།

བོད་དོན་ལ་སྨན་པའི་འགྲེལ་

བཤད་དང༌། འབོད་སྐུལ་ཁྱབ་བསྒྲགས་གང་ཐུབ་གནང་རྒྱུ། 223


༤༽

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གིས་དབུ་འཁྲིད་ལམ་སྟོན་

གནང་བའི་རང་གཞུང་འདི་བཞིན་བོད་མི་མང་ཡོངས་ཀྱི་ཡིད་ཆེས་ལྡན་པའི་

བོ ད ་ཀྱི་གཞུང་ཞིག་ཡིན་སྟབས་འདི་ དག་ལ་བཙན་བྱོ ལ་བོད་མིའི་ གཞུང་ལ་

ངོས་ལེན་མཛད་གནང་ཡོང་བ་ཞེས་རྒྱ་གར་གཞུང་ལ་འབོད་སྐུལ་མཐར་སྐྱེལ་

ཞུ་རྒྱུའི་སྐོར། གཞིས་བྱེས་བོད་མི་ཡོངས་ཀྱིས་བློ་གཏད་(གཏོད)ཡིད་ཆེས་

ཞུ་བའི ་ ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ས ་དབུ་འཁྲི ད ་གནང་བའི ་ བོ ད ་མི ་ མང་གི ་ གཞུང་འདི ་ བཞིན ་བཙན་བྱོ ལ ་བོ ད་གཞུང་ལ་ངོ ས ་ལེ ན ་ཡོ ང་བ་དང༌།

ལྷག་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་མཛད་འཕྲིན་གང་ལའང་སྔར་

བཞིན་རྒྱབ་སྐྱོར་ཤུགས་ཆེ་ཡོང་བ་ཞེས་བརྗོད་ཚིག་གཟབ་ནན་ཚོགས་འདུ་

འདི ་ ནས་རྒྱ་གར་གཞུང་ལ་འབུལ་རྒྱུའི ་ སྙན་ཞུའི ་ དམི ག ས་བསལ་དོ ན ་ཚན་

ཞིག་ཏུ་འགོད་རྒྱུ་དང༌། ཞུ་དོན་འདི་ཉིད་རེ་འབྲས་དོན་སྨིན་གཙང་མ་མ་སོན་

བར་བོད་མི་ཡོངས་ནས་ལུས་སྲོག་ལོངས་སྤྱོད་དང་བཅས་པར་འཛེམས་མེད་

ཀྱིས་དཀའ་སྡུག་བཟོད་བསྲན་གྱི་ཐོག་ནས་ཐབས་ཤེས་གང་ལ་ཇི་འོ ས་མཐའ་ སྐྱེལ་ཞུ་རྒྱུ།

༥༽ རྒྱ་གར་གཞུང་མང་ཡོངས་ནས་བོད་མིའི་རང་བཙན་གྱི་ཁུངས་ལུང་དག་

སྐྱེལ་དང་སེམས་འགུལ་ནུས་ཤུགས་ཐོན་ཆེད་རྒྱ་གར་མི་མང་དང༌། རྒྱ་གར་

གྲོས་ཚོགས་གོང་འོག་གི་འཐུས་མི། ལྷག་པར་གཞུང་འཛིན་ཀོང་རེ་སི་གཙོས་

སྲི ད ་དོ ན ་ཚོ ག ས་པ་ཁག་གི ་ དབུ་འཁྲི ད ་རྣམས་ལ་བོ ད ་མི ་ མང་གི ་ རེ ་ དོ ན ་ གསལ་པོར་འབོད་སྐུལ་དང༌། འབྲེལ་ལམ་ཞུ་ཕྱོགས་སྐོར། རྒྱ་གར་གྱིས་

མཚོ ན ་འཛམ་གླི ང ་མི ་ མང་ལ་བོ ད ་རང་བཙན་ཡི ན ་པའི ་ རྒྱུ་མཚན་དག་སྐྱེལ་

སེ མ ས་འགུལ་ནུས་ཤུགས་ཐོ ན ་ཐབས་སུ་བོ ད ་ཀྱི ་ རྒྱལ་རབས་ཆོ ས ་འབྱུང་ ཁུངས་ལྡན་ཁག་གཞིར་བཞག་ཐོག་རྒྱུ་མཚན་ཁུངས་དག་རྣམས་ཕྱོགས་སྒྲིག་ བྱེད་པོ་རང་གཞུང་ནས་དགོངས་བཞེས་ཀྱིས་མ་ཕྱི་བོད་ཡིག་ཐོག་རང་གཞུང་ 224


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ནས་ཞིབ་འཇུག་བཀའ་འཁྲོལ་མཚམས་འབྲེལ་ཡོད་ལས་ཁུངས་ནས་དབྱིན་

ཧི ན ་གྱི ས ་མཚོ ན ་རྒྱ་གར་ནང་གི ་ ཡི ག ་རི ག ས་ཁག་གང་མང་ཐོ ག ་འགྲེམས་

སྤེལ་དང༌། རྒྱ་གར་མངའ་སྡེའམ། གྲོང་ཁྱེར་ཆེ་ཁག་ཏུ་གསུང་བཤད་བགྲོ་གླེང་ ཚོགས་འདུ། ཚོགས།

ཟློས་གར་སོགས་ཀྱི་ལམ་ནས་བོད་ཀྱི་ཆབ་སྲིད་དང༌།

སྤྱི་

བར་ལམ་སྲིད་དོན་གྱི་འགྱུར་བ་བཅས་ཀྱི་གནས་སྟངས་ལོ་རྒྱུས་

དྲིལ་བསྒྲགས་རྒྱ་གང་ཆེ་ཐུབ་ཐབས་སུ་དྲིལ་བསྒྲགས་ཀྱི་ལས་དོན་ཁག་ཡར་ རྒྱས་གཏོང་རྒྱུར་རང་གཞུང་ལ་གཞེན་སྐུལ་ཞུ་རྒྱུ།

བོད་མི་གནས་ཡུལ་ས་གནས་སོ་སོའི་དཔོན་རིགས་དང༌། མཁས་པ་

ཁག ལྷག་པར་མི་མང་ལ་བོད་མི་སྤྱི་སྒེར་གཉིས་ཐད་ནས་མཐུན་ལམ་དང༌། བོད་དོན་ལ་སྨན་པའི་འགྲེལ་བཤད་དང༌། འབོད་སྐུལ་ཁྱབ་བསྒྲགས་གང་ཐུབ་ གནང་རྒྱུ།

༦༽ གོང་གསལ་དོན་ཚན་རྣམས་རང་གཞུང་ནས་ཕྱག་ལེན་བསྟར་མུས་ལ་

རྒྱབ་སྐྱོར་ཚགས་ཚུད་འབྱུང་ཆེ ད ་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཁང་གི ་ དབུ་

འཁྲིད་འོག་བོད་མི་གནས་ཡུལ་དང༌། སྡོད་སྒར་ཁག་ཏུ་མི་འབོར་མང་ཉུང་ལ་ གཞིགས་པས་འཛུགས་ཕྱོགས་དང༌། བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་

འབྲེལ་བའི་ཐོག་ནས་ལས་དོན་སྒྲུབ་ཕྱོགས་བཅས་ལ་དགེ་སྐྱོན་གཟིགས་ཞིབ་

ཀྱི་སྐོར། གྲོས་ཆོད་འདིར་འཁོད་པའི་ལས་དོན་རྣམས་གཞུང་མང་གཉིས་ཐད་

ནས་བསྒྲུབ་དགོས་ཇི་སྙེད་ཡོང་རྒྱུར་བརྟེན་མི་མང་གནས་ཡུལ་ས་གནས་སོ་

སོར་ལས་དོན་བྱེད་པོར་ཆེད་དུ་དམིགས། བོད་མི་མང་སྤྱི་འཐུས་ལྷན་ཁང་གི་ དབུ་འཁྲི ད ་འོག ་ས་ཁུལ་སོ ་ སོ འི་ མི་ འབོ ར་ལ་གཞི གས་པས་ཚོགས་ཆུང་རེ ་

འཛུགས་རྒྱུ་དང༌། ཚོགས་ཆུང་གི་མིང་དང༌། འཐུས་མི་འོས་བསྡུ་བསྐོ་གཞག་ བྱེད་ཕྱོགས། གྲངས་ཚད། ལས་འགན། དབང་ཚད། ཕོགས་གྲོན་དང་ས་གནས་

སུ་ཡོད་པའི་གཞུང་བསྐོས་ལས་བྱེད་དང༌། ཚོགས་ཆུང་དབར་ལས་དོན་སྒྲུབ་ 225


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཕྱོགས་ཀྱི་འབྲེལ་ལམ་བཅས་ཀྱི་བརྗོད་བྱ་གསལ་པོ་འཁོད་ཅིང༌། རང་གཞུང་ གི ་ མཛད་བྱུས་ལ་གཞི ་ བཅོ ལ ་བའི ་ སྒྲི ག ་གཞི ་ ཚོ ག ས་འདུ་འདི ་ ནས་བསྐོ་ གཞག་བྱས་པའི་ཚོགས་ཆུང་ཟུར་ཡོད་ནས་ཟིན་བྲིས་གོ་སྒྲིག་ཞུས་ཏེ་བོད་མི་

མང་སྤྱི ་ འཐུས་ལྷན་ཚོ ག ས་ནས་གཏན་འབེ བ ས་ཐོ ག ་ཚོ ག ས་ཆེ ན ་འདི ་ ནས་ ངོས་ལེན་གནང་བ་ལྟར་ལག་ལེན་བསྟར་རྒྱུ།

༧༽ ད་ལམ་ཚོགས་འདུའི་འགྲོ་སོང་དང༌། མ་འོངས་པའི་འགྲོ་སོང་ཡོང་

ཁུངས་རྣམས་ད་ལྟ་ནས་མིག་རྒྱང་རིང་པོའི་ཐོག་ནས་དགོངས་བཞེས་གནང་ རྒྱུའི་སྐོར། བོད་རང་དབང་བདེན་པའི་ལས་དོན་ལ་ནུས་ཤུགས་ཐོན་ཐབས་ དཔལ་འབྱོར་གྱི་རྒྱབ་རྟེན་ལ་རག་ལུས་པ་གསལ་པོར་མཐོང་ཞིང༌།

དེར་

བརྟེན་མི་མང་གིས་མི་མང་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་བཙུགས་པའི་གཞུང་གི་ དགོས་པ་རྒྱུ་མཚན་གསལ་པོ་རྟོགས་ཏེ།

མ་འོངས་པར་གཞུང་གྲོན་གཏོང་

དམིགས་རྒྱབ་རྟེན་འཆར་གཞིའི་སྐོར་བསམ་གྲོས་ཞུས་པའི་སྙིང་པོར། རང་

བཙན་ལས་འགུལ་དྲིལ་བསྒྲགས་སྐབས་དང་བླངས་ཀྱིས་ཁས་ལེན་ཞུས་ཟིན་

པ་འབུལ་རྒྱུ་ཕུད།

གཞུང་གི་དཔལ་འབྱོར་ལ་སྨན་པའི་ཆེད་བོད་མི་ཡོངས་

ནས་ཟླ་རེར་སྒོར་གཅིག་རེ་དང༌། ས་གནས་གང་དུ་གནས་ཆགས་བོད་རིགས་ ཕོ ག ས་ཡོ ད ་རྣམས་ནས་ཀྱང་རང་གཞུང་ལས་བྱེ ད ་སྤྱི ་ མཚུངས་སོ ་ སོ འི ་

ཕོ ག ས་འབབ་ནས་བརྒྱ་ཆ་གཉི ས ་ལས་མ་ཉུང་བ་བསྡུ་འབུལ་ཞུ་རྒྱུ་ཐུགས་

ཐག་གཙང་འཁེལ་ཟིན་པ་ལྟར་བསྡུ་འབུལ་ཞུ་ཕྱོགས་དང༌། རྒྱ་བལ། འབྲས་

འབྲུག་གིས་མཚོན་ས་གནས་གང་དུ་འཛུགས་སྐྲུན་བྱས་པའི་མཉམ་སྦྲེལ་ལམ་

སྒེར་སོ་སོས་བཙུགས་པའི་བཟོ་གྲྭ་ཁག་གི་གཙང་ཁེའི་ཐོག་ནས་གཞུང་འབབ་

བརྒྱ་ཆ་གཉིས་ལས་མ་ཉུང་བ་འབོད་བསྐུལ་ཞུ་རྒྱུ།

དེ ་ བཞི ན ་བོ ད ་རི ག ས་འབྱོ ར ་ལྡན་ཁག་བཅས་ལ་དམི ག ས་བསལ་

འཕར་མའི་དཔལ་འབྱོར་གྱི་མཐུན་འགྱུར་འབོད་སྐུལ་བྱ་རྒྱུ་དང༌། 226

དངུལ་


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

འབབ་བེ ད ་སྤྱོ ད ་གཏོ ང ་སྟངས་བཅས་ཀྱི ་ ལས་དོ ན ་སྒྲུབ་ཕྱོ ག ས་ས་གནས་

ཚོགས་ཆུང་གི་སྒྲིག་གཞིར་གསལ་འགོད་བྱ་རྒྱུ་དང༌། ཕྱི་རྒྱལ་ཁག་ཏུ་གནས་

འཁོད་བོད་རིགས་སེར་སྐྱ་ཡོངས་ལའང་རང་གཞུང་ལ་འདིར་ཡོད་མི་མང་སྤྱི་ མཚུངས་ཀྱི་དཔལ་འབྱོར་བསྡུ་འབུལ་ཡོང་ཐབས་སྐོར་ཚོགས་འདུ་འདི་ནས་

ས་གནས་དོན་གཅོད་དང་འབྲེལ་ཡོད་མི་སྣ་བརྒྱུད་འབོད་སྐུལ་ཕྱག་བྲིས་ཤིག་

འབུལ་རྒྱུ།

༨༽ ང་ཚོས་ད་ལམ་གྱི་ལས་འགུལ་འདི་དག་བརྩམས་པ་ནས་བཟུང་ཇི་སྲིད་

དམིགས་ཡུལ་མ་འགྲུབ་བར་དུ་དུས་ཡུན་རིང་ཐུང་དང༌། ཚ་གྲང་དཀའ་སྡུག་

ཇི ་ འདྲ་བྱུང་ཡང་ལུས་སྲོ ག ་ལོ ང ས་སྤྱོ ད ་དང་བཅས་པ་བློས་བཏང་གི ས ་སྒོ ་

གསུམ་སྤྱོད་ཚུལ་ནུས་ཤུགས་མཐའ་དག་ལྷག་བསམ་ཀུན་སློང་བཟང་པོའི་སྒོ་ ནས་བོད་རང་དབང་སྒྲུབ་པའི་ཆ་རྐྱེན་དུ་འགྱུར་ངེས་རང་གཞུང་གི་རྒྱབ་སྐྱོར་

ཞབས་འདེགས་དང༌། ལྷག་པར་མི་མང་གིས་རང་འགུལ་རྣམ་པ་འདོན་དགོས་

པའི་དུས་སྐབས་ཇི་བྱུང་ལ་དགའ་དད་སྤྲོ་གསུམ་གྱི་ཐབས་ཕྱོགས་གཅིག་གྱུར་ སེམས་ཤུགས་ཡུན་གནས་ཁ་ཞེ་མངོན་ལྐོག་མེད་པ་འབྱུང་ཐབས་སྐོར། ལས་

དོན་འདི་དག་ཇི་སྲིད་མ་འགྲུབ་ཀྱི་བར་དེ་སྲིད་དུ་ཚ་གྲང་དཀའ་སྡུག་ཇི་ལྟར་ བྱུང་ཡང་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་སྟེ་སྒོ་གསུམ་སྤྱོད་

ཚུལ་མཐའ་དག་བསམ་སྦྱོར་གཉིས་བཟང་གི་སྒོ་ནས་བོད་རང་དབང་སྒྲུབ་པའི་ ཆ་རྐྱེན་དུ་འགྱུར་ངེས་རང་གཞུང་ལ་རྒྱབ་སྐྱོར་ཞབས་འདེགས་དང༌།

ལྷག་

པར་མི་མང་གི་རང་འགུལ་རྣམ་པ་འདོན་དགོས་པའི་དུས་སྐབས་ཇི་བྱུང་ལ་

དགའ་དད་སྤྲོ་གསུམ་གྱིས་ཐབས་ཕྱོགས་གཅིག་གྱུར་གྱི་སེམས་ཤུགས་ཡུན་

གནས་ཁ་ཞེ ་ མངོ ན ་ལྐོ ག ་མེ ད ་པ་འབྱུང་ཐབས་སུ་ད་ལམ་ཚོ ག ས་འདུ་འདི ར ་ ཆེ ད ་བཅར་མི ་ འཐུས་རྣམས་ནས་སོ ་ སོ འི ་ ས་གནས་མི ་ མང་ལ་སློ བ ་གསོ ་ འགྲེལ་བཤད་ནུས་པ་ཐོན་པ་ཞུ་རྒྱུ།

227


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གོང་གསལ་གྲོས་ཆོད་དོན་ཚན་ཁག་སྐབས་འདི་དང་འབྱུང་འགྱུར་

བསྒྱུར་བཅོས་དགོས་རིགས་གཞུང་གི་བཀའ་དགོངས་དང་བསྟུན་རྒྱུ་བཅས་

སུ་གྲོས་ཆོད་བྱུང་སོང་བ། དོན་ཚན་སོ་སོའི་ཐོག་ལེགས་སྤེལ་ཉེས་འགོག་ཞུ་

འོས་ཡེ་ཤེས་དབྱིངས་དཔྱད་ཀྱི་བཀའ་སློབ་ཐུགས་རྗེ་ཆེ་བ་ཞུ་རྒྱུའི་གྲོས་ཆོད་

ྋསྙན་ཞུར། བོད་རང་བཙན་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ ཆེན་ནས། བོད་རྒྱལ་ལོ་ ༢༠༩༩ ཕྱི་ལོ་ ༡༩༧༢ ཟླ་ ༧ ཚེས་ ༣༠ ལ་ཕུལ།།” ཞེས་གསལ།

གཞན་ཡང་བོ ད ་རང་དབང་བདེ ན ་པའི ་ ལས་འགུལ་གྱི ་ སྔོ ན ་འགྲོའི ་

ཚོགས་འདུའི་གྲོས་ཆོད་དོན་ཚན་དྲུག་པའི་དགོངས་དོན་ཚོགས་འདུ་འདི་ནས་

བསྐོ་གཞག་བྱས་པའི ་ ཚོ ག ས་ཆུང་ཟུར་ཡོ ད ་ནས་ཟི ན ་བྲི ས ་གོ ་ སྒྲི ག ་ཞུས་ཏེ ་

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཐོག་ཚོགས་ཆེན་འདི་

ནས་ངོས་ལེན་གནང་བ་ལྟར་ལག་ལེན་བསྟར་རྒྱུ། ཞེས་གསལ་བ་ལྟར་དེའི་

སྐབས་ཀྱི ་ སྒྲི ག ་གཞི ་ དོ ན ་ཚན་བཅུ་གསུམ་ཅན་ཞི ག ་གཏན་འབེ བ ས་གནང་

འདུག་པ་འདི་ལྟར།

བོད་རང་དབང་བདེན་པའི་ལས་འགུལ་གྱི་ས་གནས་ ཚོགས་ཆུང་གི་སྒྲིག་གཞི།

དོན་ཚན་དང་པོ། ས་གནས་ཚོགས་ཆུང་གི་མིང༌།

བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང༌། དོན་ཚན་གཉིས་པ། ལས་དོན་དང༌། འགན་དབང༌། ༡༽

ད་ལམ་ཚོགས་ཆེན་འདིའི་ཐོག་བཞག་པའི་གྲོས་ཆོད་གཞི་བཟུང་གི་

ལས་དོ ན ་ཁག་སྐབས་བབས་དུས་བསྟུན་ཐོ ག ་ལག་ལེ ན ་བསྟར་ཕྱོ ག ས་སྤྱི ་ འཐུས་ལྷན་ཚོགས་ནས་བཀའ་གསལ་ཇི་བྱུང་བཀའ་དོན་འཚེམས་མེད་འགན་ 228


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ལེན་ཐུབ་པ་ཞུ་རྒྱུ་དང༌། སྤྱི་འཐུས་ལྷན་ཚོགས་ནས་ས་གནས་ཚོགས་ཆུང་ལ་

བཀའ་ཁྱབ་བསྩལ་འོས་ཅི ་ མཆི ས ་ཀྱི ་ གནས་བྲི ས ་འདྲ་བཤུས་རེ ་ ས་གནས་ དོན་གཅོད་དམ། རང་གཞུང་ལས་བྱེད་འབྲེལ་ཡོད་ལ་གནང་རྒྱུ། ༢༽

གཙོ་བོ་སྤྱི་འཐུས་ལྷན་ཁང་གི་དགོངས་གཞི་དང༌།

མཛད་བྱུས་དང་བསྟུན་ཏེ་ལག་ལེན་བསྟར་རྒྱུ་དང༌།

བོད་གཞུང་གི་

ས་གནས་གནས་ཚུལ་

བབས་བསྟུན་གྱིས་ལས་དོན་གསར་རྩོམ་བྱེད་དགོས་རིགས་བྱེད་སྒོའི་འཆར་

གཞི ་ དང་སྦྲགས་ས་གནས་དོ ན ་གཅོ ད ་སོ ག ས་བོ ད ་གཞུང་འབྲེ ལ ་ཡོ ད ་ལས་

བྱེད་ལ་འབྲེལ་བསྡུར་གསལ་པོར་ཞུས་རྗེས་བོད་མི་མང་སྤྱི་འཐུས་ལྷན་ཁང་ ལ་དགོངས་བསྐོར་ཞུ་རྒྱུ།

༣༽ སྤྱི ་ འཐུས་ལྷན་ཚོ ག ས་ནས་གཏན་འབེ བ ས་ཐག་གཅོ ད ་བྱས་པའི ་

ལས་དོ ན ་བསྒྲུབ་བྱ་གང་ཞི ག ་དམི ག ས་བསལ་ས་གནས་ཀྱི ་ གནས་ཚུལ་ལ་

གཞིགས་པས་འཕྲལ་དུ་ལག་ལེན་བསྟར་མ་ཐུབ་པའི་རིགས་ས་གནས་དོན་

གཅོད་དམ་བོད་གཞུང་འབྲེལ་ཡོད་དཔོན་རིགས་ཁག་དང༌། ཚོགས་ཆུང་གོ་

བསྡུར་གྱི ས ་རྒྱུ་མཚན་གསལ་འཁོ ད ་ཀྱི ་ བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཁང་དུ་

གནས་སྙན་འཕྲལ་འབུལ་ཞུ་རྒྱུ།

༤༽ གྲོས་ཆོད་དོན་ཚན་བདུན་པ་གཞིར་བཟུང་གཞུང་དངུལ་བསྡུ་འབུལ་

བྱེད་ཕྱོགས་སྐོར་དུས་ནས་དུས་བསྟུན་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་ བཀའ་ཁྱབ་ཇི་བྱུང་ལྟར་ཕྱག་བཞེས་བསྟར་རྒྱུ།

དོན་ཚན་གསུམ་པ། ཚོགས་མིའི་གྲངས་ཚད།

ཚོ ག ས་ཆུང་ནང་ས་གནས་མི ་ མང་ནས་འོས ་འདེ མ ས་བྱས་པའི ་

ཚོགས་མི་གསུམ་ལས་མ་ཉུང་བ་དང༌། བཅུ་གཅིག་ལས་མ་བརྒལ་བ་དགོས་ རྒྱུ།

རྒྱུན་ལས་འཐུས་མིའི་ཕོགས་ཐོབ་ཐད་ལས་དོན་གཞི་རྒྱ་ཆེ་ཆུང་ངེས་ 229


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མེ ད ་ཡོ ང ་རྒྱུར་ཉི ན ་གླ་ཆབས་རྩི ས ་ཀྱི ས ་ས་གནས་ཡོ ང ས་རྫོ ག ས་ལ་སྤྱི ་

མཚུངས་འབུལ་རྒྱུ།

དོན་ཚན་བཞི་པ། ཚོགས་མི་འོས་འདེམས། ༡༽

བྱེ ས ་འབྱོ ར ་བོ ད ་མི འི ་ སྡོ ད ་སྒར་ཁག་ཏུ་ས་གནས་དོ ན ་གཅོ ད ་དམ།

འབྲེལ་ཡོད་བོད་གཞུང་ལས་བྱེད་ཡོད་པ་ཁག་བརྗོད་མེད་དང༌། དེ་མིན་བོད་ མི་མང་སྤྱི་འཐུས་ལྷན་ཁང་དང༌།

རང་གཞུང་བཀའ་བསྡུར་ཐོག་ལས་དོན་

འདིའི་ཆེད་དམིགས་བསལ་བསྐོ་གཞག་གནང་བའི་འགོ་འཛིན་དབུ་བཞུགས་

ཀྱི ་ མི ་ མང་ཚོ ག ས་འདུ་ནས་འོ ས ་འདེ མ ས་ཚོ ག ས་ཆུང་ཟུར་བསྐོས་ཀྱི ས ་

འཐུས་མིའི་རྩ་འབོར་ཇི་དགོས་སྒྲིག་གཞི་ལྟར་གཏན་འབེབས་ཐོག་འཐུས་མི་

རེར་འོས་གཞི་ཉུང་མཐའ་གཉིས་རེ་འོ ས་འདེམས་ཐོག

འོ ས་གཞི་གཏན་

འབེ བ ས་བྱུང་རྗེ ས ་མང་ཚོ ག ས་ལ་གནས་ལུགས་གསལ་བཤད་རྗེ ས ་སྒྲི ག ་ སྲོལ་དང་མཐུན་པར་གསང་བའི་འོས་(མོས)ཤོག་བླུགས་རྒྱུ། ༢༽

འཐུས་མི་གང་ཞིག་ལོ་དུས་མ་རྫོགས་གོང་འདས་གྲོངས་གྱུར་པའམ་

དགོ ང ས་ཞུས་ཕྱི ར ་འཐེ ན ་སོ ག ས་བྱུང་ཚེ ་ དེ འི ་ ཚབ་གསར་དུས་ཡུན་ཟླ་བ་ གཅིག་ལས་མ་བརྒལ་བའི་ནང་བསྐྱར་དུ་འོས་འདེམས་གནང་རྒྱུ་དང༌།

དེ་

འདྲའི ་ འོས ་འདེ མ ས་བྱུང་རི ག ས་འཐུས་མི ་ སྔ་མའི ་ དུས་ཡུན་གྱི ་ ལྷག་མ་ཇི ་

ཡོད་དེའི་བར་མཛད་འཁུར་བཞེས་རྒྱུ།

༣༽ ས་གནས་འགའ་ཤས་སུ་ས་གནས་དེའི་བདེ་དོན་ནམ། གཞིས་འགོའི་

ཁྱབ་ཁོ ང ས་སུ་སྡོ ད ་གནས་ཁ་འཐོ ར ་དུ་གནས་པའི ་ རི ག ས་ལ་ས་གནས་རེ ་

རེའི་མི་འཐུས་རེ་ཚོགས་ཆུང་གི་འཐུས་མིར་འཚུད་ཐབས་སུ་ཐོག་མ་ནས་ས་

གནས་ཁ་འཐོ ར ་དེ ་ དག་རེ ་ རེ ་ ནས་འོ ས ་མི ་ གྲངས་འབོ ར ་ཇི ་ དགོ ས ་འོ ས ་ འདེམས་ཞུ་རྒྱུ།

230


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

༤༽ འོས་འདེམས་བྱ་ཚེས་སྤྱི་འཐུས་ལྷན་ཁང་ནས་སྐབས་བསྟུན་ཐག་གཅོད་

ཀྱིས་ས་གནས་ཡོངས་རྫོགས་འོས་འདེམས་ཚེས་ཆ་དུས་གཅིག་ལ་འཁེལ་བ་

གནང་རྒྱུ།

དོན་ཚན་ལྔ་པ། ཚོགས་མིའི་འོས་ཁོངས་སུ་ཞུགས་ཆོག་པའི་འོས་ཆོས། ༡༽ བོད་ཀྱི་ཆབ་འབངས་རང་ལོ་ ༢༥ ཧྲིལ་པོ་ལོན་པ་ཡན་ཆད་གང་ཞིག

ཀ༽

འཆར་གཞི་ཕྱག་རྟགས་འབྲེལ་བའི་གཞུང་ཁོངས་ཁེ་ཡོད་ ལས་འཛིན།

ཁ༽

ཡོངས་གྲགས་ཀྱི་རིག་འཚོ་མ་ཟིན་པ།

ང༽

རྒྱལ་ཁབ་གཞན་ལ་བློ་བཅོལ་མགོ་བཏགས་བྱས་རིགས།

ག༽ ཅ༽

བུ་ལོན་སྒྲུབ་འཇལ་མ་ཐུབ་པའི་རིགས།

ཚོགས་ཆུང་འོས་འདེམས་བྱེད་ཡུལ་ས་གནས་དེར་གཏན་ སྡོད་མི་བྱེད་པ་བཅས་མ་ཡིན་པ་ཞིག་དགོས།

༢༽ འོས་བསྡུ་བྱ་མི་སྒྲིག་གཞི་སྤྱི་མཚུངས་བོད་ཀྱི་ཆབ་འབངས་རང་ལོ་བཅོ་

བརྒྱད་ཡན་ཆད་ལོན་པ་དང༌།

ས་གནས་དེར་གཏན་སྡོད་བྱ་མི་ཡིན་རིགས་ཤིག་དགོས་པ་དང༌། མི་གཅིག་

ལ་ས་གནས་གཅིག་ལས་ལྷག་པ་འོས་བསྡུ་བྱ་རྒྱུའི་ཐོབ་ཐང་མེད། དོན་ཚན་དྲུག་པ། ཚོགས་མིའི་ལོ་ཚད།

སྔ་འཕྲོ ས ་ལོ ་ གཉིས ་རིང ་ཚོ ག ས་ཆུང་གི ་ འཐུས་མི ར ་འོས ་འདེ མ ས་

གསལ་བསྒྲགས་ཀྱི ས ་ལས་དོ ན ་ལ་ཞུགས་པ་ནས་བཟུང་ལོ ་ ཧྲི ལ ་པོ ་ གཅི ག ་

རྗེས་འཐུས་མི་གསར་པའི་འོས་འདེམས་བྱ་དགོས། འཐུས་མི་སྐབས་གཉིས་ ཀྱི ་ རྗེ ས ་ལོ ་ ཡུན་སྤར་ཕྱོ ག ས་དགོ ས ་མི ན ་དགོ ང ས་བཞེ ས ་ཀྱི ས ་བསྐྱར་དུ་ གཏན་འབེབས་གནང་རྒྱུ།

231


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་ཚན་བདུན་པ། ཚོགས་མི་ཕྱིར་འཐེན།

༡༽ གཟུགས་གཞིའི་བབས་ཀྱིས་འཐུས་མིའི་ལས་འཁུར་ནས་རྩ་དགོངས་ཞུ་

དགོ ས ་བྱུང་རི ག ས་ལ་སྨན་པའི ་ ལག་འཁྱེར་ཐོ ག ་ནས་ས་གནས་དོ ན ་གཅོ ད ་

དམ། རང་གཞུང་དཔོན་རིགས་ཀྱི་ངོས་སྦྱོར་བྱུང་མཚམས་དགོངས་འཁྲོལ་ གནང་རྒྱུ།

༢༽ ས་གནས་ཚོགས་ཆུང་གི་འཐུས་མི་ཞིག་ལ་ས་གནས་མི་མང་ནས་མོས་

མཐུན་མ་བྱུང་བའི་སྐྱོན་བརྗོད་ཀྱི་ གནས་ཚུལ་རིག ས་བྱུང་ཚེ་ སྤྱི་ འཐུས་ལྷན་ ཁང་ནས་དགོངས་བཞེས་བརྟག་དཔྱད་ཀྱིས་ས་གནས་དེའི་མི་མང་གསུམ་ཆ་

གཉི ས ་ནས་མོ ས ་མཐུན་མ་བྱུང་ཚེ ་ ཚོ ག ས་ཆུང་གི ་ ཚོ ག ས་མི འི ་ ཁོ ང ས་ནས་

རང་བཞིན་ཕྱིར་བུད་འགྲོ་རྒྱུ། དེ་མཚུངས་གཞུང་གི་ལས་བྱེད་དུ་བསྐོ་གཞག་

བྱུང་བའི ་ རི ག ས་དམི ག ས་བསལ་ཚོ ག ས་འཐུས་ནས་རྩ་དགོ ང ས་འབུལ་རྒྱུ་

དང༌། ཚོགས་ཆུང་གི་ཚོགས་འདུར་ཐེངས་གསུམ་ལས་ལྷག་པར་རྒྱུ་མཚན་ ལྡན་པའི ་ དགོ ང ས་ཞུས་མེ ད ་པར་མ་བཅར་ཚེ ་ ཚོ ག ས་འཐུས་ནས་ཕྱི ར ་བུད་ འགྲོ་རྒྱུ།

དོན་ཚན་བརྒྱད་པ། འཐུས་མིའི་ལས་བྱེད་ཀྱི་མཚན་གནས།

ཚོ ག ས་ཆུང་འདི འི ་ ནང་དབང་འཛི ན ་ལས་བྱེ ད ་ཚོ ག ས་གཙོ ་ གཅི ག

དྲུང་ཆེ་གཅིག དངུལ་རྩིས་པ་གཅིག་བཅས་དགོས་པ་འོས་འདེམས་ཟིན་པའི་ འཐུས་མི་ནང་ཁོངས་ནས་འདེམས་སྒྲུག་གནང་རྒྱུ། དོན་ཚན་དགུ་པ། ལས་དོན་ཐག་གཅོད།

ཚོགས་ཆུང་འདིའི་ནང་ལས་དོན་བཀའ་བསྡུར་ཇི་བྱུང་སྤྱི་མོས་སམ་

མང་མོས་ཀྱི་ཐོག་ནས་ཐག་གཅོད་གནང་རྒྱུ།

དོན་ཚན་བཅུ་པ། དཔལ་འབྱོར་འདུ་འགོད། 232


ཀ༽

བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ས་གནས་སོ་སོ་ནས་གཞུང་དངུལ་བསྡུ་ཆ་ཇི་བྱུང་དངུལ་

འབབ་ཧི ན ་སྒོ ར ་ཆི ག ་སྟོང་ལས་བརྒལ་བ་བདག་ཉར་མི ་ ཆོ ག ་པར་སྐབས་

འཕྲལ་རང་གཞུང་ལས་བྱེད་འབྲེལ་ཡོད་བརྒྱུད་རྩིས་འབུལ་ཞུ་རྒྱུ་དང༌། རང་ གཞུང་འབྲེལ་ཡོད་ལས་བྱེད་མེད་པའི་ས་གནས་ཁག་ཏུ་ཚོགས་ཆུང་ནས་ཐད་

འབུལ་ཞུ་རྒྱུའི་ཐོག རང་གཞུང་ནས་བྱུང་འཛིན་གནང་ཕྱོགས་ཐུགས་གཏན་ ཇི་འཁེལ་ལྟར་བྱུང་འཛིན་སྐབས་འཕྲལ་ཞུ་རྒྱུ།

ཁ༽

དངུལ་འབབ་འདི་ཐོག་ནས་ས་གནས་ཀྱི་འགྲོ་སོང་གཏོང་

འཐུས་མི་ཆོག་ཅིང༌།

ག༽

ཚོ ག ས་ཆུང་གི ་ ལོ ་ རེ འི ་ འགྲོ་གྲོན་དངུལ་འབབ་ཇི ་ དགོ ས ་

སྔོ ན ་རྩི ས ་སྤྱི ་ འཐུས་ལྷན་ཁང་དུ་འབུལ་ལམ་ཞུས་ཏེ ་ བཀའ་འཁྲོ ལ ་ དང་སྦྲགས་དགོ ས ་དངུལ་ཇི་ ཐོ བ ་ཟུར་དུ་ཞུས་ཏེ ་ ཟླ་བ་གསུམ་རེ འི ་

མཚམས་རྩིས་ཁྲ་ཁམས་དྭངས་འབུལ་རྒྱུ་དང༌། རྩིས་ཞིབ་ཀྱི་ཐོག་ ནས་སྐྱོན་ཆ་ཇི་ཡོད་གསལ་སྟོན་གནང་རྒྱུ།

དོན་ཚན་བཅུ་གཅིག་པ། ཚོགས་ཆུང་གི་ཚོགས་འདུ།

ཚོགས་ཆུང་ལྷན་འཛོམས་སྐབས་བསྟུན་ལས་དོན་གཞི་རྒྱ་དང༌། ཛ་

དྲག་ལ་གཞིགས་ཏེ་ལྷན་འཛོམས་གནང་རྒྱུ་དང༌། ཉུང་མཐར་ཚོགས་ཐེངས་སྔ་ མ་ནས་ཕྱི་མའི་བར་ཉིན་ཞག་སུམ་ཅུ་ལས་མ་བརྒལ་བ་དགོས་རྒྱུ། དོན་ཚན་བཅུ་གཉིས་པ། ཚོགས་ཆུང་ཕྱིར་བསྡུ།

གལ་ཏེ་དགག་དགོས་ལ་གཞིགས་ཏེ་ས་གནས་ཚོགས་ཆུང་ཡོངས་

རྫོགས་སམ།

འགའ་ཤས་ཕྱིར་བསྡུ་གནང་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་

ཁང་གི ་ ཚོ ག ས་མི འི ་ རྩ་འབོ ར ་གྱི ་ གསུམ་ཆ་གཉི ས ་ནས་མོ ས ་མཐུན་བྱུང་ཚེ ་

ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་འཁྲོལ་ཆོག་མཆན་བྱུང་མཚམས་ 233


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚོགས་ཆུང་ཕྱིར་བསྡུ་ཞུ་རྒྱུ།

དོན་ཚན་བཅུ་གསུམ་པ། སྒྲིག་གཞི་བསྐྱར་བཅོས།

ད་ལམ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཏན་འབེབས་ཀྱིས་

བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་འདུ་ནས་མོས་མཐུན་ཐག་ གཅོད་བྱས་པའི་ཚོགས་ཆུང་གི་སྒྲིག་གཞི་འདིའི་དོན་ཚན་ཚང་མའམ།

ལེ་

ཚན་འགའ་ཤས་ལ་བསྐྱར་བཅོས་གནང་འོ ས་རིགས་ལ་བོད་མི་མང་སྤྱི་འཐུས་

ལྷན་ཁང་གི་ཚོགས་མིའི་རྩ་འབོར་གྱི་གསུམ་ཆ་གཉིས་ནས་མོས་མཐུན་བྱུང་

ཚེ་བསྒྱུར་བཅོས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་བཀའ་འཁྲོལ་ཆོག་

མཆན་བྱུང་མཚམས་ཚོགས་ཆེན་ལ་གསལ་བསྒྲགས་གནང་ཕྱིན་རྩ་འཛིན་ཞུ་ རྒྱུ།” ཞེས་གསལ་བ་དང༌། ཡང་གྲོས་ཆོད་དོན་ཚན་ཁ་ཤས་ལ་ལག་བསྟར་

སྐབས་མང་ཚོགས་ནས་དོགས་འདྲི་སོགས་བྱུང་བར་བརྟེན་སླད་བྱ་ལམ་བྱེད་

བདེ འི ་ ཆེ ད ་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་ནས་ཟུར་རྒྱན་བྱེ ད ་སྒོ ་ གཏན་

འབེབས་གནང་བ་གཤམ་གསལ་ལྟར་ལགས།

“བོ ད ་རང་དབང་བདེ ན ་པའི ་ ལས་འགུལ་གྱི ་ སྔོ ན ་འགྲོའི ་ ཚོ ག ས་ཆེ ན ་ཐོ ག ་

གྲོས་ཆོད་དོན་ཚན་བདུན་པའི་ནང་དོན་ལ་དམིགས་བསལ་ཟུར་རྒྱན་བྱེད་སྒོ་

གཤམ་གསལ། ༡༽

བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་འདུའི་

སྐབས་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཁག་གི་དབང་ཚད་ལྡན་པའི་ མི་འཐུས་རྣམས་ནས་བསམ་ཞིབ་གྲོས་བསྡུར་ཐོག་བཞག་པའི་གྲོས་ཆོད་དོན་

ཚན་བདུན་པའི་ནང་ཚན་གཞུང་གི་དཔལ་འབྱོར་ལ་སྨན་སླད་བོད་མི་ཡོངས་

ནས་ཟླ་རེར་སྒོར་གཅིག་རེ་འབུལ་རྒྱུ་ཞེས་གསལ་བ་ལས་བསྡུ་དངུལ་འབུལ་

མིའི་ལོ་ཚད་སོགས་གཏན་འབེབས་དམིགས་བསལ་མེད་སྟབས་ད་བར་ས་

ཁུལ་འགའ་ཤས་ནས་དངོས་ཡོད་ཀྱི་དཀའ་ངལ་ལ་དོགས་གཅོད་ཞུས་འདུག་ 234


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཀྱང་སྔ་འཕྲོས་ཚོགས་ཆེན་འདི་ཐོག་བཞག་པའི་གྲོས་ཆོད་དང༌། སྒྲིག་གཞི་ འདི ་ དག་ལ་བསྒྱུར་བཅོ ས ་མ་དགོ ས ་པར་ལག་ལེ ན ་དོ ན ་ཐོ ག ་ཡོ ང ་བ་ནས་

ལེགས་ཆ་དང་དཀའ་ངལ་ཇི་ཡོད་སོགས་ཉམས་མྱོང་རིམ་བསགས་ཀྱིས་རང་

དབང་བདེན་པའི་ཚོགས་ཆེན་ཐེངས་གཉིས་པའི་སྐབས་བསྒྱུར་བཅོས་གནང་ འོས་ཚོགས་ཆེན་ནས་གྲོས་བསྡུར་དགོངས་བཞེས་གནང་རྒྱུ། ༢༽

བོད་ཀྱི་ཆབ་འབངས་སུ་མ་གཏོགས་པའི་མི་རིགས་ཁག་ནས་རྒྱུན་

བསྟུད་ཞལ་འདེ བ ས་འབུལ་མི ་ བྱུང་རི ག ས་ལ་བོ ད ་མི ་ སྤྱི ་ མཚུངས་ཞལ་

འདེབས་བསྡུ་དངུལ་ལག་དེབ་རེ་དོ་བདག་མི་ངོ་སོ་སོར་སྤྲད་དེ་ཟླ་རེའི་དཔྱ་

ཁྲལ་གྱི་ཀྲི་ཀ་སི་(ticket)མ་དགོས་པར།

ཞལ་འདེབས་འབུལ་འབྱོར་ནམ་

བྱུང་ལ་འཕར་འབུལ་ཞལ་འདེབས་ཀྱི་ཀྲི་ཀ་སི་ (ticket) ཟུར་ཡོད་སྦྱར་རྒྱུའི་ ཐོག་ལག་འཁྱེར་ཨང་གྲངས་དང་གཞུང་ཁྲ་ཟུར་དུ་འཇོག་རྒྱུ།

༣༽ ཡང་གྲོས་ཆོད་དོན་ཚན་བདུན་པའི་ནང་གསེས། ས་གནས་གང་དུ་

གནས་ཆགས་བོད་རིགས་ཕོགས་ཡོད་རྣམས་ནས་ཀྱང་རང་གཞུང་ལས་བྱེད་

སྤྱི ་ མཚུངས་སོ ་ སོ འི ་ ཕོ ག ས་འབབ་ནས་བརྒྱ་ཆ་གཉི ས ་ལས་མ་ཉུང་བ་བསྡུ་ འབུལ་ཞུ་རྒྱུ་ཞེས་གསལ་བ་འདིའི་ཐད་བོད་རིགས་ཕྱི་ནང་ལས་བྱེད་རྣམས་

ནས་སྤྱི ་ མཚུངས་ཟླ་རེ འི ་ བསྡུ་ཆ་སྒོ ར ་རེ ་ འབུལ་རྒྱུ་བརྗོ ད ་མེ ད ་ཁར་ཕོ ག ས་ འབབ་ནས་བརྒྱ་ཆ་གཉིས་ལས་མ་ཉུང་བ་འཕར་འབུལ་དགོས་པ་དང༌། དེར་

ཚོགས་ཆུང་ནས་དོ་བདག་སོ་སོའི་ལག་དེབ་ཐོག་འཕར་འབུལ་གྱི་ཟུར་ཡོད་ ཀྲི་ཀ་སི་སྦྱར་རྒྱུ།

༤༽ སྤྱི་དངུལ་ཕུལ་འཛིན་ལག་དེབ་ལ་ཀྲི་ཀ་སི་ (ticket) དང༌། རེའུ་མིག་

འགེངས་ཤོག་དང༌།

ཐམ་ཀ་སོགས་ཇི་ལྟར་བེད་སྤྱོད་བྱེད་སྟངས་སྐོར་ས་

གནས་ཡོ ང ས་རྫོ ག ས་ནས་གཞི ་ གཅི ག ་དགོ ས ་རྒྱུར་མ་དཔེ ་ ཟུར་དུ་ཡོ ད ་པ་

འདི་དག་གཞིར་བཟུང་བྱ་རྒྱུ་དང༌། ཐམ་ཀའི་ས་སྟོང་ཡོད་སྟེང་ས་གནས་སོ་ 235


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སོའི་མིང་ཚིག་ཤོང་ན་བརྗོད་མེད་དང༌། ས་གནས་མིང་རྫོབ་ཆེ་བའི་མིང་ཚིག་ མ་ཤོང་ཚེ་ཐམ་ཀའི་འོ ག་ཏུ་ལག་བྲིས་འགོད་འཐུས།

༥༽ དགོན་སྡེ་དང༌། མཉམ་སྦྲེལ། བཟོ་གྲྭ་སོགས་ནས་ཞལ་འདེབས་བསྡུ་

འབུལ་ཞུ་ཕྱོགས་སྐོར་ལག་དེབ་ཟུར་པ་ཞིག་པར་འདེབས་ཞུ་རྒྱུ་ཡིན་ན། དེའི་ དབར་སྐབས་སོ ་ སོ ར ་ས་གནས་ཚོ ག ས་ཆུང་ནས་འཕར་འབུལ་གྱི ་ ཀྲི ་ སི ་ (ticket) སྦྱར་བའི་བྱུང་འཛིན་རེ་གཏོང་རྒྱུ།

༦༽ གྲོས་ཆོད་དོན་ཚན་བཅུ་པའི་ནང་འཁོད་དོན། ས་གནས་སོ་སོ་ནས་

གཞུང་དངུལ་བསྡུ་ཆ་ཇི ་ བྱུང་དངུལ་འབབ་སྒོ ར ་ཆི ག ་སྟོང་ལས་བརྒལ་བ་

བདག་ཉར་མི ་ ཆོ ག ་པར་སྐབས་འཕྲལ་རང་གཞུང་ལས་བྱེ ད ་འབྲེ ལ ་ཡོ ད ་

བརྒྱུད་རྩིས་འབུལ་ཞུ་རྒྱུ་དང༌། རང་གཞུང་འབྲེལ་ཡོད་ལས་བྱེད་མེད་སའི་ས་ གནས་ཁག་ཏུ་ཚོགས་ཆུང་ནས་ཐད་འབུལ་ཞུ་རྒྱུའི་ཐོག་རང་གཞུང་ནས་བྱུང་

འཛིན་གནང་ཕྱོགས་ཐུགས་གཏན་ཇི་འཁེལ་ལྟར་བྱུང་འཛིན་སྐབས་འཕྲལ་ཞུ་ རྒྱུ་ཞེས་གསལ་བར།

རང་གཞུང་འབྲེལ་ཡོད་ལས་བྱེད་ཡོད་ས་ཁག་དང༌།

མེད་པའི་ས་གནས་ཚོགས་ཆུང་ནས་ཐད་འབུལ་ཞུ་རྒྱུའི་དངུལ་འབབ་རྣམས་

རང་གཞུང་དཔལ་འབྱོ ར ་ལས་ཁུངས་སུ་ཐད་འབུལ་ཞུས་པའི ་ དངུལ་འབབ་ བཏང་གཞུང་གི་འདྲ་བཤུས་རེ་སྐབས་སོ་སོར་སྤྱི་ལྷན་ཁང་དུ་འབུལ་རྒྱུ་དང༌།

རང་གཞུང་དཔལ་འབྱོར་ལས་ཁུངས་ནས་དངུལ་འབབ་བྱུང་འཛིན་ངོ་ མ་ས་ གནས་སོ ་སོ ར ་གནང་སྟེ་བྱུང་འཛི ན ་འདྲ་ཡ་རེ ་ སྐབས་འཕྲལ་སྤྱི་ འཐུས་ལྷན་ ཚོགས་སུ་འབུལ་རྒྱུ།

༧༽ ཟླ་དངུལ་བསྡུས་འབབ་རྣམས་མི་འགྲོའི་གདོང་ལག་བསྐུར་བྱེད་རིགས་

བྱུང་ཚེ་ལམ་བར་བརྐུ་ཤོར་འབྱུང་གཞིའི་ཉེན་འགན་བཟོད་མིན་ལ་ས་གནས་

སོ་སོའི་བབས་བསྟུན་སྦྲག་ཐོག་གམ། དངུལ་ཁང་གང་རུང་བརྒྱུད་གཏོང་རྒྱུ།

༨༽ ས་གནས་སོ་སོར་ལག་འཁྱེར་ཨང་གྲངས་གཞི་བཟུང་གིས་འཆར་ཅན་ 236


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཟླ་རེ་དང༌། འཕར་འབུལ་ཞལ་འདེབས། ལས་བྱེད་པའི་ཕོགས་ཀྱི་བརྒྱ་ཆ་བསྡུ་ འབུལ་བྱུང་ཁྲ། ཕར་ཚུར་གནས་སྤོས་དང༌། གནས་སྐབས་ཕྱོགས་བསྐྱོད་

བཅས་སྡེ་ཚན་འདྲེས་མེད་ཀྱིས་ཁུངས་སོ་སོར་མི་གྲངས་རྩ་འབོར་དང་བཅས་

པའི་མ་དེབ་རེ་ཁམས་དྭངས་བཟོས་འཇོག་དགོས་པ་ཡིན། ༩༽

ས་གནས་སོ་སོའི་མི་འབོར་ལ་གཞིགས་པའི་ཟླ་རེའི་དཔྱ་ཁྲལ་ཀྲི་སི་

(ticket) དང༌། འཕར་འབུལ་ཀྲི་སི་ཁག་རང་གཞུང་དཔལ་འབྱོར་ལས་ཁུངས་

ནས་སྡེབས་ཞུའམ། སྐབས་མཚམས་སོ་སོར་ཞུ་རྒྱུ་དང༌། ཀྲི་སི་ (ticket) ཇི་ ཞུས་དང༌། དངུལ་འབབ་ཇི་ཕུལ་དཔལ་འབྱོར་ལས་ཁུངས་དང༌། ཚོགས་ཆུང་སོ་

སོའི་དབར་ལོ་རང་བཀག་ཏུ་རྩིས་ཞུ་ཁམས་དྭངས་དགོས་ཤིང༌། དེ་སྐབས་ཀྲི་སི་ (ticket)ཇི་སོང་གི་དངུལ་འབབ་དགོས་རྒྱུར་བརྟེན་རྣམ་ཀུན་ཀྲི་སི་(ticket)

རྣམས་དངུལ་དང་ཁྱད་མེད་རྩིས་འགན་ཚོགས་ཆུང་རང་ནས་དགོས་རྒྱུ། ༡༠༽

ལག་འཁྱེར་དེབ་ཆུང་བོར་བརླག་གྱུར་ཚེ་ཞུ་སྤྲོད་བྱེད་ཕྱོགས་ལག་

དེབ་ནང་གསལ་བརྗོད་འཁོད་པ་ལྟར་དང༌། བོར་བརླག་གྱུར་མི་ནས་བདག་ ཉར་དམ་དོན་མ་བྱས་པའི་ཉེས་ཆད་སྒོར་གསུམ་རེ་དོ་བདག་སོ་སོའི་ས་ནས་

ལེན་དགོས། གཞི་རྩ་ཡོངས་འབབ་འདིའི་སྐོར་དཔལ་འབྱོར་ལས་ཁུངས་ནས་

རྩི ས ་འགོ ་ ཟུར་འཇོ ག ་ཡོ ད ་པ་ལྟར་ལོ ་ འཁོ ར ་རེ འི ་ མཚམས་བྱུང་སོ ང ་ལྷག་ བསྡད་ཀྱི་རྩིས་ཞིབ་སྤྱི་འཐུས་ལྷན་ཚོགས་ནས་གནང་རྒྱུ་བཅས།།”

ཞེས་

གསལ་བ་དང༌། ཡང་ཕྱི་ལོ་ ༡༩༧༣ ཟླ་ ༡༠ ཚེས་ ༡༤ ཉིན་བོད་རང་དབང་ བདེན་པའི་ལས་འགུལ་གྱི་ཚོགས་ཆེན་ཐོག་བཞག་པའི་གྲོས་ཆོད་དོན་ཚན་

བཞི་པའི་ནང་འཁོད་ལྟར་དང༌། ཚོགས་ཆེན་དེའི་སྐབས་སུ་དོགས་འདྲི་བྱུང་བ་

བཅས་ལ་བརྟེན་ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པ་དང༌། བཞི་པའི་

ནང་གསེས་ཟུར་རྒྱན་ཤོག་ལྷེ། ཚོགས་ཆུང་གི་སྒྲིག་གཞི་དོན་ཚན་དྲུག་པའི་ ནང་གསེས་ཚོགས་མིའི་ལོ་ཚད་གཏན་འབེབས་གནང་བ་ལྟར། 237


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

“ ༡༽ སྔ་འཕྲོས་ལོ་གཉིས་རིང་ཚོགས་འཐུས་སུ་ཞུགས་པ་ནས་ལོ་ཧྲིལ་པོ་

གཅི ག ་རྗེ ས ་འཐུས་མི ་ གསར་པའི ་ འོས ་འདེ མ ས་བྱ་རྒྱུའི ་ སྐོར་གསལ་བར།

འདི་ལོ་ལོ་འཁོར་མཚམས་བརྗེ་ལེན་མ་ཐུབ་ཀྱང༌། སྔོན་འགྲོའི་ཚོགས་ཆེན་

ཐོ ག ་བཞག་པའི ་ ཚོ ག ས་ཆུང་གི ་ སྒྲི ག ་གཞི ་ དོ ན ་ཚན་བཅུ་གསུམ་པའི ་ ནང་ འཁོད་ལྟར་འགལ་མེད་ངོས་འཛིན་བྱ་རྒྱུ།

༢༽ ད་ཕན་གནས་ཚུལ་རྒྱུ་མཚན་མང་དག་ལ་བརྟེན་ལོ་མཚམས་སུ་ཚོགས་

འཐུས་བརྗེ་ལེན་མ་ཐུབ་པའི་སྐོར། ༡༩༧༣ ལོ་ལྡི་ལིར་ཚོགས་ཆེན་སྐབས་ གྲོས་བསྡུར་མང་བྱུང་གིས ་གཞུང་གི་ རྩིས ་མཚམས་དང་བསྟུན་ཚོགས་ཆུང་ ཁག་གི་རྩིས་མཚམས་ཀྱང་ཕྱི་ཟླ་ ༡ ཚེས་ ༡ ནས་ཕྱི་ཟླ་ ༡༢ ཚེས་ ༣༡ བར་

བཟུང་རྒྱུའི་གྲོས་ཆོད་དོན་ཚན་གསུམ་པའི་ནང་གསལ་བ་ལྟར་ཚོགས་འཐུས་

བརྗེ་མཚམས་ཀྱང་དུས་སྐབས་དེར་འོས་འབྲེལ་ཆེ་ཡང༌།

ས་གནས་འགའ་

ཤས་ལ་གནས་སྡོད་མི་མང་ཚོང་ལས་སོགས་འགྲོ་བསྐྱོད་ཀྱིས་ས་གནས་སུ་ དུས་སྐབས་དེ ར ་ཕྱི ར ་འབྱོ ར ་ཐུབ་མི ན ་གནས་ཚུལ་མང་དག་བྱུང་སྐོར་འདི ་

ལོ འི ་ རི ང ་ས་གནས་སུ་སྐབས་དེ ར ་མི ་ མང་ཇི ་ ཡོ ད ་ནས་འོས ་འཕེ ན ་གྱི ས ་

འཐུས་པ་བྱེད་རྒྱུ་དང༌། ཕྱི་ལོ་ནས་སྔོན་ཚུད་ཕྱི་ཟླ་ ༩ ཙམ་ལ་འོས་བསྡུ་བྱས་

ཏེ ་ འཐུས་མི ་ གཏན་འབེ བ ས་གསལ་བསྒྲགས་བྱེ ད ་སྒོ ་ ཆ་ཚང་གནང་ཐོ ག ་ འཐུས་མི་གསར་རྙིང་གི་ལས་འཁུར་བརྗེ་མཚམས་གོང་གསལ་ཕྱི་ཟླ་

༡༢

ཚེས་ ༣༡ ལ་བཟུང་རྒྱུ་གཏན་འཁེལ་བ་ཡིན།།” ཞེས་དང༌། རང་དབང་བདེན་

པའི ་ འཐུས་མི ་ རྣམས་འོས ་འདེ མ ས་བྱ་ཕྱོ ག ས་ཀྱི ་ ལམ་སྟོན་གཏན་འབེ བ ས་

གནང་སྟེ་ཆོག་མཆན་ཞུ་སླད་ྋསྙན་ཞུར་ཕུལ་བ་འདི་ལྟར། “ ཚོགས་ཆུང་གི་ སྒྲིག་གཞི་དོན་ཚན་བཞི་པའི་ནང་འཐུས་མི་འོས་འདེམས་དང༌། སྒྲིག་ཕྱོགས་སྐོར།

འོས་གཞི་

༡༽ ས་གནས་མི་མང་ཚོགས་ཆེན་ནས་འོས་བསྡུ་ཚོགས་ཆུང་ཟུར་འཛུགས་ 238


བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་དུ་ཚུགས་པ་སོགས།

ཟིན་འཕྲལ་འོས་བསྡུ་ཚོགས་ཆུང་ནས་འཐུས་མིའི་རྩ་འབོར་ཇི་དགོས་ལ་འོས་ གཞི ་ མི ་ གཉི ས ་རེ ་ ལས་མ་ཉུང་བ་གྲངས་འབོ ར ་གཏན་འབེ བ ས་ཐོ ག ་མང་

ཚོགས་ལ་དྲིལ་བསྒྲགས་དང་འབྲེལ་འོས་གཞིའི་ཁོངས་འགྲོ་བློ་ཡོད་པའི་སྐྱེ་བོ་

སུ་རུང་ཡོད་མེད་བཅས་གསལ་བསྒྲགས་གནང་དགོས། ༢༽

འོས་གཞིའི་ཁོངས་སུ་འགྲོ་བློ་ཅན་གྱི་སྐྱེ་བོ་སུ་ཞིག་ཡོད་ན་དོ་བདག་

སྒེར་སོ་སོ་ནས་མང་ཚོགས་ལ་གནས་ཚུལ་གསལ་བསྒྲགས་བྱེད་རྒྱུ་སོགས་

ལུགས་མཐུན་བྱེད་པའི་ཐོབ་ཐང་ཡང་ཡོད།

༣༽ མི་མང་རྣམས་ཚོགས་ཆུང་ཁག་བགོས་ཀྱིས་ཚོགས་ཆུང་སོ་སོས་རང་

དབང་བེད་སྤྱོད་ཀྱིས་མང་མོས་མཚན་གཞུང་རེ་བཟོས་ཏེ། འོས་བསྡུ་ཚོགས་ ཆུང་ལ་འབུལ་དགོས།

༤༽ འོས་བསྡུ་ཚོགས་ཆུང་ནང་མི་མང་ཚོགས་ཆུང་སོ་སོས་ཕུལ་བའི་མཚན་

ཐོར་ཞིབ་བཤེར་གྱིས་མང་ཐོན་མཚན་ཐོ་རྣམས་ཟུར་བཏོན་གྱིས་འོས་གཞི་ངོ་ མའི་མི་འགྲོ་གཏན་འགེལ་གནང་ཐོག་མི་མིང་རྣམས་ངོ་སྤྲོད་གསལ་བསྒྲགས་

འགྲེལ་བཤད་ཀྱིས་འོས་ཤོག་འགྲེམས་སྤྲོད་ཐོག་མི་མང་སོ་སོས་སྒྲིག་སྲོལ་ དང་མཐུན་པར་གསང་བའི་ཐོག་ནས་(མོས)འོས་ཤོག་བླུག་རྒྱུ་བཅས་ཞུས་ན་

འཐུས་མིན་སྙན་ཤོག་ཏུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ ༧༣ ཟླ་ ༡༢ ཚེས་ ༡ ལ་ཕུལ།།” ཞེས་གཏན་འབེབས་ཀྱིས་ྋསྙན་ཞུར་ཕུལ།(1)

གོ ང ་གསལ་ཚོ ག ས་ཆེ ན ་ལེ ག ས་གྲུབ་ཀྱི ས ་བོ ད ་རང་དབང་བདེ ན ་

པའི་ལས་འགུལ་གྱི་ཚོགས་ཆུང་ཁག་ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ཉིན་ནས་ དངོས་སུ་འགོ་འཛུགས་ལག་བསྟར་ཞུས།

1གོང་གསལ་ཚོགས་ཆེན་ལེགས་གྲུབ་ཀྱིས་བོད་རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་ ནས་གཏན་འབེབསགནང་བའི་གྲོས་ཆོད་ཅེས་ཤེས་རིག་པར་ཁང་ནས་སྤར་ཏུ་བཏབ་པ་ལས་དྲངས།

239


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཕྱི་ལོ་ ༡༩༧༢ ཟླ་ ༡༠ ཚེས་ ༢ ཉིན་གྱི་ཆེས་མཐོའི་རྒྱུན་ལས་ནང་

དུ། ཕྱི་ཟླ་ ༩ ཚེས་ ༣༠ ཉིན་འདེམས་བསྐོའི་སྐོར་རྒྱུན་ལས་འཕར་མ་འཚོགས་

གནང་གིས་འོས་གཞིའི་ཁོངས་རྩ་ཁྲིམས་རིན་པོ་ཆེའི་དགོངས་དོན་ཁེ་དབང་

ལྡན་མི ན ་སྐོར་བཀའ་བསྡུར་དགོ ང ས་འཆར་རི མ ་པ་ཞི བ ་ནན་གནང་བའི ་ མཐའ་དོན། འདེམས་བསྐོ་ལྷན་ཚོགས་ནས་བཏོན་གནང་འོ ས་གྲངས་གཞིར་ བཟུང་ྋགོང་ས་ཆེན་པོར་སྙན་འབུལ་གནང་རྒྱུ་སྤྱི་འཐུས་ནས་སྤྱི་མོས་ཐག་ གཅོད་གནང༌།(1)

1 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ། 240


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ས་བཅད་བཅུ་པ། ༈ བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་། གྲངས་ཚད། འོས་འདེམས་བྱེད་ཕྱོགས་ཀྱི་བསམ་ཚུལ་ཁག གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་སྣོན། སྔོན་རྩིས་སྟངས་ འཛིན་བྱེད་ཕྱོགས་སྐོར་གྱི་ཐག་གཅོད། དམངས་ གཙོའི་དུས་དྲན་ཉིན་མོ་གཏན་འཁེལ་ བ་བཅས་ཀྱི་སྐོར།

ཕྱི་ལོ་ ༡༩༧༢ ཟླ་ ༡༡ ཚེས་ ༢༧ ཉིན་སྐབས་ལྔ་པའི་བོད་མི་མང་སྤྱི་

འཐུས་རྣམས་བདམས་ཐོན་བསྐོ་གཞག་ཐུགས་གཏན་འཁེལ་བ་ལྟར་གསལ་ བསྒྲགས་བསྐྱངས་དོན།

“ ཆོས་སྲིད་ཟུང་འབྲེལ་བོད་རྒྱལ་ཁབ་ཆེན་པོའི་

བསྟན་སྲི ད ་ཡོ ང ས་ཀྱི ་ དོ ན ་གྱི ་ བདག་པོ ་ སྤྱི ་ ནོ ར ་ྋགོ ང ་ས་ྋསྐྱབས་མགོ ན ་

ཆེན་པོ་མཆོག་ནས་དགོངས་གཞི་དགོས་པ་བླ་ན་མེད་པའི་མ་འོངས་བོད་ཀྱི་ རྩ་ཁྲི མ ས་རི ན ་པོ ་ ཆེ ་ ཡངས་པའི ་ འཛམ་གླི ང ་ཁྱོན་འདི ར ་གསལ་བསྒྲགས་

བཀའ་དྲིན་ཆེ་བའི་དགོངས་དོན་ནས་རང་རེའི་གཞུང་མང་གི་གནས་སྟངས་

དང༌། གནས་ཡུལ་དུས་བསྟུན་གྱི་ཕྱག་བཞེས་བསྟར་དང༌བསྟར་བཞིན་པའི་ ཁོངས་ནས་བོད་མི་མང་སྤྱི་འཐུས་རྣམས་ལོ་གསུམ་རེའི་མཚམས་འོས་བསྡུ་

གསར་འདེམས་མཛད་མུས་ལྟར།

ད་ལམ་བོད་རྒྱལ་ལོ་ ༢༠༩༩ སྤྱི་ལོ་ ༡༩༧༢ སྐབས་ལྔ་པའི་འོས་

བསྡུ་བྱ་ཕྱོ ག ས་ཐད་ད་ཕན་འདེ མ ས་བསྐོ་རི མ ་པའི ་ ཉམས་མྱོ ང ་ལེ ག ས་ཆ་

ཕྱོ ག ས་བསྡུས་ཀྱིས ་འཆར་ཕུལ་ཕྱག་རྟགས་རིན ་པོ་ ཆེ འི་ དགོངས་དོན ་འོས ་

བླུག་འདེམས་བསྐོ་ཆེན་མོ་ཐེངས་གཅིག་གི་འཐུས་པའི་ཐོག རང་རིགས་མང་ 241


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ ས ་རང་ཉི ད ་གནས་ཡུལ་ཙམ་ལས་མང་ཚོ ག ས་ཁོ ང ས་རྒན་དར་གཞོ ན ་ གསུམ་དྲག་གྲས་བློ་རྟོགས་ཐུབ་མི ན ་འཁུམ་ལུས་མི ་ འབྱུང་ཆེ ད ་འོས ་ཤོ ག ་

རྒྱབ་ཏུ་རྒྱུན་ལས་ཚོ ག ས་འདུའི ་ གྲོས་ཆོ ད ་ལྟར་དྲན་བསྐུལ་མི ང ་གཞུང་ཟུར་

འགོད་གནང་བ་ཙམ་ལས།

སྤྱོད་དགོས་པའི་བྱེད་སྒོ་དང༌།

རྩ་བའི་རང་རང་བློ་མོས་ཁེ་དབང་ཆ་ཚང་བེད་

དྲིལ་བསྒྲགས་ཡིག་ཆ་ས་གནས་སོ་སོར་

གནང་དགོངས། ས་གནས་འོས་བསྡུ་ཚོགས་ཆུང་ཁག་ནས་འོས་ཤོག་རྟགས་

འབྱར་རིམ་འབྱོར་བྱུང་བ་རྣམས་འདེམས་བསྐོ་ཚོགས་ཆུང་ནས་རེ་རེ་བཞིན་

ཞིབ་བཤེར་གཟབ་ནན་ཞུས་ཏེ་གྲངས་བསྡོམས་ཁ་གསལ་བཀོད་པ་ནས་མང་

ཐོ ན ་རྩེ ་ བཏོ ག ་གི ས ་རྒྱུན་ལས་ཚོ ག ས་འདུར་བཀའ་བསྡུར་གྲོས་ཆོ ད ་ཆོ ས ་

ལུགས་འཐུས་མི་རེར་འོས་མིང་བདུན་རེ་དང༌། ཆོལ་ཁའི་འཐུས་མི་རེར་འོས་

མིང་ལྔ་རེ་ཕུལ་ཏེ། ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཕྱག་རྟགས་རིན་

པོ་ཆེ་སྤྱི་བསྩལ་ཐོག ཚན་རིག་དང༌། རྩོམ་རིག་ལ་མཁས་པའི་སྤྱི་འཐུས་

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་བསྐོ་སྩལ་ཐུགས་རྗེ་ ཆེ་བ་ཞུ་རྒྱུའི་འཆར་སྙན་འབུལ་ལམ་གནང་ཁོངས་ནས་འགའ་ཤས་རང་མོས་

དགོངས་ཤོག་ཕུལ་རིགས་ཕུད།

དེ་བྱིངས་འོ ས་འབོར་གྱི་གྲངས་རིམ་ལྟར་

དང༌། སྤྱི་འཐུས་ཀྱི་ལས་འགན་རྒྱུས་མངའ་ལམ་སྟོན་ཆེད་དུ་ཆོལ་ཁ་རེ་ནས་

སྤྱི་འཐུས་རྙིང་པ་མི་རེ་རང་འཇགས་བཅས་ཕྱག་རྟགས་རིན་པོ་ཆེ་སྤྱི་ཕེབས་ གཤམ་གསལ། དགེ་ལུགས་དགའ་བྱང་རྒྱལ་རོང་བློ་བཟང་ཆོས་ལྡན་དང༌། ས་ སྐྱ་བཅོ་བརྒྱད་ཁྲི་ཆེན་ཐུབ་བསྟན་ལེགས་བཤད།

བཀའ་བརྒྱུད་ཚུར་ཕུ་བློ་

གྲོས་མཐར་ཕྱིན། རྙིང་མ་དཔལ་ཡུལ་པད་ནོར་སྤྲུལ་སྐུ། དབུས་གཙང་རི་ཁ་བློ་

བཟང་བསྟན་འཛིན་དང༌། ས་སྐྱ་མགོན་པོ་རྡོ་རྗེ། ལྷ་ས་བློ་བཟང་དར་རྒྱས། བུད་མེད་འབྲི་གུང་དགེ་བསྙེན་ཆོས་སྒྲོན།

མདོ་སྟོད་སྡེ་དགེ་འཇུ་ཆེན་ཐུབ་

བསྟན་རྣམ་རྒྱལ་དང༌། ལི་ཐང་ཨ་ལོ་ཆོས་མཛད་ཚེ་རྡོར། ཏྲེ་ཧོར་དར་དགོན་ 242


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཚེ་དབང་འཕྲིན་ལས། བུད་མེད་ཆབ་མདོ་ཡབ་ཚང་སྐལ་བཟང་ཟླ་སྒྲོན། མདོ་

སྨད་རེབ་གོང་འཇིགས་མེད་སྤྲུལ་སྐུ་དང༌། བླ་བྲང་འཇིགས་མེད། རྔ་པ་བདུད་

འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན། བུད་མེད་རྒྱལ་རོང་བཀྲ་ཤིས་སྐྱིད་བཅས་ ལ་བསྐོ་གཞག་གྲུབ་སྟེ་ཕྱི་ལོ་ ༡༩༧༢ ཟླ་ ༡༡ ཚེས་ ༡༥ ཚུན་བཅར་འབྱོར་ དགོས་པའི་བཀའ་རྒྱ་བསྩལ་འདུག་པ་བཅས་ཀྱི་གསར་གནས་སུ་ཕུལ། ”(1)

ཞེས་གསལ།

གོང་གསལ་གསལ་བསྒྲགས་དེས་སྐབས་ལྔ་པ་ཕན་ལ་སྤྱི་འཐུས་ཀྱི་

ལས་ཡུན་ལོ་གསུམ་རེ་ཡིན་པ་དང༌། སྔོན་འགྲོ་དང་དངོས་གཞི་མེད་པར་འོས་

བསྡུ་ཐེངས་གཅིག་གིས་འགྲིགས་པར་གནང་ཞིང༌། མང་ཚོགས་ནང་མི་ངོ་དྲག་

འདེམས་འབྱུང་སླད་དྲན་སྐུལ་གྱི་ཚུལ་དུ་ཆེས་མཐོའི་རྒྱུན་ལས་ནས་མི་ངོ་ཁ་ ཤས་ཀྱི་མིང་འདོན་གྲོས་ཆོད་བཞག་སྟེ། འོས་ཤོག་གི་རྒྱབ་ཏུ་བཀོད་ཀྱི་ཡོད་

པ། རྩ་བའི་འདེམས་བསྐོ་ཚོགས་ཆུང་ཟུར་དུ་བསྐོ་གཞག་གནང་གི་ཡོད་ནའང་ ཕྱག་རྟགས་འཆར་འབུལ་མ་ཞུས་གོང་མཐའ་མའི་ཐག་གཅོད་ཆེས་མཐོའི་རྒྱུན་

ལས་ནས་གྲོས་ཆོད་བཞག་སྟེ་གནང་གི་ཡོད།

ཕྱི་ལོ་ ༡༩༧༢ ཟླ་ ༡༠ ཚེས་ ༡༩ ཉིན་དེང་དུས་ཡར་ཐོན་ (དམངས)

མང་གཙོའི་རྒྱལ་ཁབ་ཁག་གི་ལས་བྱེད་པའི་སྒྲིག་སྲོལ་བཙན་བྱོལ་བོད་མིར་

འཚམས་པ་རྣམས་ཕྱོགས་བཏུས་ཀྱིས་སྡེ་ཚན་བརྒྱད་དེ། ༡༽ རྩ་བའི་གཞུང་གི་སྒྲིག་བཀོད་ཁྱབ་ཚད་དང༌། ༢༽

༣༽

དོར་ཞུ་བྱའི་སྐོར།

ལས་བྱེད་གནས་རིམ་སོ་སོའི་ལས་འགན་སྐོར། ཕོགས་ཡོད་གུང་གསེང་སྐོར།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༢།༡༡།༣ ཤོག་གྲངས་ ༢ པར་གསལ། 243

ལས་བྱེད་པའི་བླང་


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༤༽

ཕྱོགས་བསྐྱོད་འགྲིམས་འགྲུལ་སྐོར།

༦༽

ལས་བྱེད་རྒས་ཡོལ་སྐོར།

༥༽

༧༽ ༨༽

ལས་བྱེད་པའི་ཕུགས་དམིགས་གསོག་དངུལ་སྐོར། ལས་ཁུངས་སྤྱིའི་འཛིན་སྐྱོང་ལམ་སྟོན་སྐོར།

ལས་ཁུངས་སོ་སོའི་ནང་ཉིན་རེའི་ཞུ་བྱ་དང༌།

ཡིག་ཆ་འཇོག་

སྟངས་སྐོར་དང༌། གནས་རིམ་བཅུ་བཅས་གཏན་འབེབས་ཀྱིས་ཁྱབ་ བསྒྲགས་གནང༌ཞེས་གསལ་འདུག(1)

ཕྱི་ལོ་ ༡༩༧༢ ཟླ་ ༡༡ ཚེས་ ༢༡ ཉིན་དེ་སྔོན་སྐབས་ལྔ་པའི་སྤྱི་

༡༽

ས་འཐུས་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེའི་ཚབ། ས་སྐྱའི་མཁན་ཚབ་

འཐུས་གསལ་བསྒྲགས་གནང་བ་ལས་དགོངས་འཁྲོལ་ཞུས་བསྩལ་བྱུང་བའི་ ཚབ་གསར་གསལ་བསྒྲགས་གནང་བ་འདི་ལྟར། ༢༽

༣༽

རྩེ་གདོང་ངག་དབང་བཟང་པོ་དང༌།

རྙིང་འཐུས་དཔལ་ཡུལ་པད་ནོར་སྤྲུལ་སྐུའི་ཚབ། རི་པ་སྤྲུལ་སྐུ་རིག་ འཛིན་ཆོས་རྒྱལ།

མདོ་སྟོད་ཨ་ལོ་ཆོས་མཛད་ཚབ། ལ་ཁ་སྤྲུལ་སྐུ་ཐུབ་བསྟན་རྡོ་རྗེ།

༤༽

མདོ་སྟོད་བུད་མེད་ཡབ་ཚང་སྐལ་བཟང་ཟླ་སྒྲོན་ཚབ།

ར་ཇེ་སྤུར་

བོད་ཆུ་བྱི་ཟླ་ ༡༡ ཚེས་ ༡༩ ཕྱི་ལོ་ ༡༩༧༢ ཟླ་ ༡༢ ཚེས་ ༢༥ ཉིན་

སྡོམ་པ་ནང་ཆེན་ཚེ་རིང་ཆོས་སྒྲོན་བཅས་ལ་འཆར་ཕུལ་ཕྱག་རྟགས་ དགོངས་དོན་བསྐོ་གཞག་བསྩལ།

(2)

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༢།༡༡།༡༧ ཤོག་གྲངས་ ༨ པར་གསལ། 2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༢།༡༢།༡ ཤོག་གྲངས་ ༥ པར་གསལ། 244


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སྐབས་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་པར་

བདམས་ཐོན་བསྐོ་སྩལ་བྱུང་བ་ཚེ་དབང་འཕྲིན་ལས་མཆོག་དང༌།

ཚོགས་

གཙོ་གཞོན་པ་འཇིགས་མེད་སྤྲུལ་སྐུ་ཕྲིན་ལས་ལྷུན་གྲུབ་རྣམ་གཉིས་ྋགོང་ས་

ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་མཎྜལ་རྟེན་གསུམ་འབུལ་བ་དང་

འབྲེལ། མ་ཎི་བཀའ་འབུམ་གླེགས་བམ་དང༌། རྩ་ཁྲིམས་ྋརིན་པོ་ཆེ་དབུ་ཐོད་ དུ་བསྣམས་ཏེ་དམ་བཅའ་ཕུལ།

དེ་ནས་སྤྱི་འཐུས་ལྷན་ཁང་དུ་ཚོགས་གཙོ་

མཆོག་གི་སྐུ་མདུན་དུ་སྤྱི་འཐུས་རྣམ་པ་གོང་གསལ་བཞིན་དམ་བཅའ་ཕུལ།།(1)

ཕྱི་ལོ་ ༡༩༧༣ ཟླ་ ༡ ཚེས་ ༢ ཉིན་ལས་བྱེད་བདག་གཉེར་ཚོགས་

ཆུང་ངམ་ལས་བྱེད་བདག་གཉེར་ཁང་གི་ལས་ཁུངས་དབུ་འབྱེད་གནང༌།(2)

ཕྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༡༤ ནས་ཚེས་ ༢༢ བར་ཉིན་བདུན་

རིང་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་པ་ཚོགས་ཤིང༌།

སྤྱི་

འཐུས་ཀྱི་ཚོགས་གཙོ་བགྲེས་གཞོན་གཉིས་དང༌། བཀའ་ཤག སྤྱི་འཐུས་ལ་ སོགས་པའི་ཚོགས་འཐུས་གྲངས་ ༢༣༨ ཙམ་ནས་ཚོགས་བཅར་ཞུས། དེར་ གྲོས་ཆོད་དོན་ཚན་བཞི་དང༌། གྲོས་ཆོད་ཟུར་རྒྱན་གཅིག་བཅས་བཞག(3)

ཕྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༢༢ ཉིན་གྱི་ལོ་འཁོར་ལས་བསྡོམས་

ཚོ ག ས་ཆེ ན ་ཐེ ང ས་བཞི ་ པའི ་ སྐབས་སྤྱི ་ འཐུས་འོས ་བསྡུ་གནང་ཕྱོ ག ས་ལ་

ལེགས་བཅོས་གཏོང་ཕྱོགས་ཀྱི་སྒྲིག་གཞི་བཟོ་རྒྱུའི་གྲོས་ཆོད་དང༌།

སྤྱི་

འཐུས་ཆགས་པར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཕྱག་རྟགས་རིན་པོ་ཆེ་

ངེས་པར་དགོས་སྐོར་གྱི་གྲོས་ཆོད་ཟུར་རྒྱན་བཞག་པ་འདི་ལྟར། “ གྲོས་གཞི་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༣།༡།༡༢ ཤོག་གྲངས་ ༢ པར་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༣།༡།༢༦ ཤོག་གྲངས་ ༧ པར་གསལ།

3 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༣།༤།༡༣ ཤོག་གྲངས་ ༡༡ པར་གསལ། 245


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན་ཚན་བཞི་པ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བོད་རྒྱལ་

ཁབ་འདི ་ བཞི ན ་(དམངས)མང་གཙོ འི ་ ལམ་བཟང་དུ་འཇུག་པའི ་ རྩ་ཁྲི མ ས་ རི ན ་པོ ་ ཆེ ་ སྤྱི ་ སྩོལ་བཀའ་དྲིན་ཆེ ་ དོ ན ་གཞི ར ་བཟུང་ད་བར་མི ་ མང་ནས་ད་

ལྟའི ་ གཞུང་མང་གནས་སྟངས་བབས་བསྟུན་སྤྱི ་ འཐུས་འདེ མ ས་བསྐོ་ཞུ་

ཕྱོགས་འདི་དག་རིམ་བཞིན་ཡར་རྒྱས་སུ་འགྲོ་མུས་ཁར། ལྷག་པར་འདི་ལོ་

སྐབས་ལྔ་པའི་སྤྱི་འཐུས་རྣམས་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

གི ་ བཀའ་སློ བ ་ཏུ་རི མ ་བཞི ན ་སྤྱི ་ འཐུས་འོས་འདེ མ ས་བྱེ ད ་ཕྱོ ག ས་ལ་གོ ་

བསྡུར་བྱ་དགོ ས ་ཕེ བ ས་པ་བཞི ན ་རྩ་ཁྲི མ ས་རི ན ་པོ ་ ཆེ འི ་ དགོ ང ས་དོ ན ་གཙོ ་

བོ ར་གྱུར་པའི ་(དམངས)མང་གཙོ འི་ ངོ ་ བོ ་ ཡངས་པོ ར ་འཇུག་པའི ་ རྒྱལ་ཁབ་

ཁག་གི་ འོས ་བསྡུའི་ འགྲོ་སྟངས་ནས་ལེ ག ས་ཆ་ཕྱོ ག ས་བསྡུས་ཀྱི ས ་ལེ ག ས་

བཅོ ས ་གྲོས་བསྡུར་སྤྱི ་ འཐུས་ལྷན་ཚོ ག ས་ནས་བྱེ ད ་འཆར་ལྟར་སླད་འོས ་ འདེམས་ཞུ་ཕྱོགས་ལ་ལེགས་ཆ་སྐོར་ཕྱོགས་སྐོར།

གྲོས་ཆོད།

དམིགས་བཀར་འོས་བསྡུ་ལྷན་ཚོགས་ཤིག་འཕྲལ་དུ་བསྐོ་འཛུགས་

གནང་རྒྱུ་དང༌། ལྷན་ཚོགས་དེའི་དབང་ཚད། སྒྲིག་གཞི་ལས་འགན་བཅས་ བཀའ་ཤག་དང༌། སྤྱི་འཐུས་ལྷན་ཚོགས་གོ་བསྡུར་གྱིས་གཏན་འབེབས་གནང་ རྒྱུ་དང༌།

སྤྱི་འཐུས་འོས་གཞིར་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ཕྱག་

རྟགས་ཞུ་རྒྱུའི་གྲོས་ཆོད་ཟུར་རྒྱན་ཟུར་ཡོད་ལྟར་ཞུ་རྒྱུར་རྩ་བའི་གོང་གསལ་

དོན་ཚན་སོ་སོའི་ལས་དོན་སྡེ་ཚན་ཁག ཕྱག་ལེན་བསྟར་ཕྱོགས་སྐོར་སྐབས་

བསྟུན་འཆར་གཞི ་ ཕྱག་རྟགས་རི ན ་པོ ་ ཆེ ་ དང་འབྲེ ལ ་བ་ཞུ་རྒྱུ་དེ ་ ལྟར་ཡང༌།

ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཡེ་ཤེས་དབྱིངས་དཔྱད་ཐུགས་རྗེ་ཆེ་ བ་ཞུ་རྒྱུ། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་པའི་ཚོགས་འདུ་བ་ ཐུན་མོང་ནས་བོད་རྒྱལ་ལོ་ ༢༡༠༠ སྤྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༢༢ ལ་ 246


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཕུལ།། ” ཞེས་པ་དང༌། ཡང་གྲོས་ཆོད་ཟུར་རྒྱན་འདི་ལྟར། “ གྲོས་ཆོད་ཟུར་

རྒྱན་ ༡༩༧༣། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་པའི་ཚོགས་ འདུའི་གྲོས་གཞི་དོན་ཚན་བཞིར་གྲོས་བསྡུར་སྐབས།

གྲོས་གཞི་དོན་ཚན་

བཞི་པ་ནང་གསལ། བོད་མི་མང་སྤྱི་འཐུས་འོས་བསྡུ་བྱེད་ཕྱོགས་སྐོར་གྲོས་

བསྡུར་སྐབས་ད་ཕན་སྐབས་ལྔའི་རིང་རྩ་བའི་མང་མོས་གཞི་རྩར་བཞག་ཐོག་ བོད་སྤྱིའི་ཁེ་ཕན་ཁོ་ནའི་ཆེད་ྋགོང་ས་མཆོག་ནས་སྒྱུར་བཅོས་གནང་འོས་ གནང་བར་ཡང་བལྟ་ཚུལ་གླེང་ལྷག་ཡོང་གི་ཡོད་པར་བརྟེན།

ད་ཕྱིན་བྱེད་

ཕྱོ ག ས་ཇི ་ འགབ་གླེ ང ་འཕྲོ ས ་ཀྱི ས ་ཚོ ག ས་འདུ་བ་རྣམས་ནས་སྤྱི ་ མོ ས ་ཀྱི ས ་ ཐག་གཅོད་བྱུང་དོན།

བོ ད ་མི ་ མང་སྤྱི ་ འཐུས་འོས ་བསྡུ་བྱ་སྟངས་སྐོར་འདེ མ ས་བསྐོ་ལྷན་

ཚོགས་ནས་འོས་གྲངས་མང་ཐོན་གཞིར་བཟུང་འོས་གཞི་དང་སྦྲགས་ྋགོང་ ས་ྋསྐྱབས་མགོན་ཆེན་པོར་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཡོང་

བའི་འཆར་གཞི་འབུལ་ལམ་ཞུས་པར་ཕྱག་རྟགས་སྤྱི་སྩོལ་ཡོང་བ་ཞེས་བོད་

སྤྱི འི ་ འཕྲལ་ཕུགས་ཁེ ་ ཕན་དགོ ས ་པ་རྒྱུ་མཚན་མང་པོ འི ་ ཐོ ག ་ནས་གསོ ལ ་

འདེབས་ཞུ་རྒྱུར་ཚང་མས་སྤྱི་མོས་བྱུང་སོང་བ་ལྟར་ཇི་སྲིད་བར་ཉམས་ལེན་

ཞུ་རྒྱུའི ་ གྲོས་ཆོ ད ་ཟུར་རྒྱན་དུ་ལོ ་ འཁོ ར ་ལས་བསྡོ མ ས་ཚོ ག ས་ཐེ ང ས་བཞི ་

པའི་ཚོགས་འདུ་བ་ཐུན་མོང་ནས་བོད་རྒྱལ་ལོ་ ༢༡༠༠ སྤྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༢༢ ལ་ཕུལ།། ” (1)ཞེས་གསལ།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གྲོས་ཆོད་ཟུར་རྒྱན་

དང་འབྲེལ་བའི་ཐོག་བཀའ་སློབ་ཕེབས་དགོངས་སུ། “ གྲོས་ཆོད་ཟུར་རྒྱན་

ཡི་གེའི་ནང་དུ། ༸རྒྱལ་བ་རིན་པོ་ཆེར་ཡིད་ཆེས་བློས་འགེལ་ཤུགས་ཆེ་བྱས་

པ་དེ་མ་གཞི་ཁྱེད་ཚོས་ཁ་ཞེ་གཉིས་མེད་རེད་མ་གཏོགས། ཁ་ནས་གང་ཐོན་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༣།༣།༡༣ ཤོག་གྲངས་ ༣ པར་གསལ། 247


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདྲ་པོ་མ་རེད། དེ་སྐོར་ཁ་སང་ཚོགས་གཙོ་གཉིས་ནས་གནས་ལུགས་འགྲེལ་

བཤད་ཞིབ་ཕྲ་བྱུང༌། ང་རང་སྒེར་ངོས་ནས་བྱས་ན། ཐུགས་རྗེ་ཆེ་ཞུ་རྒྱུ་རེད།

ཚང་མས་ང་ལ་ཡིད་ཆེས་བྱས་པ་དེ་ཡག་པོ་རེད་དེ། ཉེ་ཆར་ཟླ་བ་ནོར་བུའི་ སྐོར་ལ་གནས་ཚུལ་ལྷགས་སྐབས་སུ། ངས་འགྲེལ་བཤད་བྱས་པ་ལྟར། ང་ ཚོས་ཅི་མཛད་ལེགས་མཐོང་ཟེར་བ་དེ་ཡག་པོ་མ་རེད།

མི་གཅིག་ལ་ཡིད་

ཆེས་བློས་འགེལ་བྱས་ཏེ། མཛུབ་མོ་གར་བསྟན་ལ་ཤར་ཟེར་བ་ལྟ་བུའི་ཡིད་ ཆེས་བྱས་དྲགས་ན་ཡང་ཡག་པོ་མིན།

ང་རང་ཚོ་ཚང་མ་མི་ཡིན་སྟབས་

ལེགས་ཉེས་དཔྱོད་པའི་བློ་གྲོས་ཟེར་བ་དེ་བེད་སྤྱོད་བྱེད་རྒྱུ་གལ་ཆེན་པོ་ཡིན།

དཔེར་ན། ང་རང་ལ་ཆ་བཞག་ནའང༌། རང་ངོས་ནས་ལྷག་བསམ་

རྣམ་དག་བྱས་ཁུལ་ཡང༌། དོན་ངོ་མར་འགྲིགས་ཡོད་མེད་མི་ཤེས། ཚང་མས་

༸རྒྱལ་བ་རིན་པོ་ཆེའི་གསུང་རེད། ༸རྒྱལ་བ་རིན་པོ་ཆེའི་དགོངས་གཞི་རེད་ ཅེས་བཤད་ཀྱི་ཡོད་སྟབས་ད་ཇི་འདྲ་ཞིག་བྱས་ཡོད་དམ་སྙམ་སྟེ་ང་རང་ཡང་

བློ་མ་བདེ་བ་དང༌། སེམས་མ་སྐྱིད་པ་ཡོང་གི་འདུག དེ་འདྲ་མིན་པར་དངོས་

གནས་བསྲེགས་བཅད་བརྡར་གསུམ་གྱི་གོ་བསྡུར་བྱས།

ཚང་མས་ཀླད་པ་

དཀྲུགས། ངས་བྱས་པར་དགེ་སྐྱོན་གཉིས་ཀ་ཡོང་རྒྱུར། དགེ་མཚན་ཡོད་ན་ མོས་མཐུན་བྱས།

སྐྱོན་ཡོད་ན་སྐྱོན་བསྲང་བྱས་ཏེ་ཐག་གཅོད་བྱས་ན།

༸རྒྱལ་བ་རིན་པོ་ཆེའི་བཀའ་རེད། ཅེས་ཅི་མཛད་ལེགས་མཐོང་བྱས་པ་མིན་

པར། ང་རང་ཚོ་གོ་བསྡུར་ཞིབ་ཞིབ་མོལ་མོལ་བྱས་ཏེ་ཐག་ཆོད་པ་ཡིན་སྙམ་

པས། ང་རང་ཡང་བློ་བདེ་བ་དང༌། ཕྱིན་ཆད་གྲ་མ་འགྲིགས་ཤིག་བྱུང་ནའང་ འགྱོད་པ་མེད་པ་ཡོང་གི་རེད། རྩ་བའི་ལས་ཀ་ཆེ་ཕྲ་གང་ཡིན་རུང༌། ༸རྒྱལ་ བ་རིན་པོ་ཆེའི་དགོངས་གཞི་རེད།

༸རྒྱལ་བ་རིན་པོ་ཆེའི་བཀའ་མངགས་

རེད་ཅེས་ཟེར་བ་དེ་གའི་ཐོག་ནས་བརྒྱ་ཁ་གཅིག་ཆོད་མིན་པར། བརྟག་དཔྱད་

ཞིབ་འཇུག་མཐིལ་ཕྱིན་བྱས་ཏེ། རང་རང་སོ་སོའི་བསམ་ཚུལ་གང་ཡོད་དགེ་ 248


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སྐྱོན་ཟོལ་མེད་ཤོད་ཐུབ་པ་བྱས་ན་ཡག་པོ་རེད་མ་གཏོགས། ཆོས་ཕྱོགས་ཀྱི་ དད་པ་དག་སྣང་དེ་དང༌། ལག་ལེན་དུ་འགེལ་རྒྱུའི་གནས་ཚུལ་གཉིས་མཉམ་ བསྲེས་བྱས་ན་ཡག་པོ་མེད།

ཁ་སང་ལབ་རྒྱུ་བྱུང་བ་ལྟར།

དད་པ་

དག་སྣང་གཅིག་པུས་ཆོག་གི་ཡོད་ན། བཅོམ་ལྡན་འདས་ཀྱིས་བཤེས་གཉེན་

གྱི་མཚན་ཉིད་རིམ་པ་མང་པོ་གསུང་དགོས་དོན་མེད། འདུལ་བ་ནས་གསུངས་

པའི་བཤེས་གཉེན་གྱི་མཚན་ཉིད། མདོ་སྡེ་ནས་གསུངས་པའི་བཤེས་གཉེན་

གྱི་མཚན་ཉིད། སྔགས་ནས་གསུངས་པའི་བཤེས་གཉེན་གྱི་མཚན་ཉིད་བཅས་

མཚན་ཉིད་མང་པོ་གསུང་དོན་མེད། དེ་ལྟར་གསུང་དགོས་དོན་ཁ་ཙམ་མ་ཡིན་ པར་དོན་ངོ་མར་ཁ་ཡོད་ལག་ཡོད་དགོས་པ་གསུང་གི་ཡོད་པ་རེད། ཁ་ཡོད་ ལག་ཡོད་མིན་པར་དད་པ་དག་སྣང་ཙམ་གྱིས་ཆོག་ན།

བཅོམ་ལྡན་འདས་

ཀྱིས་མཚན་ཉིད་མང་པོ་དེ་འདྲ་གསུང་དོན་མེད། དེ་འཕྲོས་བཤད་ཙམ་ཡིན།”

(1)

ཞེས་ཕེབས་འདུག

གྲོས་གཞི།

ལོ་འཁོར་ལས་བསྡོམས་ཐེངས་བཞི་པའི་གྲོས་ཆོད་དོན་ཚན་གསུམ་

པར་འདི་ལྟར་གསལ། ད་ཕན་རང་རིགས་ཕྱི་ནང་ལས་བྱེད་ཆེ་ཕྲས་མཚོན་

བོད་རིགས་ཚང་མས་གཞུང་མང་གལ་ཆེའི་བདེ་དོན་ལ་ལྷག་བསམ་ཆེ་བསྐྱེད་ ཀྱིས་རྒྱལ་དོན་ཞལ་འདེབས་དང་འབུལ་ཞུས་དང་ཞུ་བཞིན་ཐོག སྔ་ལོ་བོད་

རང་དབང་བདེན་པའི་ལས་འགུལ་གྱི་སྔོན་འགྲོའི་ཚོགས་ཆེན་ནས་བཞག་པའི་

གྲོས་ཆོད་ལྟར། བོད་ཀྱི་ཆབ་འབངས་རེ་ནས་ཟླ་རེ་སྒོར་གཅིག་རེ་དང༌། རང་ རིགས་ཕྱི་ནང་ལས་བྱེད་པ་རྣམས་ཀྱི་ཕོགས་ཐོབ་ནས་བརྒྱ་ཆ་གཉིས་རེ། བཟོ་

1 ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་གནང་བ་༸གོང་ས་མཆོག་ནས་སྤྱི་འཐུས་དང་། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོའི་ཤོག་གྲངས་ ༡༡༧་་་ ༡༡༩ བར་གསལ།

249


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གྲྭ་དང་མཉམ་སྦྲེལ། ཚོགས་པ་སྐྱིད་སྡུག་སོགས་ཀྱི་ཐོན་བསྐྱེད་ཀྱི་གཙང་ཁེའི་ ཐོ ག ་ལོ ་ རེ འི ་ བརྒྱ་ཆ་གཉི ས ་རེ ་ བཅས་དང་བླངས་བསྡུ་འབུལ་ཞུ་རྒྱུ་གྲོས་ མཐུན་བྱུང་དོན་མང་ཚོགས་ཀྱི་སེམས་ཤུགས་འགྲན་བྲལ་གང་ལེགས་དེ་ལྟར་ ཡང༌། ད་དུང་རང་གཞུང་ནས་དཔལ་འབྱོར་གྱི་འཛུགས་སྐྲུན་རྒྱ་བསྐྱེད་གནང་ ཕྱོགས་དང༌།

དེ་སྔའི་ཉམས་མྱོང་དང་བསྟུན་ཏེ་སྤྱི་དངུལ་ཡར་རྒྱས་གཏོང་

ཐབས་སུ་ལེ ག ས་སྤེ ལ ་ཉེ ས ་འགོ ག ་གི ་ སྟངས་འཛི ན ་འདུ་འགོ ད ་ཚགས་ཚུད་ མཛད་ཐབས་སྐོར།

གྲོས་ཆོད།

༡༽ དེང་ཕན་རང་གཞུང་ལས་ཁུངས་མ་ལག་གི་འཛིན་སྐྱོང་འགྲོ་སོང་རྩིས་ཁྲ་

དཔལ་འབྱོར་ལས་ཁུངས་ནས་རྩིས་ཞིབ་ཐོག བཀའ་ཤག་དང༌། ཚོགས་གཙོ་ རྣམ་གཉིས་ཀྱིས་ཞིབ་འཇུག་གནང་མུས་དེ་ལྟར་ཡང༌།

ད་ཕྱིན་གཞུང་མང་

གཉི ས ་ཀའི ་ དཔལ་འབྱོ ར ་ཚགས་སུ་ཚུད་ཐབས་ཆེ ད ་བཞུགས་སྒར་ལས་

ཁུངས་མ་ལག་དང༌། ས་གནས་བདེ་དོན། སློབ་གྲྭ་དང༌། ཁྱིམ་སྡེ་ཁག གཞིས་

ཆགས། བཟོ་གྲྭ། མཉམ་སྦྲེལ་ཁག ཆོས་དང༌། རིག་གཞུང་གི་སྡེ་ཁག ལམ་

བཟོ འི ་ མཚོ ན ་རང་གཞུང་གི ་ ཁོ ང ས་སུ་གཏོ ག ས་ཚད་སྡེ ་ ཁག་སོ ་ སོ འི ་ མ་ དངུལ་དང་མི་མང་སྤྱི་དངུལ།

ལོ་རེའི་སྐྱེད་ཁེའི་ཚོང་གི་བྱུང་སོང་བསྡད་

གསུམ་གྱི་རྩིས་གཞིར་ཁྲིམས་ལུགས་དང་མཐུན་པའི་རྩིས་ཞིབ་བྱེད་པོ་ཆེད་ འཛུགས་གནང་རྒྱུར། ༢༽

རང་གཞུང་གི་ཁོངས་སུ་གཏོགས་པའི་བཟོ་རིགས་ཁག་གི་ཐོན་སྐྱེད་

རྣམས་དཔལ་འབྱོ ར ་ལས་ཁུངས་ནས་ས་གནས་སོ ་ སོ ས ་ཚོ ང ་ཁང་ཆེ ད ་ འཛུགས་ཀྱིས་ཕྱི་རྒྱལ་ཁག་དང་བཅས་པར་ཚོང་འཁོས་བྱ་རྒྱུའི་ཐབས་ཤེས་

ལག་ལེན་ཐུབ་པ་དང༌། དཔལ་འབྱོར་འདུ་འགོད་ལ་སྨན་རླབས་ཡོང་རེ་ཡོད་

ཚེ་སྐབས་བསྟུན་འབྲེལ་ཡོད་སོ་སོར་གོ་བསྡུར་གྱིས་འཆར་གཞི་དང་ལྡན་པའི་ 250


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ལག་ལེན་བསྟར་རྒྱུ།

༣༽ རང་བཙན་ལས་འགུལ་ཚོགས་འདུའི་གྲོས་ཆོད་བཞིན་རྒྱལ་དོན་ཞལ་

འདེབས་སུ་བོད་རིགས་ཕོ་མོ་རྒན་བྱིས་རིས་མེད་ཀྱིས་ཟླ་རེར་སྒོར་རེ་དང༌།

ཕྱི་ནང་ལས་བྱེད་པའི་ཕོགས་ཐོབ་དང་བཟོ་གྲྭ།

མཉམ་སྦྲེལ་ཁག་གི་གཙང་

ཁེའི་འབབ་ནས་བརྒྱ་ཆ་གཉིས་རེ་བཅས་གྲོས་ཆོད་གཞིར་བཟུང་བསྡུ་འབུལ་

ཞུ་རྒྱུ་ཚགས་ཚུད་ཡོ ང ་ཐབས་ལ་མཇུག་སྣོན་བྱ་རྒྱུ་བཅས་བོ ད ་རྒྱལ་ལོ ་ ༢༡༠༠ སྤྱི་ལོ་ ༡༩༧༣ ཟླ་ ༣ ཚེས་ ༢༢ ལ་ཞེས་གསལ།

ཕྱི་ལོ་ ༡༩༧༣ ཟླ་ ༨ ཚེས་ ༢༥ ཉིན་བཙན་བྱོལ་བོད་གཞུང་གི་སྲི་

ཕྱི་ལོ་ ༡༩༧༣ ཟླ་ ༡༠ ཚེས་ ༡༡ ནས་ཚེས་ ༡༤ བར་ཉིན་བཞིའི་

ཞུའི་ལས་བྱེད་བཀོད་སྒྲིག་གསར་པའི་སྒྲིག་གཞི་གཏན་འབེབས་དང་འབྲེལ་

གསལ་བསྒྲགས་བསྐྱངས་པར་མཛད།

རིང་ལྡི་ལི་གསར་པར་བོད་རང་དབང་བདེན་པའི་ལས་འགུལ་གྱི་ཚོགས་ཆུང་

ཁག ༤༢ གྱི་ཚོགས་ཆེན་དང་པོ་དེ་ཚོགས་ནས་གྲོས་ཆོད་དོན་ཚན་བཞི་ བཞག་པར་གནང༌།(1)

ཕྱི་ལོ་ ༡༩༧༤ ཟླ་ ༣ ཚེས་ ༡༢ ནས་སྦེལ་ཀོབ་བོད་མིའི་གཞིས་

བོད་རྒྱལ་ལོ་ ༢༡༠༡ ཕྱི་ལོ་ ༡༩༧༤ བོད་གཞུང་ལས་ཁུངས་མ་

སྒར་གྱི ་ ནང་དུ་ལོ ་ འཁོ ར ་ལས་བསྡོ མ ས་ཚོ ག ས་ཆེ ན ་ཐེ ང ས་ལྔ་པ་ཚོ ག ས་པ་ གནང་།

ལག་ཁོངས་གཏོགས་དང་བཅས་པའི་ལོ་འཁོར་སྲི་ཞུའི་ལས་བསྡོམས་ཐེངས་

ལྔ་པའི ་ ཚོ ག ས་ཆེ ན ་ཐོ ག ་སྤྱི ་ སྨན་གལ་ཆེ འི ་ བཀའ་བསྡུར་མཛད་རྒྱུའི ་ གྲོས་ གཞི་ཁག་ནི།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༣།༡༡།༢ ཤོག་གྲངས་ ༡༡ པར་གསལ། 251


དོན་ཚན་དང་པོ།

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྔ་ལོའི་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་པའི་

སྐབས་སུ་བཞག་པའི་གྲོས་ཆོད་དོན་ཚན་ཁག་ནས་ལག་ལེན་གཙང་འཁེལ་

ཟིན་པ་རྣམས་བརྗོད་མེད་དང་། ལག་ལེན་དུ་མ་འཁེལ་བའི་དོན་ཚན་ཁག་ལ་

འབྲེལ་ཡོད་སོ་སོས་རྒྱུ་མཚན་གསལ་བཤད་དང་འབྲེལ་སླར་ལག་ལེན་དོན་ འཁེལ་འབྱུང་ཐབས་ཀྱི་མཇུག་སྐྱོང་ཞུ་ཕྱོགས་ཇི་དགེའི་སྐོར།

དོན་ཚན་གཉིས་པ།

དོན་ཚན་གསུམ་པ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་

འཛམ་གླིང་གི་ཆབ་སྲིད་ཀྱི་འཕོ་འགྱུར་དང་

བསྟུན་པའི ་ བོ ད ་རང་དབང་རང་བཙན་བསྐྱར་བཞེ ས ་ཀྱི ་ ཐབས་ལམ་གསར་ པའི་ཤུགས་བསྐྱེད་མཛད་ཕྱོགས་ཇི་དགེའི་སྐོར།

ལམ་སྟོན་འོག་བྱེས་འབྱོར་གཞུང་མང་གི་གང་ཅིའི་གནས་སྟངས་ཡར་རྒྱས་སུ་

འགྲོ་བཞི ན ་པ་དེ ་ ལྟར་ཡང་ད་དུང་བྱེ ས ་འབྱོ ར ་བོ ད ་གཞུང་མང་གི ་ གནས་

སྟངས་ཡར་རྒྱས་འབྱུང་ཐབས་ཀྱི ་ ཐབས་ལམ་གསར་པ་ཇི ་ ཡོ ད ་སྐོར་བཀའ་

བསྡུར་གནང་རྒྱུ་བཅས་འཐུས་མིན་༸སྙན་ཞུར། ཚོགས་གཙོ་ཟུང་གིས་ཕྱི་ལོ་ ༡༩༧༤ ཟླ་ཚེས་ལ།

བོད་རྒྱལ་ལོ་ ༢༡༠༡ ཕྱི་ལོ་ ༡༩༧༤ བོད་གཞུང་ལས་ཁུངས་མ་

ལག་ཁོངས་གཏོགས་དང་བཅས་པའི་ལོ་འཁོར་སྲི་ཞུའི་ལས་བསྡོམས་ཐེངས་

ལྔ་པའི ་ ཚོ ག ས་ཆེ ན ་ཐོ ག ་སྤྱི ་ སྨན་གལ་ཆེ འི ་ བཀའ་བསྡུར་མཛད་པའི ་ མཐའ་

དོན་གྲོས་ཆོད་ཁག་ནི།

དོན་ཚན་དང་པོ། སྔ་ལོའི་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་

པའི་སྐབས་སུ་བཞག་པའི་གྲོས་ཆོད་དོན་ཚན་ཁག་ནས་ལག་ལེན་དོན་འཁེལ་

མ་བྱུང་བའི ་ དོ ན ་ཚན་ཁག་ལ་འབྲེ ལ ་ཡོ ད ་ཁུངས་སོ ་ སོ ས ་རྒྱུ་མཚན་གསལ་ གསུང་དང་འབྲེལ་སླར་ལག་ལེན་དོན་འཁེལ་ཐུབ་པ་འབྱུང་ཐབས་སྐོར། 252


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

༡༽ སྔ་ལོའི་ལས་བསྡོམས་ཚོགས་ཆེན་ཐེངས་བཞི་པའི་གྲོས་ཆོད་དོན་ཚན་

ཁག་ནས་ད་ཕན་ཕྱག་ལེན་འཁེལ་ཟིན་པ་རྣམས་ཕུད། ཤེས་རིག་ཚོགས་ཆེན་

ཐེངས་གཉིས་པའི་གྲོས་ཆོད་ནང་གསལ། བོད་ཡིག་སློབ་དེབ་སྐྱར་སྒྲིག་གནང་ ཕྱོགས་སྐོར་ཤེས་རིག་ལྷན་ཁང་ནས་སློབ་དེབ་རྩོམ་སྒྲིག་བྱེད་པོ་མཁས་པའི་

ཚོགས་ཆུང་དང་། དེ་དག་ལ་སྨན་པའི་དཔལ་འབྱོ​ོར་རོགས་རམ་འདུ་འགོད་བྱ་ མི འི ་ ཡི ད ་ཆེ ས ་སློ བ ་ཡོ ན ་ཚོ ག ས་ཆུང་འཆར་གཞི ་ དང་ལྡན་པའི ་ ཕྱག་ལེ ན ་

བསྟར་ཐུབ་པ་གནང་རྒྱུ།

༢༽ ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད་དོན་ཚན་ ༢ པ་ནང་གསལ་སློབ་གྲྭ་

ཁག་གི་འཛིན་སྐྱོང་དང་། ཧིན་བོད་དགེ་ལས་ཀྱི་ལས་དོན་བྱེད་ཕྱོགས་ཡར་

རྒྱས་སུ་བཏང་ཐོག་ནས་ཕྲུག་གུའི་ཤེས་ཡོན་ལ་སྨན་ཐབས་སུ་ཤེས་རིག་ལྷན་

ཁང་ནས་སློ བ ་གྲྭ་ཁག་ལ་གཟི ག ས་བསྐོར་ཐོ ག ་ནས་ལས་དོ ན ་ཚགས་ཚུད་

འབྱུང་ཐབས་ཕྱག་ལེན་འཕྲལ་དུ་བསྟར་དགོས་རྒྱུ། ༣༽

ཤེས་རིག་ཚོགས་ཆེན་གྱི་གྲོས་ཆོད་དོན་ཚན་གསུམ་པ་ནང་གསལ་

ཤེས་རིག་ཟློས་གར་ཡར་རྒྱས་གཏོང་ཐབས་དང་། མ་འོངས་པའི་འཛིན་སྐྱོང་

སྐོར་ལ་འབྲེ ལ ་ཡོ ད ་ཤེ ས ་རི ག ་ལྷན་ཁང་ནས་ཟློས་གར་རང་ཁུངས་སུ་གོ ་

བསྡུར་ཞིབ་གནང་ཐོག་ནས་སླར་མཛད་ཕྱོགས་བདེ་བའི་འཁྲུན་ཆོད་སྙིང་དོན་

ཇི་བྱུང་རྒྱུན་ལས་ཚོགས་འདུར་བཀའ་བསྡུར་ཞུ་གནང་ཐོག་ནས་ཐག་གཅོད་ གནང་རྒྱུ། ༤༽

སྔ་ལོའི་ཚོགས་ཆེན་གྱི་གྲོས་ཆོད་དོན་ཚན་གསུམ་པའི་ནང་གསེས་

གཉིས་པ་ནང་གསལ།

རང་གཞུང་གི་ཁོངས་སུ་གཏོགས་པའི་བཟོ་རིགས་

ཁག་གི ་ ཐོ ན ་སྐྱེད་རྣམས་དཔལ་འབྱོ ར ་ལས་ཁུངས་ནས་ཉོ ་ སྒྲུབ་ཀྱི ་ ཕྱི ་ རྒྱལ་

ཁག་དང་བཅས་པར་ཚོང་འཁོས་བྱ་རྒྱུའི་ཐབས་ཤེས་ལག་ལེན་ཐུབ་པ་དང་།

དཔལ་འབྱོ ར ་འདུ་འགོ ད ་ལ་སྨན་ཐབས་མ་དངུལ་གྱི ་ ཐབས་ཤེ ས ་ཐུབ་ན་ 253


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྐབས་བསྟུན་འབྲེ ལ ་ཡོ ད ་ལ་གོ ་ བསྡུར་ཐོ ག ་འཆར་གཞི ་ དང་ལྡན་པའི ་ ཕྱག་ ལེ ན ་བསྟར་རྒྱུ་ཞེ ས ་དེ ་ ལྟར་ཡང་སྔ་ལོ ་ མ་དངུལ་ཐབས་ཤེ ས ་བྱ་རྒྱུའི ་ དཀའ་

ངལ་སོ ག ས་ལ་བརྟེན་ཕྱག་བཞེ ས ་དོ ན ་འཁེ ལ ་མ་བྱུང་བའི ་ སྐོར་འབྲེ ལ ་ཡོ ད ་

ནས་གསལ་བཤད་གནང་དོན་འདི་ལོ་ནས་མ་དངུལ་ཐབས་ཤེས་འདུ་འགོད་ ཐོག་གྲོས་ཆོད་གཞི་བཟུང་ཕྱག་ལེན་བསྟར་རྒྱུ། ༥༽

སྔ་ལོའི་ཚོགས་ཆེན་སྐབས་ཀྱི་གྲོས་ཆོད་ནང་གསལ་བོད་མི་མང་སྤྱི་

འཐུས་ཀྱི་འོས་བསྡུ་མཛད་ཕྱོགས་སྐོར་རྒྱལ་ཁབ་ཁག་གི་འོས་བསྡུའི་ཡིག་ཆ་

བོ ད ་ཡི ག ་ཏུ་ཕབ་བསྒྱུར་ལེ ག ས་གྲུབ་ཟི ན ་པ་ལྟར་རྩ་ཁྲི མ ས་རི ན ་པོ ་ ཆེ འི ་ དགོངས་དོན་ཟུར་རྒྱན་ཞིབ་ཕྲ་འཕྲལ་ལ་གཏན་འཁེལ་ཐུབ་པ་གནང་རྒྱུ། ༦༽

གསལ།

ཤེས་རིག་ཚོགས་ཆེན་གཉིས་པའི་གྲོས་ཆོད་དོན་ཚན་བདུན་པ་ནང་

སློབ་ཐོན་ཡོང་བཞིན་པའི་སློབ་ཕྲུག་རྣམས་ལ་ལས་ཀའི་དམིགས་

ཡུལ་གསར་འཚོལ་གནང་ཕྱོགས་སྐོར།

གཞི་རིམ་ཐོན་པ་རྣམས་མཐོ་རིམ་

སློབ་སྦྱོང་དང་། ལས་སྒོ་གང་སར་སློབ་ཕྲུག་སོ་སོའི་ཤེས་འབྱོན་དང་བསྟུན་ པའི་མ་འོངས་གཞུང་འབངས་ཀྱི་ལས་དོན་ཞབས་ཞུར་སྨན་པའི་མདུན་ལམ་ འཆར་བཟོ ་ ཚོ ག ས་ཆུང་ནས་བཟོ ས ་པའི ་ ལས་དོ ན ་མཇུག་སྐྱོང་གནང་འོག ་ ཕྱག་ལེན་བསྟར་རྒྱུའི་ཐོག་རང་གཞུང་གི་ལམ་སྟོན་འོག་རང་རང་བློ་མོས་ལྟར་

ཞུགས་རྒྱུ། ༧༽

སྔ་ལོའི་ཚོགས་ཆེན་གྱི་གྲོས་ཆོད་གཉིས་པའི་ནང་གསེས་དོན་ཚན་

གསུམ་པར། རང་གཞུང་སྐུ་ཚབ་དོན་གཅོད་ཁག་ནས་གནས་ཡུལ་རྒྱལ་ཁབ་

སོ་སོའི་ནང་གནད་ཡོད་དཔོན་རིགས་སོགས་ལ་འབྲེལ་ལམ་དམ་ཟབ་གནང་

རྒྱུའི་ཁར། སྲིད་དོན་གྱི་གནས་སྟངས་དང་། འགྱུར་བ་ཇི་ཡོང་སྐབས་མཚམས་

སོ ་ སོ ར་བཞུགས་སྒར་དུ་འབྲེ ལ་བ་རྒྱུན་ཟབ་ཞུ་རྒྱུ་ཞེ ས ་གསལ་བར་ད་ལམ་ བཀའ་ཤག་ནས་འགྲེལ་བརྗོད་གནང་དོན་ལྟར་ན་ཨ་རིས་མཚོན་སྐུ་ཚབ་དོན་ 254


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

གཅོད་རྣམས་ནས་འབྲེལ་བ་ཇི་བཞིན་ཡོང་མིན་ལ་འདི་དག་ནར་འགྱངས་ཟོམ་

འཇོ ག ་ཏུ་མ་སོ ང ་བར་སྐབས་བསྟུན་ཕྱག་ལེ ན ་བསྟར་འོས ་བཀའ་ཤག་ནས་ ཐུགས་འཁུར་ཆེ་བཞེས་གནང་རྒྱུ།

དོན་ཚན་གཉིས་པ། འཛམ་གླིང་ཆབ་སྲིད་ཀྱི་འཕོ་འགྱུར་དང་བསྟུན་

པའི ་ བོ ད ་རང་བཙན་བསྐྱར་བཞེ ས ་ཀྱི ་ ཐབས་ལམ་གསར་པའི ་ ཤུགས་སྣོན་ མཛད་ཕྱོགས་ཇི་དགེའི་སྐོར། ༡༽

གཞིས་བྱེས་བོད་མིའི་འདོད་དོན་བོད་རང་བཙན་སླར་གསོའི་ལས་

འགུལ་འདི ་ ཉི ད ་ཀྱི ་ དམི ག ས་ཡུལ་དགོ ས ་དོ ན ་གཙོ ་ བོ ་ གཞི ས ་ལུས་རྒྱ་ཆེ འི ་

མང་ཚོགས་ཀྱི་བདེ་སྡུག་ཆེད་དུ་ཡིན་སྟབས་ཁོང་ཚོའི་བསམ་ཚུལ་རེ་དོན་ལ་ བསྟུན་དགོས་པའི་རང་ཡུལ་བོད་ལྗོངས་སུ་གནས་འཁོད་གཞིས་ལུས་རྒྱ་ཆེའི་

མང་ཚོ ག ས་རྣམས་རྒྱལ་གཅེ ས ་ཀྱི ་ སེ མ ས་ཤུགས་འགྲན་ཟླ་བྲལ་བ་ཡོ ད ་

ནའང་ད་དུང་མུ་མཐུད་རྒྱ་ཆེ འི ་ མང་ཚོ ག ས་ཀྱི ་ དངོ ས ་ཡོ ད ་བསམ་ཚུལ་ཇི ་

ཡིན་སྔར་བཞིན་ཤེས་རྟོགས་ཆེད་གཞིས་བྱེས་བོད་མིའི་དབར་ཕྱི་ནང་གསང་

གསུམ་གྱི་འབྲེལ་ལམ་ཐབས་ཚུལ་ཕྱག་ལེན་བསྟར་ཕྱོགས་དང་། ༢༽

གཞིས་བྱེས་བོད་མི་མང་གི་དམིགས་ཡུལ་བོད་རང་བཙན་སླར་གསོ་

ཡོང་ཐབས་སུ་གཞུང་འབངས་སོ་སོ་ནས་ཕྱར་བ་གྲུ་འདེགས་ཀྱི་ལས་འགུལ་ ཕྱག་བཞེས་བསྟར་མུས་དེ་ལྟར་ཡང་།

ད་དུང་ལས་དོན་དེ་དག་སྔར་ལྷག་

ཚགས་ཚུད་འབྱུང་ཐབས་ཚོགས་འདུ་སྔ་རྗེས་ནང་འབོད་བསྐུལ་བསམ་འཆར་

བྱུང་དོན་སྲིད་དོན་ཉམས་ཞིབ་ཀྱི་ཚོགས་ཆུང་ཟུར་འཛུགས་ཕྱག་ལེན་བསྟར་

མུས་དེ་དག་འབྲེལ་ཡོད་ནས་མུ་མཐུད་མཇུག་སྣོན་ཕྱག་ལེན་དོན་འཁེལ་ཐོག སྲི ད ་དོ ན ་ལ་མཁས་འཛངས་ཅན་གྱི ་ ཕྱི ་ ནང་མི ་ རི ག ས་ཁག་ལ་གྲོས་བསྡུར་

ལེགས་ཆ་ཕྱོགས་བསྡུ་རྒྱུན་སྐྱོང་མཛད་བཞེད་ཐོག་རང་གཞུང་གི་མཛད་གཙོ་

རྣམས་ལྷན་འཛོམས་ཀྱིས་སྲིད་དོན་གྱི་གྲོས་ཚོགས་ཡང་ཡང་གནང་ན་ངེས་ 255


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པར་དོན་ཕན་ཡོང་རྒྱུ། ༣༽

དེང་སྐབས་འཛམ་གླིང་སྲིད་དོན་གྱི་འགྱུར་བ་ཇེ་ཆེར་འགྲོ་དང་འགྲོ་

བཞིན་པར་སོང་རང་རེ་བོད་དོན་ལའང་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུ་དེ་

ལྟར་ཡང་། གཙོ་བོ་སྲིད་དོན་དང་འབྲེལ་བའི་མང་ཚོགས་ཀྱི་བསམ་བློའི་ཆུ་

ཚད་ལ་རག་ལུས་པར་བརྟེན་བཟོ་སློབ་གཞིས་གསུམ་སོགས་བོད་མིའི་གནས་

ཡུལ་ཁག་ལ་རྒྱལ་གཅེ ས ་སྲི ད ་དོ ན ་གྱི ་ ལྟ་བའི ་ སློ བ ་སྟོན་གནང་རྒྱུའི ་ མཚོ ན ་

བོད་རང་བཙན་སླར་གསོའི་ལས་འགུལ་ལ་སྨན་པའི་སྐབས་བསྟུན་ཕྱག་ལེན་

གནང་འོས ་ཇི ་ ཡོ ད ་བཅས་ཀྱི ་ གནད་དོ ན ་རྣམས་ཕྱག་ལེ ན ་བསྟར་ཕྱོ ག ས་ཇི ་ འགབ་རྒྱུན་ལས་ཚོ ག ས་འདུ་ནས་བཀའ་བསྡུར་ཐག་གཅོ ད ་ཀྱི ་ ཕྱག་ལེ ན ་ བསྟར་རྒྱུ།

དོན་ཚན་གསུམ་པ། ༸གོང་ས་༸སྐྱབས་མགོན་ཆེན་པོའི་དབུ་ཁྲིད་

ལམ་སྟོན་འོག་བྱེས་འབྱོར་གཞུང་མང་གི་གང་ཅིའི་གནས་སྟངས་ཡར་རྒྱས་སུ་

འགྲོ་བཞི ན ་པ་དེ ་ ལྟར་ཡང་ད་དུང་བྱེ ས ་འབྱོ ར ་བོ ད ་གཞུང་མང་གི ་ གནས་

སྟངས་ཡར་རྒྱས་འབྱུང་ཐབས་ཀྱི་ཐབས་ལམ་གསར་པ་ཇི་ཡོད་སྐོར།

༡༽ ས་ཁུལ་སོ་སོའི་མང་ཚོགས་ཀྱི་བསམ་འཆར་ཕྱོགས་བསྡུ་ཡོང་སླད་ཕྱི་

ལོ ་ ནས་ལོ ་འཁོ ར ་ལས་བསྡོམས་ཚོ ག ས་ཆེན ་གྱི་ གྲོས་གཞི་ ཡིག་ཆ་ས་ཁུལ་

སོ ་ སོ ར ་སྔོ ན ་ཚུད་ནས་འགྲེམས་གཏོ ང ་གནང་རྒྱུའི ་ ཐོ ག ་རྒྱུན་ལས་གསལ་ བསྒྲགས་དང་བསྐུལ་ཁྱབ་གནང་བའི ་ ཁོ ང ས་སོ ་ སོ འི ་ འགོ ་ འཐུས་རྣམས་ ཚོགས་འདུར་ཕེབས་ཕྱོགས་སྒྲིག་སྲོལ་དང་མཐུན་པ་གནང་རྒྱུ། ༢༽

རང་གཞུང་ནས་བཙན་བྱོལ་བོད་མི་ཡོངས་རྫོགས་ལ་ཆ་སྙོམས་

གཟིགས་རྟོག་གནང་མུས་དེ་ལྟར་ཡང་། བལ་ཡུལ་གྱིས་མཚོན་ས་མཚམས་

ཁག་ཏུ་གནས་སྡོད་བོད་མིའི་གནས་སྟངས་རྣམས་གཞིས་སྒར་སྤྱི་མཚུངས་ཀྱི་

གནས་སྟངས་ལྟར་ཡོ ང ་ཐབས་དམི ག ས་བཀར་གཟི ག ས་སྐྱོང་ཐུབ་པའི ་ 256


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དགོངས་བཞེས་གནང་རྒྱུ།

༣༽ རང་གཞུང་དབུས་དྲིལ་བསྒྲགས་ལས་ཁུངས་ཀྱིས་ཕྱི་ནང་གང་སར་དྲིལ་

བསྒྲགས་ཀྱི་ལས་དོན་ཕྱག་བཞེས་བསྟར་མུས་ཀྱང་། ད་དུང་དྲིལ་བསྒྲགས་ དང་། ཆབ་སྲིད་ཀྱི་སློབ་སྟོན་མང་ཚོགས་ནས་རྒྱུན་མཐུད་གསལ་བཤད་ཐུབ་

ཐབས་ད་ཡོ ད ་ས་ཁུལ་སོ ་ སོ ས ་ཚོ ག ས་ཆུང་ཁག་ནས་མཐུན་འགྱུར་རོ ག ས་

རམ་ཇི་དགོས་དྲིལ་བསྒྲགས་ལས་ཁུངས་ནས་རྒྱུན་ལས་ཚོགས་འདུར་འཆར་ གཞི་༸སྙན་འབུལ་གནང་རྒྱུ།

༤༽ བོད་གཞུང་འབངས་ཀྱི་ལས་དོན་སྤྱི་བྱེ་ཚགས་ཚུད་འབྱུང་མིན་གཙོ་བོ་

རང་གཞུང་གི་མཛད་གཙོ་ལས་བྱེད་རྣམ་པས་མཛད་འཁུར་དང་། བཀོད་བྱུས་ ལ་རག་ལུས་པར་བརྟེན་སྐབས་བསྟུན་ཕྱག་ལེན་བསྟར་འོས་རྣམས་སྐབས་སོ་

སོར་བཀའ་ཁྱབ་བཀོད་བྱུས་ལ་དྭངས་ལེན་ཞུ་རྒྱུ་དང་། རང་གཞུང་ལས་བྱེད་ རྣམ་པའི་སྒྲིག་གཞི་གཏན་འབེབས་དགོངས་དོན་སྲ་བརྟན་མཇུག་སྐྱོང་ཐུབ་པ་

གནང་རྒྱུ་བཅས་རྩ་བའི་གོང་གསལ་དོན་ཚན་སོ་སོའི་ལས་དོན་སྡེ་ཚན་ཁག་ ཕྱག་ལེན་བསྟར་ཕྱོགས་སྐོར་སྐབས་བསྟུན་འཆར་གཞི་ཕྱག་རྟགས་རིན་པོ་ཆེ་

དང་འབྲེལ་བ་ཞུ་རྒྱུ་དེ་ལྟར་ཡང་། ལེགས་སྤེལ་ཉེས་འགོག་གི་བཀའ་སློབ་ཡེ་ ཤེས་དབྱིངས་དཔྱད་ཐུགས་རྗེ་ཆེ་བ་ཞུ་རྒྱུར།

ལོ་འཁོར་ལས་བསྡོམས་ཚོགས་ཐེངས་ལྔ་པའི་ཚོགས་འདུ་བ་ཐུན་མོང་ནས།

བོད་རྒྱལ་ལོ་ ༢༡༠༡ ཕྱི་ལོ་ ༡༩༧༤ ཟླ་ ༣ ཚེས་ ༡༦ ལ་ཕུལ་ཞེས་གསལ་ འདུག

ཕྱི་ལོ་ ༡༩༧༤ ཟླ་ ༦ ཚེས་ ༦ ཉིན་ཆེས་མཐོའི་རྒྱུན་ལས་ཀྱི་ནང་

དུ། རྩ་ཁྲིམས་འགྲེལ་བཤད་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་འདུག་

པ་དང་རྩ་ཁྲིམས་འགྲེལ་བརྗོད་ཆེད་མི་ལྔ་ཡོད་པའི་ཚོགས་ཆུང་ཞིག་ནས་བགྲོ་ 257


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གླེང་གིས་ཐུགས་གཏན་ཇི་འཁེལ་ཆེས་མཐོའི་རྒྱུན་ལས་ཚོགས་འདུར་བསྣམ་

རྒྱུ་གནང་འདུག་ཅིང༌། ཚོགས་ཆུང་གི་ཚོགས་མིར། ༡ སྤྱི་འཐུས་བློ་བཟང་

དར་རྒྱས། ༢ སྤྱི་འཐུས་བློ་བཟང་བསྟན་འཛིན། ༣ ནང་སྲིད་དྲུང་ཆེ་རྒྱལ་ མཚན་ཆོས་ལྡན། ༤ དྲིལ་བསྒྲགས་དྲུང་ཆེ་བསོད་ནམས་སྟོབས་རྒྱལ། ༥ ཤེས་རིག་དྲུང་གཞོན་བློ་བཟང་དོན་ལྡན་བཅས་བསྐོ་གཞག་གནང༌འདུག

དེ་ནས་མང་ཚོགས་ལ་ཟླ་རེར་ཐེངས་གཉིས་རེ་དྲིལ་བསྒྲགས་གནང་

རྒྱུའི་ཐག་གཅོད་བྱུང༌།(1)

ཕྱི་ལོ་ ༡༩༧༤ ཟླ་ ༨ ཚེས་ ༨ སྔ་དྲོ་རྒྱུན་ལས་འཕར་ཚོགས་གནང་

བའི་ཚིག་ཐོ་ཇི་བཞིན་བཀོད་པ་འདི་ལྟར། ཚོགས་གཙོས། སྤྱི་འཐུས་འོས་

འདེམས་བྱ་ཕྱོགས་ཡིག་ཆ་གོ་སྒྲིག་ཞུས་པར་ཐུགས་ཞིབ་ཐོག་ཐག་གཅོད་ཞུ་

རྒྱུ་དང༌། ད་ཕན་སྤྱི་འཐུས་བསྐོ་འདེམས་བྱེད་ཕྱོགས་རྒྱུ་མཚན་མང་པོ་ཞིག་ ལ་བརྟེན་ནས་འདྲ་མིན་མང་པོ་ཞིག་བྱུང་ཡོད་པར་བརྟེན་ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་གསལ།

སྤྱི ་ འཐུས་ཐེ ང ས་དྲུག་པ་འདི ་ བཞི ན ་འདེ མ ས་བསྐོ་བྱེ ད ་ཕྱོ ག ས་ལ་

ལེགས་བཅོས་བྱེད་ཐུབ་ན་དགེ་མཚན་ཆེ་ངེས་ཕེབས་པ་བཞིན།

སྤྱི་འཐུས་

ལྷན་ཚོགས་ནས་རྒྱ་གར་འཐུས་མི ་ འོ ས ་འདེ མ ས་བྱ་ཕྱོ ག ས་ཀྱི ་ ཡི ག ་ཆ་

ཕྱོགས་བསྡུས་ཐོག ད་ཕན་རང་རེའི་སྤྱི་འཐུས་འོས་བསྡུ་བྱ་ཕྱོགས་ཡིག་ཆ་

རྙིང་པ་ཁག་བཅས་ལ་གཞི་བཅོལ་ཏེ་འདེམས་བསྐོའི་སྒྲིག་གཞི་དཔར་པ་འདི་ བཞི ན ་གོ ་ སྒྲི ག ་ཞུས་ཏེ ་ བཀའ་ཤག་ལའང་སྤྱན་བསྟར་ཞུས་པ་ལྟར་ད་ལམ་

མཐའ་མའི་ཐག་གཅོད་འདི་ག་རྒྱུན་ལས་ནས་གནང་རྒྱུར་ཚང་མས་འདི་ཐོག་ དགོངས་བཞེས་བཀའ་བསྡུར་གྱིས་དགོངས་འཆར་ཟབ་ལྷིང་གནང་སྐྱོང་ཡོད་ 1 རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ ནང་གསལ།

258


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

པ་ཞུ་གནང་ཐོག ཡིག་ཆ་སྙན་སྒྲོན་གནང༌། བཀའ་བསྡུར་ལས་འཕྲོས་པའི་

དགོངས་འཆར་བྱུང་རིགས་ཟུར་ཙམ་ཚིག་ཐོ་ཇི་བཞིན་བཀོད་ན་འདི་ལྟར།

སྒྲིག་གསལ། “ བོད་གཞུང་དགའ་ལྡན་ཕོ་བྲང་ ” ཞེས་པའི་བརྗོད་

ཚིག་འདི་བཞིན་ཕྱིར་འཐེན་བྱེད་དང་མི་བྱེད་དགོངས་འཆར་བྱུང་དོན། གནས་

སྐབས་བརྗོ ད ་ཚི ག ་འདི ་ གཤམ་མཆན་འགོ ད ་ཀྱི ས ་སྙན་ཞུར་ཕུལ་ཏེ ་ དེ ་ ཐོ ག ་ ནས་ཐག་ཆོད་གནང་རྒྱུ་གནང༌།

ཡང་ཆོས་ལུགས་འཐུས་མིའི་ཁོངས་བོན་

འཐུས་འཇུག་འོས་དགོངས་འཆར་ཇི་སྙེད་བྱུང་མཐར་ད་ལམ་གནས་སྐབས་ འདིར་བོན་འཐུས་མ་དགོས་པ་དང༌། གནང་རྒྱུར་བཞག

འབྱུང་འགྱུར་ཇི་འོས་དགོངས་བཞེས་

དེ་ཉིན་ཚོགས་མཚམས་བཞག་ནས་སང་འཚོགས་རྒྱུ་

གནང༌། ཕྱི་ལོ་ ༡༩༧༤།༨།༩ ཉིན་རྒྱུན་ལས་ནང༌། འཆར་གསལ། ཁེ་ཡོད་

ལས་འཛིན་ཞེས་པ་ནི། སྔ་འཕྲོས་རིང་ྋགོང་ས་མཆོག་ནས་ཐད་ཀར་དང༌།

དབུས་གཞུང་ལས་བྱེད་བདག་གཉེར་ཁང་ནས་འཆར་འབུལ་དང་འབྲེལ་བའི་ བསྐོ་གཏོང་བྱས་པ་ཡན་གྱི་ལས་བྱེད་ངོ་མའི་ཐོབ་ཐང་ཆ་ཚང་ལྡན་པ་རྣམས་ ཡིན་ཞེས་བརྗོད་བྱར་ལེགས་བཅོས་གནང༌། ཕྱོགས་ཐད།

སྤྱི་འཐུས་དམ་བཅའ་གནང་

ད་ལམ་འགྱུར་བ་འགྲོ་རྒྱུར་བརྟེན་དེ་སྐོར་ཟུར་དུ་བཀའ་མོལ་

གནང་རྒྱུར་བཞག སྡེ་ཚན་གཉིས་པ་ནང་གསལ། འདེམས་བསྐོ་ལྷན་ཚོགས་

སྐོར་སྤྱི ་ འཐུས་འོས ་འདེ མ ས་སྐབས་རེ ་ རེ འི ་ ཐོ ག ་དབུས་འདེ མ ས་བསྐོ་ལྷན་

ཚོགས་རེ་དགོས་རྒྱུ་འཆར་གཞིར་ཁ་གསལ་གནང༌། སང་མུ་མཐུད་འཚོག་ རྒྱུ་གནང༌། ཚེས་དགུའི་ཉིན་གྱི་རྒྱུན་ལས་སུ། སྤྱི་འཐུས་འོས་ཤོག་འཕེན་ ཕྱོགས་དང་དང་བླངས་ཞུགས་ཕྱོགས་སྐོར་བཀའ་མོལ་གནང༌།

ཕྱི་ལོ་ ༡༩༧༤།༨།༡༢ ཉིན་གྱི་རྒྱུན་ལས་སུ། སྤྱི་འཐུས་འོས་གཞི་

གསལ་བསྒྲགས་བྱ་ཕྱོགས་སྐོར།

འོས་གཞི་གསལ་བསྒྲགས་བྱས་རྗེས་

དགོ ང ས་ཞུ་མི ་ ཆོ ག ་ཅེ ས ་དོ ་ བདག་སོ ་ སོ ར ་གནས་ཚུལ་གཏོ ང ་རྒྱུ་གསལ་བ་ 259


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདིས་དགོངས་ཞུ་བྱ་དགོས་ལྟ་བུར་གོ་བས་དགོངས་ཞུ་བྱེད་མཁན་ཕོན་ཆེ་

ཡོང་ངེས་པས་འདི་སྐོར་ཐག་གཅོད་མ་བྱུང་བར་རྗེས་སུ་བཀའ་བསྡུར་གནང་

རྒྱུར་བཞག སེར་མོ་བ་ཚོར་འོས་ཤོག་འཕེན་རྒྱུའི་ཐོབ་ཐང་གཉིས་ཡོད་བདེ་ མིན་ལ་བསྒྱུར་བཅོས་གནང་འོས་དགོངས་འཆར་བྱུང་རུང༌། གནས་སྐབས་

རི ང ་དམི ག ས་བསལ་གྱི ས ་སྔོ ན ་མ་ལྟར་ཐོ བ ་ཐང་གཉི ས ་ཡོ ད ་རང་འཇགས་ འཇོག་རྒྱུ་གནང༌། ཚོགས་མཚམས་བཞག་སྟེ་སང་འཚོག་རྒྱུ་གནང༌།

ཕྱི་ལོ་ ༡༩༧༤།༨།༡༣ རྒྱུན་ལས་ནང་ཡིག་རྨོངས་རིགས་ལ་འོས་

འཕེན་སྐབས་རོགས་ཕན་བྱ་ཕྱོགས་སྐོར་བཀའ་བསྡུར་གནང༌།

ཕྱི་ལོ་ ༡༩༧༤།༨།༡༤ ཉིན་གྱི་རྒྱུན་ལས་སུ། ས་གནས་མི་འབོར་

ལ་གཞིགས་པའི་སྤྱི་འཐུས་ཡོང་ཕྱོགས་དགོངས་འཆར་བཀའ་བསྡུར་གནང་ འབྲས་སུ། མཐའ་དོན་འདི་སྐོར་ཐག་གཅོད་མ་བྱུང་བར་སྤྱི་འཐུས་རྣམས་མང་

མོས་འོས་འཕེན་སྐབས་ས་གནས་ཁག་བགོས་མ་དགོས་པར་རང་འཇགས་

སྔོན་མ་ལྟར་གནང་རྒྱུར་འོས་འཕེན་མང་ཐོན་བྱུང་བས་དེ་རང་འཇགས་འཇོག་ རྒྱུར་གཏན་འཁེལ། དེ་བཞིན་སྤྱི་འཐུས་འོས་གཞི་ཐོན་པ་རྣམས་གསར་ཤོག་

ནང་གསལ་བསྒྲགས་བྱ་རྒྱུའི་ཐག་གཅོད་གནང་ནས་རྗེས་སུ་མུ་མཐུད་འཚོག་ རྒྱུ་གནང༌།

ཕྱི་ལོ་ ༡༩༧༤།༨།༡༦ ཉིན་གྱི་རྒྱུན་ལས་སུ། སྔོན་འགྲོ་དང་དངོས་

གཞིའི་འོས་གཞི་གསལ་བསྒྲགས་གནང་ཕྱོགས་དང་ས་གནས་ཁག་ཏུ་ཆོལ་ཁ་

ཆོས་བརྒྱུད་སོ་སོར་འོས་སྒམ་གཅིག་རེ་དང་འོས་ཤོག་ཚོས་མདོག་འདྲ་མིན་ བཞག་དགོས་པའི་ཐག་གཅོད་གནང༌། རྗེས་སུ་མུ་མཐུད་འཚོག་རྒྱུ་གནང༌།

ཕྱི་ལོ་ ༡༩༧༤།༨།༡༧ ཉིན་རྒྱུན་ལས་སུ་ཐག་གཅོད་བྱུང་དོན། ཕྱི་

ཚེས་བརྒྱད་ནས་བཅུ་བདུན་བར་གུང་གསེང་ཁག་ཕུད་པའི་ཉིན་གྲངས་བརྒྱད་

འཕར་འཚུགས་གནང་ཏེ་དང་བླངས་བ་རྣམས་འོས་ཐོབ་བརྒྱ་ཆ་ ༤༠ ཐོབ་ན་ 260


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འབའ་དངུལ་ཟུར་འཇོ ག ་ཡོ ད ་པ་ཕྱི ར ་སློ ག ་བྱ་རྒྱུ་དང་དེ ་ ལྟར་མ་ཐོ བ ་ཚེ ་

འདེམས་ལྷན་ནས་འགྲོ་གྲོན་གཏོང་རྒྱུའི་ཐག་གཅོད་དང་འབྲེལ་སྤྱི་འཐུས་འོས་ བསྡུའི་སྒྲིག་གཞི་གཏན་འབེབས་ཀྱིས་ཚིག་ཐོ་དང་སྦྲགས་ྋགོང་ས་ྋསྐྱབས་ མགོན་ཆེན་པོར་ྋསྙན་ཕུལ་བཀའ་འཁྲོལ་ཞུ་རྒྱུར་ཕུལ།(1)

ཕྱི་ལོ་ ༡༩༧༤ ཟླ་ ༡༠ ཚེས་ ༡༠ སྔ་དྲོ་རྒྱུན་ལས་ཚུགས་ཐོག་

ཚོགས་གཙོས། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མདུན་སྤྱི་འཐུས་ འོས ་འདེ མ ས་བྱེ ད ་ཕྱོ ག ས་ཀྱི ་ ཡི ག ་ཆ་སྙན་ཕུལ་ཕྱི ར ་ཕེ བ ས་དགོ ང ས་དོ ན ་

སྐབས་དྲུག་པ་ནས་སྤྱི ་ འཐུས་འོས ་འདེ མ ས་ཞུ་ཕྱོ ག ས་འཆར་གཞི ་ ཡི ག ་ཆ་

ཞིབ་ཕྲ་བྱུང་འདུག འོན་ཀྱང་ཆོས་ལུགས་ཁག་གི་འཐུས་མི་སྔར་རྒྱུན་དགོས་ མིན་དང༌།

དེ་བཞིན་བོན་པོ་དང་བུད་མེད་སྤྱི་འཐུས་སྐོར་བཅས་ཁྱེད་ཚོས་

གྲོས་བསྡུར་གྱིས་རྒྱུ་མཚན་ཁ་གསལ་ཞིག་དགོས་ལུགས་སྤྱིར་ཕེབས་འདུག་

པ་འདི་སྐོར་བཀའ་བསྡུར་ཡོད་པ་ཞེས་གསུངས། དེ་རྗེས་བཀའ་བསྡུར་ཇི་སྙེད་

བྱུང་བའི་མཐར་ཐག་གཅོད་བྱུང་བ་འདི་ལྟར།

མཐའ་དོན་གྲོས་ཆོད། ཆོས་ལུགས་ཆེན་པོ་བཞིའི་འཐུས་མི་ད་མུར་

བཞི ན ་རང་འཇགས་བསྐོ་འཇོ ག ་དགོ ས ་པའི ་ མང་མོ ས ་རྒྱུ་མཚན་ཟུར་ཡོ ད ་ ལྟར་དང༌།

བུད་མེད་སྤྱི་འཐུས་ཐད།

ད་ཡོད་ཆོལ་ཁ་སོ་སོའི་འཐུས་མིའི་

གྲངས་ཚད་ཁོངས་ད་ནས་བཟུང་བུད་མེད་ཀྱི་སྤྱི་འཐུས་དམིགས་བསལ་ཟུར་

དུ་མ་དགོས་པར་ཕོ་མོ་ཁྱད་མེད་ཀྱི་ཐོབ་ཐང་བསྩལ་རྒྱུ།

རང་གཞུང་དཔལ་འབྱོ ར ་ལ་དགོངས་བཞེ ས ་ཀྱི ས ་སྤྱི ་

འཐུས་གྲངས་ཚད་ཉུང་དུ་གཏོང་རྒྱུ་ཐད་དགེ་མཚན་མ་མཐོང་བས་ད་མུར་རང་

འཇགས་གནང་རྒྱུ་བཅས་ལ་མང་མོ ས ་ཐུགས་གཏན་འཁེ ལ ་སོ ང ་བའི ་ སྐོར་

1 རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ གསལ།

261


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཐུས་མིན་སྙན་ཞུ་ཟུར་འབུལ་ཞུ་རྒྱུ་བཅས།”(1) སྤྱི་འཐུས་འོས་འདེམས་བྱ་

ཕྱོགས་རྩ་ཁྲིམས་དགོངས་དོན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་

བསྐོ་གཞག་གནང་བའི ་ འོས ་བསྡུ་ལས་ཁང་བརྒྱུད་འོས ་འདེ མ ས་སྤྱི ་ འཐུས་ སྐབས་ལྔ་པ་ཕན་ཐབས་ལམ་འདྲ་མིན་སྣ་ཚོགས་ཤིག་གནང་འདུག་ཅིང༌། ཕྱི་

ལོ་ ༡༩༧༤ ལོར་བཀའ་དགོངས་བཞིན་བཙན་བྱོལ་གཞུང་མང་གི་ད་ལྟའི་ གནས་སྟངས་ལ་གཞི་བཅོལ་ཏེ་རྒྱ་གར་གྲོས་ཚོགས་འཐུས་མིའི་འོས་བསྡུའི་

ཡི ག ་ཆ་ནས་ལེ ག ས་ཆ་བླང་འོས ་བླངས་ཐོ ག ་སྤྱི ་ འཐུས་གདམ་བྱ་འདེ མ ས་

བྱེད་ཀྱི་སྒྲིག་གཞི་གསར་དུ་གཏན་འབེབས་གནང་སྟེ་ལོ་དེའི་ཟླ་བ་ ༡༡ ཚེས་ ༢༡

ཉིན་གཏན་འབེབས་དང་སྦྲགས་དེ་ནས་བཟུང་བུད་མེད་ཀྱི་སྤྱི་འཐུས་

བཀའ་ཤག་ནས་ཕྱི་ལོ་ ༡༩༧༤ ཟླ་ ༡༠ ཚེས་ ༢༤ ཉིན་སྤྱི་འཐུས་

དམི ག ས་བསལ་གྲངས་བཅད་མ་དགོ ས ་པར་ཕོ ་ མོ ་ ཁྱད་མེ ད ་འོས ་འདེ མ ས་

བྱེད་ཆོག་པའི་གསལ་བསྒྲགས་གནང༌།

སྐབས་ལྔ་པ་བར་གྱི་འོས་འདེམས་གནང་ཕྱོགས། དེར་ལེགས་བཅོས་དགོས་

སྐོར་བཀའ་ཕེབས་ལྟར། (དམངས)མང་གཙོའི་ལམ་ལུགས་དང་མཐུན་པའི་ འོས་བསྡུའི་སྒྲིག་གཞི་དང་འགན་དབང་ལ་སོགས་གཏན་འབེབས་ཟིན་ནས།

འབྱུང་འགྱུར་སྤྱི ་ སྐབས་དྲུག་པའི ་ འོས ་བསྡུའི ་ ཆེ ད ་འོས ་བསྡུའི ་ སྒྲི ག ་གཞི ་

བཞིན་འདེ མ ས་ལྷན་གྱི་ ཚོ གས་གཙོ ་ དང་ཚོ ག ས་མི་ བཅས་འཆར་ཕུལ་ཕྱག་ རྟགས་དགོངས་དོན་གསལ་བསྒྲགས་གནང་བ་འདི་ལྟར། “ སྤྱི་ནོར་ྋགོང་ས་

ྋསྐྱབས་མགོ ན ་ྋརྒྱལ་དབང་ཐམས་ཅད་མཁྱེན་གཟི ག ས་ཆེ ན ་པོ ་ མཆོ ག ་ ནས་དུས་བསྟུན་མ་འོང ས་བོ ད ་(དམངས)མང་གཙོ འི ་ རྩ་ཁྲི མ ས་རི ན ་པོ ་ ཆེ ་

འཛམ་གླིང་ཡོངས་ལ་གསལ་བསྒྲགས་བཀའ་དྲིན་ཆེ་བའི་དགོངས་དོན། སྔ་

འཕྲོས་བཙན་བྱོལ་གཞུང་གི་གནས་སྐབས་སུ་ཕྱི་ནང་ཆ་རྐྱེན་གནས་སྟངས་

1 རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༤༩།༥ གསལ།

262


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དང་འཚམས་པའི་ཕྱག་ལེན་དངོས་བསྟར་ཐུབ་རིགས་ལ་གོམ་བགྲོད་ཀྱི་རིམ་ པ་མདུན་ནས་མདུན་དུ་རི མ ་དང་ཅི ག ་ཅར་དུ་སྤོ ་ གནང་མཛད་དང་མཛད་

བཞེ ད ་བཞི ན ་ལོ ་ གསུམ་རེ འི ་ མཚམས་སུ་བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ འོས ་

འདེ མ ས་ཐེ ང ས་རེ ་ སྟར་ཆགས་སུ་གནང་མུས་ལྟར་ད་ཕན་འོས ་བསྡུ་ལྷན་ ཚོགས་ཀྱི་མི་འགྲོ་དང༌། ལས་དོན་བྱེད་ཕྱོགས་སོགས་མང་ཚོགས་ཀྱི་གནས་

སྟངས་དང་འཚམས་པའི་དོན་ཕན་ལེགས་བཅོས་བསྐྱང་འོས་བསྐྱངས་ཤིང༌།

རྩ་བའི་འོས་འདེམས་བྱ་ཕྱོགས་ཐལ་ལུས་མི་འབྱུང་ཆེད་རྣམ་པ་འདྲ་མིན་ཙམ་

ལས། དོན་དུ་སྤྱི་འཐུས་སྐབས་དང་པོ་ནས། སྐབས་བཞི་པ་བར་རྩ་ཁྲིམས་ གཞིར་བཟུང་སྐྱེ་བོ་སོ་སོའི་ཁེ་དབང་ཆ་ཚང་བདག་གིར་སྤྱད་དེ་འོས་བསྡུ་བྱ་ འཐུས་ཀྱི་ཐོབ་ཐང་གོ་སྐབས་བསྩལ་ཡོད་རུང༌།

མི་མང་ཕལ་ཆེ་བས་སྤྱི་

འཐུས་སུ་འོས་པའི་རང་རིགས་ལྷག་བསམ་ཅན་དང༌། ལྷག་པར་དེང་སྐབས་

ཕྱི་ནང་འགྲོ་ལུགས་ཤེས་མཁན་ན་གཞོན་མང་པོ་འཚར་ལོང་ཡོང་བཞིན་པའི་

ཁོངས་ནས་འོས་དམིགས་སུ་མཆིས་ཀྱང་གསལ་པོ་ཤེས་མིན་གྱི་སྐྱོན་གནད་

ཆེ་བར་བརྟེན་དེ་ལྟའི་སྐྱོན་སེལ་ལེགས་ཆ་སྤེལ་བའི་ཐབས་བྱུས་ཇི་དགེ་རྒྱུན་

ལས་ཚོགས་འདུར་གོ་བསྡུར་གྱིས་མཐའ་དོན་འདེམས་བསྐོ་ལྷན་ཚོགས་ནས།

འོས ་ཤོ ག ་འགྲེམས་སྤེ ལ ་བྱེ ད ་རྒྱུའི ་ རྒྱབ་ཏུ་རང་རི ག ས་མི ་ མང་ནས་གནས་

ཚུལ་གསལ་པོ ་ མ་ཤེ ས ་མཁན་རྣམས་ལ་དྲན་བསྐུལ་ལམ་སྟོན་ལྟ་བུར་སྤྱི ་ འཐུས་ཁོངས་སུ་འཇུག་འོས་ཀྱི་མིང་ཐོ་བཏོན་ཏེ་དེ་ཚོར་འོས་ཤོག་བླུག་འོ ས་ མཆིས་མིན་མི་མང་སོ་སོའི་འདོད་མོས་བྱ་འཐུས་ལ་གྲོས་འཆམ་བྱུང་བ་ལྟར།

སྙན་གསེང་བཀའ་འཁྲོལ་དགོངས་དོན་བཞིན་སྐབས་ལྔ་པར་དེ་དོན་ཕྱག་ལེན་

བསྟར་བ་ལམ་ཙམ་ཚང་མའི་བློ་མངའ་ལྟར་མ་ཟད། སྐབས་ལྔ་པའི་སྤྱི་འཐུས་ རྣམས་ཐོག་མར་གསར་མཇལ་ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

ནས་སྤྱི་འཐུས་ཀྱི་འོས་བསྡུ་བྱེད་ཕྱོགས་སྐོར་ད་ཆ་ཚང་མར་ཉམས་མྱོང་རིམ་ 263


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གསོག་བྱུང་ཡོད་སྟབས་(དམངས)མང་གཙོའི་ལམ་སྲོལ་དང་མཐུན་པའི་འོས་

འདེམས་བྱེད་ཕྱོགས་ལ་ལེགས་བཅོས་སྒྲིག་གཞི་གསར་བཟོ་བྱ་འོས་དགོས་

རྒྱུའི ་ བཀའ་སློ བ ་སྤྱི ་ ཕེ བ ས་བཞི ན ་སྤྱི ་ འཐུས་ལྷན་ཁང་ནས་མང་གཙོ འི ་ ལམ་

སྲོལ་བཟང་པོ་གཞན་ལ་གཞི་བཅོལ་གྱིས་འདེམས་བསྐོ་ལྷན་ཚོགས་ཀྱི་སྒྲིག་ གཞི ་ གསར་བཟོ ་ དང་འབྲེ ལ ་རྒྱུན་ལས་ཚོ ག ས་འདུར་གོ ་ བསྡུར་ྋསྙན་ཞུས་ གཏན་འབེབས་ཟིན་པ་ཡིན།

ཕྱོ ག ས་མཚུངས་སྤྱི ་ འཐུས་ཀྱི ་ འགན་དབང་ཞུ་སྒོ ་ ཡང་བྱེ ས ་འབྱོ ར ་

རྒྱལ་ཡོངས་ཚོགས་ཆེན་དང༌།

རྒྱུན་ལས་ཚོགས་འདུ་གཅིག་འཐུས་ཀྱི་ངོ་

བོ ར ་བསྟུན་ཏེ ་ རང་གཞུང་མཛད་བྱུས་སྐྱོང་ཕྱོ ག ས་ལ་དགེ ་ འདོ ན ་སྐྱོན་སེ ལ ་ དང༌། བསྒྲུབ་བྱའི་ལས་དོན་རྣམས་སྐབས་བསྟུན་ལག་ལེན་དོན་འཁེལ་ཡོང་

མིན་ཉང་ཞིབ་སྐུལ་ལྕག གཞུང་དམངས་དབར་ཁེ་ཉེན་འཇུག་ལྡོག་མ་འཛོལ་

བའི་འབྲེལ་ལམ་དམ་ཟབ་ཡོང་བའི་སྟངས་འཛིན་ཐབས་བྱུས་གནང་རྒྱུ། ལྷག་

པར་གཞུང་མང་ཆབ་སྲིད་འཕྲལ་ཡུན་ཕན་བདེའི་ལས་དོན་གལ་ཆེའི་རིགས་

ཚོགས་འདུར་གྲོས་བསྡུར་བྱས་ཏེ་མཐའ་མའི་གཏན་འབེབས་ཐག་གཅོད་སྤྱི་

འཐུས་ལྷན་ཚོགས་ནས་གནང་དགོས་ཀྱི་འགན་དབང་ཡོད་པ་བཅས་ད་བར་

གྱི་གནས་ལུགས་ཙམ་དང༌། འབྱུང་འགྱུར་ཡང་རྒྱ་ཆེའི་མི་མང་གི་ཁེ་ཕན་ཆེད་

འོས་ཤིང་འཚམས་པའི་ལེགས་བཅོས་གནང་འོ ས་གནང་བཞེད་ཡོད་ཅིང༌། ད་

ཆ་འདེམས་བསྐོ་ལྷན་ཚོགས་ཀྱི་སྒྲིག་གཞི་གསར་པའི་འབྲུ་དོན་ལྟར་མི་འགྲོའི་

ཐད་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཐད་ཀར་བསྐོ་གཞག་ བསྩལ་རྒྱུ་གསལ་བ་ལྟར།

སྐབས་དྲུག་པའི་སྤྱི་འཐུས་འདེམས་བསྐོ་ལྷན་

ཚོ ག ས་ཀྱི ་ ཚོ ག ས་གཙོ ་ གཅི ག ་དགོ ས ་པ་སྤྱི ་ འཐུས་ཚོ ག ས་གཙོ ་ གཞོ ན ་པ་ འཇིགས་མེད་སྤྲུལ་སྐུ་དང༌།

ཚོགས་མི་གསུམ་དགོས་པ་དབུས་གཙང་སྤྱི་

འཐུས་བློ་བཟང་དར་རྒྱས་དང༌། མདོ་སྟོད་སྤྱི་འཐུས་ལ་ཁ་སྤྲུལ་སྐུ། བདེ་སྲུང་ 264


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དྲུང་ཆེ་ལས་རོགས་བྱམས་པ་དབང་འདུད་བཅས་ལ་ཡེ་ཤེས་དབྱིངས་དཔྱད་ ཀྱི ས ་བསྐོ་གཞག་སྤྱི་ སྨི ན ་བསྩལ་བ་ལྟར་ཁུངས་སོ ་ སོ ར ་སྒྲིག ་དོ ན ་བྱེ ད ་སྒོ འི ་

བཀོད་ཁྱབ་ཟིན་པ་བཞིན། རིང་མིན་འདེམས་བསྐོ་ལྷན་ཚོགས་དངོས་ཚུགས་

ཀྱི ་ བྱེ ད ་སྒོ འི ་ ལམ་སྟོན་གསལ་བསྒྲགས་ཡོ ང ་རྒྱུར་དེ ་ སྐབས་ཚང་མས་སྤྱི ་

འཐུས་ཀྱི་གལ་གནད་ལ་བསམ་ཞིབ་དང་འབྲེལ་རང་གི་ཁེ་དབང་ལ་བེད་སྤྱོད་

འཕྱུག་མེ ད ་ཀྱི ས ་འོ ས ་བསྡུ་བྱེ ད ་སྒོ ་ ཚུལ་བཞི ན ་དགོས་རྒྱུ་དེ ་ དོན་ཡི ད ་ འཇགས་བྱེད། བཀའ་ཤག་ནས་ ༧༤ ཟླ་ ༡༠ ཚོགས་ཚེས་ ༢༤ ལ།།”(1)

ཞེས་གསལ།

ཕྱི་ལོ་ ༡༩༧༤ ཟླ་ ༡༢ ཚེས་ ༡༨ ཉིན་གྱི་རྒྱུན་ལས་སུ་མ་འོངས་

དང་ད་ལྟའི་རྩ་ཁྲིམས་ལ་སོགས་བཀའ་བསྡུར་མང་དག་བྱུང་འདུག་པ་དང་ལྷག་

པར་དུ་སྤྱི ་ འཐུས་འདེ མ ས་ཕྱོ ག ས་སྐོར་དབུས་གཞོ ན ་ནུས་བསམ་ཤོ ག ་ནང་

དོན་གཤམ་གསལ་ལྟར་ཕུལ་བ་ལ་ཐག་གཅོད་ཇི་བྱུང་འདི་ལྟར། “བོད་ཆོལ་

ཁ་གསུམ་དུ་དབྱེ་ཚུལ་འདི་ནི་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་ནས་དགོས་པ་མེད་པ་གཟིགས་མུས་མ་ཟད། འདི་ག་ལྷན་ཚོགས་

ནས་ཀྱང་འདི ་ ནི ་ རྒྱལ་ཁབ་ཀྱི་ གཅིག ་སྒྲིལ ་སྟོབས་ཤུགས་ལ་གནོ ད་པ་ལས་

དགེ་ཕན་མེད་པའི་ལྟ་ཚུལ་འཛིན་མུས་ལགས་ཤིང༌། འོ ན་ཀྱང་ད་ཕན་ཆོལ་ཁ་

སོ ་ སོ ར ་སྤྱི ་ འཐུས་གྲངས་ཚད་གནང་སྟེ་ལོ ་ མང་པོ ་ སོ ང ་བའི ་ མྱོ ང ་གོ མ ས་

འགོག་དཀའ་བ་དང༌། ལྷག་པར་ད་ལྟའི་གནས་སྐབས་འདིར་མི་འབོར་མང་ ཉུང་སོགས་དངོས་ཡོད་གནས་སྟངས་ཀྱི་ཆ་ནས་སྔར་ལམ་མ་གནང་མཐུ་མེད་ རུང་འོས་འདེམས་གནང་ཕྱོགས་ཐད།

༡༽ རྩ་ཁྲིམས་དགོངས་དོན་བུད་མེད་ཀྱི་འཐུས་མི་ཟུར་དུ་མ་དགོས་པར་ཕོ་

མོ་ཁྱད་མེད་ཡོང་བ་ཞེས་དང༌།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༤།༡༡།༡༥ ཤོག་གྲངས་ ༢ པར་གསལ། 265


༢༽

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འོས་བསྡུའི་ཉིན་ས་གནས་སོ་སོར་ཆོལ་ཁ་གསུམ་གྱི་མི་མང་ཡོངས་

རྫོ གས་དུས་གཅིག་ཏུ་བསྡེབས་འཛོམས་ཐོག་ཆོལ་ཁ་སོ་སོ་ བྱས་ཏེ་མི་མང་

དབྱེ་འབྱེད་ཀྱིས་ཚོ་འདུས་བྱེད་པ་དང༌། འོས་སྒམ་ཡང་ཆོལ་ཁ་སོ་སོའི་མིང་

གསལ་དབྱེ ་ འཛུགས་གནང་ལམ་འདི ་ ནི ་ དངོ ས ་སུ་ཆོ ལ ་ཁར་དབྱེ ་ བ་ཐོ ན ་པ་ དང༌། རྒན་གཞོན་མང་ཚོགས་ཀྱི་སེམས་ལའང་ཕྱོགས་ཞེན་བསམ་ངན་རྒྱུན་ འཇགས་བྱེད་གཞི་ཤིན་ཏུ་མི་ལེགས་པ་དང༌། གཤིས།

མི་རན་པ་ཞིག་བྱེད་འདུག་

དེས་ན་མི་མང་དབྱེ་འབྱེད་དང་འོས་སྒམ་དབྱེ་འཛུགས་མ་དགོས་

པར་རྩ་བའི ་ ཆོ ལ ་ཁ་སོ ་ སོ འི ་ འོས ་གཞི འི ་ ཐོ ག ་ཆོ ལ ་ཁ་གསུམ་གྱི ་ མི ་ མང་

འདེམས་བྱེད་ཀྱི་ཐོབ་ཐང་ལྡན་པ་ཇི་ཡོད་ཚང་མས་རང་རང་བློ་མོས་ལྟར་འོས་ བླུག་ཆོག་པ་དཔེར་ན། དབུས་གཙང་ཆོལ་ཁའི་འོས་གཞི་ཐོག་མདོ་སྟོད་སྨད་

གཉི ས ་ནས་འོས ་འཕེ ན ་ཆོ ག ་པ་དེ ་ བཞི ན ་མདོ ་ སྟོད་སྨད་གཉི ས ་ཐོ ག ་དབུས་

གཙང་ནས་འོས་འཕེན་རྒྱུ། དེ་འདྲ་ཞིག་བྱུང་ན། གཙོ་ཆེ་ཆོལ་ཁའི་དབྱེ་ཚུལ་ ལྟ་ཚུལ་ངན་པ་རྒྱུན་འཇགས་གོམས་འདྲིས་མི་འབྱུང་བ་དང༌།

དེ་ཐོག་ནས་

འོས་ཐོན་པའི་སྤྱི་འཐུས་དེ་ཡང་དངོས་དོན་མིང་དོན་མཚུངས་པའི་བཙན་བྱོལ་

བོད་མི་ཡོངས་རྫོགས་ཀྱི་སྤྱི་འཐུས་ཆགས་པར་བརྟེན་མི་མང་ཡོངས་རྫོགས་

ཀྱིས་ཡིད་ཆེས་སླེབས་ཏེ་ལས་དོན་ལ་ནུས་ཤུགས་ཐོན་པ། མི་འགྲོ་ཡང་དྲག་ འོས་ཇི་ཡོད་འདེམས་སྒྲུག་ཐུབ་པ་བཅས་དགེ་མཚན་དུ་མ་ཡོང་རྒྱུ་སྙམ་ཞེས་

ཕུལ་འདུག་པར།

མཐའ་དོན་གྲོས་ཆོད། འདེམས་ལྷན་ནས་འདེམས་བསྐོའི་སྒྲིག་གཞིའི་

འགོ་བརྗོད་གླེང་གཞི་སྙིང་བསྡུས་ཕྱོགས་བསྒྲིགས་ཞུས་ཏེ་ྋགོང་ས་ྋསྐྱབས་

མགོན་ཆེན་པོར་ྋསྙན་ཞུས་ཆོག་མཆན་བཀའ་འཁྲོལ་བསྩལ་ཐོན་ལྟར་པར་

འདེབས་འགྲེམས་སྤེལ་གནང་རྐྱང་གནང་རྒྱུ་དང༌། འདེམས་བསྐོའི་སྐོར་གཞོན་

ནུའི ་ དབུས་རྒྱུན་ལས་ནས་བསམ་ཚུལ་ཞུ་ཤོག་ཕུལ་བར་འབྲེ ལ ་ཡོད་ 266


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འདེམས་བསྐོ་ལྷན་ཚོགས་ནས་ཡིག་ཐོག་དྲི་བ་གནང་སྟེ་ཞུ་ལན་ཇི་བྱུང་རྒྱུན་

ལས་ཐོག་སྙན་སེང་མཚམས་དགོངས་བཞེས་གནང་རྒྱུ་བཅས

(1)

ཕྱི་ལོ་ ༡༩༧༥ ཟླ་ ༡ ཚེས་ ༦ ཉིན་རྒྱུན་ལས་འཚུགས་ཐོག་ཏུ་དེ་

སྔོན་གཞོན་ནུའི་བསམ་འཆར་ཐོག་བགྲོ་གླེང་ཞིབ་རྒྱས་གནང་ཞིང་མཐའ་དོན་ དུ་གཞོན་ནུའི་འཐུས་མི་ཚོ་རྒྱུན་ལས་སུ་གསལ་བཤད་གནང་དུ་འབོད་འགུག་ ཞུ་རྒྱུའི་ཐག་གཅོད་གནང༌།(2)

ཕྱི་ལོ་ ༡༩༧༥ ཟླ་ ༢ ཚེས་ ༨ ཉིན་བོད་གཞུང་ཆེས་མཐོའི་རྒྱུན་

ལས་ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དྲུག་པའི་ཚོགས་བརྡ་

གཏོང་གནང་མཛད་པ་དང༌། ཕྱི་ལོ་ ༡༩༧༥ ཟླ་ ༣ ཚེས་ ༡༢ ནས་ཚེས་ ༢༡

བར་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དྲུག་པ་ཚོགས་གནང་མཛད། ཕྱི་ལོ་

༡༩༧༥

ལོར་བཙན་བྱོལ་བོད་གཞུང་གི་ལས་ཁུངས་མ་ལག་དང་

བཅས་པའི་ལོ་རེའི་དགོས་དངུལ་སྔོན་རྩིས་ཀྱི་སྟངས་འཛིན་དང༌།

བཀའ་

འཁྲོལ་ཐག་གཅོད་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བྱེད་རྒྱུའི་

གཏན་འབེབས་གནང༌།

ཕྱི་ལོ་ ༡༩༧༥ ཟླ་ ༥ ཚེས་ ༡༠ ཉིན་སྐབས་དྲུག་པའི་བོད་མི་མང་

སྤྱི ་ འཐུས་ཀྱི ་ དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་འོ ས ་བསྡུའི ་

གསལ་བསྒྲགས་གནང་བ་དང་སྦྲགས་སྒྲིག་གཞི་གསར་པའི་ནང་དེ་སྔ་ལྟར།

ཆོལ་ཁ་རེ་ནས་སྐྱེས་པ་གསུམ་དང་བུད་མེད་གཅིག་ཡོད་པ་དེ་བཞིན་སྐབས་

དྲུག་པ་ནས་བཟུང་ཕོ་མོ་དབྱེར་མེད་བཞི་རེ་གནང་རྒྱུ་ཡིན་སྐོར་དང༌། དེ་སྔ་ དང་བླངས་ཞུགས་རྒྱུའི་ཆ་རྐྱེན་མེད་པ་དེ་བཞིན་སྐབས་དྲུག་པ་ནས་བཟུང་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༤༩།༥ གསལ། 2 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༤༩།༥ གསལ། 267


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དང་བླངས་ལ་ཞུགས་འདོད་ཡོད་ན་ཞུགས་ཆོག་པའི་ཆ་རྐྱེན་བཅས་གསལ་

བསྒྲགས་གནང་བ་འདི་ལྟར། “ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

མཆོ ག ་ནས་མ་འོང ས་བོ ད ་ཀྱི ་ རྩ་ཁྲི མ ས་རི ན ་པོ ་ ཆེ ་ སྤྱི ་ བསྩལ་དགོ ང ས་དོ ན ་ རང་ཅག་གཞུང་མང་གི་མཐུན་རྐྱེ ན ་གནས་སྟངས་དང་འཚམས་པའི་

(དམངས)མང་གཙོའི་ངོ་བོ་གང་ཐོན་ཕྱག་བཞེས་ཐུབ་འོས་རྣམས་བསྟར་དང་

བསྟར་བཞི ན ་པའི ་ ཁོ ང ས་ནས་ད་ཕན་བོ ད ་མི ་ མང་སྤྱི ་ འཐུས་འདེ མ ས་བསྐོ་

གནང་ཕྱོ ག ས་ཐད་མང་ཚོ ག ས་ལ་གདམ་བྱ་འདེ མ ས་བྱེ ད ་ཀྱི ་ རང་དབང་ཁེ ་

ཕན་གཙོ་བོར་བཟུང་བའི་སྐབས་སོ་སོར་ཐབས་ལམ་འདྲ་མིན་སྣ་ཚོགས་ཀྱི་ སྒོ་ནས་འོས་བསྡུ་བསྐྱངས་པ་དང༌། སྐབས་ལྔ་པའི་སྤྱི་འཐུས་རྣམས་ཀྱི་གསར་

མཇལ་ཉི ན ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཁྱེད་ཚོ ས ་སྤྱི ་ འཐུས་ཀྱི་འོས་བསྡུ་དང༌།

སྒྲིག་འཛུགས་སྐོར་ལ་གོ་བསྡུར་བྱས་ཏེ་ལེགས་

ཆའི་འོས་འཆར་བཟོ་དགོས་རྒྱུ་སོགས་བཀའ་སློབ་སྤྱི་ཕེབས་ལྟར།

སྤྱི་འཐུས་ལྷན་ཚོགས་ནས་བྱེས་འཁོད་གཞུང་མང་གི་ད་ལྟའི་གནས་

སྟངས་གཞི་བཅོལ།

(དམངས)མང་གཙོའི་ལམ་སྲོལ་བཟང་པོ་གཞན་ནས་

ལེགས་ཆ་བཞེས་ཐོག སྒྲིག་གཞིའི་འཆར་བཀོད་ལ། བོད་གཞུང་རྒྱུན་ལས་ ཚོ ག ས་འདུ་ནས་བཀའ་གྲོས་ཞི བ ་བསྡུར་གྱི ས ་སྤྱི ་ ནོ ར ་ྋགོ ང ་ས་ྋསྐྱབས་

མགོ ན ་ཆེ ན ་པོ ར ་ྋསྙན་ཞུས་བཀའ་འཁྲོ ལ ་ཐོ ག ་ནས་བོ ད ་མི ་ མང་སྤྱི ་ འཐུས་

འདེམས་བསྐོའི་སྒྲིག་གཞི་གསར་པ་གཏན་འབེབས་མཛད་པ་ལྟར་འདི་ནས་

ཡི ག ་ཆ་པར་འདེ བ ས་དང་འབྲེ ལ ་ས་ཁུལ་སོ ་ སོ ར ་འགྲེམས་སྤེ ལ ་ཞུས་པ་མ་

ཟད། སྒྲིག་གཞིའི་དགོངས་དོན་རྣམས་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ཁག་

སོ་སོ་ནས་ཁྱབ་ཁོངས་མང་ཚོགས་རྒྱས་འཛོམས་སར་འགྲེལ་བཤད་ཟབ་ནན་

དགོས་སྐོར་བཀོད་མངགས་ཟིན་པ་ཡིན་ན། ཚང་མས་འཆར་ཅན་ཡིན་དབང་

དུ་མ་བཏང་བར་ཐུགས་སྣང་ཆེ་བསྐྱེད་ཀྱིས་དོན་ཚན་ཁག་གི་གོ་དོན་རྣམས་ 268


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ལེགས་རྟོགས་རྒྱུད་འཇགས་ཐུབ་པའི་ཐབས་ཚུལ་ལྷུར་བཞེས་ཡོད་པ། མཁྱེན་

ཆུབ་བཞིན ་བོ ད ་མི་ མང་སྤྱི་ འཐུས་རྣམས་ནི་ རྩ་ཁྲིམ ས་རིན ་པོ་ ཆེ འི་ དགོངས་

དོ ན ་རྒྱལ་ཡོ ང ས་མི ་ མང་འཐུས་མི འི ་ ཚོ ག ས་ཆེ ན ་ད་ལྟ་དངོ ས ་སུ་ཚུགས་

ཐབས་མེ ད ་ཀྱང་ཚོ ག ས་ཆེ ན ་དང་རྒྱུན་ལས་གཅི ག ་འཐུས་སུ་ཆེ ས ་མཐོ འི ་

ཚོགས་འདུའི་ངོ་བོ་ལྡན་པའི་རང་གཞུང་རྒྱུན་ལས་ཚོགས་འདུའི་འགན་འཁུར་

རྐང་བཞེས་གནང་རྒྱུ་དང༌། རྣམ་ཀུན་རང་གཞུང་གི་མཛད་བྱུས་སྐྱོང་ཕྱོགས་ ལ་དགེ་འདོན་སྐྱོན་སེལ། བསྒྲུབ་བྱའི་ལས་དོན་རྣམས་སྐབས་སོ་སོར་ཕྱག་

ལེན་དོན་འཁེལ་ཡོང་མིན་ཉང་ཞིབ་བསྐུལ་ལྕག གཞུང་དམངས་དབར་ཁེ་ཉེན་

འཇུག་ལྡོག་མ་འཛོལ་བའི་འབྲེལ་ལམ་དམ་ཟབ་ཡོང་བའི་ཐབས་བྱུས་གནང་

རྒྱུ་སོགས་གཞུང་མང་ཆབ་སྲིད་ཀྱི་ཐོག་ཕན་གནོད་འབྲེལ་བའི་གལ་འགངས་

ཆེ་བ་ཞིག་ཡིན་ཅིང༌། རིང་མིན་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་འོས་ འདེམས་ཞུ་དགོས་ལ་སོང་འོས་བསྡུ་བ་ཡོངས་ནས་རང་ཉིད་གནས་ཡུལ་ས་

གནས་དེ་འམ་གཞན་ཡང་བྱེས་འབྱོར་བོད་མིའི་གནས་ཡུལ་གང་ཞིག་གི་མང་ ཚོ ག ས་ཁྲོ ད ་དུ་སྒྲི ག ་གཞི འི ་ དགོ ང ས་དོ ན ་བོ ད ་མི ་ མང་སྤྱི ་ འཐུས་འོས ་པའི ་

གནས་ཚད་ལྡན་ཞིང༌། ལྷག་པར་བོད་རྒྱལ་ཁབ་རང་དབང་སླར་གསོ་དང༌། གཞིས་བྱེས་བོད་མིའི་འཕྲལ་ཕུགས་བདེ་དོན་ལ་ལྷག་བློ་འགྱུར་མེད་དུ་ཡོད་

ལ་མཁྱེན་དཔྱོད་གཉིེས་ལྡན་སྤྱི་ཚུགས་དྲང་ལྡན་ཆེ་བ་གང་ན་སུ་མཆིས་རང་ རང་གི་བསམ་བློའི་ནང་སྔོན་ཚུད་ནས་བརྟག་དཔྱད་གོ་སྒྲིག་ཟབ་ནན་བྱས་ཏེ་

འོས་མི་འདེམས་སྒྲུག་དང༌། འོས་བསྡུ་དངོས་གཞིའི་སྐབས་གཞན་ཟེར་རྗེས་ འབྲངས་དང༌། གཞན་དབང་གཡམ་རྒྱུགས་སུ་མ་སོང་བར་རང་ཚུགས་བརྟན་

བཟུང་རང་ཉིད་ཀྱི་ཁེ་དབང་ལ་རང་གིས་ངེས་པར་ལོངས་སྤྱོད་ཐུབ་པ་གནང་

དགོས།

ཕྱོགས་མཚུངས་ཞིབ་ཕྲའི་གནས་ཚུལ་ས་ཁུལ་ཚོགས་ཆུང་སོ་སོ་

ནས་མང་ཚོགས་ལ་འགྲེལ་བཤད་རིམ་བསྟུད་ཞུ་རྒྱུ་ཡིན་རུང༌། སྒྲིག་གཞིའི་ 269


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དགོངས་དོན་གཞིར་བཟུང་དང་བླངས་འོས་གཞིར་འཛུལ་ཞུགས་ཀྱི་ཐོབ་ཐང་ ཡོད་པ་ལྟར་ཞུགས་འདོད་སུ་མཆིས་རྣམས་ནས་འོས་གཞིའི་འགེངས་ཤོག་ས་

ཁུལ་ཚོགས་ཆུང་སོ་སོ་ནས་ཞུས་ཏེ་ཕྱི་ལོ་ ༡༩༧༥ ཟླ་ ༦ ཚེས་ ༢༥ ནས་

བདུན་ཕྲག་གཅིག་ནང་ཚུད་ཚོགས་ཆུང་སོ་སོར་འགེངས་ཤོག་སྙན་ཞུ་ཕུལ་

ཟིན་པ་དགོས་རྒྱུ།

ད་བར་ཆོལ་གསུམ་སོ་སོར་སྤྱི་འཐུས་སྐྱེས་པ་གསུམ་རེ་དང༌། བུད་

མེད་གཅིག་རེ་བཅས་བཞི་རེ་ཡིན་རུང༌། སྐབས་འདི་ནས་བཟུང་སྒྲིག་གཞིའི་ དགོངས་དོན་ལྟར་བུད་མེད་གཅིག་རེ་དམིགས་བསལ་མ་ཡིན་པར་སྤྱི་སྲོལ་

དང་མཐུན་པའི་ཕོ་མོ་ཁྱད་མེད་བཞི་རེ་འོས་འདེམས་གནང་རྒྱུ།

ཡང་ས་

གནས་བབས་ཀྱིས་དམིགས་བསལ་ཅན་རེ་ཟུང་ཕུད་དེ་མིན་ས་གནས་ཁག་

གཅི ག ་ན་ཚོ ག ས་ཆུང་ཚུགས་མི ན ་གནས་ལན་ད་ལྟ་ཕུལ་འབྱོ ར ་མ་བྱུང་བ་

དང༌། རེ་ཟུང་ནས་གཏན་འབེབས་དུས་ཚོད་ལས་འགལ་ཏེ་གནས་ལན་གཏོང་ བ་འདི་དང༌།

འདི་ལྟའི་གང་ཅིའི་ལས་དོན་རྗེས་ལུས་ཐེབས་ཏེ་རྗེས་སུ་

འདེམས་ཤོག་ཀྱང་རང་ཤུགས་ཀྱིས་རྩིས་འགྲོ་མེད་པ་ཆགས་རྒྱུ་སོགས་མང་

ཚོགས་ཀྱི་ཁེ་དབང་ལ་རང་བཞིན་གནོད་སྐྱོན་ཡོང་གཞི་དེ་དབང་དུ་མ་བཏང་

བར་ས་ཁུལ་འདེམས་བསྐོ་ཚོགས་ཆུང་གི་ཚོགས་མི་རྣམ་པ་དང༌། འོས་བསྡུ་

བ་མི་མང་གཉིས་ཕྱོགས་ནས་ཞུ་སྒོ་ཆེ་ཕྲ་མཐའ་དག་སྒྲིག་གཞིའི་དགོངས་དོན་

འགལ་མེ ད ་རྩ་བཟུང་གི ས ་དུས་ཐོ ག ་སོ ་ སོ ར ་ཕྱག་ལེ ན ་ངེ ས ་བསྟར་ཐུབ་པ་

དགོས་རྒྱུ་དགོངས་འཇགས་ཞུ།

དྷ་ས་བཞུགས་སྒར་བོད་གཞུང་དབུས་སྤྱི་

ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་ཕྱི་ལོ་ ༡༩༧༥ ཕྱི་ཟླ་ ༥ ཚེས་ ༡༠ ལ་ ཞེས་གསལ།”

(1)

ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༡༦ རྒྱུན་ལས་འཕར་འཚུགས་ནང་བོན་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༧།༢༥ ཤོག་གྲངས་ ༢།༥ པར་གསལ། 270


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

པོ འི ་ སྤྱི ་ འཐུས་འཇོ ག ་ཕྱོ ག ས་དང་འབྲེ ལ ་བའི ་ ཐོ ག ་བཀའ་བསྡུར་ཐག་གཅོ ད ་

བྱུང་དོན་དུ། ཆོས་སྲིད་གཉིས་ལྡན་(དམངས)མང་གཙོའི་རྩ་ཁྲིམས་རིན་པོ་ཆེ་

དགོངས་དོན་ཆོལ་གསུམ་ཆོས་ལུགས་དང་བཅས་པའི་སྤྱི་འཐུས་ཁོངས་བོན་ ཆོ ས ་ལའང་ཆོ ས ་འཐུས་སྤྱི ་ མཚུངས་ཐོ བ ་ཐང་ཡོ ང ་བ་ཞེ ས ་ཡང་ཡང་འབོ ད ་

བསྐུལ་ཞུས་ཡོད་པ་མ་ཟད། སྔོན་དུ་རྒྱུན་ལས་ཚོགས་འདུར་འདི་སྐོར་གླེང་ སློང་བྱུང་བ་དང༌།

དེ་ཐོག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྩ་ཁྲིམས་

དགོངས་དོན་སྤྱི་འཐུས་ཀྱི་སྒྲིག་གཞི་སྙན་སེང་སྐབས་བཀའ་སློབ་ཏུའང་རྩ་བ་ སྤྱི་འཐུས་ནང་ཆོས་འཐུས་ཟུར་དུ་དགོས་མེད་དང༌།

གལ་ཏེ་རང་འཇགས་

དགོས་གནས་མཐོང་ཚེ་དེ་ཁོངས་བོན་ཆོས་ལའང་ཐོབ་ཐང་དགོས་ལུགས་ཀྱི་

འབོ ད ་སྐུལ་ཡོ ང ་མུས་ལྟར་ཇི ་ འོ ས ་རྒྱུན་ལས་ཚོགས་འདུའི ་ གྲོས་བསྡུར་ དགོས་ལུགས་སྤྱི་ཕེབས་ལྟར། ཕྱི་ལོ་ ༡༩༧༤ ལོའི་རྒྱུན་ལས་ཚོགས་འདུ་

ཞི ག ་གི ་ སར་ཞི བ ་བསྡུར་གྱི ས ་སྐབས་དེ ར ་ཆོ ས ་འཐུས་ཀྱི ་ ཐོ བ ་ཐང་བསྩལ་

རྒྱུར་མང་མོས་ཀྱི་རྒྱབ་སྐྱོར་མ་བྱུང་བའི་གནས་ལུགས་ ༡༩༧༥ ཟླ་ ༡ ཚེས་

༡༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གནས་ལུགས་ཞུས་ཟིན་པ་དེ་

ལྟར་ཡང༌། དེ་རྗེས་ཌོ་ལན་ཇི་བོན་གཞིས་འགོ་དམངས་དང་བལ་ཡུལ་རྡོར་པ་ ཊན་བཅས་ནས་སྙན་གནས་འབུལ་འབྱོར་བྱུང་གསལ། ད་བར་རང་གཞུང་ལ་

སྙན་སེ ང ་རི མ ་ཞུས་ལྟར་ད་ལམ་སྐབས་དྲུག་པའི ་ སྤྱི ་ འཐུས་ཀྱི ་ འོས ་བསྡུའི ་

སྐབས་བོ ན ་ཆོ ས ་ལའང་སྤྱི ་ འཐུས་ཀྱི ་ ཐོ བ ་ཐང་ངེ ས ་སྩོལ་ཡོ ང ་བ་ཞེ ས ་སྤྱི ་ འཐུས་ལྷན་ཚོ ག ས་སུ་སྙན་ཞུ་འབུལ་འབྱོ ར ་བྱུང་བ་བཞི ན ་ཁུངས་སོ ་ སོ ར ་

གནས་ལུགས་ངོ་མ་ཇི་བྱུང་གི་གསལ་བཤད་གནས་ལན་བསྩལ་ཡོད་ཅིང༌། དེ་

སྐོར་ཉེ་སྔོན་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གནས་ལུགས་སྙན་གསོལ་ ཞུས་པར། རྩ་བ་ཆོས་འཐུས་ཁོངས་བོན་ཆོས་ལ་ཐོབ་ཐང་མ་བྱུང་ཚེ་བློ་ཤས་

ཡོང་ངེས་པ་ད་ཆ་འདེམས་བསྐོའི་ལས་དོན་སོགས་ཀྱི་ཆ་ནས་དུས་འགྱངས་ 271


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གང་འཚམས་སོང་ཟིན་རུང༌། ད་དུང་ཇི་འོས་རྒྱུན་ལས་ནས་གོ་བསྡུར་དགོས་

ལུགས་སྤྱི་ཕེབས་ལྟར། དེ་རིང་སྤྱི་ཟླ་ ༨ ཚེས་ ༡༦ ཉིན་རྒྱུན་ལས་ཚོགས་

འདུའི་སར་ཇི་འགབ་བཀའ་བསྡུར་ཞིབ་ཆ་བྱུང་དོན། གཙོ་བོ་ཆོས་སྲིད་ཟུང་ འབྲེལ་ཞེས་(དམངས)མང་གཙོའི་རྩ་ཁྲིམས་ནང་འཁོད་ཚིག་དོན་གྱི་ཆོས་དེ་

ངོས་འཛིན་ངེས་གསལ་མི་བདེ་བ་དང༌། གཞན་ཡང་འཕྲལ་ཕུགས་ཀྱི་དགེ་

སྐྱོན་དགོངས་འཆར་མང་དག་ལ་བརྟེན་དགོངས་ཚུལ་རྩེ་མཐུན་ཡོང་མིན་མ་ ཟད།

དེ་རིང་རྒྱུན་ལས་ཚོགས་འཛོམས་རྒྱས་པ་མ་བྱུང་སྟབས་རྗེས་འཆར་

ཕྱི་ལོ་ ༡༩༧༥ ལོ་སྟེ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་

ཚོ ག ས་འདུ་རྒྱས་འཛོ མ ས་སྐབས་བསྐྱར་དུ་དགོ ང ས་བཞེ ས ་བཀའ་བསྡུར་ གནང་རྒྱུ་གནང༌ཞེས་གསལ་འདུག(1)

དྲུག་པའི་ཐོག་བཀའ་བསྡུར་བྱུང་བ་ལྟར་ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་ གཉིས་ལྡན་མང་གཙོ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་དགོས་པ་དབུས་

དང་ཕྱོ ག ས་མཐའི ་ ལས་ཁུངས་ཁག་གི ་ ལས་བྱེ ད ་རྣམས་གཞུང་འབྲེ ལ ་གུང་

གསེང་གནང་རྒྱུའི་བཀའ་ཤག་ནས་གསལ་བསྒྲགས་གནང་བ་འདི་ལྟར། “༈ ཆེད་དོན།

ྋརྒྱལ་ཀུན་སྙིང་རྗེའི་རང་གཟུགས་འཕགས་མཆོག་འཇིག་རྟེན་

མགོན་པོ་གངས་ལྗོངས་བོད་ཀྱི་ལྷ་སྐལ་མིའི་གར་དུ་རྣམ་པར་བྱོན་པ་བཙན་པོ་

གཉའ་ཁྲི་ནས་ཐོག་དྲངས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་གཙོས་བོད་

རྗེ་རིམ་པ་ནས་བཟུང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་སྐུ་ཕྲེང་རིམ་བྱོན་ གྱིས་ཉམ་ཐག་བོད་ལྗོངས་སྐྱེ་འགྲོའི་བདེ་ཐབས་ཐུགས་རྗེའི་དཔྱང་ཐག་གིས་

མ་བཏང་བར་འཕྲལ་ཡུན་ཀུན་དགེ འི ་ རྗེ ས ་འཛི ན ་ཐུགས་བསྐྱེད་དམ་བཅའ་

བཙན་པོ་ལྷུར་བཞེས་བཀའ་དྲིན་ཆེ་སྟེ་དུས་ཡུན་དེའི་ནང་བོད་ཀྱི་སྤྱི་ཚོགས་

1 ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༨༤ གསལ། 272


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དང༌། ལག་རྩལ་ཤེས་རིག་གི་རྣམ་པ་ཁག་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་ཏེ་

བོ ད ་རྒྱལ་ཁབ་ཀྱི ་ ཆབ་སྲི ད ་མངའ་ཐང་ཕུན་སུམ་ཚོ ག ས་པ་བྱུང་བ་སོ ག ས་

མདོ ར ་ན་བོ ད ་དུ་ཡི ་ གེ འི ་ སྲོ ལ ་འབྱེ ད ་དེ ་ ཆོ ས ་ཕྱོ ག ས་ནས་སངས་རྒྱས་ཀྱི ་ བཀའ་བསྟན་རྣམས་བོད་སྐད་དུ་བསྒྱུར་ཏེ་རྒྱུ་འབྲས་བླང་དོར་ཚུལ་བཞིན་སྟོན་

པའི་ལྷ་ཆོས་མི་ཆོས་ཀྱི་སྲོལ་བཟང་པོར་བཏོད་ཅིང༌། དེ་འཛིན་དགེ་འདུན་གྱི་ སྡེ་ཁང་ཁྱིམ་འཚོ་རྒྱགས་དང་བཅས་པ་ལེགས་པར་བཙུགས་ཏེ་མདོ་སྔགས་

ཟུང་དུ་འབྲེལ་བའི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཉི་མ་ཤར་བ་ལྟར་དར་

ཁྱབ་ཏུ་སོང་སྟེ་དུས་ད་ལྟའི་བར་མི་ཉམས་གོང་འཕེལ་དུ་གནས་བཞིན་པ་ཀུན་

གྱིས་མཐོང་ཆོས་སུ་གྱུར་པ་འདི་ལྟར་དང༌། སྲིད་ཕྱོགས་ནས་མཚོན་ན་རང་སྡེ་

སྲུང་ཞིང༌། ཕས་རྒོལ་རྣམ་པར་གནོན་པའི་དྲག་པོ་དམག་གི་སྟོབས་ཤུགས་ཀྱི་

གྲགས་པ་དུས་དེ ་ དག་ན་འཛམ་གླི ང ་ཤར་ཕྱོ ག ས་ཀྱི ་ ཁྱོན་ལ་ཁྱབ་པ་དང༌།

ཆེ ས ་སྔ་བའི ་ དུས་སྐབས་དེ ་ ཙམ་ནས་མངའ་འབངས་ལ་ས་ཞི ང ་བགོ ས ་ བསྙོམས་དང༌།

མང་མོས་བློ་ལྡན་གྱི་མི་སྣ་འཛོམས་ཏེ་དབྱར་དགུན་གྲོས་

ཚོགས་བྱེད་པ་བཅས་མདོར་ན་སླད་ཀྱི་ཆར་དགའ་ལྡན་ཕོ་བྲང་པའི་ཆབ་སྲིད་ དར་བའི་རིང་ལའང་བོད་གཞུང་གི་འཕྲལ་ཕུགས་རྩ་ཆེའི་གནད་དོན་ཁག་ལ་

ཚོ ག ས་འདུ་རྒྱས་འདུས་ནས་གྲོས་བཏོ ན ་ཐག་གཅོ ད ་ནུས་པ་ཐོ ན ་པ་བྱེ ད ་པ་

སོ ག ས་དེ ང ་དུས་(དམངས)མང་གཙོ འི ་ ལྟ་སྤྱོ ད ་དང་མཐུན་ཞི ང ་ཐུན་མོ ང ་མ་ ཡིན་པའི་ཆོས་སྲིད་ཟུང་འབྲེལ་སྲོལ་ལམ་བཟང་པོའི་སྒོ་ནས་ཆབ་འབངས་ཀྱི་

བློ་མོས་དང་འཚམས་པའི་ཆབ་སྲིད་བསྐྱངས་ཏེ་མི་མང་རྣམས་ཞི་བདེ་བག་

ཕེབས་སུ་ཅི་དགར་གནས་དང་གནས་མུས་དེ་ལྟ་ནའང༌། དེང་རབས་འཛམ་

གླི ང ་གི ་ རྒྱལ་སྤྱི འི ་ ཆབ་སྲི ད ་གནས་སྟངས་འདི ་ བཞི ན ་(དམངས)མང་གཙོ འི ་

ལམ་སྲོལ་འདྲ་མིན་དར་ཁྱབ་ཇེ་ཆེར་འགྲོ་དང་འགྲོ་བཞིན་ཡོད་པ་ལྟར།

ལྷ་

མིའི་རྣམ་འདྲེན་ྋགོང་ས་ྋསྐྱབས་མགོན་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ 273


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེན་པོ་མཆོག་ནས་དུས་བསྟུན་རང་རེའི་བོད་རྒྱལ་ཁབ་འདིའི་གཞུང་གི་ངོ་བོ་

ཡང་རི མ ་བཞི ན ་(དམངས)མང་གཙོ འི ་ རི ང ་ལུགས་སུ་བསྒྱུར་རྒྱུའི ་ རླབས་

ཆེའི་དགོངས་བཞེས་འགོག་མེད་དུ་ཡོད་པ་ལྟར། ཕྱི་ལོ་ ༡༩༥༠ ནང་“ལེགས་ བཅོས་ལྷན་ཚོགས་”གསར་དུ་ཆེད་འཛུགས་ཀྱིས་གཞུང་སྒེར་ཆོས་བཅས་ལ་

མི་མང་ནས་བུ་ལོན་ངོ་བསྐྱེད་བསྒྲུབ་ཆགས་ཞུ་ཕྱོགས་དང་རྫོང་གཞིས་སྒེར་

འཛིན་ཁག་གཞུང་ས་ནས་ཐད་འཛིན་གནང་ཐོག་རྫོང་ཡོང་བཀར་གསུམ་རྩིས་

ཞུ་ཞུ་ཕྱོ ག ས་སོ ག ས་གཏན་འབེ བ ས་རྩ་འཛི ན ་གྱི ་ བཀའ་ཐམ་བཀོ ད ་རྒྱ་ཁག་ གསུམ་ཆུ་སྦྲུལ་དང༌།

ཤིང་རྟ་ལོ་སོ་སོར་ཆབ་འབངས་ཡོངས་ལ་རྒྱ་ཁྱབ་

གསལ་བསྒྲགས་གནང་བ་བཅས་གོམ་པ་རིམ་བགྲོད་ཀྱིས་ཕྱག་ལེན་བསྟར་ བཞེད་མངོན་དུ་ཕྱོགས་པའི་སྐབས་དེ་དག་དང༌། ཕྱི་རྒྱལ་བཙན་འཛུལ་བ་རྒྱ་

དམར་སྲིད་གཞུང་ནས་བོད་ས་མཐའ་དབུས་སུ་བཙན་འཛུལ་ཧམ་ཤེད་ཀྱིས་ རིམ་བཞིན་ཕྱི་ནང་ཆབ་སྲིད་ལའང་ཐེ་བྱུས་དངོས་སུ་བྱེད་པ་སོགས་མདོར་ན་

བོད་ཀྱི་སྣོད་བཅུད་ཡོངས་ལ་མཐོ་འཚམས་པར་བྱེད་པའི་གཉན་འཕྲང་ཅན་གྱི་ དུས་སྐབས་མཉམ་འཛོམས་ཀྱིས་རྐྱེན་པས་གོང་གི་དགོངས་གཞི་རྣམས་ཕྱག་

ལེ ན ་བདེ ་ བླག་ཏུ་འཁེ ལ ་རྒྱུར་འགལ་རྐྱེ ན ་གྱུར་ཏེ ་ ཐུགས་བཞེ ད ་དམ་བཅའ་ ཡོངས་སུ་རྫོགས་པར་མ་གྱུར་པའི་མུར་ཕྱི་ལོ་ ༡༩༥༩ ནང་བོད་རྒྱལ་ཁབ་ཏུ་

འགྲོ་བ་མིའི་བསམ་བརྗོད་ལས་འདས་པའི་དུས་འགྱུར་མི་ཟད་པ་བྱུང་གཤིས། བསྟན་སྲིད ་བདེ ་དོ ན་གལ་ཆེའི་ སླད་བོ ད་རྒྱལ་ཁབ་ནས་རྒྱ་གར་དུ་ྋཞབས་

སོར་འཁོད་མ་ཐག་བཀའ་སློབ་རིམ་པའི་དགོངས་གཞིར་མ་འོ ངས་པའི་བོད་

རྒྱལ་ཁབ་ཀྱི་གཞུང་གི་ངོ་བོ་དང༌། ཆབ་སྲིད་ཀྱི་ལྟ་བ་ཇི་ལྟར་བྱེད་པའི་ཐག་ གཅོད་གཞིས་ལུས་རྒྱ་ཆེའི་མི་མང་ནས་བྱ་དགོས་པ་འདི་ལྟར་ཡང༌།

རྒྱལ་

བསྟན་ཆབ་སྲི ད ་སྐྱེ་འགྲོའི ་ འཕྲལ་ཕུགས་ཀྱི ་ དོ ན ་ཆེ ་ འདི ་ བཞི ན ་བཙན་བྱོ ལ ་

བོ ད ་གཞུང་གི ་ སྐབས་སུ་བབས་པའི ་ མཛད་འགན་ལྷུར་བཞེ ས ་སུ་ཡོ ད ་པ་ 274


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བཞི ན ་ཆོ ལ ་གསུམ་ཆོ ས ་ལུགས་དང་བཅས་པའི ་ མི ་ མང་སྤྱི ་ འཐུས་ཀྱི ་ སྒྲི ག ་

འཛུགས་གསར་དུ་མཛད་དེ་ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༢ ཉིན་ཆོས་སྲིད་ གཉི ས ་ལྡན་(དམངས)མང་གཙོ འི ་ གཞུང་གི ་ འགན་དབང་ཐོ ག ་དངོ ས ་སུ་

ཞུགས་ཟིན་པ་དང་ཆབས་ཅིག་(དམངས)མང་གཙོའི་རྩ་ཁྲིམས་ཀྱི་སྙིང་དོན་ ཞིག་ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་ཁྱབ་བསྒྲགས་བསྩལ་པ་དེར་སེར་

སྐྱ་མི་མང་ནས་དགའ་མགུ་བློ་མོས་བརྩི་བཀུར་ཆེན་པོའི་སྒོ་ནས་བོད་འབངས་

རྣམས་ཀྱི ་ འཕྲལ་ཕུགས་ཕན་བདེ འི ་ དགེ ་ མཚན་ཆེ ད ་(དམངས)མང་གཙོ འི ་ གཞུང་གི་སྒྲིག་འཛུགས་ནང་ྋགོང་ས་ཆེན་པོའི་ྋསྐུ་དབང་ཚད་དམ་བརྟན་དུ་

དགོས་ལུགས་སྤྱི་མགྲིན་ནས་ནན་ཏུ་བྱེད་པ་སོགས་བསམ་འཆར་འབུལ་འོས་ ཁག་ལྷུག་འདོན་ཞུས་པའི་སྤྱི་མོས་བསམ་འཆར་རྣམས་གཞི་བརྟན་དུ་མཛད་

དེ་རྩ་ཁྲིམས་ཀྱི་དོན་ཚན་ཁག་ལ་སྣོན་འཕྲི་སྤོར་གཅོག་གནང་འོས་གནང་སྟེ་

བཞུགས་སྒར་དུ་མི ་ མང་སེ ར ་སྐྱ་སྤྱི ་ འཐུས་རྣམ་པའང་བཀའ་བསྡུར་དང་ སྦྲགས་ད་ཡོད་རྩ་ཁྲིམས་འདི་བཞིན་གཏན་འབེབས་མཛད་དེ་སླད་བོད་རང་

བཙན་བསྐྱར་ལོན་བྱུང་མ་ཐག་ཏུ་ཐོག་མའི་རྩ་འཛིན་ད་ཡོད་རྩ་ཁྲིམས་འདི་ལ་

ཕྱག་ལེན་བསྟར་རྒྱུ་དང༌། དེ་ནས་འདེམས་བསྐོས་མི་མང་སྤྱི་འཐུས་རྣམས་ཀྱི་ བསམ་འཆར་ལ་བརྟེན་ནས་སྣོན་འཕྲི་བསྐྱར་བཅོས་གནང་རྒྱུར།

སྤྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་གསལ་བསྒྲགས་བསྐྱངས་ཏེ་

ཁྱིམ་མཚེས་རྒྱལ་ཁབ་ཁག་ནང་གནས་སྡོད་བྱེས་འབྱོར་མི་མང་ནས་གཞིས་

བྱེས་བོད་མི་མང་ཡོངས་ཀྱི་ཚབ་ཞུས་སྤྱི་འཐུས་འོས་འདེམས་ཞུ་རྒྱུས་མཚོན་ བོ ད ་གཞུང་གི ་ ངོ ་ བོ ་ ཆོ ས ་སྲི ད ་གཉི ས ་ལྡན་(དམངས)མང་གཙོ འི ་ ལམ་སྲོ ལ ་

ཐོག་དངོས་སུ་བསྒྱུར་ཟིན་པ་ལྟར། བོད་རྒྱལ་ལོ་ ༢༡༠༢ ཕྱི་ལོ་ ༡༩༧༥ བོད་

གཞུང་ལོ ་ འཁོ ར ་ལས་བསྡོ མ ས་ཚོ ག ས་ཆེ ན ་ཐེ ང ས་དྲུག་པའི ་ ཚོ ག ས་འདུའི ་

གྲོས་ཆོད་དགོངས་དོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ 275


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཡང་དག་པའི་དབུ་ཁྲིད་འོག་བོད་ཆོས་སྲིད་གཉིས་ལྡན་(དམངས)མང་གཙོའི་

གཞུང་དབུ་བརྙེས་པའི་དུས་དྲན་སྲུང་བརྩིའི་ཉིན་མོ་ཞིག་དགོས་པ་ལྟར་གཏན་

འབེ བ ས་གསལ་བསྒྲགས་བསྐྱང་རྒྱུ་ཐུགས་གཏན་འཁེ ལ ་དོ ན ་བཞི ན ་འཆར་ ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན། མང་ཚོགས་ནས་(དམངས)མང་ གཙོའི་ཁེ་དབང་ལ་ལོངས་སུ་སྤྱད་དེ་མི་མང་སྤྱི་འཐུས་འོས་བསྡུས་ཐོག་ཕྱི་ལོ་

༡༩༦༠ ཟླ་ ༩ ཚེས་ ༢ ཉིན་བར་ནས་བཟུང་ལོ་བཅོ་ལྔ་འཁོར་བའི་དུས་

ཚིགས་འཁེལ་བ་ལྟར། འདི་ལོ་ནས་བཟུང་ལོ་ལྟར་ཕྱི་ཟླ་ ༩ ཚེས་ ༢ ཉིན་

(དམངས)མང་གཙོ འི ་ དུས་དྲན་གྱི ་ ཉི ན ་མོ ར ་སྲུང་བརྩི ་ ཞུ་རྒྱུ་ཐུགས་གཏན་ འཁེལ་སོང་ཞིང༌།

སྔ་འཕྲོས་དུས་དྲན་སྲུང་བརྩིའི་སླད་རྒྱ་ཁྱབ་རང་གཞུང་

ལས་ཁུངས་མ་ལག་ཁོངས་གཏོགས་བཟོ་སློབ་དང་བཅས་པ་དེ་ཉིན་ཀྲིག་ཅར་ ལས་གསེ ང ་བསྩལ་རྒྱུས་མཚོ ན ་དུས་དྲན་ལ་སྲུང་བརྩི ་ ཞུ་རྒྱུར་དེ ་ དོ ན ་ཁྱབ་

ཁོ ང ས་སེ ར ་སྐྱ་མི ་ མང་ལ་གསལ་བསྒྲགས་འཚེ མ ས་མེ ད ་དགོ ས ་རྒྱུ་ཡི ད ་ འཇགས་ཞུ། དྷ་ས་བཞུགས་སྒར་བཀའ་ཤག་ནས་ཕྱི་ལོ་ ༡༩༧༥ ཟླ་ ༨ ཚེས་ ༢༠ ལ།”(1) ཞེས་གསལ།

ཕྱི་ལོ་ ༡༩༧༥ ཟླ་ ༩ ཚེས་ ༥ ཉིན་གྱི་རྒྱུན་ལས་ཚིག་ཐོར་འདི་ལྟར།

༡༽ སྔོན་དུ་ ༧༥ ཟླ་ ༨ ཚེས་ ༡༩ ཉིན་རྒྱུན་ལས་ཚོགས་འདུར་སྙན་སེང་

བྱུང་དོན། མན་སྤར་དང༌། བྷན་ད་ར། ཀུམ་རའོ། སྦིར་ནང་ཆེན། བལ་ཡུལ་ར་

སོ་གི་རི་བཅས་ནས་འོས་དམིགས་འདེམས་སྒྲུག་འགེངས་ཤོག་ཁག་ལ་སྒྲིག་

གསལ་འགོ ་ འཛི ན ་གྱི ་ མི ང ་རྟགས་འཁོ ད ་མི ན ་ལ་ས་གནས་ཉེ ་ བ་ཁག་ལ་མི ་

འགྲོ་ཆེད་བརྫོང་དང༌། ས་གནས་རྒྱང་ཆོད་ཁག་ལ་གནས་འབྲེལ་གྱི་ཐོག་ནས་ དོགས་གཅོད་ཕྱིར་ལན་བྱུང་མཚམས་ཐག་གཅོད་གནང་རྒྱུ།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༩།༥ ཤོག་གྲངས་ ༨།༩ པར་གསལ། 276


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

༢༽ སྔོན་འགྲོ་འོས་གཞི་གསལ་བསྒྲགས་གནང་སྐབས་སྤྱི་འཐུས་རེར་འོས་

གཞི་མི་གྲངས་ཇི་ཙམ་དགོས་མིན་ཁ་གསལ་གཏན་འབེབས་མེད་སྟབས་མི་

གྲངས་ཇི་འོས་དང༌། སླད་འོས་གཞི་ངོ་མའི་གྲངས་ཚད། སླད་འོས་གཞི་གསལ་

བསྒྲགས་ཁོངས་ནས་དགོངས་ཞུ་བྱ་མིན་ཁྱོན་ཆེ་བྱུང་ཚེ་ཁ་སྐོང་གཤམ་འོག་

འོས་གྲངས་མཐོ་ཤོས་ནས་ཞུས་འགབ་མཆིས་མིན་སྐོར། སྔོན་འགྲོ་འོ ས་གཞིར་

མི་རེར་འོས་དམིགས་ ༦ རེ་དང༌། སླད་འོས་གཞི་ངོ་མའི་གྲངས་ཚད་ ༤ རེ། དགོངས་ཞུ་བྱ་མི་མང་ཉུང་ལ་གཞིགས་པའི་དགོངས་བཞེས་གནང་རྒྱུ།

༣༽ འོས་གཞི་གསལ་བསྒྲགས་སྐབས་དང་བླང་འོས་གཞི་ཁག་རེའུ་མིག་གི་

འགོ་འོག་གང་དུ་གསལ་བསྒྲགས་དགོས་མིན། ཆོལ་ཁ་དང་ཆོས་ལུགས་ཁག་

ལ་དང་བླང་འོས་གཞི་གསལ་བསྒྲགས་བྱ་རྒྱུའི་འོས་གཞི་གྲངས་ཚད་ཁོངས་ གཏོགས་ཚུད་དགོས་པ་དང༌།

མིང་གཞུང་འགོད་ཕྱོགས་ཨང་རིམ་གསལ་

བཀོད་མ་དགོས་པར་དང་བླང་འོས་གཞི་ཞེས་པའི་འགོ་བརྗོད་འོག་འགོད་རྒྱུ། ༤༽ འདེམས་བསྐོ་ལྷན་ཚོགས་ནས་མཚན་ཐོ་ཟུར་བཏོན་གྱིས་སྒྲིག་གསལ་

ཝ་ཎ་སློབ་སྤྱི་ཟམ་གདོང་རིན་པོ་ཆེ་དང༌། གྲའུ་དཔོན་རིན་ཆེན་ཚེ་རིང༌། སྤང་

ཁ་མགོན་པོ། ནང་ཆེན་རྒྱལ་པོ་བཅས་ཁེ་ཡོད་ལས་འཛིན་ཡིན་མིན་དོགས་ གཅོད་ཞུས་པའི་དྲི་ལན་ཚིག་ཐོ་ཟུར་གསལ་ལྟར་ཞེས་གསལ་འདུག(1)

ཕྱི་ལོ་ ༡༩༧༥ ཟླ་ ༩ ཚེས་ ༡༡ ཉིན་གྱི་རྒྱུན་ལས་སུ། བོན་པོའི་སྤྱི་

འཐུས་ཐད།

ཚིག་ཐོའི་ནང་འདི་ལྟར་གསལ།

བོན་པོར་ཆོས་འཐུས་སྩལ་

ཕྱོ ག ས་སྐོར་རྒྱུན་ལས་ཚོ ག ས་འདུར་བཀའ་བསྡུར་སྔ་རྗེ ས ་བྱུང་ཡོ ད ་རུང་ དམིགས་བསལ་ཐག་ཆོད་ཐུབ་པ་བྱུང་མེད་ཅིང༌།

སླར་ཡང་རྒྱུན་ལས་སུ་

བཀའ་བསྡུར་གླེང་སློང་སྐབས་དམིགས་བསལ་ཐག་གཅོད་ཐུབ་པའི་དགོངས་ འཆར་བྱུང་མེད་པ་མ་ཟད། བོན་ཆོས་འདི་བཞིན་ཆོས་རིག་གང་དུ་ངོས་འཛིན་

1ཞེས་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༨༤ གསལ།

277


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བྱ་གི་ཡོད་རུང༌། དེ་ཉིན་ཆོས་རིག་བཀའ་བློན་ཚོགས་འདུར་ངོ་ཕེབས་མེད་ སྟབས་རྗེས་སུ་དགོངས་བཞེས་གནང་རྒྱུ་གནང༌།(1)ཞེས་གསལ།

ཕྱི་ལོ་ ༡༩༧༥ ཟླ་ ༩ ཚེས་ ༡༡ ཉིན་སྐབས་དྲུག་པའི་སྤྱི་ཁྱབ་

འདེ མ ས་བསྐོ་ལྷན་ཚོ ག ས་ནས་འོས ་བསྡུའི ་ སྒྲི ག ་གཞི ་ གསར་པའི ་ དགོ ང ས་ དོ ན ་སྔོ ན ་འགྲོའི ་ འོས ་དམི ག ས་སུ་ཆོ ས ་བརྒྱུད་ཆེ ན ་པོ ་ བཞི ་ སོ ་ སོ ་ ནས་འོས ་

གྲངས་མང་རི མ ་རྩེ ་ བཏོ ག ་གི ས ་མི ་ གྲངས་དྲུག་རེ ་ རྩི ས ་ཉི ་ ཤུ་རྩ་བཞི ་ དང༌།

དབུས་གཙང་ཆོལ་ཁའི་ཁོངས་མི་གྲངས་ཉི་ཤུ་རྩ་བཞི། མདོ་སྟོད་ཆོལ་ཁའི་

ཁོངས་ནས་ཨང་ཉི་ཤུ་རྩ་བཞི་པ་འོ ས་འདྲ་མཉམ་གཉིས་ཐོན་སྟབས་མི་གྲངས་

ཉི་ཤུ་རྩ་ལྔ།

མདོ་སྨད་ཆོལ་ཁའི་ཁོངས་ཨང་ཉི་ཤུ་རྩ་བཞི་པ་གསུམ་ཐོན་

སྟབས་ཉི་ཤུ་རྩ་དྲུག་བཅས་སྔོན་འགྲོའི་འོ ས་དམིགས་སུ་མི་གྲངས་དགུ་བཅུ་

གསལ་བསྒྲགས་གནང༌།

(2)

ཕྱི་ལོ་ ༡༩༧༥ ཟླ་ ༡༠ ཚེས་ ༡༧ ཉིན་སྤྱི་འཐུས་འོས་བསྡུའི་ཆེད་

འདེམས་བསྐོ་ནས་རྒྱུན་ལས་འཕར་འཚུགས་དགོས་གནས་ཞུས་དོན་བཞིན་

དེ་ཉིན་གྱི་རྒྱུན་ལས་ཚིག་ཐོ་ཇི་བཞིན་བཀོད་པ་འདི་ལྟར།

༡༽ སྔོན་དུ་རྒྱུན་ལས་ཚོགས་འདུར་སྙན་སེང་བཀའ་འཁྲོལ་དང་སྦྲགས་ཆོལ་

གསུམ་ཆོ ས ་ལུགས་དང་བཅས་པའི ་ སྤྱི ་ འཐུས་རེ ར ་འོས ་དམི ག ས་དྲུག་རེ ་

གཏན་འབེབས་ཀྱིས་ཆོལ་ཁ་རེར་འོས་དམིགས་གྲངས་ ༢༤ དང༌། ཆོས་ ལུགས་རེར་མི་ ༦ རེ་བཅས་སྔོན་འགྲོའི་གསལ་བསྒྲགས་གནང་ཡོད་ཐོག་

ནས་རང་མོས་དགོངས་ཞུ་བྱ་མི་ཁག་ཕུད་དངོས་གཞིའི་འོས་གཞིར་མི་རེར་

འོས་གཞི་ ༤ རེ་དགོས་པ་དེ་ལྟར་ཡང༌། ཆོས་ལུགས་ཁོངས་ས་སྐྱ་དང༌།

1 ཞེས་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༨༤ གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༩།༢༦ ཤོག་གྲངས་ ༦།༧ པར་གསལ། 278


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཆོལ་ཁའི་ཁོངས་མདོ་སྨད་གཉིས་ལས་དེ་མིན་དགོངས་ཞུ་བྱ་མི་ཧ་ཅང་མང་

སྟབས་སྒྲི ག ་གསལ་དགོ ང ས་པ་གཏོ ང ་འོས ་མཆི ས ་མི ན ་འདེ མ ས་བསྐོ་ལྷན་

ཚོ ག ས་ནས་བསམ་ཞི བ ་བྱ་འཐུས་ཞེ ས ་འཁོ ད ་དོ ན ་འོས ་གྲངས་མཐོ ་ གྲས་

རྣམས་རང་འཇགས་འོས ་ཁོ ང ས་འཇོ ག ་གལ་ཆེ ་ མཐོ ང ་ལ་དེ ་ ལྟར་བྱ་འཐུས་

སྙན་སེང་ཞུས་པ་ལྟར། འདེམས་བསྐོ་ལྷན་ཚོགས་ནས་འཆར་གཞི་ཟུར་སྒྲིག་ ལ་རྒྱུན་ལས་ཚོགས་འདུའི་དགོངས་འཆར་སྣོན་འཕྲི་སྤོར་གཅོག་རེ་ཟུང་ནས་ དེ་མིན་འཆར་འབུལ་གཞི་བཟུང་གནང་རྒྱུ་ཐུགས་གཏན་འཁེལ་སོང༌།

༢༽ དབུས་གཙང་འོས་ཁོངས་མའི་སོར་སྦེལ་ཀོབ་ཁོངས་ཀོང་པོ་བ་དབང་

རྒྱལ་ནས་འདེམས་བསྐོར་སྙན་ཤོག་འབུལ་འབྱོར་བྱུང་གསལ་ཁོ་རང་གི་མི་

བརྒྱུད་ཁམས་རིགས་ཡིན་པ་དང༌། ས་ཆའི་བབས་མཚུངས་གང་ས་ནས་མདོ་

སྟོད་ཀྱི་ཁོངས་གཏོགས་ཡིན་སྟབས་འདི་ལོ་ནས་བཟུང་མདོ་སྟོད་ཁོངས་འོས་

བསྡུ་བྱ་རྒྱུ་ཐག་གཅོད་ཟིན་ལུགས་དང་བཅས་འོས་ཁོངས་ནས་དགོངས་ཤོག་

ཕུལ་ཡོད་པ་དང༌། དེ་བཞིན་མོན་གོ་གཞིས་ཁོངས་ཐུབ་བསྟན་དར་རྒྱས་ནས་

ཀྱང་མདོ་སྟོད་ཁོངས་གཏོགས་ཡིན་ལུགས་ཀྱི་དགོངས་ཞུའི་སྙན་སེང་འབྱོར་

ཡོད་པ་དང༌། དེ་བཞིན་མོན་གོ་གཞིས་ཁོངས་ཀོང་པོ་བ་མང་ཚོགས་ཁག་ཅིག་ དང༌། མདོ་སྟོད་མང་ཚོགས་ཁག་ཅིག་ནས་གནས་ལུགས་གོང་མཚུངས་འཁོད་

པའི ་ སྙན་ཤོ ག ་འབུལ་འབྱོ ར ་བྱུང་བ་ལྟར་འདི ་ སྐོར་ཇི ་ འགབ་སྙན་སེ ང ་ཞུས་ པར།

དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་འཆར་གཞི་ནང་གསལ་

ཀོང་པོ་དབང་རྒྱལ་དང༌། ཐུབ་བསྟན་དར་རྒྱས་གཉིས་དོ་བདག་ནས་དགོངས་

ཞུས་བྱ་མུར་རང་འཇགས་བཞག་ཡོད་འདུག་པ་དོ་བདག་སོ་སོའི་འདོད་མོས་

དགོངས་འཁྲོལ་གཏོང་རྒྱུ་དང༌།

ཀོང་པོ་བ་སྤྱི་བྱིངས་ཆོལ་ཁ་ཇི་ཡིན་རང་

གཞུང་ནས་ད་བར་རྩ་འཛི ན ་གནང་བཞི ན ་པ་གཞི ་ བཟུང་གསལ་བསྒྲགས་

གནང་ཡོ ད ་པ་དེ ་ ལས་གཞན་དུ་དགོ ང ས་བཞེ ས ་གནང་དགོ ས ་མ་མཆི ས ་ 279


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཤིས་དམིགས་བསལ་གནས་ལན་གནང་གལ་མ་མཆིས། ༣༽

ཨ་མདོའི་འོས་དམིགས་ཁོངས་བོན་གཞིས་ཌོ་ལན་ཇི་སངས་རྒྱས་

བསྟན་འཛི ན ་ནས་སྔོ ན ་དུ་ཨོ ་ ཀཱན་ཌན་སློ བ ་གྲྭའི ་ དགེ ་ རྒན་བྱེ ད ་སྐབས་སློ བ ་ ཕྲུག་ཚོར་བོན་ཆོས་སྤེལ་ཐབས་ཀྱི་སློབ་གསོ་བྱེད་པ་དང༌། དེ་བཞིན་ཉེ་ཆར་ ཆོལ་གསུམ་ཆོས་ལུགས་ཁོངས་བོན་ཆོས་ལ་འདྲ་མཉམ་གྱི་ཐོབ་ཐང་དགོས་

པ་སོ ག ས་གཞུང་གི ་ ངོ ་ བོ ་ ཕྱི ན ་ཅི ་ ལོ ག ་ཏུ་གཏོ ང ་བའི ་ བསམ་སྦྱོ ར ་བྱས་ཚུལ་

དང༌། དེ་བཞིན་སྔོན་དུ་ཨོ་ཀན་ཌན་སློབ་གྲྭའི་ནང་ཇི་བྱས་སྐབས་དེར་ཚགས་

ཤོག་ཐོན་གསལ་ལྟར་གཞུང་འབངས་ཚང་མས་མཁྱེན་ཆུབ་ཡིན་པ་དང༌། དེ་

བཞི ན ་ཀེ ་ ལ་མན་ཀྲ་འུན་གཞི ས ་ཁོ ང ས་ཨ་མདོ ་ མགོ ན ་པོ ་ ཚེ ་ བརྟན་ནས་ཕྱི ་ རྒྱལ་གཞན་ལ་བློ་བཅོ ལ ་མགོ ་ བཏགས་བྱས་ཏེ ་ སྔོ ན ་དུ་ཀ་ཏར་ཐའི ་ ཝན་གྱི ་

གསར་འགྱུར་ལས་ཁང་ནས་ལས་ཀ་བྱས་ཡོད་པ་མ་ཟད་དོ་བདག་ནས་ཀྱང་ ངོས་ལེན་བྱས་ཡོད་སྟབས་སྤྱི་འཐུས་སུ་འོས་མིན་རྡ་སྡོད་ཨ་མདོ་བ་ཆོས་ལྡན་

ཅན་མི་གྲངས་ཙམ་གྱི་ས་རྟགས་སྦྱར་མའི་སྙན་ཤོག་འབྱོར་ཡོད་པ་དེ་སྐོར་ཇི་ འགབ་སྐོར། མི་མང་ཁོངས་སྐྱོན་བརྗོད་བྱུང་བ་ཙམ་ལ་ཆ་འཇོག་ཐུབ་མིན་ལ་

སྔོ ན ་དུ་དོ ་ བདག་རྣམས་འདེ མ ས་བསྐོ་ལྷན་ཚོ ག ས་སུ་ཆེ ད ་འགུག་གི ས ་དོ ་ བདག་ནས་ཁུངས་བསྐྱེལ་ར་སྤྲོད་ངེས་འཕེར་ཞུ་རྒྱུ་ཡོད་མཚམས་ཐག་གཅོད་ གནང་རྒྱུ་དང༌།

དེ་མིན་བོན་ཆོས་ལ་སྲུང་སྐྱོབ་ཁྱབ་སྤེལ་བཏང་བ་ནི་ཆོས་

ལུགས་དེ ་ ལ་དད་འདུན་ཡོ ད ་པའི ་ སྐྱེ་བོ ་ སོ ་ སོ འི ་ ལས་འགན་ཡི ན ་པར་རྒྱུ་

མཚན་དེ ་ ལ་བརྟེན་ནས་འོས ་གཞི ་ ནས་ཕྱི ར ་འཐེ ན ་བྱ་དགོ ས ་པའི ་ རྒྱུ་མཚན་

མེ ད ་ངེ ས ་རྒྱུན་ལས་ཚོ ག ས་མི ་ ཡོ ང ས་ཀྱི ་ དགོ ང ས་ཚུལ་ཕྱོ ག ས་མཐུན་བྱུང་ སོང༌༑

༤༽ མདོ་སྟོད་དང༌། དབུས་གཙང་ཁོངས་ནས་འོས་གྲངས་མཐོ་གྲས་ཚོགས་

གཙོ ་ འཇུ་ཆེ ན ་ཐུབ་བསྟན་རྣམ་རྒྱལ་དང་དབུས་གཙང་སྤྱི ་ འཐུས་རི ་ ཁ་བློ་ 280


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བཟང་བསྟན་འཛིན་གཉིས་ཐད། ཚོགས་གཙོར་བཀའ་དགོངས་འོ ས་གཞི་ནས་

ཕྱིར་འཐེན་དགོས་ལུགས་ཕེབས་དོན་དགོངས་ཞུ་ཕུལ་བ་དང༌།

རི་ཁ་བློ་

བསྟན་འོས ་གཞི ་ ནས་དགོ ང ས་ཞུས་ཀྱི ས ་ཤེ ས ་རི ག ་དྲུང་ཆེ ར ་ཕྱག་རྟགས་

དགོངས་དོན་བསྐོ་གཞག་ཟིན་པ་བཅས་ལ་བརྟེན་འོས་གཞི་ནས་ཕྱིར་འཐེན་

དགོས་ཐད། ཚོགས་གཙོར་ད་ལམ་གཟིམ་ཆུང་ནས་དགོས་དབང་བཀའ་ཁྱབ་ བསྩལ་དོན་ལ་གང་ཡང་ཞུ་རྒྱུ་མེད་ཅིང༌།

རི་ཁ་བློ་བཟང་བསྟན་འཛིན་ཐད་

དབུས་གཙང་ཆོལ་ཁའི་ཁོངས་གཏོགས་འོས་གྲངས་མང་གྲས་ཡིན་པ་མ་ཟད་

ད་ལྟ་སྤྱི་འཐུས་ལས་འཁུར་བསྐྱེད་མུས་མ་ཟད། འདེམས་བསྐོ་ལྷན་ཚོགས་

ནས་དོ་བདག་ལ་དགོངས་འཁྲོལ་བྱུང་ཡོད་མེད་འདྲི་གཏུགས་ཙམ་མེད་པར་

འོས ་ཕུལ་ཕྱག་རྟགས་ཞུ་གནང་འདི ་ རི ག ས་ལ་འདེ མ ས་བསྐོའི ་ ལས་དོ ན ་ ཚགས་ཚུད་ཡོང་མིན་བློ་ཚབས་ཆེ་ལུགས་ཀྱིས་གནས་ལུགས་གསལ་བཤད་ གནང་བ་ལྟར།

ཚོགས་གཙོའི་ཐད་གཟིམ་ཆུང་ནས་དགོས་དབང་གིས་ཐད་

ཀར་བཀའ་ཁྱབ་སྩལ་ཡོད་པ་དང༌། དབུས་གཙང་སྤྱི་འཐུས་རི་ཁ་བར་ཕྱག་

རྟགས་བསྩལ་ཐོ ན ་ལ་འོས ་ཁོ ང ས་ནང་འཇུག་མི ན ་ལམ་སེ ང ་རྒྱུན་ལས་ཐག་ གཅོ ད ་ཐུབ་མི ན ་ལ་བརྟེན་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་

ྋགོང་ས་སྐྱབས་མགོན་ཆེན་པོར་སྙན་སེང་གིས་ཕྱིར་ཕེབས་བཀའ་སློབ་གཞི་

བཟུང་རྩ་འཛིན་ཞུ་རྒྱུ་བཅས་གོང་གསལ་གནད་དོན་ཁག་ལ་ཐག་གཅོད་བྱུང་ མཚམས་རྒྱུན་ལས་འཕར་ཚོགས་འདུ་བསྐོང་གནང་རྒྱུ་དང༌། དངོས་གཞིའི་ འོས་ཐོ་གསལ་བསྒྲགས་གནང་རྒྱུ་ཉིན་ཤས་ཕྱིས་འགྱངས་བྱ་འཐུས་བཅས།(1)

ཕྱི་ལོ་ ༡༩༧༥ ཟླ་ ༡༡ ཚེས་ ༥ ཉིན་གྱི་རྒྱུན་ལས་ཚིག་ཐོའི་ནང་

འདི་ལྟར། ད་བར་རྒྱུན་ལས་ཚོགས་འདུར་གཞུང་མང་འཕྲལ་ཕུགས་ཀྱི་ལས་

དོན་སྐོར་བཀའ་བསྡུར་ཐག་གཅོད་བྱུང་རིགས་ཁག་གསལ་བསྒྲགས་གནང་

1 ཞེས་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༨༤ གསལ།

281


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྲོ ལ ་མི ་ འདུག་ཀྱང༌།(དམངས)མང་གཙོ འི ་ གཞུང་གི ་ བཀོ ད ་སྒྲི ག ་ལྟར་རྒྱུན་

ལས་ཚོགས་འདུ་འདི་བཞིན་ཆེས་མཐོའི་ངོ་བོ་ལྡན་པའི་ལྷན་ཚོགས་ལ་སོང་

རྒྱུན་ལས་ཚོགས་འདུའི་གནས་སྟངས་ཐད་དང༌། རྒྱུན་ལས་ཚོགས་འདུ་ནས་

གཞུང་མང་གི་ལས་དོན་ཆེ་ཕྲ་ཁག་གི་སྐོར་མང་ཚོགས་ལ་གསལ་བསྒྲགས་ ཞུས་འོས་ཁག་རྒྱུན་ལས་ཚོགས་འདུ་ནས་སྟངས་འཛིན་ཞུས་ཏེ་མང་ཚོགས་

ནས་གསལ་རྟོགས་ཆེ ད ་བོ ད ་ཡི ག ་ཚགས་ཤོ ག ་ཁག་ནང་སྐབས་སོ ་ སོ ར ་ གསལ་བསྒྲགས་ཐུབ་པ་བྱུང་ཚེ ་ དགེ ་ མཚན་ཆེ ་ མངོ ན ་ལ་དེ ་ དོ ན ་ཚོ ག ས་མི ་

མང་མོ ས ་བྱུང་བར་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ར ་བཀའ་འཁྲོ ལ ་སྙན་ སེང་འབུལ་རྒྱུ། བཀའ་འཁྲོལ་ཐོན་པའི་མཆན་འགོད་ཀྱང་གནང་འདུག(1)

ཕྱི་ལོ་ ༡༩༧༥ ཟླ་ ༡༡ ནང་སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་

ཀྱི་དངོས་གཞིའི་འོས་གཞིར་ཆོས་བརྒྱུད་ཆེན་པོ་བཞི་སོ་སོ་ནས་འོས་གཞི་མི་

བཞི་རེ་དང༌། ཆོལ་ཁ་རེ་ནས་འོས་གཞི་མི་བཅུ་དྲུག་རེ་བཅས་འོས་གཞིའི་མི་ འགྲོ་སོ་སོའི་ལོ་རྒྱུས་མདོར་བསྡུས་དང་སྦྲགས་གསལ་བསྒྲགས་གནང༌།(2)

ལོ ་ འཁོ ར ་ལས་བསྡོ མ ས་ཚོ ག ས་ཆེ ན ་ནང་དགོ ང ས་འཆར་བྱུང་དོ ན ་དེ ་ སྔོ ན ་

བཙན་བྱོ ལ ་བོ ད ་གཞུང་གི ་ ལས་ཁུངས་མ་ལག་དང་བཅས་པའི ་ སྔོ ན ་རྩི ས ་

བཀའ་འཁྲོལ་བཀའ་ཤག་ནས་གནང་སྲོལ་ཡོད་པ་དེ་བཞིན་མེད་པར་བཟོས་

ཏེ།

ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་བཀའ་འཁྲོལ་གནང་རྒྱུར་ཕྱི་ལོ་

༡༩༧༥ ཟླ་ ༡༡ པའི་འཆར་ཅན་རྒྱུན་ལས་ཚོགས་འདུའི་ནང་གྲོས་ཆོད་གཏན་ འབེབས་གནང༌།(3)

ཕྱི་ལོ་ ༡༩༧༥ ཟླ་ ༡༡ ཚེས་ ༡༤ ཉིན་གཏན་འཇགས་ཚོགས་དྲུང་

1 ཅེས་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ༨༤ གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༡༡།༡༤ ཤོག་གྲངས་ ༢།༤།༥།༧།༨།༩ པར་གསལ། 3 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༡༢།༡༢ ཤོག་གྲངས་ ༨ པར་གསལ། 282


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ནས་ལས་འཁུར་དམ་བཅའ་ཕུལ། དེ་ཡང་འདི་ལྟར་དེའི་སྔོན་དུ་དྲུང་ཆེ་འམ། དྲུང་ཆེ་ལས་རོགས་སོགས་ནས་ཞོར་ལྕོགས་གནང་མུས་ཀྱང༌།

རྒྱུན་ལས་

ཚོ ག ས་འདུའི ་ མཛད་རྒྱ་དང་བཅས་རྒྱུན་ལས་ཚོ ག ས་དྲུང་འདི ་ བཞི ན ་ཞོ ར ་

ལྕོགས་ལྟ་བུ་མ་ཡིན་པར་ལས་འཁུར་རྐང་ལེན་ཐོག ཕྱོགས་མཚུངས་རྣམ་ཀུན་

སྤྱི་འཐུས་ལྷན་ཚོགས་ཀྱི་བཀའ་ཁྱབ་གཞི་བཟུང་རྒྱུན་དུ་ལས་འཁུར་ཞུ་རྒྱུར།

འཆར་འབུལ་ཕྱག་རྟགས་རིན་པོ་ཆེ་དགོངས་དོན། དྲིལ་བསྒྲགས་དྲུང་གཞོན་

རྣམ་རྒྱལ་རྡོ ་ རྗེ ར ་ལས་ཁུངས་ཁག་གི ་ དྲུང་ཆེ ་ སྤྱི ་ མཚུངས་དང་འདྲ་བར་

གནས་རི མ ་ལྔ་པར་གནས་སྤར་གྱི ས ་རྒྱུན་ལས་ཚོ ག ས་དྲུང་དུ་བསྐོ་གཞག་

བསྐྱངས།

(1)

ཞེས་གསལ་འདུག

ཕྱི་ལོ་ ༡༩༧༦ ཟླ་ ༡ ཚེས་ ༢ ཉིན་སྐབས་དྲུག་པའི་བོད་མི་མང་སྤྱི་

འཐུས་ཀྱི་དངོས་གཞིའི་འོས་འདེམས་གནང༌།

ཕྱི་ལོ་ ༡༩༧༦ ཟླ་ ༡ ཚེས་ ༥ ཉིན་གྱི་རྒྱུན་ལས་ནས་ད་ནས་བཟུང་

རྒྱུན་ལས་སྔོ ན ་མའི ་ གྲོས་ཆོ ད ་ཁག་ལག་བསྟར་བྱུང་ཡོ ད ་མེ ད ་ཞི བ ་འཇུག་

གནང་རྒྱུའི་ཐག་གཅོད་བྱུང་འདུག

ཕྱི་ལོ་ ༡༩༧༦ ཟླ་ ༤ ཚེས་ ༢༨།༢༩ གཉིས་ཀྱི་རྒྱུན་ལས་སུ་ཆོས་

དོན་ལྷན་ཁང་གི་ཆོས་ལུགས་ལས་བྱེད་རྣམས་བཀའ་ཤག་ནས་ཁུ་བསྡུ་གནང་

བར་རྒྱུན་ལས་ནང་བཀའ་མོལ་ཇི་བྱུང་གི་ཚིག་ཐོ་འདི་ལྟར། དེ་རྗེས་ཚོགས་

གཙོ་མཆོག་ནས་ཆོས་དོན་ཁང་དུ་ཡོད་པའི་ཆོས་ལུགས་ཁག་གི་ལས་བྱེད་ ཕྱིར་བསྡུ་གནང་སྐོར་རྒྱུ་མཚན་ནམ། ཞུས་གནང་ལན།

དགེ་མཚན་ཇི་ཡོད་བཀའ་ཤག་ཏུ་དྲི་

བདེ་བཀའ་མཆོག་ནས་སྔོན་མ་སྤྱི་འཐུས་རྣམས་ནས་

གཅིག་ལྕོགས་ལྟ་བུ་གནང་ཞིང༌། དེ་ནས་ཆོས་ལུགས་ཁག་གི་ལས་བྱེད་བསྐོ་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༥།༡༡།༢༨ ཤོག་གྲངས་ ༧ པར་གསལ། 283


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཇོག་གནང་འདུག འོན་ཀྱང་མུ་མཐུད་འཇོག་རྒྱུར་ད་ལྟའི་ཆར་མ་འགྲིགས་

པ་མེད་ཀྱང༌། མ་འོངས་པར་བོན་པོ་དང༌། ཁ་ཆེ་སོགས་རིམ་བཞིན་སྤྱི་འཐུས་

ཁོ ང ས་སུ་ཚུད་ཚེ ་ དེ ་ མཚུངས་ཀྱི ་ དགོ ང ས་བཞེ ས ་གནང་དགོ ས ་ཡོ ང ་རྒྱུར་ བརྟེན་དེ་ལྟར་མི་འབྱུང་སླད་ཡིན།

རྩ་བའི་འདི་སྐོར་བཀའ་ཤག་ཏུ་ཐེངས་མང་བཀའ་བསྡུར་བྱུང་བ་ཞིག་

རེད། དེ་བཞིན་ད་ལྟའི་ཆར་རྙིང་འཐུས་གཞིས་བསྐྱོད་དགོངས་ཞུ་དང༌། དགེ་

འཐུས་གསར་བསྐོ་ཕྱི ་ བསྒྲགས་མེ ད ་པ་བཅས་ཀྱི ་ སྐབས་འདི ར ་ཕྱི ར ་བསྡུ་ གནང་ཞིང༌། རྗེས་སུ་དགོས་གལ་བྱུང་ན་བསྐོ་གཞག་གནང་རྒྱུ་ཡོང་གནས་

གསུངས་པར།

ཚོགས་གཙོས་ཆོས་ལུགས་འཐུས་མིའི་སྐོར་ད་ལྟ་རང་

འཇགས་བཞག་ན་སྐྱོན་མེད་དགེ་མཚན་དངོས་ཡོད་དང༌། ཁུ་བསྡུ་གནང་ན་

དགེ་མཚན་སྣེ་གཅིག་མེད་ཁར་སྐྱོན་གནད་ཆེ་བ་བཅས་བཀའ་བློན་ལྷན་རྒྱས་ ལ་སྔ་རྗེས་གནས་མོལ་གནང་མཚམས་སུ་ཡོད་པས་མ་ཚད།

ལྷན་ཚོགས་

འདི འི ་ དགོ ས ་དོ ན ་ལ་དཔྱད་ནའང་སྤྱི ་ ལྷན་དུ་གསུང་དགོ ས ་པ་ཞི ག ་ཡོ ད ་ན་

ཡང་བར་དེར་བཀའ་གང་ཡང་མ་གནང་བ་དེར་བློ་ཕམ་ཡོང་དགོས་ཞིག་རེད་ ལ་བློ་ཕམ་ཡང་ཡོད།

བོ ད ་(དམངས)མང་གཙོ འི ་ སྒྲི ག ་འཛུགས་ཡོ ད ་མུས་ལ་ཚང་མས་

དགའ་མོས་ཡོད་ཤག་ཡིན། ྋགོང་ས་མཆོག་གི་དགོངས་གཞི་ཇི་ཡོད་གསལ་

བཤད་མེད་པ་དང༌། ངོ་བཤུས་གཏོང་སྟངས་བཅས་ལུགས་དང་རྩ་བ་ནས་མི་ མཐུན་པ་འདི་རིགས་སླད་གནང་ཐབས་མི་འདུག

དེར་བརྟེན་ད་ལྟ་ཞུས་པ་

རྣམས་བཀའ་ཤག་ཏུ་སྙན་སེང་གནང་རོགས་གནང་ཞེས་དང༌། རྙིང་འཐུས་ དང༌། ས་འཐུས། ལ་ཁ་སྤྲུལ་སྐུ། དགེ་འཐུས་བཅས་ནས་ད་རེས་ཆོས་ལས་ འཁུ་བསྡུ་གནང་བར་བློ་ཕམ་ཆེན་པོ་ཡོད། ལེགས་པོ་བྱུང་ན་དེ་རང་རེད། ང་

ཚོས་བལྟས་ན་དགོས་པ་མེད་པ་ཞིག་གནང་བར་ངོས་འཛིན་བྱེད་ཀྱི་ཡོད། ད་ 284


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ལམ་གྱི ་ གནས་སྟངས་འདི ས ་འགལ་འཛོ ལ ་གྱི ་ རྙོ ག ་གཞི ་ ཡོ ང ་རྒྱུ་ལས་མེ ད ་ པས་ལས་དོན་འདི་ཐོག་སྐབས་ལྔ་པའི་སྤྱི་འཐུས་ནས་འགན་འཁུར་མི་ཐུབ་ལ་

ངོས་ལེན་ཡང་མེད། གོ་བསྡུར་ཙམ་ཡང་མ་གནང་བར་ལས་དོན་ཆེན་པོ་འདི་ ལྟར་ཡོ་ཁྱོམ་བཏང་བར་དངོས་འབྲེལ་བློ་ཕམ་བྱུང་སོགས་བརྗོད་པར།

བདེ ་ བཀའ་མཆོ ག ་ནས་ངོ ་ བཤུས་ལམ་འཕྲལ་འབུལ་རྒྱུ་ནི ་ ང་ཚོ འི ་

བསམ་བློའི་ནང་སླེབས་མི་འདུག ད་ལྟ་གསུང་དོན་ལྟར་དངོས་གནས་ཐུགས་

ཁག་མི་འདུག འོན་ཀྱང་དགོས་དབང་གིས་མ་ཕུལ་བ་དེ་འདྲ་མ་རེད། ཡིན་ན་ ཡང་ད་རིང་བཀའ་མོལ་བྱུང་བ་རྣམས་བཀའ་ཤག་ལ་གོ་བསྡུར་ཞུས་ཆོག

(1)

ཡང་སྤྱི་འཐུས་གསར་རྙིང་དམ་འབུལ་སྐོར་འདི་ལྟར། ཉིན་དང་པོར་

སྤྱི་འཐུས་སྐོར་སྤྱི་འཐུས་རྙིང་པ་རྣམས་ལ་བཀའ་ཤག་ནས་ལེགས་དར་འབུལ་

གྲུབ་བསྟུན་ཚོགས་སེང་གནང་སྟེ། སླར་ཚོགས་ཀྱིས་སྤྱི་འཐུས་གསར་པས་

དམ་བཅའ་བཀའ་ཤག་གི་དབུས་གཞུང་ཞབས་ཚང་འཛོམས་ཐོག་འབུལ་རྒྱུ། དེ ་ རྗེ ས ་ཚོ ག ས་གཙོ ་ གསར་པ་དེ ་ ཉི ན ་རང་འོ ས ་འདེ མ ས་གྲུབ་པ་གནང་རྒྱུ་

དང༌། མཛད་སྒོ་གནང་ཡུལ་བོད་ཀྱི་དཔེ་མཛོད་ཁང་དུ་མཛད་རིམ་སྔར་ལམ་

ལྟར་དང༌། ཚོགས་གཙོ་འོས་འདེམས་བྱ་ཕྱོགས་སྐོར་ཐོག་མར་མི་རེ་ནས་འོས་ གཞི ་ གཉི ས ་རེ ་ བཏོ ན ་ཏེ ་ མཐར་འོས ་བསྡུ་དངོ ས ་སུ་བྱས་པའི ་ འོས ་དང་འོས ་

འདྲ་གཅིག་བཅས་ཡིག་ཆ་ཆ་ཚང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

ལ་ྋསྙན་ཞུར་འབུལ་ལམ་ཞུས་ཏེ་ཕྱག་རྟགས་ཕྱིར་ཕེབས་བྱུང་འཕྲལ་ཚོགས་

གཞོན་འོས་འདེམས་བྱ་རྒྱུ་དང༌། ྋསྙན་སེང་སྙན་ཞུ་འབུལ་རྒྱུ་སོགས་བཀའ་

ཤག་ནས་ཐུགས་འགན་བཞེས་རྒྱུ་བཅས་ལ་བཀའ་བསྡུར་གྲུབ་ཀྱང་ཞིབ་སྙན་ འགོ ད ་བྲི ས ་སྐབས་རྩ་ཁྲི མ ས་དགོ ང ས་དོ ན ་དང་འགལ་འཛོ ལ ་གྱུར་སྟབས།

སླར་ཡང་ཚེས་ ༢༩ ཉིན་རྒྱུན་ལས་འཕར་ཚོགས་གནང་སྟེ་མཐའ་མའི་གྲོས་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༨༤ གསལ། 285


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོན། སྐབས་འདིའི་རིང་སྤྱི་འཐུས་རྙིང་པའི་གཙོ་འཛིན་དང༌། སྤྱི་འཐུས་གསར་

པའི ་ ཁོ ང ས་སུ་བུད་མེ ད ་རི ག ས་རྣམས་འཕོ ་ འགྱུར་མ་བྱས་གོ ང ་སྤྱི ་ འཐུས་

གསར་པ་རྣམས་ཀྱིས་གཙོ་འཛིན་མདུན་དུ་དམ་འབུལ་ཟིན་འཕྲལ་སྤྱི་འཐུས་ རྙིང་པའི་ལས་འཁུར་རྫོགས་པར་ངོས་འཛིན་དང༌། དེ་མཚམས་ཚོགས་གཙོ་

བགྲེས་པ་གསང་བའི ་ འོས ་འཕེ ན ་གྱི ་ སྒོ ་ ནས་ཐོ ག ་མར་མི ་ རེ ་ ནས་འོས ་གཞི ་

གཉིས་རེ་བཏོན་མཐར་དངོས་གཞིའི་འོས་འཕེན་གྱི་ཚོགས་གཙོའི་འོས་དང་

འོས་འདྲ་སྙན་འབུལ་ཕྱིར་ཕེབས་དགོངས་དོན་དང་བསྟུན་ཚོགས་གཞོན་འོས་ འདེ མ ས་ཞུས་ཕྱོ ག ས་གོ ང ་བཞི ན ་གནང་སྟེ་སྙན་འབུལ་ཞུ་རྒྱུ་སོ ག ས་བཀའ་ ཤག་ནས་ཐུགས་འགན་བཞེས་རྒྱུར་གྲོས་མཐུན་བྱུང་བའི་ཚིག་ཐོར།(1)

ཕྱི་ལོ་ ༡༩༧༦ ཟླ་ ༥ ཚེས་ ༥ ཉིན་སྐབས་དྲུག་པར་བདམས་ཐོན་

བྱུང་བའི་གཤམ་གསལ་སྤྱི་འཐུས་རྣམས་ནས་དམ་བཅའ་ཕུལ།

“ཆོས་

ལུགས་ཁག་གི་སྤྱི་འཐུས་གྲས། དགེ་ལུགས་སྤྱི་འཐུས་དགའ་བྱང་བློ་བཟང་

ཆོས་ལྡན་དང༌། ས་སྐྱའི་སྤྱི་འཐུས་ངག་དབང་བཟང་པོ་རྣམ་གཉིས་རྙིང་པ་རང་ འཇགས་ཐོག གསར་པ་བཀའ་བརྒྱུད་སྤྱི་འཐུས་སྒ༔ཨ་དབྱངས་སྤྲུལ་སྐུ་དང༌། རྙིང་མའི་སྤྱི་འཐུས་ཝཱ་ཎ་མཐོ་སློབ་ཚེ་རིང་རྒྱལ་མཚན་བཅས་དང༌།

མདོ ་ སྨད་སྤྱི ་ འཐུས་རྙི ང ་པ་ཚོ ག ས་གཞོ ན ་ཨ་ལགས་འཇི ག ས་མེ ད ་

མདོ་སྟོད་སྤྱི་འཐུས་རྙིང་པ་ལ་སྤྲུལ་ཐུབ་བསྟན་རྡོ་རྗེ་དང༌། ནང་ཆེན་

སྤྲུལ་སྐུ་རང་འཇགས་ཐོག གསར་པ་ཧོར་གཙང་བློ་བཟང་བསྟན་འཛིན་དང༌། མཚོ་སྔོན་སྐལ་ལྡན། སྟག་འཚེར་བདེ་སྐྱིད་སྒྲོལ་དཀར་བཅས།

སྡོམ་པ་ཚེ་རིང་ཆོས་སྒྲོན་རང་འཇགས་ཐོག གསར་པ་སྒ་གྲའུ་རིན་ཆེན་ཚེ་ རིང་དང༌། ཝཱ་ཎ་རྒན་ཐུབ་བསྟན་འབྱུང་གནས་བཅས།

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༨༤ གསལ།

286


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དབུས་གཙང་སྤྱི་འཐུས་རྙིང་པ་ལྷ་ས་བློ་བཟང་དར་རྒྱས་དང༌། འབྲི་གུང་དགེ་

བསྙེན་ཆོས་སྒྲོན་རང་འཇགས་ཐོག གསར་པ་རྒྱལ་རྩེ་རྡོ་རྗེ་དགྲ་འདུལ་དང༌།

རྟ་ནག་ཀུན་བཟང་དཔལ་འབྱོ ར ་བཅས་ལ་ཐུགས་གཏན་འཁེ ལ ་བའི ་ གསར་

གནས་སུ།”(1)ཞེས་གསལ་འདུག

གོང་གསལ་སྤྱི་འཐུས་རྣམས་ལས་འཁུར་དམ་བཅའ་ཕུལ་བའི་རྗེས་

དང༌།

ཚོགས་གཙོ་གཞོན་པར་དབུས་གཙང་སྤྱི་འཐུས་བློ་བཟང་དར་རྒྱས་

སྒྲིག་གཞི་དགོངས་དོན་ཚོགས་གཙོ་བགྲེས་གཞོན་གཉིས་ཀྱི་འོས་བསྡུ་གནང་

ཞིང༌། ཚོགས་གཙོ་བགྲེས་པར་མདོ་སྨད་སྤྱི་འཐུས་འཇིགས་མེད་ལྷུན་གྲུབ་

གཉིས་ལ་བདམས་ཐོན་བྱུང་བ་ལྟར་འཆར་ཕུལ་ཞུས།

དུས་དེ་ནས་སྐབས་

དྲུག་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ ལས་འཁུར་ལ་དངོ ས ་སུ་ཞུགས་པའི ་

གསལ་བསྒྲགས་གནང༌།(2)

སྐབས་དེར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

མཆོག་ཐུགས་དམ་བཅད་རྒྱར་བཞུགས་ཡོད་སྟབས། ལས་འཁུར་དམ་འབུལ་ ཕྱི་ལོ་ ༡༩༧༦ ཟླ་ ༧ ཚེས་ ༩ ཉིན་ལས་འཁུར་དམ་འབུལ་ཞུས།

(3)

ཕྱི་ལོ་ ༡༩༧༧ ཟླ་ ༡ ཚེས་ ༢༢ ཉིན་འབྱུང་འགྱུར་ལོ་འཁོར་ལས་

བསྡོམས་ཐེངས་བརྒྱད་པའི་ཚོགས་ཆེན་གྱི་གྲོས་གཞི་འཇོག་ཕྱོགས་ཀྱི་མོལ་ བསྡུར་ཞིབ་གནང་གིས་རྒྱུན་ལས་ཀྱི་གྲོས་ཆོད་འདི་ལྟར།

༡༽ གྲོས་གཞི་དོན་ཚན་ཁག ༤ ལ་ཐག་གཅོད་གཏན་འབེབས་མཛད།

༢༽ ལས་བསྡོམས་ཚོགས་བཅར་ཁོངས་སུ་འདི་ལོ་ནས་གདན་ས་གསུམ་གྱི་

མཁན་འཐུས་གསུམ་དང༌། རྙིང་མའི་མཁན་འཐུས་གསུམ། ས་སྐྱའི་མཁན་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༦།༥།༢༡ ཤོག་གྲངས་ ༣ པར་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༦།༦།༤ ཤོག་གྲངས་ ༨ པར་གསལ།

3 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༦།༨།༦ ཤོག་གྲངས་ ༨ པར་གསལ། 287


འཐུས་གསུམ།

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཀའ་བརྒྱུད་ཀྱི་མཁན་འཐུས་གསུམ་བཅས་བཅར་འཐུས་

ཐུགས་གཏན་འཁེལ་ཏེ་བརྡ་ཐོ་ཆོས་ལུགས་ཁག་གི་དབུ་འཛིན་བརྒྱུད་གནས་ ཚུལ་དང་སྦྲགས་གཏོང་རྒྱུ་གནང༌།

༣༽ བོན་པོའི་ཚོགས་འཐུས་སྐོར་རྗེས་སུ་བཀའ་བསྡུར་གནང་རྒྱུ་གནང༌།

༤༽ ལས་བསྡོམས་ཚོགས་བཅར་ཁོངས་སུ་ཌས་ཌུན་ཧ་ཕ་སྤུར་འགོ་འཛིན་

གཅིག་དང༌། བལ་ཡུལ་མཆོད་རྟེན་བཟོ་གྲྭའི་འགོ་འཛིན་གཅིག རྟ་དབང་ནས་ མི་འཐུས་གཅིག སྤོན་ཌ་ཅ་རིའི་ས་གནས་རང་དབང་ཚོགས་ཆུང་གི་མིང་ཐོག་

ནས་མི་འཐུས་གཅིག་བཅས་འཕར་སྣོན་གནང་རྒྱུར་ཐུགས་གཏན་འཁེལ། ༥༽

ཚོགས་ཆེན་ཐོག་སློབ་སྦྱོང་འབོད་བསྐུལ་གནང་ཕྱོགས་ཐུགས་སྣང་

གཟབ་བསྐྱེད་ནང་འགོད་རྒྱུ་དང༌།

ཚོགས་གཙོ་ནས་གསུང་བཤད་སྐབས་

བསྟུན་ཚོགས་མི་ཚོར་འབོད་བསྐུལ་གནང་རྒྱུ་གནང༌།

༦༽ རྡོར་གླིང་དང༌། སྒང་ཏོག་གཉིས་སུ་གནས་འཁོད་བོད་ནས་བཙན་བྱོལ་

བ་རྣམ་རྒྱལ་དབང་ཕྱུག་ཅན་ཕོ་མོ་གཉིས་ལས་བསྡོམས་ཚོགས་ཆེན་སྐབས་

འབོད་བཀུག་གནང་རྒྱུར་འབྲེལ་ཡོད་བདེ་སྲུང་དང་དྲིལ་བསྒྲགས་གཉིས་ནས་

ཐུགས་འགན་བཞེས་རྒྱུ་གནང༌།

༨༽ ཚོགས་འདུའི་རིང་ཚོགས་དྲུང་གི་ལས་རོགས་སུ་དྲུང་གཞོན་ཟླ་བ་དང༌།

ལས་བྱར་རྒན་དྲུང་བསམ་མཁར་བསྟན་པ། རྒན་དྲུང་བསོད་ནམས་ཚེ་རིང་

བཅས་ལ་ཐུགས་གཏན་འཁེལ།(1)

ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༡༡ ཉིན་གྱི་རྒྱུན་ལས་ཚིག་ཐོ་ཇི་བཞིན་

བཀོད་པ་འདི་ལྟར། ཚོགས་གཙོ་སྐུ་བགྲེས་མཆོག་ནས། ཚོགས་འདུ་དབུ་ འཛུགས་གནང་སྟེ། ཁ་ས་བཀའ་ཤག་ནས་ཚོགས་གཙོ་ཟུང་ལ་བཀའ་གནང་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༨༤ གསལ།

288


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དོན་དུ། ྋགོང་ས་མཆོག་གི་བཀའི་ཕེབས་སྒོར། ྋགོང་ས་ཆེན་པོའི་དབུ་

འཁྲིད་འོག་དང༌། བཀའ་ཤག་གི་སྟེང་དུ་མིང་གནས་ཇི་ལྟར་བཏགས་མིན་ལ་ མ་ལྟོས་པར། དོན་དུ་ལས་འགན་ལེན་མི་ཞིག་བྱུང་ན་ཡག་པོ་མིན་ནམ་སྙམ་

གཤིས། དེ་དག་དགོས་དང་དགོས་མིན། དེ་ཡང་བསམ་ཕུགས་སུ་རྒྱལ་ལོ་

དོན་གྲུབ་ལྟ་བུ་དམིགས་ཡུལ་དུ་བཞག་སྟེ་བརྗོད་པ་མིན་ནམ་སྙམ་པའི་དྭོགས་ པ་རྣམ་རྟོག་ཡོང་སྲིད་པར་བརྟེན་དེ་རིགས་མིན་གཤིས་གནས་ཚུལ་གསལ་

བརྗོད་ཀྱི་གོ་བསྡུར་བྱ་དགོས་དང༌། དེ་བཞིན་ད་ཕན་བཀའ་བློན་ཚོ་ཡང་སྤྱི་

འཐུས་ཀྱི་ཁོངས་དང༌། གཞན་དག་འོས་འགབ་སུ་ཡོད་ལ་བསྐོ་གཞག་བྱས་པ་

དེ ་ ཡང་ཕྱོ ག ས་གཅི ག ་ནས་གཏན་འཇགས་ལྟ་བུ་ཆགས་ཀྱི ་ ཡོ ད ་པ་མ་ཟད། བར་ལམ་བསམ་འཆར་ཡང་ཡོང་བཞིན་པར་བརྟེན་ད་ཆ་འབྱུང་འགྱུར་བཀའ་ བློན་ཚོ་ཡོང་ཁུངས་བོད་མི་མང་སྤྱི་འཐུས་ཁོངས་ནས་ཡོང་དགོས་པའམ། དེ་

མིན་གང་འགབ་དེ་ཡང་ལོ་དུས་ཀྱི་འཕོ་འགྱུར་བྱེད་རྒྱུ་ཡོད་པ་ཞིག་བཟོས་ན་ འགབ་མིན་བཅས་གོ་བསྡུར་དགོས་རྒྱུ་ཞེས་བཀའ་ཕེབས་ལྟར་དོན་ཚན་དང་ པོའི་སྐོར་ཇི་དགེའི་བཀའ་བསྡུར་དགོངས་འཆར་གནང་དགོས་གསུང༌།

བཀའ་ཤག་ནས་བཀའ་སློབ་ཕེབས་དགོངས་གསལ་བཤད་གནང༌།

དོ ན ་ཚན་གཉི ས ་ཀྱི ་ སྐོར་བཀའ་བསྡུར་ཞི བ ་གནང་རྗེ ས ་གྲོས་ཆོ ད ་འདི ་ ལྟར་

བཞག་འདུག རྩ་དོན་གཉིས་ཀྱི་སྐོར་རྗེས་སུ་བཀའ་བསྡུར་གནང་རྒྱུར་བཞག་ པའི་གྲོས་ཆོད་དུ། (1) ཞེས་པ་དང་ཡང་ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༡༥ ཉིན་

དེའི་ཐོག་གྲོས་བསྡུར་ཞིབ་རྒྱས་གནང་རྗེས་གྲོས་ཆོད་འདི་ལྟར་བཞག་འདུག

རྩ་དོན་གཉིས་ཀྱི་སྐོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་

ཐུགས་བཞེད་ཟབ་མོའི་དགོངས་དོན་ལྟར་བསམ་གྲོས་ཞིབ་བསྡུར་ཞུས་སྙིང༌། 1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༧།༥༠ ནང་གསལ། 289


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ད་ལམ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ལ་གསལ་བསྒྲགས་དང་འབྲེལ་

ཐག་གཅོད་གནང་རྒྱུ་བཅས་ལ་མོས་མཐུན་བྱུང་བའི་གྲོས་ཆོད་དུ།(1)

ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༡༢ ནས་ཚེས་ ༢༡ བར་ལོ་འཁོར་ལས་

བསྡོམས་ཚོགས་ཆེན་ཐེངས་བརྒྱད་པ་འཚོགས་ཤིང་གྲོས་གཞི་གྲོས་ཆོད་དོན་

ཚན་བཞི་ནང་གསེས་དང་ཟུར་རྒྱན་གྲོས་ཆོད།

དམིགས་བསལ་གྲོས་ཆོད་

བཅས་པ་བཞག ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་

དམིགས་བསལ་གྲོས་ཆོད་བཞག་པ་འདི་ལྟར།

དམིགས་བསལ་གྲོས་ཆོད།

“བོད་རྒྱལ་ལོ་ ༢༡༠༤ ཕྱི་ལོ་ ༡༩༧༧ བོད་གཞུང་ལོ་འཁོར་ལས་

བསྡོམས་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་བཀའ་ཤག་ནས་ྋསྙན་གསེང་

གནང་དོན་དུ། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གཞིས་

བྱེས་བོད་མིའི་རེ་དོན་སྙིང་པོ་རང་དབང་རྩོད་ལེན་གྱི་མཚོན་བསྟན་སྲིད་བདེ་

དོན་ཐོག་ཐུགས་འཁུར་བསྐྱེད་བཞེས་བཀའ་དྲིན་བསྐྱངས་མུས་དང༌། དེ་འོ ག་ བཀའ་ཤག་ནས་འཁུར་འགན་ལེན་མུས་དེ་ལྟར་ཡང༌། ྋསྐྱབས་མགོན་ཆེན་པོའི་དབུ་ཁྲིད་འོག་དང༌།

ད་ཆ་ྋགོང་ས་

བཀའ་ཤག་གི་སྟེང་དུ་མིང་

གནས་ཇི་ལྟར་བཏགས་མིན་ལ་མ་ལྟོས་པར། དོན་དུ་ལས་འགན་ལེན་མི་ཞིག་

བྱུང་ན་ཡག་པོ་མིན་ནམ་སྙམ་གཤིས་དེ་དག་དགོས་དང་དགོས་མིན། དེ་ཡང་ བསམ་ཕུག་ཏུ་རྒྱལ་ལོ་དོན་འགྲུབ་ལྟ་བུ་དམིགས་ཡུལ་དུ་བཞག་སྟེ་བརྗོད་པ་

མི ན ་ནམ་སྙམ་པའི ་ དོ ག ས་པ་རྣམ་རྟོག་ཡོ ང ་སྲི ད ་པར་བརྟེན་དེ ་ རི ག ས་མི ན ་

གཤིས་གནས་ཚུལ་གསལ་བརྗོད་ཀྱི་གོ་བསྡུར་བྱ་དགོས་ཞེས་དང༌། དེ་བཞིན་ ད་ཕན་བཀའ་བློན་ཚོ་ཡང་སྤྱི་འཐུས་ཀྱི་ཁོངས་དང༌། གཞན་དག་འོ ས་འགབ་ 1ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ༧།༥༠ ནང་གསལ། 290


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སུ་ཡོད་ལ་བསྐོ་གཞག་སྩལ་བཞིན་པ་དེ་ལྟར་ཡང༌།

ཕྱོགས་གཅིག་གཏན་

འཇགས་ལྟ་བུ་ཆགས་ཀྱི་ཡོད་པ་མ་ཟད། བར་ལམ་བསམ་འཆར་ཡང་ཡོང་

བཞིན་པར་བརྟེན་ད་ཆ་འབྱུང་འགྱུར་བཀའ་བློན་ཚོ་ཡོང་ཁུངས་བོད་མི་མང་ སྤྱི་འཐུས་ཁོངས་ནས་ཡོང་དགོས་པའམ། དེ་མིན་གང་འགབ། དེ་ཡང་ལོ་དུས་

ཀྱི ་ འཕོ ་ འགྱུར་བྱེ ད ་རྒྱུ་ཡོ ད ་པ་ཞི ག ་བཟོ ས ་ན་འགབ་མི ན ་བཅས་གོ ་ བསྡུར་

དགོས་རྒྱུ་ཞེས་སྔོན་དུ་བཀའ་ཤག་དང༌། དེ་རྗེས་བཀའ་ཚོགས་ཐུན་མོང་ཐོག་

བཀའ་སྤྱི ་ ཕེ བ ས་བྱུང་བ་འདི ་ སྐོར་རྒྱུན་ལས་ཚོ ག ས་འདུར་ཡང་ྋསྙན་སེ ང ་

བཀའ་བསྡུར་བྱུང་སོང་རུང༌། རྩ་དོན་གལ་འགངས་ཧ་ཅང་ཆེ་བར་བརྟེན་ད་

ལམ་ཚོ ག ས་འདུ་བ་ཚང་མས་ངེ ས ་པར་དགོ ང ས་བཞེ ས ་བཀའ་བསྡུར་ཟབ་

ནན་གནང་དགོས་ཞེས་ཕེབས་པ་མ་ཟད། ཚོགས་གཙོ་རྣམ་གཉིས་ནས་ཀྱང་ འདི་སྐོར་བཀའ་ཚོ ག ས་ལྷན་རྒྱས་དང་དེ་ རྗེ ས ་རྒྱུན་ལས་ཚོགས་འདུ་བཅས་

པར་བཀའ་བསྡུར་སྔ་རྗེ ས ་གནང་བའི ་ གནས་ལུགས་རྣམས་གསལ་བཤད་

གནང་སོང་བར་གུས་འབངས་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་

མི་མང་སྤྱི་འཐུས་རྣམས་དང༌། ད་ལམ་ཚོགས་བཅར་ཆོས་ལུགས་ཁག་གི་སྐུ་

ཚབ། མཁན་འཐུས། བོད་མིའི་སྡོད་སྒར་ཁག་གི་མི་འཐུས། གཞུང་ཞབས་ཆེ་

ཕྲ་བཅས་ནས་སོ་སོའི་བསམ་འཆར་གང་ཡོད་མཛེས་ཟོལ་མེད་པ་ཞུས་པའི་

རྡོ་དོན་སྙིང་པོ། ྋགོང་ས་ྋསྐྱབས་མགོན་ཆེན་པོའི་འོག་དང༌། བཀའ་ཤག་ དབར་མི་གཅིག་དགོས་ལུགས་ཕེབས་པ་འདི་ཐད།

བོད་གངས་ཅན་ལྗོངས་འདི་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་

གདུལ་བྱའི་ཞིང་ཁམས་སུ་མདོ་རྒྱུད་མང་པོ་ནས་ལུང་གིས་ཟིན་པ་ལྟར་སྐུའི་

རྣམ་རོ ལ ་རྒྱལ་དབང་སྐུ་ཕྲེ ང ་རི མ ་པ་ནས་བཟུང་དུས་ད་ལྟའི ་ བར་ཚད་མེ ད ་

པའི ་ ཐུགས་རྗེ འི ་ འཇུག་པས་བཀའ་དྲིན་བསྐྱངས་དང་སྐྱོང་བཞི ན ་པའི ་ ཐོ ག

ལྷག་པར་བདག་ཅག་གཞིས་བྱེས་བོད་མིའི་སྐྱིད་སྡུག་ཉམ་ང་གཉན་འཕྲང་ཡ་ 291


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ང་བ་འདི་ལྟའི་སྐབས་སུའང་མགོན་པོ་གང་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ ནས་འཛམ་གླིང་ནང་བཙན་བྱོལ་བ་ཇི་སྙེད་མཆིས་པའི་ནང་ནས་གཞན་དང་

མི་འདྲ་བའི་གནས་སྟངས་འདི་ལྟ་བུ་བྱུང་ཐུབ་པ་དང༌། དེ་བཞིན་བོད་བསྟན་

སྲིད་རང་དབང་བཅས་པའི་སྲོག་ཐག་མ་ཆད་པར་རྩོད་ལེན་བདེན་བདར་བྱེད་

རྒྱུའི་བློ་གདེང་འཆའ་ཡུལ་གང་ཅི་མགོན་པོ་མཆོག་ཉིད་ཀྱི་ཐུགས་བསྐྱེད་ཟབ་ མོའི་བྱིན་མཐུ་ཉག་ཅིག་ལ་རག་ལས་པ་ཞིག་ཡིན་ན། ལས་སྨོན་རྟེན་འབྲེལ་ གྱི་གནད་དང༌། གཞིས་བྱེས་བོད་མིའི་བློ་གཏད་ཡིད་ཆེས་ཞུ་སྟངས། ཕྱི་རྒྱལ་

མི ་ རི ག ས་མང་པོ ས ་མཐོ ང ་དང་ཆ་འཇོ ག ་ཞུ་སྟངས་སོ ག ས་སྒོ ་ གང་ས་ནས་

བསམ་ཞི བ ་ཇི ་ ལྟར་ཞུས་ཀྱང་དེ ་ ལྟའི ་ དགོ ང ས་བཞེ ས ་མཛད་རྒྱུར་དགོ ས ་པ་

དགེ་མཚན་ལྟ་ཅི། སྐྱོན་ཆའི་ཕྱོགས་ནས་སྤྱིའི་ཆིག་སྒྲིལ་ལ་གནོད་སྐྱོན་དང༌། རྒྱ་དམར་ནས་གོ་སྐབས་བཟུང་སྟེ་འགྲེལ་བཤད་ལྡོག་ཕྱོགས་བྱ་རྒྱུར་ཐེ་ཚོམ་ མེ ད ་པས་གཞི ས ་ལུས་རྒྱ་ཆེ འི ་ མི ་ མང་རྣམས་ཀྱང་བློ་ཕམ་ཡི ད ་ཆད་ཀྱི ་

སེ མ ས་ཤུགས་ཆག་གཞི ་ བཅས་ལ་བརྟེན་བདག་ཅག་གཞི ས ་བྱེ ས ་བོ ད ་མི ་

ཉམ་ཐག་འདི ་ རྣམས་ལ་མགོ ན ་པོ ་ མཆོ ག ་ཉི ད ་ལས་གཞན་དུ་རེ ་ བའི ་ མི ག ་ འབུར་ལྟ་ཡུལ་རྩ་བ་ནས་མེད་གཤིས། དེ་ལྟར་མ་དགོས་པའི་གསོལ་བ་ཕུར་

ཚུགས་སུ་འདེབས་རྒྱུ་ལགས་ན་དགོངས་བཞེས་སྐྱབས་འཇུག་ཐུགས་རྗེ་ཆེ་ བ་ཞུ་རྒྱུ།

དེ ་ བཞི ན ་བཀའ་བློན་རྣམ་པ་བསྐོ་གཞག་མཛད་ཕྱོ ག ས་རྩ་ཁྲི མ ས་

རི ན ་པོ ་ ཆེ འི ་ དགོ ང ས་དོ ན ་དུའང་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་

ནས་ཐད་བསྐོ་མཛད་རྒྱུ་ཞལ་གསལ་འཁོད་པ་མ་ཟད། ད་བར་བོད་མི་མང་སྤྱི་ འཐུས་དང༌། ལས་བྱེད་སོགས་དོན་དུ་འོས་བབས་སུ་མཆིས་ལ་བསྐོ་གཞག་

གནང་མུས་ལྟར་བབས་ལྷིང་ཁྱབ་ཆེ་ཞིག་ཡོད་པ་འདི་རང་ལས། ཡོང་ཁུངས་ ཕྱོགས་གཅིག་རང་ནས་བཟོས་ཚེ་གུ་དོག 292

ཆུང་སྐྱོན་དགེ་མཚན་མ་མངོན་


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

གཤིས་ཡོང་ཁུངས་དང༌། བསྐོ་གཞག་གང་ཅི་ད་ལྟའི་དུས་སྐབས་འདིར་འགྱུར་

བ་གཏོང་རྒྱུ་འོས་འཚམས་མ་མཐོང་བས་སྔར་གནས་ཡོད་པ་ཞུ་རྒྱུ།

ལོ་དུས་ཐད་ཤེས་ཡོན་འབྱོན་ཐང་བྱས་འབྲས་གང་ཐད་ནས་གཞུང་

མང་སྤྱི ་ དོ ན ་ལ་སྨན་རླབས་ཆེ ་ བ་ཡོ ད ་ཚེ ་ གཟུགས་བབས་ལ་གཞི ག ས་པ་

དང༌། མ་འོས་པའི་གནས་ཚུལ་བྱུང་ཚེ་ལོ་ཟླ་རེ་ཟུང་ནས་ལས་འཁུར་མཚམས་ འཇོག་གནང་འོས་སོགས་ྋགོང་ས་དོན་གྱི་བདག་པོ་ཆེན་པོའི་སྐུ་དབང་ཐག་

གཅོད་ཇི་མཛད་ལས་མ་འདས་གཤིས། ལོ་དུས་དགོས་དང་དགོས་མིན་ཡེ་ ཤེ ས ་དབྱི ང ས་དཔྱད་ཐུགས་རྗེ ་ ཆེ ་ བ་ཞུ་རྒྱུ་བཅས་ལ་གུས་འབངས་ཚོ ག ས་ འདུ་བ་ཚང་མ་སྤྱི་མོས་གྲོས་འཆམས་བྱུང་སོང་ལགས་ན།

དེ་དོན་བཀའ་

བཞེས་དོན་སྨིན་སྐྱབས་འཇུག་ཐུགས་རྗེ་ཆེ་བ་ཞུ་རྒྱུའི་གྲོས་ཆོད་དུ།

གུས་

འབངས་ཚོགས་འདུ་བ་ཐུན་མོང་ནས་ ༧༧ ཟླ་ ༣ ཚེས་ ༡༩ ལ་ཕུལ།” ཞེས་ གསལ་འདུག(1)

ཕྱི་ལོ་ ༡༩༧༧ ཟླ་ ༣ ཚེས་ ༢༡ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་ནས་བོད་གཞུང་ལོ་འཁོར་ལས་བསྡོམས་ཚོགས་ཆེན་

ཐེངས་བརྒྱད་པའི་ཐོག་ྋགོང་ས་མཆོག་དང་བཀའ་ཤག་གི་དབར་མི་གཅིག་

དགོས་སྐོར་དང་བཀའ་ཤག་ལེ ག ས་བཅོས་གཏོང་ཕྱོ ག ས་སྐོར་བསམ་ གཞིགས་དགོས་པའི་བཀའ་སློབ་ཕེབས་པ་འདི་ལྟར། “ དེ་ནས་གཏམ་གསར་

པ་ལྟ་བུ་ཞིག་ལ། ད་རེས་དུས་ཚོད་ལྷོད་ལྷོད་རང་མི་འདུག་མ་གཏོགས་གོ་ བསྡུར་བྱེད་རྒྱུ་གཅིག་ལ་རྒྱལ་བ་རིན་པོ་ཆེ་དང་།

བཀའ་ཤག་དབར་མི་

གཅིག་ཟེར་བ་དེ་ཡ་མཚན་པོའི་སྐད་ཆའི་བཟོ་འདྲ་པོ་ཞིག་ཡིན་ན་ཡང་། སྐད་

ཆ་དེ་མ་བཤད་རང་བཤད་རེད། རྒྱལ་བ་རིན་པོ་ཆེར་རོགས་བྱེད་མཁན་མི་ གཅིག་དགོས་ཀྱི་ཡོད་པ་རེད་དེ། ཏཱ་ལའི་བླ་མ་གཞོན་པ་ཞེས་ལབ་ཤེས་ཀྱི་མི་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༧།༤།༡༥ ཤོག་གྲངས་ ༨།༩ པར་གསལ། 293


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདུག ཏཱ་ལའི་བླ་མ་ཟེར་བ་དེ་མི་གཅིག་གི་མིང་ཡིན་སྟབས། ཏཱ་ལའི་བླ་མ་ གཞོན་པ་ཞེས་ལབ་ན།

ཏཱ་ལའི་བླ་མ་ཟེར་བ་དེ་གོ་སའི་མིང་ཆགས་གྲབས་

བྱེད་ཀྱི་འདུག དེས་འགྲིགས་ཀྱི་མི་འདུག མི་དེས་རྒྱ་གར་གཞུང་གིས་གཙོས་

པའི་ཕྱི་མི་ཐུག་འཕྲད་བྱ་རྒྱུ་དང་། ང་མ་སླེབས་སར་གདོང་ལེན་བྱེད་མཁན་

ཡིན་པའི་སྐད་ཆ་རེད། དེར་སྲིད་བློན་ཞེས་ལབ་ན་ནི་ང་ཚོར་རྒྱ་གར་གཞུང་

ནས་ལམ་སེང་བསམ་འཆར་ཡོང་གི་རེད། བསམ་ཚུལ་དེ་ཡོང་དགོས་པའི་རྒྱུ་ མཚན་ནི། མ་གཞི་ལོ་གཅིག་སྔོན་ནས་དེ་འདྲའི་བསམ་བློ་ཕྲན་བུ་འཁོར་ཡོང་

གི་འདུག ངའི་གནས་སྟངས་དེ་ཕྱོགས་གཅིག་ནས་བླ་མ་རེད། ཆོས་པ་རེད།

ཆོས་ཀྱི་ཐོག་ནས་སོ་སོའི་མི་ཚེ་བསྐྱེལ་གྱི་ཡོད་པ་རེད། དེའི་ཐོག་ལ་༸གོང་

ས་ལྔ་པ་ནས་བཟུང་སྟེ་ད་ལྟ་བར་བོད་ཀྱི་སྲིད་ཀྱི་འགོ་འཁྲིད་ཆགས། དེང་སང་

དངོས་ཡོད་གནས་ཚུལ་ལ་བོད་རྒྱ་ཆེའི་མི་མང་ནང་ནས་ཕྲན་བུ་སྤྱི་མོས་ཆེ་ བ་དང་། ཡིད་ཆེས་ཆེ་ས་ལྟ་བུ་ངའི་ཐོག་ལ་བྱེད་ཀྱི་ཡོད་པར་བརྟེན། ངས་མ་ འབྱོན་ན་ཡང་འབྱོན་མདོག་བྱས་ཏེ་བསྡོད་ཀྱི་ཡོད་པ་རེད།

ཡིན་ན་ཡང་།

གཞི་རྩའི་གནས་ཚུལ་ལ་ངས་ཆབ་སྲིད་སློབ་སྦྱོང་བྱས་མེད་པ་དང་། གཞན་

དག་ཕར་བཞག་སྤྱི ར ་བཏང་གི ་ གནས་ཚུལ་ཡང་ཤེ ས ་ཀྱི ་ ཡོ ད ་པ་མ་རེ ད ། མདོར་ན་རྩིས་ཤིག་རྒྱག་དགོས་བྱུང་ན་ཡང་ཤེས་ཀྱི་མ་རེད། ནང་དོན་རིག་

པར་སྦྱངས་ཏེ ་དཔེ ་ཆ་ཕྲན་བུ་ཤེས ་ཀྱི་ ཡོ ད་པ་དེ་ ཡང་ཁུངས་འཁྱོལ་བ་ཞི ག་ ཡོད་པ་མ་རེད། བསོད་ནམས་ཆེན་པོ་ཡིན་པ་ཤེས་ཀྱི་འདུག ཁ་ཐབས་མེད་

པའང་ཤེས་ཀྱི་འདུག སོ་སོ་སོ་སོས་ཚོད་ཐིག་རྒྱུ་ཡིན་སྟབས་རོགས་པ་མི་ དྲག་པ་ཞིག་བྱུང་ན་ཡག་པོ་རེད་བསམ་པ་ལོ་གཅིག་ནས་དྲན་བྱུང་།

མི ་ དྲག་པ་ཞི ག ་བྱུང་རོ ག ས་བྱས་ན་ཕྱོ ག ས་གཅི ག ་ནས་ང་ལ་སྒེ ར ་

དོན་ཕྲན་བུ་ཞིག་ཀྱང་ཡོད། དེ་གང་ཡིན་ཟེར་ན། ངས་མཚམས་བསྙེན་སྒྲུབ་ལ་

སྡོད་རྒྱུ་ཞིག དཔེར་ན། ལོ་གསུམ་ཕྱོགས་གསུམ་ཟེར་བ་ལྟ་བུ། ལྷག་དོན་ 294


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སྔགས་ཉམས་ལེན་བྱེད་མཁན་གྱི་ཚེ་དང་སྒྲུབ་པ་མཉམ་པ་བྱེད་ཐུབ་པ་བྱུང་ན་ ཕུན་སུམ་ཚོགས་པ་རེད་དེ། དེ་འདྲ་མ་བྱུང་ན་ཡང་ལོ་ཁ་ཤས་ཕྱི་མཚམས་

ནང་མཚམས་བཅད་དེ་སྡོད་རྒྱུའི་ལུགས་སྲོལ་ཞིག་ཡོད་པ་རེད། སྐུ་གོང་མ་ ཡང་འཇིགས་བྱེད་བསྙེན་ཆེན་ཐོག་མར་གནང་བ་དེ་ལ་བར་ཆད་བྱུང་། ཡང་

སྐྱར་གནང་སྟེ་སྐུ་མདུན་སྐུ་སྒེར་རང་ལ་ཡང་ཕན། བོད་སྤྱི་པའི་དོན་དག་ལའང་

ཕན་པ་བྱུང་བ་རེད།

དེ་བཞིན་དུ་ང་རང་ཡང་འདས་པའི་ལོ་བཅུ་དྲུག་བཅུ་

བདུན་ཞི ག ་ཕྱི ན ་པ་དེ འི ་ ནང་སྐབས་ཤི ག ་ལ་ལོ ་ གསུམ་ཕྱོ ག ས་གསུམ་ཞི ག ་

ངས་བསྡད་ཡོད་ན་ད་གཟོད་ལོ་གསུམ་ཕྱོགས་གསུམ་དེ་ཡང་འགྲུབ། སྤྱི་པའི་ དོན་ལ་ཡང་མཐའ་གཅིག་ཏུ་འཐུས་མ་ཤོར་བ་ལྟ་བུ་བྱུང་བ་རེད་དེ། དེ་མུར་

ལུས་པ་རེད། ད་དུང་མ་འོངས་པར་ལོ་བཞི་ལྔ། ལྔ་དྲུག་གཅིག་འདི་མུར་འགོར་

བ་ཡིན་ན་བསྙེན་པ་གཏོང་རྒྱུའི་གོ་སྐབས་ཤིག་མི་ཡོང་ངམ་བསམ་པ་སེམས་ ཀྱི་ཟུར་ལ་དྲན་བྱུང་།

ང་ལ་རོགས་པ་ཞིག་བྱུང་བ་ཡིན་ན་བཀའ་ཤག་ལས་

ཕྲན་བུ་མིང་མཐོ་བ་ཞིག་བཏགས་ཏེ་ཕྱི་མི་ཐུག་འཕྲད་བྱ་རྒྱུ་དང་། ང་མ་སླེབས་

ས་དང་། ང་ལ་དུས་ཚོད་མ་བྱུང་བའི་སྐབས་སུ་ལས་ཁུར་རྐང་ལེན་བྱེད་མཁན་

ཤིག་བྱུང་ན་ང་རང་སྒེར་གྱི་ཆ་ནས་བསྙེན་པ་འདྲ་གཏོང་ཐུབ་མི་ཡོང་ངམ་སྙམ་ པའི་རེ་བ་གཅིག་ཁ་ཡོང་གི་འདུག གཙོ་ཆེ་ཤོས་ང་རང་ཚོར་རོགས་པ་མི་དྲག་

པ་ཞིག་བྱུང་ན། གང་ཅིར་གོ་གོ་བསྡུར་བསྡུར་དང་། གཡས་གཞོགས་གཡོན་

འདེགས་བྱེད་མཁན་། དཔུང་པ་གཡས་པ་ལྟ་བུ་ཞིག་བྱུང་ན་ཡག་པོ་རེད། མི་ གཅི ག ་གི ས ་ག་ཚོ ད ་ཐུབ་ཐུབ་བྱེ ད ་ཁུལ་ཡང་རོ ག ས་པ་ཞི ག ་བྱུང་བ་ཡི ན ་ན་

ཕན་ཐོགས་མི་ཡོང་ངམ་སྙམ་པ་མ་ལན་མ་འགྱོད་པའི་བསམ་ཚུལ་འདི་ཡིན།

ཡང་ད་ལྟ་བཀའ་ཤག་ནང་ངོ་ཡོད་ལས་ཀ་བྱེད་མཁན་ཚོ་དང་། དེ་མཚུངས་

ལས་ཀ་བྱེད་མཁན་གཞན་དག་ཚོས་ཁུར་མ་བླངས་པ་དང་། དེ་དག་གིས་མ་

འགྲིགས་པའི་རྒྱུ་རྐྱེན་གྱི་ཐོག་ནས་ངས་མི་གསར་པ་ཞིག་དགོས་ཀྱི་ཡོད་ལབ་ 295


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པ་རྩ་བ་ཉིད་ནས་མིན། ཡང་ངས་བྱེད་འདོད་མེད་པ་དང་། ཕྱིར་འཐེན་རྒྱག་

རྒྱུའི་བསམ་བློ་བཏང་ནས་མི་འཛུགས་དགོས་ཀྱི་འདུག་ལབ་པའང་རྩ་བ་ཉིད་

ནས་མིན། ངའི་ནུས་པ་ད་ལྟ་ནང་བཞིན་ཆ་ཚང་འདོན་གྱི་རེད། བཀའ་ཤག་

ནང་ད་ལྟ་ལས་ཀ་བྱེད་མཁན་ཚོས་ཡིན་ཀྱང་ད་ལྟ་ནང་བཞིན་ཧུར་ཐག་ཡོད་

མུས་ཐོག་ལ་ད་དུང་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་མི་གཅིག་བྱུང་ན་ཡག་ པོ་མི་ཡོང་ངམ་སྙམ་པ་ངའི་བསལ་ཚུལ་དེ་རེད།

ཡང་ཕྱོ ག ས་གཞན་ནས་ང་ཚོ འི ་ (དམངས)མང་གཙོ ་ འདི ་ ཁ་ཡོ ད ་

ལག་ཡོད་ཁ་ཞེ་གཉིས་མེད་ཀྱི་(དམངས)མང་གཙོ་ཡིན་མ་གཏོགས་ཁ་ནས་ (དམངས)མང་གཙོ། དོན་ལ་མི་གཅིག་དབང་འཛིན་བྱེད་པ་དང་། དབང་ཆ་

བློས་མ་ཐོངས་པ་ལྟ་བུ་རྩ་བ་ཉིད་ནས་མིན། དགའ་བཞིན་སྤྲོ་བཞིན་དུ་འཇོག་

རྒྱུ་མ་གཏོགས་གང་ཡང་མེད། ཡིན་ན་ཡང་རྩ་བ་ཡོང་སྟངས་དེ་རྒྱལ་བ་རིན་ པོ་ཆེ་ཞེས་ཧ་ལམ་མི་ཚེ་གཅིག་རིང་འགོ་འཁྲིད་བྱེད་མཁན་ལྟ་བུ་ཞིག་ཆགས་

ཡོང་གི་ཡོད་པ་དང་། དེ་འོག་རྐང་ལེན་བྱེད་མཁན་བཀའ་བློན་དེ་ཚོ་༸རྒྱལ་བ་

རིན་པོ་ཆེས་ཐད་ཀར་བསྐོས་ཡོང་གི་ཡོད་པ་རེད། བཙན་བྱོལ་གཞུང་གི་རྩ་བ་ ཐུག་ས་རྒྱལ་བ་རིན་པོ་ཆེ་དང་། དེ་ནས་དབང་བསྒྱུར་མཁན་ནམ། དབང་ཆ་

བེད་སྤྱོད་བྱེད་མཁན་སྒྲིག་འཛུགས་གཙོ་བོ་དེ་བཀའ་ཤག་རེད། བཀའ་བློན་

ཚོ་རྒྱལ་བ་རིན་པོ་ཆེས་ཐད་ཀར་བསྐོས་པ་ལས་མི་མང་གིས་འོས་བསྡུ་བྱས་

པ་མིན་སྟབས་། སྤྱི་འཐུས་དེ་དག་མི་མང་གི་འོས་བསྡུ་བྱས་པ་ཡིན་ན་ཡང་།

དེ་ལག་པ་འཕྱིས་འཕྱིས་ལྟ་བུར་མཐོང་སྲིད་ཀྱི་རེད། ཡང་ང་ཚོས་མིའི་མཐོང་ སྣང་ཁོ ་ ནར་བསྟུན་ནས་ང་རང་ཚོ འི ་ དངོ ས ་ཡོ ད ་གནས་ཚུལ་ལ་རན་དང་མ་

རན་མ་བལྟས་པར་སྡིག་པ་མིག་བཙུམས་བྱས་ནའང་དགོས་པ་མེད་པ་ལྟར།

ད་ལྟ་བར་དུ་དེ་འདྲ་བྱས་ཡོད་པ་མ་རེད། ཡིན་ནའང་ད་ཆ་གཅིག་གོ་གཉིས་

ཆོད་ཀྱི་ཐོག་ནས་འདྲ་ཆགས་པོ་ཞིག་ཆགས་ན་ཡག་པོ་རེད་བསམ་པ་དྲན་གྱི་ 296


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འདུག གལ་སྲིད་ངའི་རོགས་པ་མི་གཅིག་བསྐོ་རྒྱུ་བྱས་པ་ཡིན་ན། ༸རྒྱལ་བ་ རིན་པོ་ཆེ་གཉིས་པ་ཐོན་ཏེ་རྐང་འགན་ཁུར་མཁན་དེ་གཅིག་བྱས་ན་འོས་བསྡུ་

མང་ཉུང་གི་ཐོག་ནས་ཡོང་མཁན་ཞིག་བྱུང་བ་ཡིན་ན་འདྲ་ཆགས་པོ་ཞིག་མི་

ཡོང་ངམ་སྙམ་པ་དེ་འདྲའི་བསམ་བློ་འཁོར་བྱུང་། ཡང་འོས་བསྡུ་བྱེད་པ་ལའང་ བྱེད་སྟངས་གང་འདྲ་བྱེད་དགོས་ཀྱི་འདུག་ཐབས་ཤེས་འདྲ་མི་འདྲ་བྱ་རྒྱུ་ཡོང་

གི་རེད། རྩ་བའི་མི་དེ་འདྲ་ཞིག་བྱུང་ན་ཡག་པོ་མི་ཡོང་ངམ་སྙམ་པའི་བསམ་ ཚུལ་འདི་བྱུང་བ་རེད།

དེ་ནས་བཀའ་ཤག་གི་སྒྲིག་འཛུགས་ད་ལྟ་ཡོད་བསྡད་པ་འདི་དག་སྤྱི་

འཐུས་ཀྱི་ནང་དང་། དེ་བཞིན་གཡས་གཡོན་ཕྱོགས་གཞན་དག་ནང་། ལས་ བྱེད་པའི་ནང་གང་སར་ཞིབ་འཇུག་བྱས།

ཕྱོགས་གཅིག་ནས་མངོན་ཤེས་

མེད་པ་དང་། ཕྱོགས་གཅིག་ནས་མི་ངོ་རེ་མི་རེའི་ལོ་རྒྱུས་མིག་ཁ་ཕྱེ་བ་ནང་ བཞིན་དེབ་བཀོད་མེད་སྟབས་ཤེས་ཀྱི་ཡང་མི་འདུག

ལུས་པ་དེ་འདྲ་ཡོང་

མདོག་ཁ་པོ་རེད། དེ་མིན་ང་ཚོས་ཤེས་ཚོད་རིག་ཚོད་ཀྱི་ནང་ནས་ཕྲན་བུ་སྤྱི་ མོས་ཡོད་པ། ཕྲན་བུ་ལས་ཀ་བྱེད་ཐུབ་པ། ལྷག་བསམ་བརྟན་པོ་ཡོད་མཁན།

འདི ་ ཡག་པོ ་ མི ་ ཡོ ང ་ངམ་སྙམ་པ་དེ ་ ཚོ འི ་ གྲས་ལ་བརྟག་དཔྱད་འདྲ་བྱས། གནས་ཚུལ་འདྲ་ཉན། དངོས་སུ་མཐོང་བའི་གནས་ཚུལ་ལ་བལྟས། ཡང་དངོས་

སུ་མ་མཐོང་བའི་ལས་དང་སྐལ་བ་ཡོད་མེད་མོ་འདྲ་རྒྱབ། དེ་འདྲའི་ཐོག་ནས་ ད་ལྟ་བར་དུ་གཏན་འཁེལ་བྱེད་སྟངས་དེ་འདྲ་རེད། ཡིན་ན་ཡང་། ད་དུང་དེ་

ལས་ཡག་ཏུ་གཏོང་བའི་ཐབས་ཤེས་དང་། དེ་ལས་ཚགས་ཚུད་དུ་གཏོང་རྒྱུའི་ ཐབས་ཤེས་གང་བྱེད་རྒྱུ་འདུག་གམ། ང་ཚོས་འཆར་ཅན་ལ་ཆོག་ཤེས་དང་།

འགྲིགས་རུང་མ་འགྲིགས་རུང་དེ་ལ་ཐོད་པ་གཏུགས་ནས་མ་བསྡད་པར་གང་

ཅིར་བསྒྱུར་བཅོས་གཏོང་ཆོག་པ་དང་། གཏོང་འོས་པ་རེད། བཀའ་བློན་བསྐོ་ གཞག་བྱེད་ཕྱོགས་གསར་པ་འདྲ་ཡང་མི་འདུག་གམ། 297

ཡང་བཀའ་བློན་གྱི་


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དུས་ཡུན་ལའང་ཐབས་ཤེས་གསར་པ་འདྲ་བྱེད་རྒྱུ་མི་འདུག་གམ་ཞེས་ཟེར་

རྒྱུ་བྱུང་། ད་གིན་ལབ་པ་བཞིན་གཞི་རྩ་ནི་ཚགས་སུ་ཚུད་པ་དང་གྲ་འགྲིགས་ པ། མ་ལན་མ་འགྱོད་པ་བྱུང་ན་བསམ་སྟེ་བར་ལམ་ཞིག་ནས་བཀའ་ཤག་ལ་ང་

བསམ་བློ་དེ་འདྲ་འཁོར་ཡོང་གི་འདུག་མཐའ་གཅིག་ཏུ་ངས་མིའི་དམིགས་སྒོ་

བྱས་ཏེ་བཤད་པ་མིན། ཡང་ཁ་ཤས་ཀྱི་དོགས་པ་རྣམ་རྟོག་ལ་ནང་དོན་རྒྱལ་

ལོ་དོན་གྲུབ་རྒྱལ་བ་རིན་པོའི་རོགས་པ་ལ་བསྐོ་རྒྱུའི་བསམ་བློ་མིན་ནམ་སྙམ་

པ་དྲན་སྲིད་ཀྱང་། ང་ལ་མི་འདི་འདྲ་ཞིག་ངའི་རོགས་པར་འཇོག་འདོད་འདུག་

བསམ་པ་ནི་སུ་གཅིག་མེད། སྤྱིར་བཏང་བསམ་བློའི་ནང་བླ་མའི་ནང་ལ་དྲག་ པ་སུ་ཡོད་དམ་སྙམ་ནས་བསམ་བློ་གཏོང་གི་ཡོད། དེ་བཞིན་སྤྱིར་བཏང་སྤྱི་

ཚོགས་ཀྱི་ནང་ལ་ཡང་མི་སུ་ཡོད་དམ་སྙམ་ནས་ཞུ་དག་འདྲ་གཏོང་གི་ཡོད་མ་

གཏོགས།

མཐའ་གཅིག་ཏུ་མི་འདི་འདྲ་ཞིག་འོ ས་བབས་འདུག་བསམ་པའི་

དམིགས་སྒོ་སུ་ཡང་མེད། གནས་ཚུལ་དེ་འདྲ་ཡིན། གང་ལྟར་དེ་སྐོར་བཀའ་

ཤག་ལ་སྔ་ཕྱི་གཉིས་གསུམ་ཞིག་སྐད་ཆ་བཤད་རྒྱུ་བྱུང་། བཀའ་བློན་ཚོའི་ བསམ་ཚུལ་ལ་ད་ལྟ་རྒྱལ་བ་རིན་པོ་ཆེས་རྐང་འགན་བྱས་ཏེ་སྡོད་ཀྱི་ཡོད་པ་

རེད། མི་དྲག་པ་དངོས་གནས་དྲང་གནས་ལས་འགན་ཚགས་སུ་ཚུད་པ་རེ་བ་ རྒྱབ་པ་ནང་བཞིན་སྒྲུབ་ཐུབ་མཁན་ཞིག་བྱུང་ན་ཡག་པོ་རེད་དེ།

ད་ལྟའི་

གནས་སྐབས་འདིར་རྒྱལ་བ་རིན་པོ་ཆེར་སྤྱི་མོས་ཐོག་ནས་བརྩི་བཀུར་ཞུ་བ་ འདི་ལས་ལྷག་པའི་ནུས་པ་འདོན་ཐུབ་མཁན་ཤིན་ཏུ་ཁག་པོ་རེད།

དེ་འདྲ་

ཡིན་སྟབས་གནས་སྐབས་གང་འདྲ་བྱས་ཡོང་ཞེས་བཀའ་བློན་ཚོའི་བསམ་བློ་

དེ་འདྲ་ཞིག་འདུག་ཡིན་ན་ཡང་བཀའ་བློན་ཚོའི་བསམ་བློར་ཆ་མ་བཞག་པར་

སྔོན་ལ་གོ་བསྡུར་ཞིག་བྱས་ན་ཡག་པོ་མེད་དམ་བརྗོད་དེ་བར་ལམ་རྒྱུན་ལས་

སུ་སྔ་རྗེས་གཉིས་ཙམ་གོ་བསྡུར་བྱས་པ་རེད། ད་རེས་ཕྱོགས་མཐའ་ནས་མི་ མང་པོ་ཞིག་འཛོམས་ཡོད་པར་བརྟེན། ད་ལྟ་བར་དུ་མང་ཆེའི་བསམ་བློའི་ནང་ 298


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

རྒྱལ་བ་རིན་པོ་ཆེའི་འོག་ལ་མི་འཛུགས་རྒྱུའི་བསམ་བློ་རྩ་བ་ནས་མེད་པ་དང་།

བཀའ་ཤག་ཅེས་ལབ་དུས་ལམ་དང་ལུགས་སྲོལ་གཏན་འཁེལ་བའི་བཟོ་འདྲ་ པོ་ཞིག་དང་། དེ་མིན་པའི་ཙག་ཙིག་གི་བསམ་བློ་འཁོར་བསྡད་པ་ལྟ་བུ་ཡོད་

པ་ཡིན་ན་དེ་སེལ་དགོས་པ་གཅིག་རེད། གང་ཡིན་ཡང་གོ་བསྡུར་བྱེད་དགོས་

པ་ཞིག་དང་། གང་ཡིན་ཡང་བསམ་བློ་གཏོང་དགོས་པ། གཏོང་ཆོག་པ་ཞིག་ ཡིན་སྟབས་དེ་འདྲའི་དགོས་པ་འདྲ་ཡོང་གི་རེད་བསམ་ནས་ད་རེས་གོ་བསྡུར་

བྱས་ན་ཞེས་ལབ་རྒྱུ་བྱུང་།

གང་ལྟར་ད་རེས་འཕྲལ་སེལ་བསམ་ཚུལ་ཡི་གེ་བཞག་སྟེ་གྲོས་ཐག་

བཅད་ཚར་བ་རེད། ཁྱད་མི་འདུག བྲེལ་བ་གང་ཡང་མི་འདུག ད་རིང་སང་ཉིན་ ལྟ་བུའི་ཛ་དྲག་གནས་ཚུལ་གང་ཡང་མིན། གང་ལྟར་བསམ་བློ་བཏང་ནས་ད་

ལྟ་སྒྲིག་འཛུགས་ཡོད་པ་འདི། འདི་ལས་ལས་དོན་ཚགས་ཚུད་པ་དང་། སྤྱིར་

བཏང་(དམངས)མང་གཙོ འི ་ ལུགས་དང་མཐུན་པ་ཡོ ང ་ཐབས་གང་ཅི ་ ནས་

ཚད་ཚད་གོ་གོ་བསྡུར་བསྡུར་བྱེད་རྒྱུ་མེད་དམ་བསམ་པའི་བསམ་བློ་འཁོར་ ནས་ལབ་པ་རེད།

མ་འོངས་པར་དུས་སང་ལོ་འཁོར་ཚོགས་འདུ་ལྟ་བུའི་

སྐབས་ཡིན་ཡང་རུང་། དེ་མིན་ལས་བྱེད་ཚོགས་འདུ་ཆེ་ཆུང་སྣ་ཚོགས་ཡོད་ པ་དེ་འདྲའི་ཐོག་ལ་ཡིན་ཡང་རུང་།

ཁྱེད་རང་ཚོ་གོ་བསྡུར་བྱེད་རྒྱུ་ཡོང་གི་

རེད། གང་དགའ་ཅི་ལེགསཀྱི་གོ་བསྡུར་བྱས་ཏེ་གང་ལྟར་རྩ་དོན་ནི་གང་ཅིའི་ ལས་དོ ན ་ཚགས་ཚུད་དང་མ་ཚུད་མི ་ དང་སྒྲི ག ་འཛུགས་ལ་རག་ལུས་པར་

བརྟེན། སྒྲིག་འཛུགས་ཀྱི་འགྲོ་སྟངས་ཐོག་ལའང་སྣོན་འཕྲི་སྤོར་གཅོག་བྱ་རྒྱུ་ག་

རེ་འདུག་གམ། ངེས་པར་དུ་གོ་བསྡུར་བྱས། བསམ་བློ་གཏོང་དགོས་པ་ཞིག་ རེད། ད་ལམ་འདིར་ཡོད་པའི་མི་ཚོས་རང་རང་སོ་སོའི་བསམ་བློའི་ནང་བརྟག་

དཔྱད་ཡག་པོ་བྱས། གང་འདྲ་དགའ་བ་འདུག་སེམས་ཁུར་བླངས་ཏེ་ལེགས་ བཅོས་གཏོང་རྒྱུ་ག་རེ་འདུག་དེ་ལས་ཡག་ཏུ་གཏོང་རྒྱུ་དང་། དེ་ལས་ཚགས་ 299


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སུ་ཚུད་པའི་ཐབས་ཤེས་གང་དང་གང་བྱ་རྒྱུ་འདུག་གམ། བསམ་བློ་ཡག་པོ་ཐོངས། ཡིན།

ཁྱེད་རང་ཚོས་

སེམས་ལ་བཞག་ན་བསམ་པའི་བསམ་ཚུལ་དེ་

བཀའ་ཤག་གོང་དུ་མི་གཉིས་པ་ཞིག་འཛུགས་དང་མི་འཛུགས། མི་

གཉིས་པ་འཛུགས་མ་དགོས་ན་ད་ལྟ་ཡོད་བཞིན་པའི་བཀའ་ཤག་ཚགས་སུ་

ཚུད་པའི་ཐབས་ཤེས་ག་རེ་བྱ་རྒྱུ་འདུག སྔོན་མ་བོད་ལ་སྤྱི་ཁྱབ་བཀའ་ཤག་

ལྷན་རྒྱས་མ་གཏོགས་མི་རེ་ངོ་རེའི་ལས་བགོས་ཡོད་པ་མ་རེད། དེས་ལས་ཀ་ ཁ་ཤས་ཀྱི་ཐོག་ལ་འཐུས་ཤོར་འགྲོ་གི་འདུག དེ་རྗེས་བཀའ་བློན་མི་རེ་ངོ་རེར་

ལས་བགོ ས ་རྒྱབ་ན་ཡག་པོ ་ འདུག་ཅེ ས ་བཀའ་བློན་རེ ་ དང་ལས་ཁུངས་རེ ་ ལས་བགོས་བྱས་པ་རེད། དེ་ལ་ཡང་དགེ་མཚན་གཅིག་ཡོང་གི་ཡོད་པ་རེད། ད་ཡང་བཀའ་ཤག་སྤྱི་པའི་ལས་དོན་ཐོག་ལ་ལྟ་རྟོག་ཤུགས་ཆེ་བ་དང་། རྒྱུན་ ཚོགས་མང་ཙམ་བྱེད་དགོས་ཟེར་བ་དང་།

བཀར་ཞིག་བྱུང་ན་ཞེས་སྐད་ཆ་ཡོང་གི་འདུག

རྒྱུན་ལས་བཀའ་བློན་དམིགས་ བར་ལམ་བཀའ་ཤག་ལྷན་

ཚོགས་མང་ཙམ་བྱས་ན་ཟེར་བ་སོགས་ལག་ལེན་བཀལ་དང་འགེལ་བཞིན་པ་

རེད། ད་དུང་དེ་དང་དེས་མཚོན་པས་གང་ལྟར་ཡང་སྙིང་བཀའ་ཤག་གི་ནུས་ པ་འདི་ལས་ཐོན་ཤུགས་ཆེ་ཙམ་ཡོང་བ་དང་།

དེ་ལས་ཚགས་ཚུད་པ་ཡོང་

བའི་ཐབས་ཤེས་གང་བྱེད་རྒྱུ་འདུག བསམ་བློ་བཏང་ཆོག་པ་དང་། བསམ་བློ་

གཏོང་དགོས་པ་ཞིག་ཡིན་པས་ཁྱེད་རང་ཚོའི་སེམས་ལ་ངེས་པ་བྱེད་དགོས།

”(1) ཞེས་བཀའ་ཕེབས་འདུག

ཕྱི་ལོ་ ༡༩༧༧ ཟླ་ ༡༠ ཚེས་ ༥ ནས་བཟུང་སྤྱི་འཐུས་སྐབས་དྲུག་

1 ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་གནང་བ་ྋགོང་ས་མཆོག་ནས་སྤྱི་འཐུས་དང༌། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོའི་ཤོག་གྲངས་ ༢༢༦ བར་གྱི་ནང་གསལ།

300

༢༡༩་་་


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

པའི་ལས་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་གཡུང་དྲུང་བོན་གྱི་སྤྱི་འཐུས་

གསར་བསྐོས་དམ་འབུལ་གནང༌།(1)

བོད་རིགས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་གསུམ་པ་ཕྱི་ལོ་

༡༩༧༧ ཟླ་ ༡༠ ཚེས་ ༨ ནས་ཚེས་ ༡༣ བར་འཚོགས་པའི་སྐབས་བོད་མི་

མང་སྤྱི་འཐུས་ཀྱི་འོས་བསྡུ་གནང་ཕྱོགས་ལ་བསྒྱུར་བཅོས་དགོས་པའི་སྐོར་

གྲོས་གཞི་གྲོས་ཆོད་འདི་ལྟར་བཞག་འདུག “ སྤྱི་འཐུས་འོས་འདེམས་གནང་ ཕྱོགས་ལ་ལེགས་ཆའི་བསྒྱུར་བཅོས་ཞུ་བསྐུལ་གནང་འོས་ཇི་དགེའི་སྐོར།

ད་ཕན་སྤྱི ་ འཐུས་འོས ་འདེ མ ས་གནང་སྲོ ལ ་འདི ་ རང་བཞི ན ་ཆོ ལ ་

ཁའི ་ རྣམ་འགྱུར་དབྱེ ་ འབྱེ ད ་ཀྱི ་ སེ མ ས་ཤུགས་ལྷག་བསྐྱེད་དོ ག ས་རྐྱེ ན ་ཆེ ་

བས་ད་ཆ་རང་རེ འི ་ བཙན་བྱོ ལ ་བའི ་ གནས་སྟངས་དངོ ས ་ཡོ ད ་ལ་སྒོ ་ བསྟུན་ བསམ་གཞིགས་དང་འབྲེལ་བའི་ཆོལ་ཁའི་མཐོང་ཚུལ་ཆུང་དུ་གཏོང་རྒྱུ་སྨོས་

མེད་ཁར།

འབྱུང་འགྱུར་ཆོལ་ཁའི་ཐ་སྙད་རིམ་ཡལ་གྱིས་བོད་རིགས་ཆིག་

བསྒྲིལ་ནུས་སྟོབས་རིམ་རྒྱས་སུ་འགྱུར་བའི་དགེ་ཕན་ཆེ་བ་བཅས་ལ་བརྟེན།

སླད་ནས་འོས་གཞིར་ཆོལ་ཁ་གསུམ་ད་མུས་རང་འཇགས་ཐོག་གཞོན་ནུ་ཡིན་

ནོ་ཅོག་ནས་ཆོལ་ཁ་གསུམ་ཀའི་འཐུས་མི་འོས་ཤོག་བསྡུ་འདེམས་ཐོབ་ཐང་ འབྱུང་ཐབས་ཐོག་སྤྱི་འཐུས་འོས་མིང་རྣམས་ཀྱི་ལོ་རྒྱུས་ཞིབ་ཆ་དང༌། འདྲ་ དཔར་སྔ་ཚུད་མངོ ན ་ཆེ འི ་ འགྲེམས་སྤེ ལ ་དོ ན ་སྨི ན ་འབྱུང་བའི ་ འབོ ད ་བསྐུལ་

སྙན་སེང་ཞུ་རྒྱུ།”(2) ཞེས་གསལ།

ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དགུ་པ་ཕྱི་ལོ་ ༡༩༧༨

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༧།༡༠།༢༨ ཤོག་གྲངས་ ༣ པར་གསལ།

2 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་ གྲོས་ཆོད་ཕྱོགས་བསྒྲིགས་ ༡༩༧༠་་་་༢༠༠༠ ཞེས་པའི་ཤོག་གྲངས་ ༢༣ པར་གསལ།

301


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཟླ་ ༣ ཚེས་་་ ནས་ཚེས་་་བར་(ཕྱི་ལོ་ ༡༩༧༨ ཟླ་བ་ ༢ ཚེས་ ༡༧ ཉིན་གྱི་རང་དབང་

གསར་ཤོག་ནང་ཟླ་བ་ ༣ ཚེས་ ༨ ཉིན་འབྱོར་ཐོ་འགོད་དགོས་པ་གསལ་འདུག་ཀྱང་

ཚོགས་ཚེས་གང་ནས་གང་བར་ཡིན་པ་གསལ་ཆ་མི་འདུག)འཚོགས་ཤིང༌།

གྲོས་

གཞི ་ དོ ན ་ཚན་བཞི ་ སོ ་ སོ ར ་བགྲོ་གླེ ང ་གི ས ་གྲོས་ཆོ ད ་དོ ན ་ཚན་བཞི ་ ནང་ གསེས་དང་བཅས་པ་བཞག

(1)

སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་འདེམས་བསྐོའི་སླད་འདེམས་

བསྐོ་ཚོགས་ཆུང་བསྐོ་གཞག་གནང་བ་བཀའ་ཤག་ནས་གསལ་བསྒྲགས་གནང་

བ་འདི་ལྟར། སྐབས་དྲུག་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཡུན་རྫོགས་ཉེར་

གྱི ས ་སྐབས་བདུན་པའི ་ སྤྱི ་ འཐུས་འདེ མ ས་བསྐོ་བྱ་དགོ ས ་ལ་བརྟེན་བོ ད ་

(དམངས)མང་གཙོ་གཞུང་གི་མི་མང་སྤྱི་འཐུས་འདེམས་བསྐོའི་སྒྲིག་གཞིའི་འབྲུ་

དོན་དབུས་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་ལྡན་གྱི་ཚོགས་ཆུང་

ཟུར་འཛུགས་གནང་དགོས་ནས་སྐབས་བདུན་པའི་འདེམས་བསྐོ་ལྷན་ཚོགས་ཀྱི་

ཚོགས་གཙོ་གཅིག་དགོས་པ་ཚོགས་གཙོ་གཞོན་པ་བློ་བཟང་དར་རྒྱས་དང༌།

ཚོགས་མིར་སྤྱི་འཐུས་ཁོངས་ནས་མདོ་སྟོད་སྤྱི་འཐུས་རིན་ཆེན་ཚེ་རིང་དང༌།

མདོ་སྨད་སྤྱི་འཐུས་སྐལ་ལྡན།

ལས་བྱེད་ཁོངས་ནས་རྩིས་ཞིབ་འགན་འཛིན་

དཀོན་མཆོག་བསམ་གཏན་བཅས་ལ་བསྐོ་གཞག་སྤྱི་སྩལ་གྲུབ་སོང་བའི་གསལ་

བསྒྲགས་སུ། བཀའ་ཤག་ནས་ ༧༨ ཟླ་ ༥ ཚེས་ ༥ ལ།། ཞེས་གསལ། (2)

གོང་གསལ་གསལ་བསྒྲགས་གནང་དོན་ལྟར་ཕྱི་ལོ་ ༡༩༧༨ ཟླ་ ༥

ཚེས་ ༥ ནས་ལས་འཁུར་དངོས་སུ་འགོ་འཛུགས་ཞུས་པའི་གསལ་བསྒྲགས་

ཤིག་ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༨ ཉིན་གནང་འདུག ཕྱི་ལོ་ ༡༩༧༨ ཟླ་ ༥

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༥།༥ ཤོག་གྲངས་ ༥།༦།༡༠།༡༡ པར་གསལ། 2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༥།༡༩ ཤོག་གྲངས་ ༡༠ པར་གསལ། 302


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཚེས་ ༡༨ ཉིན་གྱི་རྒྱུན་ལས་སུ་སྐབས་བདུན་པའི་སྤྱི་འཐུས་འོས་འདེམས་

དང་འབྲེལ་བའི་ཐོག་གྲོས་ཆོད་བཞག་པ་འདི་ལྟར། (༡། འབྲེལ་མེད་ལ་སོང་འདིར་

མ་བཀོད) ༢། དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་སྙན་སེང་གནང་

དོན་བཞིན། ས་གནས་འོས་བསྡུའི་ཚོགས་ཆུང་ཆ་བགོས་དང༌། དེ་དག་གི་

འགན་འཛིན་བསྐོ་གཞག་མཛད་ཕྱོགས་བཅས་ཀྱི་འཆར་ཕུལ་ནང་གསལ་ལ་ སྣོན་འཕྲི་གནང་འོས་གནང་སྟེ་གཏན་འབེབས་མཛད། ༣། དབུས་སྤྱི་ཁྱབ་

འདེ མ ས་བསྐོ་ལྷན་ཚོ ག ས་ནས་ད་ལྟའི ་ འཆར་རྩི ས ་ལྟར་ན་ལས་དོ ན ་མྱུར་ མགྱོ ག ས་ཇི ་ ལྟར་བྱས་རུང་བོད་མི ་ མང་སྤྱི ་ འཐུས་སྐབས་དྲུག་པ་བརྗེ ་

མཚམས་དུས་ཚོད་ནས་ཟླ་གཅིག་ཞག་བརྒྱད་ཙམ་ཕྱིས་འགྱངས་འགྲོ་འདུག་ པས་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ར ་འགྱངས་འཐུས་བཀའ་འཁྲོ ལ ་ཞུ་ འགབ་ཆེ་དང༌། ཡང་ན་སྒྲིག་གཞིའི་དགོངས་དོན་གསལ་བསྒྲགས་ཀྱིས་བར་

ཡུན་ན་རེ་ཟུང་ལ་བསྒྱུར་བཀོད་ཀྱིས་ཐུང་དུ་གཏོང་གནང་མཛད་འགབ་བཅས་ ཇི་དགེའི་སྙན་སེང་གནང་བར། འདི་ལོ་རྩ་བའི་འདེམས་བསྐོ་ལྷན་ཚོགས་བསྐོ་

གཞག་ཕྱིས་སྐྱོན་བྱུང་བར་བརྟེན་ཕྱི་འགྱངས་མི་བྱ་མཐུ་མེད་ལ་བརྟེན་ྋགོང་

ས་ཆེན་པོར་འགྱང་འཐུས་བཀའ་འཁྲོལ་ཞུ་རྒྱུ་གནང༌། ༤། འདི་ལོ་བོན་གྱི་

ཆོས་འཐུས་གསར་འཕར་ལ་བརྟེན་འདེམས་བསྐོའི་སྒྲིག་གཞི་དོན་ཚན་གཉིས་

པའི་དགོངས་དོན་བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང༌།

གྲངས་ཚད་

སྐོར་དང༌། སྒྲིག་གཞི་དོན་ཚན་དགུ་པའི་ནང་ས་ཁུལ་འདེམས་བསྐོ་ཚོགས་

ཆུང་གི ་ ཚོགས་མི འི ་ ཁོ ང ས་བོ ན ་གྱི ་ འཐུས་མི ་ གསར་བསྣོན་དགོ ས ་མི ན ་ སོགས་སྙན་སེང་གནང་བར།

སྒྲིག་གཞི་དོན་ཚན་གཉིས་པའི་ནང་གསེས་

༼ཁ༽ པའི་ནང༌། “ ཆོས་བརྒྱུད་ཆེན་པོ་བཞི་དང༌། བོན་གྱི་ཆོས་ལུགས་

བཅས་ལྔ་ནས་སྤྱི་འཐུས་རེ་” ཞེས་དང༌། ༼ག༽ པའི་ནང༌། བོད་མི་མང་སྤྱི་ འཐུས་ཀྱི་རྩ་འབོར་བཅོ་བརྒྱད་ལ་ངེས་པ་ཡིན། 303

དོན་ཚན་དགུ་པའི་ནང་


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གསེས་ ༼ག༽ པའི་ནང་ས་ཁུལ་དེར་ཡོད་ཆོས་བརྒྱུད་ཆེན་པོ་བཞི་དང༌།

བོ ན ་གྱི ་ ཆོ ས ་ལུགས་བཅས་ལྔ་སོ ་ སོ ་ ནས་མི ་ འཐུས་རེ ་ བཅས་ལ་བསྒྱུར་ བཀོད་ཀྱིས་དེ་དོན་ཡོངས་བསྒྲགས་གནང་རྒྱུ་གནང༌། ༼ག༽ པའི་ནང༌། བོད་

མི ་ མང་སྤྱི ་ འཐུས་ཀྱི ་ རྩ་འབོ ར ་བཅུ་བདུན་ལ་ངེ ས ་པ་ཡི ན ་ཅེ ས ་པའི ་ ཚབ་ཏུ་

བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་བཅོ་བརྒྱད་ལ་ངེས་པ་བཅས་ཀྱི་གྲོས་ཆོད་ དུ། ཞེས་དང༌།

ཡང་ཕྱི་ལོ་ ༡༩༧༨ ཟླ་ ༦ ཚེས་ ༥ རྒྱུན་ལས་སུ་གོང་གསལ་གྲོས་

ཆོ ད ་ཁག་གསེ ར ་སྙན་སྒྲོ ན ་འབུལ་བཀའ་འཁྲོ ལ ་བསྩལ་ཐོ བ ་བྱུང་སྐོར་དང༌།

སླར་ཡང་བཀའི་ཕེབས་སྒོར།

ད་ནས་སྤྱི་འཐུས་བརྗེ་ལེན་དུས་ཚེས་ཐད་

(དམངས) མང་གཙོའི་དུས་དྲན་ཉིན་མོར་བྱས་ན་ཡག་པོ་འདུག་ཅེས་ཕེབས།(1)

གོ ང ་གསལ་བསྐྱར་བཅོ ས ་གནང་བ་རྣམས་གསར་ཤོ ག ་ཏུ་གསལ་

བསྒྲགས་གནང་བ་འདི་ལྟར། “

ཆེད་དོན། བོད་མི་མང་སྤྱི་འཐུས་འདེམས་བསྐོའི་སྒྲིག་གཞི་དོན་ཚན་

གཉིས་པའི་ནང་གསེས་ཁ་པའི་ནང་ཆོས་ལུགས་ཆེ་ཁག་བཞི་ནས་སྤྱི་འཐུས་ རེ་ཞེས་དང༌། ནང་གསེས་ག་པའི་ནང་བོད་མི་མང་སྤྱི་འཐུས་ཀྱི་རྩ་འབོར་བཅུ་

བདུན་ལ་ངེས་པ་ཡིན་ཞེས་པ། ཡང་དོན་ཚན་དགུ་པའི་ནང་གསེས་ག་པའི་ ནང་ས་ཁུལ་དེ ར ་ཡོ ད ་ཆོ ས ་ལུགས་ཆེ ་ ཁག་བཞི ་ རེ ་ རེ ་ ནས་མི ་ འཐུས་རེ ་

བཅས་གསལ་ཡོད་ཀྱང༌། འདི་ལོ་ནས་བོད་མི་མང་སྤྱི་འཐུས་ཁོངས་སུ་བོན་

གྱི་ཆོས་ལུགས་གཅིག་གསར་སྤར་གནང་བར་བརྟེན་གོང་གསལ་སྒྲིག་དོན་སོ་ སོའི་ནང་གསེས་ལ་བསྒྱུར་བཀོད་གནང་དགོས་སྟབས་དོན་ཚན་གཉིས་པའི་ ནང་གསེས་ཁ་པར་ཆོས་བརྒྱུད་ཆེན་པོ་བཞི་དང༌།

བོན་གྱི་ཆོས་ལུགས་

བཅས་ལྔ་སོ་སོ་ནས་སྤྱི་འཐུས་རེ་ཞེས་དང༌། ནང་གསེས་ག་པར་བོད་མི་མང་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ཁ།༢-༧-༥༠ ནང་གསལ། 304


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སྤྱི་འཐུས་ཀྱི་རྩ་འབོར་བཅོ་བརྒྱད་ལ་ངེས་པ་ཡིན།

དོན་ཚན་དགུ་པའི་ནང་

གསེས་ག་པར་ས་ཁུལ་དེར་ཡོད་ཆོས་བརྒྱུད་ཆེན་པོ་བཞི་དང༌། བོན་གྱི་ཆོས་ ལུགས་བཅས་ལྔ་སོ་སོ་ནས་མི་འཐུས་རེ་ཞེས་པ་བཅས་ལ་བསྒྱུར་བཀོད་

གནང་རྒྱུར་སྙན་སེང་བཀའ་འཁྲོལ་གཏན་འབེབས་གྲུབ་པ་ཡིན་པས་དེ་དོན་རྩ་

འཛིན་གྱིས་ས་གནས་མང་ཚོགས་ཐོག་གསལ་བསྒྲགས་ངེས་ནན་དགོས་པ་ ཡིད་འཇགས་གྱིས། བོད་གཞུང་རྒྱུན་ལས་ཚོགས་འདུ་ནས། ཕྱི་ལོ་ ༡༩༧༨ ཟླ་ ༥ ཚེས་ ༢༤ ལ།།”

(1)

ཞེས་གསལ་འདུག

དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་སྐབས་བདུན་པའི ་

འོས་བསྡུའི་སྐབས་ཀྱི་བྱ་སྒོ་ལམ་སྟོན་ཕྱི་ལོ་ ༡༩༧༨ ཟླ་ ༧ ཚེས་ ༡༤ ཉིན་ གསལ་བསྒྲགས་སྔ་རྗེས་བཏང་བ་འདི་ལྟར། “དབུས་སྤྱི་ཁྱབ་འདེམས་བསྐོ་ ལྷན་ཚོགས་ཀྱི་གསལ་བསྒྲགས།

འདི ་ ནས་རང་རི ག ས་གནས་ཡུལ་ས་གནས་ཁག་ལ་སྐབས་བདུན་

པའི ་ ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་གི ་ འགན་འཛི ན ་བསྐོ་གཞག་དང་

འབྲེལ་ཁུངས་སོ་སོ་ནས་ཚོགས་མི་འདེམས་བསྒྲུག་དགོས་པའི་བཀོད་གནས་ སྔོན་སོང་ལྟར་ས་གནས་མང་ཆེ་བ་ཚོགས་མི་གཏན་འཁེལ་གྱིས་ཚོགས་ཆུང་

དངོས་སུ་ཚུགས་ཟིན་ཅིང༌། མང་ཚོགས་ངོས་ནས་སྐབས་སོ་སོར་བྱེད་སྒོའི་ སྐོར་སྒྲིག་དོན་བློར་ངེས་ཡོད་ཤག་ཀྱང༌།

ད་ལམ་ཚོགས་ཆུང་སོ་སོ་ནས་

འདེ མ ས་བསྐོའི ་ སྒྲི ག ་གཞི ་ དང་སྒྲི ག ་གཞི ར ་བསྣོན་འཕྲི འི ་ བསྒྱུར་བཅོ ས ་ཇི ་

བྱུང༌། གཞན་ཡང་འོས་བསྡུ་དང་འབྲེལ་བའི་རྩ་འཛིན་ཡིག་ཆ་ཁག་བཅས་ཁྱབ་

ཁོངས་མི་མང་ཐོག་འགྲེལ་བཤད་གོ་བཀོན་དང་འབྲེལ་བའི་གསལ་བསྒྲགས་ 1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༦།༢ ཤོག་གྲངས་ ༡༢ པར་གསལ། 305


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཟབ་ནན་དགོས་རྒྱུ་དང༌། དེར་ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་ཉན་འཇོག་

གིས་དོན་གནད་རྣམས་བློར་ངེས་རྒྱུན་འཇགས་ཐུབ་པ་གནང་གལ།

མཁྱེན་ཆོད་བཞིན་གདམ་བྱ་སྤྱི་འཐུས་རྣམས་ནི། སྤྱི་འཐུས་སྐབས་

རེ་རེའི་དུས་ཡུན་དེའི་རིང༌། རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་

དང༌། དེའི་རྒྱུན་ལས་གཅིག་འཐུས་སུ་ཆེས་མཐོའི་ཚོགས་འདུའི་ངོ་བོ་འཛིན་

པའི་རང་གཞུང་རྒྱུན་ལས་ཚོགས་འདུ་ནམ་ཡིན་གྱི་ཚོགས་གཙོ་དང༌། ཚོགས་ མི འི ་ འགན་འཁུར་རྐང་བཞེ ས ་ཐོ ག ་གྲོས་བསྡུར་ཐག་གཅོ ད ་གནང་རྒྱུ་དང༌།

རྣམ་ཀུན་བོད་མི་མང་སྤྱི་འཐུས་ལྷན་ཁང་ཟུར་ཚུགས་ཀྱིས་གཞུང་མང་གཉིས་ ཕྱོགས་སུ་ལས་དོན་ཆེ་ཕྲ་གང་ཅིར་སྐབས་མཚམས་སོ་སོར་དགེ་འདོན་སྐྱོན་ སེ ལ ་ཐད་བརྗོ ད ་གནང་རྒྱུ་སོ ག ས་སྤྱི ་ ནོ ར ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་

པོས་དབུ་ཁྲིད་པའི་རང་རེའི་སྤྱི་གཞུང་གི་ཆབ་སྲིད་ཐོག་མང་ཚོགས་ཀྱི་ཐད་

ཀའི ་ སྐུ་ཚབ་ལྟ་བུར་ཕན་གནོ ད ་གང་བྱེ ད ་ཀྱི ་ ནུས་ལྡན་གལ་འགངས་ཆེ ་ བ་

ཞིག་ཡིན་སྟབས་སྤྱི་འཐུས་ཀྱི་འོས་འདེམས་བྱེད་སྐབས་མང་ཚོགས་ནས་དོ་ འཁུར་ཆེ་བསྐྱེད་དགོས་པ་ཤིན་ཏུ་གལ་ཆེ་ཞིག་རེད། དེ་འདྲ་ཡིན་སྟབས་འོ ས་

བསྡུ་བ་རྣམས་ནས་རང་ཉིད་གནས་ཡུལ་ས་གནས་དེའམ། གཞན་ཡང་བྱེས་

འབྱོ ར ་བོ ད ་མི འི ་ གནས་ཡུལ་གང་ཞི ག ་གི ་ མང་ཚོ ག ས་ཁྲོ ད ་དུ་སྒྲི ག ་གཞི འི ་

དགོངས་དོན་བོད་མི་མང་སྤྱི་འཐུས་ལ་འོས་པའི་གནས་ཚད་ལྡན་ཞིང༌། ལྷག་

པར་བོད་རྒྱལ་ཁབ་རང་དབང་སླར་གསོ་དང༌། གཞིས་བྱེས་བོད་མིའི་འཕྲལ་ ཕུགས་བདེ་དོན་ལ་ལྷག་བློ་འགྱུར་མེད་དུ་ཡོད་ལ་མཁྱེན་འབྱོན་གཉིས་ལྡན་སྤྱི་

ཚུགས་དྲང་ལྡན་ཆེ་བའི་ཕོ་མོ་ཁྱད་མེད་གང་ན་སུ་མཆིས་རང་རང་གི་བསམ་

བློའི་ནང་སྔོན་ཚུད་ནས་བརྟག་དཔྱད་གོ་སྒྲིག་ཟབ་ནན་བྱས་ཏེ་འོས་དམིགས་ འདེམས་སྒྲུག་དང༌།

འོས་བསྡུ་དངོས་གཞི་སོ་སོར་དགའ་ཉེ་ལྟོས་ཕྱོགས་

སོགས་སྒེར་དོན་ཕྱོགས་ལྷུང་དང༌།

306

གཞན་ཟེར་རྗེས་འབྲང་གཞན་དབང་


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

གཡམ་རྒྱུགས་སུ་མ་སོ ང ་བར་རང་ཚུགས་བརྟན་པོ ར ་བཟུང་སྟེ་(དམངས) མང་གཙོའི་ཁེ་དབང་ཆེ་ཤོས་རང་ཉིད་ལ་ཡོད་སྟབས་དེ་དག་ཆུད་ཟོས་སུ་མ་

སོང་བར་ངེས་པར་ལོངས་སུ་སྤྱོད་ཐུབ་པ་དགོས་རྒྱུ།

ས་ཁུལ་ཚོགས་ཆུང་སོ་སོ་ནས་རང་ཁོངས་མང་ཚོགས་ལ་ཞིབ་ཕྲའི་

འགྲེལ་བཤད་རིམ་པས་ཡོང་རྒྱུ་ཡང་སྒྲིག་གཞིའི་དགོངས་དོན་གཞིར་བཟུང་

དང་བླངས་འོས ་གཞི ར ་འཛུལ་ཞུགས་བྱ་མི ་ སུ་མཆི ས ་རྣམས་ནས་རང་ཉི ད ་

འོས་བསྡུ་བའི་མིང་གཞུང་ཁོངས་དེབ་འགོད་བྱ་ཡུལ་གྱི་ས་ཁུལ་ཚོགས་ཆུང་ དེ་ནས་འོས་གཞིའི་འགེངས་ཤོག་ཞུས་ཏེ་ཕྱི་ལོ་ ༧༨ ཟླ་ ༡༠ ཚེས་ ༥ ནས་

བདུན་ཕྲག་གཅིག་ནང་ཚུད་ཚོགས་ཆུང་དེར་འགེངས་ཤོག་བསྐངས་ཏེ་ཕུལ་ ཟིན་པ་དགོས་རྒྱུ།

སྐབས་བདུན་པའི་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ཁག་གི་འགན་

འཛིན་གསར་བསྐོ་དང་འབྲེལ་ཁུངས་སོ་སོའི་ཚོགས་མི་རང་ཁོངས་ནས་འོས་

འདེམས་བྱས་ཏེ་མིང་གཞུང་དང༌། གནས་ཚུལ་ཕྱི་ལོ ༡༩༧༨ ཟླ་ ༧ ཚེས་ ༧

ཚུན་འདི ར ་འབྱོ ར ་ཐུབ་པ་གཏོ ང ་དགོ ས ་ཀྱི ་ ས་གནས་ཚང་མར་སྤྱི ་ མཚུངས་

བཀོད་རྒྱ་སོང་ཡང་ས་གནས་འགའ་ཞིག་ནས་ད་བར་ཇི་བྱས་གནས་གསལ་

ཙམ་འབྱོར་རིགས་མ་བྱུང་ན། འོས་བསྡུའི་ལས་དོན་འདི་བཞིན་ས་གནས་ཚང་

མ་ནས་བྱེད་སྒོ་དུས་གཅིག་ཏུ་དགོས་པར་སོང་འདི་དང་འདི་རིགས་ཀྱིས་སྤྱི་

ཡོངས་ལས་དོན་སྔོན་འཆར་ལ་མི་གནས་པའི་དུས་འགྱངས་མི་གཏོང་ཐབས་ མེད་ལྟ་བུ་ཡོང་འདུག་རུང༌། ཕྱོགས་གཅིག་ནས་སྒྲིག་གསལ་འཆར་དོན་ལས་

རིམ་དུས་ཐོག་སོ་སོར་སྒྲུབ་དགོས་པ་ལས་ཕར་འགྱངས་གཏོང་ཐབས་མེད་པ་

བཅས་ལ་བརྟེན། སླར་ས་གནས་དེ་དག་གི་འོས་ཤོག་བསྡུ་ལེན་མ་ཐུབ་པའམ།

དུས་ཐོ ག ་འབྱོ ར ་མི ན ་གྱི ས ་རྩི ས ་མེ ད ་འགྲོ་དགོ ས ་སོ ག ས་ཡོ ང ་སྲི ད ་པས་

(དམངས)མང་གཙོའི་ཁེ་དབང་མང་ཚོགས་ཀྱི་འོས་བསྡུའི་ལས་དོན་གལ་ཆེ་ 307


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རང་བཞི ན ་ཆུད་ཟོ ས ་སུ་མི ་ འགྲོ་བའི ་ ས་གནས་འགོ ་ འཛི ན ་སོ ག ས་འགན་

འཁུར་བ་རྣམས་དང༌།

མང་ཚོགས་གཉིས་ཕྱོགས་ནས་དོ་འཁུར་ཆེ་བསྐྱེད་

ཀྱིས་ལས་དོན་ཆེ་ཕྲ་མཐའ་དག་སྐབས་མཚམས་སོ་སོར་འཕྲལ་འཕྲལ་ངེས་ སྒྲུབ་ཐུབ་པ་གནང་དགོས་བཅས་དེ་དོན་དགོངས་འཇགས་ཞུ།

བོད་གཞུང་

དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་ཕྱི་ལོ་ ༡༩༧༨ ཟླ་ ༧ ཚེས་ ༡༤ ལ།།” ཞེས་དང༌།(1)

ཡ ང ་ འོས ་ བ སྡུ འི ་ དུ ས ་ ཚེ ས ་ ག ཏ ན ་

འབེབས་ཀྱིས་གསལ་བསྒྲགས་གནང་བ་འདི་ལྟར།

“༡༽ ས་ཁུལ་འདེམས་བསྐོ་ཚོགས་ཆུང་སོ་སོ་ནས་སྒྲིག་གཞིའི་དགོངས་

དོན་འོས་བསྡུ་བྱ་ཡུལ་སོགས་ནང་གསེས་སྡེ་ཚན་ཆ་བགོས་རིགས་

༢༽

༣༽

༤༽ ༥༽

༦༽

རྣམས་བྱེད་ཕྱོགས་གོ་བསྡུར་གྱིས་གཏན་འབེབས་ཟིན་དགོས་པའི་

དུས་ཚེས་ཕྱི་ལོ་ ༡༩༧༨ ཕྱི་ཟླ་ ༨ ཚེས་ ༩།

འོས་བསྡུ་བའི་མིང་གཞུང་དེབ་འགོད་བྱེད་འགོ་འཛུགས་ཚེས་ཕྱི་ལོ

༡༩༧༨ ཕྱི་ཟླ་ ༨ ཚེས་ ༡༠།

འོས་བསྡུ་བའི་མིང་གཞུང་དེབ་འགོད་བྱ་རྒྱུའི་ཉིན་མཐའ་མ་ ༧༨ ཕྱི་ ཟླ་ ༨ ཚེས་ ༡༦།

འོས་བསྡུ་བའི་མིང་གཞུང་ལ་སྐྱོན་བརྗོད་བསྣོན་འཕྲི་དང༌། ཞུ་དག་

སོགས་ཟིན་ཏེ་མཐའ་བསྡོམས་གཏན་འབེབས་ཟིན་དགོས་པའི་དུས་

ཚེས་ ༧༨ ཕྱི་ཟླ་ ༨ ཚེས་ ༣༠།

མི ང ་གཞུང་བསྡོ མ ས་ཐོ ་ ཁག་འདི ར ་འབྱོ ར ་དགོ ས ་པའི ་ དུས་ཚེ ས ་

མཐའ་མ་ ༧༨ ཕྱི་ཟླ་ ༩ ཚེས་ ༢༥།

འོས་གཞི་དང་བླངས་འཛུལ་ཞུགས་བྱ་རྒྱུའི་འགེངས་ཤོག་དང༌། སྙན་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༨།༤ ཤོག་གྲངས་ ༢ པར་གསལ། 308


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

༧༽

ཞུ་བཅས་ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་སོ ་ སོ ར ་འབུལ་རྒྱུའི ་

འགོ་འཛུགས་དུས་ཚེས་ ༧༨ ཕྱི་ཟླ་ ༡༠ ཚེས་ ༥།

འོས་གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུའི་འགེངས་ཤོག་དང༌།

སྙན་ཞུ་བཅས་ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་སོ ་ སོ ར ་འབུལ་ ༨༽

༩༽

རྒྱུའི་དུས་ཚེས་མཐའ་མ་ ༧༨ ཕྱི་ཟླ་ ༡༠ ཚེས་ ༡༡།

དང་བླངས་འཛུལ་ཞུགས་བྱས་པའི ་ འོས ་གཞི ར ་ས་ཁུལ་འདེ མ ས་

བསྐོ་ཚོགས་ཆུང་སོ་སོ་ནས་རྩ་འཛིན་བརྟག་ཞིབ་རྩད་གཅོད་དང༌། ཐག་གཅོ ད་བྱེ ད་རྒྱུའི་ འགོ ་ འཛུགས་དུས་ཚེ ས ་ ༧༨ ཕྱི་ ཟླ་ ༡༠ ཚེ ས ་ ༡༢།

དང་བླངས་འཛུལ་ཞུགས་བྱས་པའི ་ འོས ་གཞི ར ་ས་ཁུལ་འདེ མ ས་

བསྐོ་ཚོགས་ཆུང་སོ་སོ་ནས་རྩ་འཛིན་བརྟག་ཞིབ་རྩད་གཅོད་དང༌། ཐག་གཅོད་བྱེད་རྒྱུའི་དུས་ཚེས་མཐའ་མ་ ༧༨ ཕྱི་ཟླ་ ༡༠ ཚེས་ ༡༨།

༡༠༽ འོས ་གཞི ར ་དང་བླངས་འཛུལ་ཞུགས་(བྱེ ད )བྱས་རྗེ ས ་རང་མོ ས ་ ཕྱིར་འཐེན་བྱ་རྒྱུའི་དུས་ཚེས་མཐའ་མ་ ༧༨ ཕྱི་ཟླ་ ༡༠ ཚེས་ ༡༩།

༡༡༽ ཁྱབ་ཁོ ང ས་འོས ་བསྡུ་བ་རྣམས་ཚོ ག ས་ཆུང་ཆ་བགོ ས ་ཀྱི ས ་འོས ་ དམི ག ས་འདེ མ ས་སྒྲུག་བྱ་རྒྱུའི ་ ཚོ ག ས་བསྐོངས་བརྡ་ཁྱབ་གཏོ ང ་

ཚེས་ ༧༨ ཕྱི་ཟླ་ ༡༠ ཚེས་ ༡༢།

༡༢༽ ཁྱབ་ཁོ ང ས་འོས ་བསྡུ་བ་རྣམས་ཚོ ག ས་ཆུང་ཆ་བགོ ས ་ཀྱི ས ་འོས ་ དམིགས་འདེམས་སྒྲུག་བྱས་ཟིན་པ་དགོས་རྒྱུའི་དུས་ཚེས་མཐའ་མ་

༧༨ ཕྱི་ཟླ་ ༡༠ ཚེས་ ༡༨།

༡༣༽ འོས་གཞི་དང་བླངས་དང༌། འོས་དམིགས་འདེམས་སྒྲུག་བྱས་པའི་ འགེངས་ཤོག་ཐོ་གཞུང་ཡིག་ཆ་ཁག་བཅས་ས་ཁུལ་འདེམས་བསྐོ་ 309


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚོགས་ཆུང་ནས་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ལ་གཏོང་ དགོས་པའི་དུས་ཚོད་ ༧༨ ཕྱི་ཟླ་ ༡༠ ཚེས་ ༢༣།

༡༤༽ གོ ང ་གསལ་འགེ ང ས་ཤོ ག ་ཐོ ་ གཞུང་ཡི ག ་ཆ་ཁག་དབུས་སྤྱི ་ ཁྱབ་

འདེ མ ས་བསྐོ་ལྷན་ཚོ ག ས་སུ་འབྱོ ར ་དགོ ས ་པའི ་ དུས་ཚེ ས ་མཐའ་ མ་ ༧༨ ཕྱི་ཟླ་ ༡༡ ཚེས་ ༡༦ བཅས་ལ་གཏན་འབེབས་ཟིན་པས་

དེ་དོན་རྩ་འཛིན་དགོས་རྒྱུ་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ ནས་ ༧༨ ཟླ་ ༧ ཚེས་ ༡༤ ལ།།” ཞེས་གསལ་འདུག(1)

ཕྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༥ ཉིན་གྱི་རྒྱུན་ལས་གྲོས་ཆོད་ཇི་བཞིན་

བཀོད་པ་འདི་ལྟར། ༡། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༩ པའི་

ཚོགས་འཐུས་ཁོངས་སུ་དབུས་གཞོན་ནུའི་ཚོགས་གཙོ་དང༌། དྲུང་ཆེ་གཉིས་ ནས་ཚོགས་ཆེན་ཐོག་བསམ་འཆར་ཞུས་དོན་དུ།

བོ ད ་རི ག ས་གོ ང ་བུ་གཅི ག ་གྱུར་ཡོ ང ་ཐབས་སུ་བོ ད ་མི ་ མང་སྤྱི ་

འཐུས་འོས ་འདེ མ ས་ལ་ལེ ག ས་ཆའི ་ བསྒྱུར་བཅོ ས ་གནང་དགོ ས ་ཞེ ས ་དང༌།

དེའི་སྐབས་གཞོན་ནུའི་གྲོས་ཆོད་བཞག་པ་འདི་ལྟར། ༥། སྤྱི་འཐུས་འོས་

འདེམས་གནང་ཕྱོགས་ལ་ལེགས་བསྒྱུར་ཞུ་བསྐུལ་གནང་འོས་ཇི་དགེའི་སྐོར།

ད་ཕན་སྤྱི ་ འཐུས་འོས ་འདེ མ ས་གནང་སྲོ ལ ་འདི ་ རང་བཞི ན ་ཆོ ལ ་ཁའི ་ རྣམ་

འགྱུར་དབྱེ ་ འབྱེ ད ་ཀྱི ་ སེ མ ས་ཤུགས་ལྷག་བསྐྱེད་དོ ག ས་རྐྱེ ན ་ཆེ ་ བས་ད་ཆ་ རང་རེའི་བཙན་བྱོལ་བའི་གནས་སྟངས་དངོས་ཡོད་ལ་བསྟུན་བསམ་གཞིགས་

དང་འབྲེལ་བའི་ཆོལ་ཁའི་མཐོང་ཚུལ་ཆུང་དུ་གཏོང་རྒྱུ་སྨོས་མེད་ཁར། འབྱུང་

འགྱུར་ཆོལ་ཁའི་ཐ་སྙད་རིམ་ཡལ་གྱིས་བོད་རིགས་ཆིག་བསྒྲིལ་ནུས་སྟོབས་

རིམ་རྒྱས་སུ་འགྱུར་བའི་དགེ་ཕན་ཆེ་བ་བཅས་ལ་བརྟེན།

1བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༨།༤ ཤོག་གྲངས་ ༢།༣ པར་གསལ། 310

སླད་ནས་འོས་


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

གཞིར་ཆོལ་ཁ་གསུམ་ད་མུས་རང་འཇགས་ཐོག་གཞོན་ནུ་ཡིན་ནོ་ཅོག་ནས་

ཆོལ་ཁ་གསུམ་ཀའི་འོས་གཞིར་འོས་འདེམས་ཞུ་རྒྱུ་དང༌། དེ་མཚུངས་རིས་ སུ་མ་མཆིས་པའི་བོད་མི་རེ་རེ་ལ་ཆོལ་ཁ་གསུམ་ཀའི་འཐུས་མི་འོས་ཤོག་ བསྡུ་འདེམས་ཐོབ་ཐང་འབྱུང་ཐབས་ཐོག་སྤྱི་འཐུས་འོས་མིང་རྣམས་ཀྱི་ལོ་ རྒྱུས་ཞིབ་ཆ་དང༌།

འདྲ་དཔར་སྔ་ཚུད་མངོན་ཆེའི་འགྲེམས་སྤེལ་དོན་སྨིན་

འབྱུང་བའི་འབོད་བསྐུལ་སྙན་སེང་ཞུ་རྒྱུ།

(1)

དེ་བཞིན་གཞོན་ནུའི་གྲོས་ཆོད་

འགྲེམས་སྤེལ་བྱས་པ། དེ་རྗེས་ས་གནས་གཞོན་ནུའི་རྒྱུན་ལས་པ་དང༌། རུ་

དཔོན་ཁག་བཅས་ནས་དབུས་གཞོན་ནུའི་རྒྱུན་ལས་སུ་དྲི་བ་དོན་ཚན་ ༡༩ ཞུས་པའི ་ དྲིས་ལན་ཁྱབ་བསྒྲགས་ངོ ་ བཤུས་ཤི ག ་རང་གཞུང་རྒྱུན་ལས་

ཚོགས་འདུར་ཕུལ་བ་ནང་གསལ་བཀའ་བསྡུར་གནང་སྙིང༌། བསམ་ཚུལ་འདི་ དག་སྤྱི་དོན་གལ་ཆེར་བརྟེན་དབུས་གཞོན་ནུའི་རྒྱུན་ལས་རྣམས་དང༌།

ས་

གནས་གཞོན་ནུའི་ཚོགས་གཙོ་དང༌། དྲུང་ཆེ་སློབ་སྟོན་པ་བཅས་རྒྱུན་ལས་ ཚོགས་འདུར་ངོ་བཀུག་དང་འབྲེལ་བས་ཕན་ཚུན་འགྲེལ་བཤད་དང༌། གནད་

དཀྲོལ། བདར་ཤ་སོགས་ལྷུག་འདོན་གནང་སྟེ་གང་དགེའི་སྤྱི་སྨན་དགོངས་ བཞེས་གནང་རྒྱུ་བཅས་ཀྱི་གྲོས་ཆོད་དུ། (2)ཞེས་གསལ་འདུག

ཕྱི་ལོ་ ༡༩༧༨ ལོར་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་

ཚོགས་སུ་ཚོགས་ཆེན་གསུམ་པའི་གྲོས་ཆོད་ལག་བསྟར་ཞུས་ཡོད་མེད་ཞིབ་

བཤེར་མཇུག་སྐྱོང་གནང་བའི་ཐག་གཅོད་འདི་ལྟར་གནང་འདུག

“ཚོགས་

ཆེན་ཐེངས་གསུམ་པའི་གྲོས་ཆོད་ལྔ་པ་ནང་གསལ་སྤྱི་འཐུས་འོས་འདེམས་

1 གཞོན་ནུའི་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཕྱོགས་བསྒྲིགས་ ༡༩༧༠་་༢༠༠༠ ཤོག་ གྲངས་ ༢༣ འཕྲེང་ ༡༢ ནས་ ༢༠ བར་གསལ། 2 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ག༼༡༩༧༨།༡༩༧༩༽ ནང་གསལ།

311


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྐོར་ད་ལྟའི་ཆར་རང་གཞུང་རྒྱུན་ལས་ཚོགས་འདུ་ནས་བཀའ་ཁྱབ་གྲུབ་དོན་

བཞིན་ཉམས་ལེན་ཞུ་རྒྱུ་ལས་མ་འདས་ཀྱང༌། གཞི་རྩ་མ་འོངས་པར་གཞོན་

ལྷན་ནས་ཞུས་པའི་བསམ་ཚུལ་དེ་དག་ལ་དུས་སྐབས་དང་བསྟུན་པའི་བསྒྱུར་

བཅོ ས ་གནང་བཞེ ད ་ཡོ ད ་མེ ད ་དགོ ང ས་སྐོར་དོ ག ས་གཅོ ད ་སྙན་སེ ང ་གི ས ་ ཕེབས་གསལ་དང་བསྟུན་པའི་གོམ་བགྲོད་ཞུ་འོས་ཞུ་རྒྱུ།”(1)ཞེས་གསལ།

ཕྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༩ ཉིན་ཆེས་མཐོའི་རྒྱུན་ལས་ནས་

ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གནང་སྟེ།

གཞོན་ནུའི་མཛད་གཙོ་རྣམས་བཀའ་བཀུག་གིས་རྒྱུན་ལས་ནང་བཀའ་མོལ་ ཇི་བྱུང་དང༌། རྒྱུན་ལས་ཚིག་ཐོ་དང་གྲོས་ཆོད་ཇི་བཞིན་བཀོད་པ་འདི་ལྟར།

ད་

རིང་གཞོན་ནུའི་འགན་འཛིན་རྣམ་པ་འདི་གར་ཕེབས་དགོས་ཞུ་ཡག་ནི། ལོ་ འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་ ༩ པའི་ཐོག་གཞོན་ལྷན་ཚོགས་

བཅར་ཟུང་ནས་གཞོན་ནུ་ལྷན་ཚོགས་ཀྱི་གྲོས་ཆོད་འགྲེམས་སྤེལ་དང་འབྲེལ་ བསམ་འཆར་ཞུས་དོན་དུ།

བོད་རིགས་གོང་བུ་གཅིག་གྱུར་ཡོང་ཐབས་སུ་

བོ ད ་མི ་ མང་སྤྱི ་ འཐུས་འོས ་འདེ མ ས་ལ་ལེ ག ས་ཆའི ་ བསྒྱུར་བཅོ ས ་དགོ ས ་

ལུགས་ཞུས་པ་སྐབས་དེ ར ་གྲོས་ཆོ ད ་ནང་འགོ ད ་རྒྱུ་འབྲེ ལ ་བ་མ་ཆགས་

སྟབས་རྗེས་སུ་བཀའ་བསྡུར་དགོངས་བཞེས་གནང་རྒྱུ་བརྗོད་པ་དང༌། དེ་རྗེས་

ས་གནས་གཞོན་ནུའི་རྒྱུན་ལས་པ་དང༌། རུ་དཔོན་བཅས་ནས་དབུས་གཞོན་

ནུའི་རྒྱུན་ལས་པར་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་དྲི་བ་དོན་ཚན་ ༡༩

ཞུས་པའི་དྲིས་ལན་ཆབས་ཅིག་འཁོད་པའི་ངོ་བཤུས་ཤིག་རང་གཞུང་

རྒྱུན་ལས་ཚོ ག ས་འདུར་ཕུལ་ཏེ ་ ཞབས་བསྐུལ་ཡང་ཡང་ཞུས་པར་བརྟེན་ད་ རིང་ངོ་འཛོམས་ཐོག་གྲོས་བསྡུར་དང༌། ཕན་ཚུན་འགྲེལ་བཤད་གནད་དཀྲོལ་

1 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་ གྲོས་ཆོད་ཕྱོགས་བསྒྲིགས་ ༡༩༧༠་་་་༢༠༠༠ ཞེས་པའི་ཤོག་གྲངས་ ༢༥ པར་གསལ།

312


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

གནང་ན་བསམ་གྱི་འདུག ད་ཕན་སྤྱི་འཐུས་འོས་འདེམས་ལ་དགོངས་བཞེས་

ཐོག་ནས་ལེགས་ཆ་ཡོད་ཀྱང༌། གལ་ཏེ་སྐྱོན་ཆ་ཡོད་ན་དགོངས་འཆར་གསུང་

དགོས། ལྷག་པར་གཞོན་ནུའི་ཐོག་ནས་འགྲེལ་བཤད་ཁ་གསལ་གནང་ན་ཡག་

པོ་འདུག་གསུངས་བའི་རྗེས་གཞོན་ནུའི་ཚོགས་མི་རྣམས་ནས་ཚོགས་གཙོ་

སྦྲེལ་པོ་དང་བཀའ་བློན་སྤྱི་འཐུས་བཅས་ཀྱི་དོགས་འདྲིའི་དགོངས་འཆར་ཁག་

ལ་གསལ་བཤད་ལན་འདེབས་ཐེངས་དགུ་བྱས་མཐར་ཆོས་དྲུང་ནས། ཆོལ་

ཁའི་ཐ་སྙད་སྐོར་ཕན་ཚུན་གསལ་དཀྲོལ་གནང་སྟེ་ཆོལ་ཁ་སྔར་བཞིན་དགོས་ གལ་ལ་ཐུགས་ཐག་ཆོད་པ་དང༌།

དོན་ཚན་གཉིས་པ་འོས་གཞི་དང་འོས་

འདེམས་སྐོར་ཇི་འགབ་དགོངས་བཞེས་གནང་དགོས། མཐའ་དོན། སྤྱི་འཐུས་

འོས ་འདེ མ ས་བྱེ ད ་ཕྱོ ག ས་སྐོར་ལ་མང་མོ ས ་ཐག་གཅོ ད ་གནང་རྒྱུར་གྲོས་

འཆམ་བྱུང་བ་བཞིན་འོས་འདེམས་བྱེད་ཕྱོགས་ལ་བསྒྱུར་བཅོས་གཏོང་རྒྱུར་

མོས་མཐུན། ད་ཕན་འོས་བསྡུ་བྱེད་བཞིན་པ་རང་འཇགས་མོས་མཐུན་ ༨ ། བསམ་འཆར་ཡོད་ཀྱང་ད་ལྟ་ཞུ་གི་མིན་ ༡།

གྲོས་ཆོད། ༡། བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ལ་ལེགས་

ཆའི་བསྒྱུར་བཅོས་དགོས་པའི་གཞོན་ནུའི་གྲོས་ཆོད་དང༌། བསམ་ཚུལ་དྲི་བ་

དྲིས་ལན་ངོ་བཤུས་ཕུལ་འབྱོར་སྐོར་ཕྱི་ཟླ་ ༨ ཚེས་ ༥ ཉིན་བཀའ་བསྡུར་ གནང་བའི་གྲོས་ཆོད་གཞིར་བཟུང་ལྟར་དབུས་གཞོན་ནུའི་རྒྱུན་ལས་པ་དང༌།

ས་གནས་གཞོན་ནུའི་འགན་འཁུར་བ། སློབ་སྟོན་པ་བཅས་རྒྱུན་ལས་ཚོགས་

འདུར་ཆེད་འབོད་ལྷན་འཛོམས་སར་ཕན་ཚུན་སྦྱང་བཤད་དང༌། གནད་དཀྲོལ་ སོགས་གནང་བའི་མཐའ་དོན་དུ། ཆོལ་གསུམ་ཐ་སྙད་འདི་དག་དགོས་པ་དགེ་

མཚན་ཡོད་པར་བརྟེན་བསྒྱུར་བཅོས་མ་དགོས་པ་དང༌།

ཆོལ་གསུམ་སྤྱི་

འཐུས་འོས་འདེམས་ད་ཕན་ལམ་སྲོལ་ལྟར་རང་འཇགས་མོས་མཐུན་ ༨ དང༌། འོས་འདེམས་ལ་བསྒྱུར་བཅོས་མོས་མཐུན་ ༤ བཅས་བྱུང་སོང་ཡང༌། འཕྲལ་ 313


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཡུན་གང་དགེའི་བཀའ་སློབ་ཞུ་བར་བཀའ་ཚོགས་ལྷན་རྒྱས་ཆེད་བཅར་གྱིས་

ྋསྙན་སེང་ལྷོང་གསོལ་ཞུས་ཏེ། བཀའ་སློབ་ཇི་ཕེབས་ལ་རྩ་འཛིན་ཐག་གཅོད་

གནང་རྒྱུ་བཅས་ཀྱི་གྲོས་ཆོད་དུ། དེ་རྗེས་ཕྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༡༨ རྒྱུན་

ལས་འཕར་ཚོ ག ས་ཀྱི ས ་གཞོ ན ་ལྷན་ནས་ཞུས་པའི ་ གནས་ཚུལ་དང་འབྲེ ལ ་

བའི་བགྲོ་གླེང་དང་གྲོས་ཆོད་ཇི་བཞིན་བཀོད་པ་འདི་ལྟར།

“ཚོགས་གཙོ་མཆོག་ནས། ཚོགས་འདུ་དབུ་འཛུགས་གནང་སྟེ། ཉེ་

ཚེས་ ༩ ཉིན་རྒྱུན་ལས་འཕར་ཚོགས་ཐོག་དབུས་གཞོན་ནུའི་འགན་འཛིན་ ཟུང་དང༌། སློབ་སྟོན་པ། དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་བཅས་རྒྱུན་

ལས་ཚོ ག ས་འདུར་ཆེ ད ་འབོ ད ་ཚང་འཛོ མ ས་ཀྱི ས ་སྤྱི ་ འཐུས་འོས ་འདེ མ ས་ བྱེད་ཕྱོགས་གཞོན་ནུའི་གྲོས་ཆོད་དང༌།

བསམ་ཚུལ་དྲི་བ་དྲིས་ལན་ནང་

གསལ་ཕན་ཚུན་གོ ་ བསྡུར་སྦྱང་བཤད་གནང་བའི ་ མཐའ་དོ ན ་རྒྱུན་ལས་

ཚོ ག ས་འདུ་བའི ་ མང་མོ ས ་གྲོས་འཆམ་ཇི ་ བྱུང་ྋགོ ང ་ས་ཆེ ན ་པོ ར ་བཀའ་ ཚོགས་ཐུན་མོང་ནས་ྋསྙན་སེང་བཀའ་སློབ་དགོངས་དོན་དུ།

ད་ལམ་ངོ་

འཛོམས་གོ་བསྡུར་ལྷུག་པོ་བྱས་པ་ཡག་པོ་བྱུང་ཤག གཞོན་ནུའི་བསམ་ཚུལ་

དེ་ཡང་གང་དྲག་ཅི་དྲག་གི་ལྷག་བསམ་ཡིན་ཅིང༌། ད་ཆ་ཆོལ་གསུམ་ཐ་སྙད་ དང༌། འོས་བསྡུ་བྱེད་ཕྱོགས་རང་འཇགས་འཇོག་རྒྱུར་མང་མོས་བྱུང་ཡོད་ན་

དེ་དོན་འཐུས་རྒྱུ་ཞེས་སྤྱི་ཕེབས་ཐོག བཀའ་སློབ་ཅིག་ལ། རྒྱ་གར་དུ་འབྱོར་ རྗེས་མ་སུ་རིར་ཡོད་སྐབས་སྐད་ཆ་བྱུང་བ། བོད་ཡོངས་རྫོགས་ལ་ཁྱབ་ཆེ་བ་

དང༌། བློ་འཁོར་བའི་ཆེད་དུ་ཆོལ་ཁ་གསུམ་ཞེས་བཏགས་པ་ཡིན། བཀའ་སློབ་ ཕེབས།

ད་ཆ་གཞོན་ནུར་བཀའ་ལན་གནང་ཕྱོགས་ཐད་རྒྱུན་ལས་ཚོགས་

འདུར་ཆེད་འབོད་གནང་ངམ།

ཡང་ན་ཡིག་ཐོག་གནང་འོས་ཇི་འགབ་ཅེས་

གསུངས་པར་གོ་བསྡུར་སྦྱང་བཤད་མཐིལ་ཕྱིན་གནང་།

མཐའ་དོ ན ་གཞོ ན ་ནུར་ཡིག ་ཐོ ག ་བཀའ་ལན་གནང་རྒྱུར་མང་མོས ་ 314


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བྱུང་སྟེ། ཚོགས་དྲུང་ནས་བཀའ་ལན་ཟིན་བྲིས་འགོད་འབུལ་ཞུས་པར་བཀའ་ བཅོས་དང་འབྲེལ་སྙན་སྒྲོན་གནང་བར་མོས་མཐུན་གཏན་འབེབས་གནང༌། ༡༽

གྲོས་ཆོད།

ཕྱི་ཚེས་ ༩ ཉིན་རྒྱུན་ལས་འཕར་ཚོགས་གནང་བའི་གྲོས་ཆོད་ནང་

གསལ་མང་མོས་ཇི་བྱུང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བཀའ་ཚོགས་ ཐུན་མོང་ནས་ྋསྙན་སེང་ལྷོང་གསོལ་ཞུས་པའི་བཀའི་ཕྱིར་ཕེབས་སུ། ལམ་ངོ་འཛོམས་གོ་བསྡུར་ལྷུག་པོ་བྱས་པ་ཡག་པོ་བྱུང་ཤག

བསམ་ཚུལ་དེ་ཡང་གང་དྲག་ཅི་དྲག་གི་ལྷག་བསམ་ཡིན་ཅིང༌། གསུམ་ཐ་སྙད་དང༌།

གཞོན་ནུའི་

ད་ཆ་ཆོལ་

འོས་བསྡུ་བྱེད་ཕྱོགས་རང་འཇགས་བཞག་རྒྱུར་མང་

མོས་བྱུང་ཡོད་ན་དེ་དོན་འཐུས་རྒྱུ།

ད་

ཡང་བཀའ་སློབ་ཏུ། རྒྱ་གར་དུ་འབྱོར་རྗེས་མ་སུ་རིར་ཡོད་སྐབས་

སྐད་ཆ་བྱུང་བ། བོད་ཡོངས་རྫོགས་ལ་ཁྱབ་ཆེ་བ་དང༌། བློ་འཁོར་བའི་ཆེད་དུ་ ཆོལ་ཁ་གསུམ་ཞེས་བཏགས་པ་ཡིན། ཞེས་བཀའ་སློབ་སྤྱི་ཕེབས་དགོངས་ དོན་ལྟར་རྩ་འཛིན་གྱིས་གཞོན་ནུར་བཀའ་ལན་གནང་རྒྱུ། ༢༽

ཚིག་ཏུ།

རྒྱུན་ལས་མཚན་ཐོག་ནས་བཀའ་ལན་ཡིག་ཐོག་བསྩལ་རྒྱུའི་བརྗོད་

བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ལ་ལེགས་ཆའི་

བསྒྱུར་བཅོས་དགོས་པའི་གཞོན་ནུའི་གྲོས་ཆོད་ཤོག་ལྷེ་ཞིག་ལས་བསྡོམས་ ཚོགས་ཆེན་ཐེངས་ ༩ པར་འགྲེམས་སྤེལ་ཞུས་པ་དང་ཆབས་ཅིག་ཚོགས་ བཅར་གཞོན་ནུའི་འཐུས་མི་ཟུང་ནས་བསམ་འཆར་ཡང་ཞུས་པ་དང༌།

དེ་

རྗེས་དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་ནས་དབུས་གཞོན་ནུའི་རྒྱུན་ལས་

པར་དྲི་བ་དྲིས་ལན་སྔ་རྗེས་གཉིས་ཀྱི་ངོ་བཤུས་བཅས་རང་གཞུང་རྒྱུན་ལས་

ཚོ ག ས་འདུར་ཕུལ་ཐོ ག ་ཞབས་བསྐུལ་ཡང་ཞུ་བྱས་པར་བརྟེན་རྒྱུན་ལས་

ཚོགས་འདུ་ནས་བཀའ་བསྡུར་སྔ་རྗེས་བསྐྱངས་པ་མ་ཟད་དབུས་གཞོན་ནུའི་ 315


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རྒྱུན་ལས་པ་དང༌། སློབ་སྟོན་པ། དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་བཅས་

རྒྱུན་ལས་ཚོ ག ས་འདུར་ཆེ ད ་འབོ ད ་ངོ ་ འཛོ མ ས་ཐོ ག ་ཕན་ཚུན་སྦྱང་བཤད་

དང༌། གོ་བསྡུར། གནད་དཀྲོལ་བཅས་གནང་བའི་མཐའ་དོན་དུ། རྩ་བའི་གཞོན་ ནུའི ་ བསམ་ཚུལ་འདི ་ དག་ལྷག་བསམ་བཟང་པོ འི ་ སྒོ ་ ནས་ཞུས་པ་དེ ་ ལྟར་ ཡང༌།

དངོས་སུ་ལག་ལེན་བསྟར་སྐབས་དཀའ་གནད་འཕྲད་གཞི་མ་ཟད།

ཆོལ་ཁའི་ཐ་སྙད་འདི་དག་དགོས་པ་དགེ་མཚན་ཡོད་སྐོར་འགྲེལ་བཤད་ལྷུག་

འདོ ན ་བྱས་པར་གཞོ ན ་ནུ་ཐུན་མོ ང ་གི ་ ཞུ་གསལ་དུ་གཞོ ན ་ནུའི ་ གྲོས་ཆོ ད ་

ནང་ཆོ ལ ་ཁའི ་ ཐ་སྙད་རི མ ་ཡལ་ཞེ ས ་པ་འདི ་ དག་ཆོ ལ ་ཁ་མེ ད ་པ་བཟོ ་ རྒྱུའི ་ དམིགས་ཡུལ་རྩ་བ་ནས་མིན་ཀྱང༌།

བརྗོད་ཚིག་འགོད་སྟངས་ནོར་འཁྲུལ་

བྱུང་ཡོ ད ་ན་རི ང ་མི ན ་གཞོ ན ་ནུའི ་ འགན་འཛི ན ་ལྷན་ཚོ ག ས་ཚུགས་སྐབས་

གནད་དོ ན ་འགྲེལ་བརྗོ ད ་ཀྱི ས ་ཚི ག ་ཐལ་དེ ་ དག་ཕྱི ར ་འཐེ ན ་ཞུས་ཆོ ག ་པ་ཞུ་

རྒྱུ་དང༌། གཞི་རྩའི་ཞུ་དོན་སྤྱི་འཐུས་འོས་བསྡུ་ཞུ་ཕྱོགས་ལ་དགོངས་བཞེས་

ཡོང་བ་ཞུ་སྐོར་རྒྱུན་ལས་ཚོགས་འདུ་ནས་བཀའ་བསྡུར་ཞིབ་ནན་གནང་བའི་

སྙིང་དོན་དུ།

ཆོ ལ ་ཁ་གསུམ་གྱི ་ ཐ་སྙད་དང་འོས ་བསྡུ་བྱེ ད ་ཕྱོ ག ས་བཅས་རང་

འཇགས་འཇོག་རྒྱུར་དགོས་པ་རྒྱུ་མཚན་ཆེ་བ་མཐོང་སྟེ་མང་མོས་ཐག་ཆོད་

བྱུང་ལུགས་ྋགོ ང ་ས་ཆེ ན ་པོ ར ་ྋསྙན་སེ ང ་ལྷོང་གསོ ལ ་ཞུས་པའི ་ ཕྱི ར ་

ཕེབས་སུ། དེ་དོན་རང་འཇགས་བཞག་འཐུས་བཀའ་འཁྲོལ་སྤྱི་ཕེབས་བྱུང་

སོང་བ་ལྟར་དེ་དོན་རྩ་འཛིན་གནང་དགོས་བཅས་བཀོད་དེ་དབུས་གཞོན་ནུའི་ སྤྱི་ཁྱབ་རྒྱུན་ལས་སུ་གནང་རྒྱུ་གནང༌།

འདི་སྐོར་རྩ་བའི་བཀའ་དོན་ལྟར་ཞུས་ཀྱང༌།

ཞུ་དོན་གསུམ་ལ་

བསྐྱར་དུ་དགོངས་བཞེད་ཡོང་བ་ཞེས་བཀའ་ལན་འདི་དག་ཕྱིར་འབུལ་ཞུས་ པར། སླར་ཡང་བཀའ་བསྡུར་གནང་སྟེ་ཕྱི་ཚེས་ ༢༦ ཉིན་གྲོས་ཆོད་བསྣོལ་ 316


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འཇོག་ནང་བཀའ་ལན་བསྐྱར་དུ་གནང་ཡོད། ༣༽

བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་གཞོན་ནུས་

བསམ་ཚུལ་ཞུས་པར་བཀའ་ལན་ཐག་གཅོ ད ་གནང་སྐོར་གསར་ཤོ ག ་ཏུ་

འགོད་གཏོང་གནང་འོས་གནང་རྒྱུ། ཡང་དེའི་རྗེས་གནས་ཚུལ་འདི་དང་འབྲེལ་

བའི་ཐོག་ཕྱི་ལོ་ ༡༩༧༨ ཟླ་ ༨ ཚེས་ ༢༦ ཉིན་རྒྱུན་ལས་འཕར་ཚོགས་ཐོག་

གི་ཚིག་ཐོ་དང་གྲོས་ཆོད་ཇི་བཞིན་བཀོད་པ་འདི་ལྟར། ཚོགས་གཙོ་མཆོག་

ནས། ཚོགས་འདུ་དབུ་འཛུགས་གནང་སྟེ། ཁ་ཉིན་ཕྱི་ཚེས་ ༢༤ ཉིན་དབུས་ གཞོན་ནུའི་ཚོགས་གཙོ་དང༌།

དྲུང་ཆེ་སོགས་སྤྱི་འཐུས་ལྷན་ཁང་དུ་ཆེད་

བཅར་ཞུ་གསལ་དུ། བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་ལ་ གཞོ ན ་ནུའི ་ བསམ་ཚུལ་ཞུས་པར་ (མཚམས་འདི ་ ནས་གཤམ་གསལ་དོ ན ་གནད་

ཁག་ཅི ག ་གི ་ ནང་བོ ད ་མི ་ མང་སྤྱི ་ འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་སྐོར་ལ་གཞོ ན ་ནུའི ་

བསམ་ཚུལ་ཞེས་བསྐྱར་ཟློས་ཡང་ཟློས་ལྟ་བུར་སྣང་ཡང་དེ་མུར་མ་བཀོད་ཚེ་ལོ་རྒྱུས་ལ་ ཆད་ལྷག་བྱུང་ཉེན་མཐོང་བས་འདི་ལྟར་བཀོད་དགོས་བྱུང་།)

རང་གཞུང་རྒྱུན་ལས་

ཚོགས་འདུ་ནས་ཐག་གཅོད་གནང་བའི་བཀའ་ལན་ཡིག་ཐོག་ཕེབས་དགོངས་

བཞིན་རྩ་བའི་བཀའ་དོན་ལྟར་ཞུ་རྒྱུ་ལས་མེད་ཅིང༌། བཀའ་ལན་ནང༌། ༼༡༽ ཆོལ་ཁའི་སྐོར་འཁོད་འདུག་པ་ཡར་མ་ཞུས་པར་མར་བཀའ་ལན་གནང་འདུག

༼༢༽

བཀའ་ལན་ནང་དངོས་སུ་ལག་ལེན་བསྟར་སྐབས་དཀའ་ངལ་འཕྲད་

གཞིའི་སྐོར་ཞེས་པ་ལས་གནད་དོན་གསལ་བཤད་མ་གནང་བ།

༼༣༽

གཞོན་ནུ་ཐུན་མོང་གི་ཞུ་གསལ་དུ་ཆོལ་ཁའི་ཐ་སྙད་རིམ་ཡལ་ཞེས་པ་ཚིག་

ཐལ་བྱུང་ཡོ ད ་ན་ཕྱི ར ་འཐེ ན ་ཞུས་ཆོ ག ་པ་ཞུས་ལུགས་གསལ་བ་འདི ་ སྐོར་

གཞོ ན ་ནུའི ་ སློ བ ་སྟོན་པ་བསྟན་པ་ཚེ ་ རི ང ་ནས་ཞུ་དོ ན ་དུ་སྐབས་དེ ར ་གུས་

པས་ཞུ་ཡག་ལ།

ཆོལ་ཁའི་ཐ་སྙད་རིམ་ཡལ་བརྗོད་ཚིག་སྐོར་གཞོན་ནུའི་

འགན་འཛིན་ལྷན་ཚོགས་ལ་གོ་བསྡུར་བྱས་ན་མ་གཏོགས། ང་ཚོ་འདིར་ཡོད་ 317


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ནས་ཐག་གཅོད་མི་ཐུབ་ཞུས་པ་ལས། ཕྱིར་འཐེན་ཞུ་རྒྱུ་རྩ་བ་ནས་ཞུས་མེད་

ཅེས་དང༌། དེ་ཡང་ང་སྒེར་གྱི་བསམ་ཚུལ་ཡིན་པ་ལྟར་གོང་གསལ་དོན་ཚན་

གསུམ་ལ་བསྐྱར་དུ་དགོངས་བཞེས་ཡོང་བ་སོགས་ཞུས་ཏེ། ཡིག་ཐོག་བཀའ་ ལན་གནང་བ་ཕྱིར་འབུལ་ཞུས་སོང་བ་དང༌། མ་ཟད་ཞུ་དོན་ནང་ད་ལམ་རྒྱུན་

ལས་ཚོ ག ས་འདུའི ་ བཀའ་ལན་གནང་བ་རྣམས་ས་གནས་ཁག་ཏུ་འགྲེམས་

གཏོང་སྐབས་རྒྱུ་མཚན་གསལ་བཤད་བྱ་རྒྱུ་ཡོད་པ་མ་བྱུང་ན་སྦུག་ཚིག་གི་

ཕན་ཐོགས་མེད་ལུགས་ཞུས་འདུག་པ་འདི་སྐོར་ལན་འདེབས་སུ། ང་རང་ཚོ་ ཚང་མ་རུག་འཛོམས་ཐོག་ཕན་ཚུན་དགེ་སྐྱོན་གསལ་བཤད་དང༌། གོ་བསྡུར་

བཅས་ཤོད་རེས་བྱས་སྙིང་རྒྱུན་ལས་ཚོགས་འདུ་ནས་མང་མོས་ཐག་ཆོད་ཇི་

བྱུང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་རྒྱུན་ལས་ནས་སྙན་སེང་ཞུས་པའི་

ཕྱིར་ཕེབས་སོགས་སླར་ཡང་འགྲེལ་བརྗོད་གསལ་པོར་བྱས་པ་ཡིན་རུང་ཨུ་

ཚུགས་ཞུ་འདུག་པ་ད་ཆ་ཇི ་ དགེ འི ་ ཡང་བསྐྱར་བཀའ་བསྡུར་གནང་དགོ ས ་

གསུངས་པ་དང་བགྲོ་གླེང་ཞིབ་རྒྱས་གནང་རྗེས།

མཐའ་དོན།

གཞོན་ནུར་བཀའ་ལན་སྔོན་སྩལ་གཞིར་བཞག་ཐོག་

ཚིག་བརྗོད་སྣོན་འཕྲི་གནང་འོས་གནང་རྒྱུར་མང་མོས་བྱུང་།

བོ ད ་མི ་ མང་སྤྱི ་ འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་ལ་ལེ ག ས་ཆའི ་

བསྒྱུར་བཅོས་དགོས་པའི་གཞོན་ནུའི་གྲོས་ཆོད་ཤོག་ལྷེ་ཞིག་ལས་བསྡོམས་ ཚོགས་ཆེན་ཐེངས་ ༩ པར་འགྲེམས་སྤེལ་ཞུས་པ་དང་ཆབས་ཅིག་ཚོགས་ བཅར་གཞོན་ནུའི་འཐུས་མི་ཟུང་ནས་བསམ་འཆར་ཡང་ཞུས་པ་དང༌།

དེ་

རྗེས་དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་ནས་དབུས་གཞོན་ནུའི་རྒྱུན་ལས་

པར་དྲི་བ་དྲིས་ལན་སྔ་རྗེས་གཉིས་ཀྱི་ངོ་བཤུས་བཅས་རང་གཞུང་རྒྱུན་ལས་

ཚོ ག ས་འདུར་ཕུལ་ཐོ ག ་ཞབས་བསྐུལ་ཡང་ཞུ་བྱས་པར་བརྟེན་རྒྱུན་ལས་

ཚོགས་འདུ་ནས་བཀའ་བསྡུར་སྔ་རྗེས་བསྐྱངས་པ་མ་ཟད་དབུས་གཞོན་ནུའི་ 318


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

རྒྱུན་ལས་པ་དང༌། སློབ་སྟོན་པ། དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་བཅས་

རྒྱུན་ལས་ཚོགས་འདུར་ཆེད་འབོད་ངོ་འཛོམས་ཐོག་ཕན་ཚུན་གོ་བསྡུར་སྦྱང་

བཤད་གནང་སྟེ། མཐའ་དོན་རྒྱུན་ལས་ཚོགས་འདུའི་མང་མོས་ཐག་ཆོད་ཇི་ བྱུང་ྋགོང་ས་ྋསྐྱབས་མགོན་ཆེན་པོར་སྙན་སེང་བཀའ་འཁྲོལ་དགོངས་དོན་

གཞི ར ་བཟུང་ཡི ག ་ཐོ ག ་བཀའ་ལན་བསྩལ་བ་དེ ར ་གཞོ ན ་ནུ་ཐུན་མོ ང ་ནས་

སླར་ཡང་ཚོགས་གཙོ་བརྒྱུད་སྙན་སེང་ཞུ་གསལ་དུ། རྩ་བའི་བཀའ་དོན་ལྟར་

ཞུ་རྒྱུ་ཡིན་ཡང༌། བཀའ་ལན་འབྲུ་དོན་ནང༌། ༼༡༽ ཆོལ་ཁའི་སྐོར་ཡར་མ་ ཞུས་པར་མར་བཀའ་ལན་གནང་འདུག ༼༢༽ དངོས་སུ་ལག་ལེན་བསྟར་

སྐབས་དཀའ་ངལ་འཕྲད་གཞི་ཞེས་པ་ལས་དཀའ་ངལ་ཇི་འཕྲད་གསལ་བཤད་

གནང་མེད་པ། ༼༣༽ ཆོལ་ཁའི་ཐ་སྙད་རིམ་ཡལ་ཞེས་པའི་བརྗོད་ཚིག་ཕྱིར་ འཐེན་ཞུ་རྒྱུའི་ཁས་ལེན་ཞུས་མེད་ཀྱང༌།

བཀའ་ལན་ནང་ཕྱིར་འཐེན་ཞུ་རྒྱུ་

ལན་དེ་ཡང་ཕྱིར་འབུལ་ཞུས་པར་བརྟེན།

རྒྱུན་ལས་ནས་བསྐྱར་དུ་བཀའ་

བྱས་ལུགས་གསལ་འདུག་པ་བཅས་གོང་གསལ་ཞུ་དོན་གསུམ་པོར་བསྐྱར་

དུ་དགོ ང ས་བཞེ ས ་དགོ ས ་ལུགས་ཞུ་བ་དང་ཆབས་ཅི ག ་སྔོ ན ་བསྩལ་བཀའ་ བསྡུར་གནང་ཞིང༌།

རྩ་བའི་སྔོན་བསྩལ་བཀའ་ལན་གཞིར་བཟུང་གནང་རྒྱུ་

ཡིན་པ་དང༌། འོན་ཏེ་ཞུ་དོན་ཁོངས་སྙིང་དོན་གསལ་བཤད་དང༌། སྣོན་འཕྲི་ གནང་འོས་གནང་སྟེ་བཀའ་ལན་གནང་རྒྱུའི་བརྗོད་དོན་དུ།

བོད་མི་མང་སྤྱི་

འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་ལ་ལེ ག ས་ཆའི ་ བསྒྱུར་བཅོ ས ་དགོ ས ་པའི ་ གཞོན་ནུའི་གྲོས་ཆོད་ཤོག་ལྷེ་ཞིག་ལས་བསྡོམས་ཚོགས་ཆེན་ཐེངས་ ༩ པར་

འགྲེམས་སྤེ ལ ་ཞུས་པ་དང་ཆབས་ཅི ག ་ཚོ ག ས་བཅར་གཞོ ན ་ནུའི ་ འཐུས་མི ་

ཟུང་ནས་བསམ་འཆར་ཡང་ཞུས་པ་དང༌། དེ་རྗེས་དྷ་ས་ས་གནས་གཞོན་ནུའི་ རྒྱུན་ལས་ནས་དབུས་གཞོ ན ་ནུའི ་ རྒྱུན་ལས་པར་དྲི་བ་དྲིས་ལན་སྔ་རྗེ ས ་

གཉི ས ་ཀྱི ་ ངོ ་ བཤུས་བཅས་རང་གཞུང་རྒྱུན་ལས་ཚོ ག ས་འདུར་ཕུལ་ཐོ ག ་ 319


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཞབས་བསྐུལ་ཡང་ཞུ་བྱས་པར་བརྟེན་རྒྱུན་ལས་ཚོ ག ས་འདུ་ནས་བཀའ་ བསྡུར་སྔ་རྗེས་བསྐྱངས་པ་མ་ཟད་དབུས་གཞོན་ནུའི་རྒྱུན་ལས་པ་དང༌། སློབ་ སྟོན་པ། དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་དང༌། དྲུང་ཆེ་བཅས་རྒྱུན་ ལས་ཚོགས་འདུར་ཆེད་འབོད་ངོ་འཛོམས་ཐོག་ཕན་ཚུན་སྦྱང་བཤད་དང༌། གོ་ བསྡུར། གནད་དཀྲོལ་བཅས་གནང་བའི་མཐའ་དོན་དུ།

གོ ང ་གསལ་ལས་བསྡོ མ ས་ཚོ ག ས་ཆེ ན ་ཐོ ག ་འགྲེམས་སྤེ ལ ་ཞུས་

པའི་གཞོན་ནུའི་གྲོས་ཆོད་དོན་ཚན་ལྔ་པའི་ནང༌།

ད་ཕན་སྤྱི་འཐུས་འོས་

འདེམས་གནང་སྲོལ་འདིས་རང་བཞིན་ཆོལ་ཁའི་རྣམ་འགྱུར་དབྱེ་འབྱེད་ཀྱིས་

བསམ་ཤུགས་ལྷག་བསྐྱེད་དོ ག ས་རྐྱེ ན ་ཆེ ་ བས་ད་ཆ་རང་རེ འི ་ བཙན་བྱོ ལ ་ བའི་གནས་སྟངས་དངོས་ཡོད་ལ་གོ་བསྟུན་བསམ་གཞིགས་དང་འབྲེལ་བའི་

ཆོལ་ཁའི་མཐོང་ཚུལ་ཆུང་དུ་འགྲོ་རྒྱུ་སྨོས་མེད་ཁར། འབྱུང་འགྱུར་ཆོལ་ཁའི་

ཐ་སྙད་རི མ ་ཡལ་གྱི ས ་བོ ད ་རི ག ས་ཆི ག ་བསྒྲི ལ ་ནུས་སྟོབས་རི མ ་རྒྱས་སུ་ འགྱུར་བའི་དགེ་ཕན་ཆེ་བ་བཅས་ལ་བརྟེན།

སླད་ནས་འོས་གཞིར་ཆོལ་ཁ་

གསུམ་ད་མུས་རང་འཇགས་ཐོག གཞོན་ནུ་ཡིན་ནོ་ཅོག་ནས་ཆོལ་ཁ་གསུམ་

གའི་འོས་གཞིར་འོས་འདེམས་ཞུ་རྒྱུ་དང༌། དེ་མཚུངས་རིས་སུ་མ་ཆད་པའི་

བོ ད ་མི ་ རེ ་ རེ ་ ནས་ཆོ ལ ་ཁ་གསུམ་གའི ་ འཐུས་མི འི ་ འོས ་ཤོ ག ་བསྡུ་འདེ མ ས་

ཐོ བ ་ཐང་འབྱུང་ཐབས་ཐོ ག ་སྤྱི ་ འཐུས་འོས ་མི ང ་རྣམས་ཀྱི ་ ལོ ་ རྒྱུས་ཞི བ ་ཆ་ དང༌། འདྲ་དཔར་བཅས་སྔ་འཚུད་མངོན་ཆེའི་འགྲེམས་སྤེལ་དོན་སྨིན་འབྱུང་

བའི་འབོད་བསྐུལ་སྙན་སེང་ཞུ་རྒྱུ་ཞེས་གསལ་བ། རྩ་བའི་གཞོན་ནུའི་བསམ་

ཚུལ་དེ་དག་ལྷག་བསམ་བཟང་པོའི་སྒོ་ནས་ཞུས་པ་དེ་ལྟར་ཡང༌། ཆོལ་ཁའི་ཐ་

སྙད་སྐོར་ལ། རྒྱ་མིས་བོད་ཡུལ་དུམ་བུར་གཏོང་རྒྱུའི་ངན་སེམས་ཞེ་ལ་བཞག་

སྟེ། དཔེར་ན། ཤིའི་ཙང་ཞེས་དབུས་གཙང་ཁུལ་དང༌། མདོ་སྟོད་སྨད་གཉིས་

ཆིང་ཧད་དང༌། ཀན་སུ། ཟི་ཁྲོན། ཡུ་ནན་བཅས་ཀྱི་རྒྱའི་མངའ་སྡེའི་ཁོངས་སུ་ 320


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བཅུག་སྟེ། མིང་ཚིག་འདྲ་མིན་སྣ་ཚོགས་ཀྱིས་དྲིལ་བསྒྲགས་རྒྱ་ཆེ་བྱས་དང་

བྱེ ད ་བཞིན ་པའི་ དམི ག ས་ཡུལ་མདོ ་ དོ ན ་བོ ད ་ཅེ ས ་ཡོ ངས་ཁྱབ་ཀྱི་ ཐ་སྙད་དེ ་ བཞིན་བོད་ཀྱི་ནང་གསེས་སྡེ་ཚན་ཆུང་ངུ་ཞིག་ལ་གོ་ཐབས་ཀྱི་སྲིད་བྱུས་ངན་

པ་འདིར། རང་ཕྱོགས་ནས་དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌། བོད་

ཅེས་པའི་རྒྱལ་ཁབ་ཀྱི་ཁྱབ་ཁོངས་གསལ་པོར་སྟོན་པའི་ཆེད་དུ་བོད་ཆོལ་ཁ་

གསུམ་ཞེས་ཐ་སྙད་སྔ་རབས་ནས་ཡོད་པ་འདི་བཞིན་ཕྱི་ལོ་ ༡༩༥༩ ལོར་

བཙན་བྱོ ལ ་དུ་འབྱོ ར ་རྗེ ས ་རང་གཞུང་ནས་འཕྲལ་ཕུགས་དགོ ས ་པ་དགེ ་ མཚན་ལ་དགོ ང ས་བཞེ ས ་ཀྱི ས ་བེ ད ་སྤྱོ ད ་དང་ཕྱག་བཞེ ས ་མཛད་མུས་སུ་ ཡོད༑

དེ ་ བཞི ན ་ད་ལྟའི ་ སྤྱི ་ འཐུས་འོ ས ་འདེ མ ས་བྱེ ད ་ཕྱོ ག ས་ལ་བསྒྱུར་

བཅོས་དགོས་ལུགས་ཞུ་སྐོར། འོས་གཞི་འདེམས་སྒྲུག་སྐབས་མི་གྲངས་ ༢༥

རེ ་ ཡོ ད ་པའི ་ ཚོ ག ས་ཆུང་ཚང་མའི ་ ནང་ཆོ ལ ་ཁ་གསུམ་གའི ་ མི ་ མང་ཚང་བ་ ཞིག་ཡོང་སྟངས་མེད་གཤིས་ཚོགས་མི་མེད་པའི་ཆོལ་ཁ་དེའི་འོས་དམིགས་

ཀྱི་མི་འགྲོ་སུ་འོས་རྒྱུས་མངའ་མེད་རྐྱེན་དྲག་འདེམས་མ་ཐུབ་པ་དང༌། རྩ་བའི་

ཆོ ལ ་ཁ་གསུམ་སོ ་ སོ འི ་ འཐུས་མི འི ་ གྲངས་ཚད་སྔར་མུས་ཡོ ད ་ནའང་འོས ་

འདེམས་སྐབས་མང་མོས་དགོས་སྟབས་ཆོལ་ཁ་གསུམ་གའི་མང་ཚོགས་ནས་ འོས་འཕེན་བྱས་ན་ཆོལ་ཁ་གང་ཞིག་གི་འོས་མིར་ཆོལ་ཁ་དེའི་མང་ཚོགས་ཀྱི་

བློ་མོ ས ་ཡོ ད ་མེ ད ་ལ་མ་ལྟོས་པར་ཆོ ལ ་ཁ་གཞན་གཉི ས ་ཀྱི ་ འདོ ད ་དབང་ལ་

ཕྱིན་ཏེ། མདོ་དོན་ཆོལ་ཁ་དེའི་སྤྱི་འཐུས་ཀྱི་མིང་ཙམ་ལས། ཆོལ་ཁ་རང་

ཁོ ངས་མང་ཚོ ག ས་ཀྱི་ འདོ ད་མོ ས ་ཇི་ བཞིན ་མ་བྱུང་བའི་ སྐྱོན་གནད་ཡོད་པ་ སོ ག ས་ཞི བ ་ཕྲའི ་ གནས་ལུགས་གོ ་ བསྡུར་ཇི ་ བྱུང་བློ་མངའ་(མངགས)ལྟར།

དེ ས ་ན་ཆོ ལ ་ཁ་གསུམ་གྱི ་ ཐ་སྙད་དང་འོས ་བསྡུ་བྱེ ད ་ཕྱོ ག ས་བཅས་རང་ འཇགས་འཇོག་རྒྱུར་དགོས་པ་རྒྱུ་མཚན་ཆེ་བ་མཐོང་སྟེ། མང་མོས་ཐག་ཆོད་ 321


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བྱུང་ལུགས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་ྋསྙན་སེང་ལྷོང་གསོལ་ཞུས་

པའི་ཕྱིར་ཕེབས་བྱུང་སོང་བ་ལྟར་དེ་དོན་རྩ་འཛིན་གནང་དགོས་བཅས་བཀོད་

དེ ་ ཚོ ག ས་དྲུང་བརྒྱུད་དབུས་གཞོ ན ་ནུའི ་ སྤྱི ་ ཁྱབ་རྒྱུན་ལས་སུ་གནང་རྒྱུའི ་

གྲོས་ཆོད་དུ།”

(1)

ཞེས་གསལ་འདུག

གོ ང ་གསལ་གྲོས་ཆོ ད ་དགོ ང ས་དོ ན ་རྒྱུན་ལས་ཚོ ག ས་འདུ་ནས་

གསལ་བསྒྲགས་གནང་བ་འདི་ལྟར། “ བོད་མི་མང་སྤྱི་འཐུས་འདེམས་བསྐོ་

བྱེད་ཕྱོགས་ལ་ལེགས་ཆའི་བསྒྱུར་བཅོས་དགོས་པའི་བོད་རིགས་གཞོན་ནུའི་

ལྷན་ཚོགས་ནས་གྲོས་ཆོད་ཤོག་ལྷེ་ཞིག་ལོ་འཁོར་ལས་བསྡོམས་ཚོགས་ཆེན་

ཐེ ང ས་དགུ་པར་འགྲེམས་སྤེ ལ ་ཞུས་པ་དང་ཆབས་ཅི ག ་བསམ་འཆར་ཡང་

ཞུས་ཤིང༌། དེ་རྗེས་དྷ་ས་གཞོན་ནུའི་རྒྱུན་ལས་ནས་དབུས་གཞོན་ནུའི་རྒྱུན་ ལས་པར་དྲི་བ་དྲིས་ལན་སྔ་རྗེས་གཉིས་ཀྱི་ངོ་བཤུས་བཅས་རང་གཞུང་རྒྱུན་

ལས་ཚོ ག ས་འདུར་ཕུལ་ཐོ ག ་རྒྱུན་ལས་ཚོ ག ས་འདུ་ནས་བཀའ་བསྡུར་སྔ་ རྗེས་བསྐྱངས་པ་དང༌། ད་ལམ་དབུས་གཞོན་ནུའི་རྒྱུན་ལས་དང་སློབ་སྟོན་པ།

དྷ་ས་གཞོ ན ་ནུའི ་ རྒྱུན་ལས་བཅས་རང་གཞུང་རྒྱུན་ལས་ཚོ ག ས་འདུར་ཆེ ད ་ འབོད་ངོ་འཛོམས་ཐོག་ཕན་ཚུན་སྦྱང་བཤད་དང༌། གོ་བསྡུར། གནད་དཀྲོལ་ བཅས་གནང་ཞིང༌།

རྩ་བའི་གཞོན་ལྷན་གྱི་བསམ་ཚུལ་འདི་དག་རྒྱལ་ཞེན་

ལྷག་བསམ་བཟང་པོའི་སྒོ་ནས་ཞུས་པ་དེ་ལྟར་ཡང༌། བསྟར་སྐབས་དཀའ་གནད་འཕྲད་གཞི་མ་ཟད།

དངོས་སུ་ལག་ལེན་

ཆོལ་ཁའི་ཐ་སྙད་འདི་དག་

དགོ ས ་པ་དགེ ་ མཚན་ཡོ ད ་སྐོར་ཞི བ ་མོ ལ ་འགྲེལ་བཤད་ལྷུག་འདོ ན ་གནང་ ཞིང༌།

དོན་དུ་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་ད་མུས་རང་འཇགས་

འཇོ ག ་གནང་མཛད་རྒྱུར་ཐུགས་གཏན་འཁེ ལ ་བའི ་ གསལ་བསྒྲགས་སུ།”

1ཕྱི་ལོ་ ༡༩༧༨ ལོའི་ཟླ་ ༨ ཚེས་ ༢༦ ཉིན་ཆེས་མཐོའི་རྒྱུན་ལས་འཕར་འཚོགས་ཀྱི་ཚིག་ཐོའི་ ག-༡༩༧༨༡༩༧༩ ལ་གསལ།

322


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཞེས་གསལ་འདུག

(1)

དབུས་གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཁང་ལ་བོད་གཞུང་ཆེས་མཐོའི་

བོ ད ་མི ་ མང་སྤྱི ་ འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་ལ་ལེ ག ས་ཆའི ་

རྒྱུན་ལས་ཚོགས་འདུ་ནས་ཡིག་ཆུང་བཏང་གནང་བ་འདི་ལྟར།

“དབུས་

གཞོན་ནུའི་སྤྱི་ཁྱབ་རྒྱུན་ལས་ཐུན་མོང་ལ། ཆེད་ཞུ།

བསྒྱུར་བཅོས་དགོས་པའི་གཞོན་ནུའི་གྲོས་ཆོད་ཤོག་ལྷེ་ཞིག་ལས་བསྡོམས་ ཚོགས་ཆེན་ཐེངས་ ༩ པར་འགྲེམས་སྤེལ་ཞུས་པ་དང་ཆབས་ཅིག་ཚོགས་ བཅར་གཞོན་ནུའི་འཐུས་མི་ཟུང་ནས་བསམ་འཆར་ཡང་ཞུས་པ་དང༌།

དེ་

རྗེས་དྷ་ས་ས་གནས་གཞོན་ནུའི་རྒྱུན་ལས་ནས་དབུས་གཞོན་ནུའི་རྒྱུན་ལས་

པར་དྲི་བ་དྲིས་ལན་སྔ་རྗེས་གཉིས་ཀྱི་ངོ་བཤུས་བཅས་རང་གཞུང་རྒྱུན་ལས་

ཚོ ག ས་འདུར་ཕུལ་ཐོ ག ་ཞབས་བསྐུལ་ཡང་ཞུ་བྱས་པར་བརྟེན་རྒྱུན་ལས་

ཚོགས་འདུ་ནས་བཀའ་བསྡུར་སྔ་རྗེས་བསྐྱངས་པ་མ་ཟད་དབུས་གཞོན་ནུའི་ རྒྱུན་ལས་པ་དང༌། སློབ་སྟོན་པ། དྷ་ས་ས་གནས་གཞོན་ནུའི་ཚོགས་གཙོ་དང༌། དྲུང་ཆེ་བཅས་རྒྱུན་ལས་ཚོགས་འདུར་ཆེད་འབོད་ངོ་འཛོམས་ཐོག་ཕན་ཚུན་

སྦྱང་བཤད་དང༌། གོ་བསྡུར། གནད་དཀྲོལ་བཅས་གནང་བའི་མཐའ་དོན་དུ།

གོང་གསལ་ལས་བསྡོམས་ཚོགས་ཆེན་ཐོག་འགྲེམས་སྤེལ་ཞུས་པའི་གཞོན་ ནུའི་གྲོས་ཆོད་དོན་ཚན་ལྔ་པའི་ནང༌། ད་ཕན་སྤྱི་འཐུས་འོས་འདེམས་གནང་

སྲོལ་འདིས་རང་བཞིན་ཆོལ་ཁའི་རྣམ་འགྱུར་དབྱེ་འབྱེད་ཀྱིས་བསམ་ཤུགས་

ལྷག་བསྐྱེད་དོགས་རྐྱེན་ཆེ་བས་ད་ཆ་རང་རེའི་བཙན་བྱོལ་བའི་གནས་སྟངས་

དངོ ས ་ཡོ ད ་ལ་གོ ་ བསྟུན་བསམ་གཞི ག ས་དང་འབྲེ ལ ་བའི ་ ཆོ ལ ་ཁའི ་ མཐོ ང ་

ཚུལ་ཆུང་དུ་འགྲོ་རྒྱུ་སྨོས་མེད་ཁར། འབྱུང་འགྱུར་ཆོལ་ཁའི་ཐ་སྙད་རིམ་ཡལ་ གྱིས་བོད་རིགས་ཆིག་བསྒྲིལ་ནུས་སྟོབས་རིམ་རྒྱས་སུ་འགྱུར་བའི་དགེ་ཕན་

1

བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༩།༡ ཤོག་གྲངས་ ༦ པར་གསལ།

323


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ་བ་བཅས་ལ་བརྟེན། འཇགས་ཐོག

སླད་ནས་འོས་གཞིར་ཆོལ་ཁ་གསུམ་ད་མུས་རང་

གཞོན་ནུ་ཡིན་ནོ་ཅོག་ནས་ཆོལ་ཁ་གསུམ་གའི་འོས་གཞིར་

འོས་འདེམས་ཞུ་རྒྱུ་དང༌། དེ་མཚུངས་རིས་སུ་མ་ཆད་པའི་བོད་མི་རེ་རེ་ནས་

ཆོ ལ ་ཁ་གསུམ་གའི ་ འཐུས་མི འི ་ འོས ་ཤོ ག ་བསྡུ་འདེ མ ས་ཐོ བ ་ཐང་འབྱུང་

ཐབས་ཐོག་སྤྱི་འཐུས་འོས་མིང་རྣམས་ཀྱི་ལོ་རྒྱུས་ཞིབ་ཆ་དང༌། འདྲ་དཔར་

བཅས་སྔ་འཚུད་མངོ ན ་ཆེ འི ་ འགྲེམས་སྤེ ལ ་དོ ན ་སྨི ན ་འབྱུང་བའི ་ འབོ ད ་སྐུལ་ སྙན་སེང་ཞུ་རྒྱུ་ཞེས་གསལ་བ།

རྩ་བའི ་ གཞོ ན ་ནུའི ་ བསམ་ཚུལ་དེ ་ དག་ལྷག་བསམ་བཟང་པོ འི ་ སྒོ ་

ནས་ཞུས་པ་དེ་ལྟར་ཡང༌། ཆོལ་ཁའི་ཐ་སྙད་སྐོར་ལ། རྒྱ་མིས་བོད་ཡུལ་དུམ་

བུར་གཏོང་རྒྱུའི་ངན་སེམས་ཞེ་ལ་བཞག་སྟེ། དཔེར་ན། ཤིའི་ཙང་ཞེས་དབུས་

གཙང་ཁུལ་དང༌། མདོ་སྟོད་སྨད་གཉིས་ཆིང་ཧད་དང༌། ཀན་སུ། ཟི་ཁྲོན། ཡུ་ ནན་བཅས་ཀྱི་རྒྱའི་མངའ་སྡེའི་ཁོངས་སུ་བཅུག་སྟེ།

མིང་ཚིག་འདྲ་མིན་སྣ་

ཚོ ག ས་ཀྱི ས ་དྲིལ་བསྒྲགས་རྒྱ་ཆེ ་ བྱས་དང་བྱེ ད ་བཞི ན ་པའི ་ དམི ག ས་ཡུལ་ མདོ ་ དོ ན ་བོ ད ་ཅེ ས ་ཡོ ང ས་ཁྱབ་ཀྱི ་ ཐ་སྙད་དེ ་ བཞི ན ་བོ ད ་ཀྱི ་ ནང་གསེ ས ་སྡེ ་

ཚན་ཆུང་ངུ་ཞིག་ལ་གོ་ཐབས་ཀྱི་སྲིད་བྱུས་ངན་པ་འདིར། རང་ཕྱོགས་ནས་ དངོས་ཡོད་གནས་ཚུལ་དང་མཐུན་ཞིང༌།

བོད་ཅེས་པའི་རྒྱལ་ཁབ་ཀྱི་ཁྱབ་

ཁོ ང ས་གསལ་པོ ར ་སྟོན་པའི ་ ཆེ ད ་དུ་བོ ད ་ཆོ ལ ་ཁ་གསུམ་ཞེ ས ་ཐ་སྙད་སྔ་

རབས་ནས་ཡོད་པ་འདི་བཞིན་ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་དུ་འབྱོར་རྗེས་ རང་གཞུང་ནས་འཕྲལ་ཕུགས་དགོས་པ་དགེ་མཚན་ལ་དགོངས་བཞེས་ཀྱིས་ བེད་སྤྱོད་དང་ཕྱག་བཞེས་མཛད་མུས་སུ་ཡོད།

དེ་བཞིན་ད་ལྟའི་སྤྱི་འཐུས་

འོས་འདེམས་བྱེད་ཕྱོགས་ལ་བསྒྱུར་བཅོས་དགོས་ལུགས་ཞུ་སྐོར། འོས་གཞི་

འདེམས་སྒྲུག་སྐབས་མི་གྲངས་ ༢༥ རེ་ཡོད་པའི་ཚོགས་ཆུང་ཚང་མའི་ནང་

ཆོལ་ཁ་གསུམ་གའི་མི་མང་ཚང་བ་ཞིག་ཡོང་སྟངས་མེད་གཤིས་ཚོགས་མི་ 324


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

མེད་པའི་ཆོལ་ཁ་དེའི་འོས་དམིགས་ཀྱི་མི་འགྲོ་སུ་འོས་རྒྱུས་མངའ་མེད་རྐྱེན་

དྲག་འདེམས་མ་ཐུབ་པ་དང༌།

རྩ་བའི་ཆོལ་ཁ་གསུམ་སོ་སོའི་འཐུས་མིའི་

གྲངས་ཚད་སྔར་མུས་ཡོ ད ་ནའང་འོས ་འདེ མ ས་སྐབས་མང་མོ ས ་དགོ ས ་ སྟབས་ཆོལ་ཁ་གསུམ་གའི་མང་ཚོགས་ནས་འོས་འཕེན་བྱས་ན་ཆོལ་ཁ་གང་

ཞིག་གི་འོས་མིར་ཆོལ་ཁ་དེའི་མང་ཚོགས་ཀྱི་བློ་མོས་ཡོད་མེད་ལ་མ་ལྟོས་

པར་ཆོལ་ཁ་གཞན་གཉིས་ཀྱི་འདོད་དབང་ལ་ཕྱིན་ཏེ། མདོ་དོན་ཆོལ་ཁ་དེའི་ སྤྱི་འཐུས་ཀྱི་མིང་ཙམ་ལས། ཆོལ་ཁ་རང་ཁོངས་མང་ཚོགས་ཀྱི་འདོད་མོས་

ཇི་བཞིན་མ་བྱུང་བའི་སྐྱོན་གནད་ཡོད་པ་སོགས་ཞིབ་ཕྲའི་གནས་ལུགས་གོ་ བསྡུར་ཇི་བྱུང་བློ་མངའ་(མངགས)ལྟར།

དེས་ན་ཆོལ་ཁ་གསུམ་གྱི་ཐ་སྙད་

དང་འོས ་བསྡུ་བྱེ ད ་ཕྱོ ག ས་བཅས་རང་འཇགས་འཇོ ག ་རྒྱུར་དགོ ས ་པ་རྒྱུ་

མཚན་ཆེ་བ་མཐོང་སྟེ། མང་མོས་ཐག་ཆོད་བྱུང་ལུགས་ྋགོང་ས་ྋསྐྱབས་

མགོན་ཆེན་པོར་ྋསྙན་སེང་ལྷོང་གསོལ་ཞུས་པའི་ཕྱིར་ཕེབས་བྱུང་སོང་བ་

ལྟར་དེ་དོན་རྩ་འཛིན་གནང་དགོས་བཅས་བོད་གཞུང་རྒྱུན་ལས་ཚོགས་འདུ་

ནས། ༡༩༧༨ ཟླ་ ༨ ཚེས་ ༢༨ ལ།”

(1)

ཞེས་གསལ།

སྤྱི ་ འཐུས་སྐབས་བདུན་པའི ་ འདེ མ ས་བསྐོ་ལྷན་ཚོ ག ས་ནས་སྤྱི ་

འཐུས་འོས་བསྡུ་དང་འབྲེལ་བའི་གསལ་བསྒྲགས་གནང་བ་འདི་ལྟར། “ཕྱི་ལོ་ ༡༩༧༨ ཟླ་ ༧ ཚེས་ ༡༤ འཁོད་པའི་ཞིབ་ཆའི་ལས་རིམ་དུས་ཚེས་གཏན་

འབེབས་ཀྱི་རེའུ་མིག་དང༌། བྱེད་སྒོའི་གསལ་བསྒྲགས་སྔོན་ཟིན་ལྟར་སྐབས་

བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་གཞིར་དང་བླངས་འཛུལ་ཞུགས་བྱ་

རྒྱུའི་དུས་ཚེས་ཕྱི་ལོ་ ༡༩༧༨ ཟླ་ ༡༠ ཚེས་ ༥ ནས་བདུན་གཅིག་རིང་ཡིན་ སྟབས། དང་བླངས་འཛུལ་ཞུགས་བྱ་མི་སུ་ཡོད་ཀྱི་རང་རང་གནས་ཡུལ་ས་

གནས་འདེ མ ས་བསྐོ་ཚོ ག ས་ཆུང་ནས་གོ ང ་གསལ་དུས་ཚེ ས ་ནང་འགེ ང ས་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༡༠།༢༠ ཤོག་གྲངས་ ༥།༦ པར་གསལ། 325


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཤོག་ཞུ་ལེན་བསྐང་འབུལ་ཆ་ཚང་ཐུབ་པ་དགོས་གཤིས། སྒྲིག་གཞིའི་དགོངས་དོན་སྤྱི་དང༌།

འདེམས་བསྐོའི་

ལྷག་པར་ནང་གསེས་དོན་ཚན་

༡༢།༡༣།༡༤།༡༥།༢༡།༢༢། སོ་སོ་འདི་ནས་གཏན་འབེབས་དུས་ཚེས་གསལ་

བསྒྲགས་ཀྱི ་ རེ འུ ་མི ག ་སོ ག ས་འབྲེ ལ ་ཡོ ད ་རྩ་འཛི ན ་ཡི ག ་ཆ་ཁག་ས་གནས་

འདེམས་བསྐོ་ཚོགས་ཆུང་ལ་ཆ་ཚང་ཡོད་པས། དང་བླངས་འཛུལ་ཞུགས་བྱ་ མི་དོ་བདག་སོ་སོས་སྔོན་ཚུད་ནས་ཐུགས་སྣང་ཆེ་བསྐྱེད་དགོས་གལ།

ཕྱི་ལོ་ ༡༩༧༨ ཟླ་ ༡༠ ཚེས་ ༡༢ ནས་བདུན་གཅིག་གི་རིང་མང་

ཚོ ག ས་ནས་འོས ་དམི ག ས་འདེ མ ས་སྒྲུག་བྱ་རྒྱུའི ་ དུས་ཚེ ས ་ཡི ན ་པ་ལྟར་

ཚོགས་ཆུང་སོ་སོའི་ཁྱབ་ཁོངས་ཆོལ་གསུམ་ཆོས་ལུགས་དང་བཅས་པ་སྡེ་

ཚན་འདྲེས་མེད་ཀྱིས་འོས་བསྡུ་བའི་མིང་གཞུང་དེབ་འགོད་སྔོན་ཟིན་གཞིར་ བཟུང་ཁུངས་སོ་སོའི་ནང་མི་གྲངས་ ༢༥ མན་གྱི་ཚོགས་ཆུང་ཆ་བགོས་ཀྱིས་

འོས ་དམི ག ས་འགེ ང ས་ཤོ ག ་བཀང་རྒྱུའི ་ ལས་དོ ན ་སྒྲི ག ་གསལ་ལྟར་འཐུས་

ཚང་དགོས་རྒྱུ་དང༌། འདི་ནས་ས་གནས་འདེམས་བསྐོ་ཚོགས་ཆུང་ལ་འོས་

དམིགས་འདེམས་སྒྲུག་འགེངས་ཤོག་ཟུར་བཏང་ཁོངས་ཆོལ་ཁ་གསུམ་དང༌། ཆོས་ལུགས་ཁག་བཅས་ཁུངས་སོ་སོར་མི་འདྲ་བ་རེ་རེ་མ་དགོས་པར་ཆོལ་

ཁ་གསུམ་ལ་འགེངས་ཤོག་གཞི་མཚུངས་དང༌། ཆོས་ལུགས་ཁག་ལ་འགེངས་

ཤོག་གཞི་མཚུངས་བཅས་འགེངས་ཤོག་ཁག་གཉིས་ཡོད་པ་ནས། ཆོལ་ཁའི་ འགེངས་ཤོག་གི་ཆོལ་ཁ་ཞེས་པའི་འོ ག་ཆོལ་ཁ་གང་ཡིན་པ་དེ་དང༌། ཆོས་

ལུགས་འགེངས་ཤོག་གི་ཆོས་བརྒྱུད་བཞི་དང༌། བོན་ཆོས་ཇི་ཡིན་ཞེས་པའི་ རེའུ་མིག་འོག་ས་དགེ་བཀའ་རྙིང་བོན་བཅས་གང་རུང་གང་ཡིན་པ་དེ་འགོད་

དགོས། གལ་སྲིད་འོས་དམིགས་འདེམས་སྒྲུག་གི་འགེངས་ཤོག་རེའུ་མིག་

ནང་འོས་དམིགས་གང་ཞིག་གི་མིང་དང༌། ཆོལ་ཁ། ད་ལྟའི་སྡོད་གནས་ཇི་ ཡིན། རྩ་བ་ནས་བཀོད་མེད་པའམ། ཡང་ན་ཁ་གསལ་མེད་པ། ཡང་ཆོས་ 326


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ལུགས་དང༌། ཆོལ་ཁ་སོ་སོའི་ཐོབ་ཆའི་སྤྱི་འཐུས་ཀྱི་གྲངས་ཚད་ལས་བརྒལ་

བའི་འོས་མིང་བཀོད་པ། འགེངས་ཤོག་གཅིག་ལ་འོ ས་དམིགས་འདེམས་སྒྲུག་

བྱེད་པོའི་ཚོགས་མི་གྲངས་ ༢༥ ལས་མང་བ་ཡོད་རིགས། འོས་དམིགས་ འདེམས་སྒྲུག་འགེངས་ཤོག་གི་མཇུག་ཏུ་ཚོགས་ཆུང་དེའི་ནང་མི་གྲངས་ཇི་

ཡོད་དང༌། ཚོགས་ཆུང་འགན་འཛིན་གྱི་མིང་རྟགས་མེད་པ། འགེངས་ཤོག་ལ་ ས་ཁུལ་འདེམས་བསྐོ་ཚོགས་ཆུང་གི་ལས་ཐམ་དང༌།

འགན་འཛིན་གྱི་ས་

རྟགས་མ་འཁོད་པ། འོས་བསྡུ་བའི་མིང་གཞུང་དེབ་འགོད་གཏན་འབེབས་ཟིན་

པའི་ནང་རང་མིང་མ་འཁོད་པར་འོས་དམིགས་འདེམས་སྒྲུག་བྱས་པའི་རིགས་

སོགས་སྒྲིག་གཞིའི་ཡིག་ཆ་ཁག་གི་འབྲུ་དོན་ལས་ཕྱོགས་འགལ་གྱི་གནས་

ཚུལ་རིགས་བྱུང་ཚེ། སླད་འགེངས་ཤོག་དེ་དག་རྩིས་མེད་དུ་འགྲོ་རྒྱུར་དེ་དོན་

(དམངས) མང་གཙོའི་ལམ་སྲོལ་དང༌། མང་ཚོགས་ཀྱི་ཁེ་དབང་ལ་རང་བཞིན་ གནོ ད ་འགལ་འགྲོ་གཞི འི ་ རི ག ས་ནམ་ཡང་མི ་ འབྱུང་ཆེ ད ་ས་ཁུལ་འདེ མ ས་

བསྐོ་ཚོགས་ཆུང་ནས་ཀྱང་སྒྲིག་གཞི་དང༌། རྩ་འཛིན་ཡིག་ཆའི་འབྲུ་དོན་སྤྱི་

དང༌། ལྷག་པར་འདི་ནས་གསལ་བསྒྲགས་ཡིག་ཆ་སྔ་རྗེས་སྒྲིག་གཞིའི་ནང་

གསེས་སྡེ་ཚན་གསུམ་པ་དང༌། བཞི་པ་གཉིས་བཅས་ཀྱི་ཐོག་འགྲེལ་བཤད་གོ་ བཀོན་སློབ་སྟོན་དང༌། མཇུག་གནོན་དམ་དོན་དགོས་གལ། མང་ཚོགས་ནས་ ཀྱང་གོ་དོན་རྟོགས་མིན་རིགས་ནམ་བྱུང་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ལ་

སྐབས་འཕྲལ་སོ ་ སོ ར ་དོ ག ས་གཅོ ད ་དང་འབྲེ ལ ་ཞུ་སྒོ ་ ཁག་རང་དོ ན ་རང་ གཅེ ས ་ཀྱི ས ་ཚགས་ཚུད་དམ་དོ ན ་ཅི ་ ནས་ཡོ ད ་པ་བཅས་དེ ་ དོ ན ་དགོ ང ས་

འཇགས་ཞུ།

བཞུགས་སྒར་བོད་གཞུང་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་

ཚོགས་ནས། ༧༨ ཟླ་ ༨ ཚེས་ ༣༡ ལ།།” ཞེས་གསལ།

(1)

ཡང་ཕྱི་ལོ་ ༡༩༧༨ ཟླ་ ༩ ཚེས་ ༥ ཉིན་གྱི་འཆར་ཅན་རྒྱུན་ལས་སུ།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༨།༩།༡༥ ཤོག་གྲངས་ ༥ པར་གསལ། 327


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གནང་སྟེ། དབུས་གཞོན་

ནུའི་རྒྱུན་ལས་ནས་སྤྱི་འཐུས་འོས་འདེམས་སྐོར་ལེགས་བཅོས་བསམ་ཚུལ་

ཞུས་པར་རྒྱུན་ལས་ཚོགས་འདུ་ནས་བཀའ་ལན་གནང་བ་དེར་དབུས་གཞོན་

ནུའི་རྒྱུན་ལས་ནས་ཡིག་ཐོག་ཞུ་སྙན་ཕུལ་བའི་ནང༌། “བཀའ་དཔྱད་གཙང་

ཕེབས་ལ་ང་ཚོས་ད་ལམ་དམིགས་བསལ་ལེགས་ཉེས་བསམ་འཆར་ྋསྙན་

སེང་ཞུ་སྤོབས་བྲལ་ཞིང༌།

མདོ་དོན་ང་ཚོས་ཞུས་པའི་བསམ་འཆར་འདི་

བཞི ན ་གཞོ ན ་ནུའི ་ཚོ ག ས་ཆེ ན ་གྱི་ མང་མོ ས ་གྲོས་ཆོ ད ་ཅི ག་ལ་ང་ཚོས ་སྣོན་

འཕྲིའི་བསྒྱུར་བཅོས་དང༌།

ཕྱིར་བསྡུ་བྱ་རྒྱུའི་འགན་དང་ཐོབ་དབང་མེད་

སྟབས་རི ང ་མི ན ་ཚུགས་རྒྱུའི ་ འགན་འཛི ན ་ལྷན་ཚོ ག ས་སུ་སྙན་སེ ང ་ཞུས་

འཐུས་”

ཞེས་གསལ་སྐོར་སོགས་ཕུལ་སྙན་ཆ་ཚང་ཚོགས་དྲུང་ནས་སྙན་

སྒྲོན་ཞུས་ཏེ། འདི་སྐོར་དམིགས་བསལ་བཀའ་ལན་གནང་དགོས་མི་འདུག་ གསུང་པར་ཚང་མས་མོས་མཐུན་གནང༌། ཡང་ཕྱི་ལོ་ ༡༩༧༨ ཟླ་ ༡༢ ཚེས་

༥ ཉིན་རྒྱུན་ལས་སུ་གོང་གསལ་གནས་དོན་འབྲེལ་བའི་ཐོག་བགྲོ་གླེང་དང་

ཐག་གཅོད་ཇི་བྱུང་ཚིག་ཐོ་ཇི་བཞིན་བཀོད་པ་འདི་ལྟར། གཞོན་ནུའི་ཚོགས་ ཆེན་ཐེངས་ ༣ པའི་གྲོས་ཆོད་དོན་ཚན་ལྔ་པ་ནང་གསལ་སྤྱི་འཐུས་འོས་

འདེ མ ས་སྐོར་རང་གཞུང་རྒྱུན་ལས་ཚོ ག ས་འདུ་ནས་བཀའ་ཁྱབ་གྲུབ་དོ ན ་ བཞིན་ཉམས་ལེན་ཞུ་རྒྱུ་ལས་མ་འདས་ཀྱང༌། གཞི་རྩ་མ་འོངས་པར་གཞོན་

ལྷན་ནས་ཞུས་པའི་བསམ་ཚུལ་དེ་དག་ལ་དུས་སྐབས་དང་བསྟུན་པའི་བསྒྱུར་

བཅོས་གནང་བཞེད་ཡོད་མེད་དགོངས་བསྐོར་དོགས་གཅོད་སྙན་སེང་གིས་ ཕེ བ ས་གསལ་དང་བསྟུན་པའི ་ གོ མ ་བགྲོད་ཞུ་འོས ་ཞུ་རྒྱུ་གསལ་སྐོར་གྲོས་

ཆོད་ངོ་བཤུས་དང༌། སྙན་ཞུ་ཕུལ་བ་སྙན་སྒྲོན་ཞུས་པར་བགྲོ་གླེང་ཞིབ་རྒྱས་ གནང་།

སྐབས་བདུན་པའི ་ སྤྱི ་ འཐུས་འོས ་བསྡུའི ་ སྐབས་སུའང་འོས ་བསྡུའི ་ 328


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ལས་དོ ན ་རྩ་བའི ་ འདེ མ ས་བསྐོ་ལྷན་ཚོ ག ས་ཀྱི ་ གནང་གི ་ འདུག་ཀྱང་ཐག་ གཅོ ད ་གནང་དཀའ་བའི ་ རི ག ས་ཆེ ས ་མཐོ འི ་ རྒྱུན་ལས་ལ་བསྣམས་ཏེ ་ ཐག་

གཅོད་གནང་སྲོལ་འདུག དེའི་དཔེ་མཚོན་ཕྱི་ལོ་ ༡༩༧༨ ཟླ་ ༡༢ ཚེས་ ༡༢ ཀྱི་རྒྱུན་ལས་ཚིག་ཐོ་ལས་གསལ་པོར་རྟོགས་ཐུབ།

གོང་ཚེས་ཉིན་སྐབས་

བདུན་པའི་འོས་དམིགས་གཏན་འབེབས་གནང༌། དེའི་སྐབས་ཆོས་ལུགས་ དང་ཆོ ལ ་ཁ་གཉི ས ་ཀའི ་ འོས ་ཁོ ང ས་སུ་ཡོ ད ་ན་འོས ་མང་བ་གང་དུ་ཡོ ད ་པ་

དེར་ཐུགས་གཏན་འཁེལ་སྲོལ་འདུག

(1)

ཕྱི་ལོ་ ༡༩༧༨ ཟླ་ ༡༢ ཚེས་ ༢༥ ཉིན་སྐབས་བདུན་པའི་འདེམས་

བསྐོ་ལྷན་ཚོགས་ནས་སྔོན་འགྲོའི་འོས་དམིགས་སུ་དང་བླངས་གོང་ཕུད་ཀྱིས་ འོས་ཐོབ་མང་རིམ་རྩེ་བཏོག་ནས་མི་རེར་འོས་གཞི་མི་གྲངས་བརྒྱད་རེ་རྩིས་

ཆོལ་ཁ་སོ་སོར་འོས་གཞི་མི་གྲངས་སུམ་ཅུ་སོ་གཉིས་རེ་དང༌། ཆོས་བརྒྱུད་ སོ་སོར་འོས་གཞི་མི་གྲངས་བརྒྱད་རེ།

བོན་གྱི་ཆོས་ལུགས་ཁོངས་འོས་

དམིགས་གསུམ་ལས་མེད་པས་དེ་དག་བཅས་ཡོངས་ཁྱབ་གསལ་བསྒྲགས་

གནང༌།

(2)

ཕྱི་ལོ་ ༡༩༧༩ ཟླ་ ༡ ཚེས་ ༢༤ ཉིན་ལོ་འཁོར་ལས་བསྡོམས་

ཚོགས་ཆེན་ཐེངས་བཅུ་པའི་ཚོགས་བརྡ་ཡོངས་ཁྱབ་གསལ་བསྒྲགས་གནང༌།(3) ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༡༤ ནས་ལོ་འཁོར་ལས་བསྡོམས་ཚོགས་ཆེན་

ཐེངས་བཅུ་པ་འཚོགས། ཕྱི་ལོ་ ༡༩༧༩ སྐབས་དེ་དག་ཏུ་འོས་བསྡུའི་སྒྲིག་ གཞི འི ་ ནང་གཞུང་ཁོ ང ས་ཁེ ་ ཡོ ད ་ལས་འཛི ན ་མ་ཡི ན ་པ་ཞེ ས ་གསལ་བ་སྤྱི ་

འཐུས་ཚོ ་ ཡང་གཞུང་ཁོ ང ས་ཁེ ་ ཡོ ད ་ལས་འཛི ན ་ལ་ངོ ས ་བཞེ ས ་གནང་གི ་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ག༼༡༩༧༨།༡༩༧༩༽ ནང་དུ་ཡོད།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༡།༡༢ ཤོག་གྲངས་ ༦།༧།༡༡ པར་གསལ། 3 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༢།༩ ཤོག་གྲངས་ ༣།༤ པར་གསལ། 329


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འདུག་པ་སྟེ།

དེ་ཡང་ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༣༡ ཉིན་ཆེས་མཐོའི་རྒྱུན་ལས་

ཀྱི་གསལ་བསྒྲགས་སུ་འདི་ལྟར། “ བོད་མི་མང་སྤྱི་འཐུས་འདེམས་བསྐོའི་ སྒྲིག་གཞི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་ ༥ པ་ནང༌། དབུས་སྤྱི་ཁྱབ་

འདེམས་བསྐོ་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་འོས་གཞིའི་ཐོ་གཞུང་ ཁོངས་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ལས་ཐོག་དང༌། གསལ་བསྒྲགས་

ཟིན་པའི་གཞུང་ཁོངས་ཁེ་ཡོད་ལས་འཛིན་རིགས་ཡོད་ཚེ་འོས་གཞི་གསལ་ བསྒྲགས་བྱས་པའི ་ ཉི ན ་མོ ་ དེ ་ ནས་བཟུང་སོ ་ སོ འི ་ ལས་འཁུར་འཁྱུར་དགོ ས ་

གསལ་ཡོད་པ་དེ་ལྟར་ཡང༌། སྤྱི་འཐུས་སྐབས་བདུན་པའི་འོས་གཞི་གསལ་

བསྒྲགས་ཟིན་ཁོངས་སྐབས་དྲུག་པའི་སྤྱི་འཐུས་ལས་ཐོག་མི་གྲངས་ ༩ ཡོད་

པ་དེ་རྣམས་སྒྲིག་གསལ་གཞིར་བཟུང་ལས་འཁུར་འཁྱུར་བ་ཡིན་ན་སྤྱི་འཐུས་

ལྷན་ཚོགས་ཀྱི་འཆར་འཕར་ཞུ་སྒོ་ལྕོག་མིན་གྱིས་དངོས་ཡོད་ལས་དོན་ཐོག་ འཐུས་ཤོར་འགྲོ་འདུག་པ་འདི་སྐོར་ཇི་འགབ་རྒྱུན་ལས་ཚོགས་འདུར་བཀའ་ བསྡུར་གནང་སྙིང༌། འདེམས་བསྐོའི་སྒྲིག་གཞིར་རྩ་བསྣན་དགོས་ངེས་ཀྱང༌།

དངོ ས ་ཡོ ད ་གནས་ཚུལ་དང་བསྟུན་སྐབས་སྤྱི ་ འཐུས་ལྷན་ཚོ ག ས་ཀྱི ་ འཆར་ འཕར་ལས་དོན་ལ་འཐུས་ཤོར་མེད་པ་དགོས་གལ་ལ་བརྟེན། སྐབས་བདུན་

པའི་སྤྱི་འཐུས་བརྗེ་ལེན་གྱི་དུས་ཚེས་བར་འོས་གཞིར་ཡོད་པའི་སྐབས་དྲུག་

པའི ་ སྤྱི ་ འཐུས་ལས་ཐོ ག ་རྣམས་ལས་འཁུར་འཁྱུར་མ་དགོ ས ་པར་སྔར་རྒྱུན་

འཁུར་འགན་ཞུས་འཐུས་བཀའ་འཁྲོ ལ ་བྱུང་སོ ང ་བའི ་ གསལ་བསྒྲགས་སུ།

བོད་གཞུང་རྒྱུན་ལས་ཚོགས་འདུ་ནས་ ༧༨ ཟླ་ ༣ ཚེས་ ༣༡ ལ།” ཞེས་ གསལ་འདུག

(1)

ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༧ ཉིན་སྔོན་འགྲོའི་འོས་གཞི་གསལ་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༤།༢༠ ཤོག་གྲངས་ ༣ པར་གསལ། 330


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བསྒྲགས་བྱས་རྗེ ས ་འོས ་གཞི ་ དོ ་ བདག་སོ ་ སོ ས ་རང་ཉི ད ་འོ ས ་ཁོ ང ས་ནས་

ཕྱིར་འཐེན་དགོངས་ཞུ་བྱས་རིགས་ཕུད། དེ་འཕྲོས་ནས་འོས་གྲངས་མང་ཉུང་

གོ་རིམ་གྱིས་མི་རེར་འོས་གཞི་མི་གྲངས་བཞི་རེ་འཆར་གསལ་གནང་བ་ལྟར།

ཆོས་བརྒྱུད་ཆེན་པོ་བཞི་ལས་རྙིང་བཀའ་དགེ་གསུམ་སོ་སོར་འོ ས་གཞི་བཞི་ རེ་དང༌། ས་སྐྱར་འོས་གཞི་གསུམ། དགོངས་ཞུ་བྱེད་མཁན་མང་བས་གསུམ་

ལས་མ་བྱུང༌། བོན་ཆོས་ལུགས་ལ་འོས་གཉིས། དགོངས་ཞུ་བྱེད་མཁན་མང་

བས་གཉིས་ལས་མ་བྱུང༌། དབུས་གཙང་ཁོངས་དང་བླངས་གཉིས་ཐོག་འོས་

དམིགས་འདེམས་སྒྲུག་ཁོངས་ནས་མི་གྲངས་བཅུ་བཞི་བསྣན་པས་བཅུ་དྲུག་ དང༌། མདོ་སྟོད་འོས་གཞི་བཅོ་ལྔ༌། དགོངས་ཞུ་བྱེད་མཁན་མང་བས་བཅོ་ལྔ་ ལས་མ་བྱུང༌།

མདོ་སྨད་འོས་གཞི་བཅུ་དྲུག་བཅས་སྒྲིག་གསལ་ལྟར་རྒྱུན་

ལས་ཚོགས་འདུ་ནས་བཀའ་བསྡུར་གཏན་འབེབས་མཛད་དེ། ཁུངས་སོ་སོར་

འགེངས་ཤོག་བཏང་འབྱོར་བཞིན་ལོ་རྒྱུས་མདོར་བསྡུས་དང༌། སྒྲིག་གསལ་ གསལ་བསྒྲགས་གནང་བ་ནས་ཉི ན ་གྲངས་དྲུག་ཅུ་ཐམ་པ་སོ ང ་མཚམས་

དངོས་གཞིའི་འོས་བསྡུ་བྱ་རྒྱུ་ཡིན་པ་སྟེ། ཕྱི་ལོ་ ༡༩༧༩ ཟླ་༥ ཚེས་ ༦ ཉིན་ ཡིན་པ་བཅས་གསལ་བསྒྲགས་གནང༌།(1)

ཕྱི་ལོ་ ༡༩༧༩ ཟླ་ ༣ ཚེས་ ༢༩ ཉིན་གྱི་རྒྱུན་ལས་སུ་སྐབས་བདུན་

པའི ་སྤྱི ་འཐུས་འོས་གཞི་ དང་འབྲེ ལ ་བའི་ ཐོ ག ་གྲོས་ཆོད་ཇི ་ བཞག་འདི ་ ལྟར། གྲོས་ཆོད། ༡༩༧༩ ཟླ་ ༣ ཚེས་ ༢༩ ཉིན་རྒྱུན་ལས་འཕར་ཚོགས་ཐོག་བཀའ་

བསྡུར་གནང་བའི་གྲོས་ཆོད་བཀོད་པར། ༡

སྤྱི་འཐུས་ལྷན་ཚོགས་ཀྱི་དགོངས་འཆར་དུ། བོད་མི་མང་སྤྱི་འཐུས་

འདེམས་བསྐོའི་སྒྲིག་གཞི་དོན་ཚན་བཅོ་བརྒྱད་པའི་ནང་གསེས་ ༥ པ་ནང༌།

དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་གཏན་འབེབས་བྱས་པའི་འོས་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༤།༡༣ ཤོག་གྲངས་ ༢།༣།༤།༥།༦།༧།༨།༡༡།༡༢ བཅས་པར་གསལ། 331


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཞི འི ་ཐོ ་གཞུང་ཁོ ངས་སྤྱི་ འཐུས་ལྷན་ཚོ ག ས་ཀྱི་ ཚོ གས་མི ་ ལས་ཐོག་དང༌།

གསལ་བསྒྲགས་ཟིན་པའི་ གཞུང་ཁོ ངས་ཁེ་ ཡོ ད་ལས་འཛིན ་རིགས་ཡོད་ཚེ་

འོས ་གཞི ་ གསལ་བསྒྲགས་བྱས་པའི ་ ཉི ན ་མོ ་ དེ ་ ནས་བཟུང་སོ ་ སོ འི ་ ལས་

འཁུར་འཁྱུར་དགོ ས ་པ་ཞེ ས ་གསལ་བ་བཞི ན ་སྤྱི ་ འཐུས་སྐབས་བདུན་པའི ་

འོས་གཞིའི་གསལ་བསྒྲགས་ཟིན་ཁོངས་སྐབས་དྲུག་པའི་སྤྱི་འཐུས་ལས་ཐོག་

མི་གྲངས་ ༩ ཡོད་པ་དེ་རྣམས་སྒྲིག་གཞིའི་འབྲུ་དོན་གཞིར་བཟུང་ལས་འཁྱུར་ དགོས་པ་དེ་ལྟར་ཡང༌། དངོས་ཡོད་གནས་ཚུལ་དང་བསྟུན་སྐབས་སྤྱི་འཐུས་

སྐབས་བདུན་པའི་བརྗེ་ལེན་དུས་ཚེས་ཕྱི་ཟླ་ ༩ ཚེས་ ༢ ཉིན་ཡིན་སྟབས། དེ འི ་ རི ང ་སྤྱི ་ ལྷན་གྱི ་ འཆར་འཕར་ཞུ་སྒོ ་ སོ ག ས་ལྕོགས་ཁོ མ ་(ཁོ མ ས)ཡོ ང ་

མིན་ལ་ཇི་འགབ་བཀའ་བསྡུར་གནང་སྙིང༌།

ལྷན་ཁང་ཁག་གི་ཚོགས་མིའི་

དགོངས་འཆར་དུ། འདེམས་བསྐོའི་སྒྲིག་གཞིར་སོར་གནས་གནང་རྒྱུ་གལ་

གནད་ཡོད་པར་བརྟེན་ཕྱག་ལེན་བསྟར་ན་བསམ་རུང༌། དངོས་ཡོད་ལས་དོན་ ཐོ ག ་སྐུ་ངལ་ཡོ ད ་པ་དངོ ས ་འབྲེ ལ ་ལ་བརྟེན་འོས ་གཞི འི ་ ཁོ ང ས་སུ་མཚན་ གསལ་ཡོད་པ་རྣམས་ཚོགས་འདུར་དགོངས་འཆར་གནང་སྒོ་དང༌། སྤྱི་ལྷན་དུ་

ཕྱག་ལས་ཇི ་ ཡོ ད ་གནང་འཐུས་ལས་དེ ་ མི ན ་ཕྱོ ག ས་བསྐྱོད་དྲིལ་བསྒྲགས་

དང༌། འདེམས་བསྐོའི་ཕྱག་ལས། ཚོགས་འདུར་འོས་བསྡུའི་ཐོབ་ཐང་བཅས་དེ་

གསུམ་གནང་རྒྱུ་མེ ད ་པ་གནང་ན་རྩ་བའི ་ སྒྲི ག ་གཞི ་ དང་མི ་ འགལ་བ་ཡོ ང ་ གནས་གསུངས་ཤིང༌།

མཐའ་དོན་སྤྱི་འཐུས་ལྷན་ཚོགས་མང་མོས་ཀྱི་དགོངས་འཆར་ལྟར་

དངོས་ཡོད་གནས་ཚུལ་དང་བཅས་སྐབས་བདུན་པའི་སྤྱི་འཐུས་འོས་གཞིའི་

ཁོངས་སུ་ཡོད་པའི་སྤྱི་འཐུས་ལས་ཐོག་རྣམས་ནས་བརྗེ་ལེན་དུས་ཚེས་བར་

སྔར་རྒྱུན་ལས་འཁུར་བཞེས ་རྒྱུར་མོ ས ་མཐུན་བྱུང་སྐོར་ྋགོང་ས་ྋསྐྱབས་

མགོན་ཆེན་པོར་ྋསྙན་སེང་བཀའ་འཁྲོལ་ཞུ་རྒྱུ་བཅས་ཀྱི་གྲོས་ཆོད་དུ། དེའི་ 332


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

སྐབས་འབྲེ ལ ་ཡོ ད ་ལས་ཐོ ག ་སྤྱི ་ འཐུས་དགུ་ཚོ ག ས་ཞུགས་གནང་མི ་ འདུག རྗེས་སུ་ཆོག་མཆན་ཐོན་ནས་ཕྱི་ལོ་ ༡༩༧༩།༣།༣༡ བརྒྱུད་ལམ་ཐོག་གསལ་ བསྒྲགས་གནང༌།(1)

ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༡༠ ཉིན་འཆར་ཕུལ་

ཕྱག་རྟགས་རི ན ་པོ ་ ཆེ ་ ཐོ ན ་པའི ་ སྐབས་བདུན་པའི ་ བོ ད ་མི ་ མང་སྤྱི ་ འཐུས་

རྣམས་གསལ་བསྒྲགས་གནང༌།

(2)

ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་པའི་སྐབས་བཀའ་

མོལ་བྱུང་བ་ལྟར། ཆེས་མཐོའི་རྒྱུན་ལས་ལྷན་ཚོགས་ནས་ཕྱི་ལོ་ ༡༩༧༩ ཟླ་

༧ ཚེས་ ༢༣ ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་

བློན་རྣམ་པའི་མཛད་འཁུར་དུས་ཡུན་དམ་ཕུལ་ཞུས་པའི་ཉིན་མོ་ནས་བཟུང་ ལོ་ལྔའི་རིང་གནང་རྒྱུ་དང༌། ལས་འཁུར་རྫོགས་ཟིན་པའི་བཀའ་བློན་གང་ཞིག་

སླར་ཡང་བསྐོ་གཞག་དང༌། ལོ་དུས་མ་རྫོགས་གོང་འཕོ་འགྱུར་རམ། ཡང་ན་

ཕྱི ར ་འཐེ ན ་གནང་སྒོ ་ ཅི ་ མཆི ས ་ཡེ ་ ཤེ ས ་དབྱི ང ས་དཔྱད་གནང་རྒྱུ་གཏན་

འབེབས་གནང༌།

ཕྱི་ལོ་ ༡༩༧༩ ཟླ་ ༧ ཚེས་ ༢༣ ཉིན་གྱི་རྒྱུན་ལས་ཚོགས་འདུའི་

ནང་བཀའ་བློན་རྣམས་ཀྱི་ལས་དུས་སྐོར་གྲོས་ཆོད་བཞག་པ་འདི་ལྟར།

༡༽ ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་པའི་གྲོས་ཆོད་འབྲུ་དོན་

ནང་གསལ། བཀའ་བློན་རྣམ་པའི་མཛད་འཁུར་ལ་ལོ་དུས་དགོས་མིན་སྐོར་ དགེ་མཚན་མེད་དམ་སྙམ་པས་རང་གཞུང་རྒྱུན་ལས་ཚོགས་འདུར་སླར་ཡང་

1 རྒྱུན་ལས་ཚིག་ཐོ་དེབ་ཨང་ ང༼༡༩༧༩།༡༩༨༠༽ ནང་གསལ།

2བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༧།༢༧ ཤོག་གྲངས་ ༤།༥ པར་གསལ། 333


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཀའ་བསྡུར་དགོ ང ས་བཞེ ས ་དང་འབྲེ ལ ་ཐག་གཅོ ད ་གནང་རྒྱུ་གསལ་བ་

བཞིན། ད་ལམ་རྒྱུན་ལས་སུ་བཀའ་བསྡུར་གནང་སྟེ། བཀའ་བློན་རྣམ་པའི་ མཛད་འཁུར་ལོ་དུས་བཟོ་རྒྱུར་མང་མོས་བྱུང་ཞིང༌།

༢༽ བཀའ་བློན་ཚོའི་མཛད་འཁུར་དུས་ཡུན་ཐད་དམ་འབུལ་ཞུས་པའི་ཉིན་

མོ་ནས་བཟུང་ལོ་ལྔའི་རིང་གནང་རྒྱུ།

༣༽ ལས་དོན་རྫོགས་ཟིན་པའི་བཀའ་བློན་གང་ཞིག་སླར་ཡང་བསྐོ་གཞག་

དང༌། ལོ་དུས་མ་རྫོགས་གོང་འཕོ་འགྱུར་རམ། ཡང་ན་ཕྱིར་འཐེན་གནང་སྒོ་ཅི་ མཆིས་ཡེ་ཤེས་དབྱིངས་དཔྱད་གནང་སྐྱོང་ཡོང་བ་ཞུ་རྒྱུ།

༤༽ ལོ་དུས་རྫོགས་མཚམས་བཀའ་བློན་བསྐྱར་བསྐོ་གནང་བ་རྣམས་ཕུད།

བཀའ་ཟུར་ཁོ ང ས་ནས་བབས་འོས་ཡོ ད ་རི ག ས་ཁག་ལ་གང་ལ་གང་འོས་

ལས་འཁུར་བསྩལ་དགོ ས ་མཆི ས ་ཚེ ་ སྐབས་མཚམས་ཡེ ་ ཤེ ས ་དབྱི ང ས་

དཔྱད་གནང་རྒྱུ་བཅས་ལ་མོས་མཐུན་བྱུང་སྐོར་འཆར་ྋསྙན་ཟུར་འབུལ་ཞུ་ རྒྱུ་ཞེས་གསལ་འདུག (1)

ཕྱི་ལོ་ ༡༩༧༩ ཟླ་ ༩ ཚེས་ ༢ ཉིན་ཏེ་ (དམངས) མང་གཙོའི་དུས་

ཆེ ན ་ཉི ན ་སྐབས་བདུན་པའི ་ སྤྱི ་ འཐུས་རྣམས་ལས་འཁུར་དམ་བཅའ་འབུལ་ བཞེས་གནང༌།

ཚོགས་གཙོ་བགྲེས་པར་མདོ་སྟོད་སྤྱི་འཐུས་རྒྱ་རི་བློ་གྲོས་

རྒྱལ་མཚན་དང༌། ཚོགས་གཙོ་གཞོན་པར་དགོན་ཤར་རྡོ་རྗེ་དགྲ་འདུལ་སོ་ སོར་བདམས་ཐོན་བྱུང་བ་ལྟར་འཆར་ྋསྙན་འབུལ་གནང་མཛད། ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་ཨ་རི་ཁུལ་ཞབས་སོར་འཁོད་སྟབས་ཚོགས་

གཙོའི་ཕྱག་རྟགས་བསྩལ་ཐོན་མ་བྱུང་བར་རེ་ཞིག་རྒྱུན་ལས་ཚོགས་འདུ་ངང་ འཐེན་གནང་རྒྱུ་གནང་སྟེ། ཕྱི་ཟླ་ ༩ ཚེས་ ༥ འཆར་ཅན་རྒྱུན་ལས་གནང་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ང༼༡༩༧༩།༡༩༨༠༽ ནང་གསལ། 334


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

མེད།(1)

ཕྱི་ལོ་ ༡༩༧༩ ཟླ་ ༡༠ ཚེས་ ༢༩ འཁོད་བོད་རིགས་གཞོན་ནུའི་

འགན་འཛིན་ལྷན་ཚོགས་ཐེངས་བརྒྱད་པའི་ཚོགས་བཅར་བ་སྤྱི་མགྲིན་ནས་ རང་གཞུང་བཀའ་ཤག་ལ་སྤྱི་སྨན་བསམ་ཤོག་དོན་ཚན་བཅོ་བརྒྱད་འཁོད་པ་ ཞིག་ཕུལ་འདུག་པ་དེའི་དོན་ཚན་བཅུ་གསུམ་པར་འདི་ལྟར་གསལ། “ བོད་

མི ་ མང་སྤྱི ་ འཐུས་འོས ་འདེ མ ས་གནང་ཕྱོ ག ས་སྐོར་གཞོ ན ་ལྷན་ནས་བསམ་

འཆར་སྙན་སེ ང ་སྔོན ་ཞུས་གནས་སྐབས་ཕྱག་ལེ ན ་དུ་འགེ ལ་ཐབས་སྐུ་ངལ་

མཆི ས ་ཀྱང་རི མ ་བཞི ན ་ཕྱག་ལེ ན ་དོ ན ་འཁེ ལ ་འབྱུང་ཐབས་དགོ ང ས་བཞེ ས ་

ཡོང་བའི་སྙན་སེང་ཞུ་བསྐུལ་མུ་མཐུད་རྒྱུན་བསྲིངས་གནང་རྒྱུ།”(2) གསལ།

ཞེས་

ཕྱི་ལོ་ ༡༩༧༩ ཟླ་ ༡༡ ཚེས་ ༣ ཉིན་སྐབས་བདུན་པའི་བོད་མི་མང་

སྤྱི་འཐུས་རྣམས་གྲལ་འཁོད་གྲུབ་མཚམས་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེ་

དགོངས་དོན་སྤྱི་འཐུས་ཚོགས་གཙོ་བགྲེས་པར་མདོ་སྟོད་སྤྱི་འཐུས་རྒྱ་རི་བློ་ གྲོས་རྒྱལ་མཚན་དང༌།

ཚོགས་གཙོ་གཞོན་པར་དབུས་གཙང་སྤྱི་འཐུས་

དགོ ན ་ཤར་རྡོ ་རྗེ ་དགྲ་འདུལ་གཉིས ་ནས་སྤྱི་ ནོ ར་ྋགོང་ས་ྋསྐྱབས་མགོན་ ཆེན་པོ་མཆོག་གི་སྐུ་མདུན་དུ་ལས་འཁུར་དམ་འབུལ་ཞུས།(3)

ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༥ ཉིན་གྱི་རྒྱུན་ལས་གྲོས་ཆོད་གཉིས་

ཡོད་པ་ལས་དང་པོར་འདི་ལྟར་གསལ། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ ཐེངས་བཅུ་པའི་གྲོས་ཆོད་དགོངས་དོན་བཞིན།

ལོ་འཁོར་ཚོགས་ཆེན་གྱི་

1ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ང༼༡༩༧༩།༡༩༨༠༽ ནང་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༡༡།༡༦ ཤོག་གྲངས་ ༨།༩ པར་གསལ། 3 བོད་མིའི་རང་དབང་ཕྱི་ལོ་ ༡༩༧༩།༡༡།༣༠ ཤོག་གྲངས་ ༥ པར་གསལ། 335


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྒྲི ག ་དོ ན ་མཛད་རི མ ་སོ ག ས་ལ་གཞོ ན ་ནུ་ལྷན་ཚོ ག ས་ནས་ལེ ག ས་ཆའི ་ བསྒྱུར་བཅོ ས ་འཆར་ཟི ན ་ཞི ག ་ད་ལམ་རྒྱུན་ལས་ཚོ ག ས་འདུར་ཕུལ་འབྱོ ར ་

ནང་གསལ་བཀའ་བསྡུར་གནང་སྙིང༌། ཚོགས་ཆེན་གྱི་སྒྲིག་གཞི་འདི་བཞིན་

ཚོགས་འདུའི་ངོ་བོ་དང་མཐུན་པའི་བསམ་ཞིབ་ནན་ཏན་ཞིག་བྱེད་དགོས་ལ་

བརྟེན། ད་ལམ་གཞོན་ལྷན་གྱི་ཕུལ་བའི་འཆར་ཟིན་ལ་བཀའ་ཤག་དང༌། སྤྱི་

འཐུས། ཚོགས་འཐུས་ལས་བྱེད་བཅས་ནས་སྔོན་ལ་དཔྱད་ཞིབ་དང་འབྲེལ་ རིང་མིན་རྒྱུན་ལས་འཕར་ཚོགས་ཐོག་ཞིབ་ཕྲའི་བཀའ་བསྡུར་གནང་སྟེ། སྒྲིག་

གཞི་གསར་བཟོའི་ཚོགས་ཆུང་ཞིག་ཟུར་འཛུགས་གནང་འོས་སོགས་སྐབས་ བསྟུན་ཐག་གཅོད་གནང་རྒྱུ་ཞེས་གསལ་འདུག

(1)

ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡༦ ཉིན་གྱི་རྒྱུན་ལས་ཚོགས་འདུའི་

གྲོས་ཆོད། “ ལོ་འཁོར་ལས་བསྡོམས་ཚོགས་ཆེན་དང༌། གསུམ་བཅུའི་དུས་

དྲན་གྱི་མཛད་ཞབས་ཆབས་ཅིག་གནང་མུས་འདི་དག་དགོས་པ་དགེ་མཚན་ ཞིག་ཏུ་དགོངས་བཞེས་གནང་ཡོད་ཀྱང༌།

གསུམ་བཅུའི་དུས་དྲན་མཛད་

ཞབས་སུ་ཕྱོ ག ས་མཐའི ་ འགོ ་ འཐུས་རྣམས་བཞུགས་སྒར་དུ་བཅར་དགོ ས ་

རྐྱེན་པས་ས་གནས་སོ་སོར་དུས་དྲན་སྒེར་ལངས་ཀྱི་ཞུ་སྒོ་ཚགས་ཚུད་ཡོང་ མིན་དང༌། དེ་འབྲེལ་ཚོགས་ཆེན་གོང་སྔོན་རྩིས་ཚོགས་འདུ་མཇུག་བསྡོམས་

དགོས་པ། དེ་བཞིན་ས་གནས་སོ་སོའི་ལོ་འཁོར་ལས་བསྡོམས་གད་གཙང་

མཇུག་བསྒྲིལ་དང༌། ལས་བསྡོམས་ཁག་ལ་སྤྱི་ལྷན་ནས་ཞིབ་བཤེར་གནང་སྒོ་

སོགས་ལས་དོན་སྣེ་མང་སྡེབས་རྫོབ་ཀྱིས་དུས་ཚོད་མ་ལྡེང་པའི་འཐུས་ཤོར་

ཡོང་ཉེན་ལ་བརྟེན། འདི་ལོ་ནས་བཟུང་ཚོགས་ཆེན་དུས་ཚོད་ཕྱི་ཟླ་ ༤ པའི་ ཚེས་ཤར་བར་འཕར་འགྱངས་ཞུས་འཐུས་ཆོག་པའི་སྙན་སེང་བཀའ་འཁྲོལ་ ཞུ་རྒྱུ་དང༌།

འདི་ལོ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཚོགས་འདུ་འགོ་

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་དེབ་ཨང་ ང༼༡༩༧༩།༡༩༨༠༽ ནང་གསལ། 336


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འཛུགས་དུས་ཚེས་ཐད་གཟའ་སྐར་འཕྲོད་སྦྱོར་དང་བཅས་ཕྱི་ཟླ་ ༤ ཚེས་ ༧

ནས་བཟུང་གནང་རྒྱུ་བཅས་ཀྱི་གྲོས་ཆོད་དུ། ཚོགས་གཙོ་གཉིས་༸སྙན་ཞུར་ བཅར་སྐབས་བཀའི་ཕྱིར་ཕེབས་ལྟར་ཟླ་ ༣ ཚེས་ ༣༡ ནས་འཚུག་རྒྱུར་ ཁུངས་སུ་སྩལ་རྒྱ་གནང༌།”(1)

ཕྱི་ལོ་

༡༩༦༠

ལོར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་

འཛུགས་གནང་བ་ནས་ཨིན་ཇིའི་ཁ་བྱང་དུ་ Commission of Tibetan

People’s Deputies ཞེས་ཡོད་པར་ཕྱི་ལོ་ ༡༩༨༠ ཟླ་ ༡ ཚེས་ ༡༨ ཉིན་ ནས་དེའི་ཚབ་ཏུ་འཆར་ཕུལ་ཕྱག་རྟགས་དགོངས་དོན་ Assembly of Tibetan People’s Deputies ཞེས་པར་བསྒྱུར།

ཕྱི་ལོ་ ༡༩༨༠ ཟླ་ ༢ ཚེས་ ༢༡ ཉིན་ལོ་འཁོར་ལས་བསྡོམས་ཚོགས་

ཕྱི་ལོ་ ༡༩༨༠ ཟླ་ ༣ ཚེས་ ༣༠ ནས་ཚེས་ ༡༤ བར་ལོ་འཁོར་

ཆེན་ཐེངས་བཅུ་གཅིག་པའི་གྲོས་གཞི། ཚོགས་བཅར་བ་སུ་ཡིན། ཚོགས་བརྡ་ བཅས་གསལ་བསྒྲགས་གནང༌།(2)

ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་གཅིག་པ་འཚོགས་ཤིང༌། གྲོས་གཞི་ དོན་ཚན་བཞི་རེ་རེའི་ཐོག་ནང་གསེས་དོན་ཚན་བཅས་པའི་གྲོས་ཆོད་འཇོག་

གནང་མཛད་པ་དང༌། གཞིས་ལུས་བོད་རིགས་སྤུན་ཟླ་མི་མང་ལ་འཚམས་ འཕྲིན་བཅས་གཏོང་གནང་མཛད།(3)

ཕྱི་ལོ་ ༡༩༨༠ ཟླ་ ༤ ཚེས་ ༡༥ ཉིན་ལོ་འཁོར་ལས་བསྡོམས་ཚོགས་

1 ཞེས་རྒྱུན་ལས་ཚིག་ཐོ་དེབ་ཨང་ ང༼༡༩༧༩།༡༩༨༠༽ ནང་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༠།༣།༧ ཤོག་གྲངས་ ༣།༤།༥ པར་གསལ།

3 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༠།༤།༡༨ ཤོག་གྲངས་ ༣ དང་ཕྱི་ལོ་ ༡༩༨༠།༥།༢ ཤོག་གྲངས་ ༨།༩།༡༠།༡༡།༡༢།༡༣ བཅས་པར་གསལ། 337


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ ན ་ཐེ ང ས་བཅུ་གཅི ག ་སྐབས་བོ ད ་མི ་ མང་སྤྱི ་ འཐུས་ལྷན་ཚོ ག ས་དང་ས་

གནས་ཁག་གི ་ བོ ད ་རང་དབང་བདེ ན ་པའི ་ ལས་འགུལ་གྱི ་ ཚོ ག ས་གཙོ ་ དང་ དྲུང་ཆེ་རྣམས་ཟུར་འཛོམས་ཀྱིས་གྲོས་གཞི་དོན་ཚན་གཉིས་ཐོག་གྲོས་ཆོད་

བཞག་པ་འདི་ལྟར། “བོད་རྒྱལ་ལོ་ ༢༡༠༧ ཕྱི་ལོ་ ༡༩༨༠ ཟླ་བ་ ༤ ཚེས་ ༡༥

ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། ལོ་འཁོར་ལས་བསྡོམས་ཚོགས་

ཆེན་ཐེངས་ ༡༡ པར་ས་གནས་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ ཆུང་ཁག་གི་ཚོགས་གཙོ་དང་དྲུང་ཆེ་སོགས་ཚོགས་བཅར་མི་འཐུས་རྣམས་ ལྷན་ཚོགས་གནང་བའི་གྲོས་གཞི་གྲོས་ཆོད་གཤམ་གསལ། དོན་ཚན་དང་པོ།

ས་ཁུལ་བོད་རང་དབང་བདེན་པའི་ལས་འགུལ་ཚོགས་ཆུང་འདི་དག་བོད་མི་

མང་སྤྱི ་ འཐུས་ལྷན་ཚོ ག ས་ཀྱི ་ ཐད་ཀའི ་ འཛི ན ་སྐྱོང་འོག ་ད་ཕན་ཚོ ག ས་ཆུང་

གསར་འཛུགས་སོགས་ལས་དོན་ཞུ་བྱ་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་བཞིན་ པ་དེ་ལྟར་ཡང༌། འདས་པའི་ལོ་ངོ་འགའི་རིང་ལས་དོན་ཐོག་དངོས་སུ་ཞུགས་

པའི་ཉམས་མྱོང་གཞི་རྩར་བཞག་སྟེ་ཚོགས་ཆུང་གི་འཛིན་སྐྱོང་ཚགས་ཚུད་

ཡོང་ཐབས་སུ་ལེགས་སྤེལ་ཉེས་འགོག་ཐབས་ལམ་གསར་པ་ཇི་དགེའི་སྐོར།

༡༽ གཞི་རྩའི་ཞུ་སྒོ་སྒྲིག་གཞི་གྲོས་ཆོད་ཟུར་ཡོད་ཚགས་ཚུད་ཡོང་ཐབས་

སུ་ཐོ ག ་མར་ཚོ ག ས་ཆུང་གསར་རྙིང་འཕོ ས ་ལེ ན ་རྩིས ་སྤྲོ ད ་སྐབས་ ས་གནས་གཞིས་འགོ་བདེ་དོན་རྩིས་དཔང་ལྷན་བཞུགས་ཐོག་སྒྲིག་

གཞི ་ ཇི ་ ཡི ན ་ཚོ ག ས་མི ་ གསར་པ་ཚོ ས ་གསལ་རྟོགས་ཡོ ང ་ཆེ ད ་

ཚོ ག ས་རྙི ང ་རྣམས་ནས་སྒྲོ ག ས་སྦྱང་དང་འབྲེ ལ ་སྒྲི ག ་དོ ན ་གསལ་ ༢༽

བཤད་དགོས་རྒྱུ་མ་ཟད། གལ༑

རྒྱུས་བབས་བྱེད་སྒོའི་ལམ་སྟོན་གནང་

རང་རིགས་གང་ཞིག་ས་གནས་གཞན་དུ་གནས་སྤོས་ཐོན་རིགས་ལ་ 338


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འགྲོ་ཡུལ་ས་གནས་ཚོ ག ས་ཆུང་དེ འི ་ ཐོ ག ་མི ་ མི ང ་ལག་དེ བ ་ཨང་

གྲངས་བཅས་པ་གསལ་བཀོད་ཀྱིས་དངུལ་འབབ་ས་གནས་ཚོགས་ ཆུང་དེ་ནས་བསྡུ་ལེན་དགོས་རྒྱུ་མ་ཟད། ས་གནས་ཁག་གི་གཞིས་ འགོ ་ བདེ ་ དོ ན ་ཚོ ས ་ཀྱང་ཕྱི ར ་བསྐྱོད་ཇི ་ བྱུང་ཚོ ག ས་ཆུང་སོ ་ སོ ར ་ སྐབས་འཕྲལ་བརྡ་ལན་གནང་རྒྱུ།

༣༽ གཞིས་ལམ་བཟོ་གསུམ་ས་གནས་གང་དུ་ཕྲུ་གུ་གསར་སྐྱེས་ཇི་བྱུང་ས་ གནས་གཞིས་འགོ་བདེ་དོན་ཁག་ཐོག་མིང་ཐོ་འབྱོར་འཕྲལ་གཞིས་

འགོ ་ བདེ ་ དོ ན ་རྣམས་ནས་ཀྱང་ས་གནས་དེ ་ གའི ་ ཚོ ག ས་ཆུང་ཐོ ག ་ གོང་གི་གསར་སྐྱེས་དེའི་མིང་ཐོ་ས་གནས་རང་བཙན་ཚོགས་ཆུང་

ལ་གནང་རྒྱུ།

༤༽ ཕྱིར་བསྐྱོད་དང༌། སློབ་འཇུག་སོགས་ལག་དེབ་མིག་སྟོན་དགོས་པའི་ གོ་སྐབས་ནམ་བྱུང་སྐབས་གཞིས་འགོ་བདེ་དོན་དང༌། ས་གནས་

ཚོགས་ཆུང་སོགས་འབྲེལ་ཡོད་ཚང་མས་ལག་དེབ་ཡོད་མིན་ཞིབ་

འཇུག་དགོ ས ་གལ་མ་ཟད་ལག་དེ བ ་ཡོ ད ་ནའང་དངུལ་འབབ་ཆད་ ལུས་ཡོད་མེད་ཞིབ་འཇུག་གནང་རྒྱུ།

དོན་ཚན་གཉིས་པ།

བོད་རང་དབང་བདེན་པའི་ཚོགས་ཆེན་གྱི་གྲོས་ཆོད་

དང༌། སྒྲིག་གཞི་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་དང༌། ས་

གནས་བོད་རང་དབང་བདེན་པའི་ཚོགས་ཆུང་གཉིས་ཕྱོགས་ནས་སྒྲིག་དོན་

ལྟར་ཞུ་སྒོ་ཆེ་ཕྲར་གང་ཐུབ་ཕྱག་ལེན་དོན་འཁེལ་ཡོང་ཐབས་ཇི་དགེའི་སྐོར། ༡༽

ས་གནས་ཚོགས་ཆུང་ཁག་ནས་ལས་དོ ན ་གསར་རྩོ མ ་དགོ ས ་ རིགས་དུས་ཚོད་ལྡེང་ངེས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་

སུ་ལས་དོན་ངོ་བོ་དང༌།

འགྲོ་གྲོན་འཆར་རྩིས་ཕུལ་འབྱོར་བྱུང་

མཚམས་ལས་དོ ན ་ཞུ་དགོ ས ་འོས ་མི ན ་སྤྱི ་ ལྷན་ནས་བཀའ་འཁྲོ ལ ་ 339


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྟངས་འཛི ན ་གནང་རྒྱུ་ཞེ ས ་གསལ་བ་ལྟར་ཕྱག་ལེ ན ་དོ ན ་འཁེ ལ ་ དགོས་རྒྱུ།

༢༽ གྲོས་ཆོད་སྔོན་ཡོད་ལྟར་ཟླ་གསུམ་རེའི་མཚམས་བྱུང་སོང་ཞིབ་ཕྲའི་ རྩི ས ་འབུལ་དང་ཕུལ་གཞུང་རེ འུ ་མི ག ་ཟི ང ་སྐྱ་ཁ་གསལ་སྡེ ་ ཚན་

འདྲེས་མེད་བཀང་སྟེ་དུས་ཐོག་ངེས་འབུལ་ཐུབ་པ་དགོས་རྒྱུ་མ་ཟད།

༣༽ ༤༽

ཟླ་དྲུག་རེ འི ་ མཚམས་ཚོ ག ས་ཆུང་སོ ་ སོ འི ་ ལས་བསྡོ མ ས་ཀྱང་ཁ་ གསལ་ངེས་འབུལ་ཐུབ་པ་གནང་རྒྱུ།

རྒྱལ་དོན་ཟས་བཅད་དོད་འབུལ་ཞུ་དགོས་ཁག་གྲོས་ཆོད་འབྲུ་དོན་

དམི ག ས་ཡུལ་ལྟར་ཞི ་ བའི ་ ལས་འགུལ་གྱི ་ རྣམ་པ་ཐོ ན ་ཐབས་སུ་

ཚོགས་ཆུང་སོ་སོས་འཁུར་འགན་ཆེ་བསྐྱེད་དགོས་རྒྱུ།

རང་རེའི་ཆབ་འབངས་ཁོངས་སུ་མ་གཏོགས་པ་ཕྱི་རྒྱལ་མི་རིགས་

རང་ཕྱོ ག ས་སུ་ཤ་ཞེ ན ་ཡོ ད ་པ་རྣམས་ནས་རྒྱལ་དོ ན ་དང་བླངས་ འཕར་མ་འབུལ་མཁན་ཡོང་ཐབས་ལ་སྤྱི་ལྷན་དང༌།

ཚོགས་ཆུང་

གཉི ས ་ཕྱོ ག ས་ནས་འབོ ད ་སྐུལ་གནང་རྒྱུ་བཅས་ཀྱི ་ གྲོས་ཆོ ད ་དུ།

བོད་རྒྱལ་ལོ་ ༢༡༠༧ ཕྱི་ལོ་ ༡༩༨༠ ཟླ་ ༤ ཚེས་ ༡༥ ལ།། ” ཞེས་

གསལ་འདུག (1)

ཕྱི་ལོ་ ༡༩༨༠ ཟླ་ ༡༠ ཚེས་ ༢༩ ཉིན་ལོ་འཁོར་ལས་བསྡོམས་སྲི་ཞུ་

ཚོགས་ཆེན་གྱི་སྒྲིག་གཞི་གཏན་འབེབས་མཇུག་བསྡོམས་ཞུས།(2)

ཕྱི་ལོ་ ༡༩༨༠ ཟླ་ ༡༢ ཚེས་ ༥ རྒྱུན་ལས་གྲོས་ཆོད་དུ། ཚོགས་ཆེན་

གྱི ་ སྒྲི ག ་གཞི ་ གསར་བསྒྲི ག ས་འཆར་ཕུལ་ཕྱག་རྟགས་རི ན ་པོ ་ ཆེ ་ སྩལ་སྨི ན ་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༠།༥།༢ ཤོག་གྲངས་ ༢།༣ པར་གསལ།

2 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ང་ ༡༩༧༩།༡༩༨༠ ནང་གསལ། 340


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བྱུང་བ་ལྟར། ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་གཏན་འབེབས་གནང་

བའི་བརྡ་གཞུང་ནང་གསལ་ཁག་ལ་སྒྲིག་གཞི་དེབ་ཆུང་གསར་བསྐྲུན་དཔར་ འདེབས་འགྲེམས་སྤེལ་གནང་རྒྱུ་ཞེས་གསལ་འདུག

(1)

ཕྱི་ལོ་ ༡༩༨༡ ཟླ་ ༢ ཚེས་ ༢༨ ཉིན་བཀའ་ཤག་ནས་སྐབས་བརྒྱད་

པའི་བོད་མི་མང་སྤྱི་འཐུས་འདེམས་བསྐོ་ཚོགས་ཆུང་བསྐོ་གཞག་གནང་བའི་

གསལ་བསྒྲགས། “ སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་དུས་ལོ་

རྒྱུན་རྫོ ག ས་ཉེ ་ དང་བཅས་སྐབས་བརྒྱད་པའི ་ སྤྱི ་ འཐུས་འདེ མ ས་བསྐོ་བྱ་ དགོས་ལ་བརྟེན།

བོད་(དམངས)མང་གཙོའི་གཞུང་གི་མི་མང་སྤྱི་འཐུས་

འདེ མ ས་བསྐོའི ་ སྒྲི ག ་གཞི འི ་ འབྲུ་དོ ན ་དབུས་འདེ མ ས་བསྐོ་ལྷན་ཚོ ག ས་ཀྱི ་

ཚོ ག ས་གཙོ ་ གཅི ག ་ཡོ ད ་ཚོ ག ས་ཆུང་ཟུར་འཛུགས་བསྐྱངས་དགོ ས ་བཞི ན །

སྐབས་བརྒྱད་པའི་ དབུས་འདེ མ ས་བསྐོ་ལྷན་ཚོ ག ས་ཀྱི་ ཚོགས་གཙོ་ གཅི ག་

དགོས་པ་དགེ་ལུགས་སྤྱི་འཐུས་སྐལ་བཟང་ཡེ་ཤེས་དང༌། ཚོགས་མི་འཕར་

སྣོན་གཅིག་བཅས་བཞི་དགོས་པ་དབུས་གཙང་སྤྱི་འཐུས་དངོས་གྲུབ་ཚེ་རིང་ དང༌། མདོ་སྟོད་སྤྱི་འཐུས་ཆ་ཕྲེང་ངག་དབང༌། མདོ་སྨད་སྤྱི་འཐུས་བློ་བཟང་ འཇམ་དཔལ།

ལས་བྱེད་ཁོངས་ནས་རྩིས་ཞིབ་འགན་འཛིན་འཇིགས་མེད་

ཕྱི་ལོ་ ༡༩༨༡ ཟླ་ ༥ ཚེས་ ༡༡ ཉིན་སྐབས་བརྒྱད་པའི་

ལྷུན་གྲུབ་བཅས་ལ་བསྐོ་གཞག་སྤྱི་སྨིན་བསྐྱངས་སོང་བའི་གསལ་བསྒྲགས་

སུ། བཀའ་ཤག་ནས་ ༡༩༨༡ ཕྱི་ཟླ་ ༢ ཚེས་ ༢༨ ལ།།”

(2)

ཞེས་གསལ།

བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ འདེ མ ས་བསྐོ་ལྷན་ཚོ ག ས་དངོ ས ་སུ་ལས་འགོ ་ བཙུགས་པའི་གསལ་བསྒྲགས་གནང༌།(3)

1 ཆེས་མཐོའི་རྒྱུན་ལས་ཚིག་ཐོའི་དེབ་ཨང་ ང་ ༡༩༧༩།༡༩༨༠ ནང་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༣།༡༣ ཤོག་གྲངས་ ༡ ལ་གསལ། 3 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༥།༢༢ ཤོག་གྲངས་ ༡༡ ལ་གསལ། 341


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བོ ད ་གཞུང་ཆེ ས ་མཐོ འི ་ རྒྱུན་ལས་ཚོ ག ས་འདུ་ནས་ལོ ་ འཁོ ར ་ལས་

བསྡོམས་ཚོགས་ཆེན་ཐེངས་བཅུ་གཉིས་པའི་ཚོགས་བརྡ་དང༌། གྲོས་གཞི།

ཚོགས་ཆེན་གྱི་སྒྲིག་གཞི་བཅས་ཕྱི་ལོ་ ༡༩༨༡ ཟླ་ ༣ ཚེས་ ༢ ཉིན་བོད་མི་ འདུ་གནས་ས་གནས་ཡོངས་རྫོགས་ལ་བཏང༌།(1)

ཕྱི་ལོ་ ༡༩༨༡ ཟླ་ ༤ ཚེས་ ༡༤ ནས་ཚེས་ ༢༨ བར་ལོ་འཁོར་ལས་

སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༨༡

བསྡོམས་ཚོགས་ཆེན་ཐེངས་བཅུ་གཉིས་པ་འཚོགས་ཏེ། གྲོས་གཞི་དོན་ཚན་ བཞི་ལ་གྲོས་ཆོད་ནང་གསེས་དང་བཅས་པ་འཇོག་གནང་མཛད།(2)

ཟླ་ ༤ ཚེས་ ༢༡ ཉིན་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་གཉིས་

པའི ་ ཐོ ག ་(དམངས)མང་གཙོ ་ དང་འབྲེ ལ ་བའི ་ ཐོ ག ་བཀའ་སློ བ ་ཟུར་བཏོ ན ་

ཞུས་པ་འདི་ལྟར།(3) “ང་ཚོ་རྒྱ་གར་ལ་སླེབས་པའི་རྗེས་ལ་རྩ་བའི་གཞུང་གི་ ངོ་བོ་བསྒྱུར་བཅོས་བྱས་ཏེ་ཁ་སེང་སྐད་ཆ་བྱུང་བ་བཞིན།

ང་ཚོ་(དམངས)

མང་གཙོའི་ལམ་དུ་འགྲོ་གི་ཡོད་པ་རེད། ང་ཚོ་སྤྱི་པའི་གཞུང་གི་སྒྲིག་འཛུགས་

འདི་མི་མང་གི་སྲིད་གཞུང་ཡིན་པ་དང༌། དེ་ལ་མི་མང་གི་རྒྱབ་སྐྱོར་ཡོད་པ་

ཞིག་དང༌། མི་མང་གི་བློ་མོས་ཡོད་པ་ཞིག་ཡིན་སྟབས་འགྲོ་སོང་གི་ཐོག་ལ་ བཙན་བྱོལ་བོད་མི་ཚོས་ག་ཚད་ཐུབ་ཐུབ་གཏོང་ཐུབ་པ་བྱུང་ན་དངོས་གནས་ དྲང་གནས་ཀྱི་གཟི་བརྗིད་རེད།

དེང་སང་འཛམ་བུ་གླིང་འདིའི་སྒང་གི་ལུང་པ་གཞན་དག་ལ་ཡང་ཁོ་

1

བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༣།༡༣ ཤོག་གྲངས་ ༢།༣ ལ་གསལ།

3

ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་གནང་བ་ྋགོང་ས་མཆོག་ནས་སྤྱི་འཐུས་དང༌། བཀའ་

2

བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༥།༡༥ ཤོག་གྲངས་ ༣།༤ ལ་གསལ།

ཤག་གིས་མཚོན་གཞུང་ཞབས་ལས་བྱེད་པར་བསྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་

པོའི་ནང་ཚེས་ ༢༡ གསལ་འདུག

342


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

རང་ཚོ ་ སྤྱི ་ པའི ་ དོ ན ་དག་གི ་ ལས་འགུལ་བྱེ ད ་མཁན་སྒྲི ག ་འཛུགས་དེ ་ ཚོ འི ་

གྲས་ཀྱི ས ་སོ ་ སོ ་ ཆེ ་ ཤོ ག ་ཆུང་ཤོ ག ་གི ་ ཞལ་འདེ བ ས་འདྲ་བསྡུས་ནས་འགྲོ་

སོང་གཏོང་གི་ཡོད་པ་རེད། དེས་དོན་དག་གི་ཐོག་ལ་ཕན་གྱི་ཡོད་པ་རེད། རྒྱ་

མི་ལྷ་སར་མ་ཡོང་གོང་ ༡༩༥༠ ལོར་ང་གྲོ་མོར་མ་ཕྱིན་གོང་ལ་ནོར་བུ་གླིང་

ཁའི ་ མཛོ ད ་སྦུག་ཏུ་གསེ ར ་དངུལ་ཕྲན་བུ་ཡོ ད ་པ་རྣམས་འབྲས་ལྗོ ང ས་ལ་ བཏང་བ་རེད། ༡༩༥༩ ལོར་ང་ཚོ་རྒྱ་གར་དུ་སླེབས་རྗེས་ང་ཚོས་རྒྱ་གར་

གཞུང་ལ་སློབ་སྟོན་ཞུས། གསེར་དངུལ་རྣམས་ཚོང་བསྒྱུར་བྱས་ཏེ་གཞུང་གི་ འགྲོ་སོང་ལ་ཕན་པ་བྱས་པ་རེད།

དེ་ནས་ཡང་ཕྲན་བུ་ཁེ་སླེབས་ཡོང་རྒྱུའི་

རྩིས་བྱས་ནས་བཟོ་གྲྭ་འདྲ་བཙུགས་པ་དེ་ཕམ་ཉེས་ཕྱིན་པ་རེད། དངུལ་གྱི་

ཐོག་ནས་ཀ་ཡན་དེ་འདྲར་ཧ་ལ་ཤོར་བ་ཡང་ཕྲན་བུ་བྱུང་བ་རེད། གང་ལྟར་

སྐབས་དེར་གནས་ཚུལ་ཡག་པོ་མགོ་འཚོས་པོ་ཞིག་དང༌། ཏན་ཏན་བྱེད་མ་ ཐུབ་པའི་ཐོག་ནས་སྐྱོན་བྱུང་བ་རེད།

དེ་ནི་ལོ་མང་པོའི་གོང་གི་འདས་པའི་

གནས་ཚུལ་རེད། དེ་རྗེས་དཔལ་འབྱོར་ལས་ཁུངས་བཙུགས་ཏེ་དཔལ་འབྱོར་

འདུ་འགོད་ཐབས་ཤེས་བྱས་ནས་ལས་ཀ་གང་ཡོང་བྱེད་བཞིན་པ་རེད།

མ་འོངས་པ་ལ་ཡང་འགྲིགས་ཙམ་ཡོང་བསམ་པ་འདུག ད་རེས་རང་

བཙན་ཚོགས་ཆུང་གི་ཚོགས་མི་ཆོལ་ཁ་བགོ་བཤའ་རྒྱག་རྒྱུའི་སྐོར་ལ་སྐད་

ཆ་གང་འཚམས་བྱུང་བ་འདྲ། མཐའ་མ་བཀའ་ཤག་དང༌། སྤྱི་འཐུས་གོ་བསྡུར་

བྱས་ནས་གཏན་འབེབས་ཤིག་བྱས་ཡོད་པ་རེད། དེ་ལ་ངས་དམིགས་བསལ་ ཤོད་རྒྱུ་གང་ཡང་མི་འདུག་སྟེ།

ཡིན་ནའང་ཁ་སང་སྐད་ཆ་བྱུང་ཀྲི་སྦི་ཀྲན་

(Tibetan) ཟེར་བའི་ཚིག་འདིའི་འོག་ལ་ང་ཚོ་བོད་རིགས་ཡོངས་སུ་རྫོགས་ པ་ཚུད་ནས་བསྡད་པ་རེད། ང་ཚོ་བོད་མི་ས་ཡ་དྲུག་ཅེས་རྟག་ཏུ་བརྗོད་དོན་

ཡང་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་བོད་གཅིག་ལ་བསམ་བློ་བཏང་ནས་ བཤད་པ་རེད།

343


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ད་ཆ་ཆོ ལ ་ཁ་གསུམ་གྱི ་ བོ ད ་མི ་ ཡོ ང ས་སུ་རྫོ ག ས་པ་སྐྱི ད ་གཅི ག ་

སྡུག་གཅི ག ་བྱེ ད ་པའི ་ དུས་ཚོ ད ་ལ་སླེ བ ས་པར་བརྟེན་ང་རང་ཚོ ་ སྐྱི ད ་སྡུག་

བཟང་ངན་ལེ ག ས་ཉེ ས ་ཅི ་ བྱུང་ན་ཡང་གཅི ག ་བསྒྲི ལ ་བྱས་ནས་སྡོ ད ་རྒྱུའི ་ དམིགས་ཡུལ་བཟུང་སྟེ་ཐོག་མར་འཐུས་མི་འདེམས་བསྐོ་བྱེད་པའི་སྐབས་སུ་

ཡང༌། རྒྱ་གར་ནང་བཙན་བྱོལ་བོད་མིའི་གྲངས་འབོར་ལ་མ་བསྟུན་པར་བོད་ ཆོལ་ཁ་གསུམ་ལ་ཕྱོགས་བགོས་བྱས་པ་རེད། དེ་ལ་དགེ་མཚན་ཡང་གང་ལ་

གང་འཚམས་ཤིག་བྱུང་ཡོད། འོ ན་ཀྱང་ལས་ཀ་གང་འདྲ་ཞིག་ཡིན་ནའང་རྩ་

བའི་ངོ་བོ་དེ་ཡག་པོ་ཞིག་ཡོད་ཀྱང༌། བེད་སྤྱོད་བྱེད་སྟངས་དང༌། ལག་ལེན་

འགེལ་སྟངས་ཀྱི་ཐོག་ནས་སྐྱོན་ལྷགས་པ་ཡོང་སྲིད་པ་ལྟར། བར་ལམ་ཞིག་ལ་ ཆོ ལ ་ཁའི ་ ཐོ བ ་ཐང་འདྲ་མཉམ་ཡོ ད ་པ་དེ ་ བོ ད ་མི ་ ཡོ ང ས་སུ་རྫོ ག ས་པ་དམ་

ཚིག་འོ་ཆུ་གཅིག་འདྲེས་ཡག་པོ་ཞིག་དང༌། གཅིག་སྒྲིལ་གྱི་ནུས་པ་ཐོན་པའི་

མཐུན་རྐྱེན་དུ་འགྲོ་རྒྱུའི་ཚབ་ལ། རེ་ཟུང་གི་བྱ་སྤྱོད་དང༌། བྱེད་སྟངས་ཀྱི་རྐྱེན་ པས་ནང་ཁུལ་འཐེན་འཁྱེར་བྱེད་པ་དང༌། ཆོལ་ཁའི་དབྱེ་འབྱེད་བྱེད་མཁན་གྱི་ བཟོ་འདྲ་པོ་ཞིག་ཆགས་ཀྱི་ཡོད་པ་རེད། ཡག་པོ་བྱེད་དགོས་ཀྱི་འདུག

དེ་ཚོའི་གྲས་ལ་ཚང་མས་དོ་སྣང་

ང་རང་ཚོ་རང་གཞན་ཚང་མར་ཆགས་སྡང་

རྨོངས་གསུམ་ཡོད་པ་རེད། དེ་འདྲའི་ལས་ཀ་དང་འཕྲད་ཡོང་དུས་ཆེ་ས་དང༌།

སྤྱི་པ་དེར་བསམ་བློ་བཏང་སྟེ་ཆུང་བ་དེ་དོར་དགོས། རྩ་བའི་ལས་ཀའི་ངོ་བོ་ དང༌། ཐབས་ཤེས་ཡག་པོ་ཞིག་ཡིན་ནའང༌། དངོས་སུ་རན་དང་མ་རན་ལ་ལྟ་

དགོས། ལག་ལེན་འགེལ་བའི་སྐབས་ལ་ཡག་ཏུ་མ་ཕྱིན་པའི་ཁར། དཀྲོག་རྐྱེན་

འགྲོ་གཞི་ཡོང་གི་ཡོད་ན། དགག་བྱ་དང་དགོས་པ་བརྩི་དགོས། ནང་པ་སངས་ རྒྱས་པའི ་ ཆོ ས ་ཀྱི ་ ཐོ ག ་ནས་ཡི ན ་ནའང་དངོ ས ་ཡོ ད ་གནས་ཚུལ་དང་བསྟུན་

ནས་དགག་བྱ་དང༌།

དགོས་པ་བརྩིས་པ་དེ་སྟོན་པ་སངས་རྒྱས་ཀྱིས་ཚན་

རིག་དང་མཐུན་པར་གསུངས་པ་ཞིག་རེད། གང་ལྟར་ཡང་སྙིང༌། དངོས་ཡོད་ 344


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

ཀྱི་དགོས་པ་དང༌། ཁེ་ཕན་ཆེ་ས་ལ་བལྟས་ཏེ་ང་ཚོ་རྡོག་ལ་འགྲིལ་བ་བྱེད་རྒྱུ་

དེ་ཧ་ཅང་གལ་ཆེན་པོ་རེད། དེ་ཚང་མས་བློ་ལ་ངེས་པ་བྱེད་དགོས།” ཞེས་ བཀའ་སློབ་ཕེབས།

(1)

ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་

གཅི ག ་པའི ་ སྐབས་གྲོས་ཆོ ད ་བྱུང་དོ ན ་དུ་ལོ ་ འཁོ ར ་ལས་བསྡོ མ ས་ཚོ ག ས་

ཆེན་ལོ་ལྟར་ཀྲིག་བཅར་ཚོགས་རྒྱུ་སྤྱིར་བཏང་ལྟ་བུ་ལས། དམིགས་བསལ་ངོ་

ཐོན་ཡོང་མིན་ཁར།

ས་ཁག་ཚང་མའི་འགོ་འཐུས་ཆེད་བཅར་ཞུ་དགོས་

སོགས་གཞུང་མང་དཔལ་འབྱོར་ཕྱག་གྲོན་ཆེ་བ་ཙམ་མ་ཟད།

དབུས་དང་

ཕྱོ ག ས་མཐའི ་ འགན་ཡོ ད ་རྣམས་ཚོ ག ས་ཆེ ན ་དུ་ཉི ན ་མང་དུས་འགོ ར ་གྱི ས ་ ལས་དོན་ངོ་མའི་ཐོག་དུས་ཚོད་མ་ལྡེང་བའི་དཀའ་ངལ་གྱུར་གཞི་བཅས་ལ་

བརྟེན་ཚོགས་ཆེན་ལོ་ལྟར་མ་ཡིན་པར་ལོ་འཁོར་གཉིས་རེའི་མཚམས་འཚུག་

རྒྱུ་དང༌། ཚོགས་འདུ་དེ་ཡང་ལོ་འཁོར་ཚོགས་ཆེན་མིན་པར་བོད་གཞུང་མང་ སྲི་ཞུ་ཚོགས་ཆེན་ཞེས་པར་བསྒྱུར་གནང་མཛད།

ཕྱི་ལོ་ ༡༩༨༡ ཟླ་ ༥ ཚེས་ ༥ ཉིན་གྱི་ཆེས་མཐོའི་རྒྱུན་ལས་ཀྱི་གྲོས་

ཆོད། དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་སྙན་གསལ་ལྟར་ད་བར་

བོ ད ་མི ་ མང་སྤྱི ་ འཐུས་འོ ས ་བསྡུའི ་ སྐབས་ཕྱི ་ རྒྱལ་ཁག་ཏུ་ཡོ ད ་པའི ་ རང་ རིགས་རྣམས་ལ་གསལ་བསྒྲགས་ཙམ་ལས་འོས་བསྡུ་དངོས་སུ་གནང་སྲོལ་

བྱུང་མི་འདུག་པ་ད་ནས་ཞེས་པ་སྐབས་བརྒྱད་པ་ནས་བཟུང་སྒྲིག་གསལ་བོད་ མི་མང་སྤྱི་མཚུངས་ཀྱི་འོས་བསྡུའི་ཐོབ་ཐང་གནང་རྒྱུའི་གྲོས་ཆོད་དུ། གསལ་འདུག

(2)

ཞེས་

ཕྱི་ལོ་ ༡༩༨༡ ཟླ་ ༥ ཚེས་ ༢༧ ཉིན་གྱི་ཆེས་མཐོའི་རྒྱུན་ལས་

1 ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་གནང་བ་ྋགོང་ས་མཆོག་ནས་སྤྱི་འཐུས་དང༌། བཀའ་ཤག་གིས་

མཚོན་གཞུང་ཞབས་ལས་བྱེད་པར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོའི་ཤོག་གྲངས་ ༢༩༥་་་ ༢༩༧ བར་གྱི་ནང་གསལ།

2 ཕྱི་ལོ་ ༡༩༨༡།༡༩༨༢ ༼ཀ་པ༽ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོ། 345


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཚོགས་འདུ་ནས་འདས་པའི་ཉམས་མྱོང་གཞི་རྩར་བཟུང་སྟེ་འོས་བསྡུའི་སྒྲིག་

གཞིར་བསྐྱར་བཅོས་དགོས་ཁག་དོན་ཚན་རེ་རེ་བཞིན་གོ་བསྡུར་ལྷུག་གནང་

གིས་བསྐྱར་བཅོས་གནང་འདུག་པ་དང་ཆབས་ཅིག དེ་སྔོན་འདེམས་བསྐོའི་

ཚོ ག ས་མི ་ རྣམས་ནས་དམ་བཅའ་ཕུལ་སྲོ ལ ་མེ ད ་པ་དེ ་ བཞི ན ་སྤྱི ་ སྐབས་

བརྒྱད་པའི་འདེམས་ལྷན་ནས་བཟུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་ཐོག་

དམ་བཅའ་འབུལ་དགོས་པའི་ཐག་གཅོད་གནང་འདུག དེ་སྔོན་བསྐྱར་བཅོས་

གནང་བར་ཚིག་འཇུག་མ་བདེ་བའི་རིགས་ཕྱི་ལོ་ ༡༩༨༡ ཟླ་ ༦ ཚེས་ ༡༥

ཉི ན ་ཆེ ས ་མཐོ འི ་ རྒྱུན་ལས་ཚོ ག ས་འདུ་ནས་བསྐྱར་བཅོ ས ་གནང་འདུག་པ་ དང༌། སྒྲིག་གཞིའི་ནང་འགོད་སྟབས་མ་བདེ་བའི་རིགས་ཆེས་མཐོའི་རྒྱུན་ལས་ ཀྱི་གྲོས་ཆོད་ཁོངས་སུ་སྣོལ་འཇོག་ཞུ་རྒྱུ་གནང༌།(1)

སྐབས་བརྒྱད་པའི ་ སྤྱི ་ འཐུས་འདེ མ ས་བསྐོ་ལྷན་ཚོ ག ས་ནས་ས་

གནས་འོས་བསྡུ་ལས་ཁང་ལ་བཀོད་རྒྱ་བཏང་བ་འདི་ལྟར།

“ ས་ཁུལ་འདེམས་བསྐོ་ཚོགས་ཆུང་ཁག་གི་འགན་འཛིན་དང༌། ཚོགས་མི།

ཁྱབ་ཁོངས་སེར་སྐྱ་མི་མང་ལྷན་རྒྱས་མཆོག་ལ། ཆེད་ཞུ། འདི་ནས་རང་ རི ག ས་གནས་ཡུལ་ས་གནས་ཁག་ལ་སྐབས་བརྒྱད་པའི ་ ས་ཁུལ་འདེ མ ས་

བསྐོ་ཚོགས་ཆུང་གི་འགན་འཛིན་བསྐོ་གཞག་དང་འབྲེལ་ཁུངས་སོ་སོ་ནས་

ཚོགས་མི་འདེམས་སྒྲུག་དགོས་པའི་བཀོད་གནས་སྔོན་སོང་ལྟར་ས་གནས་

མང་ཆེ་བར་ཚོགས་མི་གཏན་འཁེལ་གྱིས་ཚོགས་ཆུང་དངོས་སུ་ཚུགས་ཟིན་ ཅིང༌། མང་ཚོགས་ངོས་ནས་སྐབས་སོ་སོར་བྱེད་སྒོའི་སྒྲིག་དོན་བློ་ངེས་ཡོད་ ཤག་ཀྱང༌།

ད་ལམ་ཚོགས་ཆུང་སོ་སོ་ནས་འདེམས་བསྐོའི་སྒྲིག་གཞི་དང་

སྒྲིག་གཞིར་སྣོན་འཕྲིའི་བསྒྱུར་བཅོས་ཇི་བྱུང༌།

གཞན་ཡང་འོས་བསྡུ་དང་

འབྲེ ལ ་བའི ་ རྩ་འཛི ན ་ཡི ག ་ཆ་ཁག་བཅས་ཁྱབ་ཁོ ང ས་མི ་ མང་ཐོ ག ་འགྲེལ་

1 ཕྱི་ལོ་ ༡༩༨༡།༨༢ ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དང༌། ཚིག་ཐོ་ ཀ་ པར་གསལ། 346


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བཤད་གོ ་ བཀོ ན ་དང་འབྲེ ལ ་བའི ་ གསལ་བསྒྲགས་ཟབ་ནན་དགོ ས ་རྒྱུ་དང༌།

དེར་ཚང་མས་དོ་སྣང་ཆེན་པོའི་ཐོག་ནས་ཉན་འཇོག་གིས་དོན་གནད་རྣམས་

བློ་ངེས་རྒྱུན་འཇགས་ཐུབ་པ་གནང་གལ།

མཁྱེན་ཆོད་བཞིན་གདམ་བྱ་སྤྱི་

འཐུས་རྣམས་ནི། སྤྱི་འཐུས་སྐབས་རེ་རེའི་དུས་ཡུན་དེའི་རིང༌། རྒྱལ་ཡོངས་

མི་མང་འཐུས་མིའི་ཚོགས་ཆེན་དང༌། དེའི་རྒྱུན་ལས་གཅིག་འཐུས་སུ་ཆེས་ མཐོའི་ཚོགས་འདུའི་ངོ་བོ་འཛིན་པའི་རང་གཞུང་རྒྱུན་ལས་ཚོགས་འདུ་ནམ་

ཡིན་གྱི་ཚོགས་གཙོ་དང༌། ཚོགས་མིའི་འགན་འཁུར་རྐང་བཞེས་ཐོག་གྲོས་

བསྡུར་ཐག་གཅོད་གནང་རྒྱུ་དང༌། རྣམ་ཀུན་བོད་མི་མང་སྤྱི་འཐུས་ལྷན་ཁང་ ཟུར་ཚུགས་ཀྱི་གཞུང་མང་གཉིས་ཕྱོགས་སུ་ལས་དོན་ཆེ་ཕྲ་གང་ཅིར་སྐབས་

མཚམས་སོ་སོར་དགེ་འདོན་སྐྱོན་སེལ་ཐད་བརྗོད་གནང་རྒྱུ་དང༌། ལྷག་པར་

ཆབ་སྲིད་ཐོག་མང་ཚོགས་ཀྱི་ཐད་ཀའི་སྐུ་ཚབ་ལྟ་བུར་ཕན་གནོད་གང་བྱེད་ཀྱི་

ནུས་ལྡན་གལ་འགངས་ཆེ ་ བ་ཞི ག ་ཡི ན ་སྟབས་སྤྱི ་ འཐུས་ཀྱི ་ འོས ་འདེ མ ས་

བྱེ ད ་སྐབས་མང་ཚོ ག ས་ནས་དོ ་ འཁུར་ཆེ ་ བསྐྱེད་དགོ ས ་པ་ཤི ན ་ཏུ་གལ་ཆེ ་

ཞིག་རེད། དེ་འདྲ་ཡིན་སྟབས་འོས་བསྡུ་བ་རྣམས་ནས་རང་ཉིད་གནས་ཡུལ་ ས་གནས་དེའམ།

གཞན་ཡང་བྱེས་འབྱོར་བོད་མིའི་གནས་ཡུལ་གང་ཞིག་

སྒྲིག་གཞིའི་དགོངས་དོན་བོད་མི་མང་སྤྱི་འཐུས་ལ་འོས་པའི་གནས་ཚད་ལྡན་

ཞིང༌། ལྷག་པར་བོད་རྒྱལ་ཁབ་རང་དབང་སླར་གསོ་དང༌། གཞིས་བྱེས་བོད་

མིའི་འཕྲལ་ཕུགས་བདེ་ དོ ན ་ལ་ལྷག་བློ་འགྱུར་མེད་དུ་ཡོད་ལ་མཁྱེན་འབྱོ ན ་

གཉི ས ་ལྡན་སྤྱི ་ ཚུགས་དྲང་བདེ ན ་ཆེ ་ བའི ་ ཕོ ་ མོ ་ ཁྱད་མེ ད ་གང་ན་སུ་མཆི ས ་

རང་རང་གི ་ བསམ་བློའི ་ ནང་སྔོ ན ་ཚུད་ནས་བརྟག་དཔྱད་གོ ་ སྒྲི ག ་ཟབ་ནན་ བྱས་ཏེ་འོས་དམིགས་འདེམས་སྒྲུག་དང༌།

འོས་བསྡུ་དངོས་གཞི་སོ་སོར་

དགའ་ཉེ་ལྟོས་ཕྱོགས་སོགས་སྒེར་དོན་ཕྱོགས་ལྷུང་དང༌།

གཞན་ཟེར་རྗེས་

འབྲང༌། གཞན་དབང་གཡམ་རྒྱུགས་སུ་མ་སོང་བར་རང་ཚུགས་བརྟན་པོར་ 347


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཟུང་སྟེ་ (དམངས) མང་གཙོའི་ཁེ་དབང་ཆེ་ཤོས་རང་ཉིད་ལ་ཡོད་སྟབས་དེ་

དག་ཆུད་ཟོས་སུ་མ་སོང་བར་ངེས་པར་ལོངས་སུ་སྤྱོད་ཐུབ་པ་དགོས་རྒྱུ། ས་

ཁུལ་ཚོ ག ས་ཆུང་སོ ་ སོ ་ ནས་རང་ཁོ ང ས་མང་ཚོ ག ས་ལ་ཞི བ ་ཕྲའི ་ འགྲེལ་

བཤད་རིམ་པས་ཡོང་རྒྱུ་ཡང༌། སྒྲིག་གཞིའི་དགོངས་དོན་གཞིར་བཟུང་དང་

བླངས་འོས་གཞིར་འཛུལ་ཞུགས་བྱ་མི་སུ་མཆིས་རྣམས་ནས་རང་ཉིད་འོ ས་

བསྡུ་བའི ་ མི ང ་གཞུང་ཁོ ང ས་དེ བ ་འགོ ད ་བྱ་ཡུལ་གྱི ་ ས་ཁུལ་ཚོ ག ས་ཆུང་དེ ་ ནས་འོས་གཞིའི་འགེངས་ཤོག་ཞུས་ཏེ་ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༢༥ ནས་

བདུན་ཕྲག་གཅིག་ནང་ཚུད་ཚོགས་ཆུང་དེར་འགེངས་ཤོག་བསྐངས་ཏེ་ཕུལ་ ཟིན་པ་དགོས་རྒྱུ། སྐབས་བརྒྱད་པའི་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ཁག་

གི་འགན་འཛིན་གསར་བསྐོ་དང་འབྲེལ་ཁུངས་སོ་སོའི་ཚོགས་མི་རང་ཁོངས་ ནས་འོས་འདེམས་བྱས་ཏེ་མིང་གཞུང་དང་གནས་ཚུལ་ ༡༩༨༡ ཟླ་ ༦ ཚེས་

༡༧

ཚུན་འདིར་འབྱོར་ཐུབ་པ་གཏོང་དགོས་ཀྱི་ས་གནས་ཚང་མར་སྤྱི་

མཚུངས་བཀོད་རྒྱ་སོང་ཡང་ས་གནས་འགའ་ཞིག་ནས་ད་བར་ཇི་བྱས་གནས་ གསལ་ཙམ་འབྱོར་རིགས་མ་བྱུང་ན།

འོས་བསྡུའི་ལས་དོན་འདི་བཞིན་ས་

གནས་ཚང་མ་ནས་བྱེ ད ་སྒོ ་ དུས་གཅི ག ་ཏུ་དགོ ས ་པར་སོ ང ་འདི ་ དང་འདི ་ རིགས་ཀྱིས་སྤྱི་ཡོངས་ལས་དོན་སྔོན་འཆར་ལ་མི་གནས་པའི་དུས་འགྱངས་

མི་གཏོང་ཐབས་མེད་ལྟ་བུ་ཡོང་འདུག་རུང༌། ཕྱོགས་གཅིག་ནས་སྒྲིག་གསལ་ འཆར་དོ ན ་ལས་རི མ ་དུས་ཐོ ག ་སོ ་ སོ ར ་སྒྲུབ་དགོ ས ་པ་ལས་ཕར་འགྱངས་

གཏོང་ཐབས་མེད་པ་བཅས་ལ་བརྟེན། སླར་ས་གནས་དེ་དག་གི་འོས་ཤོག་ བསྡུ་ལེན་མ་ཐུབ་པའམ།

དུས་ཐོག་འབྱོར་མིན་གྱིས་རྩིས་མེད་འགྲོ་དགོས་

སོགས་ཡོང་སྲིད་པས་(དམངས)མང་གཙོའི་ཁེ་དབང་གཙིག་ཆེར་འཛིན་རྒྱུ་ འདི་བཞིན་རང་བཞིན་ཆུད་ཟོས་སུ་མི་འགྲོ་བའི་ས་གནས་འགོ་འཛིན་སོགས་ འགན་འཁུར་བ་རྣམས་དང༌།

མང་ཚོགས་གཉིས་ཕྱོགས་ནས་དོ་འཁུར་ཆེ་ 348


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

བསྐྱེད་ཀྱི ས ་ལས་དོ ན ་ཆེ ་ ཕྲ་མཐའ་དག་(ཐ་དག)སྐབས་མཚམས་སོ ་ སོ ར ་ འཕྲལ་འཕྲལ་ངེ ས ་སྒྲུབ་ཐུབ་པ་གནང་དགོ ས ་པ་བཅས་དེ ་ དོ ན ་དགོ ང ས་ འཇགས་ཞུ།

བོད་གཞུང་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས།

༡༩༨༡ ཟླ་ ༧ ཚེས་ ༡ ཕུལ།།” (1) ཞེས་གསལ་འདུག

ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༨ ཉིན་ཚོགས་དྲུང་ཡིག་ཚང་ནས་གསལ་

བསྒྲགས་གནང་གསལ་དུ།

གསང་རྒྱ་དགོས་རིགས་ཕུད།

རྒྱུན་ལས་ཚོགས་འདུའི་གལ་ཆེའི་གནས་ཚུལ་ གཞུང་དམངས་དབར་གནད་དོན་གོ་རྟོགས་

ཕྱི ན ་ཅི ་ མ་ལོ ག ་པའི ་ དངོ ས ་ཡོ ད ་གནས་ཚུལ་ལམ་འཕྲལ་ངེ ས ་ཤེ ས ་གསལ་ རྟོགས་ཐུབ་པ་དང༌། མང་ཚོགས་ལའང་(དམངས)མང་གཙོའི་ལམ་སྲོལ་འགྲོ་ ལུགས་རང་ཤུགས་ཀྱིས་གོ་དོན་སློབ་གསོ་ཡོང་རྒྱུ་སོགས་ཀྱི་དགེ་མཚན་ལ་

བརྟེན་རྒྱུན་ལས་ནང་དུ་ཆབ་སྲི ད ་དང་འཛི ན ་སྐྱོང་ལ་སོ ག ས་པའི ་ དགོ ང ས་

འཆར་དང་དྲི་བ་བྱུང་རི ག ས་སྔ་འཕྲོ ས ་ཚོ ད ་བལྟ་ལྟ་བུར་གསལ་བསྒྲགས་ གནང་རྒྱུ་གནང༌།(2) ཞེས་གསལ་འདུག

ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༡༤ ཉིན་སྐབས་བརྒྱད་པའི་སྤྱི་འཐུས་

དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་ས་གནས་འོས ་བསྡུ་ལས་ ཁུངས་སོ་སོར་བཏང་གནས་འདི་ལྟར། “ ས་ཁུལ་འདེམས་བསྐོ་ཚོགས་ཆུང་

གི་འགན་འཛིན་དང༌། ཚོགས་མི་ཁྱབ་ཁོངས་སེར་སྐྱ་མི་མང་ལྷན་རྒྱས་མཆོག་

ལ། ཆེད་ཞུ། འདི་ནས་ཕྱི་ལོ་ ༡༩༨༡ ཟླ་ ༧ ཚེས་ ༡ འཁོད་པའི་ཞིབ་ཆའི་ ལས་རིམ་དུས་ཚེས་གཏན་འབེབས་ཀྱི་རེའུ་མིག་དང༌།

བྱེད་སྒོའི་གསལ་

བསྒྲགས་སྔོ ན ་ཟི ན ་ལྟར་སྐབས་བརྒྱད་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ འོས ་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༧།༡༧ ཤོག་གྲངས་ ༧ ལ་གསལ། 2 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༩།༡༡ ཤོག་གྲངས་ ༡ ལ་གསལ། 349


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཞིར་དང་བླངས་འཛུལ་ཞུགས་བྱ་རྒྱུའི་དུས་ཚེས་ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་

༢༥ ཉིན་ནས་བདུན་གཅིག་རིང་ཡིན་སྟབས་དང་བླངས་འཛུལ་ཞུགས་བྱ་མི་ སུ་ཡོད་ཀྱིས་རང་རང་གནས་ཡུལ་ས་གནས་འདེམས་བསྐོ་ཚོགས་ཆུང་ནས་ གོང་གསལ་དུས་ཚེས་ནང་འགེངས་ཤོག་ཞུ་ལེན་བསྐངས་འབུལ་ཆ་ཚང་ཐུབ་

པ་དགོས་གཤིས། འདེམས་བསྐོའི་སྒྲིག་གཞིའི་དགོངས་དོན་སྤྱི་དང༌། ལྷག་

པར་ནང་གསེས་དོན་ཚན་ ༡༢།༡༣།༡༤།༡༥།༢༡།༢༢ སོ་སོ། འདི་ནས་གཏན་

འབེ བ ས་དུས་ཚེ ས ་གསལ་བསྒྲགས་ཀྱི ་ རེ འུ ་མི ག ་སོ ག ས་འབྲེ ལ ་ཡོ ད ་རྩ་

འཛིན་ཡིག་ཆ་ཁག་ས་གནས་འདེམས་བསྐོ་ཚོགས་ཆུང་ལ་ཆ་ཚང་ཡོད་པས།

དང་བླངས་འཛུལ་ཞུགས་བྱ་མི་དོ་བདག་སོ་སོས་སྔོན་ཚུད་ནས་ཐུགས་སྣང་

ཆེ་བསྐྱེད་དགོས་གལ། འོས་དམིགས་འདེམས་སྒྲུག་བྱ་རྒྱུའི་དུས་ཚེས་ཕྱི་ལོ་

༡༩༨༡ ཟླ་ ༡༠ ཚེས་ ༩ ཉིན་ཡིན་པ་ལྟར་ཚོགས་ཆུང་སོ་སོའི་ཁྱབ་ཁོངས་

ཆོ ལ ་གསུམ་ཆོ ས ་ལུགས་དང་བཅས་པ་སྡེ ་ ཚན་འདྲེས་མེ ད ་ཀྱི ས ་འོས ་བསྡུ་ བའི ་ མི ང ་གཞུང་དེ བ ་འགོ ད ་སྔོ ན ་ཟི ན ་གཞི ར ་བཟུང་ཁུངས་སོ ་ སོ འི ་ ནང་མི ་

གྲངས་ ༢༥ མན་གྱི་ཚོགས་ཆུང་ཆ་བགོས་ཀྱིས་འོས་དམིགས་འགེངས་ཤོག་

བཀང་རྒྱུའི་ལས་དོན་སྒྲིག་གསལ་ལྟར་འཐུས་ཚང་དགོས་རྒྱུ་དང༌། འདི་ནས་ ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་ལ་འོས ་དམིག ས་འདེ མ ས་སྒྲུག་འགེ ང ས་

ཤོག་ཟུར་བཏང་ཁོངས་ཆོལ་ཁ་གསུམ་དང༌། ཆོས་ལུགས་ཁག་བཅས་ཁུངས་

སོ ་ སོ ར ་མི་ འདྲ་བ་རེ ་ རེ ་ མ་དགོ ས ་པ་ཆོ ལ ་ཁ་གསུམ་ལ་འགེ ང ས་ཤོ ག ་གཞི ་

མཚུངས་དང༌།

ཆོས་ལུགས་ཁག་ལ་འགེངས་ཤོག་གཞི་མཚུངས་བཅས་

འགེངས་ཤོག་ཁག་གཉིས་ཡོད་པ་ནས། ཆོལ་ཁའི་འགེངས་ཤོག་གི་ཆོལ་ཁ་

ཞེས་འོག་ཆོལ་ཁ་གང་ཡིན་པ་དེ་དང༌། ཆོས་ལུགས་འགེངས་ཤོག་གི་ཆོས་

བརྒྱུད་བཞི་དང༌། བོན་ཆོས་ཇི་ཡིན་ཞེས་པའི་རེའུ་མིག་འོག་ས་དགེ་བཀའ་ རྙིང་བོན་བཅས་ཁུངས་ཇི་ཡིན་འགེངས་དགོས། 350

གལ་སྲིད་འོས་དམིགས་


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

འདེམས་སྒྲུག་གི་འགེངས་ཤོག་རེའུ་མིག་ནང་འོ ས་དམིགས་གང་ཞིག་གི་མིང་ དང༌། ཆོལ་ཁ། ད་ལྟའི་སྡོད་གནས་ཇི་ཡིན་རྩ་བ་ནས་བཀོད་(འགོད)མེད་

པའམ། ཡང་ན་ཁ་གསལ་མེད་པ། ཡང་ཆོས་ལུགས་དང༌། ཆོལ་ཁ་སོ་སོའི་ ཐོ བ ་ཆའི ་ སྤྱི ་ འཐུས་ཀྱི ་ གྲངས་ཚད་ལས་བརྒལ་བའི ་ འོ ས ་མི ང ་བཀོ ད ་པ།

འགེ ང ས་ཤོ ག ་གཅི ག ་ལ་འོས་དམི ག ས་འདེ མ ས་སྒྲུག་བྱེ ད ་པོ འི ་ ཚོ ག ས་མི ་

གྲངས་ ༢༥ ལས་མང་བ་ཡོད་རིགས། འོས་དམིགས་འདེམས་སྒྲུག་འགེངས་

ཤོག་གི་མཇུག་ཏུ་ཚོགས་ཆུང་དེའི་ནང་མི་གྲངས་ཇི་ཡོད་དང༌། ཚོགས་ཆུང་ འགན་འཛིན་གྱི་མིང་རྟགས་མེད་པ། འགེངས་ཤོག་ལ་ས་ཁུལ་འདེམས་བསྐོ་

ཚོགས་ཆུང་གི་ལས་ཐམ་དང༌། འགན་འཛིན་གྱི་ས་རྟགས་མ་འཁོད་པ། འོས་

བསྡུ་བའི ་ མི ང ་གཞུང་དེ བ ་འགོ ད ་གཏན་འབེ བ ས་ཟི ན ་པའི ་ ནང་རང་མི ང ༌མ་ འཁོད་པར་འོས་དམིགས་འདེམས་སྒྲུག་བྱས་པའི་རིགས་སོགས་སྒྲིག་གཞིའི་

ཡིག་ཆ་ཁག་གི་འབྲུ་དོན་ལས་ཕྱོགས་འགལ་གྱི་གནས་ཚུལ་རིགས་བྱུང་ཚེ།

སླད་འགེ ང ས་ཤོ ག ་དེ ་ དག་རྩི ས ་མེ ད ་དུ་འགྲོ་རྒྱུར་དེ ་ དོ ན ་(དམངས)མང་

གཙོའི་ལམ་སྲོལ་དང༌། མང་ཚོགས་ཀྱི་ཁེ་དབང་ལ་རང་བཞིན་གནོད་འགལ་

འགྲོ་གཞིའི་རིགས་ནམ་ཡང་མི་འབྱུང་ཆེད་ས་ཁུལ་འདེམས་བསྐོ་ཚོགས་ཆུང་

ནས་ཀྱང་སྒྲིག་གཞི་དང༌། རྩ་འཛིན་ཡིག་ཆའི་འབྲུ་དོན་སྤྱི་དང༌། ལྷག་པར་འདི་

ནས་གསལ་བསྒྲགས་ཡིག་ཆ་སྔ་རྗེས།

སྒྲིག་གཞིའི་ནང་གསེས་སྡེ་ཚན་

གསུམ་པ་དང༌། བཞི་པ་གཉིས་བཅས་ཀྱི་ཐོག་འགྲེལ་བཤད་གོ་བཀོན་སློབ་ སྟོན་དང༌། མཇུག་གནོན་དམ་དོན་དགོས་གལ། མང་ཚོགས་ནས་ཀྱང་གོ་དོན་

རྟོགས་མི ན ་རི ག ས་ནམ་བྱུང་ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་ལ་སྐབས་

འཕྲལ་སོ་སོར་དོགས་གཅོད་དང་འབྲེལ་ཞུ་སྒོ་ཁག་རང་དོན་རང་གཅེས་ཀྱིས་

ཚགས་ཚུད་དམ་དོ ན ་ཅི ་ ནས་ཡོ ད ་པ་བཅས་དེ ་ དོ ན ་དགོ ང ས་འཇགས་ཞུ།

བཞུགས་སྒར་བོ ད ་གཞུང་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས། 351


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

༡༩༨༡ ཟླ་ ༩ ཚེས་ ༡༤ ལ།།”(1) ཞེས་གསལ་འདུག

ཕྱི་ལོ་ ༡༩༨༡ ཟླ་ ༩ ཚེས་ ༡༤ ཉིན་སྤྱི་ཁྱབ་འདེམས་བསྐོ་ལྷན་

ཚོགས་ནས་སླར་ཡང་གསལ་བསྒྲགས་ཤིག་གནང་འདུག

དེའི་ནང་དུ་རྒྱུན་

ལས་ནས་སྒྲིག་གཞི་བསྐྱར་བཅོས་གནང་བ་ཁག་རེད་འདུག་པ་འདི་ལྟར།

“༡༽ འདེམས་བསྐོའི་སྒྲིག་གཞི་དོན་ཚན་ ༥ པའི་ནང་གསེས་ ཀ་པར།

ཁེ ་ ཡོ ད ་ལས་འཛི ན ་སྐོར་ལས་བྱེ ད ་ཁོ ང ས་ནས་སྤྱི ་ འཐུས་སུ་དང་

༢༽

བླངས་ཞུགས་ཆོག་ཅིང༌། དེའང་འོས་གཞིའི་ཁོངས་འཛུལ་ཞུགས་ མ་བྱས་གོང་ལས་བྱེད་རྩ་དགོངས་ཞུ་འཁྲོལ་དགོས་རྒྱུ།

ལས་བྱེ ད ་བགྲེས་ཡོ ལ ་གང་ཞི ག ་སྤྱི ་ འཐུས་ཀྱི ་ སྔོ ན ་འགྲོའི ་ འོ ས ་ གཞི འི ་ཁོ ང ས་ཞུགས་ན་སྤྱི་ འཐུས་སུ་འདེམ ས་ཐོན ་ཡོང་མི ན ་ལ་མ་ ལྟོས་པར་འོས ་ཁོ ང ས་འཛུལ་ཞུགས་བྱས་པའི ་ ཉི ན ་མོ ་ ནས་བཟུང་

རྒས་ཡོ ལ ་གྱི ་ ཐོ བ ་ཐང་བྲལ་ཞི ང ་རྒས་ཡོ ལ ་བ་གང་ཞི ག ་སྤྱི ་ འཐུས་

སུ་འོས་ཐོན་བསྐོ་བསྩལ་བྱུང་མིན་ཇི་ལྟར་ཡང༌། སླད་རྒས་ཡོལ་གྱི་ ཐོབ་ཐང་བསྐྱར་དུ་ཞུ་རྩོད་མི་ཆོག”

(2)

ཞེས་གསལ།

ཕྱི་ལོ་ ༡༩༨༡ ཟླ་ ༡༠ ཚེས་ ༢༠ ནས་ཚེས་ ༢༤ བར་བོད་རིགས་

གཞོན་ནུའི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་པའི་ཐོག་གྲོས་ཆོད་མཇུག་

སྐྱོང་བྱ་སྒོའི་ནང་བོད་མི་མང་སྤྱི་འཐུས་འོས་བསྡུ་དང་འབྲེལ་བའི་ཐོག་གྲོས་

ཆོད་འདི་ལྟར་བཞག་འདུག ཅ༽ ༡༩༧༤ ནས་བཟུང་བོད་རིགས་གཞོན་ནུའི་ ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་སྔ་རྗེས་ཀྱི་གྲོས་ཆོད་དགོངས་དོན་ བོ ད ་མི ་ མང་སྤྱི ་ འཐུས་འོས ་འདེ མ ས་ཞུ་ཕྱོ ག ས་དུས་བསྟུན་བསྒྱུར་བཅོ ས ་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༡༠།༢ ཤོག་གྲངས་ ༦ ལ་གསལ། 2 ཅེས་གསལ་འདུག བོད་མིའི་རང་དབང་ཕྱི་ལོ་ ༡༩༨༡།༡༠།༢ ཤོག་གྲངས་ ༧ ལ་གསལ། 352


བོད་མི་མང་སྤྱི་འཐུས་ཀྱི་ཡོང་ཁུངས་དང་གྲངས་ཚད་འོས་འདེམས་བྱེད་ཕྱོགས་སོགས་ཀྱི་སྐོར།

དགོས་སྐོར་རེ་བསྐུལ་སྙན་སེང་རིམ་ཞུས་བཞིན་ཕྱག་ལེན་དོན་འཁེལ་ཡོང་ ཐབས་མཇུག་སྐྱོང་སྙན་བསྐུལ་མཐའ་འཁྱོལ་ཞུ་རྒྱུ། ཞེས་གསལ་འདུག

(1)

1 བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ཚོགས་ཆེན་དང་འགན་འཛིན་ལྷན་ཚོགས་ཀྱི་ གྲོས་ཆོད་ཕྱོགས་བསྒྲིགས་ ༡༩༧༠་་་་༢༠༠༠ ཞེས་པའི་ཤོག་གྲངས་ ༣༨ པར་གསལ།

353


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ས་བཅད་བཅུ་གཅིག་པ། ༈ སྤྱི་འཐུས་གྲངས་ཚད་སྣོན་འཕྲི་དང་ ལས་ཡུན་ལོ་ལྔར་གཏན་འབེབས། ཆོལ་གསུམ་འོས་ཤོག་ མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར། སྐབས་བརྒྱད་ པ་དང་དགུ་པའི་སྤྱི་འཐུས་༸གོང་ས་མཆོག་ནས་ཡེ་ ཤེས་དབྱིངས་དཔྱད་ཀྱིས་བསྐོ་བཞག་གནང་བ། སྤྱི་འཐུས་ཚོགས་ཁང་གསར་བསྐྲུན་ བཅས་ཀྱི་སྐོར།

ཕྱི་ལོ་ ༡༩༧༧།༡༩༧༨།༡༩༨༡ ལོ་བཅས་ཀྱི་བོད་རིགས་གཞོན་

ནུའི་ལྷན་ཚོ ག ས་ནས་སྤྱི་ འཐུས་འོས ་བསྡུ་གནང་ཕྱོགས་ཆོལ་གསུམ་སོ་ སོ་

མ་ཡི ན ་པར་ཆོ ལ ་གསུམ་འོས ་ཤོ ག ་མཉམ་བསྡུ་གནང་རྒྱུར་དགོ ས ་གལ་ཆེ ་

སྐོར་ཞུ་སྙན་རིམ་ཕུལ་ལ་བརྟེན་ཕྱི་ལོ་ ༡༩༨༡ ལོར་ཆེས་མཐོའི་རྒྱུན་ལས་

ལྷན་ཚོ ག ས་ཐོ ག ་བཀའ་བསྡུར་གྱི ས ་སྐབས་བརྒྱད་པའི ་ འོ ས ་བསྡུ་གཞོ ན ་ནུ་

ལྷན་ཚོགས་ཀྱིས་བསམ་འཆར་ཞུས་པ་ལྟར་གནང་རྒྱུར་མང་མོས་ཐག་གཅོད་ བྱུང་སྟེ་ཆོ ལ ་གསུམ་སྤྱི ་ འཐུས་འོས ་བསྡུ་མཉམ་བླུགས་བྱ་རྒྱུ་བསྒྱུར་བཅོ ས ་

སོང་བའི་གསལ་བསྒྲགས་ཆེས་མཐོའི་རྒྱུན་ལས་ནས་གནང་བ་འདི་ལྟར། “

བོད་མི་མང་སྤྱི་འཐུས་འདེམས་བསྐོའི་སྒྲིག་གཞིའི་ནང༌། ༈ བོད་མི་མང་སྤྱི་ འཐུས་རྣམས་ཀྱི་ཡོང་ཁུངས་དང༌། གྲངས་ཚད་ནི་ཆོལ་ཁ་གསུམ་སོ་སོ་ནས་ སྤྱི་འཐུས་ཕོ་མོ་ཁྱད་མེད་བཞི་རེ་དང༌། ཆོས་ལུགས་ཁོངས་ཆོས་བརྒྱུད་ཆེན་ པོ་བཞི་དང༌། གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་རེ། ྋགོང་ས་ྋསྐྱབས་

མགོན་ཆེན་པོ་མཆོག་ནས་ཐད་ཀར་བསྐོ་གཞག་བསྩལ་བའི་རྩོམ་རིག་དང༌། 354


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ཚན་རི ག ་གང་རུང་ལ་མཁས་པའི ་ མི ་ གཅི ག ་བཅས་སྤྱི ་ འཐུས་གྲངས་འབོ ར ་

བཅོ་བརྒྱད་ཡིན་ཡང༌།

ད་ལམ་སྐབས་བརྒྱད་པའི་སྤྱི་འཐུས་འོས་འདེམས་

ནས་བཟུང་གྲངས་འབོར་ལ་བསྒྱུར་བཅོས་ཀྱིས་ཆོས་ལུགས་ཁག་དང༌། རྩོམ་ རིག་མཁས་པ་བཅས་ཀྱི་སྤྱི་འཐུས་རྩ་འབོར་ད་མུས་རང་འཇགས་དང༌། ཆོལ་

ཁ་སོ་སོའི་སྤྱི་འཐུས་གྲངས་འབོར་ནས་གཅོག་འཐེན་གྱིས་ཆོལ་ཁ་རེ་ནས་ཕོ་

མོ ་ ཁྱད་མེ ད ་ཀྱི ་ སྤྱི ་ འཐུས་གཉི ས ་རེ ་ འོས ་འདེ མ ས་བྱ་རྒྱུར་གཏན་འབེ བ ས་ གནང་བ་བཞིན་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་སྤྱི་འཐུས་ཀྱི་གྲངས་

འབོར་བཅུ་གཉིས་ལ་ཐུགས་གཏན་འཁེལ་ཞིང༌། བོད་མི་མང་སྤྱི་འཐུས་འོས་

འདེམས་བྱེད་ཕྱོགས་སྐོར་གཞོན་ནུའི་ལྷན་ཚོགས་ནས་བསམ་ཚུལ་ྋསྙན་ཞུ་ རིམ་པར་ཕུལ་འབྱོར་བྱུང་བ་མ་ཟད། ད་ལམ་ཕྱི་ལོ ༡༩༨༡ ཟླ་ ༡༠ ཚེས་ ༢༣

ཉིན་སླར་ཡང་བསྐྱར་བསྐུལ་ྋསྙན་ཞུ་ཕུལ་འབྱོར་བྱུང་དོན། ད་སྐབས་ཕྱོགས་ གང་ཅིའི་གནས་ཚུལ་འགྱུར་འགྲོས་དང་བསྟུན་པའི་གཞོན་ནུའི་བསམ་ཚུལ་

རྒྱུ་མཚན་ལ་དོ ན ་ཕན་ཡོ ང ་རེ འི ་ དགེ ་ མཚན་དུ་གཟི ག ས་ཏེ ་ མང་མོ ས ་གྲོས་

ཆོད་བྱུང་དོན་ཆོལ་ཁ་སོ་སོར་སྤྱི་འཐུས་གྲངས་འབོར་ཐོབ་ཐང་འདྲ་མཚུངས་ སྩལ་རྒྱུར་འགྱུར་བ་མེད་ཅིང༌། འོས་འཕེན་བྱེད་ཕྱོགས་སྐོར་ཆོས་ལུགས་ཀྱི་

འཐུས་མི་རང་ཁུངས་སོ་སོ་ནས་སྔར་བཞིན་འོས་འཕེན་བྱ་རྒྱུ་དང༌། ཆོལ་ཁའི་ འོས་འཕེན་བྱེད་ཕྱོགས་ད་ནས་བཟུང་སྔོན་འགྲོའི་འོས་དམིགས་དང༌། དངོས་ གཞི་གཉིས་ཀ་རང་ཉིད་ཆོལ་ཁ་གང་གི་ཁོངས་སུ་ཡོད་ནའང་ཆོལ་ཁ་གསུམ་ ཀའི་ཐོག་འོས་འཕེན་བྱས་ཆོག་པ་ཡིན།

འོན་ཀྱང་སྐབས་བརྒྱད་པའི་སྤྱི་

འཐུས་ཀྱི ་ སྔོ ན ་འགྲོའི ་ འོས ་གཞི ་ ཆོ ལ ་ཁ་སོ ་ སོ ་ ནས་འོས ་དམི ག ས་འདེ མ ས་

སྒྲུག་ཞུས་ཟི ན ་སྟབས་བསྐྱར་འདེ མ ས་མ་དགོ ས ་པར་འོས ་གཞི ་ དེ ་ རང་ལ་

ཐུགས་གཏན་འཁེལ་ཞིང༌། དངོས་གཞིའི་འོས་བསྡུ་ཆེན་མོའི་སྐབས་ཆོལ་ཁ་

དབྱེ ར ་མེ ད ་ཐོ ག ་ནས་འོས ་འཕེ ན ་བྱེ ད ་དགོ ས ་པ་བཅས་ལ་སོ ར ་གནས་ཚུལ་ 355


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཞིན་དགོས་རྒྱུ་ཡིད་འདོམས་གྱིས།

ཆེས་མཐོའི་བོད་གཞུང་རྒྱུན་ལས་

ཚོགས་འདུ་ནས། བོད་རྒྱལ་ལོ་ ༢༡༠༨ ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༢༦ ལ།།” ཞེས་གསལ་འདུག

(1)

ཆེ ས ་མཐོ འི ་ རྒྱུན་ལས་ནས་སྤྱི ་ འཐུས་འོས ་བསྡུ་གནང་ཕྱོ ག ས་ཀྱི ་

གྲོས་ཆོད་བཞག་པར་བརྟེན་ཕྱི་ལོ་ ༡༩༨༢ ཟླ་ ༡ ཚེས་ ༢༠ ཉིན་གསལ་

བསྒྲགས་ཐེ ང ས་གཉི ས ་པ་ཞེ ས ་པའི ་ སྔ་ཕྱི འི ་ བྱུང་རྐྱེ ན ་དང་རྒྱབ་ལྗོ ང ས་རྒྱུ་ མཚན་བཅས་ཀྱི་གསལ་བསྒྲགས་ཤིག་གནང་འདུག(2) ཡང་གཞོན་ལྷན་ནས་

ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༢༠ ལ་གསལ་བསྒྲགས་ཐེངས་གསུམ་པ་ཞིག་ཀྱང་ གནང་འདུག(3)

ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༡༥ ཆེས་མཐོའི་རྒྱུན་ལས་ཚོགས་

འདུར་བཀའ་ཚོ ག ས་གཉི ས ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ བཀའ་འགུག་གནང་ནས་བཀའ་ཇི་ཕེབས་འདི་ལྟར། “ བཀའ་ཤག་ནས་

སྙན་སེང་གནང་དོན། ཉེ་ཆར་བཀའ་ཤག་དང༌། ཚོགས་གཙོ་རྣམ་གཉིས་ གཟིམ་ཆུང་དུ་བཀའ་འགུག་གནང་སྟེ་བཀའི་ཕེབས་སྒོར། ཆོས་ལུགས་ཆོལ་ གསུམ་དང་བཅས་པའི་སྤྱི་འཐུས་གྲངས་ཚད་ཐད་ཆོས་ལུགས་ཁག་ད་མུས་

རང་འཇགས་དང༌། ཆོལ་ཁའི་ཁོངས་ནས་སྤྱི་འཐུས་གཉིས་རེ་གཅོག་འཐེན་

བྱས་ན་བཀའ་ཕེ བ ས་འདུག་པས་དེ ་ རྩི ས ་སྔོ ན ་འགྲོའི ་ འོས་གཞི འི ་ ནང་འོས་

གྲངས་ཚད་གཞི་གཏན་འབེབས་གནང་དགོས་གསུངས།” གྲངས་ཚད་གཏན་

འབེ བ ས་གནང་དགོ ས ་གསུངས་ཀྱང་དེ ་ ཉིན ་གཏན་འབེ བས་གནང་མི ་ འདུག

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༡།༨ ཤོག་གྲངས་ ༡༢ དང་ཡང་ ༡༩༨༢།༡།༢༥ ཤོག་གྲངས་ ༡༢ དང་ ཡང་ ༡༩༨༢།༡།༢༩ ཤོག་གྲངས་ ༡༢ ལ་གསལ།

2 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༡།༢༩ ཤོག་གྲངས་ ༩ དང་ ༡༡ ལ་གསལ།

3 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༣།༥ ཤོག་གྲངས་ ༤ དང་ ༥།༡༡ ལ་གསལ། 356


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

དེ་ཉིན་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ཆེས་མཐོའི་རྒྱུན་

ལས་ཚོགས་འདུ་ནས་གཏན་འབེབས་གནང་འདུག

(1)

ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༡༧ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུར་བོ ད ་རི ག ས་གཞོ ན ་ནུ་ལྷན་ཚོ ག ས་ཀྱི ་ སྤྱི ་ འཐུས་འོས ་འདེ མ ས་གནང་

ཕྱོགས་སྐོར་བསམ་འཆར་སྙན་ཤོག་ཕུལ་བའི་ཐོག་དགོངས་འཆར་གནང་བ་ འདི་ལྟར། ཚོགས་གཙོ་མཆོག་ནས་ཚོགས་འདུ་དབུ་འཛུགས་གནང་སྟེ། ད་

རིང་རྒྱུན་ལས་ཐོག་བཀའ་བསྡུར་གནང་ཡག་ནི།

བོད་རིགས་གཞོན་ནུའི་

ལྷན་ཚོགས་ནས་སྤྱི་འཐུས་འོས་འདེམས་སྐོར་དེ་སྔོན་ནས་སྙན་སེང་ཇི་ཞུས་ ཞུ་མ་དགོས་པ་དང༌། ད་ལམ་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་འོས་འདེམས་

གནང་ཉེར་སོང་གཞོན་ལྷན་ནས་བསྐྱར་བསྐུལ་སྙན་ཞུ་ཕུལ་བ་བཞིན། དུས་ཀྱི་

འགྱུར་བ་དང་བསྟུན་པའི་དགོངས་བཞེས་རྒྱ་ཆེ་གནང་ཡག་གལ་ཆེ་མཐོང་གི་

འདུག ཐོག་མར་གཞོན་ལྷན་ནས་འགོ་འཛུགས་སྐབས་ཕྲན་རང་གཞོན་ལྷན་གྱི་ དབུས་རྒྱུན་ལས་ཁོངས་སུ་ཡོད། བཀའ་བློན་ཕྱག་རོགས་བསྟན་འཛིན་དགེ་

བྱེད་ཀྱང་ཡོད། བསམ་ཚུལ་འདི་དག་ལྷག་བསམ་བཟང་པོའི་ཐོག་ནས་ཞུས་ པ་ཞིག་རེད། ད་ཆ་གཞོན་ལྷན་གྱི་བསམ་ཚུལ་དེ་མཐའ་བསྐྱེལ་ཞུ་འདོད་ཡོད་

པ་ཡིན་ཙང་དུས་ཀྱི་འགྱུར་འགྲོས་ལ་དགོངས་བཞེས་རྒྱ་ཆེ་གནང་ན་བསམ་

འདུག གཞོན་ལྷན་གྱི་ཞུས་པ་ཚང་མ་ཡོན་ཏན་ཤ་སྟག་རེད་ཞུ་གི་མེད། གང་ ལྟར་དུས་ཀྱི་འགྱུར་བ་དང༌།

བོད་མིའི་སྤྱི་ཚོགས་སོགས་གང་ཅིའི་གནས་

སྟངས་དང༌། བསམ་ཚུལ་ལ་གཞིགས་ན་འགྱུར་བ་གཏོང་བ་གནང་ན་ཡག་པོ་

མེད་དམ་སྙམ་པ་འདུག ཕྲན་རང་ཡང་གཞུང་མང་གཉིས་ཀའི་ཞབས་འདེགས་ ཞུ་མྱོང་ཡོད་པ་རེད། དོན་དུ་ཚོགས་མི་ཚང་མས་དགོངས་འཆར་ལྷུག་འདོན་ གནང་དགོས་པ་ལས། ཚིག་གི་ཚིག་ལ་བསྙད་དེ་དགོས་མེད་དགོངས་འཆར་

1 ཕྱི་ལོ་ ༡༩༨༡།༨༢ ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དང༌། ཚིག་ཐོ ཀ༽ པར་གསལ། 357


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མི་འབྱུང་བའི་དགོངས་བཞེས་གནང་དགོས་གསུངས།

ཞེ ས ་བཀའ་བསྡུར་ཞི བ ་ཅིང ་ཕྲ་བ་གནང་རྗེ ས ་མང་མོ ས ་ཐོ ན ་པར་གྲོས་ཆོ ད ་

ཟིན་བྲིས་ལ་ཆེས་མཐོའི་རྒྱུན་ལས་ནས་ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༢༢ དང་

༢༣ གཉིས་ལ་གྲོས་བསྡུར་གྱིས་ཚེས་ ༢༣ ཉིན་གཏན་འབེབས་གནང་སྟེ།

ྋསྙན་ཞུར་བཀའ་ཚོགས་ལྷན་རྒྱས་བཅར་ཏེ་དེ་འབྲེལ་དགོངས་འཆར་ཇི་བྱུང་

ྋསྙན་གསན་ལྷོང་གསོལ་གནང་རྒྱུ་དང༌། བཀའ་འཁྲོལ་བྱུང་མཚམས་རྒྱུན་ ལས་སུ་སྙན་གསན་གནང་རྒྱུ་གནང༌།(1)

ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༡༧།༡༩།༢༢།༢༣ བཅས་ལ་ཆེས་

མཐོའི་རྒྱུན་ལས་ཚོགས་ནས་མང་མོས་གྲོས་འཆམས་ཁོངས་ནས་རྩ་འགངས་

ཆེ་རིགས་ྋསྙན་སེང་བཀའ་འཁྲོལ་བསྩལ་བ་བཅས་ཀྱི་གྲོས་ཆོད་འདི་ལྟར།

༡༽ བོད་མི་མང་སྤྱི་འཐུས་འདེམས་བསྐོའི་སྒྲིག་གཞིའི་ནང༌། བོད་མི་མང་སྤྱི་

འཐུས་རྣམས་ཀྱི་ཡོང་ཁུངས་དང༌། གྲངས་ཚད་ནི། ཆོལ་ཁ་གསུམ་སོ་སོ་ནས་ སྤྱི་འཐུས་ཕོ་མོ་ཁྱད་མེད་བཞི་རེ་དང༌། ཆོས་ལུགས་ཁོངས་ཆོས་བརྒྱུད་ཆེན་ པོ་བཞི་དང༌། གཡུང་དྲུང་བོན་བཅས་ནས་སྤྱི་འཐུས་རེ། ྋགོང་ས་ྋསྐྱབས་

མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཐད་ཀར་བསྐོ་གཞག་སྩལ་བའི ་ རྩོ མ ་རི ག ་དང༌།

ཚན་རི ག ་གང་རུང་ལ་མཁས་པའི ་ མི ་ གཅི ག ་བཅས་སྤྱི ་ འཐུས་གྲངས་འབོ ར ་

བཅོ་བརྒྱད་ཡིན་ཡང༌། བཀའ་འབྲེལ་དགོངས་དོན་བཞིན། ད་ལམ་སྐབས་ བརྒྱད་པའི་སྤྱི་འཐུས་འོས་འདེམས་ནས་བཟུང་གྲངས་འབོར་ལ་བསྒྱུར་བཅོས་ ཀྱིས་ཆོས་ལུགས་ཁག་དང༌།

འབོར་ད་མུས་རང་འཇགས་དང༌།

རྩོམ་རིག་མཁས་པ་བཅས་ཀྱི་སྤྱི་འཐུས་རྩ་

ཆོལ་ཁ་སོ་སོའི་སྤྱི་འཐུས་གྲངས་འབོར་

ནས་གཅོག་འཐེན་གྱིས་ཆོལ་ཁ་རེ་ནས་ཕོ་མོ་ཁྱད་མེད་ཀྱི་སྤྱི་འཐུས་གཉིས་རེ་

1 ཕྱི་ལོ་ ༡༩༨༡།༨༢ ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དང༌། ཚིག་ཐོ་ ཀ་ པར་གསལ། 358


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འོས ་འདེ མ ས་བྱ་རྒྱུར་གཏན་འབེ བ ས་གནང་བ་བཞི ན ་ཆོ ས ་ལུགས་ཆོ ལ ་

གསུམ་དང་བཅས་པའི ་ སྤྱི ་ འཐུས་ཀྱི ་ གྲངས་འབོ ར ་བཅུ་གཉི ས ་ལ་ཐུགས་

གཏན་འཁེལ་ཞིང༌།

༢༽ བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་གཞོན་ནུའི་ལྷན་

ཚོགས་ནས་བསམ་ཚུལ་ྋསྙན་ཞུ་རིམ་པར་ཕུལ་འབྱོར་བྱུང་བ་མ་ཟད། ད་

ལམ་ཕྱི་ལོ་ ༡༩༨༡ ཟླ་ ༡༠ ཚེས་ ༢༣ ཉིན་སླར་ཡང་བསྐྱར་བསྐུལ་ྋསྙན་ཞུ་ ཕུལ་འབྱོར་བྱུང་དོན།

རྒྱུན་ལས་ཚོགས་འདུར་ཇི་དགེའི་བསམ་གྲོས་ཞིབ་

བསྡུར་ཞུས་པར། ད་སྐབས་ཕྱོགས་གང་ཅིའི་གནས་ཚུལ་འགྱུར་འགྲོས་དང་

བསྟུན་པའི ་ གཞོ ན ་ནུའི ་ བསམ་ཚུལ་རྒྱུ་མཚན་ལ་དོ ན ་ཕན་ཡོ ང ་རེ འི ་ དགེ ་

མཚན་དུ་གཟིགས་ཏེ་མང་མོས་གྲོས་ཆོད་བྱུང་དོན་ཆོལ་ཁ་སོ་སོར་སྤྱི་འཐུས་ གྲངས་འབོར་ཐོབ་ཐང་འདྲ་མཚུངས་བསྩལ་རྒྱུར་འགྱུར་བ་མེད་ཅིང༌།

འོས་

འཕེན་བྱེད་ཕྱོགས་སྐོར་ཆོས་ལུགས་ཀྱི་འཐུས་མི་རང་ཁུངས་སོ་སོ་ནས་སྔར་

བཞིན་འོས་འཕེན་བྱ་རྒྱུ་དང༌། ཆོལ་ཁའི་འོས་འཕེན་བྱེད་ཕྱོགས་ད་ནས་བཟུང་ སྔོན་འགྲོའི་འོས་དམིགས་དང༌། དངོས་གཞི་གཉིས་ཀ་རང་ཉིད་ཆོལ་ཁ་གང་

གི ་ ཁོ ང ས་སུ་ཡོ ད ་ནའང་ཆོ ལ ་ཁ་གསུམ་ཀའི ་ ཐོ ག ་འོས ་འཕེ ན ་བྱས་ཆོ ག ་པ་

ཡིན། འོན་ཀྱང་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་ཆོལ་ཁ་

སོ་སོ་ནས་འོས་འདེམས་སྒྲུག་ཞུས་ཟིན་སྟབས་བསྐྱར་འདེམས་མ་དགོས་པར་ འོས་གཞི་དེ་རང་ལ་ཐུགས་གཏན་འཁེལ་ཞིང༌། དངོས་གཞིའི་འོས་བསྡུ་ཆེན་

མོའི་སྐབས་ཆོལ་ཁ་དབྱེར་མེད་ཐོག་ནས་འོས་འཕེན་བྱེད་དགོས་པ་བཅས་ལ་

སོར་གནས་ཚུལ་བཞིན་དགོས་རྒྱུའི་གསལ་བསྒྲགས་བྱ་རྒྱུར་མང་མོས་གྲོས་ འཆམ་བྱུང་བར་དེ་དོན་འཐུས་མིན་ྋསྙན་ཞུར་བཀའ་ཚོགས་ལྷན་རྒྱས་ཆེད་

བཅར་གྱིས་བཀའ་འཁྲོལ་ཆོག་མཆན་བསྩལ་བ་ལྟར་རྩ་འཛིན་གནང་རྒྱུ། ༣༽

རྒྱུན་ལས་ཚོགས་འདུའི་སྒྲིག་གཞི་སྔོན་ཡོད་དེ་བཞིན་ལོ་མང་སོང་ 359


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྟབས་དུས་བསྟུན་བསྒྱུར་བཅོས་གནང་རྒྱུའི་གྲོས་ཆོད་ཡོད་པ་བཞིན། སྒྲིག་

གཞི་བཟོ་འགོད་ཚོགས་ཆུང་ནས་ཚོགས་ཆུང་ཁག་བགོས་ཀྱི་དགོངས་འཆར་ ཕྱོགས་བསྡུས་གཞི་རྩར་བཞག་སྟེ་སྒྲིག་ཟིན་འགོད་འབུལ་ཞུས་པ་དེར་ད་ལམ་ རྒྱུན་ལས་ནས་མཐའ་མའི ་ ཐག་གཅོ ད ་བཀའ་བསྡུར་དང་འབྲེ ལ ་སྣོན་འཕྲི ་

མཛད་འོས་མཛད་དེ་སྒྲིག་ཟིན་གཏན་འབེབས་གྲུབ་པ་ལྟར་ྋསྙན་ཞུར་ཕུལ་ཏེ་ བཀའ་འཁྲོ ལ ་ཆོ ག ་མཆན་ཐོ ན ་པའི ་ ཉི ན ་མོ ་ ནས་བཟུང་རྩ་འཛི ན ་ཕྱག་ལེ ན ་

བསྟར་རྒྱུ།

(1)

ཕྱི་ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༡༩ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུ་ནས་སྐབས་བརྒྱད་པའི ་ སྤྱི ་ འཐུས་ཀྱི ་ སྔོ ན ་འགྲོའི ་ འོ ས ་དམི ག ས་ཐག་

གཅོད་དང༌། འཆར་ཕུལ་ྋསྙན་སེང་སྐབས་བདུན་པ་ལྟར་སྐབས་བརྒྱད་པའི་ སྤྱི་འཐུས་འདེམས་བསྐོ་ལྷན་ཚོགས་ནས་གནང་རྒྱུ་གནང༌།(2)

སྐབས་བརྒྱད་པའི་བོད་མི་མང་སྤྱི་འཐུས་འདེམས་བསྐོ་ལྷན་ཚོགས་

ནས་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་གནང་བ་འདི་ལྟར། “ སྐབས་

བརྒྱད་པའི་བོད་མི་མང་སྤྱི་འཐུས་འོས་བསྡུའི་ས་ཁུལ་འདེམས་བསྐོ་ཚོགས་

ཆུང་ཁག་ནས་འོས་དམིགས་འདེམས་སྒྲུག་ཞུས་པའི་འགེངས་ཤོག་ཁག་དང༌། དབུས་གཙང་ཆོལ་ཁའི ་ ཁོངས་དང་བླངས་འཛུལ་ཞུགས་པ་གཉི ས ་ཀྱི ་

འགེངས་ཤོག་བཅས་འབུལ་འབྱོར་ཁོངས་ནས།

གོང་གསལ་དང་བླངས་

གཉི ས ་ཀྱི ་ ཐོ ག ་འོས ་དམི ག ས་འདེ མ ས་སྒྲུག་འགེ ང ས་ཤོ ག ་ཁག་ནང་གསལ་

འོས ་གྲངས་ཕྱོ ག ས་བསྡོ མ ས་ཞུས་པའི ་ མང་རི མ ་རྩེ ་ བཏོ ག ས་ཀྱི ས ་འདེ མ ས་

བསྐོའི་སྒྲིག་གཞི་དོན་ཚན་ ༡༩ པའི་དགོངས་དོན་བཞིན་སྔོན་འགྲོའི་འོས་ གཞིའི་མིང་གཞུང་གཏན་འབེབས་ཞུས་ཡོད་ཅིང༌།

ད་ཕན་བོད་མི་མང་སྤྱི་

1 ཕྱི་ལོ་ ༡༩༨༡།༨༢ ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དང༌། ཚིག་ཐོ་ ཀ་ པར་གསལ། 2 ཕྱི་ལོ་ ༡༩༨༡།༨༢ ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་གྲོས་ཆོད་དང༌། ཚིག་ཐོ་ ཀ་ པར་གསལ། 360


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འཐུས་ཀྱི་རྩ་འབོར་གྲངས་ ༡༨ དུ་ངེས་པ་ཡིན་རུང༌། བོད་གཞུང་རྒྱུན་ལས་

ཚོགས་འདུའི་གྲོས་ཆོད་གསལ་བསྒྲགས་དགོངས་དོན་སྐབས་བརྒྱད་པ་ནས་

བཟུང་ཆོལ་ཁ་སོ་སོར་སྤྱི་འཐུས་གཉིས་རེ་ལས་མ་དགོས་པ་བཞིན།

སྤྱི་

འཐུས་མི་རེར་འོས་གཞི་གྲངས་ ༨ རེ་རྩིས་ཆོལ་ཁ་སོ་སོར་འོས་གཞི་གྲངས་ ༡༦ རེ་དང༌། ཆོས་ལུགས་ཁག་ལ་འོས་གཞི་གྲངས་ ༨ རེ། བོན་གྱི་ཆོས་

ལུགས་ཁོ ང ས་འོས ་དམི ག ས་གྲངས་གསུམ་ལས་མེ ད ་པ་དེ ་ དག་བཅས་ཀྱི ་ མིང་གཞུང་གསལ་བསྒྲགས་འདི་བཞིན། མང་ཚོགས་སྤྱི་དང༌། ལྷག་པར་མིང་ གཞུང་ནང་འཁོ ད ་འོས ་གཞི་ དོ ་ བདག་ས་ཁུལ་འདེམ ས་བསྐོ་ཚོགས་ཆུང་སོ་

སོའི་ཁྱབ་ཁོངས་སུ་གནས་སྡོད་རྣམས་སྨོས་མེད་ཁར། ས་ཁུལ་གཞན་ནས་

འཕྲལ་སེ ལ ་ཕྱོ ག ས་བསྐྱོད་ཀྱི ས ་འདེ མ ས་བསྐོ་ཚོ ག ས་ཆུང་གང་ཞི ག ་གི ་ གནས་ཡུལ་དེ ར ་འབྱོ ར ་བསྡད་ཇི ་ ཡོ ད ་བཅས་ལ་མ་གོ ་ མ་ཐོ ས ་མེ ད ་པའི ་

གསལ་བསྒྲགས་ངེ ས ་ནན་ཐོ ག ་དམི ག ས་བསལ་འབྲེ ལ ་མཐུད་ཀྱི ས ་ཟུར་

བསྲི ང ས་འགེ ང ས་ཤོ ག ་རེ ་ སྤྲད་དེ ་ འོ ས་གཞི འི ་ ཁོ ང ས་སུ་ཞུགས་བློ་ཡོ ད ་

རིགས་རྣམས་ཀྱི་ལོ་རྒྱུས་བཀང་ཟིན་ཁག་དང༌། ཞུགས་བློ་མེད་རིགས་ནས་

ལོ ་ རྒྱུས་འགེ ང ས་འབུལ་མ་དགོ ས ་ཀྱང་རྒྱུ་མཚན་དང་སྦྲགས་དགོ ང ས་ཞུའི ་

སྙན་ཞུ་འདི ་ ག་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་སུ་འཕྲལ་འབུལ་

དགོས་ཤིང༌། ཅི་སྟེ་དགོས་དབང་སྟབས་བསྟུན་གྱིས་ཕར་འགྱངས་མི་བྱ་མཐུ་ མེད་བྱུང་ནའང༌། ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༡༠ ནང་ཚུད་འགེངས་ཤོག་དང༌།

དགོངས་སྙན་བཅས་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་སུ་ངེས་འབྱོར་

ཐུབ་པ་དགོས་རྒྱུ་ལས། སྒྲིག་གཞི་དོན་ཚན་ ༡༩ པའི་ནང་གསེས་ ༤ པའི་ དགོངས་དོན་རྗེས་སུ་དངོས་གཞིའི་འོས་གཞིའི་ཁོངས་ནས་དགོངས་ཞུ་ཕྱིར་ འཐེན་རིགས་གཏན་ནས་མི་ཆོག་ཅིང༌། ས་ཁུལ་འདེམས་བསྐོ་ཚོགས་ཆུང་

གང་ཞི ག ་གི ་ ཁྱབ་ཁོ ང ས་དོ ་ བདག་རང་ཉི ད ་ས་གནས་གཞན་བསྐྱོད་ཀྱི ས ་ 361


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བསྡད་མེད་རིགས་བྱུང་ཚེ་ཚོགས་ཆུང་ནས་འགན་འཁུར་རྐང་ལེན་ཐོག་ནས་

མིང་སོགས་ཁུངས་ལྡན་རྒྱུས་ཅན་དག་ལ་འདྲི་བརྩད་དང་འབྲེལ་འགེངས་ཤོག་

རྣམས་བཀང་སྟེ་འདི་གར་འཕྲལ་འབུལ་དགོས་རྒྱུ་དང༌། རྗེས་སུ་དངོས་གཞིའི་

འོས ་གཞི ་ གསལ་བསྒྲགས་སྐབས་ལོ ་ རྒྱུས་འགེ ང ས་ཡུལ་སྟོང་པར་ལུས་ཚེ ་ འཐུས་མིན་ལ་འདི་ནས་འོས་གཞིའི་ཁོངས་ནས་ཕྱིར་འཐེན་བྱེད་རྒྱུ་ཡིན།

གསལ་བསྒྲགས་འཕྲོ ད ་འབྱོ ར ་བྱུང་འཕྲལ་ཞུ་སྒོ ་ རྣམས་ལག་ལེ ན ་

དོན་འཁེལ་དགོས་པ་ལས། ལས་དོན་གཞན་ལ་བསྙད་དེ་ཕར་འགྱངས་བཏང་

ཚེ ་ གཏན་ནས་མི་ འཐུས་པས་དེ ་ དོ ན ་དོ ་ འཁུར་ཆེ ་ བསྐྱེད་དགོ ས ་པ་དགོ ང ས་ འཇགས་ཞུ། བཞུགས་སྒར་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་ཕྱི་ ལོ་ ༡༩༨༡ ཟླ་ ༡༢ ཚེས་ ༣༠ ལ།།” ཞེས་གསལ།

ཕྱི་ལོ་ ༡༩༨༢ ཟླ་ ༢ ཚེས་ ༡༥ ཉིན་བོད་གཞུང་ཆེས་མཐོའི་རྒྱུན་

ལས་ཚོགས་འདུ་ནས་ཐག་གཅོད་གནང་དོན་ལྟར་ཕྱི་ལོ་ ༡༩༨༢ ཟླ་བ་ ༣

ཚེས་ ༡༥ ལ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་གསུམ་པ་ཕྱི་

ལོ་ ༡༩༨༣ ལོར་བསྐྱང་རྒྱུ་ཡིན་པའི་གསལ་བསྒྲགས་འདི་ལྟར་གནང༌འདུག “བོད་གཞུང་མང་ལོ་འཁོར་སྲི་ཞུ་ཚོགས་ཆེན་འདི་བཞིན་གཞུང་མང་གི་ཆབ་

སྲི ད ་འཛི ན ་སྐྱོང་ཚགས་ཚུད་ཡར་རྒྱས་ཀྱི ་ ལམ་དུ་ཞུགས་ཕྱོ ག ས་སུ་བསམ་ ཚུལ་གྲོས་བསྡུར་སླད་ཚོགས་ཆེན་ཚུགས་མུས་ལ་གཞུང་མང་དབར་གྱི་ལས་ དོན་དང་། བསམ་ཚུལ་གོ་རྟོགས་ཐུབ་པའི་གཞི་རྩའི་དགེ་མཚན་ཡོད་རུང་།

འོན་ཀྱང་ལོ་ལྟར་དཀྲིག་བཅར་ཚོགས་རྒྱུ་སྤྱིར་བཏང་ལྟ་བུ་ལས་།། དམིགས་ བསལ་ངོ་ཐོན་ཡོང་མིན་ཁར་། ས་ཁག་ཚང་མའི་འགོ་འཐུས་ཆེད་བཅར་ཞུ་ དགོས་སོགས་གཞུང་མང་དཔལ་འབྱོར་ཕྱག་གྲོན་ཆེ་བ་ཙམ་མ་ཟད། དབུས་

དང་ཕྱོ ག ས་མཐའི ་ འགན་ཡོ ད ་རྣམས་ཚོ ག ས་ཆེ ན ་དུ་ཉི ན ་མང་དུས་འཁོ ར ་

གྱིས་ལས་དོན་ངོ་མའི་ཐོག་དུས་ཆོད་མ་ལྡེང་བའི་དཀའ་ངལ་གྱུར་གཞི་བཅས་ 362


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ལ་བརྟེན་ད་ཆ་ཚོགས་ཆེན་ལོ་ལྟར་མ་དགོས་པར་ལོ་གཉིས་རེའི་ཐོག་ཚུགས་ རྒྱུ་ཐུགས་གཏན་འཁེལ་བ་ལྟར་། ཚོགས་ཆེན་ཐེངས་ ༡༣ པ་ཕྱི་ལོ་ ༡༩༨༣

ལོར་བསྐྱང་རྒྱུ་དང་། ཚོགས་ཆེན་མ་ཚུགས་པའི་ལོ་དེར་གཞུང་མང་གི་ཆབ་ སྲིད་འཛིན་སྐྱོང་ཐོག་འཐུས་ཤོར་མི་འབྱུང་ཆེད། རང་གཞུང་ལྷན་ཁང་མ་ལག་

དང་བཅས་པའི་ལོ་འཁོར་ལས་བསྡོམ་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ ནས་ཞི བ ་བཤེ ར ་དང་འབྲེ ལ ་ལས་དོ ན ་ཐོ ག ་དྲི་བ་དྲིས་ལན་དང་མ་འོངས་སྤྱི་

དོན་ཚགས་ཚུད་འབྱུང་ཕྱིར་གྲོས་བསྡུར་བགྱི་སྒོ་ཅི་མཆིས་རྩ་ཁྲིམས་རིན་པོ་

ཆེའི་དགོངས་དོན་ད་ལྟའི་དུས་སྐབས་འདིར་རྒྱལ་ཡོངས་མི་མང་ཚོགས་ཆེན་ དང་།

རྒྱུན་ལས་གཅིག་འཐུས་སུ་ངོས་འཛིན་གནང་བའི་ཆེས་མཐོའི་རྒྱུན་

ལས་ལྷན་ཚོགས་ཐོག་གནང་རྒྱུར། གོང་དོན་རྣམས་མང་ཚོགས་ལ་སྒྲོགས་ སྦྱངས་ཙམ་མ་ཡི ན ་པར་གོ ་ རྟོགས་གསལ་ངེ ས ་ཐུབ་འི ་ འགྲེལ་བཤད་ལྷུག་

དཀྲོལ་གནད་བསྣུན་དགོས་རྒྱུ་བཅས་དེ་དོན་ཡིད་འདོམས་ཀྱིས། ༡༩༨༢ ཟླ་ ༣ ཚེས་ ༡༥ ལ། ” (1)

ཕྱི་ལོ་ ༡༩༨༢ ཟླ་ ༣ ཚེས་ ༡༧ ཉིན་རྒྱུན་ལས་འཕར་ཚོགས་གནང་

ནས་རྙིང་མའི་སྤྱི་འཐུས་དང་འབྲེལ་བའི་གྲོས་ཆོད།

༡༽ སྐབས་བརྒྱད་པའི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་

སྤྱི ་ འཐུས་ཀྱི ་ སྔོ ན ་འགྲོའི ་ འོས ་གཞི འི ་ གྲངས་ཚད་གསལ་བསྒྲགས་གནང་ དམི ག ས་སྒྲི ག ་གསལ་རྒྱུན་ལས་ཚོ ག ས་འདུ་ནས་གཏན་འབེ བ ས་གནང་བ་

བཞིན། རྙིང་མའི་ཆོས་བརྒྱུད་འཐུས་མི་འོས་གཞིའི་ཁོངས་སུ་མི་གྲངས་ ༨ གཏན་འབེབས་ཐག་གཅོད་གནང་ཡོད་ཀྱང༌། དོ་བདག་སོ་སོས་དགོངས་པ་

ཞུས་སྟབས་ཚབ་དམིགས་ཐད་གཤམ་རིམ་འོས་གཞི་ནས་གཏོང་དང༌། ཡང་

ན་རྙིང་མའི་མང་ཚོགས་ལ་འོས་གཞི་ནས་བཏང་ན་རྒྱབ་སྐྱོར་ཉུས་ཤས་ལས་

1 ཕྱི་ལོ་ ༡༩༨༢ ཟླ་བ་ ༣ པའི་ཤེས་བྱ་ཤོག་ཨང་ ༢༣ པར་གསལ། 363


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མེད་པ་དང༌། རྒྱུན་ལས་ཀྱི་གཏན་འབེབས་གནང་བའི་དགོངས་དོན་ནས་ཀྱང་ འགལ་གཞིར་བརྟེན། འོས་གཞི་བསྐྱར་འདེམས་བྱས་པ་ཡིན་ན་མང་མོས་རྒྱབ་

སྐྱོར་དངོས་ཐོན་ཡོང་གནས་མ་ཟད། མང་ཚོགས་ནས་བརྩི་མཐོང་ཆེ་བ་དང༌། དེ་བཞིན་(དམངས)མང་གཙོའི་ལམ་སྲོལ་དང་མཐུན་པ་ཡོང་རྒྱུ་དང༌།

སླད་

ཕྱི ན ་རྒྱུན་ལས་ཚོ ག ས་འདུ་ནས་སྔོ ན ་འགྲོའི ་ འོས ་གཞི འི ་ གྲངས་ཚད་གཏན་

འབེ བ ས་གནང་བ་ནས་ད་ལམ་རྙི ང ་མའི ་ སྔོ ན ་འགྲོའི ་ འོས ་གཞི ་ ལྟར་ཡོ ང ས་

རྫོ ག ས་དགོ ང ས་ཞུའི ་ གནས་ཚུལ་བྱུང་ན་བསྐྱར་དུ་འོས ་གཞི ་ འདེ མ ས་སྒྲུག་ དགོས་རྒྱུ། ༢༽

རྙིང་མའི་ཆོས་བརྒྱུད་ཀྱི་སྔོན་འགྲོའི་འོས་གཞི་བསྐྱར་འདེམས་གནང་

དགོ ས ་ལ་བརྟེན་ནས་དུས་ཚོ ད་གང་འཚམས་འགོ ར་གནས་དེ འི ་ དབར་རྙིང་

མའི་འཐུས་མི་སྒུག་སྡོད་མ་དགོས་པར་སྐབས་བརྒྱད་པའི་ཆོས་ལུགས་ཆོལ་

གསུམ་གྱི ་ སྤྱི ་ འཐུས་གཏན་འཁེ ལ ་ཟི ན ་པ་རྣམས་ལས་འཁུར་དམ་འབུལ་ གནང་རྒྱུ་དང༌། རྙིང་འཐུས་འོས་འདེམས་གཏན་འཁེལ་མཚམས་ལས་འཁུར་

དམ་འབུལ་རྗེས་སུ་གནང་ཆོག་རྒྱུ་བཅས་ལ་མང་མོས་གྲོས་འཆམ་བྱུང་བ་དེ་

དོན་འཐུས་མིན་གྲོས་འཆར་ྋསྙན་འབུལ་ཞུ་རྒྱུའི་གྲོས་ཆོད་དུ་ཞེས་གསལ་

འདུག

(1)

ཕྱི་ལོ་ ༡༩༨༢ ཟླ་ ༣ ཚེས་ ༢༦ ཉིན་མདོ་སྟོད་སྤྱི་འཐུས་དང་འབྲེལ་

བའི་ཐོག་གྲོས་ཆོད། རྒྱུན་ལས་འཕར་ཚོགས་སྔོན་མའི་བཀའ་བསྡུར་མཇུག་

སྐྱོང་དང་འབྲེལ་སྐབས་བརྒྱད་པའི་མདོ་སྟོད་སྤྱི་འཐུས་ཀྱི་དངོས་གཞིའི་འོས་ དམིགས་རྣམས་དགོངས་པ་ཞུས་སྟབས་བསྐྱར་འདེམས་གནང་སྒོའི་སྐོར་ལ་ བཀའ་བསྡུར་གནང་སྐབས་དགོ ང ས་འཆར་འཕྲོ ས ་དོ ན ་རྒྱུན་ལས་ཚོ ག ས་

འདུའི ་ རྩ་བའི ་ ཐག་གཅོ ད་ལ་འགྱུར་བ་གཏོ ང ་དགོ ས ་གསུང་མཁན་མཚན་ཐོ ་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

364


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ཟུར་གསལ་མི་གྲངས་ ༡༢ བར་བཞུགས་ ༡ བཅས་དགོངས་འཆར་འདྲ་མིན་

བྱུང་སོང་ཡང༌། གཞི་རྩའི་བསྒྱུར་བཅོས་གཏོང་འོས་མཆིས་མིན་གྲོས་གཞིར་ མེད་པ་དང༌།

རྒྱུན་ལས་ཚོགས་འདུ་ནས་གཏན་འབེབས་གསལ་བསྒྲགས་

སྔོན་ཟིན་ལ་རྩ་འཛིན་སོར་གནས་དགོས་སྟབས། མདོ་སྟོད་སྤྱི་འཐུས་ཀྱི་འོས་ དམིགས་ཐོག་ཐབས་ལམ་ཇི་དགེའི་བཀའ་མོལ་བྱུང་སྙིང༌།

གནང་ཕྱོགས་ཅིག་ལ།

སྐབས་བརྒྱད་པ་འདིའི་རིང་མདོ་སྟོད་སྤྱི་

འཐུས་ཐད་ཀར་བསྐོ་གཞག་ཡོང་བ་ཞུས་ན་དང༌།

གནང་ཕྱོགས་ཅིག་ལ། སྐབས་འདིའི་རིང་ཆོས་ལུགས་ཆོལ་གསུམ་

དང་བཅས་པའི ་ སྤྱི ་ འཐུས་ཡོ ང ས་རྫོ ག ས་ཡེ ་ ཤེ ས ་གཟི ག ས་དཔྱད་ཐོ ག ་ནས་ བསྐོ་གཞག་ཡོང་བ་ཞུས་ན།

གནང་ཕྱོགས་གཅིག་ལ།

གཞི་རྩའི་གཏན་འབེབས་ཐག་གཅོད་

གཞིར་བཟུང་སྔོན་འགྲོ་དང༌། དངོས་གཞི་བཅས་པར་ཆོལ་ཁ་དབྱེར་མེད་ཐོག་

ནས་འོས་ཤོག་བླུགས་རྒྱུ་གསལ་བ་ལྟར་ལོ་གསུམ་སྒུག་སྡོད་མ་དགོས་པར་ ལག་ལེན་བཀལ་ཏེ་འོས་བསྡུ་བྱེད་རྒྱུ་གནང་ན་ཇི་འགབ་བཅས་ཐབས་ལམ་

གསུམ་པོ་གྲོས་གཞིར་བཞག་སྟེ། དགོངས་འཆར་ཞིབ་བསྡུར་གནང་རྒྱུ་གནང་

བ་ལྟར་གོང་ཚེས་ ༢༦ ཉིན་བཀའ་བསྡུར་གནང་བའི་མཐའ་དོན་དུ། ཐབས་

ལམ་གསུམ་པ་ཆོ ལ ་གསུམ་འོས ་གཞི ་ བསྐྱར་འདེ མ ས་བྱ་རྒྱུ་དེ ་ རང་འོས ་ འགབ་ཆེ་བ་ལས། དེ་མིན་ཐབས་ལམ་བབས་འབྲེལ་ལྡན་པ་མེད་པར་སོང་

འོས་འདེམས་བསྐྱར་དུ་བྱ་རྒྱུར་མང་མོས་གྲོས་འཆམ་བྱུང་བ་ལྟར་གནང་རྒྱུ་ བཅས་ཀྱི་ཞིབ་གསོལ་ཞུ་བར་བཀའ་ཚོགས་ལྷན་བཅར་གནང་སྟེ།

བཀའི་

ཕེ བ ས་སྒོ ་ ཇི ་ ཕེ བ ས་ལྟར་རྩ་འཛི ན ་གནང་རྒྱུར་སང་ཉི ན ་མདོ ་ སྟོད་མི ་ འཐུས་

ཆེད་བཅར་ཞུ་རྒྱུ་དང་། ཐོག་མར་མི་འཐུས་ཚོའི་བདེ་སྡུག་གསན་བཞེས་ཀྱིས་

མཐའ་དོན། རྒྱུན་ལས་ཚོགས་འདུའི་ཐག་གཅོད་སྔོན་ཟིན་ལ་འགྱུར་བ་གཏོང་ 365


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཐབས་མེ ད ་པའི ་ བཀའ་ཁྱབ་གནང་རྒྱུ་བཅས་ལ་གྲོས་འཆམ་བྱུང་བའི ་ གྲོས་ ཆོད་དུ་ཞེས་གསལ་འདུག

(1)

ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༡ ཉིན་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་

སྐོར་གྲོས་ཆོད། ༡༽ སྐབས་བརྒྱད་པའི་མདོ་སྟོད་སྤྱི་འཐུས་ཀྱི་དངོས་གཞིའི་ འོས་དམིགས་རྣམས་དགོངས་པ་ཞུས་སྟབས་བསྐྱར་འདེམས་གནང་སྒོའི་སྐོར་ ལ། ཕྱི་ལོ་ ༡༩༨༢ ཟླ་ ༣ ཚེས་ ༢༦ ཉིན་རྒྱུན་ལས་འཕར་ཚོགས་ཐོག་བཀའ་

བསྡུར་གནང་བའི་གྲོས་ཆོད་དུ། རྒྱུན་ལས་ཚོགས་འདུ་ནས་གཏན་འབེབས་

གསལ་བསྒྲགས་སྔོ ན ་ཟི ན ་ལ་འགྱུར་བ་གཏོ ང ་ཐབས་མེ ད ་པ་རྩ་བཟུང་ཐོ ག ་ ཆོལ་ཁ་དབྱེར་མེད་ཀྱི་ཐོག་ནས་འོས་གཞི་བསྐྱར་འདེམས་བྱ་རྒྱུར་མང་མོས་

གྲོས་འཆམ་བྱུང་ལུགས་གྲོས་ཆོ ད ་དང་སྦྲགས་ཞི བ ་གསོ ལ ་ཞུ་བར་བཀའ་

ཚོགས་ལྷན་བཅར་གནང་སྟེ། བཀའི་ཕེབས་སྒོ་ཇི་ཕེབས་ལ་རྩ་འཛིན་གནང་རྒྱུ་

འཁོད་པ་བཞིན་གནས་ལུགས་ཞིབ་ྋསྙན་གསོལ་བའི་ཕྱིར་ཕེབས་སུ། གཞི་

རྩའི ་ ཆོ ལ ་གསུམ་སྤྱི ་ འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་སྐོར་ཐག་གཅོ ད ་སྔོ ན ་

ཟིན་ལ་འགྱུར་བ་མེད་ཅིང༌།

ཐབས་ལམ་གསར་པ་ཇི་འདུག་བཀའ་ཚོགས་

ནས་བསམ་ཞིབ་མོལ་བསྡུར་གྱིས་རྒྱུན་ལས་སུ་བསྐྱར་དུ་གོ་བསྡུར་བྱ་དགོས་

སྤྱི་ཕེབས་བཞིན། སླར་ཡང་བཀའ་ཚོགས་ནས་བསམ་གྲོས་ཞུས་ཏེ་རྒྱུན་ལས་

སུ་གོ་བསྡུར་བྱས་སྙིང༌། སྐབས་བརྒྱད་པའི་སྤྱི་འཐུས་ལྡེང་མིན་ལ་བརྟེན་ཆོས་

ལུགས་ཆོ ལ ་གསུམ་དང་བཅས་པའི ་ སྤྱི ་ འཐུས་ཀྱི ་ འོས ་དམི ག ས་སྔོ ན ་འགྲོ་

དང༌། དངོས་གཞི་ཐེངས་གཉིས་མ་དགོས་པར་སྐབས་འདིའི་རིང་འོས་བསྡུ་

ཐེ ང ས་གཅི ག ་གི ་ འཐུས་པ་བྱས་ཏེ ་ རང་ཁུངས་སོ ་ སོ འི ་ འོས ་བསྡུ་བྱས་པའི ་

འོས ་ཐོ ན ་མི ང ་གཞུང་ཇི ་ བྱུང་ཡོ ང ས་རྫོ ག ས་ྋསྙན་ཞུར་ཕུལ་ཐོ ག ་ལོ ་ འཁོ ར ་

ཚོ ག ས་ཆེ ན ་ཐེ ང ས་བཞི ་ པའི ་ ཟུར་རྒྱན་གྲོས་ཆོ ད ་འབྲུ་དོ ན ་དུའང་གསལ་བ་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ། 366


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ལྟར། ད་ལམ་རྒྱུན་ལས་ནས་ཀྱང་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་

ནས་གང་ལ་ཇི་འོས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཕྱག་རྟགས་སྤྱི་

སྨིན་ཐུགས་རྗེ་ཆེ་བ་ཞུ་རྒྱུར་མང་མོས་བྱུང་སོང་ཞིང༌། ད་ལམ་གྱི་གནས་ཚུལ་

དམི ག ས་བསལ་ཅན་ལ་སོ ང ་གསང་རྒྱ་དམ་བསྒྲགས་གང་ཆེ ་ དགོ ས ་གལ་

དགོ ང ས་འཆར་མང་ཐོ ན ་ལ་བརྟེན་འདེ མ ས་བསྐོའི ་ སྐོར་བཀའ་ཤག་ནས་ཇི ་

འོས་དགོངས་བཞེས་གནང་རྒྱུ་བཅས་ཞུས་ན་འཐུས་མིན་གྲོས་འཆར་ྋསྙན་

ཞུ་དང་སྦྲགས་བཀའ་ཚོ ག ས་ལྷན་རྒྱས་ཆེ ད ་བཅར་མཛད་རྒྱུའི ་ གྲོས་ཆོ ད ་དུ་ ཞེས་གསལ་འདུག

(1)

ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༥ ཉིན་སྐབས་བརྒྱད་པའི་སྤྱི་འཐུས་དང་

འབྲེལ་བའི་ཐོག་གསལ་བསྒྲགས་གྲོས་ཆོད།

ཆེད་དོན། ཇི་ལྟར་བློ་གསལ་བཞིན་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་

དམི ག ས་རང་ཁུངས་སོ ་ སོ ་ ནས་འདེ མ ས་སྒྲུགས་ཟི ན ་མཚམས་འོས ་ཐོ བ ་དོ ་

བདག་སོ ་ སོ འི ་ མི ང ་ཐོ ་ འོས ་གྲངས་དང་སྦྲགས་དབུས་འདེ མ ས་བསྐོ་ལྷན་

ཚོ ག ས་ནས་རྒྱུན་ལས་ཚོ ག ས་འདུར་སྙན་སེ ང ་དང་འབྲེ ལ ་འོས ་གཞི ་ ངོ ་ མ་

གཏན་འབེབས་གསལ་བསྒྲགས་ཐོག་དངོས་གཞིའི་འོས་འདེམས་ཆེན་མོ་བྱ་

དགོས་སྒྲིག་གསལ་དེ་ལྟར་ཡང༌། ད་ལམ་སྐབས་བརྒྱད་པའི་རྙིང་མའི་འོས་ དམིགས་རྣམས་གཟུགས་བབས་དང༌། རང་མོས་དགོངས་ཞུ་བྱས་པ་དང༌།

ལས་དོན་སོགས་ནས་ལྕོགས་མིན་

དེ་བཞིན་མདོ་སྟོད་འོས་དམིགས་ཁག་

གཅི ག ་ཐོ ག ་མར་ལུགས་མཐུན་ལོ ་ རྒྱུས་འགེ ང ས་ཤོ ག ་བསྐང་འབུལ་ཞུས་ འདུག་ཀྱང༌། དེ་རྗེས་མདོ་སྟོད་མི་མང་ནས་འོས་ཁོངས་བསྡད་ན་འགྲིགས་མིན་

གནས་ཚུལ་འབྱོར་ལུགས་ཀྱི་ཕྱིར་འཐེན་ཞུས་ཏེ། དོན་དུ་གོང་ཁག་གཉིས་ཀྱི་

འོས ་དམི ག ས་ཚང་མ་དགོ ང ས་ཞུས་བྱས་སྟབས་སླར་ཡང་འོས ་དམི ག ས་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

367


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གསར་བཟོ་བྱེད་ཕྱོགས་རྒྱུན་ལས་ཚོགས་འདུར་བཀའ་བསྡུར་རིམ་པ་གནང་ དོན༑

སྤྱི་འཐུས་གྲངས་འབོར་དང༌།

འོས་འཕེན་བྱེད་ཕྱོགས་སྐོར་ཕྱི་ལོ་

༡༩༨༡ ཟླ་ ༡༢ ཚེས་ ༢༨ འཁོད་གཞི་རྩའི་གཏན་འབེབས་ཐག་གཅོད་ལ་

འགྱུར་བ་མེད་ཅིང༌། གོང་ཁག་གཉིས་ཀྱི་འོས་དམིགས་ཐད་རང་ཁུངས་སོ་སོ་

ནས་བསྐྱར་འདེམས་བྱེད་བཅུག་ན་མ་འཐུས་པ་མི་འདུག་ཀྱང༌། དེ་མཚམས་

ཆོས་ལུགས་ཆོལ་གསུམ་དང་བཅས་པའི་དངོས་གཞིའི་འོས་བསྡུ་བྱ་དགོས་

ཀྱིས་རྐྱེན་པས་ཤུགས་མ་ཐུབ་ཀྱི་དུས་ཡུན་རིང་འགྱངས་འགྲོ་འདུག་གཤིས།

དེས་ན་སྤྱི་འཐུས་གསར་རྙིང་བརྗེ་མཚམས་འཆར་ཅན་ཟླ་ ༩ ཚེས་ ༢

(དམངས)མང་གཙོའི་དུས་ཆེན་ཉིན་གཏན་འབེབས་གནང་བ་ལྟར་བརྗེ་ལེན་

ཟིན་པ་དགོས་སྟབས་སྐབས་འདིའི་རིང་སྔོན་འགྲོ་དང༌། དངོས་གཞི་ཐེངས་ གཉིས་མ་དགོས་པར་འོས་བསྡུ་ཐེངས་གཅིག་གི་འཐུས་པ་བྱས་ཏེ་རང་ཁུངས་

སོ ་ སོ ་ ནས་འོས ་བསྡུ་བྱས་པའི ་ འོས ་ཐོ ན ་མི ་ གྲངས་ཇི ་ བྱུང་ཡོ ང ས་རྫོ ག ས་

ྋགོང་ས་ྋསྐྱབས་མགོན་ཆེན་པོར་གསེར་ྋསྙན་སྒྲོན་འབུལ་ཐོག་གང་ལ་ཇི་ འོས ་ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་བསྐོ་གཞག་སྤྱི ་ སྨི ན ་ཡོ ང ་བ་ཞུ་རྒྱུར་མང་

མོ ས ་ཐག་གཅོ ད ་ཀྱི ་ གྲོས་ཆོ ད ་ྋསྙན་ཞུས་བཀའ་འཁྲོ ལ ་ཆོ ག ་མཆན་ཡང་ བསྩལ་སྨིན་བྱུང་སོང་ཞིང༌། ད་ཆ་འོས་བསྡུ་ཐེངས་གཅིག་ལས་མེད་སྟབས་

གལ་ཆེ ་ ནན་དཔེ ་ བཞི ན ་ཆོ ས ་ལུགས་ཆོ ལ ་གསུམ་དང་བཅས་པ་ཚང་མ་

བསྐྱར་དུ་འོས་དམིགས་འདེམས་སྒྲུག་བྱ་རྒྱུ་ཡིན་ན།

དེ་རྩིས་རྒྱ་ཆེའི་མང་

ཚོགས་ཡོངས་ནས་གཞན་དབང་གཡམ་རྒྱུགས་དང༌། དཀྲོག་གཏམ་ཟེར་རྗེས་

སུ་མི་འགྲོ་བར་རང་ཚུགས་བརྟན་བཟུང་ཐོག་ནས་རང་རང་གི་ཁེ་དབང་བེད་ སྤྱོད་ལེགས་པར་གཏོང་གལ་ཆེ་བ་དང༌།

སྔོན་དུ་བསྒྱུར་བཅོས་གསལ་

བསྒྲགས་གནང་བ་དེར་མང་ཚོགས་ནས་བསམ་ཚུལ་འདྲ་མིན་སྣ་ཚོགས་ཡོད་ 368


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འདུག་པ་དེ ་ སྐོར་གཞི ་ རྩའི ་ དགོ ས ་པ་རྒྱུ་མཚན་ཇི ་ ཡི ན ་རང་གཞུང་ནས་

གསལ་བཤད་བྱ་མི་ཆེད་གཉེར་གནང་རྒྱུ་ཡིན་ན་དེ་དོན་ས་གནས་འདེམས་

བསྐོ་ཚོ ག ས་ཆུང་སོ ་ སོ ས ་མང་ཚོ ག ས་ལ་གོ ་ དོ ན ་འཕྲོ ད ་ངེ ས ་གསལ་བཤད་ ངེས་ནན་དང་འབྲེལ་གོང་དོན་འགལ་མེད་རྩ་འཛིན་དགོས་རྒྱུ་བཅས་ཀྱི་གྲོས་

ཆོད་དུ།(1)

བཀའ་ཤག་ནས་ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༡༣ ཉིན་

གསལ་བསྒྲགས་གནང་བ་འདི་ལྟར། “ སྐབས་བརྒྱད་པའི་བོད་མི་མང་སྤྱི་

འཐུས་འདེམས་བསྐོ་ལྷན་ཚོགས་ཀྱི་མི་འགྲོ་འོས་བསྡུའི་ཚོགས་མི་ྋགོང་ས་ ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བསྐོ་གཞག་བསྩལ་ཏེ ་ ལས་འཁུར་ཞུ་

མུས་དེ་ལྟར་ཡང༌། ད་ལམ་རྙིང་མ་དང༌། མདོ་སྟོད་འོས་དམིགས་དགོངས་པ་

ཞུས་པ་དང་བཅས་སྒྲིག་གསལ་ལྟར་བྱས་ཚེ་སྤྱི་འཐུས་གསར་རྙིང་བརྗེ་ལེན་ དུས་ཐོ ག ་མ་ཐུབ་པའི ་ དཀའ་གནད་ལ་བརྟེན་ད་ལམ་སྔོ ན ་འགྲོའི ་ འོས་གཞི ་

དང༌།

དངོས་གཞིའི་འོས་དམིགས་གཉིས་མ་དགོས་པར་འོས་བསྡུ་ཐེངས་

གཅིག་གི་འཐུས་པ་བྱས་ཏེ་འོས་གྲངས་ཇི་བྱུང་ཚང་མ་སྙན་འབུལ་ཞུ་གཏན་ འཁེལ་བ་མ་ཟད།

རང་མོས་དགོངས་ཞུ་བྱེད་མཁན་རྣམས་ཀྱང་བརྩི་མེད་

གཏོང་རྒྱུར་གཏན་འཁེལ་གཤིས།

འདེམས་བསྐོའི་ཁོངས་ཡོད་རྣམས་འོས་

ཁོ ང ས་སུ་ཞུགས་མ་ཆོ ག ་པར་བརྟེན་འདེ མ ས་བསྐོའི ་ སྒྲི ག ་གཞི འི ་ འབྲུ་དོ ན ་

དབུས་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་གཙོ་གཅིག་དགོས་པ་ཆོས་ཤེས་ བཀའ་ཟུར་ཐུབ་བསྟན་ཉིན་བྱེད་དང༌།

རོགས་ཟུར་པ་བྱམས་པ་དབང་འདུད།

ཚོགས་མི་བདེ་སྲུང་དྲུང་ཆེའི་ལས་ ལས་བྱེད་བདག་གཉེར་རྒྱུན་ལས་

འགན་འཛིན་བློ་བཟང་མཁས་གྲུབ། བདེ་སྲུང་རྒན་དྲུང་སེང་གེ་རབ་བརྟན་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

369


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཅས་ལ་གསར་དུ་བསྐོ་གཞག་སྤྱི་སྨིན་བསྐྱངས་སོང་བའི་གསལ་བསྒྲགས་

སུ། བཀའ་ཤག་ནས་ ༡༩༨༢ ཟླ་ ༤ ཚེས་ ༡༣ ལ།།” ཞེས་གསལ།(1)

ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༡༦ ཉིན་རྒྱུན་ལས་སྐབས་བརྒྱད་པའི་

སྤྱི ་ འཐུས་འདེ མ ས་བསྐོ་ལྷན་ཚོ ག ས་ཀྱི ་ རྒྱུན་ལས་ཚོ ག ས་མི ར ་བསྐོ་གཞག་ གནང་བ་བཀའ་ཟུར་ཐུབ་ཉིན་མཆོག་དང༌། དྲུང་ཟུར་བྱམས་པ་དབང་འདུད། བདེ ་ སྲུང་རྒན་དྲུང་སེ ང ་གེ ་ རབ་བརྟན་བཅས་ནས་རྒྱུན་ལས་སུ་དམ་བཅའ་ འབུལ་བཞེས་གནང༌།(2)

ཕྱི་ལོ་ ༡༩༨༢ ཟླ་ ༤ ཚེས་ ༢༡ ཉིན་ཆེས་མཐོའི་རྒྱུན་ལས་ཀྱི་ སྐབས་བརྒྱད་པའི་སྤྱི་འཐུས་འོས་འདེམས་དང་

༡༽

འབྲེལ་བའི་གྲོས་ཆོད།

དབུས་སྤྱི ་ ཁྱབ་འདེ མ ས་ལྷན་ནས་དོ ན ་ཚན་ ༦ འཁོ ད ་དགོ ང ས་ བསྐོར་སྙན་ཤོ ག ་འབུལ་གནང་བཞི ན །

སྐབས་བརྒྱད་པའི ་ སྤྱི ་

འཐུས་འོས་དམིགས་ཐད། ཆོལ་ཁ་སོ་སོའི་ཁོངས་ནས་འོས་དང༌།

འོས་འདྲ་མ་དགོས་པར་འོས་གཞི་མི་གཉིས་རེ་དང༌། ཆོས་བརྒྱུད་

༢༽

1

ཆེན་པོ་བཞི་དང༌། བོན་གྱི་ཆོས་ལུགས་བཅས་སོ་སོ་ནས་མི་གཅིག་ རེ་གཏན་འབེབས་གནང་འཐུས།

འོས་ཤོག་འགྲེམས་སྤེལ་རེའུ་མིག་འགེངས་ཤོག་མ་ཟིན་ཤོག་ལྷེ་ ཕུལ་འབྱོར་ལྟར་གནང་ན་འཐུས་རྒྱུ།

བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༤།༡༦ ཤོག་གྲངས་ ༡༢ ལ་གསལ།

2 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

370


༣༽

ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

སྤྱི་འཐུས་དང་བླངས་འཛུལ་ཞུགས་ཐད། ད་རེས་སྐབས་འདིའི་རིང་

གཞི ་ རྩའི ་ འོ ས ་བསྡུ་བྱེ ད ་ཕྱོ ག ས་དམི ག ས་བསལ་གནང་དགོ ས ་

ཆགས་པར་བརྟེན་མ་དགོས་པ་དང༌།

འོན་ཀྱང་མི་མང་ནས་འོས་

འཕེན་བྱས་ན་སྤྱི་མཚུངས་འོས་གཞིའི་ཁོངས་སུ་འཇོག་རྒྱུ།

༤༽

དང་

བླངས་འཛུལ་ཞུགས་ཀྱི ་ དངུལ་འབབ་ཁུངས་སུ་ཕྱི ར ་སློ ག ་གནང་ དགོས།

འོས་བསྡུའི་སྐབས་ཡི་གེ་འབྲི་ཀློག་མི་ཤེས་པ་ཡོད་རིགས་ལ་ཡིག་

འབྲི ་ རོ ག ས་རམ་དགོ ས ་པར་བརྟེན་དོ ་ བདག་སོ ་ སོ ས ་ཡི ག ་འབྲི ་ ཐབས་ཤེས་ཐུབ་ན་དང༌། དེ་མིན་ཐབས་ཤེས་མ་ཐུབ་པ་རྣམས་ཀྱིས་

ས་གནས་མི་འབོར་ལ་གཞིགས་པའི་ཡིག་འབྲི་གོ་སྒྲིག་དང༌། ཡིག་ འབྲི་སོ་སོར་བལྟ་རྟོག་བྱེད་པོ་རེ་ཆེད་བཙུགས་དགོས་པ་བཅས་ས་

༥༽

༦༽

༧༽

གནས་འདེ མ ས་བསྐོ་ཚོ ག ས་ཆུང་ནས་འཁུར་འགན་བླངས་ཏེ ་ ལེ ་ འཁོན་མེད་པ་དགོས་རྒྱུ།

འོས ་བསྡུའི ་ ལས་དོ ན ་མཇུག་བསྡོ མ ས་མ་ཟི ན ་བར་གྱི ་ འགོ ར ་ཡུན་

ཉིན་གྲངས་རོབ་འཆར་ཤོག་ལྷེ་ནང་གསལ་གཅོག་འཕྲི་གནང་སྟེ། ཕྱི་

ཟླ་ ༤ ཚེས་ ༢༣ ནས་བཟུང་ཉིན་གྲངས་ ༡༢༩ ནང་མཇུག་བསྒྲིལ་ ཟིན་པའི་འབད་བརྩོན་གནང་དགོས།

དབུས་འདེམས་ལྷན་གྱི་ཚོགས་མིའི་ཁོངས་རྒས་ཡོལ་གཉིས་འོས་

ཁོངས་སུ་འཛུལ་ཞུགས་མི་ཆོག་ཅེས་བཀའ་ཤག་ནས་ཕེབས་སྐོར།

ད་རེ ས ་རྒྱུན་ལས་ལྷན་ཚོ ག ས་སུ་བཀའ་བློན་རྣམ་པ་མེ ད ་སྟབས་

འཆར་ཚེས་ ༥ འཆར་ཅན་རྒྱུན་ལས་ལྷན་ཚོགས་སུ་བཀའ་བསྡུར་ གནང་སྟེ་བཀའ་ལན་སྩོལ་རྒྱུ།

མན་སྤར་ས་གནས་འདེམས་བསྐོ་ཚོགས་ཆུང་གི་འགན་འཛིན་མཉམ་ 371


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དྲུང་ཚེ་རིང་དོན་གྲུབ་ལ་བསྐོ་གཞག་སྔོན་སོང་དེ་ལྟར་ཡང༌།

དོ་

བདག་ནས་དབུས་འདེ མ ས་ལྷན་དུ་དགོ ང ས་སྙན་ཕུལ་འབྱོ ར ་འདི ་

ཐད་ཚབ་དམི ག ས་འོས ་བབས་ཡོ ད ་པ་མ་མཆི ས ་སྟབས་དགོ ང ས་

༨༽

༡༽

འཁྲོ ལ ་ཡོ ང ་མི ན ་ལ་བཀའ་དོ ན ་འགལ་མེ ད ་ལས་འཁུར་ཞུ་དགོ ས ་ ཁུངས་ཁྱབ་འདོམས་པ་གནང་དགོས།

སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་དངོས་གཞིའི་འོས་དམིགས་ཁོངས་

ནས་དགོངས་པ་ཞུས་རིགས་རྣམས་འདེམས་ལྷན་རྙིང་པའི་སྐབས་ དགོངས་འཁྲོལ་བཏང་ཟིན་ཡང༌། ད་ཆ་དམིགས་བསལ་གནས་ཚུལ་ ཆགས་པར་བརྟེན། དེ་སྔོན་དགོངས་ཞུས་རྣམས་རྩིས་མེད་གནང་རྒྱུ་

བཅས་ཀྱི་གྲོས་ཆོད་དུ།(1)

ཕྱི་ལོ་ ༡༩༨༢ ཟླ་ ༥ ཚེས་ ༥ ཉིན་སྐབས་བརྒྱད་པའི་སྤྱི་འཐུས་ འོས་བསྡུ་དང་འབྲེལ་བའི་གྲོས་ཆོད།

དབུས་འདེམས་ལྷན་ནས་སྙན་སེང་གནང་དོན།

འདེམས་བསྐོའི་

སྒྲིག་གཞིར། ལས་བྱེད་རྒས་ཡོལ་འོས་གཞིའི་ཁོངས་ཞུགས་འཐུས་

གསལ་ཡོད་ཀྱང༌། ད་རེས་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་འོས་བསྡུ་ བྱེ ད ་ཕྱོ ག ས་ལ་དམི ག ས་བསལ་གནང་དགོ ས ་ཆགས་པར་བརྟེན་

དབུས་འདེ མ ས་ལྷན་གྱི ་ ཚོ ག ས་མི འི ་ ཁོ ང ས་སུ་ཡོ ད ་པའི ་ བགྲེས་ ཡོ ལ ་གང་ཞི ག ་འོས ་ཁོ ང ས་སུ་ཞུགས་མི ་ ཆོ ག ་པ་བཀའ་ཤག་ནས་

༢༽

བཀོ ད ་ཁྱབ་གནང་བ་ལྟར་གལ་ཏེ ་ འོས ་ཁོ ང ས་སུ་ཡོ ད ་ནའང་རྩི ས ་

མེད་གནང་རྒྱུ་དང༌། འདི་སྐོར་གསལ་བསྒྲགས་མི་དགོས་པ།

མོན་གོ་ས་གནས་འདེམས་བསྐོ་ཚོགས་ཆུང་གི་འགན་འཛིན་གཞིས་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

372


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འགོ་སྐལ་བཟང་ཡར་འཕེལ་ལ་རང་འཇགས་ཐུགས་གཏན་འཁེལ།

༣༽ སྒང་ཏོག་ཁུལ་ས་གནས་འདེམས་བསྐོ་ཚོགས་ཆུང་གི་འགན་འཛིན་ ༤༽ ༥༽

དོ ན ་གཅོ ད ་བྱམས་པ་བརྩོ ན ་འགྲུས་མ་འབྱོ ར ་བར་དོ ན ་རྙི ང ་ཉི ་ མ་ བཟང་པོ་ནས་འཁུར་འགན་དགོས་རྒྱུ།

ཀ་སྦུག་ས་གནས་འདེ མ ས་བསྐོ་ཚོ ག ས་ཆུང་གི ་ འགན་འཛི ན ་བདེ ་

དོན་བྱམས་པ་ཡོན་ཏན་མ་འབྱོར་བར་ལས་ཚབ་ལྷག་པ་ཚེ་རིང་ནས་

འཁུར་འགན་དགོས་རྒྱུ།

ཀཿཐོག་བཟོ་གཞིས་ས་གནས་འདེམས་བསྐོ་ཚོགས་ཆུང་གི་འགན་

འཛི ན ་གཞུང་བསྐོས་ལས་བྱེ ད ་མེ ད ་སྟབས་རང་ཁུངས་འགོ ་ བྱེ ད ་ ནས་ཞུས་ཤིང༌།

ད་ཆ་གཞུང་བསྐོས་ལས་བྱེད་བསྐོ་གཞག་གིས་

ས་གནས་སུ་ཡོད་མུས་ལ་བརྟེན། གཞིས་འགོ་ཚུལ་ཁྲིམས་བསྟན་ ༦༽

༧༽

འཛིན་ལ་ས་གནས་འདེམས་བསྐོའི་འགན་འཛིན་བསྐོ་གཞག་ཐུགས་ གཏན་འཁེལ་བ།

ཡུ་རོབ་ཁུལ་དབྱིན་ལན་དང༌། ཕ་རན་སི། འཇར་མན། སུད་ཌན། ཧོ་ ལན། འབེལ་འཇམ། ནོར་ཝེ་བཅས་པར་འདེམས་ལྷན་ནས་གནས་

འབྲེལ་གནང་ཡོད་ཀྱང༌། ལན་གསལ་ཇི་བཞིན་མ་འབྱོར་སྟབས་དེ་

གའི་སྙན་སེང་ལྟར་དངོས་གཞིའི་འོས་ཤོག་གཏོང་གནང་མ་དགོས་ པ༑

ས་གནས་ཐག་རིང་ཁག་གི་གནས་སྟངས་དང་བསྟུན་འོས་ཤོག་འདི་ གར་འབུལ་དུས་ནང་དོན་ཕྱི་ཟླ་ ༦ ཚེས་ ༢༧ མཐའ་མའི་དུས་ཚོད་ ལ་རྩ་འཛིན་གནང་འཐུས་བཅས་ལ་ཐུགས་གཏན་འཁེལ་སོང་བ་ 373


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཅས་ཀྱི་གྲོས་ཆོད་དུ།

(1)

ཕྱི་ལོ་ ༡༩༨༢ ཟླ་ ༦ ཚེས་ ༥ ཉིན་སྲི་ཞུ་ཚོགས་ཆེན་དང་

འབྲེལ་བའི་གྲོས་ཆོད།

གཞུང་མང་སྲི་ཞུ་ཚོགས་ཆེན་ལོ་ལྟར་མ་དགོས་པར་ལོ་གཉིས་རེའི་

ཐོག་བསྐྱང་རྒྱུ་དང༌།

ཚོགས་ཆེན་མེད་པའི་ལོ་དེར་གཞུང་མང་ཆབ་སྲིད་

འཛིན་སྐྱོང་ཐོག་འཐུས་ཤོར་མི་འབྱུང་བར་རང་གཞུང་ལྷན་ཁང་མ་ལག་དང་ བཅས་པའི་ཕྱི་ལོ་ ༡༩༨༡ ལོའི་ལས་བསྡོམས་ལ་བོད་མི་མང་སྤྱི་འཐུས་ལྷན་ ཚོགས་ནས་ཞིབ་བཤེར་གནང་བའི་དྲི་བ་དྲིས་ལན་གནང་སྒོ་ཅི་མཆིས་ཆེས་

མཐོའི་རྒྱུན་ལས་ཚོགས་འདུ་ནས་བསྐྱང་རྒྱུ་ཐུགས་གཏན་འཁེལ་བའི་མཛད་

རིམ་ཟིན་བྲིས་ལ་བཀའ་བསྡུར་དང་འབྲེལ་གཏན་འབེབས་གནང་བ་བཅས་ཀྱི་

གྲོས་ཆོད་དུ།

(2)

ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༢༦ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་

པོ་མཆོག་ནས་སྐབས་བརྒྱད་པའི་སྤྱི་འཐུས་ཕྱག་རྟགས་ཐོན་པ་རྣམས་ཆེས་

མཐོའི་རྒྱུན་ལས་ནས་གསལ་བསྒྲགས་དང་དོ་བདག་སོ་སོར་ཕྱི་ལོ་ ༡༩༨༢

ཟླ་ ༩ ཚེས་ ༢ ཉིན་དམ་བཅའ་འབུལ་དགོས་པར་བརྟེན་བཞུགས་སྒར་དུ་

༡༩༨༢།༨།༢༧ ཉིན་འབྱོར་དགོས་པའི་བཀའ་རྒྱ་ཚོགས་དྲུང་ཡིག་ཚང་ནས་ གཏོང་རྒྱུའི་ཐག་གཅོད་གནང༌འདུག

(3)

ཕྱི་ལོ་ ༡༩༨༢ ཟླ་ ༩ ཚེས་ ༩ ཉིན་སྐབས་བརྒྱད་པའི་སྤྱི་འཐུས་ཀྱི་

ཚོགས་གཙོ་ཚོགས་གཞོན་གཉིས་དམ་བཅའ་འབུལ་བཞེས་གནང༌།

1 ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ། 2 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

3 ཆེས་མཐོའི་རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ། 374

ཆེས་


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

མཐོའི་རྒྱུན་ལས་དང་པོ་དེ་ཚོགས་ཁང་གསར་པ་ལེགས་པར་གྲུབ་པའི་ནང་ འཚོགས།(1)

དེའི་སྐབས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་ཁུལ་དུ་ལབ་གླེང་སྣ་

ཚོགས་བྱུང་བར་བརྟེན། བཀའ་ཤག་ནས་མང་ཚོགས་ལ་དངོས་བདེན་ཇི་ཡིན་ ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༡༧ ཉིན་གོང་གསལ་གནད་དོན་དང་གཞན་ཡང་

གནད་དོན་མང་དག་ཅིག་གི་ཐོག་དོན་ཚན་བཅུ་གཉིས་ཙམ་གྱི་བླང་དོར་ལམ་

སྟོན་གྱིས་ཚུལ་དུ་གསལ་བསྒྲགས་གནང་བ་ལས་གོང་གསལ་གནད་དོན་དང་ ཐད་ཀར་འབྲེ ལ ་བ་ཡོ ད ་པ་དོ ན ་ཚན་བདུན་པ་དང་བརྒྱད་པའི ་ ནང་འདི ་ ལྟར་

གསལ། “བདུན་པ། སྤྱི་འཐུས་འོས་འདེམས་གཏན་འཁེལ་གསར་པའི་སྐོར་ གྱི་གསལ་བཤད། འདི་སྐོར་རེ་ཟུང་ནས་མི་བདེན་རྫུན་སྒྲིག་མདོ་སྟོད་སྨད་ལ་ གྱོང་གུན་ཕོག་ཚུལ་འཁྱོག་བཤད་བརྒྱུད་བསྐུལ་གྱི་རྐྱེན་པས་མང་ཚོགས་ནང་

ཐེ་ཚོམ་དང༌། དོགས་པ་མི་ཆོད་པའི་གནས་ཚུལ་བྱུང་འདུག་པ། གནས་ཚུལ་ ངོ་མ་ཞིབ་ཙམ་གསལ་བཤད་བྱས་ན། སྤྱི་འཐུས་གྲངས་འབོར་ཉུང་དུ་གཏོང་

དགོས་པའི་རྒྱུ་མཚན་ནི། ཐོག་མར་ཆོལ་ཁ་གསུམ་སོ་སོ་ནས་སྤྱི་འཐུས་སྐྱེས་ པ་གསུམ་རེ་དང༌། དེ་རྗེས་འཕར་དུ་བུད་མེད་རེ་བཅས་འདེམས་བསྐོ་བྱས་པ་

དང༌། བར་སྐབས་ནས་བུད་མེད་མི་འགྲོ་འོས་འགབ་མ་བྱུང་ན་ཕོ་མོ་ཁྱད་མེད་ བཏང་འཐུས་བྱས་པ་དེ་ལྟར་ཡང༌།

གནས་ཚུལ་ལ་ཞིབ་འཇུག་སྐབས། ༡༽

༢༽

བར་ལམ་ལོ་ཤས་རིང་གི་དངོས་ཡོད་

བོད་མི་རྒན་པ་བསམ་ཡོད་རིམ་ཟད། གཞོན་པ་ཚར་ལོངས་མ་ཐུབ་ པ་ལྟ་བུའི་སྤྱི་འཐུས་མི་འགྲོ་ལྷག་བསམ་བློ་གྲོས་ལྡན་པ་ཇེ་ཉུང་དུ་སོང་བ།

སྤྱི ་ འཐུས་ལྷན་ཁང་དུ་སྤྱི ་ འཐུས་གྲངས་མང་ལས་དོ ན ་དེ ་ ཙམ་མེ ད ་

1 རྒྱུན་ལས་ཚིག་ཐོ་ཕྱི་ལོ་ ༼༡༩༨༢།ཁ་པ་༽ ནང་གསལ།

375


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པར་རྒྱུན་ཚོ ག ས་བྱ་རྒྱུ་དགོ ས ་པ་དགེ ་ མཚན་མ་མཆི ས ་པས་སྤྱི ་ འཐུས་གང་འཚམས་ལྷན་ཁང་དུ་གཏན་སྡོད་དང༌། ༣༽

གང་འཚམས་

རང་རང་ས་གནས་སོ་སོར་ཕྱིར་སློག་གིས། གྲོས་ཚོགས་གལ་ཆེའི་ སྐབས་འཛོམས་རྒྱུ་བཟོས་ན་ལེགས་པའི་བསམ་འཆར་བྱུང་བ།

ད་ལྟའི་ཆར་ང་ཚོའི་ལས་དོན་གང་ཅིར། ཇི་ལྟར་བྱས་ན་ཚགས་ཚུད་ པ་དང༌།

ཇི་འདྲ་བྱས་ན་དོན་ཕན་ཆེ་བ་འབྱུང་ཐབས་ཞིབ་བརྟག་

ཚོད་བལྟ་ཉམས་མྱོང་གསོག་པའི་དུས་སྐབས་ཤིག་ཡིན་པ་མ་ཟད།

དངོ ས ་ཡོ ད ་གནས་ཚུལ་དང་བསྟུན་ནས་ལས་དོ ན ་འགའ་ཞི ག ་ཁུ་

བསྡུ་བྱེད་པ་དང༌། འགའ་ཞིག་གསར་རྩོམ་རྒྱ་སྐྱེད་བྱེད་དགོས་པར་

༤༽ ༥༽

བརྟེན། རྡ་སར་འཕྲོད་བསྟེན་ལས་ཁུངས་དང༌། དབྱིན་ཡུལ་དུ་དོན་ བྱེད་ལས་ཁང་གསར་བཙུགས་འཕར་གྲོན་ཆེ་བ།

སྤྱི་འཐུས་ཕྲན་བུ་ཉུང་དུ་བཏང་རུང་ད་ལྟའི་གནས་སྐབས་ལས་དོན་ ལ་འཐུས་ཤོར་འབྱུང་དོགས་མེད་པ།

སྤྱི་འཐུས་ཉུང་དུ་བཏང་ན་ཁྲལ་འགེལ་གོ་བཀག་ལྟ་བུའི་འདུ་ཤེས་མ་ བཟུང་བར་མི་འགྲོ་ཕྲན་བུའི་དྲག་པ་ཡོང་རེ་བཅས་ལ་བརྟེན། ཆོལ་ ཁ་གསུམ་སོ་སོ་ནས་མི་གཉིས་རེ་ཉུང་དུ་བཏང་བ་ལས། ཕན་ཚུན་མི་འདྲ་བའི་ཁྱད་པར་ཅུང་ཟད་ཙམ་མེད།

ཆོལ་ཁ་

འོས་འདེམས་བྱེད་སྟངས་ལ་སྒྱུར་བཅོས་འགྲོ་སྟངས་སྐོར།

ད་ཕན་སྤྱི་འཐུས་རྣམས་ཀྱི་ཐོག་མའི་འོས་དམིགས་དང༌།

དེ་རྗེས་དངོས་

གཞིའི་འོས་འདེམས་བཅས་ཆོལ་ཁ་རང་ཁོངས་སོ་སོ་ནས་བྱས་ཏེ་ྋགོང་ས་

ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བསྐོ་གཞག་ཞུས་བསྩལ་དེ ་ ལྟར་ཡང༌།

བར་སྐབས་ཤིག་ནས། གཅིག་ནས་རང་རིགས་མང་ཚོགས་ཀྱི་ཤེས་ཚད་མི་ 376


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ལྡེང་བ་དང༌། གཉིས་ནས་ལས་དོན་འདི་རིགས་ལ་མང་ཚོགས་ནས་སེམས་

འཁུར་དོ ་ སྣང་ཆུང་སྐྱོན་ཐོ ག ་སྡོ ད ་སྒར་ཁ་འཐོ ར ་གྱི ་ རྐྱེ ན ་པས་འོས ་དམི ག ས་ དྲག་པའི་རྒྱུས་འདྲིས་མཐོང་ཐོས་ཉུང་བ། གསུམ་ནས་མགོ་བདེ་སྐབས་འཚོལ་

བ་འགའ་ཞིག་གི་དྲན་འཁྲུལ་ཐབས་ཤེས་བཅས་ཀྱིས་དོན་སྙིང་སྤྱི་འཐུས་ནང་

སྤྱི ་ དོ ན ་ཐོ ག ་འབྱོ ན ་ཐང་དང་ལྷག་བསམ་ཆེ ་ ཆུང་སྣ་ཚོ ག ས་ཤི ག ་སླེ བ ས་པ་

དང༌། ལྷག་པར་རང་ཉིད་གང་ནས་འདེམས་ཐོན་ཡོང་སའི་ཆོལ་ཁ་དེ་གའི་བདེ་

དོ ན ་ཨུ་ཚུགས་གླེ ན ་ཤེ ད ་བྱ་རྒྱུ་དེ ་ ལས་འགན་གྱི ་ སྙི ང ་པོ ར ་འཛི ན ་པ་ལས།

ཆོལ་ཁ་གཞན་དག་གི་གནས་ཚུལ་དང༌། བོད་མི་རིགས་སྤྱི་ཡོངས་ཀྱི་ཁེ་ཕན་ ལ་ལྷོད་ཡངས་སུ་གྱུར་ཏེ་སྤྱི་མིའི་གནས་སྟངས་སྤྱི་ཚུགས་དྲང་བདེན་གྱི་རང་

བཞི ན ་ཟི ན ་མ་ཐུབ་པའི ་ ཡོ ་ འཁྱོག་ཕྱི ན ་པ་ལ་བརྟེན་ནས་སྤྱི ་ འཐུས་བྱི ང ས་

ལའང་སྤྱི་པའི་ལས་དོན་སྒྲུབ་བརྩོན་བྱེད་མ་བདེའི་དཀའ་རྙོག་ཇི་སྙེད་འཕྲད་ པའི་སྐྱོན་གནད་ཉམས་མྱོང་ཐོག་ནས་གསལ་མཐོང་བྱུང་བར་བརྟེན།

ཕྱིན་

ཆད་འདི ་ རི ག ས་མི ་ འབྱུང་བའི ་ དོ ན ་དུ་སྤྱི ་ འཐུས་འོས ་འདེ མ ས་བྱེ ད ་ཕྱོ ག ས་

སྒྱུར་བཅོ ས ་གནང་དགོ ས ་པའི་ སྐོར་གཞོ ན ་ནུས་བསམ་འཆར་ལོ་ ཤས་སྔོ ན ་

ནས་ཕུལ་བ་རེད།

སྔ་ལོ་ས་གནས་སོ་སོའི་རང་བཙན་ཚོགས་ཆུང་ཁག་གི་ཚོགས་མི་

ལས་བྱེད་ཆོལ་ཁ་གསུམ་ནས་འདེམས་བསྐོ་བྱ་རྒྱུ་བཟོས་པ་དེས་ཀྱང༌།

དེ་

སྔོན་ས་གནས་མང་པོར་ཆོལ་ཁའི་འཐེན་འཁྱེར་ལྟ་ཅི། རྣམ་རྟོག་ཙམ་ཡང་མེད་

རིགས་ལའང་རང་བཞིན་གྱི་ཆོལ་ཁར་དོ་སྣང་བྱེད་དགོས་པ་ལྟ་བུ་གསར་དུ་

ཆགས་ཏེ ་ ཆི ག ་སྒྲི ལ ་གོ ང ་བུའི ་ ནུས་ཤུགས་ཉམས་དམས་སུ་འགྲོ་བའི ་ སྐྱོན་

གནད་གསལ་པོར་མཐོང་གི་འདུག དེས་ན་ད་ལྟའི་དུས་སྐབས་འདིར་ང་ཚོ་ ནང་ཁུལ་ཕྱོགས་ལྷུང་འཐེན་འཁྱེར་རིམ་པས་ཆུང་དུ་འགྲོ་ཐབས་དང༌། འོས་

འདེམས་བྱས་པའི་སྤྱི་འཐུས་རྣམས་སྤྱི་བསམ་དྲང་ཚུགས་ལྡན་ཞིང༌། བོད་མི་ 377


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རི ག ས་སྤྱི འི ་ ཁེ ་ ཕན་ཆེ ་ སའི ་ ཐོ ག ་བློ་གྲོས་འདོ ན ་ཐུབ་པའི ་ མི ་ སྣ་དྲག་གྲས་

འདེམས་ཐོན་ཡོང་བའི་ཐབས་ཤེས་མི་བྱ་མཐུ་མེད་སྟབས་གཞོན་ནུའི་བསམ་

ཚུལ་ལྟར་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྒྱུར་བཅོས་གཏོང་འོས་མིན་སྔ་ ལོ ་ རྒྱུན་ལས་ཚོ ག ས་འདུའི ་ སར་ཉི ན ་བསྟུད་གོ ་ བསྡུར་སྦྱངས་བཤད་མཐི ལ ་

ཕྱིན་བྱས་པའི་མཐའ་དོན་མང་མོས་ཐག་ཆོད་ཇི་བྱུང་ྋསྙན་ཞུས་བཀའ་འཁྲོལ་ ལྟར་སྒྱུར་བཅོས་གནང་བ་རེད། སྒྱུར་བཅོས་ཇི་འདྲ་ཞིག་ཕྱིན་པའི་སྐོར་སྐབས་ དེར་གསལ་བསྒྲགས་གནང་ཡོད་ཀྱང༌། ད་ལམ་སླར་ཡང་སྐྱར་བཤད་བྱས་ན།

ད་ཕན་སྤྱི་འཐུས་འོས་བསྡུའི་སྐབས་ཐོག་མའི་འོས་དམིགས་འདེམས་རྒྱུ་དང༌།

དེ་རྗེས་དངོས་གཞིའི་འོས་འདེམས་གཉིས་ཆོལ་ཁ་རང་ཁུངས་སོ་སོ་ཁེ་གཙང་ ནས་བྱེད་པ་དེ། མ་འོངས་པར་སྤྱི་འཐུས་སྐབས་དགུ་པ་ནས་བཟུང་སྟེ་འོས་ འདེམས་སྔ་རྗེས་གཉིས་ཀ་ཆོལ་གསུམ་ཡོངས་རྫོགས་ནས་བྱ་རྒྱུ།

དེ་ཡང་དཔེར་ན།

མདོ་སྟོད་སྤྱི་འཐུས་ཀྱི་ཐོག་མའི་འོས་དམིགས་

འདེམས་སྐབས་མདོ་སྟོད་པ་རང་ཁོངས་སྨོས་ཅི། བཅས་ནས་ཀྱང་འོས་འཕེན་བྱ་རྒྱུ་དང༌།

མདོ་སྨད་དབུས་གཙང་

དེ་རྗེས་འོས་དམིགས་དེ་དག་གི་

ཁོ ང ས་ནས་དངོ ས ་གཞི འི ་ འོ ས ་འདེ མ ས་སྐབས་ཀྱང་གོ ང ་བཞི ན ་ཆོ ལ ་ཁ་

གསུམ་ཀས་འོས་འཕེན་བྱ་རྒྱུ། དེ་བཞིན་དུ་མདོ་སྨད་ཀྱི་སྤྱི་འཐུས་འདེམས་

བསྐོའི་འོས་འཕེན་སྔ་རྗེས་གཉིས་ཀར་གོང་བཞིན་མདོ་སྟོད་དབུས་གཙང་ཚང་

མས་བྱ་རྒྱུ་དང༌།

དབུས་གཙང་གི་སྤྱི་འཐུས་འདེམས་བསྐོའི་འོས་འཕེན་སྔ་

རྗེས་གཉིས་ཀར་ཡང་གོང་བཞིན་མདོ་སྟོད་སྨད་གཉིས་ཀས་འོས་འཕེན་བྱ་རྒྱུ། ཡང་སྐབས་བརྒྱད་པའི ་ སྤྱི ་ འཐུས་ཀྱི ་ ཐོ ག ་མའི ་ འོས ་དམི ག ས་རང་ཁུངས་སོ ་

སོ་ནས་འདེམས་བསྐོ་འོས་འཕེན་ཟིན་པ་དེ་གས་འཐུས་པ་བྱ་རྒྱུ་དང༌། འོས་

དམི ག ས་དེ ་ དག་ཁོ ང ས་ནས་དངོ ས ་གཞི འི ་ འོས ་ཤོ ག ་ཆོ ལ ་ཁ་གསུམ་ཀས་

འཕེན་རྒྱུ་བཅས་ཡིན།”

378


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འོས་འདེམས་བྱ་སྟངས་འདི་ལྟར་བྱས་ན།

༡༽

༢༽

འདེ མ ས་ཐོ ན ་སྤྱི ་ འཐུས་སོ ་ སོ འི ་ བསམ་བློའི ་ ནང་རང་ཉི ད ་ཀྱི ་ ཡུལ་

ཚན་དེ འི ་ ནང་རང་གི ་ མི ང ་གྲགས་ངོ ་ སོ ་ འབྱུང་རེ འི ་ བསམ་ཚུལ་ རྨོངས་ཞེན་ངང་གིས་ཆུང་དུ་འགྲོ་རྒྱུ།

འདེམས་ཐོན་སྤྱི་འཐུས་དེར་མང་ཚོགས་ནས་ཆེ་མཐོང་བརྩི་བཀུར་

ཆེ་བ་ཡོང་རྒྱུ།

༣༽ འོས་ཤོག་འཕེན་མཁན་ཉུང་ཤས་ཙམ་མིན་པར་ཆོལ་ཁ་དབྱེར་མེད་ རྒྱ་ཆེའི་མང་ཚོགས་ནས་འོས་ཤོག་འཕངས་པར་བརྟེན། སྤྱི་བསམ་

༤༽ ༥༽

དྲང་ཚུགས་ཆེ་བའི་མི་ཞིག་འདེམས་ཐོན་ཤུགས་མ་ཐུབ་ཀྱིས་ཡོང་ རྒྱུ༑

འདེམས་ཐོན་སྤྱི་འཐུས་སྤྱི་བསམ་དྲང་ཚུགས་ཆེ་བ་བྱུང་ཚེ་སྤྱི་ལྷན་ གྱི་ལས་དོན་ཁག་དཀའ་ཚེགས་མེད་པར་སྒྲུབ་ཐུབ་རྒྱུ། སྤྱི་འཐུས་སྤྱི་བསམ་དྲང་ཚུགས་ཅན་བྱུང་ན།

རྒྱ་ཆེའི་མང་ཚོགས་

ཀྱི་འགོ་ཁྲིད་ལམ་སྟོན་བྱ་རྒྱུར་ནུས་པ་ཆེ་ཐོན་ཡོང་རྒྱུ།

བོད་མི་ཆོལ་ཁའི་སྡེ་ཚན་གང་ཡིན་མེད་རིགས་ཀྱང་བྱེད་བདེ་ཡོང་

རྒྱུ་བཅས་ཀྱི་དགོས་པ་རྒྱུ་མཚན་དེ་ལྟ་བུ་འབྱུང་རེར་དམིགས་པ་ཞིག་ལས།

དེ་ལ་ཆོལ་ཁ་ཕན་ཚུན་ཁེ་གྱོང་དང༌། ཆགས་སྡང་འཐེན་འཁྱེར་གྱི་བསམ་སྦྱོར་

གཏན་ནས་མེད་པ་རིམ་གསལ་ངེས་རྙེད་ཡོང་གི་རེད། དེ་འདྲའི་ཁེ་གྱོང་ཡོད་ མེད་ཚང་མས་རང་བློ་གཟུ་བོར་གནས་པའི་སྒོ་ནས་བརྟག་དཔྱད་ལེགས་པར་ བྱེད་དགོས།

མཐའ་མའི་ཐག་གཅོད། སྐབས་བརྒྱད་པའི་རྙིང་མའི་སྤྱི་འཐུས་འོ ས་

དམིགས་རྣམས་གཟུགས་བབས་དང༌།

379

ལས་དོན་སོགས་ནས་ལྕོགས་མིན་


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

རང་མོས་དགོངས་ཞུ་བྱས་པ་དང༌།

དེ་བཞིན་མདོ་སྟོད་འོས་དམིགས་ཁག་

གཅི ག ་ཐོ ག ་མར་ལུགས་མཐུན་ལོ ་ རྒྱུས་འགེ ང ས་ཤོ ག ་བཀང་འབུལ་ཞུས་

འདུག་ཀྱང༌། དེ་རྗེས་མདོ་སྟོད་མི་མང་ནས་འོས་ཁོངས་བསྡད་ན་འགྲིགས་མིན་ གནས་ཚུལ་འབྱོ ར ་ལུགས་ཀྱི ས ་ཕྱི ར ་འཐེ ན ་ཞུས་པའི ་ ཁར་མདོ ་ སྟོད་ཁག་

གཅིག་ནས་ད་ལམ་འོས་འདེམས་བྱེད་ཕྱོགས་སྒྱུར་བཅོས་དེས་མདོ་སྟོད་སྨད་ ཀྱི་ཐོབ་ཐང་ལ་གྱོང་གུན་བྱུང་ལུགས་ཞུས་འདུག་པར།

རྒྱུན་ལས་ཚོགས་

འདུའི ་ སར་སྦྱངས་བཤད་དང་འབྲེ ལ ་གོ ་ བསྡུར་གནང་བའི ་ མཐའ་དོ ན ་སྙི ང ་

པོར། གཞི་རྩའི་སྤྱི་འཐུས་གྲངས་འབོར་ཉུང་དུ་གཏོང་རྒྱུ་དང༌། འོས་འཕེན་

བྱེད་ཕྱོགས་སྒྱུར་བཅོས་སྐོར་ ༡༩༨༡ ཟླ་ ༡༢ ཚེས་ ༢༨ འཁོད་པའི་ཐག་ གཅོ ད ་གཏན་འབེ བ ས་སྔོ ན ་ཟི ན ་ལྟར་སྐབས་དགུ་པ་ནས་བཟུང་ཆོ ལ ་ཁ་སོ ་

སོ འི ་ འཐུས་མི ་ འོས ་འདེ མ ས་སྔ་རྗེ ས ་གཉི ས ་ཀ་ཆོ ལ ་གསུམ་ཡོ ང ས་རྫོ ག ས་

ནས་བྱ་རྒྱུར་འགྱུར་བ་མེད་པར་སོར་གནས་བྱ་རྒྱུ་དང༌།

སྐབས་བརྒྱད་པ་

འདིའི་རྙིང་མ་དང༌། མདོ་སྟོད་འོས་དམིགས་རང་ཁོངས་སོ་སོ་ནས་འདེམས་ བསྐོ་སྔོན་ཟིན་རྣམས་དགོངས་ཞུ་ཕྱིར་འཐེན་བྱས་ཚབ།

སླར་ཡང་འོས་

དམིགས་སྐྱར་འདེམས་དང༌། དེ་རྗེས་དངོས་གཞིའི་འོས་འདེམས་བྱ་རྒྱུ་བཅས་

ཀྱི་སྤྱི་འཐུས་གསར་རྙིང་བརྗེ་མཚམས་ཟླ་ ༩ ཚེས་ ༢ (དམངས)མང་གཙོའི་ དུས་དྲན་ཉིན་གཏན་འབེབས་གནང་བའི་གོང་ཟིན་མིན་ལ་བརྟེན།

ད་ལམ་

སྐབས་བརྒྱད་པ་འདིའི་རིང་འོས་བསྡུ་ཐེངས་གཅིག་གིས་འཐུས་པ་བྱས་པ་ཏེ།

ཆོ ས ་ལུགས་ཆོ ལ ་གསུམ་དང་བཅས་པའི ་ འོས ་དམི ག ས་རང་ཁུངས་སོ ་ སོ ་

ནས་སྐྱར་འདེམས་བྱ་རྒྱུ་དང༌། འོས་ཐོན་ཡོངས་རྫོགས་ྋགོང་ས་ྋསྐྱབས་

མགོན་ཆེན་པོར་ྋསྙན་འབུལ་ཞུས་ཏེ་བསྐོ་གཞག་ཕྱག་རྟགས་སྩལ་སྨིན་ཞུ་

རྒྱུར་མང་མོས་གྲོས་ཆོད་བྱུང་སོང་བ་ལྟར།

ྋསྙན་སེང་བཀའ་འཁྲོལ་ཆོག་

མཆན་བསྩལ་ཐོན་སྐོར་ ༡༩༨༢ ཟླ་ ༤ ཚེས་ ༦ ཉིན་གསལ་བསྒྲགས་དང༌། 380


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

དབུས་འདེམས་བསྐོ་ལྷན་ཚོགས་ནས་བྱེད་སྒོའི་གནས་རྒྱ་ཟུར་བསྲིངས་སྔོན་ ཟིན་ལྟར།

ས་གནས་སོ་སོའི་འདེམས་བསྐོ་ཚོགས་ཆུང་གི་ལས་བྱེད་དང༌།

མང་ཚོགས་ནས་སྤྱི་འཐུས་འདེམས་བསྐོ་འདི་བཞིན་རང་གཞུང་དང་རྒྱ་ཆེའི་

མང་ཚོ ག ས་སྤྱི འི ་ ཁེ ་ ཕན་གལ་ཆེ ར ་བསམ་ཤེ ས ་ཀྱི ས ་གཞན་དབང་གཡམ་

རྒྱུགས་མི ན ་པར་རང་རང་གི ་ ཁེ ་ དབང་དྲང་བདེ ན ་གྱི ་ ལམ་ནས་བེ ད ་སྤྱོ ད ་ ལེགས་པར་བྱས་ཏེ་ཡིད་ཟབ་ཀྱི་སྒོ་ནས་འདེམས་བསྐོ་ཚུལ་བཞིན་བྱེད་གལ།

སྤྱི་འཐུས་ཚང་འཛོམས་མེད་ལུགས་ཟེར་བའི་སྐོར།

ཚོགས་འདུ་

གང་ཞིག་ལའང་ཚོགས་འཐུས་ཡོངས་རྫོགས་ཚང་འཛོམས་ཐུབ་པ་ཡོང་མིན་ སྣ་ཚོ ག ས་ལ་བརྟེན་རྒྱལ་ཁབ་ཚང་མའི ་ རྩ་ཁྲི མ ས་ནང་འཐུས་མི འི ་ གྲངས་

འབོར་འདི་ཙམ་འཛོམས་ན་ཐག་གཅོད་བྱེད་ཆོག་པ་གསལ་འཁོད་ཡོད་པ་མ་ ཟད།

རང་གཞུང་རྒྱུན་ལས་ཚོགས་འདུའི་སྒྲིག་གཞིར་ཡང༌།

རྩ་ཁྲིམས་

དགོངས་དོན་ “ བོད་མི་མང་སྤྱི་འཐུས་རྩ་འབོར་གྱི་ལྔ་ཆ་གཅིག་འཛོམས་ ཕྱིན་ལས་དོན་གང་ཅིའི་ཐག་གཅོད་ཆོག་རྒྱུ་ ” ཞེས་དང༌། དོན་ཚན་དྲུག་པ།

ཚོགས་མིའི་འགན་དབང་གི་ནང་གསེས་ཏ་པར་“ ཚོགས་མི་གང་ཞིག་ནས་ རྒྱུན་ལས་ཚོགས་འདུའི་གྲོས་གཞིའི་ཐོག་མོས་མཐུན་ནམ་ཡང་ཞུ་ཐབས་མེད་

པར་ཚོགས་འདུ་ནས་ཕྱིར་ཐོན་བྱ་དགོས་རིགས་བྱུང་ཚེ་ཆོག་རྒྱུའང༌། མང་ མོས་ཐག་གཅོད་ཇི་བྱུང་ལ་བརྩི་བཀུར་ཞུ་རྒྱུ་”

ཞེས་འཁོད་པ་བཅས་སྒྲིག་

གཞི འི ་ ལམ་སྲོ ལ ་འགལ་མེ ད ་བསྐྱངས་ཡོ ད ་གཤི ས ་ཁུངས་མེ ད ་ཀྱི ་ གཏམ་ འཆལ་འདི་རིགས་ལ་མགོ་བོ་མ་འཁོར་བར་སྤྱི་ཡོངས་ཀྱི་ཁེ་ཕན་ལ་བསམ་ ཞིབ་ཐུབ་པ་བྱེད་གལ་ཆེ་བ་ཡིན།

དོན་ཚན་བརྒྱད་པ། ཁུངས་མེད་དཀྲོག་གཏམ་བརྒྱུད་བསྐུལ་ལ་བདེན་འཛིན་

མ་འོས་པ། གཞི་རྩའི་ཆོལ་གསུམ་རྒྱ་ཆེའི་མི་མང་རྣམས་ྋགོང་ས་ྋསྐྱབས་

མགོན་ཆེན་པོ་དང༌། རང་གཞུང་དབུ་འཁྲིད་ལམ་སྟོན་འོག་ཤར་བསྐྱོད་བྱེད་ 381


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མཁན་ལྷག་བསམ་རྣམ་དག་བསྔགས་འོས་ཀྱི་རང་བཞིན་ལྟར།

ད་ལམ་གྱི་

གནས་ཚུལ་འདི་སྐོར་ཡང༌། ས་ཁུལ་འགའ་ཤས་ནས། ང་ཚོར་འབོད་བསྐུལ་

གནས་ཚུལ་འབྱོར་མུས་ཀྱང༌། ང་ཚོའི་ངོས་ནས་བཀའ་དགོངས་ཐོད་བཅིངས་

ཞུ་རྒྱུ་ཞེས་དང༌། ཡང་འགའ་ཤས་ནས་རང་གཞུང་གི་དབུ་འཁྲིད་འོ ག་ཤར་ བསྐྱོད་ཞུ་རྒྱུའི ་ དམ་བཅའ་ཕུལ་ཏེ ་ བཀའ་དོ ན ་འགལ་མེ ད ་ཞུ་རྒྱུར་ྋསྐྱབས་ མགོན་ཆེན་པོ་སྐུ་ཚེ་ྋཞབས་པད་བརྟན་པ་སོགས་ཞུ་བ་དང༌། ཡང༌། ས་ཁུལ་

འགའ་ཤས་ནས་མདོ་སྟོད་མི་མང་སྤྱིའི་མིང་འཁུར་གྱིས་ད་ལམ་གྱི་ཐག་གཅོད་ ལ་མོས་མཐུན་མེད་ལུགས་སྙན་ཞུར་ས་ཡིག་མ་རྒྱག་མཐུ་མེད་བྱུང་བ་ལས།

རྣམ་ཀུན་འདི་རིགས་ལ་ཐེ་བྱུས་རྩ་བ་ནས་མེད་ཅིང༌། སླད་ཀྱང་བཀའ་དགོངས་ དང་ལེན་ཞུ་རྒྱུར་ལྷ་དགོངས་གསལ་དྭངས་ཡོང་བ་ཞེས་དང༌།

ཡང་ྋསྙན་

ཞུར་ས་རྟགས་འཁོད་པའི་མི་ངོ་དོ་བདག་ནས་འདི་སྐོར་གྲོས་བསྡུར་དང༌། ས་

འགོད་བྱེད་རྒྱུ་ལྟར་བཞག་རྩ་བ་ནས་ཤེས་རྟོགས་མ་བྱུང་ཞུ་མཁན་ཡང་འདུག་ པ་བཅས་དེས་ན།

རེ་ཟུང་ནས་གཟུར་གནས་མདོ་སྟོད་མི་མང་ནང་དགོས་

མེད་དཀྲོག་རྐྱེན་མ་བཟོས་པའི་ངེས་པ་མི་འདུག་ན། ཚང་མས་བོད་མི་རིགས་ སྤྱི འི ་ ཁེ ་ ཕན་བསམ་ཤེ ས ་ཀྱི ས ་དཀྲོ ག ་གཏམ་རྗེ ས ་འབྲངས་མི ན ་པར་རང་ ཚུགས་བརྟན་བཟུང་བྱེད་དགོས།” ཞེས་གསལ།(1)

བོད་མི་མང་སྤྱི་འཐུས་སྐབས་བདུན་པས་སྤྱི་ལྷན་ཁང་གསར་བསྐྲུན་

གནང་བའི་སྐོར། ༈ སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་

དགོ ང ས་གཞི ་ དགོ ས ་པ་བླ་མེ ད ་ཀྱི ས ་ཡོ ང ས་ཁྱབ་རྩ་ཁྲི མ ས་རི ན ་པོ ་ ཆེ ་ སྤྱི ་ བསྩལ་བཀའ་དྲིན་ཆེ་བའི་དགོངས་དོན།

བོད་ཆོས་སྲིད་གཉིས་ལྡན་

(དམངས)མང་གཙོ འི ་ གཞུང་གི ་ སྒྲི ག ་འཛུགས་ཀྱི ་ ངོ ་ བོ ་ བོ ད ་རྒྱ་ཆེ འི ་ མི ་ མང་

1 བཀའ་ཤག་ནས་ཕྱི་ལོ་ ༡༩༨༢ ཟླ་ ༧ ཚེས་ ༡༧ འཁོད་བླང་དོར་ལམ་སྟོན་གསལ་བསྒྲགས་ཞེས་དེབ་ཆུང་ སྤར་བསྐྲུན་གནང་བ་ལས་ཟུར་བཏོན་ཞུས།

382


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ནས་མང་མོས་འོས་འདེམས་བྱས་པའི་ཆོས་ལུགས་ཆོལ་གསུམ་དང་བཅས་ པའི་སྤྱི་འཐུས་ཀྱི་ལྷན་ཁང་འདི་ཡིན་ཞིང༌། ད་ཕན་ལྷན་ཚོགས་གནང་ཡུལ་

ཁང་མིག་གཅིག་ལས་མེད་ཅིང༌། དེ་ཡང་གུ་རྒྱ་ཆུང་ཞིང༌། དུས་ཀུན་ཏུ་མཛད་

ཟིང་དང༌། བཀའ་བསྡུར་གནང་སྐབས་ཕྱི་བཅར་ཞུ་མཁན་ཕེབས་སྒུག་ཞུ་ཡུལ་ མེད་པར་ཕྱི་རོལ་ཉི་ཆར་ནང་བཞུགས་དགོས་སོགས་ཀྱི་སྐུ་ངལ་དངོས་ཡོད་ དུ་ད་ཕན་སྤྱི་སྐབས་རིམ་པས་ཐུགས་སྲན་ཆེ་བཞུགས་འདུག་ཀྱང༌། ད་ཆ་སྤྱི་

ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཆོས་སྲིད་ཀྱི་མཛད་འཕྲིན་ཕྱོ གས་

དང་ཕྱོགས་ཀུན་ཏུ་ཆེས་ཆེར་ཁྱབ་པ་དང༌། རང་གཞུང་གི་ཆབ་སྲིད་མཛད་

རྒྱའི ་ སྟོབས་ཤུགས་ཉི ན ་རེ ་ བཞི ན ་ཡར་རྒྱས་གོ ང ་འཕེ ལ ་དུ་འགྲོ་བཞི ན ་པར་

བརྟེན། ཕྱི་ནང་མཇལ་བཅར་ཉིན་བཞིན་ཇེ་མང་དུ་འགྲོ་བ་དང༌། དགྲ་གཉེན་

གཉི ས ་ཕྱོ ག ས་ནས་ཉམས་སྣང་ཆེ ས ་ཆེ ར ་བྱེ ད ་པའི ་ དུས་སྐབས་འདི ར ་སྤྱི ་

འཐུས་ལྷན་ཁང་འདི་བཞིན་འཆར་ཅན་ཟླ་རེའི་ཚེས་ ༥ ནམ་ཤར་ལ་ཆེས་

མཐོའི་རྒྱུན་ལས་ནང་གལ་ཆེའི་བཀའ་བསྡུར་བསྟར་ཆགས་དང༌། འཕར་མའི་

བཀའ་བསྡུར་གནང་འོ ས་བཅས་ཆོས་སྲིད་གཉིས་ལྡན་(དམངས)མང་གཙོའི་

ངོ་བོ་ཡོངས་སུ་ལྡན་པའི་བྱེས་འབྱོར་བོད་གཞུང་མང་གི་ཆབ་སྲིད་ལ་སྟངས་ འཛི ན ་ཞི བ ་དཔྱད་བྱེ ད ་པོ འི ་ ལྷན་ཁང་གནད་གལ་ཆེ ་ ཤོ ས ་ཤི ག ་ཡི ན ་པར་ བརྟེན། ཕྱི་ལོ་ ༡༩༧༩ ལོར་སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་རྣམས་ ནས་མཛད་རྒྱའི་གལ་གནད་ལ་གཞིགས་པའི་ལྷན་ཁང་ཡང་རྒྱ་ཆེ་གུ་ཡངས་

དང་བཅས་པ་དགོ ས ་གལ་ལ་གཟི ག ས་ཏེ ་ སྤྱི ་ ནོ ར ་ྋགོ ང ་ས་དོ ན ་གྱི ་ བདག་

པོ ར ་ལྷན་ཁང་གསར་རྒྱག་ཆོ ག ་པའི ་ ྋསྙན་སེ ང ་ཞུས་པར་བཀའ་འཁྲོ ལ ་

བཀའ་དྲིན་ཆེ་ཐོག་དབུགས་དབྱུང་བཀའ་སློབ་ཟབ་མོ་དང་འབྲེལ་མཐུན་སྦྱོར་

དགོས་དངུལ་སྤྱི་རྒྱན་དུ་སོན་པ་དང་ཆབས་ཅིག ཕྱི་ནང་དུ་གནས་པའི་རང་ རིགས་རྒྱལ་གཅེས་ལྷག་བསམ་གྱིས་ཕྱུག་པ་རྣམས་དང་ཆོས་སྲིད་ཀྱི་འབྲེལ་ 383


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གྲོགས་སུ་གྱུར་པའི ་ མི ་ སྣ་ཁག་ནས་ཞལ་འདེ བ ས་ཕུལ་འབྱོ ར ་བྱུང་ཁག་

གསལ་བསྒྲགས་སྔོན་སོང་ལྟར་གྱི་ཐོག

བཀའ་ཤག་ནས་ཁ་བསྣོན་མཐུན་

འགྱུར་སྩལ་འོས་སྩལ་བ་སོགས་གཞུང་འབངས་འཕྱར་གྲུ་མཉམ་འདེགས་ཀྱི་ སྒོ་ནས་སྤྱི་འཐུས་ལྷན་ཁང་དང༌།

རྒྱུན་ལས་ཚོགས་ཁང་གཉིས་རྒྱ་ཆེ་གུ་

ཡངས་ཐོག ལས་ཁུངས་སྡེ་ཚན་གཞན་དག་ཁང་མིག ༥ ཤོད་ཁང་ལས་ཤག་

ཁང་མིག ༣ དང༌། དོ་ཁང་གཅིག་བཅས་རྒྱ་ཁྱོན་ཕི་ཀྲི་གྲུ་བཞི་ ༥༨༢༨ ཡོད་

པ་དེང་རབས་དང་ཡོངས་སུ་ལྡན་པ་བསྲ་བརྟན་ཕུགས་འཕེར་ཞིག ༡༩༨༢ ཟླ་ ༨ པའི་ནང་གསར་བསྐྲུན་ལེགས་པར་ཟིན་ཏེ་འཛིན་ཆས་ས་གདན་དང་བཅས་

པ་གོ་སྒྲིག་ཆ་ཚང་བགྱིས་ནས་ ༨༢ ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པ་གཟའ་

སྐར་འཕྲོད་སྦྱོར་དགེ་བའི་ཉིན་སྤྱི་འཐུས་ལྷན་ཁང་དང་བོད་གཞུང་རྒྱུན་ལས་ ཚོགས་ཁང་ཆེན་མོའི་དབུ་འབྱེད་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་

པོ་མཆོག་༸ཞབས་སོར་འཁོད་གྲུབ་སྐྱབས་འཇུག་ཡོང་བའི་ྋསྙན་སེང་ཞུས་ པར་བཀའ་བཞེ ས ་སྤྱི ་ རྒྱན་དུ་ཐོ བ ་རུང་སྐབས་དེ ར ་གློ ་ བུར་མགུལ་འཆམས་

བཞེས་སྟབས་༸ཞབས་སོར་འཁོད་ཐུབ་མ་སོང་ཞིང༌། དེ་ཉིན་སྤྱི་འཐུས་ལྷན་

ཁང་ཐོག་མའི་དབུ་འབྱེད་དང་འབྲེལ་ཨར་སྟོན་རྟེན་འབྲེལ་འབྱུང་མཚོན་ཆེད་

སྔ་དྲོ་ཆུ་ཚོད་ ༡༡ པའི་ཐོག་རང་གཞུང་བཀའ་ཤག་གིས་དབུས་ལྷན་ཁང་ཁག་ གི ་ དྲུང་ཆེ ་ ཡན་ལ་གསོ ལ ་ཇ་བཞེ ས ་འབྲས་འབུལ་ལམ་ཞུས་པ་དང་ཆབས་

ཅི ག ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ འི ་ སྐུ་པར་མཐོ ང ་གྲོལ་རི ན ་པོ ་ ཆེ ར ་

མཇལ་དར་རྟེན་འབུལ་དང༌། ཚོགས་གཙོ་བགྲེས་གཞོན་གཉིས་སུ་མཇལ་དར་

སྒྲོན་བཞེས་གྲུབ་རྗེས་སྤྱི་འཐུས་ལྷན་ཁང་ནས་གོ་སྒྲིག་ཞུས་ཏེ་རང་གཞུང་སྲི་ ཞུའི ་ ལས་བྱེ ད ་ཆེ ་ ཕྲ་བགྲེས་ཡོ ལ ་དང་བཅས་པར་ཉི ན ་གུང་གསོ ལ ་སྟོན་

ལེགས་འབུལ་ཞུས་ཏེ་དེ་ཉིན་མཛད་སྒོ་ལེགས་པར་གྲུབ། ཕྱི་ལོ ༡༩༨༢ ཟླ་ ༩

ཚེས་ ༢ ཆོས་སྲིད་གཉིས་ལྡན་བོད་ (དམངས) མང་གཙོའི་གཞུང་དབུ་བརྙེས་ 384


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ཏེ་མི་ལོ་ ༢༢ འཁོར་བའི་དུས་དྲན་མཛད་སྒོ་དང་སྟབས་བསྟུན་ྋགོང་ས་

ྋསྐྱབས་མགོན་ཆེན་པོའི་བཀའ་འབྲེལ་སྔ་དྲོའི་ཆུ་ཚོད་ ༧།༣༠ ཐོག་རང་

གཞུང་བཀའ་ཤག་ནས་བོད་གཞུང་རྒྱུན་ལས་ཚོགས་ཁང་ཆེན་མོ་དབུ་འབྱེད་

མཛད་སྒོ་གནང་ཞིང༌།

རྒྱུན་ལས་ཚོགས་ཁང་ཆེན་མོའི་ནང་ྋགོང་ས་

ྋསྐྱབས་མགོ ན ་དོ ན ་གྱི ་ བདག་པོ འི ་ མཛད་ཆེ ན ་ཞབས་སྟེགས་གསོ ལ ་ཅོ ག ་ རང་འགྲིགས་དང༌། བླ་བྲེ། རུམ་གྱི་བཞུགས་སབ་སོགས་དང༌། ལྷན་ཁང་སོ་

སོའི་འཛིན་ཆས་ཡོངས་རྫོགས་གསར་བསྐྲུན་ལེགས་པར་གྲུབ་ཟིན་པ་ནི་ཀུན་ གྱི་མཐོང་ཆོས་སུ་གྱུར་པས་བསུབ་ཏུ་མེད་པའི་ལག་རྗེས་མིག་དཔེར་འོས་པ་

ཞིག་བྱུང་ཡོད།

ལྷན་ཁང་འདིའི་འགྲོ་གྲོན་བྱུང་སོང་རྩིས་ཁྲ་ཁག་བོད་གཞུང་དབུས་

རྩི ས ་ཞི བ ་ཁང་དུ་རྩིས ་ཞུ་ཁམས་དྭངས་དང་འབྲེ ལ ་དག་མཆན་ཞུས་ཡོ ད་པ་

བཅས་དང༌། གོང་གསལ་འོག་ཤག་ཁང་མིག ༣ དང༌། དོ་ཁང་བཅས་རང་ གཞུང་སྲི་ཞུའི་ལས་བྱེད་པར་ལས་ཤག་ལྡེང་མིན་སྐུ་ངལ་དངོས་འཕྲད་ལ་སྨན་

སླད་བཀའ་ཤག་ཏུ་རྩིས་འབུལ་ཞུས་ཡོད་པ་དང༌། དེ་བཞིན་ས་ཕག་དང༌། བྱེ་ མ། སྦི་ས། ཤིང་ཆ་སོགས་འཛུགས་བསྐྲུན་གྱི་དངོས་པོ་ཅི་ལྷག་པ་རྣམས་ཀྱང་

བཀའ་ཤག་ཏུ་རྩི ས ་འབུལ་ཞུས་ལགས་པ་བཅས་ཀྱི ་ གསལ་བསྒྲགས་སུ།

སྐབས་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ ༡༩༨༢ ཟླ་ ༩ ཚེས་ ༢ ལ།།(1)

བོ ད ་གཞུང་མང་སྲི ་ ཞུ་ཚོ ག ས་ཆེ ན ་ཐེ ང ས་བཅུ་གསུམ་པའི ་ ཚོ ག ས་

བརྡ་ཕྱི་ལོ་ ༡༩༨༣ ཟླ་ ༣ ཚེས་ ༡༦ ལ་རྒྱུན་ལས་ཚོགས་དྲུང་ཡིག་ཚང་ 1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༢།༩།༢༤ ཤོག་གྲངས་ ༧།༨ ལ་གསལ། 385


ནས་བཏང༌།(1)

བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྐབས་བརྒྱད་པའི་བཀའ་བརྒྱུད་སྤྱི་འཐུས་ཆོས་དབྱིངས་

རྒྱལ་མཚན་ལགས་ཀྱི་ཚབ་ཚེ་དབང་རྣམ་རྒྱལ་ལགས་སུ་བསྐོ་སྩལ་ལྟར་ཕྱི་

ལོ་ ༡༩༨༣ ཟླ་ ༤ ཚེས་ ༡༤ ཉིན་དམ་བཅའ་འབུལ་བཞེས་གནང༌།(2) བོད་

གཞུང་མང་སྲི ་ ཞུ་ཚོ ག ས་ཆེ ན ་ཐེ ང ས་བཅུ་གསུམ་པའི ་ ཐོ ག ་གྲོས་གཞི ་ དོ ན ་

ཚན་ལྔ་ལ་བགྲོ་གླེ ང ་ཞི བ ་བསྡུར་གྱི ས ་གྲོས་ཆོ ད ་ནང་གསེ ས ་དང་བཅས་པ་ འཇོག་གནང་མཛད།

(3)

བོད་གཞུང་སྲི་ཞུ་ཚོགས་ཆེན་ཐེངས་བཅུ་གསུམ་

པའི ་ སྐབས་སྤྱི ་ ནོ ར ་ྋགོ ང ་ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་ཕྱི ་ ལོ ་

༡༩༨༣ ཟླ་ ༥ ཚེས་ ༢༠ ཉིན་བཀའ་སློབ་བཀའ་དྲིན་བསྩལ་པ་ལས་ (དམངས)

མང་གཙོ་དང་འབྲེལ་བའི་ཐོག་བཀའ་སློབ་བསྩལ་པ་ཟུར་བཏོན་ཞུས་པ་འདི་

ལྟར། “དེ་ནས་དོན་ཚན་གཅིག་ལ། བར་སྐབས་འཐུས་མི་རྒྱས་བསྡུས་བྱས་ པ་རེད། འཐུས་མི་རྒྱས་བསྡུས་བྱས་པའི་རྗེས་སུ་ཚོགས་འདུ་འཚོགས་པ་དང་

པོ་རེད། དེའི་སྐོར་ལ་བར་ལམ་སྐད་ཆ་མང་པོ་ལྷགས་བྱུང༌། རྡོ་དོན་ཡང་སྙིང་ འཐུས་མི་རྒྱས་བསྡུས་བྱེད་པ་དང༌།

འཐུས་མི་འདེམས་ཕྱོགས་ཀྱི་སྐོར་ལ་

ཐག་གཅོད་ངས་བྱས་པ་མ་གཏོགས། གཞན་སུ་གཅིག་གིས་དབང་ཡོད་ཤོད་

མཁན་ཡོད་པ་མ་རེད། སྤྱི་ཚོགས་ཀྱི་ནང་ཁ་ཤས་མགོ་མ་འཚོས་པ་ཡིན་འགྲོ།

ཁ་ཤས་དཀྲོག་གཏམ་ཡིན་འགྲོ། གང་ལྟར་སྐད་ཆ་མང་པོ་ཞིག་ཡོང་གི་ཡོད།

བཅོས་སྒྱུར་མང་པོ་གཏོང་བའི་ཐག་གཅོད་ངས་བྱས་པ་རེད། ཐག་གཅོད་བྱེད་

དགོས་པ་དེ་ཡང་མང་ཚོགས་ནས་བསམ་ཚུལ་ཤུགས་ཆེ་བྱུང་སྟེ་ངོ་མ་ལྕོག་

གིས་ཐག་གཅོད་བྱ་དགོས་བྱུང་བའང་མིན། དང་པོ་བཀའ་ཤག་ལྷན་ཚོགས་ཀྱི་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༣།༣།༢༥ ཤོག་གྲངས་ ༣ ལ་གསལ། 2 ཕྱི་ལོ་ ༡༩༨༣ ལོའི་ཟླ་བ་ ༤ ཚེས་ ༡༤ ཉིན་གྱི་རྒྱུན་ལས་ཚིག་ཐོའི་ནང་གསལ། 3 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༣།༦།༡༧ ཤོག་གྲངས་ ༡།༢།༦།༧ བཅས་ལ་གསལ། 386


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ཐོག་ལ་ངས་སྐུལ་སློང་བྱས་པ་ཞིག་རེད། དེ་བྱེད་དགོས་དོན་བར་སྐབས་ང་བློ་

ཕམ་དགོས་པའི་གནས་ཚུལ་མང་པོ་ཞིག་བྱུང་བའི་རྐྱེན་གྱིས་དེ་ལྟར་བྱས་པ་

ཡིན།

ད་དུང་རིམ་པས་མ་འགྲིགས་མ་འཐུས་པའི་གནས་ཚུལ་ཤོད་མཁན་

ཡོད་མདོག་ཁ་པོ་རེད། དེ་ལྟར་བྱུང་སོང་ན་ངས་གདོང་པ་བསྟན་ཏེ་ཐག་གཅོད་

ངས་བྱས་པ་ཡིན། ྋརྒྱལ་བ་རིན་པོ་ཆེའི་བཀའ་ལ་མ་ཉན་ན་གང་བྱེད་ཀྱི་ཡིན་

ནའང་བྱེད་ཅེས་བརྗོད་རྒྱུ་མ་གཏོགས་བསྡད་ཡོད་པ་མ་རེད། ཤེས་སོང་ངམ།

ད་ཚང་མས་ལྷིང་པོ་བྱས་ན་ཡག་པོ་རེད། ངས་འུར་ཤོབ་བཤད་པ་

མིན། བོད་སྤྱི་པའི་དོན་ལ་སུ་དྲིན་ཆེ་ཟེར་ན་ྋརྒྱལ་བ་རིན་པོ་ཆེ་དྲིན་ཆེ་ནས་

བསྡད་ཡོད་མ་གཏོགས། སུ་གཅིག་གིས་ལམ་འཕང་(འཕངས)བཅད་པ་མེད།

ང་རང་གི་ངོས་ནས་ཀྱང་བྱས་ཡུད་ཤོད་ཡག་མེད། སོ་སོ་ལས་དང་སྨོན་ལམ་ གྱིས་བསྐོས་པ་ཞིག་ཡིན་པ་རེད། ད་ལྟའི་བར་ཧུར་ཐག་བྱས་ཡོད་ལ། མ་

འོང ས་པར་ཡང་བོ ད ་སྤྱི འི ་ དོ ན ་ལ་ཧུར་ཐག་བྱེ ད ་བསམ་པ་ཞི ག ་ཡོ ད ་པ་མ་

གཏོགས། ཕྱོགས་ལྷུང་ཀྱོག་ཀྱོག་བྱེད་བསམ་པ་རྩ་བ་ནས་མེད། བཅོམ་ལྡན་

འདས་དཔང་པོར་བཞག་པའི་ཐོག་ནས་ང་རང་དགེ་སློང་བགྱིས་པའི་ཁུལ་ཡིན་ དུས་དེ་ལྟར་བྱ་ཤེས་ཀྱི་མ་རེད། གང་ལ་གང་འཚམས་ཀྱི་ྋརྒྱལ་བ་རིན་པོ་

ཆེར་ཆ་འཇོག་དང་ཡིད་ཆེས་བྱེད་དགོས་པ་ཞིག་ཡིན། བར་སྐབས་ཀྱི་ཐག་

གཅོད་དེ་རྣམས་ཚང་མ་ངས་བྱས་པ་ཡིན། འོན་ཀྱང་ལྐུག་པ་ཨུ་ཚུགས་བྱེད་ཀྱི་

མ་རེད། སྒྱུར་བཅོས་གང་ཡང་གཏོང་གི་རེད། མིས་སྒྲིག་འཛུགས་བཟོས་པ་དེ་ ལ་མིས་སྒྱུར་བཅོས་གཏོང་རྒྱུར་ང་རང་ལ་ཡིད་ཆེས་གཙང་མ་ཡོད་པ་ལས།

མིས་བཅོས་པའི་སྒྲིག་འཛུགས་ལ་སོ་སོ་འཇིགས་སྣང་བྱས་ཏེ་སྡོད་རྒྱུ་དེ་ལ་ང་

རང་ཡིད་མོས་མེད།

མི་ཁ་ཤུགས་ཆེན་པོ་ཁ་ཤས་ཀྱིས་དཔུང་ཤེད་ཀྱི་བྱ་

སྤྱོད་བྱེད་པ་དེ་སྣང་བར་རྩ་བ་ནས་འགྲོ་གི་མི་འདུག

དཔུང་རྒྱ་མི་བཙན་པོ་

རེད། འོན་ཀྱང་ང་ཚོས་ཐུབ་རུང་མ་ཐུབ་རུང་རྒྱུ་མཚན་གྱི་ཐོག་ནས་རྒྱ་མིར་ 387


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཁ་གཏད་གཅོག་གི་ཡོད། ང་ཚོས་ད་ལྟ་ཡ་རབས་དང་དྲང་བདེན་གྱི་སྐད་ཆ་ ཤོད་ཀྱི་ཡོད་པ་ལས། དཔུང་གཅིག་པུར་ཆ་བཞག་ཐབས་མི་འདུག

གང་ལྟར་ང་བློ་ཕམ་དགོས་པའི་རྒྱུ་མཚན་གཙོ་བོ་གཅིག་འཐུས་མིའི་

ནང་ནས་ང་ཚོ འི ་ སྤྱི ་ ཚོ ག ས་ནང་འགྲིགས་དང་མ་འགྲིགས་པའི ་ གནས་ཚུལ་

བྱུང་བའི་སྐབས་སུ་ཁ་མར་བལྟས་ཏེ་མ་བྱེད་མ་དག་བརྗོད་རྒྱུའི་ཚབ་ཏུ་ཤོག་ ཕུག་རླུང་འཚང་བྱེད་དུས་ཁྱད་མཚར་ཞིག་མཐོང་གི་འདུག

གཞུང་གི་འགྲོ་

སོང་གི་ཆ་ནས་ཀྱང་དཀའ་ངལ་ཆེན་པོ་ཡོད་པར་བརྟེན་རྩ་བའི་གྲངས་འབོར་

ཉུང་དུ་བཏང་ན་བསམ་པ་དེ ་ ཕྱོ ག ས་གཅི ག ་ནས་འགྲོ་སོ ང ་གི ་ ཕྱོ ག ས་ལ་ བསམ་བློ་བཏང༌། བཤད་ན།

ཕྱོགས་གཅིག་ནས་དངོས་ཡོད་གནས་ཚུལ་དམར་པོ་

འགངས་ཆེ་ས་གཅིག་ལ་ཐུག་དུས་ྋརྒྱལ་བ་རིན་པོ་ཆེ་གཅིག་

པུས་མགོ་དག་ཕུད་དགོས་ཀྱི་འདུག་མ་གཏོགས། བློ་རོགས་གྲོས་རོགས་བྱ་

མཁན་སུ་ཡང་མི་འདུག་གམ། བག་བྲོ་པོ་ཡོད་པའི་སྐབས་སུ་དཀྲོག་རྐྱེན་སློང་ རྒྱུ་ལ་ཁ་མང་བའི་ཚོད་ཀྱི་སྐད་ཆ་མང་པོ་བཤད་ན་ཆོ་འདུག་གམ། སྤྱིར་བཏང་

འཛམ་གླི ང ་ནང་དམག་དུས་ཛ་དྲག་གི་ སྐབས་སུ་དམག་དུས་ཀྱི ་ བཀའ་བློན་ ལྷན་ཚོགས་ཟེར་བ་དེ་འདྲ་འཛུགས་ཀྱི་ཡོད་པ་རེད། དེ་སྐབས་གཏམ་བརྗོད་ རང་དབང་ཟེར་བའི་སྐད་ཆ་མང་པོ་ཡོད་པ་མ་རེད། དེས་ཐག་གཅོད་བྱས་ཏེ་

འགྲོ་བ་ཡིན། ལུང་པ་ཡོད་མཁན་དང༌། ཛ་དྲག་གི་གནས་ཚུལ་ཐོག་དེ་འདྲ་

འཛུགས་ཀྱི་ཡོད་ན། ང་ཚོ་རང་གི་ལུང་པ་ཤོར། མིའི་ལུང་པར་གྱར་ཏེ་གནས་

སྟངས་འདི་འདྲ་ཞིག་ལ་ཐུག་པའི་སྐབས་སུ་དངོས་འབྲེལ་བྱས་ན་མི་གཅིག་

གིས་བསམ་བློ་བཏང་སྟེ་ཐག་བཅད་ནས་འགྲོ་རྒྱུ་མ་གཏོགས། གོ་བསྡུར་ཀ་

ཀོར་བྱ་དགོས་མེད་པ་ལྟ་བུ་རེད། འོན་ཀྱང་ངའི་གཤིས་ཀ་ལ་འདི་རིགས་བློ་ བདེ་པོ་ཡོང་གི་མི་འདུག

ང་རང་ཚོ་ཚང་མ་མཉམ་རུབ་ཀྱི་ཐོག་ནས་གང་

དགའ་ཅི་ལེགས་ཀྱི་གོ་བསྡུར་བྱ་རྒྱུ་བྱུང་ན་བློ་བདེ་ཞིང༌། 388

སྐྱིད་པ་ཡོང་གི་


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

འདུག

ཡང་གཅིག་བྱས་ན་འགན་མ་ཁུར་པར་ལག་ཕྱིས་པའི་བཟོ་འདྲ་ཡང་

འཐུས་མིའི་ནང་སླེབས་པ་འདི་རྣམས་ལ་སྤྱི་འཐུས་ཟེར་བས་སྤྱི་པའི་

མཐོང་སྲིད། གང་ལྟར་ད་བར་དེ་འདྲ་བྱས་ཏེ་ཕྱིན་པ་རེད། སྒྱུར་བཅོས་འགྲོ་

དགོས་པའི་གནས་ཚུལ་དེ་འདྲ་རེད།

མི་ཡིན་པའི་སྐད་ཆ་རེད། རང་ཉིད་ཆོལ་ཁ་དང་ཆོས་ལུགས་གང་ཡིན་ཀྱང༌།

སྒྲིག་འཛུགས་འདིའི་ནང་སླེབས་པའི་རྗེས་སུ་སྤྱི་སྙོམས་དྲང་འཚོ་ཟིན་པ་ཞིག་

དགོས་ཀྱི་ཡོད་ཀྱང༌། དེ་ལྟར་མ་བྱུང་བའི་སྐབས་སུ་ཡག་པོ་མི་འདུག རྒྱུ་

མཚན་དེ་འདྲར་བརྟེན་ནས་འོས་བསྡུ་བྱ་ཕྱོགས་ལའང་གཞོན་ནུའི་ཐོག་ནས་

བསམ་འཆར་བྱུང་བ་རེད། ཐོག་མར་དེ་སྔ་ནས་གཏན་འབེབས་ཡོད་བཞིན་པ་

དེ་ག་རང་ལ་བཞག་ན་བསམ་སྟེ་ལོ་མང་དེ་འདྲར་གནས་པ་རེད། འོན་ཀྱང་སྤྱི་

འཐུས་རང་ས་ནས་རང་ཚུགས་མ་ཟིན་པ་ཆགས་ཡོང་དུས་སྒྱུར་བཅོས་བཏང་ སྟེ་གནས་ཚུལ་གསར་པ་ཞིག་ཆགས་ན་ལྟད་མོ་ཆེན་པོ་ཡོང་བསམ་སྟེ་སྒྱུར་

བཅོས་བཏང་བ་རེད། མ་འོངས་པར་དངོས་སུ་ལག་ལེན་བཀལ་སྐབས་ཉམས་ མྱོང་ཞིག་ཡོང་རྒྱུ་དང༌། ཡང་དགེ་སྐྱོན་བྱུང་སྐབས་སྒྱུར་བཅོས་བཏང་ཆོག་གི་

རེད་མ་གཏོགས་དཔུང་ཤེད་བྱས་ཏེ་རྫིག་པོ་འགའ་བཅོ་བརྒྱད་བྱ་རྒྱུ་ཡོད་ཟེར་

ན་ངས་དེ་ལ་ཉན་ཐབས་མེད། དེ་དོན་ཚན་གཉིས་པ་ཡིན། དོན་ཚན་གསུམ་པ་དེ།

སྒེར་གྱི་ཚོགས་པ་དབུས་གཙང་ཚོགས་པ་ཟེར་བ་

དང༌། མདོ་སྨད་ཚོགས་པ་ཟེར་བ། མདོ་སྟོད་ཆུ་བཞི་སྒང་དྲུག་གི་ཚོགས་པ་ སོགས་ཚོགས་པ་འདྲ་མིན་ཡོད་པ་དེ་རྣམས་ཡག་པོ་རེད།

ལྷག་བསམ་གྱི་

ཐོག་ནས་བཙུགས་པ་ཡིན་པ་རེད། ལྷག་དོན་ཆུ་བཞི་སྒང་དྲུག་ལ་ཆ་མཚོན་ན། དེ་སྔ་བོད་དུ་ཛ་དྲག་ཆེ་བའི་སྐབས་སུ་མགོན་པོ་བཀྲ་ཤིས་ཁོང་ཚོས་བཙུགས་

ཏེ་བྱས་རྗེས་དངོས་འབྲེལ་བཞག་ཡོད། དེ་འདྲའི་ཚོགས་པའི་རིགས་རྣམས་ཀྱི་

གནས་ཚུལ་ཡོང་སྟངས་ལ་ལྟ་དུས་རང་སོ་སོའི་སྒྲིག་གཞིའི་ནང་བོད་སྤྱི་པའི་ 389


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དོ ན ་དུ་གཞུང་ལ་གཡས་གཞོ ག ས་གཡོ ན ་འདེ ག ས་ཀྱི ་ ཐོ ག ་ནས་ཞབས་

འདེགས་སྒྲུབ་མཁན་ཞིག་ཡིན་ཅེས་བརྗོད་ཡོད་ཀྱང༌། དངོས་ཡོད་གནས་ཚུལ་

སྤྱི་དོན་ཆེ་སའི་རིགས་ལ་ནི་ས་རྡོ་ལྟ་བུར་གོ་རྒྱུ་ཚོར་རྒྱུ་མེད་པར་བསྡད། རང་ རང་སྒེར་གྱི་གནས་ཚུལ་ཞིག་ལ་ཐུག་ན་ནི་ཆུང་ཙག་ཡིན་ཀྱང་ཤི་གསོན་གྱི་

འཐབ་འཛིངས་ལྟ་བུ་བྱས་ཏེ་རྒྱུག་པ་ཁྲོག་སླང་བྱེད་ཀྱི་འདུག་པ་དེ་ཡག་པོ་མི་ འདུག དཔེར་ན། ཁ་ས་ཁ་ཉིན་རང་ཚོ་ཚོགས་འདུའི་ནང་བོད་ལ་གཉེན་འཕྲད་

ལ་མང་པོ་འགྲོ་བ་དང༌། ཁོང་ཚོས་ཚོང་འཁོས་ཐབས་ལེན་བྱེད་ཀྱི་འདུག་ཅེས་

བསམ་འཆར་མང་པོ་ཞིག་ཡོང་གི་ཡོད་པ་རེད། དེ་ཚོ་ནི་དྷ་རམ་ས་ལའི་བོད་ སྤྱི་པའི་སྒྲིག་འཛུགས་འདི་གཅིག་པུའི་ལས་འགན་མ་རེད།

བོད་མི་སྤྱི་བོ་

གནམ་བསྟན་ཚང་མའི་ལས་འགན་རེད། དེ་འདྲའི་རིགས་ལ་ཚོགས་པ་སྒྲིག་ འཛུགས་སོ་སོའི་ཁོངས་ནས་ཆེ་གཞོགས་ཆུང་འདེགས་ཀྱི་གང་བྱེད་ཐུབ་པ་ དེ་འབད་བརྩོན་བསྐྱེད་དེ་བྱེད་དགོས་པ་ཡིན་ཀྱང༌།

སྡེ་པ་གཞུང་གི་བྱུས་

གཏོགས་སྡེ་སྲིད་མགོ་ལེབ་པས་བྱེད་ཀྱི་རེད་ཟེར་བ་ལྟ་བུར་དོ་ཁུར་གང་ཡང་

བྱེད་མཁན་མེད་པ་རེད། དེ་འདྲ་མ་ཡིན་པར་དབུས་གཙང་ཁོངས་ཀྱི་མི་ཡིན་ ན་དབུས་གཙང་ཚོགས་པས་དགེ་བཤད་སྡིག་བཀྲོལ་བྱས། མདོ་སྨད་ཁོངས་

ཀྱི་མི་ཡིན་ན་མདོ་སྨད་ཚོགས་པས་དགེ་སྐྱོན་བཤད། ཡང་ཁམས་རིགས་ཀྱི་

ཐོག་ལ་ཆུ་བཞི་སྒང་དྲུག་གི་སྒྲིག་འཛུགས་ཐོག་ནས་འཁྱོག་པོ་ཡོ་བསྲང་བྱས་ པ་ཡིན་ན་སྤྱི་དོན་ཕྱར་བ་གྲུ་འདེགས་དེ་ལ་ཟེར་བ་ཡིན། དེ་ཡག་པོ་མ་རེད་ དམ།

དེ་སྔ་ཆུ་བཞི་སྒང་དྲུག་བོད་དུ་ཐོག་མར་ཚུགས་ཏེ་དཀའ་ལས་རྒྱག་

པའི་སྐབས་སུ་མིང་ལ་ཆུ་བཞི་སྒང་དྲུག་ཅེས་བཏགས་ཀྱང་མ་བཏགས་ཀྱང་ དོན་དུ་ཆོལ་ཁ་གསུམ་གྱི་མི་མང་པོ་ཞིག་འདྲེས་ནས་བསྡད་ཡོད་པ་རེད། ཆུ་ བཞི་སྒང་དྲུག་དང༌།

ཨ་མདོ་བས་དབུས་གཙང་རྒྱུད་ལ་རྒྱ་མིར་ཁ་གཏད་ 390


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

གཅོ ག ་པའི ་ སྐབས་སུ་དབུས་གཙང་ཁུལ་གྱི ་ མི ་ མང་ཁྱོན་ཆེ ་ ཞི ག ་མཉམ་དུ་

འདྲེས། གདན་སའི་ནང་ནས་མི་མང་པོ་ཡོད་པ་དང༌། གཞུང་གི་དམག་མི་ཡང་

མང་པོ་ཡོད་པ་བཅས་གང་ལྟར་མིང་སུས་འཁྱེར་ཀྱང་སྤྱི་པའི་དོན་ལ་ཆོལ་ཁ་ གསུམ་གྱི་མི་རིགས་དབྱེ་བ་མེད་པར་ལས་ཀ་བྱས་ཡོད་པ་རེད།

ད་ཆ་ཐོག་མར་བོད་སྤྱིའི་ཐོག་ལ་ཞལ་འདེབས་ལྟ་བུ་བཞག་པའི་བྱས་

རྗེས་དེ་ལོ་རིམ་སོང་གིས་དེའི་གཟི་བརྗིད་བརླག་གཞི་ལྟ་བུ་ཆགས་ཚེ། རྣམ་

དཔྱོད་དང་ཤ་ཚ་ཡོད་མཁན་ཞིག་ཡིན་ན་སོ་སོ་འགྱོད་པ་སྐྱེས་གཞི་ཞིག་རེད།

རྒྱ་མི འི ་ མེ ་ མདའི ་ འོག ་ཏུ་འདས་གྲོངས་སོ ང ་བའི ་ མི ་ རྣམས་ནས་བྱས་རྗེ ས ་

བཞག་པ་དེ་རྐང་རྗེས་ལག་བསུབ་ཆུད་ཟོས་སུ་མི་འགྲོ་བ་ཞིག་བྱ་དགོས། ངས་

རྣམ་ཀུན་ངོ་ཤེས་ཚོར་བརྗོད་ཀྱི་ཡོད། ཞེན་དང་ཤ་ཚ་ཟེར་བ་སུ་ལའང་ཡོང་བ་ ཡིན། ཞེན་ཤ་ཚ་ཡོད་ན་དེ་བྱ་ཡུལ་གྱི་མཚན་མཐོང་ལ་རྒྱར་སྨན་པའི་གཏམ་ དོ་གཉིས་ཡོད་གཅིག་བྱ་དགོས་པ་ལས། ཞེན་ཕོ་རུས་ཡིན་ཟེར་ནས་དོན་དུ་ མིའི་སྤྱི་ཚོགས་ནང་མིང་ཤས་ཡོང་རྒྱུ་གཅིག་དང༌། ཕོ་རོག་དཀར་པོ་ཆགས་

ན་ཡག་པོ་གང་ཡང་མ་རེད། དེ་ནི་གླེན་པའི་ཞེན་ཁོག་མ་གཏོགས་རྣམ་དཔྱོད་ ལྡན་པའི་ཞེན་ཁོག་མ་རེད་ཅེས་བརྗོད་ཀྱི་ཡོད། དཔེར་ན། ཆོས་ལུགས་ནང་དུ་

ཆ་མཚོན་ན་ཡང༌། དགེ་ལུགས་ལྟ་བུ་ཡིན་ན་ཤ་ཞེན་ཡིན་ཁུལ་གྱིས་དོན་དུ་

དགེ་ལུགས་པར་མཚན་དམས་སུ་འགྲོ་བ་དེ་འདྲ་ཡོང་གི་འདུག དེ་བཞིན་ས་

རྙིང་བཀའ་བརྒྱུད་བོན་དང་བཅས་པ་སུ་ཡིན་ཀྱང༌། དོན་ལ་མི་མང་པོའི་སྣང་

བར་མི་འགྲོ་བར་རང་ཉིད་ཕོ་རོག་དཀར་པོ་ཆགས་འགྲོ་བ་དེ་ནི་ལྐུག་པའི་ཤ་ ཞེན་བྱེད་སྟངས་རེད། དེ་ལ་སྙིང་པོ་ཅི་ཡང་མེད། དེས་ན་སྒེར་སོ་སོའི་ཚོགས་ པ་ཡོད་རིགས་རྣམས་སྤུས་དག་པོ་ཡོང་བ་བྱེད་དགོས།

དེ་བཞིན་དུ་གཞུང་གི་སྒྲིག་འཛུགས་ཡིན་ནའང་ད་ལྟ་གོང་དུ་བརྗོད་

པ་བཞིན། སྒྲིག་འཛུགས་ཡག་པོ་ཡོང་མིན་ལས་བྱེད་པ་རང་རང་སོ་སོར་རག་ 391


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལུས་པ་ལྟར། ཚོགས་པ་དེ་རྣམས་ཀྱང་ཡག་པོ་ཡོང་མིན་ཚོགས་པའི་འགན་

ཁུར་བྱེད་མཁན་གྱི་མི་ལ་རག་ལས་པ་རེད། ཆོལ་ཁ་གསུམ་སོ་སོའི་ཚོགས་

པ་རྣམས་ཀྱི ་ ཆོ ལ ་ཁ་དེ འི ་ མི ང ་འཁུར་གྱི ་ ཡོ ད ་སྟབས་གནད་ཆེ ན ་པོ ་ ཆགས་

ཡོད། རང་རེ་བཙན་བྱོལ་བའི་ནང་ཙམ་མིན་པར། བོད་ནང་དུ་ཡང་མིང་དེ་འདྲ་ ཞིག་ཡོད་སྟབས་གནད་འགག་ཆེན་པོ་རེད།

དེས་ན་མིང་དེ་བེད་སྤྱོད་བྱེད་

མཁན་གྱི ་ སྒྲི ག ་འཛུགས་དེ འི ་ ནང་ཡོ ད ་པའི ་ མི ་ དེ ་ ཚོ ་ སྤུས་དག་པོ ་ དགོ ས ་རྒྱུ་

གལ་ཆེན་པོ་འདུག ཆོལ་ཁ་སོ་སོའི་ནང་གི་མི་མང་ཚང་མས་ཁུར་བླངས་ཏེ་

སྤུས་དག་ཡག་པོ་ཡོང་ཐབས་སུ་དོ་སྣང་ངེས་པར་བྱ་དགོས། ད་ལྟ་བརྗོད་པའི་

ཚོགས་པ་དེ་རྣམས་ཐོག་མར་དམིགས་ཡུལ་བཟང་པོ་ཞིག་འཁུར་ཏེ་བཙུགས་

པ་ཡི ན ་པས་མཐའ་དོ ན ་ཡང་ཐོ ག ་མའི ་ དམི ག ས་ཡུལ་ཇི ་ བཞི ན ་སྤྱི འི ་ དོ ན ་

གནད་ཆེ ་ སའི ་ ཐོ ག ་ཏུ་གཡས་གཞོ ག ས་གཡོ ན ་འདེ གས་ཕྱར་བ་གྲུ་འདེ གས་ ཐུབ་པ་ཞིག་དང༌། བྱས་རྗེས་འཇོག་ཐུབ་པ་ཞིག་དགོས་ཀྱི་རེད། དེ་བྱུང་ན་ ཡག་པོ་རེད། སྒེར་སོ་སོའི་ཚོགས་པ་རྣམས་དེ་ལུགས་ཀྱི་ཚགས་ཚུད་སྤུས་

དག་ཡར་རྒྱས་ཤིག་བྱུང་ན་སྙམ་པ་ངའི་རེ་འདུན་ཡིན།

ཡང་བར་ལམ་དེ ར ་རང་རེ འི ་ ནང་ཕྱོ ག ས་ཞེ ན ་བྱེ ད ་ཡག་སྐབས་རེ ་

སྡུག་ཏུ་ཕྱིན་པ་ལྟ་བུ་འདུག དོན་དག་མེད་པ་ཞིག་ལ། ཁམས་རིགས་ཤིག་

གིས་བལྟས་ན། དབུས་གཙང་གི་མི་ཞིག་ཡིན་ཕྱིན་དབུས་གཙང་གི་ཞེན་ཁོག་

ཡོད་པས་ཁྱབ་པ་ལྟ་བུ་དང༌། དབུས་གཙང་གི་མི་ཞིག་གིས་བལྟས་ན་ཁམས་

པ་ཞིག་ཡིན་ཕྱིན་ཁམས་པའི་ཞེན་ཁོག་ཡོད་པས་ཁྱབ་པ་ལྟ་བུའི་བསམ་ཚུལ་

འཛིན་པ་དེ་ནི་རྩ་བ་ཉིད་ནས་ནོར་འཁྲུལ་རེད། དེ་འདྲའི་བསམ་བློ་གཏོང་མི་

རུང༌། ཞེན་ཁོག་བྱེད་མཁན་གྱི་མི་སྡུག་པ་དེ་འདྲ་ཡོང་སྲིད་ཀྱང༌། མི་ཚང་ མས་ཁུངས་སོ་སོའི་ཞེན་ཁོག་བྱེད་ཤག་ཤག་དེ་འདྲ་བྱེད་རྒྱུ་མི་འདུག དངོས་ གནས་རྒྱུ་མཚན་ར་འཕྲོ ད ་འཕེ ར ་བའི ་ ཕྱོ ག ས་ལྷུངས་རྨོངས་ཞེ ན ་ཡོ ད ་ན་ 392


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

གནས་ཚུལ་ཁག་ཁག་རེད། དེ་མིན་ཆོས་ལུགས་དང༌། སྐྱེས་ས་རུས་ཁུངས་

ཙམ་རྒྱུ་མཚན་དུ་བྱས་ཏེ ་ སོ ་ སོ ས ་དོ ག ས་པ་རྣམ་རྟོག་བྱས་ན་དགོ ས ་པ་ཅི ་

ཡང་མེད། གཞི་རྩ་རང་རེ་བོད་རིགས་ནང་དུ་ཆ་མཚོན་ན་བོད་རིགས་ཡོངས་

རྫོགས་གཅིག་གྱུར་གྱི་འདུ་ཤེས་ཤུགས་ཆེ་རུ་ཕྱིན། སྤྱི་དགྲ་དེ་རྒྱ་མིར་ངོས་

འཛིན་བྱས་ཏེ་སྡོད་པ་དེ་ཁ་ནས་མཁས་པོ་དང༌། སྙན་པོ་བརྗོད་ཤེས་མིན་ལ་ མ་ལྟོས་པར་དོན་སྙིང་པོར་ཆོལ་ཁ་གསུམ་གྱི་མི་མང་ཡོངས་ཀྱི་བསམ་ཚུལ་

ནང་དུ་སླེབས་ཡོད་པ་རེད། དེ་ནི་དཔེ་མི་སྲིད་པའི་རྩ་བ་ཆེན་པོ་བར་སྐབས་

བོད་ཀྱི་རྒྱལ་རབས་ནང་བྱུང་མ་མྱོང་བ་ལྟ་བུ་ཆ་རྐྱེན་ཆེན་པོ་ཞིག་ཆགས་ཡོང་

གི་ཡོད་པ་རེད། རང་རེ་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱང༌། སྤྱིར་

བཏང་གི་ཆ་ནས་ཡག་པོ་རེད། འོན་ཀྱང་སྐབས་འགར་དོན་མེད་ཀྱི་རྙོག་གྲ་དེ་

འདྲ་ཡོང་གི་ཡོད་པ་ཡིན་དུས། ང་རང་ཚོས་དོ་སྣང་གིས་གཟབ་གཟབ་བྱས་ན་ ཡག་པོ་རེད།

ལྷག་དོ ན ་ལས་བྱེ ད ་ནང་སླེ བ ས་ཕྱི ན ་ཆད་ཆོ ལ ་ཁ་དབྱེ ་ བ་མེ ད ་པ་ ངེས་པར་དུ་བྱེད་དགོས། མིའི་གྲངས་འབོར་བག་ལེབ་གྲིས་བཅད་དེ་བགོ་ བཤའ་རྒྱབ་པ་ནང་བཞིན་དངོས་ཡོད་གནས་ཚུལ་ལ་བསྟུན་དགོས་པའི་དབང་ གིས་ཡོང་གི་ཡོད་པ་མ་རེད། བར་སྐབས་ཨ་མདོས་ལས་བྱེད་ནང་ཨ་མདོ་ ཉུང་དྲག་ཚུལ་བརྗོད་པར། སྔོན་ལ་ཚད་ལོངས་པའི་ཨ་མདོ་འཁྲིད་ཤོག་བརྗོད་ དུས་འཁྲིད་ཡོང་རྒྱུ་མི་འདུག དེ་བཞིན་རེད། གྲངས་ཀ་གྲིས་བཅད་པ་ལྟར་ ཡོད་མིན་ཇི་ལྟར་ཡང༌། གཞི་རྩའི་ཆ་ནས་བསམ་པ་རྣམ་དག་བརྒྱ་ཆ་བརྒྱ་ ཐམ་པ་ཆོལ་ཁ་དབྱེ་བ་མེད་ཅིང༌། ཆོས་ལུགས་དབྱེ་བ་མེད་པ། མདོར་ན་ཆོས་ མེད་མཁན་གྱི་མི་གཅིག་ཡིན་ནའང་སྤྱི་དོན་ལ་སེམས་ཤུགས་དང༌། ལས་ཀ་ བྱེད་མཁན་ཞིག་ཡིན་ན། ཆོས་བྱེད་དང་མ་བྱེད་སོ་སོའི་འདོད་མོས་དང་ཐོབ་ ཐང་རེད། དོན་དུ་སྤྱི་དོན་ལ་ལྷག་བསམ་བྱེད་འདོད་ཡོད་པ། བྱེད་པའི་ནུས་པ་ ཡོད་མཁན་ཞིག་ཡིན་ན་གཅིག་གྱུར་ལས་ང་ཚོས་དབྱེ་བ་ནམ་ཡང་ཕྱེས་ཀྱི་ 393


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

མེད། དེས་ན་རང་རེའི་ལས་བྱེད་ནང་ཞུགས་པ་རྣམས་ནས་ཆོལ་ཁའི་འཐེན་ འཁྱེར་དང༌། དོན་མེད་གཅིག་གིས་གཅིག་ལ་དོགས་པ་རྣམ་རྟོག་བྱེད་རྒྱུ་མི་ འདུག ཚང་མས་གཟབ་གཟབ་བྱས་ན་ཡག་པོ་རེད། གཞན་ཞུ་རྒྱུ་མེད།” ཞེས་ སྩལ།(1)

སྐབས་དགུ་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ དབུས་སྤྱི ་ ཁྱབ་འདེ མ ས་

ལྷན་གྱི་ཚོགས་མི་ལས་བདག་རྒན་དྲུང་འཇམ་དཔལ་ཆོས་བཟང་དང༌། ནང་ སྲིད་རྒན་དྲུང་བྱམས་པ་ཆོས་འབྱོར། ཚོགས་དྲུང་ཡིག་ཚང་གི་གཞོན་དྲུང་

སྟོབས་རྒྱལ་བཅས་ཕྱི་ལོ་ ༡༩༨༤ ཟླ་ ༡ ཚེས་ ༦ ཉིན་ཆེས་མཐོའི་རྒྱུན་ལས་

སུ་ལས་འཁུར་དམ་བཅའ་འབུལ་བཞེས་དང༌། ཚོགས་མི་བདེ་སྲུང་དྲུང་གཞོན་ བློ་བཟང་སྦྱིན་པ་ཐོབ་སེང་དུ་བསྐྱོད་སྟབས་ཕྱིར་འཁོར་མཚམས་དམ་བཅའ་ འབུལ་བཞེས་གནང་རྒྱུ་གནང༌།(2)

ཕྱི་ལོ་ ༡༩༨༤ ཟླ་བ་གཉིས་པའི་ནང་སྐབས་དགུ་པའི་བོད་མི་མང་

སྤྱི ་ འཐུས་ཀྱི ་ འོ ས ་བསྡུའི ་ དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ཤི ག ་

དགོས་པ་དང༌།

དེར་གཙོ་འཛིན་གཅིག་དགོས་པ་རྩིས་ཞིབ་འགན་འཛིན་

འཇིགས་མེད་ལྷུན་གྲུབ་མཆོག་དང༌། བཟང་སྦྱིན་པ།

ཚོགས་མིར་བདེ་སྲུང་དྲུང་གཞོན་བློ་

ལས་བྱེད་བདག་གཉེར་རྒན་དྲུང་འཇམ་དཔལ་ཆོས་བཟང༌།

ནང་སྲིད་རྒན་དྲུང་བྱམས་པ་ཆོས་འབྱོར།

ཚོགས་དྲུང་ལས་བྱ་གཞོན་དྲུང་

སྟོབས་རྒྱལ་བཅས་ལ་བསྐོ་གཞག་གནང་བའི ་ གསལ་བསྒྲགས་བཀའ་ཤག་

1 ཕྱི་དྲིལ་ལས་ཁུངས་ནས་དཔར་བསྐྲུན་གནང་བ་ྋགོང་ས་མཆོག་ནས་སྤྱི་འཐུས་དང༌། བཀའ་ཤག་གིས་ མཚོན་གཞུང་ཞབས་ལས་བྱེད་པར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་པོད་དང་པོའི་ཤོག་གྲངས་ ༣༣༠ བར་གྱི་ནང་གསལ།

2 ཕྱི་ལོ་ ༡༩༨༤ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༣ པའི་རྒྱབ་ཏུ་གསལ། 394

༣༢༡་་་


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ནས་གནང༌།(1)

ཕྱི་ལོ་ ༡༩༨༤ ཟླ་ ༣ ཚེས་ ༡༢ ཉིན་ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་

མཚོ ་ བོ ད ་མི ་ མང་སྤྱི་ འཐུས་སུ་དམིག ས་བསལ་ཐད་བསྐོ་གནང་བར་དེ ་ ཉི ན ་

ལས་འཁུར་དམ་བཅའ་འབུལ་བཞེས་གནང༌།

དེ་བཞིན་སྐབས་དགུ་པའི་

དབུས་འདེ མ ས་ལྷན་ཚོ ག ས་མི ་ བདེ ་ སྲུང་དྲུང་གཞོ ན ་ལས་འཕར་ཡང་ལས་ འཁུར་དམ་བཅའ་འབུལ་བཞེས་གནང༌།

ཕྱི་ལོ་ ༡༩༨༤ ཟླ་ ༣ ཚེས་ ༢༩ ཉིན་སྐབས་དགུ་པའི་འདེམས་བསྐོ་

ལྷན་ཚོགས་ནས་སྙན་ཞུ་འབྱོར་བ་ལྟར་འོས་བསྡུའི་སྒྲིག་གཞིར་བསྐྱར་བཅོས་

བྱ་རྒྱུའི་གྲོས་ཆོད་ནི།

༡༽ སྒྲིག་གཞི་དོན་ཚན་ ༢ ནང་གསེས་ཀ་པའི་ནང༌། སྤྱི་འཐུས་ཕོ་མོ་ཁྱད་

མེད་བཞི་རེ་ཞེས་པར། ༼གཉིས་རེ༽དང༌། ག་པ་ནང་གསལ། རྩོམ་རིག་དང༌།

ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་ཞེས་པར། ༼རྩོམ་རིག་དང༌། ཚན་

རིག་གང་རུང་ལ་མཁས་པའམ་ཡང་ན་དགོས་གལ་དམིགས་བསལ་ཅན་གང་

རུང་གཅིག་བཅས།༽ ཞེས་པ། ཡང་སྤྱི་འཐུས་ཀྱི་རྩ་འབོར་ ༡༨ ལ་ངེས་པ་ ཡིན་ཞེས་པར་༼༡༢༽ལ་ངེས་པ་ཡིན་ཅེས་བཅས་ལ་བསྒྱུར་བཅོས་གནང་རྒྱུ།

༢༽ སྒྲིག་གཞི་དོན་ཚན་ ༡༠ པའི་ནང་གསེས་ ༣ པ་ནང་གསལ། འོས་བསྡུ་

བའི་མིང་གཞུང་རྣམས་ཆོལ་ཁ་དང༌། ཆོས་ལུགས་སོ་སོ་སྡེ་ཚན་མ་འདྲེས་ པར་བཟོ་འགོད་བྱ་དགོས་པ་ཡིན་ཞེས་པར།

༼འོས་བསྡུ་བའི་མིང་གཞུང་

རྣམས་ཆོལ་ཁའི་ཐད་སྡེ་ཚན་དབྱེར་མེད་དང༌། ཆོས་ལུགས་སོ་སོ་སྡེ་ཚན་མ་ འདྲེས་པར་བཟོ་འགོད་བྱ་དགོས་པ་ཡིན།༽ཅེས་བསྒྱུར་བཅོས་གནང་རྒྱུ།

ནང་གསེས་ ༧ ནང་གསལ། གལ་སྲིད་ཚོགས་ཆུང་ཞིག་གི་ཚོགས་མི་གང་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༤།༢།༡༠ ཤོག་གྲངས་ ༢ ལ་གསལ།

395


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཞིག་ལ་དོན་ཚན་ ༡༧ པ་ནང་གསལ་སྤྱི་འཐུས་ཀྱི་འོས་གཞིར་འདེམས་སྒྲུག་

བྱས་རི ག ས་བྱུང་ཚེ ་ ཚོ ག ས་ཆུང་ཁོ ང ས་ནས་རང་བཞི ན ་ཕྱི ར ་འཐེ ན ་དགོ ས ་ ཐོག ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༩(༣)ནང་གསལ་ལྟར་བསྐོ་ གཞག་དགོས་པ་ཡིན་ཞེས་པའི་ཚབ་ཏུ།

༼གལ་སྲིད་ཚོགས་ཆུང་ཞིག་གི་

ཚོ ག ས་མི ་ གང་ཞི ག ་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་དངོ ས ་

གཞིའི་འོས་གཞི་གསལ་བསྒྲགས་ཟིན་ཁོངས་ཡོད་ཚེ་གསལ་བསྒྲགས་ཡིག་

ཆ་ཚོ ག ས་ཆུང་ལ་འབྱོ ར ་ཚེ ས ་ནས་བཟུང་(བཟུངས)ཉི ན ་བདུན་ཕྲག་གཅི ག ་

གི་ནང་འཚུད་དོ་བདག་ཚོགས་ཆུང་གི་ཚོགས་མི་ནས་རང་བཞིན་ཕྱིར་འཐེན་

དགོས་ཐོག ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༩(༣) ནང་གསལ་

ལྟར་བསྐོ་གཞག་དགོས་པ་ཡིན། གལ་སྲིད་དོ་བདག་ནས་སྒྲིག་དོན་ཉམས་

ལེན་མ་ཞུས་ཚེ་ཉེས་ཆད་དུ་ས་གནས་དེ་ནས་འོས་བསྡུ་དངོས་གཞིའི་སྐབས་ འོས་གཞི་དོ་བདག་དེར་འོས་གྲངས་ཇི་ཡོད་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ ཚོགས་ནས་རྩིས་མེད་གཏོང་རྒྱུ་༽ཞེས་གསར་དུ་སྣོན་རྒྱུ།༽

༣༽ སྒྲིག་གཞི་དོན་ཚན་ ༡༧ པའི་ནང་གསེས་ ༡༼སྔོན་འགྲོའི་འོས་

དམིགས་འདེམས་སྐབས་དང༌། འོས་བསྡུ་དངོས་གཞི་གཉིས་ཀའི་སྐབས་འོས་ བསྡུ་བ་རང་ཉི ད ་ཆོ ལ ་ཁ་གང་གི ་ ཁོ ང ས་སུ་ཡོ ད ་ནའང་ཆོ ལ ་ཁ་གསུམ་ཀའི ་

ཐོག་འོས་འཕེན་བྱས་ཆོག་པ་ཡིན།༽ ཞེས་པའི་དོན་ཚན་གསར་དུ་སྣོན་རྒྱུ་

དང༌། ད་ལྟའི་སྒྲིག་གཞི་ནང་གསེས་དོན་ཚན་ ༡ དེ་བཞིན་གཉིས་པ་དང༌། གཉིས་པ་གསུམ་པ་བཟོ་རྒྱུ།

༤༽ སྒྲིག་གཞི་དོན་ཚན་ ༡༧ པའི་ནང་གསེས་དོན་ཚན་དང་པོའི་ཀ་པའི་

ནང༌། ས་ཁུལ་འོས་བསྡུ་བའི་མིང་གཞུང་ཁག་གཞིར་བཟུང་(བཟུངས)ཆོལ་ཁ་ དང༌། ཆོས་ལུགས་སྡེ་ཚན་མ་འདྲེས་པར་མི་གྲངས་ ༢༥ མན་གྱི་ཚོགས་ཆུང་ གི་སྒྲིག་འཛུགས་ཆ་བགོས་ཀྱིས་ཚོགས་ཆུང་འགན་འཛིན་རེ་སྐབས་འཕྲལ་ 396


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

བསྐོ་གཞག་བྱེད་རྒྱུ་ཞེས་པར། ༼དོན་ཚན་ ༡༠ ནང་གསེས་ ༣ ནང་གསལ་

ལྟར་ས་ཁུལ་འོ ས ་བསྡུ་བའི ་ མི ང ་གཞུང་ཁག་གཞི ར ་བཟུང་(བཟུངས)མི ་

གྲངས་ ༢༥ མན་གྱི་ཚོགས་ཆུང་གི་སྒྲིག་འཛུགས་ཆ་བགོས་ཀྱིས་ཚོགས་ཆུང་ འགན་འཛིན་རེ་སྐབས་འཕྲལ་བསྐོ་གཞག་བྱེད་རྒྱུ།༽

ཞེས་བསྒྱུར་བཅོས་

དང༌། ནང་གསེས་ག་པའི་ནང་གསལ། སྤྱི་འཐུས་ཕོ་མོ་ཁྱད་མེད་བཞི་རེ་ཞེས་

པར། ༼གཉིས་རེ།༽ ཞེས་བསྒྱུར་བཅོས། ཆོས་ཕྱོགས་ཀྱི་ཚོགས་སྡེ་ཁག་ ནས་རང་རང་ཆོ ལ ་ཁའི ་ ཐོ བ ་ཆའི ་ གྲངས་ཚད་ཞེ ས ་པའི ་ རང་རང་ཞེ ས ་པའི ་

བརྗོད་ཚིག་མ་དགོས་པ་བཅས་གནང་རྒྱུ།

ནང་གསེས་ང་པ་ནང་གསལ།

དཔེར་ན་ཆོལ་ཁ་སོ་སོར་འོས་དམིགས་ངོ་གྲངས་བཞི་རེ་ཞེས་པར། གཉིས་རེ་

ཞེས་དང༌། ཡང་ཆོལ་ཁའི་འོས་ཁོངས་འོས་དམིགས་བཞི་པར་ཞེས་པའི་ཚབ་ ཏུ་གཉིས་པར་ཞེས་བསྒྱུར་བཅོས་གནང་རྒྱུ།

༥༽ སྒྲིག་གཞི་དོན་ཚན་ ༢༣ པའི་ནང་གསེས་ ༣ པ་ནང་འོས་བསྡུ་བྱ་ཡུལ་

སྡེ་ཚན་རེར་ཆོལ་ཁ་དང༌། ཆོས་ལུགས་མ་འདྲེས་པར་ཞེས་པར། ༼ཆོལ་ཁའི་

ཐད་སྡེ་ཚན་དབྱེར་མེད་དང༌། ཆོས་ལུགས་སོ་སོ་མ་འདྲེས་པར།༽ ཞེས་

བསྒྱུར་བཅོས་གནང་རྒྱུ།

༦༽ སྒྲིག་གཞི་དོན་ཚན་ ༢༥ པའི་ནང་གསེས་ ༣ པ་ནང་གསལ། ས་ཁུལ་

དེར་ཆོལ་ཁ་དང༌། ཆོས་ལུགས་ཁུངས་སོ་སོར་འོས་བསྡུ་བ་ཇི་ཡོད་ཀྱི་གྲངས་

ཐོ་ཞེས་པར།

༼ས་ཁུལ་དེར་ཆོལ་ཁ་དབྱེར་མེད་འོས་བསྡུ་བ་ཇི་ཡོད་དང༌།

ཆོས་ལུགས་ཁུངས་སོ་སོར་འོས་བསྡུ་བ་ཇི་ཡོད་བཅས་ཀྱི་གྲངས་ཐོ་༽ཞེས་ བསྒྱུར་བཅོས་གནང་རྒྱུ།

སྙན་ཞུའི་དོན་ཚན་གསུམ་པ་ནང་གསལ་ལྟར། ཕྱི་ལོ་ ༡༩༨༡ ཟླ་ ༧

ཚེས་ ༡༨ ཉིན་རྒྱུན་ལས་ནས་གཏན་འབེབས་གནང་བའི་དོན་ཚན་གཅིག་ལ། “ལས་བྱེད་བགྲེས་ཡོལ་གང་ཞིག་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ཁོངས་ 397


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཞུག་ཚེ ་ སྤྱི ་ འཐུས་སུ་འདེ མ ས་ཐོ ན ་ཡོ ང ་མི ན ་ལ་མ་ལྟོས་པར་འོས ་ཁོ ང ས་

འཛུལ་ཞུགས་བྱས་པའི ་ ཉི ན ་མོ ་ ནས་བཟུངས་རྒས་ཡོ ལ ་གྱི ་ ཐོ བ ་ཐང་བྲལ་

ཞིང༌། རྒས་ཡོལ་བ་གང་ཞིག་སྤྱི་འཐུས་སུ་འདེམས་ཐོན་བསྐོ་སྩལ་བྱུང་མིན་ ཇི་ལྟར་ཡང༌། སླར་རྒས་ཡོལ་གྱི་ཐོབ་ཐང་བསྐྱར་དུ་ཞུ་རྩོད་མི་ཆོག་” ཅེས་ གསལ་སྐོར། བགྲེས་ཡོལ་ཁོངས་མཁྱེན་འབྱོན་གཉིས་ལྡན་རྒྱལ་གཅེས་ལྷག་

བསམ་ཅན་འོས་ཁོངས་ཞུགས་བློ་ཡོད་རིགས་ལ་གནོད་འགལ་ཡོང་གཞིར་

བརྟེན། བགྲེས་ཡོལ་གང་ཞིག་སྤྱི་འཐུས་ཀྱི་འོས་ཁོངས་འཛུལ་ཞུགས་བྱས་པ་ ཙམ་གྱིས་བགྲེས་ཡོལ་གྱི་ཐོབ་ཐང་རྣམས་གཅོག་མ་དགོས་པ་དང༌།

སྤྱི་

འཐུས་སུ་འདེམས་ཐོན་བསྐོ་བསྩལ་བྱུང་ཚེ་ལས་རྒྱུན་རིང་རྒས་ཡོལ་གྱི་ཐོབ་ ཐང་རྣམས་གཅོག་འཐེན་གྱིས། སླར་སྤྱི་འཐུས་ཀྱི་ལས་འཁུར་འཁྱུར་མཚམས་

རྒས་ཡོ ལ ་གྱི ་ ཐོ བ ་ཐང་རྣམས་སྔར་བཞི ན ་ཞུ་སྩལ་ཆོ ག ་པར་བསྒྱུར་བཅོ ས ་ གནང་རྒྱུ།

འདི ་ སྐོར་སྒྲི ག ་གཞི འི ་ ཟུར་རྒྱན་དུ་འགོ ད ་མ་དགོ ས ་པར་འདེ མ ས་

ལྷན་ནས་ཟུར་དུ་གསལ་བསྒྲགས་དགོས་པའི་ཡིག་ཆུང་བསྩལ་རྒྱུ།

ཡང་ཕྱི་ལོ་ ༨༡ ཟླ་ ༧ ཚེས་ ༧ ཉིན་དེ་སྔའི་འདེམས་བསྐོའི་སྒྲིག་

གཞི ར ་བསྒྱུར་བཅོ ས ་ཀྱི ས ་གསར་དུ་གཏན་འབེ བ ས་གནང་བའི ་ འདེ མ ས་

བསྐོའི་སྒྲིག་གཞི་དོན་ཚན་ ༢༡ ནང་གསེས་ ༢ པ་ནང༌། ཆོས་ལུགས་སོ་སོའི་ འོས་གཞིའི་ཁོངས་སུ་སེར་སྐྱ་ཁྱད་མེད་ཞུགས་འཐུས་དང༌།

འོས་བསྡུ་བ་

རྣམས་དགོན་ཁག་དང༌། དེ་མིན་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཅི་རུང་ཞིག་ནང་

ཡོ ད ་པའི ་ གྲྭ་རི ག ས་སྔགས་བཙུན་ངེ ས ་པར་ཡི ན ་དགོ ས ་ཞེ ས ་གསལ་ཡང༌། འདི་སྐོར་མང་ཚོགས་ནང་བསམ་ཚུལ་སྣ་ཚོགས་ཡོད་ལུགས་སྤྱི་འཐུས་ནས་

དགོངས་འཆར་གནང་དོན་ལྟར་བཀའ་བསྡུར་དང་འབྲེལ་མང་མོས་ཐག་གཅོད་

དུ། ཕྱི་ལོ་ ༡༩༧༤ ཟླ་ ༡༡ ཚེས་ ༢༡ ཉིན་གཏན་འབེབས་གནང་བའི་སྒྲིག་ 398


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

གཞི་དོན་ཚན་ ༢༡ པའི་ནང་གསེས་ ༢ པ་ནང༌། ཆོས་ལུགས་སོ་སོ་ནས་འོས་ གཞི་འམ།

ཡང་ན་འོས་བསྡུ་བ་གྲྭ་རིགས་སྔགས་བཙུན་རྣམས་དགོན་ཁག་

དང༌། དེ་མིན་ཆོས་ཕྱོགས་ཚོགས་སྡེ་ཅི་རུང་ཞིག་ངེས་པར་ཡིན་དགོས་ཞེས་ གསལ་བ་ལྟར་ལ་སླར་ཡང་སྔར་མུས་སོར་གནས་གནང་རྒྱུ།

གོ ང ་སྐོར་འདེ མ ས་བསྐོའི ་ སྒྲི ག ་གཞི འི ་ ཟུར་རྒྱན་དུ་འགོ ད ་དགོ ས ་

ཡིག་ཆུང་བསྩལ་རྒྱུ།

གོང་གསལ་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་ཕྱོགས་

བསྡོམས་ཞུས་པའི་དོན་ཚན་རྣམས་དང༌། ད་ལམ་རྒྱུན་ལས་ནས་གསར་དུ་

སྣོན་འཕྲི ་ གནང་བའི ་ དོན་ཚན་རྣམས་ཕྱོ ག ས་བསྡོ མ ས་ཞུས་ཏེ ་ ྋགོང་

སྋསྐྱབས་མགོན་ཆེན་པོར་ྋསྙན་འབུལ་བཀའ་འཁྲོལ་མཚམས་སྒྲིག་གཞིའི་

ཟུར་རྒྱན་ཞི ག ་དབུས་སྤྱི ་ ཁྱབ་འདེ མ ས་ལྷན་ནས་དཔར་འགྲེམས་གནང་རྒྱུ་

དང༌། འདེམས་ལྷན་འདིའི་ལས་རྒྱུན་རིང་གི་ཉམས་མྱོང་ལ་གཞིགས་པའི་སྒྲིག་

གཞིའི་དོན་ཚན་ཁག་ལ་གསར་དུ་བསྒྱུར་བཅོས་སྣོན་འཕྲི་དགོས་པའི་དབུས་

སྤྱི་ཁྱབ་འདེམས་ལྷན་ནས་ལེགས་ཆའི་བསམ་འཆར་རྒྱུན་ལས་ཚོགས་འདུར་

ཕུལ་མཚམས་རྒྱུན་ལས་ནས་བཀའ་བསྡུར་གཏན་འབེབས་དང་འབྲེལ་ྋསྙན་

སེང་བཀའ་འཁྲོལ་མཚམས་སྒྲིག་གཞི་གསར་དུ་དཔར་འགྲེམས་གནང་དགོས་

བཅས་ཀྱི་སྐོར་དབུས་སྤྱི་ཁྱབ་འདེམས་ལྷན་དུ་ཡིག་ཆུང་གནང་རྒྱུ།

གོང་གསལ་དེ་དག་ཆོག་མཆན་ཐོན་པ་ལྟར་ཕྱི་ལོ་ ༡༩༨༤ ཟླ་ ༤

ཚེས་ ༥ གཏན་འབེབས་ངོ་མ་གནང༌།(1)

སྐབས་དགུ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྤྱི་ཁྱབ་འདེམས་བསྐོ་

1 ཕྱི་ལོ་ ༡༩༨༤ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༢༨ ནས་ ༣༡ རྒྱབ་བར་གྱི་ནང་ གསལ།

399


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལྷན་ཚོ ག ས་ནས་ཆེ ས ་མཐོ འི ་ རྒྱུན་ལས་ཀྱི ས ་འོས ་བསྡུའི ་ སྒྲི ག ་གཞི ་ ཕྱི ་ ལོ ་

༡༩༨༤ ཟླ་ ༤ ཚེས་ ༥ ལ་བསྒྱུར་བཅོས་བཏང་བ་ཁག་གསལ་བསྒྲགས་

གནང་བ་འདི་ལྟར། “ ཕྱི་ལོ་ ༡༩༨༡ ཟླ་ ༧ ཚེས་ ༧ ཉིན་བོད་མི་མང་སྤྱི་

འཐུས་འདེམས་བསྐོའི་སྒྲིག་གཞི་དེབ་ཆུང་གསར་དུ་དཔར་འགྲེམས་གནང་བ་

ནས་བཟུང༌། ཕྱི་ལོ་ ༡༩༨༤ ཟླ་ ༣ ཚེས་ ༢༩ བར་སྒྲིག་གཞིའི་འབྲུ་དོན་ལ་

ཆེ ས ་མཐོ འི ་ རྒྱུན་ལས་ཚོ ག ས་འདུ་ནས་སྣོན་འཕྲི ་ བསྒྱུར་བཅོ ས ་གནང་བའི ་

གྲོས་ཆོད་ཁག་གི་འབྲུ་དོན་རྣམས་ཕྱོགས་བསྒྲིགས་ཀྱིས་ྋསྙན་སེང་བཀའ་

འཁྲོལ་གཟིགས་མཆན་འབྱར་མའི་དགོངས་དོན་སྒྲིག་གཞིའི་ཟུར་རྒྱན་གཤམ་

གསལ།

སྒྲིག་གཞིའི་དོན་ཚན་གཉིས་པའི་ནང་གསེས་ཀ་པའི་ནང༌།

སྤྱི་

འཐུས་ཕོ་མོ་ཁྱད་མེད་བཞི་རེ་ཞེས་གསལ་བར། གཉིས་རེ་དང༌། དམིགས་ བསལ་རྩོམ་རིག་དང༌།

ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་ཅེས་

གསལ་བར། རྩོམ་རིག་དང༌། ཚན་རིག་ལ་མཁས་པའམ། ཡང་ན་དགོས་གལ་

དམིགས་བསལ་ཅན་གང་རུང་གཅིག་བཅས་ཞེས། ཡང་སྤྱི་འཐུས་ཀྱི་གྲངས་

འབོར་ ༡༨ ལ་ངེས་པ་ཡིན་ཞེས་གསལ་བར་ ༡༢ ལ་ངེས་པ་ཡིན་ཞེས་བསྒྱུར་ བཅོས་དགོས་རྒྱུ།

སྒྲིག་གཞི་དོན་ཚན་བཅུ་པའི་ནང་གསེས་ ༣ པའི་ནང་གསལ། འོས་

བསྡུ་བའི་མིང་གཞུང་རྣམས་ཆོལ་ཁ་དང༌།

ཆོས་ལུགས་སྡེ་ཚན་སོ་སོ་མ་

འདྲེས་པར་བཟོ་འགོད་བྱ་དགོས་པ་ཡིན་གསལ་བར།

འོས་བསྡུ་བའི་མིང་

གཞུང་རྣམས་ཆོལ་ཁའི་ཐད་སྡེ་ཚན་དབྱེར་མེད་དང༌། ཆོས་ལུགས་སོ་སོ་སྡེ་

ཚན་མ་འདྲེས་པར་བཟོ ་ འགོ ད ་བྱ་དགོ ས ་པ་ཡི ན ་ཞེ ས ་བསྒྱུར་བཅོ ས ་དགོ ས ་ རྒྱུ། ནང་གསེས་ ༧ པ་ནང༌། གལ་སྲིད་ཚོགས་ཆུང་ཞིག་གི་ཚོགས་མི་གང་ ཞིག་ལ་དོན་ཚན་ ༡༧ པ་ནང་གསལ་སྤྱི་འཐུས་ཀྱི་འོས་གཞིར་འདེམས་སྒྲུག་ 400


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

བྱས་རི ག ས་བྱུང་ཚེ ་ ཚོ ག ས་ཆུང་ཁོ ང ས་ནས་རང་བཞི ན ་ཕྱི ར ་འཐེ ན ་དགོ ས ་ ཐོག ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༩ (༣) ནང་གསལ་ལྟར་

བསྐོ་གཞག་དགོས་པ་ཡིན་ཞེས་པའི་ཚབ་ཏུ། གལ་སྲིད་ཚོགས་ཆུང་ཞིག་གི་ ཚོ ག ས་མི ་ གང་ཞི ག ་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོ ག ས་ནས་དངོ ས ་

གཞིའི་འོས་གཞི་གསལ་བསྒྲགས་ཟིན་ཁོངས་ཡོད་ཚེ་གསལ་བསྒྲགས་ཡིག་

ཆ་ཚོ ག ས་ཆུང་ལ་འབྱོ ར ་ཚེ ས ་ནས་བཟུང་ཉི ན ་བདུན་ཕྲག་གཅི ག ་གི ་ ནང་

འཚུད་དོ་བདག་ཚོགས་ཆུང་གི་ཚོགས་མི་ནས་རང་བཞིན་ཕྱིར་འཐེན་དགོས་

ཐོག་ཚབ་གསར་སྐབས་འཕྲལ་སོ་སོར་དོན་ཚན་ ༩ (༣) ནང་གསལ་ལྟར་

བསྐོ་གཞག་དགོས་པ་ཡིན། གལ་སྲིད་དོ་བདག་ནས་སྒྲིག་དོན་ཉམས་ལེན་མ་

ཞུས་ཚེ ་ ཉེ ས ་ཆད་དུ་ས་གནས་དེ ་ ནས་འོ ས ་བསྡུ་དངོ ས ་གཞི འི ་ སྐབས་འོ ས ་

གཞི ་ དོ ་ བདག་དེ ར ་འོས ་གྲངས་ཇི ་ ཡོ ད ་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ ཚོགས་ནས་རྩིས་མེད་གཏོང་རྒྱུ་ཞེས་བསྒྱུར་བཅོས་དགོས་རྒྱུ།

སྒྲིག་གཞི་དོན་ཚན་ ༡༧ པ། ནང་གསེས་ ༡ (སྔོན་འགྲོའི་འོས་དམིགས་

འདེམས་སྐབས་དང༌། འོས་བསྡུ་དངོས་གཞི་གཉིས་ཀའི་སྐབས་འོས་བསྡུ་བ་རང་ཉིད་ཆོལ་

ཁ་གང་གི་ཁོངས་སུ་ཡོད་ནའང་ཆོལ་ཁ་གསུམ་ཀའི་ཐོག་འོས་འཕེན་བྱས་ཆོག་པ་ཡིན།)

ཞེས་པའི་དོན་ཚན་གསར་དུ་སྣོན་རྒྱུ་དང༌། ད་ལྟའི་སྒྲིག་གཞི་ནང་གསེས་དོན་ ཚན་ ༡ དེ་བཞིན་གཉིས་པ་དང༌། ༢ གསུམ་པ་བཟོ་རྒྱུ།

སྒྲིག་གཞི་དོན་ཚན་ ༡༧ པ། ནང་གསེས་དང་པོའི་ ཀ་པའི་ནང༌། ས་ཁུལ་འོས་

བསྡུ་བའི་མིང་གཞུང་ཁག་གཞིར་བཟུངས་ཆོལ་ཁ་དང༌། ཆོས་ལུགས་སྡེ་ཚན་ མ་འདྲེས་པར་མི་གྲངས་ ༢༥ མན་གྱི་ཚོགས་ཆུང་གི་སྒྲིག་འཛུགས་ཆ་བགོས་

ཀྱིས་ཚོགས་ཆུང་འགན་འཛིན་རེ་སྐབས་འཕྲལ་བསྐོ་གཞག་བྱེད་རྒྱུ་ཞེས་པར།

དོན་ཚན་ ༡༠ པའི་ནང་གསེས་ (༣) ནང་གསལ་ལྟར། ས་ཁུལ་འོས་བསྡུ་བའི་

མིང་གཞུང་ཁག་གཞིར་བཟུངས་མི་གྲངས་ ༢༥ མན་གྱི་ཚོགས་ཆུང་གི་སྒྲིག་ 401


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འཛུགས་ཆ་བགོ ས ་ཀྱི ས ་ཚོ ག ས་ཆུང་འགན་འཛི ན ་རེ ་ སྐབས་འཕྲལ་བསྐོ་

གཞག་བྱེད་རྒྱུ་ཞེས་བསྒྱུར་བཅོས་དགོས་རྒྱུ་དང༌། ནང་གསེས་(ག་) པའི་ནང་ གསལ། བཅོས།

སྤྱི་འཐུས་ཕོ་མོ་ཁྱད་མེད་བཞི་རེ་ཞེས་པར་གཉིས་རེ་ཞེས་བསྒྱུར་

ཆོས་ཕྱོགས་ཀྱི་ཚོགས་སྡེ་ཁག་ནས་རང་རང་ཆོལ་ཁའི་ཐོབ་ཆའི་

གྲངས་ཚད་ཞེས་པའི་རང་རང་ཞེས་པའི་བརྗོད་ཚིག་མ་དགོས་པ་བཟོ་རྒྱུ།

ནང་གསེས་ང་ནང་གསལ། དཔེར་ན་ཆོལ་ཁ་སོ་སོར་འོས་དམིགས་

ངོ་གྲངས་བཞི་རེ་ཞེས་པར།

གཉིས་རེ་ཞེས་དང༌།

ཡང་ཆོལ་ཁའི་འོས་

དམི ག ས་བཞི ་ བར་ཞེ ས ་པའི ་ ཚབ་ཏུ་གཉི ས ་བར་ཞེ ས ་བསྒྱུར་བཅོ ས ་དགོ ས ་ རྒྱུ༑

སྒྲིག་གཞི་དོན་ཚན་ ༢༡ པ། ནང་གསེས་ (༢) པ་ནང༌། ཆོས་ལུགས་

སོ་སོའི་འོས་གཞིའི་ཁོངས་སུ་སེར་སྐྱ་ཁྱད་མེད་ཞུགས་འཐུས་དང༌། བསྡུ་བ་རྣམས་དགོན་ཁག་དང༌།

འོས་

དེ་མིན་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཅི་རུང་

ཞིག་ནང་ཡོད་པའི་གྲྭ་རིགས་སྔགས་བཙུན་ངེས་པར་ཡིན་དགོས་ཞེས་གསལ་ བར། (ཆོས་ལུགས་སོ་སོ་ནས་འོས་གཞིའམ། ཡང་ན་འོས་བསྡུ་བ་གྲྭ་རིགས་སྔགས་

བཙུན་རྣམས་དགོན་ཁག་དང༌། དེ་མིན་ཆོས་ཕྱོགས་ཀྱི་ཚོགས་སྡེ་ཅི་རུང་ཞིག་ངེས་པར་ ཡིན་དགོས།) ཞེས་བསྒྱུར་བཅོས་དགོས་རྒྱུ།

སྒྲིག་གཞི་དོན་ཚན་ ༢༥ པ་ ནང་གསེས་ ༣ པ་ནང་གསལ། ས་ཁུལ་

དེར་ཆོལ་ཁ་དང༌། ཆོས་ལུགས་སོ་སོར་འོས་བསྡུ་བ་ཇི་ཡོད་གྲངས་ཐོ་ཞེས་

པར། ས་ཁུལ་དེར་ཆོལ་ཁ་དབྱེར་མེད་འོས་བསྡུ་བ་ཇི་ཡོད་དང་ཆོས་ལུགས་

སོ ་ སོ ར ་འོ ས ་བསྡུ་བ་ཇི ་ ཡོ ད ་ཀྱི ་ གྲངས་ཐོ ་ ཞེ ས ་བསྒྱུར་བཅོ ས ་དགོ ས ་རྒྱུ་ བཅས། བོད་གཞུང་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས། ཕྱི་ལོ་ ༡༩༨༤ ཕྱི་ཟླ་ ༤ ཚེས་ ༥ ལ།” ཞེས་གསལ་འདུག

(1)

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༤།༦།༡༥ ཤོག་གྲངས་ ༤།༥ ལ་གསལ།

402


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

སྐབས་དགུ་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ སྤྱི ་ ཁྱབ་འདེ མ ས་བསྐོ་

ལྷན་ཚོགས་ནས་འོས་བསྡུ་དང་འབྲེལ་བའི་ལམ་སྟོན་བཀོད་རྒྱ་བཏང་བ་འདི་

ལྟར། “ ས་ཁུལ་འདེམས་བསྐོ་ཚོགས་ཆུང་གི་འགན་འཛིན་དང༌། ཚོགས་མི། ཁྱབ་ཁོངས་སེར་སྐྱ་ལྷན་རྒྱས་མཆོག་ལ། ཆེད་ཞུ། བྱེས་འབྱོར་བོད་མི་འདུས་ སྡོ ད ་ས་ཁག་མང་ཆེ ར ་བོ ད ་མི ་ མང་སྤྱི ་ འཐུས་སྐབས་དགུ་པའི ་ ས་ཁུལ་

འདེམས་བསྐོ་ཚོགས་ཆུང་དངོས་སུ་ཚུགས་བཞིན་པ་བཞིན་མང་ཚོགས་ངོས་

ནས་སྤྱི ་ འཐུས་འོས ་འདེ མ ས་དང་འབྲེ ལ ་བའི ་ སྒྲི ག ་དོ ན ་ཞུ་སྒོ ་ བློ་ངེ ས ་ཡོ ད ་

ཤག་ཀྱང༌། ས་ཁུལ་འདེམས་བསྐོ་ཚོགས་ཆུང་སོ་སོར་འདེམས་བསྐོའི་སྒྲིག་ གཞི་མ་དེབ་ཡོད་མུས་ཐོག བར་ལམ་ཆེས་མཐོའི་རྒྱུན་ལས་ཚོགས་འདུ་ནས་

སྒྲི ག ་གཞི འི ་ དོ ན ་ཚན་རེ ་ ཟུང་ལ་བསྒྱུར་བཅོ ས ་སྣོན་འཕྲི ་ དང་བཅས་གཏན་

འབེབས་ཀྱིས་ྋསྙན་སེང་བཀའ་འཁྲོལ་གཟིགས་མཆན་འབྱར་མའི་དགོངས་

དོན་སྒྲིག་གཞིའི་ཟུར་རྒྱན་དང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་

མཆོག་ནས་ཕྱི་ལོ་ ༡༩༨༣ ལོའི་སྲི་ཞུའི་ཚོགས་ཆེན་ཐེངས་ ༡༣ པའི་ཚོགས་ མི་མཇལ་བཅར་བ་ཚོར་སྤྱི་འཐུས་རྒྱས་བསྡུས་དང༌།

འོས་འདེམས་བྱེད་

ཕྱོགས་སྐོར་ལ་དམིགས་བསལ་བཀའ་སློབ་བསྩལ་པ་ཟུར་འདོན་ཞུས་ཏེ་འདི་

མཉམ་ཡོད་པ་བཅས་བཀའ་སློབ་རིན་པོ་ཆེ་དང༌། རྩ་འཛིན་ཡིག་ཆའི་འབྲུ་དོན་

རྣམས་ཁྱབ་ཁོངས་སེར་སྐྱ་མང་ཚོགས་ནས་མ་གོ་མ་ཐོས་མེད་པར་གསལ་ རྟོགས་རྒྱུད་འཇགས་ཐུབ་པའི་ཐབས་ཚུལ་ལྷུར་ལེན་ཅིས་ཀྱང་དགོས་རྒྱུ།

མཁྱེན་ཆུབ་བཞིན་བོད་མི་མང་སྤྱི་འཐུས་རྣམས་ནི་རྩ་ཁྲིམས་རིན་པོ་

ཆེ་དང༌། ཆེས་མཐོའི་རྒྱུན་ལས་ཚོགས་འདུའི་སྒྲིག་གཞི་བཅས་གྱི་དགོངས་ དོན་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་དང༌། ཚོགས་ཆེན་གྱི་རྒྱུན་

ལས་གཅིག་འཐུས་སུ་ཆེས་མཐོའི་ཚོགས་འདུའི་འགན་དབང་ལྡན་པའི་རྒྱུན་ ལས་ཚོགས་འདུའི་ཚོགས་གཙོ་བགྲེས་གཞོན་དང༌། 403

ཚོགས་མི་བཅས་ཀྱི་


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

འགན་འཁུར་རྐང་བཞེས་མཛད་དགོས་ཡོད་ཅིང༌། རྣམ་ཀུན་བོད་མི་མང་སྤྱི་ འཐུས་ལྷན་ཁང་ཟུར་ཚུགས་ཐོག་རྒྱུན་ལས་ཚོགས་འདུ་དང༌། སྤྱི་འཐུས་ལྷན་ ཚོགས་བཅས་ཀྱི་སྐབས་སུ་གཞུང་གི་ཆབ་སྲིད་དང༌།

མང་ཚོགས་ཀྱི་བདེ་

དོ ན ་དང་འབྲེ ལ ་བའི ་ གལ་ཆེ འི ་ དོ ན ་གནད་རི ག ས་བཀའ་བསྡུར་ཐག་གཅོ ད ་

གནང་རྒྱུ། གཞུང་གི་ལས་ཁུངས་མ་ལག་རྣམས་ལ་དགེ་འདོན་སྐྱོན་སེལ་དང༌།

ཆབ་འབངས་སེར་སྐྱ་རྣམས་ཀྱི་འགོ་འཁྲིད་ལམ་སྟོན་དང་འབྲེལ་རང་གཞུང་གི་ དབུ་འཁྲི ད ་འོག ་ཤར་བསྐྱོད་འབྱུང་ཐབས་སློ བ ་གསོ ་ གནང་རྒྱུས་མཚོ ན ་རྒྱ་

ཆེའི་ཞུ་སྒོ་ཇི་སྙེད་ཅིག་ཡོད་པ་མ་ཟད།

རང་གཞུང་གི་ཆབ་སྲིད་ཐོག་མང་

ཚོ ག ས་ཀྱི ་ ཐད་ཀའི ་ སྐུ་ཚབ་ལྟ་བུ་ཕན་གནོ ད ་གང་བྱེ ད ་ཀྱི ་ ནུས་ལྡན་གལ་ འགངས་ཆེ་བ་ཞིག་ཡིན། དེས་ན་སྤྱི་འཐུས་འོས་འདེམས་སྐབས་མང་ཚོགས་

ནས་དོ ་ འཁུར་ཆེ ་ བསྐྱེད་ཀྱི ས ་ཁེ ་ ཉེ ན ་གདམ་ག་མ་ནོ ར ་བ་དགོ ས ་པ་ཤི ན ་ཏུ་ གལ་ཆེ་ཞིག་རེད། དེ་འདྲ་ཡིན་སྟབས་འོས་བསྡུ་བ་རང་ཉིད་གནས་ཡུལ་ས་

གནས་དེའམ། བྱེས་འཁོད་བོད་མིའི་གནས་ཡུལ་གང་ཞིག་ཏུ་བོད་མི་མང་སྤྱི་

འཐུས་འདེ མ ས་བསྐོའི ་ སྒྲི ག ་གཞི འི ་ དགོ ང ས་དོ ན ་སྤྱི ་ འཐུས་སུ་འོ ས ་པའི ་

གནས་ཚད་ལྡན་ཞིང༌། ལྷག་པར་བོད་རྒྱལ་ཁབ་རང་དབང་སླར་གསོ་དང༌། གཞིས་བྱེས་བོད་མིའི་འཕྲལ་ཕུགས་བདེ་དོན་ཐོག་ལྷག་བློ་འགྱུར་མེད་དུ་ཡོད་

ལ་སྤྱི་བསམ་དྲང་ཚུགས་ལྡན་ཞིང༌། སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་

པོ་མཆོག་གི་དགོངས་གཞི་གཙིགས་སུ་བཟུང་སྟེ་བོད་རིགས་སྤྱིའི་ཁེ་ཕན་ཆེ་ སའི་ཐོག་རྣམ་དཔྱོད་འདོན་ཐུབ་པའི་ལྷག་བློ་གཉིས་ལྡན་མི་སྣ་དྲག་གྲས་ཕོ་མོ་

དབྱེ ར ་མེ ད ་གང་ན་སུ་མཆི ས ་རང་རང་གི ་ བསམ་བློའི ་ ནང་སྔོ ན ་ཚུད་ནས་

བརྟག་དཔྱད་གོ་སྒྲིག་ཟབ་ནན་བྱས་ཏེ། རིང་མིན་འོས་དམིགས་འདེམས་སྒྲུག་

དང་དེ ་ རྗེ ས ་འོས ་བསྡུ་དངོ ས ་གཞི འི ་ སྐབས་སོ ་ སོ ར ་དགའ་ཉེ ་ ལྟོས་ཕྱོ ག ས་ སོགས་སྒེར་དོན་ཕྱོགས་ལྷུངས་དང༌། གཞན་ཟེར་རྗེས་འབྲངས། གཞན་དབང་ 404


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

གཡམས་རྒྱུགས་སུ་མ་སོང་བར་རང་ཚུགས་བརྟན་པོར་བཟུངས་ཏེ་ (དམངས)མང་གཙོའི་ཁེ་དབང་ཆེ་ཤོས་རང་ཉིད་ལ་ཡོད་སྟབས་དེ་དག་ཆུད་

ཟོས་སུ་མ་སོང་བར་ངེས་པར་ལོངས་སུ་སྤྱོད་ཐུབ་པ་དགོས་རྒྱུ།

ཕྱི་ལོ་ ༡༩༨༡ ཟླ་ ༧ ཚེས་ ༢༨ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུས་གཏན་འབེབས་གནང་བའི་དོན་ཚན་གཅིག་ལ། ལས་བྱེད་བགྲེས་ཡོལ་

གང་ཞིག་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ཁོངས་འཛུལ་ཞུགས་བྱས་པའི་

ཉིན་མོ་ནས་བཟུང་རྒས་ཡོལ་གྱི་ཐོབ་ཐང་བྲལ་ཞིང༌། རྒས་ཡོལ་པ་གང་ཞིག་

སྤྱི་འཐུས་སུ་འདེམས་ཐོན་བསྐོ་སྩལ་བྱུང་མིན་ཇི་ལྟར་ཡང༌། སླར་ཡང་རྒས་ ཡོལ་གྱི་ཐོབ་ཐང་བསྐྱར་དུ་ཞུ་རྩོད་མི་ཆོག ཅེས་གསལ་ཡང༌། ད་ལམ་ ༨༤

ཕྱི་ཟླ་ ༤ ཚེས་ ༥ ཉིན་གཏན་འབེབས་གནང་བའི་ཆེས་མཐོའི་རྒྱུན་ལས་ཀྱི་ གྲོས་ཆོད་དགོངས་དོན།

བགྲེས་ཡོལ་གང་ཞིག་སྤྱི་འཐུས་ཀྱི་འོས་ཁོངས་

འཛུལ་ཞུགས་བྱས་པ་ཙམ་གྱིས་བགྲེས་ཡོལ་གྱི་ཐོབ་ཐང་རྣམས་གཅོག་འཐེན་

མ་དགོས་པར། སྤྱི་འཐུས་སུ་འདེམས་ཐོན་བསྐོ་སྩལ་བྱུང་ཚེ་ལས་རྒྱུན་རིང་ རྒས་ཡོལ་གྱི་ཐོབ་ཐང་རྣམས་གཅོག་འཐེན་གྱིས།

སླར་སྤྱི་འཐུས་ཀྱི་ལས་

འཁུར་འཁྱུར་མཚམས་རྒས་ཡོལ་གྱི་ཐོབ་ཐང་རྣམས་སྔར་བཞིན་ཞུ་སྩལ་ཆོག་ རྒྱུར་ཐུགས་གཏན་འཁེལ་བ་ལྟར་དེ་དོན་རྩ་འཛིན་དགོས་རྒྱུ།

འོས་བསྡུའི་ལས་དོན་དང་འབྲེལ་བའི་ཞུ་སྒོ་ཁག་འདི་ནས་དུས་ཚེས་

རྒྱས་བཅད་གཏན་འབེ བ ས་ཐོག་ངེ ས ་པར་ཟི ན ་པ་དགོས་རྒྱུ་ལས་དུས་ འགྱངས་གྱུར་ཚེ ་ སྤྱི ་ ཡོ ང ས་ཞུ་སྒོ ་ སྒྲི ག ་དོ ན ་སྔོ ན ་འཆར་ལ་མི ་ གནས་པའི ་

འགལ་རྐྱེན་ཡོང་གཞི་དང༌། སླར་ས་གནས་དེ་དག་གི་འོས་ཤོག་བསྡུ་ལེན་མ་ ཐུབ་པའམ།

དུས་ཐོག་འབྱོར་མིན་གྱིས་རྩིས་མེད་འགྲོ་དགོས་སོགས་ཡོང་

སྲིད་པས། ས་ཁུལ་འདེམས་བསྐོ་ཚོགས་ཆུང་དང་མང་ཚོགས་གཉིས་ཕྱོགས་

ནས་ (དམངས) མང་གཙོའི་ཁེ་དབང་ཆུད་ཟོས་སུ་མི་འགྲོ་བའི་འཁུར་བརྩོན་ 405


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཆེ་བསྐྱེད་ཀྱིས་ལས་དོན་ཆེ་ཕྲ་མཐའ་དག་དུས་སྐབས་སོ་སོར་འཕྲལ་འཕྲལ་ ངེས་སྒྲུབ་ཐུབ་པ་གནང་དགོས་བཅས་དེ་དོན་དགོངས་འཇགས་ཞུ།

དྷ་ས་

བཞུགས་སྒར་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས། ༡༩༨༤ ཕྱི་ཟླ་ ༥ ཚེས་ ༢༤ ལ།།” ཞེས་གསལ།(1)

སྐབས་དགུ་པའི ་ བོ ད ་མི ་ མང་སྤྱི ་ འཐུས་ཀྱི ་ དབུས་སྤྱི ་ ཁྱབ་འདེ མ ས་

བསྐོ་ལྷན་ཚོ ག ས་ནས་འདེ མ ས་བསྐོའི ་ ལས་དོ ན ་དང་འབྲེ ལ ་བའི ་ དུས་ཚེ ས ་ གཏན་འབེ བ ས་ཟི ན ་ཁག་ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་སོ ་ སོ ར ་བཏང་

བའི་བཀོད་རྒྱ་འདི་ལྟར། ༡༽

ས་ཁུལ་འདེམས་བསྐོ་ཚོགས་ཆུང་སོ་སོ་ནས་སྒྲིག་གཞིའི་དགོངས་

དོ ན ་ལྟར་འོས ་བསྡུ་བྱ་ཡུལ་སོ ག ས་ནང་གསེ ས ་སྡེ ་ ཚན་ཆ་བགོ ས ་ དགོ ས ་རི ག ས་རྣམས་བྱེ ད ་ཕྱོ ག ས་གོ ་ བསྡུར་གྱི ས ་གཏན་འབེ བ ས་ ཟིན་དགོས་པའི་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༦ ཚེས་ ༢༠།

༢༽ འོས་བསྡུ་བའི་ མིང་གཞུང་དེབ ་བཀོ ད་བྱེ ད་འགོ་ ཚུགས་ཚེས ་ཕྱི་ ལོ་ ༨༤ ཟླ་ ༦ ཚེས་ ༢༡།

༣༽ འོས ་བསྡུ་བའི ་ མི ང ་གཞུང་དེ བ ་བཀོ ད ་བྱེ ད ་སྒོ ་ མཇུག་བསྒྲི ལ ་ཟི ན ་ དགོས་པའི་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༦ ཚེས་ ༢༨།

༤༽ འོས་བསྡུ་བའི་མིང་གཞུང་ལ་སྐྱོན་བརྗོད་སྣོན་འཕྲི་དང༌། ཞུས་དག་ ༥༽

སོགས་ཟིན་ཏེ་མཐའ་བསྡོམས་གཏན་འབེབས་ཟིན་དགོས་པའི་དུས་

ཚེས་ཕྱི་ལོ་ ༨༤ ཟླ་ ༧ ཚེས་ ༩།

མིང་གཞུང་བསྡོམས་ཐོ་ས་གནས་ཁག་ནས་གཏོང་ཚེས་མཐའ་མ་ཕྱི་ ལོ་ ༨༤ ཟླ་ ༧ ཚེས་ ༡༣།

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༤།༦།༡༥ ཤོག་གྲངས་ ༡༠།༡༡ ལ་གསལ། 406


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

༦༽ མི ང ་གཞུང་བསྡོ མ ས་ཐོ ་ ཁག་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ ༧༽ ༨༽ ༩༽

ཚོགས་སུ་འབྱོར་དགོས་པའི་དུས་ཚེས་མཐའ་མ་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༣།

འོས་གཞིར་དང་བླངས་འཛུལ་ཞུགས་བྱེད་མིའི་འགེངས་ཤོག་དང༌།

སྙན་ཞུ་བཅས་ས་ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་ལ་འབུལ་རྒྱུའི ་

འགོ་འཛུགས་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༡༣།

འོས་གཞིར་དང་བླངས་འཛུལ་ཞུགས་བྱེད་མིའི་འགེངས་ཤོག་དང༌།

སྙན་ཞུ་བཅས་ས་ཁུལ་འདེམས་བསྐོ་ཚོགས་ཆུང་སོ་སོར་ཕུལ་ཟིན་ པ་དགོས་རྒྱུའི་དུས་ཚེས་མཐའ་མ་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༠།

དང་བླངས་འཛུལ་ཞུགས་བྱེ ད ་མི འི ་ འོས ་གཞི ར ་ས་ཁུལ་འདེ མ ས་

བསྐོ་ཚོགས་ཆུང་སོ་སོ་ནས་རྩ་འཛིན་བརྟག་ཞིབ་བརྩད་གཅོད་དང༌། ཐག་གཅོད་བྱ་རྒྱུའི་འགོ་འཛུགས་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༡།

༡༠༽ དང་བླངས་འཛུལ་ཞུགས་བྱེད་མིའི་འོས་གཞིར་ས་ཁུལ་འདེམས་བསྐོ་

ཚོགས་ཆུང་སོ་སོ་ནས་རྩ་འཛིན་བརྟག་ཞིབ་བརྩད་གཅོད་དང་ཐག་ གཅོད་བྱེད་རྒྱུའི་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༨།

༡༡༽ འོ ས ་གཞི ར ་དང་བླངས་འཛུལ་ཞུགས་བྱས་རྗེ ས ་རང་མོ ས ་ཕྱི ར ་ འཐེན་བྱ་རྒྱུའི་དུས་ཚེས་མཐའ་མ་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༩།

༡༢༽ ཁྱབ་ཁོ ང ས་འོས ་བསྡུ་བ་རྣམས་ཚོ ག ས་ཆུང་ཆ་བགོ ས ་ཀྱི ས ་འོས ་

དམིགས་འདེམས་སྒྲུག་བྱ་རྒྱུའི་ཚོགས་བཀོང་བརྡ་ཁྱབ་གཏོང་ཚེས་ ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༡།

༡༣༽ ཁྱབ་ཁོ ང ས་འོས ་བསྡུ་བ་རྣམས་ཚོ ག ས་ཆུང་ཆ་བགོ ས ་ཀྱི ས ་འོས ་ 407


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དམིགས་འདེམས་སྒྲུག་བྱ་རྒྱུའི་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༨ ཚེས་ ༢༩།

༡༤༽ དང་བླངས་འོས་གཞི་དང༌། འོས་དམིགས་འདེམས་སྒྲུག་བྱས་པའི་ འགེངས་ཤོག་ཐོ་གཞུང་ཡིག་ཆ་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ སོ ་ སོ ་ ནས་དབུས་སྤྱི ་ ཁྱབ་འདེ མ ས་བསྐོ་ལྷན་ཚོགས་ལ་གཏོ ང ་ དགོས་པའི་དུས་ཚེས་ཕྱི་ལོ་ ༨༤ ཟླ་ ༩ ཚེས་ ༣།

༡༥༽ གོ ང ་གསལ་འགེ ང ས་ཤོ ག ་ཐོ ་ གཞུང་ཡི ག ་ཆ་ཁག་དབུས་སྤྱི ་ ཁྱབ་

འདེམས་བསྐོ་ལྷན་ཚོགས་སུ་འབྱོར་དགོས་པའི་དུས་ཚེས་མཐའ་མ་

ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༢༦། བཅས་ལ་གཏན་འབེབས་ཟིན་

པས་དེ་དོན་རྩ་འཛིན་དགོས་རྒྱུ།

དྷ་ས་དབུས་སྤྱི་ཁྱབ་འདེམས་

བསྐོ་ལྷན་ཚོགས་ནས་ཕྱི་ལོ་ ༡༩༨༤ ཟླ་ ༥ ཚེས་ ༢༤ ལ།། ཞེས་ གསལ།(1)

སྐབས་དགུ་པའི་སྤྱི་འཐུས་འོས་བསྡུའི་སྐབས་མདོ་སྟོད་མི་མང་ཁག་

དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ནས་སྙན་སེང་གནང་དོན་

ཅིག་ནས་རྙོག་གླེང་ཞུས་པར་ཕྱི་ལོ་ ༡༩༨༤ ཟླ་ ༧ ཚེས་ ༢༣།༢༤ ཉིན་ཆེས་ མཐོའི་རྒྱུན་ལས་སུ་བགྲོ་གླེང་གིས་གྲོས་ཆོད་བཞག་པ་འདི་ལྟར།

བཞིན། མའི་སོར་སྦེལ་ཀོབ་གཞིས་ཆགས་ས་གནས་འདེམས་བསྐོ་ཚོགས་

ཆུང་ནས་དབུས་འདེམས་ལྷན་ལ་སྙན་ཞུ་དང་སྦྲགས་ས་གནས་ཆུ་སྒང་རྒྱུན་ ལས་ནས་འདེམས་བསྐོ་ཚོགས་ཆུང་ལ་བཏང་གནས་ངོ་བཤུས་བཅས་ཀྱི་འབྲུ་

དོན་ནང༌། ས་ཁུལ་འདེམས་བསྐོ་ལྷན་ཚོགས་ཁོངས་མདོ་སྟོད་མང་ཚོགས་ཀྱི་

འཐུས་མི་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་འདུར་བསྐྱོད་ན་འགྲིགས་མིན་

1 བོད་མིའི་རང་དབང་ཕྱི་ལོ་ ༡༩༨༤།༦།༡༥ ཤོག་གྲངས་ ༡༡ ལ་གསལ།

408


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

དང༌། མི་འབོར་བསྡོམས་ཐོ་གསར་པ་ཡང་འབུལ་རྒྱུ་མིན་ལུགས། མ་ཟད་

ཆོལ་ཁ་སོ་སོས་འཐུས་མི་འདེམས་འཛུགས་ཆོག་པ་མ་བྱུང་ན་འོས་བསྡུ་ཐུབ་ མིན་སོགས་མདོ་སྟོད་མི་མང་ནས་ཞུ་འདུག་པ་མི་འབོར་བསྡོམས་ཐོ་རྙིང་པ་

ཡོད་མུས་དེས་ཐུགས་ཕན་གསོས་མིན་ཞེས་གསལ་བ།

ཐོག་མར་ས་གནས་སོ་སོའི་འདེམས་བསྐོ་ཚོགས་ཆུང་གི་ཚོགས་མི་

འདེ མ ས་ཕྱོ ག ས་ཐད་ས་གནས་སོ ་ སོ ས ་འོས ་འདེ མ ས་ཀྱི ས ་དབུས་འདེ མ ས་

ལྷན་ལ་སྙན་སེང་དགོས་པ་ལྟར་མའི་སོར་སྦེལ་ཀོབ་ས་གནས་འདེམས་བསྐོ་

ཚོགས་ཆུང་གི་ཚོགས་མིའི་ཁོངས་ནས་མདོ་སྟོད་འཐུས་མི་ཕྱིར་འཐེན་བྱས་ ལུགས་བཅས་ཞུ་དོན་ལ། གཞི་རྩའི་སྦེལ་ཀོབ་ས་གནས་མདོ་སྟོད་མི་མང་ནས་

འོས་བསྡུ་བྱེད་ཕྱོགས་ངོས་ལེན་ཞུ་གི་མེད་སྟབས། འདི་སྐོར་ཕྱི་ཟླ་ ༧ ཚེས་

༥ འཁོད་རྒྱུན་ལས་གྲོས་ཆོད་ནང་གསལ་གནད་དོན་གོ་གསེས་སློབ་སྟོན་དུ་

མི་འགྲོ་ཆེད་གཉེར་གནང་རྒྱུར་དགེ་མཚན་གཟིགས་ཏེ་སྐུ་ཚབ་ཏུ་སྤྱི་འཐུས་

ཚོགས་གཞོན་དང༌། ནང་སྲིད་དྲུང་ཆེ་ཕེབས་རྒྱུ་དང༌། བྱེད་སྒོའི་སྐོར་ཟུར་དུ་ བཀའ་མངགས་གནང་རྒྱུ།

མན་སྤར་དང༌། ཀ་སྦུག རྡོར་གླིང་བཅས་ས་གནས་ཁག་གསུམ་གྱི་ས་

ཁུལ་འདེ མ ས་བསྐོ་ཚོ ག ས་ཆུང་ནས་མདོ ་ སྟོད་ཚོ ག ས་མི ་ ཕྱི ར ་འཐེ ན ་བྱས་

ལུགས་སྐོར་འདེམས་བསྐོའི་སྒྲིག་གཞི་གཞིར་བཟུང་ལྟར་ཚོགས་ཆུང་ཁོངས་

མདོ ་ སྟོད་འཐུས་མི ་ འཕྲལ་འཛུགས་དགོ ས ་པའི ་ ཀ་རྡོ ར ་སྒང་གསུམ་དུ་སྤྱི ་

འཐུས་གཟིགས་བསྐོར་བ་ཡོད་མུས་ངག་དབང་བཀྲ་ཤིས་ལགས་དང༌། བློ་

བཟང་ལགས་གཉིས་སུ་སྔོན་དུ་ཀ་རྡོར་གཉིས་ལ་ཏར་འཕྲིན་དང༌། བྱེད་སྒོའི་ སྩལ་རྒྱ་གནང་རྒྱུ།

ཧ་པ་སྤུར་ས་ཁུལ་འདེམས་བསྐོ་ཚོགས་ཆུང་ནས་མདོ་སྟོད་ཚོགས་

མི་ཕྱིར་འཐེན་བྱས་ལུགས་སྐོར། ཉེ་དུས་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་བསྟན་ 409


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

པ་ལགས་ས་གནས་སུ་ཆེད་གཉེར་ཞུས་པའི་ད་ལམ་སྙན་སེང་གནང་བ་ལྟར་ མདོ ་ སྟོད་ཁོ ང ས་ནས་ཕྱག་མཛོ ད ་བཀྲ་ཤི ས ་ཙམ་ལས་དེ ་ བྱི ང ས་ཚང་མས་

དམིགས་བསལ་དགག་བྱ་ཞུས་མེད་སྟབས་མི་གཅིག་ཙམ་གྱི་བསམ་ཚུལ་ལ་ ལྟོས་དགོ ས ་མེ ད ་པས་ས་གནས་འོས ་བསྡུ་ཚོ ག ས་ཆུང་སྒྲི ག ་གསལ་ལྟར་ དགོས་སྐོར་དབུས་འདེམས་ལྷན་ནས་ཁུངས་སུ་གནས་ཚུལ་གཏོང་རྒྱུ།

ས་ཊོ ན ་ས་ཁུལ་ལ་སློ བ ་སྟོན་གནང་མཁན་རྒྱུན་ལས་སྐུ་ཚབ་སྤྱི ་

འཐུས་བསྟན་པ་ལགས་ཆེད་གཉེར་ཞུས་པའི་སྙན་སེང་དུ། མདོ་སྟོད་མི་མང་ བས་མོས་མཐུན་ཇི་ཞུས་ལྟར་ཞུ་རྒྱུ་ལས་མེད་སྟབས་མདོ་སྟོད་མི་མང་བས་

འོས ་བསྡུ་བྱེ ད ་ཀྱི ་ ཡོ ད ་པའི ་ གནས་ཚུལ་ཞི ག ་གནང་མཚམས་དེ ་ དོ ན ་ཞུ་རྒྱུ་

ཡི ན ་ལུགས་ཞུ་གསལ་འདི ་ དག་སྒྲི ག ་གཞི ་ དང་མ་མཐུན་སྟབས་སྒྲི ག ་གཞི ་

གཞིར་བཟུང་དུས་སྐབས་སོ་སོར་འོས་བསྡུའི་ལས་རིམ་འཕྱུག་མེད་ཞུ་དགོས་ ལྟར་སྒྲིག་གསལ་འགལ་མེད་ས་གནས་འོས་བསྡུ་ཚོགས་ཆུང་འཕྲལ་ཚུགས་

དགོས་སྐོར་དབུས་འདེམས་ལྷན་ནས་ཁུངས་སུ་གནས་ཚུལ་གཏོང་རྒྱུ།

ར་ཇ་སྤུར་ས་གནས་སུ་རྒྱུན་ལས་སྐུ་ཚབ་སྤྱི་འཐུས་བསྟན་པ་ལགས་

དང༌། ཤེས་རིག་དྲུང་ཆེ་གཉིས་ཆེད་གཉེར་སྙན་སེང་གནང་དོན་བཞིན། མདོ་ སྟོད་ཁྱིམ་ཚང་ ༤༣ གྱི་ནང་མི་ཚོགས་འདུའི་སྐབས་མགོན་པོ་དོན་གྲུབ་ནས་

ཞུ་གསལ་དུ། འོས་བསྡུའི་མིང་ཐོ་ལེན་ཕྱོགས་ཐད་ཁོ་རང་ནས་ཤེས་ཚོར་མ་ བྱུང་བ་མ་ཟད།

ཨ་ཡི་ཨེམ་(IM)བཟོ་ལས་ཚོའི་མིང་ཐོ་ལེན་པའང་ཤེས་

རྟོགས་བྱུང་མེད་པའི་ཐོག མི་གཅིག་བོད་དུ་ཕྱིན་ནས་ཟླ་བ་དྲུག་ཙམ་སོང་ཟིན་

པ་དེའི་མིང་ཐོ་ཡང་བླངས་ཡོད་ལུགས་བདེ་དོན་ལ་ར་སྦྲག་བྱས་སྐབས་བདེ་ དོན་ནས་འགྲེལ་བཤད་ཁུངས་ལྡན་རྒྱབ་ཀྱི་མི་འདུག་པ། འདི་སྐོར་བདེ་དོན་

བཞུགས་སྒར་དུ་ངོ་བཅར་ཞུ་རྩིས་ཡོད་པ་ལྟར་དེ་སྐབས་དབུས་འདེམས་ལྷན་ ནས་བཀའ་བརྩད་དང་འབྲེལ་རྒྱུན་ལས་སུ་སྙན་སེང་དགོས་རྒྱུ། 410


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ལྡི་ལི ་ ས་ཁུལ་འདེ མ ས་བསྐོ་ཚོགས་ཆུང་ཁོ ང ས་ནས་མདོ ་ སྟོད་

འཐུས་མི ་ ཕྱི ར ་འཐེ ན ་བྱས་སྐོར་རྒྱུན་ལས་སྐུ་ཚབ་ཏུ་སྤྱི ་ འཐུས་བསྟན་པ་

ལགས་དང༌།

དྲིལ་བསྒྲགས་དྲུང་ཆེ་ལས་འཕར་གཉིས་ས་གནས་སུ་ཆེད་

གཉེར་ཞུས་པའི་ཕྱོགས་བསྡོམས་སྙན་སེང་གནང་དོན། ཁུངས་སུ་གོ་བཀོན་

སློབ་སྟོན་གནང་འདུག་པ་ལྟར་ད་ཆ་ཆོལ་གསུམ་མི་མང་མཉམ་རུབ་ཐོག་ནས་

ས་གནས་འོས་བསྡུ་ཚོགས་ཆུང་ཁོངས་མདོ་སྟོད་མི་འཐུས་རང་འཇགས་སམ།

གསར་འཛུགས་ཇི་དགོས་འཕྲལ་གནང་དགོས་སྐོར་དབུས་འདེམས་ལྷན་ནས་ ཁུངས་སུ་གནས་ཚུལ་གཏོང་རྒྱུ་བཅས་ཀྱི་གྲོས་ཆོད་དུ།(1)ཞེས་གསལ་འདུག

ཕྱི་ལོ་ ༡༩༨༤ ཟླ་ ༨ ཚེས་ ༡༦།༡༧ ཆེས་མཐོའི་རྒྱུན་ལས་འཕར་

ཚོགས་གནང་ནས་མདོ་སྟོད་རྙོག་གླེང་དང་འབྲེལ་བའི་ཐོག་གྲོས་ཆོད། བཀའ་

ཤག་ནས་རྒྱུན་ལས་ཐོག་སྙན་སེང་གནང་དོན་དུ། ཁ་ཉིན་ཕྱི་ཚེས་ ༡༤ ཉིན་

དགོང་དྲོ་སྐུ་སྒེར་ཡིག་ཚང་ནས་ཕོ་བྲང་དུ་བཅར་དགོས་བཀའ་ཕེབས་པ་ལྟར་ ཆེད་བཅར་ཞུས་པའི་བཀའ་སྤྱི་ཕེབས་སུ།

བོད་མི་མང་སྤྱི་འཐུས་འོ ས་

འདེ མ ས་བྱེ ད ་ཕྱོ ག ས་སྐོར་དེ ་ སྔ་ནས་ཁུངས་སོ ་ སོ ས ་འོས ་འཕེ ན ་བྱས་པ་དེ ་

ལྟར་དང༌།

བར་ལམ་ནས་གཞོན་ནུ་ལྷན་ཚོགས་ཀྱིས་ཆོལ་གསུམ་མི་མང་

མཉམ་རུབ་འོས་འཕེན་བྱས་ན་ཕན་ཐོགས་ཡོད་པའི་བསམ་འཆར་སྟོན་པ་དེ་

དག་ལྷག་བསམ་རྣམ་དག་གི ས ་སྤྱི ར ་ཕན་ཐོ ག ས་ཡོ ང ་ཆེ ད ་ཞུས་པ་ལས་ གཅིག་ནས་གཅིག་ལ་གྱོང་བཀལ་ཡག་གི་བསམ་བློ་བྱས་ཏེ་བྱུང་བ་ཞིག་མ་

རེད། དེའི་གོང་ཁུངས་སོ་སོས་འོས་འཕེན་བྱས་པ་ཡིན་ཙང་འཐུས་མི་སླེབས་

མཁན་ཚོས་རང་ཁོངས་སོ་སོ་གལ་ཆེ་བ་བྱེད་པ་ལས་སྤྱི་པའི་མི་མ་ཆགས་པ་

ལྟ་བུ་ཡོ ང ་གི ་ ཡོ ད ་པའི ་ སྐྱོན་གནད་ཡོ ང ་གི ་ ཡོ ད ་པ་དེ ་ དག་ལ་ཕན་ཐོ ག ས་

1 ཕྱི་ལོ་ ༡༩༨༤ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༡༠༧ རྒྱབ་ནས་ ༡༠༩ བར་གྱི༌ ནང་གསལ།

411


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཏན་གཏན་ཡོ ང ་གི ་ ཡོ ད ་པ་གང་ལྟར་འོས ་འདེ མ ས་བྱེ ད ་ཕྱོ ག ས་ལ་སྒྱུར་

བཅོས་གནང་ཡོད་ཀྱང༌། ད་ཆ་མདོ་སྟོད་མི་མང་ནས་གྱོང་ཆེན་པོ་ཞིག་ཆགས་

ཀྱི་ཡོད་པའི་རྣམ་པ་ལྟ་བུའི་གླེང་ལྷག་གིས་འཐུས་སྒོ་ཚང་བ་ཞིག་ཡོང་གི་མེད་ པ་དང༌། མཐའ་མ་མདོ་སྟོད་ཀྱི་སྤྱི་འཐུས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་ གཞག་གནང་རོགས་ཞེས་ཞུ་གི་ཡོད་པ་བཅས།

འདི་སྐོར་སྤྱི་འཐུས་ལྷན་

ཚོ ག ས་ཀྱི ས ་གཙོ ་ སྐྱོང་བྱས་ཏེ ་ ཆོ ལ ་ཁ་སོ ་ སོ ་ ནས་མི ་ འཐུས་དོ ་ ཆོ ད ་གྲངས་

༡༠ རེ་དང༌། དབུས་གཞོན་ནུའི་རྒྱུན་ལས་པ་རྣམས་བཅས་འདུ་བཀོང་གིས་

ཕན་ཚུན་གོ ་ བསྡུར་སྦྱང་བཤད་དང་འབྲེ ལ ་བློ་མཉམ་མང་མོ ས ་ཐག་གཅོ ད ་ བྱེད་རྒྱུ་ཡོད་པ་ཞིག་ཡོང་གི་ཡོད་མེད་ལྟོས་ཞེས་ཕེབས་པ་དང༌།

དེའང་

ཚོགས་མི་བཅར་མཁན་ཚོ་ཁུངས་སོ་སོ་ནས་སུ་འོས་བཅར་འཐུས་ཐོག ཨ་

རིར་ཆིབས་སྒྱུར་མ་གནང་གོང་དུ་ཐག་ཆོད་པ་དགོས་སྟབས་ཕྱི་ཟླ་ ༩ ཚེས་

༡༠ ནང་ཚུད་འདུ་ཚོགས་ཐུབ་པ་དགོས་རྒྱུ་ཕེབས་པ་དང༌། མཐའ་མའི་ཐག་ ཆོད་ཕྱོགས་བསྡོམས་སྙན་ཞུ་དུས་ཐོག་འབུལ་ཐུབ་པ་དགོས་རྒྱུ་བཅས་བཀའ་ ཕེ བ ས་བྱུང་ལུགས་སྙན་སེ ང ་གནང་བ་ལྟར་དེ ་ དོ ན ་རྩ་འཛི ན ་ཞུ་རྒྱུ་དང༌། ཚོགས་བཀོང་མི་སྣ་རྣམས་བཞུགས་སྒར་སྤྱི་འཐུས་ལྷན་ཁང་དུ་ཕྱི་ཟླ་

ཚེས་ ༥ ཉིན་འབྱོར་ཚེས་ཐུབ་པ་དགོས་རྒྱུ་དང༌། ཚེས་ ༦ ནས་ཚོགས་འདུ་

འགོ་འཛུགས་ཀྱིས་ཉིན་གསུམ་རིང་བསྐྱངས་རྒྱུའི་སྐོར་རྒྱུན་ལས་ཚོགས་དྲུང་ ཡིག་ཚང་ནས་ཁུངས་སོ་སོའི་རྒྱུན་ལས་ལ་བརྡ་ཁྱབ་སྩལ་རྒྱ་གཏོང་རྒྱུ།

ཕྱོགས་མཐའ་ནས་ཡོང་མཁན་ཚོར་ཚོགས་འདུའི་དུས་ཡུན་རིང་མི་

སྔོན་འགྲོའི་འོས་དམིགས་འདེམས་སྒྲུག་ཕྱི་ཟླ་ ༨ ཚེས་ ༢༩ ཉིན་

རེར་ཁང་གླ་འཚོ་དོད་བསྒྲིལ་སྒོར་ ༢༥ རེ་དང༌། རྡ་སར་གཏན་སྡོད་ཚོགས་

ཞུགས་བྱ་མཁན་ཚོར་ཉིན་རེ་འཚོ་དོད་སྒོར་ ༡༠ རེ་སྩལ་རྒྱུ།

ཡིན་ཡང༌། འདི་སྐོར་ཚོགས་འདུ་གནང་རྒྱུར་བརྟེན་དུས་ཚེས་འཕར་འགྱངས་ 412


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

གྱུར་ལུགས་དབུས་འདེམས་ལྷན་ལ་ཡིག་ཆུང་སྩལ་རྒྱུ།(1)

ཕྱི་ལོ་ ༡༩༨༤ ཟླ་ ༩ ཚེས་ ༡༩ ཉིན་གདམ་བྱ་འདེམས་བྱེད་ཀྱི་དུས་

བོད་མི་མང་སྤྱི་འཐུས་འོས་འདེམས་བྱེད་ཕྱོགས་སྐོར་བཀའ་འབྲེལ་

ཚོད་མ་སྨིན་བར་སྤྱི་འཐུས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཡོང་བ་

ཞེས་ཆེས་མཐོའི་རྒྱུན་ལས་འཕར་ཚོགས་ཀྱི་གྲོས་ཆོད།

བཞིན། རྒྱུན་ལས་ཚོགས་འདུ་ནས་ ༨༤ ཟླ་ ༨ ཚེས་ ༡༧ འཁོད་གྲོས་ཆོད་ ལྟར་ཚོགས་བརྡ་གནང་དོན།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གཙོ་

སྐྱོང་གིས་བོད་རིགས་གཞོན་ནུའི་རྒྱུན་ལས་པ་རྣམས་དང༌། ཆོལ་ཁ་སོ་སོའི་ མི་འཐུས། བོད་ནས་གསར་འབྱོར་བ་ཁག་གཅིག་བཅས་འདུ་འཛོམས་ཀྱིས་

བློ་བསྡུར་ཞུས་པའི་གྲོས་ཆོད་དང༌། དམ་བཅའ་ཆབས་ཅིག་འབུལ་ལམ་ཞུས་

སྐོར་ད་ལམ་སྤྱི་ལྷན་བརྒྱུད་རྒྱུན་ལས་ལྷན་ཚོགས་སུ་སྙན་སེང་གནང་བ་ལྟར།

གྲོས་ཆོ ད ་ནང་གསལ་སྤྱི ་ འཐུས་གདམ་བྱ་འདེ མ ས་བྱེ ད ་ཀྱི ་ ཁེ ་ དབང་ལོ ང ས་

སུ་སྤྱོ ད ་པའི ་ དུས་སྐབས་མ་སྨི ན ་བར་ཆོ ས ་བརྒྱུད་ཆོ ལ ་གསུམ་དང་བཅས་ པའི་སྤྱི་འཐུས་མི་འགྲོ་རྣམས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་

ཡེ་ཤེས་དབྱིངས་དཔྱད་ཀྱིས་ཐད་ཀར་བསྐོ་གཞག་ཡོང་བའི་གསོལ་འདེབས་ ཞུས་ཡོད་པ་ལྟར་ཐུགས་གཏན་འཁེལ་སྟབས། དབུས་འདེམས་ལྷན་གྱི་ཞུ་བྱ་

རྣམས་དུས་སྐབས་མ་སྨི ན ་བར་ད་ལྟའི ་ ལས་རི མ ་ཕྱི ར ་བསྡུ་གནང་རྒྱུ་དང༌། རྒྱུན་ལས་ཚོ ག ས་འདུ་ནས་དབུས་འདེ མ ས་ལྷན་ལ་གྲོས་ཆོ ད ་ཀྱི ་ ངོ ་ བཤུས་

དང་སྦྲགས་རྩ་འཛིན་དགོས་རྒྱུའི་བཀའ་ཁྱབ་གནང་རྒྱུ་དང་ཆབས་ཅིག་དབུས་ འདེ མ ས་ལྷན་ནས་ས་གནས་འདེ མ ས་བསྐོ་ཚོ ག ས་ཆུང་ཁག་ལ་སྤྱི ་ ཡོ ང ས་

གསལ་བསྒྲགས་གནང་ཁྱད་གྲོས་ཆོད་ཀྱི་ངོ་བཤུས་རེ་བཀོད་རྒྱ་དང་མཉམ་

1 ཕྱི་ལོ་ ༡༩༨༤ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༡༢༨ རྒྱབ་ནས་ ༡༢༩ རྒྱབ་ཏུ་ གསལ།

413


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

གཏོང་དགོས་སྐོར་རྒྱུན་ལས་ནས་དབུས་འདེམས་ལྷན་ལ་ཡིག་ཆུང་སྩལ་རྒྱུ།(1)

ཕྱི་ལོ་ ༡༩༨༥ ཟླ་ ༧ ཚེས་ ༥ ཉིན་ཆེས་མཐོའི་རྒྱུན་ལས་སུ་ྋགོང་

ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་གི ས ་སྐབས་བརྒྱད་པའི ་ སྤྱི ་ འཐུས་ནས་

བཟུང་ལས་ཡུན་ལོ ་ ལྔར་བསྒྱུར་གནང་མཛད་པའི ་ བཀའ་བཀའ་ཤག་ནས་

སྒྱུར་གནང་མཛད་པ་དང་གཞུང་འབྲེལ་གསལ་བསྒྲགས་མ་གནང་བར་གསང་

བ་གནང་རྒྱུ་གནང༌། (2)ཞེས་གསལ་འདུག

ཕྱི་ལོ་ ༡༩༨༤ ལོར་སྤྱི་འཐུས་སྐབས་དགུ་པའི་འོས་བསྡུའི་སྐོར་

དབུས་འོས་བསྡུ་ལས་ཁང་ནས་གསལ་བསྒྲགས་བསྐྱངས་པར། སླར་ཡང་མདོ་

སྟོད་མི་མང་གི་ངོས་ནས་སྔར་ལམ་ལྟར་ལེགས་ཆ་ཆེ་བའི་ཞུས་གླེང་རིམ་བྱུང་

བཅས་ལ་བརྟེན་སྙན་གསེ ང ་བཀའ་སློ བ ་ཕེ བ ས་དགོ ང ས་ལྟར་བོ ད ་མི ་ མང་ ཚོགས་ཁོངས་ཚོགས་པ་སོ་སོའི་ཁོངས་ནས་ཚོགས་མི་དང༌། ཚོགས་མི།

གཞོན་ནུའི་

བོད་ནས་གསར་འབྱོར་བཅས་ཚང་འཛོམས་བསམ་གྲོས་ཞིབ་

བསྡུར་བགྱིས་པའི་མཐའ་མའི་ཐག་གཅོད་དུ། སྤྱི་འཐུས་འོ ས་བསྡུ་བྱ་ཕྱོགས་

སྤྱི ་ མོ ས ་སུ་འགྱུར་བའི ་ དུས་སྐབས་མ་བྱུང་བར་ྋགོ ང ་ས་ྋསྐྱབས་མགོ ན ་ ཆེན་པོ་མཆོག་ནས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་ཐུགས་རྗེ་ཆེ་བ་ དང༌།

དེ་བཞིན་ལས་འཁུར་ཡུན་ཚད་ཀྱང་ལོ་ལྔ་བར་གཏོང་གནང་མཛད་

འགབས་མཆིས་མིན་ཡེ་ཤེས་དབྱིངས་དཔྱད་ཡོང་བ་ཞེས་ཞུ་ཁོངས་ནས་སྤྱི་

འཐུས་སྐབས་བརྒྱད་པ་ལོ་གཉིས་འཕར་འགྱངས་གནང་སྟེ་དེ་ནས་བཟུང་སྤྱི་ འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་འཁེལ་བའི་གསལ་བསྒྲགས་ཕྱི་ལོ་

༡༩༨༥ ཟླ་ ༧ ཚེས་ ༨ ཉིན་གནང༌།

1 ཕྱི་ལོ་ ༡༩༨༤ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༡༥༠ དང་ ༡༥༡། ནང་གསལ། 2 ཕྱི་ལོ་ ༡༩༨༥ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང༌། ཚིག་ཐོའི་ཤོག་གྲངས་ ༨༠ དང་ ༨༠ རྒྱབ་བཅས་སུ་ གསལ།

414


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

ཕྱི་ལོ་ ༡༩༨༥ ཟླ་ ༧ ཚེས་ ༥ ཉིན་ཆེས་མཐོའི་རྒྱུན་ལས་སུ། བཀའ་ཤག་

ནས་བཀའ་བསྒྱུར་སྙན་སེ ང ་གནང་བའི ་ སྤྱི ་ འཐུས་སྐབས་བརྒྱད་པའི ་ དུས་

ཡུན་ལོ་གཉིས་ཕར་འགྱངས་དང༌།

ད་ནས་བཟུང་བོད་མི་མང་སྤྱི་འཐུས་ཀྱི་

དུས་ཡུན་ལོ ་ ལྔ་ལ་གཏན་འབེ བ ས་གནང་བའི ་ སྐོར་གཞུང་ནས་གསལ་ བསྒྲགས་མ་གནང་བར།(1) ཕྱི་ལོ་ ༡༩༨༦ ལོར་བཀའ་ཤག་ལ་ྋགོང་ས་

མཆོག་ནས་བཀའ་སློབ་ཕེབས་དགོངས་སུ། ནམ་ཞིག་ྋརྒྱལ་བ་རིན་པོ་ཆེ་

མེད་པའི་དུས་སྐབས་ཤིག་ཡོང་རྒྱུར་བརྟེན་དེ་སྐབས་བོད་མིའི་ཆབ་སྲིད་ཀྱི་

འཛིན་སྐྱོང་ཐུབ་ཐབས་ད་ལྟ་ནས་གྲ་སྒྲིག་དགོས་པ་དང༌། བཀའ་ཤག་ཐད་ཀར་

འོས་བསྡུ་བྱས་པ་དང༌། ཡང་ན་སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་རྒྱུ་ བྱས་ན་དགེ ་ མཚན་ཡོ ད ་མེ ད ་གོ ་ བསྡུར་དགོ ས ་པའི ་ བཀའ་ཕེ བ ས་ལྟར་སྤྱི ་

འཐུས་ལྷན་ཚོ ག ས་ཀྱི ས ་དབུས་བཞུགས་སྒར་དུ་བཅའ་སྡོ ད ་གཞུང་ཞབས་ ཡོངས་རྫོགས་བཅས་ནས་བསམ་ཞིབ་གྲོས་བསྡུར་ཞིབ་ནན་ཞུས་པའི་བསམ་

ཤོ ག ་ཏུ་སྔར་མུས་ྋགོ ང ་ས་མཆོ ག ་གི ས ་ཐུགས་འགན་གཙང་བཞེ ས ་ཡོ ང ་

བའི་གསོལ་འདེབས་སྙན་གསེང་ཞུས།

ཆེ ས ་མཐོའི ་ རྒྱུན་ལས་དང་འབྲེ ལ ་བའི ་ ཚོགས་འདུ་སྲི ་ ཞུ་བའི ་

དམིགས་བསལ་ཚོགས་འདུ་ཞིག་ཕྱི་ལོ་ ༡༩༨༦ ཟླ་ ༧ ཚེས་ ༢༤ ཉིན་རྡ་ སར་ཚོགས་གནང་ཞིང༌།

དེའི་ནང་བཀའ་ཤག་དབུ་ཁྲིད་པའི་དྲུང་ཆེ་དང༌།

འགན་འཛི ན ་ཁག་གི ས ་གཙོ ས ་གནས་དགུ་པ་ཡན་གྱི ་ སྲི་ ཞུ་བ་རྣམས་དང༌། ཟུར་སྐྱོང་ཁག་གི་འགན་འཛིན། བོད་མི་མང་སྤྱི་འཐུས་རྣམ་པ་བཅས་ཕེབས་ ཡོད།

དེའི་གྲོས་ཆོད་དུ་ལས་ཁུངས་མ་ལག་དང་བཅས་པའི་འཛིན་སྐྱོང་སྡེ་

ཚན་སོ་སོའི་ཐོག་མིག་སྔར་བཅོས་སྐྱོང་མཛད་འོས་དགེ་མཚན་ཆེ་ཞིང་ཐབས་

1 ཕྱི་ལོ་ ༡༩༨༥ ཟླ་ ༦ ཚེས་ ༥ ནས་ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༡༩ བར་གྱི་ཆེས་མཐོའི་རྒྱུན་ལས་ཀྱི་ གསང་རྒྱ་དགོས་རིགས་འབྲུ་དོན་ཟུར་བསགས་ཐོ་དེབ་ནང་ཤོག་གྲངས་བཞི་ཅན་ཞིག་ནང་གསལ།

415


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ལམ་ལྡན་པ་དང༌། ཕྱི་ནང་དངོས་ཡོད་ཀྱི་ཆ་རྐྱེན་དང་མཐུན་པའི་ལག་བསྟར་ བྱེད་ཐུབ་རེའི་གནད་ཆེའི་དོན་ཚན་མི་ཉུང་བ་ཞིག་གོང་འོག་དགོངས་དབྱངས་

གཅི ག ་མཐུན་བྱུང་སྟབས་ཚང་མའི ་ ཆབ་སྲི ད ་ཀྱི ་ སྤྲོ ་ སྣང་འཕེ ལ ་ཞི ང ་སྙི ང ་

སྟོབས་རྒྱས་པ་དང༌། མི་རིགས་དང་རང་བློ་རང་འཁེལ་གྱི་བློ་གདེང་ཐོབ་པ་

བཅས་ཀྱི་རྣམ་པ་ཆེས་བཟང་པོ་བྱུང་བར་བཀའ་ཤག་ནས་ཐུགས་ཡིད་ཚིམས་

པའི ་ བསྔགས་བརྗོ ད ་དང་སྦྲགས་འབྱུང་འགྱུར་བྱེ ད ་སྒོ འི ་ ཐད་གནད་ལ་ འཕི ག ས་པའི ་ དགོ ང ས་འཆར་རྣམས་གཞི ར ་བཟུང་གོ ་ རི མ ་ལྡན་པའི ་ འཆར་

འགོད་ཐོག་རིམ་བཞིན་ཕྱག་བསྟར་གནང་བཞེད་ཡོད་པ་དང༌།

ཕྱོགས་

མཚུངས་༸གོ ང ་ས་མཆོ ག ་གི ་ བཀའི ་ ཕེ བ ས་སྒོ ་ དོ ན ་ཚན་དང་པོ འི ་ སྐོར།

༸གོང་ས་མཆོག་སྐུ་མ་བཞུགས་པའི་དུས་སྐབས་སུ་རྩ་ཁྲིམས་རིན་པོ་ཆེའི་

དོན་ཚན་ ༣༦ པའི་ནང་ཞིབ་གསལ་འཁོད་པའི་དགོངས་དོན་ལས་ལྷག་པའི་ བསྒྱུར་བཅོས་ཞུ་འོས་གང་ཡང་མ་མཆིས་པ་དང༌།

དོན་ཚན་གཉིས་པ། བཀའ་བློན་བསྐོ་ཕྱོགས་འོ ས་བསྡུ་གནང་ཚེ་ད་ལྟའི་ཆར་

བཙན་བྱོ ལ ་བོ ད ་མི ་ ལས་རྒྱ་ཆེ འི ་ གཞི ས ་ལུས་མི ་ མང་ལ་འོ ས ་བསྡུའི ་ གོ ་

སྐབས་མེད་ཅིང༌།

བོད་མི་ཉུང་ཤས་ཀྱིས་འོ ས་བསྡུ་ཞུས་པ་ལས་སྤྱི་ནོར་

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཐད་ཀར་བསྐོ་གཞག་བསྩལ་ན་ རྒྱ་ཆེ འི ་ གཞི ས ་བྱེ ས ་མང་ཚོ ག ས་ཀྱི ་ ཡི ད ་ཆེ ས ་དང་བརྩི ་ བཀུར་འཐོ བ ་རྒྱུའི ་ དགེ་མཚན་དང༌། དོན་ཚན་གསུམ་པ། སྲིད་དོན་ཤོག་ཁག་གཉིས་སུ་དབྱེ་སྟེ་

གཞུང་སྲིད་འཛིན་རྒྱུ་དེ་ཡང་ད་ལྟའི་གཞིས་བྱེས་ཀྱི་གནས་སྟངས་ཐོག་ནས་ བོད་མི་ཐུན་མོང་གི་བསམ་འདུན་གྱི་ཚབ་བྱེད་ཐབས་མེད་པར་བརྟེན། གནས་

སྐབས་ཆ་རྐྱེན་འཛོམས་མེད་པས་སྔར་རྒྱུན་གཞུང་སྲིད་འཛིན་རྒྱུ་དགེ་མཚན་

ཆེ་བ་བཅས་དང༌། དེ་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཆོས་

སྲིད་ཀྱི་མཛད་རྒྱ་ལོ་ཟླ་བཞིན་གོང་འཕེལ་ཆེས་ཆེར་སོང་ནས་སྐུ་ངལ་གསོ་ 416


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

བའི་དུས་ཚོད་ཀྱང་མེད་པའི་སྐབས་འདིར། དེ་སྔའི་གཞུང་གི་ལམ་སྲོལ་དུ་སྡེ་

སྲིད། སྲིད་བློན། སྲིད་ཚབ་བཅས་བསྐོ་གཞག་གནང་ལམ་ཡོད་ཁར། རྩ་ ཁྲི མ ས་ཀྱི ་ དགོ ང ས་དོ ན ་དང་གཞུང་གི ་ སྲི ་ ཞུ་བའི ་ སྒྲི ག ་གཞི འི ་ ནང་དུའང་

གནས་རིམ་གཉིས་པའི་མཛད་འཁུར་བཞེས་མཁན་གྱི་ས་དམིགས་ཤིག་ཡོད་

པ་ལྟར་མི ་ འགྲོ་གང་འོས ་ཤི ག ་ཡེ ་ ཤེ ས ་དབྱི ང ས་དཔྱད་ཀྱི ས ་བསྐོ་གཞག་

བསྩལ་རྒྱུ་བྱུང་ན་འཕྲལ་ཕུགས་གཉིས་སྨན་ཡོང་གནད་བཅས་ཚོགས་འདུ་བ་

ཡོངས་རྫོགས་མ་གྲོས་དགོངས་དབྱངས་གཅིག་གྱུར་གྱིས་ངོས་འཛིན་བྱུང་བ་

དེ་ལུགས་སྙན་སེང་ཡང་ཞུས་གནང་བ་རེད།(1) ཞེས་གསལ་འདུག

ཕྱི་ལོ་ ༡༩༨༧ ཟླ་ ༡ ཚེས་ ༡༢ ཉིན་ཆེས་མཐོའི་རྒྱུན་ལས་སུ་སྐབས་

དགུ་པ་དང༌།

བཅུ་པའི་སྤྱི་འཐུས་བསྐོ་ཕྱོགས་ཐད་བཀའ་བསྡུར་གནང་བ།

མཐའ་དོན་འདི་ལྟར། བཀའ་ཕེབས་དགོངས་དོན་དུ།“ བོད་མི་མང་སྤྱི་འཐུས་

བསྐོ་ཕྱོ ག ས་ཡེ ་ ཤེ ས ་དབྱི ང ས་དཔྱད་གནང་རྒྱུ་འདི ་ བཞི ན །(དམངས)མང་

གཙོའི་ཐོབ་ཐང་ཡར་འཕྲོགས་པ་ཞིག་མིན་ངེས་ཀྱང༌།

རྩ་བའི་འཛམ་གླིང་

(དམངས) མང་གཙོའི་ལམ་ལུགས་དང་མི་མཐུན་པ་ཞིག་མ་ཟད། མང་ཚོགས་

ནང་ལའང་(དམངས)མང་གཙོའི་ངོ་བོ་རན་འཚམས་ཤིག་མེད་པའི་བལྟ་ཚུལ་

དང༌། མཐོང་ཚུལ་མེད་དམ་སྙམ་པས། འོས་འདེམས་བྱེད་ཕྱོགས་ལ་ཆོལ་ཁ་

སོ ་ སོ འི ་ སྤྱི ་ འཐུས་ཚོ འི ་ ཐོ ག ་ཚོ ག ས་པ་ཁག་གི ་ རྒྱུན་ལས་པ་རེ ་ ཟུང་བཅས་

ཡོ ད ་པའི ་ ཚོ ག ས་ཆུང་ཞི ག ་བཙུགས་ཏེ ་ སྤྱི ་ འཐུས་རྣམས་མང་ཚོ ག ས་ཀྱི ས ་

འོས་འདེམས་བྱེད་ཐབས་ཡོད་མེད་བལྟ་དགོས ” ཞེས་སྤྱི་ཕེབས་སྐོར་བཀའ་

ཤག་ནས་རྒྱུན་ལས་སུ་བཀའ་བསྡུར་མཛད་པར་བཀའ་བསྡུར་གནང་སྙི ང ༌། སྐབས་དགུ་པའི་བོད་མི་མང་སྤྱི་འཐུས་རྣམས་ཡེ་ཤེས་དབྱིངས་དཔྱད་ཡོང་བ་ ཞུ་རྒྱུ་དང༌།

སྐབས་བཅུ་པའི་སྤྱི་འཐུས་རྣམས་འོས་འདེམས་ཐུབ་རེའི་ཆེད་

1 བོད་མིའི་རང་དབང༌། ༡༩༨༦ ཟླ་ ༨ ཚེས་ ༢༩ ཤོག་ཨང་ ༢-༣།༧

417


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཀའ་སློ བ ་སྤྱི ་ ཕེ བ ས་བཞི ན ་ཚོ ག ས་ཆུང་ཟུར་འཛུགས་གནང་ལེ ག ས་མང་

མོས་བྱུང་བ་བཞིན་ཚོགས་གཙོ་རྣམ་གཉིས་ནས་ཞིབ་ྋསྙན་གསོལ་རྒྱུ་དང༌།

རྒྱུན་ལས་སྔོན་མར། སྤྱི་འཐུས་འོས་འདེམས་ཡོང་ཐབས་བཀའ་སློབ་ཕེབས་ སྐོར་ཐུགས་གཏན་མ་འཁེལ་བར་གསང་རྒྱ་གནང་རྒྱུ་གནང་ཡང༌།

ད་ཉིན་

བཀའ་བསྡུར་སྐབས། ྋརྒྱལ་བ་རིན་པོ་ཆེས་(དམངས)མང་གཙོའི་ཐོབ་ཐང་

ཐོག་རླབས་ཆེའི་དགོངས་བཞེས་མཛད་ལུགས་གནས་ཚུལ་ཕྱི་ནང་མི་རིགས་

ཀུན་གྱི ས ་ཤེ ས ་གལ་ལ་བརྟེན་གསང་རྒྱ་མི་ དགོ ས ་པ་གནང་སྟེ་ཚོ ག ས་འདུ་ གྲོལ།(1) ཞེས་གསལ་འདུག

ཕྱི་ལོ་ ༡༩༨༧ ཟླ་ ༤ ཚེས་ ༩ ཉིན་ནས་བཟུང་བཙན་བྱོལ་བོད་ གཞུང་མང་སྲི་ཞུ་ཚོགས་ཆེན་ ༡༥ པ་དེ་དྷ་ས་བཞུགས་སྒར་དུ་འཚོགས་ ཤིང༌། དེའི་ནང་བཀའ་ཤག་ལྷན་རྒྱས་དང༌། བོད་མི་མང་སྤྱི་འཐུས་ལྷན་ ཚོགས། ཆོས་ལུགས་རིས་མེད་ཀྱི་བླ་ཆེན་རྣམ་པའི་སྐུ་ཚབ་དང་མཁན་ འཐུས། གཞུང་ཞབས་ཆེ་ཕྲ། ཕྱི་རྒྱལ་དོན་གཅོད་དང་བཟོ་གཞིས་བདེ་དོན། ཁོངས་གཏོགས་ཁག་གི་འགན་འཛིན། རང་བདེན་ཚོགས་ཆུང་དང༌། གཞོན་ ལྷན། བུད་མེད་ལྷན་ཚོགས། ཆོལ་གསུམ་ཚོགས་པ་སོ་སོའི་འཐུས་མི་བཅས་ ཁྱོན་མི་གྲངས་ ༤༠༠ སྐོར་ཕེབས་ཡོད།(2) སྐབས་དགུ་པའི་བོད་མི་མང་སྤྱི་འཐུས། ཐད་བསྐོས། ལྷ་རྒྱ་རི་ཁྲི་ཆེན་རྣམ་རྒྱལ་རྒྱ་མཚོ། རྙིང་མ། ནུབ་པ་ཆོས་གྲགས་རྒྱ་མཚོ། ཚོགས་གཙོ་གཞོན་པ། ས་སྐྱ། འཇམ་དབྱངས་བཟོད་པ། བཀའ་བརྒྱུད། བློ་གྲོས་མཐར་ཕྱིན། དགེ་ལུགས། དགའ་བྱང་བློ་བཟང་ཆོས་ལྡན། ཚོགས་གཙོ། བོན། བྱ་དུར་བསོད་ནམས་བཟང་པོ།

1 ཕྱི་ལོ་ ༡༩༨༦། ཁ་དང༌། ༡༩༨༧། ཀ་ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌།༽ནང་གསལ། 2 བོད་མིའི་རང་དབང༌། ༡༩༨༧ ཟླ་ ༥ ཚེས་ ༢༢ ཤོག་ཨང་ ༣

418


ཆོལ་གསུམ་འོས་ཤོག་མཉམ་བསྡུ་བྱ་ཕྱོགས་ཀྱི་བསམ་འཆར་སོགས།

དབུས་གཙང༌། ཀོང་པོ་ཉང་རྒྱ་བློ་བཟང་རབ་རྒྱས། མགོན་ཤར་བཀྲ་ཤིས་ དབང་འདུས། མདོ་སྟོད། མདའ་ཟུར་ཉི་བཟང༌། བྱ་རྒོད་ཚང་དོན་ཡོད། མདོ་སྨད།

སྒོ་མང་བསྟན་པ། བླ་བྲང་བཟོད་པ་རྒྱ་མཚོ།

རྒྱལ་ཡོངས་ཚོགས་ཆེན་ཐོག་གྲོས་འཆར་བཏོན་པ་བཞིན་ྋགོང་ས་ མཆོག་གིས་ཚོགས་འཐུས་སྐབས་དགུ་པའི་འཐུས་མི་ཚང་མ་བར་བརྒལ་ཚོད་ ལྟའི་ཚུལ་དུ་ཐད་བསྐོས་གནང་བ་དང༌། ཕྱི་ལོ ༡༩༨༧ ཟླ་ ༩ ཚེས་ ༤ ཉིན་སྤྱི་ འཐུས་ཚོགས་གཙོ་དང་ཚོགས་གཞོན་གཉིས་གསར་མཇལ་དམ་འབུལ་ཞུས།

ཆེས་མཐོའི་རྒྱུན་ལས་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་རྣམས་ འོས་བསྡུའི་སླད་ཐུན་མོང་གིས་དང་ལེན་ཐུབ་པའི་ཐབས་ལམ་ཞིག་མ་རྙེད་པའི་ བར་ངོས་ལེན་གནང་ཡོད།

༸གོ ང ་ས་མཆོ ག ་གི ས ་དམ་འབུལ་སྐབས་བཀའ་སློ བ ་ཕེ བ ས་དོ ན །

སྐབས་དགུ་པའི་སྤྱི་འཐུས་རྣམས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢ ཉིན་

“ད་ལྟ་ང་ཚོ་མིའི་ལུང་པར་ཡོད་པའི་སྐབས་ལ་(དམངས)མང་གཙོའི་རྣམ་པ་ ཐོན་པའི་ཐབས་ཤེས་དྲག་ཤོས་གཅིག་སྤྱི་འཐུས་ཚོ་ཡིན། འོ ན་ཀྱང་བར་ལམ་ དངོས་ཡོད་གནས་ཚུལ་ལ་སྤྱི་འཐུས་འདེམས་བསྐོ་བྱེད་སྟངས་ཐོག་ལ་དཀའ་ ངལ་མང་པོ་ཞིག་བྱུང༌། དེ་འདྲའི་ཐོག་ནས་གནས་སྐབས་དཀའ་ངལ་སེལ་ ཐབས་སུ་༸རྒྱལ་བ་རིན་པོ་ཆེའི་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་བཞག་བྱ་ དགོས་བྱུང༌།” ཞེས་བཀའ་ཕེབས་དོན་ལྟར། དེའི་རྗེས་ལོ་གཅིག་རིང་སྤྱི་འཐུས་ རྣམ་པས་ལས་ཁུར་ཞུས་རིང་དཀའ་སེལ་དང་འབྲེལ་བའི་སྤྱི་འཐུས་འོ ས་བསྡུ་ བྱེད་སྟངས་སྐོར་གོ་བསྡུར་གྱིས་གཏན་འཁེལ་བ་བྱས་ཏེ་བོད་མི་མང་སྤྱི་འཐུས་ སྐབས་བཅུ་པའི་འོས་བསྡུ་བྱ་རྒྱུའི་གསལ་བསྒྲགས་གནང༌། (1) 1 <<སྲིད་ཞིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བོད་མི་མང་སྤྱི་འཐུས་ཀྱི་གྲོས་

ཚོགས་ཁག་དང༌། བཀའ་ཤག་གིས་མཚོན་གཞུང་ཞབས་ལས་བྱེད་པར་སྩལ་བའི་བཀའ་སློབ་ཕྱོགས་བསྡེབས་ བཞུགས་སོ། >>ཤོག་གྲངས་ ༣༨༩།༣༩༠ གསལ།

419


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

དམ་བཅའ་འབུལ་བཞེས ་གནང་ནས་ཆེས ་མཐོ འི་ རྒྱུན་ལས་དང་པོ་ དེ ་ ཕྱི་ ལོ ་ ༡༩༨༧།༩།༧ ཉིན་འཚོགས།(1)

1 ཕྱི་ལོ་ ༡༩༨༧།ཁ་དང༌། ༡༩༨༨།ཀ་ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ།

420


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

ས་བཅད་བཅུ་གཉིས་པ། ༈ བོད་མི་མང་སྤྱི་འཐུས་འོས་འདེམས་ བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས། སྲི་ཞུའི་ཚོགས་ཆེན་མཐའ་མའམ་བཅུ་དྲུག་པ་འཚོགས་པ་དང་ མང་གཙོའི་ངོ་བོ་མཚན་ཉིད་ཚང་བ་ཡོང་སླད་ཚོགས་ཆེན་ བསྡུ་སྐོང་གནང་བ་བཅས་ཀྱི་སྐོར།

ཕྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༢༡ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུར་སྐབས་བཅུ་པའི ་ སྤྱི ་ འཐུས་འོས ་འདེ མ ས་དང་འབྲེ ལ ་བའི ་ ཐོ ག ་གྲོས་

ཆོད་བཞག་པ་འདི་ལྟར། ༡༽

དབུས་སྤྱི་ཁྱབ་འདེམས་ལྷན་ནས་སྐབས་བཅུ་པའི་བོད་མི་མང་སྤྱི་

འཐུས་ཀྱི་འོས་དམིགས་མིང་གཞུང་གཏན་འབེབས་སླད་མིང་གཞུང་ཕུལ་བ་ དང་ཆབས་ཅིག ཆོས་ལུགས་ཀྱི་འོས་གཞི་དང༌། འོས་བསྡུ་བ་བཅས་གྲྭ་

རིགས་སྔགས་བཙུན་རྣམས་དགོན་ཁག་དང༌། དེ་མིན་ཆོས་ཕྱོགས་ཚོགས་སྡེ་ ཅི་རུང་ངེས་པར་ཡིན་དགོས་ཞེས་ད་ལྟའི་འདེམས་ལྷན་ཟུར་རྒྱན་སྒྲིག་གཞིའི་ ནང་གསལ་འདི་དག་ལག་ལེན་འཁེལ་ཐབས་མེད་ལུགས་སྙན་སེང་ཞུས་པར་

ཞིབ་འཇུག་བཀའ་བསྡུར་གནང་སྙིང༌། ད་ལམ་ལག་ལེན་དངོས་ཀྱི་ཐོག་ནས་

དཀའ་ངལ་འཕྲད་སྟབས་ཕྱི་ལོ་ ༡༩༨༡ ཕྱི་ཟླ་ ༧ ཚེས་ ༧ འཁོད་པའི་ འདེ མ ས་བསྐོའི ་ སྒྲི ག ་གཞི ར ་བསྒྱུར་བཅོ ས ་ཀྱི ས ་གསར་དུ་གཏན་འབེ བ ས་

གནང་བའི་འདེམས་བསྐོའི་སྒྲིག་གཞི་དོན་ཚན་ ༢༡ ནང་གསེས་ ༢ པ་ནང༌།

ཆོས་ལུགས་སོ་སོའི་འོས་གཞིའི་ཁོངས་སུ་སེར་སྐྱ་ཁྱད་མེད་ཞུགས་འཐུས་ དང༌། འོས་བསྡུ་བ་རྣམས་དགོན་ཁག་དང༌། དེ་མིན་ཆོས་ཕྱོགས་ཀྱི་ཚོགས་སྡེ་ 421


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཅི ་ རུང་ཞི ག ་ནང་ཡོ ད ་པའི ་ གྲྭ་རི ག ས་སྔགས་བཙུན་ངེ ས ་པར་ཡི ན ་དགོ ས ་ ཞེས་གསལ་བ་དེ་རང་ལག་ལེན་སོར་གནས་ཞུ་རྒྱུའི་སྙན་སེང་བཀའ་འཁྲོལ་ མཚམས་དབུས་སྤྱི་ཁྱབ་འདེམས་ལྷན་ལ་ཡིག་ཆུང་སྩལ་རྒྱུ།

༢༽ སྐབས་བཅུ་པའི་ཆོས་ལུགས་ཆོལ་གསུམ་དང་བཅས་པའི་བོད་མི་མང་

སྤྱི ་ འཐུས་འོས ་འདེ མ ས་བྱ་རྒྱུའི ་ འོས ་དམི ག ས་མི ང ་གཞུང་དབུས་འདེ མ ས་

ལྷན་ནས་ཕུལ་འབྱོར་ལ་ཞིབ་འཇུག་དང་འབྲེལ་གཏན་འབེབས་མཛད།

༣༽ སྐབས་བཅུ་པའི་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་ཁོངས་སུ་སྔ་ལོ་

སྐབས་དགུ་པའི་སྤྱི་འཐུས་ཡེ་ཤེས་དབྱིངས་དཔྱད་ཀྱིས་བསྐོ་གཞག་བསྩལ་

ཀྱང་དོ ་ བདག་སོ ་ སོ ས ་རྒྱུ་མཚན་སྣ་ཚོ ག ས་ལ་བསྙད་དེ ་ དགོ ང ས་ཞུ་མཐའ་ གཅིག་ཏུ་བྱས་ནས་ལས་བཅར་མ་ཞུས་པའི་རིགས་ད་ལམ་སྐབས་བཅུ་པའི་ སྔོན་འགྲོའི་འོས་གཞིའི་ཁོངས་སུ་འཇོག་འོས་མེད་སྟབས་ཕྱིར་འཐེན་གནང་

རྒྱུ་དང༌། ཡོངས་ཁྱབ་གསལ་བསྒྲགས་ཤིག་དབུས་འདེམས་ལྷན་ནས་གཏོང་ དགོས་ཡིག་ཆུང་སྩལ་རྒྱུ།(1)

ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༢༩ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུར་སྐབས་བཅུ་པའི ་ སྤྱི ་ འཐུས་འོས ་འདེ མ ས་དང་འབྲེ ལ ་བའི ་ ཐོ ག ་གྲོས་

ཆོད་བཞག་པ་འདི་ལྟར།

གྲོས་ཆོད།

༡༽ དབུས་སྤྱི་ཁྱབ་འདེམས་ལྷན་ནས་སྙན་སེང་གནང་དོན། ས་ཁུལ་འདེམས་

བསྐོ་ཚོགས་ཆུང་ནས་སྤྱི ་ འཐུས་སྐབས་བཅུ་པའི ་ སྔོ ན ་འགྲོའི ་ འོ ས ་གཞི ་

འདེམས་སྒྲུག་བྱས་པའི་འོས་དམིགས་ཀྱི་འོས་ཤོག་ཕུལ་འབྱོར་ནང་གསལ་

གྲངས་བཤེ ར ་གྱི ་ འོས ་གྲངས་མང་ཐོ ན ་སྟར་སྒྲིག ་དང་འབྲེ ལ་ཆོ ས ་བརྒྱུད་སོ ་

1 ཕྱི་ལོ་ ༡༩༨༧།ཁ་དང༌། ༡༩༨༨།ཀ་ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ།

422


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

སོར་འོས་གཞི་མི་གྲངས་ ༨ རེ་དང༌། ཆོལ་ཁ་སོ་སོར་འོས་གཞི་མི་གྲངས་

༡༦ རེ་བཞག་སྟེ་སྔོན་འགྲོའི་འོས་གཞི་གསལ་བསྒྲགས་བྱས་པའི་ནང༌། སྔོན་

འགྲོའི་འོས་གཞིའི་ཁོངས་སུ་ཡོད་པའི་སྐྱེ་བོ་སོ་སོའི་ལོ་རྒྱུས་འགེངས་ཤོག་

ཟུར་སོང་ལྟར་དོ་བདག་སོ་སོས་ལོ་རྒྱུས་བཀང་དགོས་ཤིང༌། གལ་སྲིད་དོ་ བདག་ས་གནས་གཞན་བསྐྱོད་བྱུང་རིགས་ཚོགས་ཆུང་ནས་འགན་ཁུར་གྱིས་

ནང་མི ་ སོ ག ས་ཁུངས་ལྡན་རྒྱུས་ཅན་ལ་འདྲི་བརྩད་བྱས་ཏེ ་ དོ ན ་དུ་ལོ ་ རྒྱུས་ འགེངས་ཤོག་དང༌། ཡང་འོ ས་དམིགས་ཁོངས་ནས་དགོངས་ཞུ་མི་བྱ་མཐུ་

མེད་རིགས་ཀྱི་སྙན་ཤོག་བཅས་ཕྱི་ལོ་ ༡༩༨༨ ཟླ་ ༤ ཚེས་ ༢༥ ནས་མི་ འགྱངས་པར་དབུས་འདེམས་ལྷན་དུ་འབུལ་འབྱོར་ཐུབ་པ་མ་བྱུང་ཕྱིན་དངོས་ གཞི འི ་ འོས ་དམི ག ས་གསལ་བསྒྲགས་བྱེ ད ་སྐབས་ལོ ་ རྒྱུས་འགེ ང ས་ཤོ ག ་

སྟོང་པར་ལུས་ཚེ་སྐྱོན་གནད་འཕྲད་རྒྱུ་བཅས་ཀྱི་གསལ་བསྒྲགས་བྱས་ཡོད་

ཀྱང༌། ད་ལམ་དངོས་གཞིའི་འོས་ཁོངས་སུ་ཞུགས་མིའི་ལོ་རྒྱུས་ཕུལ་འབྱོར་ བྱུང་ཁག་དང༌། དགོངས་ཞུ་འབྱོར་རིགས་ཕུད་ལོ་རྒྱུས་དང༌། དགོངས་ཞུ་མ་

འབྱོར་བའི་རིགས་ཁ་ཤས་འདུག་པ་ཇི་འགབ་ཞུ་དགོས་མཆིས་མིན་སོགས་

ཀྱི་སྙན་སེང་གནང་བར་རྒྱུན་ལས་ནས་བཀའ་བསྡུར་གནང་སྙིང༌།

དངོས་

གཞིའི་འོས་ཁོངས་ནས་ལོ་རྒྱུས་དང༌། དགོངས་ཞུ་མ་འབྱོར་བའི་རིགས་ལ་ ཉིན་གྲངས་ ༡༥ དུས་ཚོད་ཕྱི་བསྣུར་གནང་སྟེ་ཏར་འཕྲིན་གཏོང་རྒྱུ་དང༌། ཕར་

ཚུར་ཏར་འཕྲིན་ལན་གསལ་དུས་འགོར་ཉིན་གྲངས་ ༡༥ ནང་མ་འབྱོར་ན་ འོས་ཁོངས་ནས་འཐེན་རྒྱུ།

༢༽ འདེམས་བསྐོའི་ལས་འཆར་གཏན་འབེབས་ཚེས་ཆ་ནང་གསལ་དངོས་

གཞིའི་ཁོངས་སུ་ཞུགས་མཁན་གྱི་ལོ་རྒྱུས་དང༌།

དགོངས་ཞུ་བཅས་ཕྱི་ལོ་

༡༩༨༨ ཟླ་ ༤ ཚེས་ ༢༥ ནས་མི་འགྱངས་པར་འབུལ་དགོས་གསལ་བསྒྲགས་

སོང་ཡང༌། ད་ལམ་གོང་དུ་དུས་ཐོག་ལོ་རྒྱུས་དང༌། དགོངས་ཞུ་མ་འབྱོར་བ་ 423


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བཅས་ལ་ཏར་འཕྲིན་གཏོང་དགོས་པ་སོགས་ཀྱི་ཡུན་འགོར་ཉིན་གྲངས་ ༡༥ ཙམ་ཕྱི་བཤོལ་མི་བྱ་མཐུ་མེད་ལ་སོང་དངོས་གཞིའི་འོས་བསྡུ་ཆེན་མོའི་དུས་ ཚེས་ཐད་ཕྱིར་བཤོལ་གྱིས་ཕྱི་ལོ ༡༩༨༨ ཟླ་ ༦ ཚེས་ ༢༠ ཉིན་ཕྱི་ལུགས་ཀྱི་

དུས་ཚེས་གསལ་བསྒྲགས་གནང་རྒྱུ།

༣༽ འདེམས་བསྐོའི་ཚེས་ཆ་ཕྱི་བཤོལ་གནང་བར་སོང་དངོས་གཞིའི་འོས་

དམི ག ས་སུ་ཞུགས་མཁན་གྱི ་ ལོ ་ རྒྱུས་ཕུལ་འབྱོ ར ་ཟི ན ་རི ག ས་ཁོ ང ས་ནས་ དྲན་གཏམ་གསར་སྐྱེས་ཀྱིས་འོས་གཞི་ནས་དགོངས་ཞུ་ཕུལ་མཁན་བྱུང་ན་

དགོངས་འཁྲོལ་གནང་རྒྱུ་མིན་པ་དང༌། དེ་བཞིན་ད་ལྟ་དགོངས་ཞུ་བྱས་པའི་ ཁོངས་ནས་བསྐྱར་དུ་འོས་ཁོངས་སུ་ཞུགས་མི་ཆོག

༤༽ དངོས་གཞིའི་འོས་བསྡུའི་དུས་ཚེས་ཉིན་གྲངས་ ༡༥ འགྱངས་རྐྱེན་ནི།

དངོས་གཞིའི་འོས་ཁོངས་སུ་ཡོད་པའི་ཆོས་བརྒྱུད་དང༌། ཆོལ་ཁའི་ཁོངས་

ནས་ལོ་རྒྱུས་དང༌། དགོངས་ཞུ་དུས་ཐོག་རྩ་བ་ནས་མ་འབྱོར་བར་བརྟེན་ནས་ བྱུང་ལུགས་གསལ་བསྒྲགས་ནང་འགོད་རྒྱུ།(1)

ཕྱི་ལོ་ ༡༩༨༨ ཟླ་ ༥ ཚེས་ ༢༡ ཉིན་ཆེས་མཐོའི་རྒྱུན་ལས་ཚོགས་

འདུར་སྐབས་བཅུ་པའི ་ སྤྱི ་ འཐུས་འོས ་འདེ མ ས་དང་འབྲེ ལ ་བའི ་ ཐོ ག ་གྲོས་

ཆོད་བཞག་པ་འདི་ལྟར།

གྲོས་ཆོད།

༡༽ དབུས་སྤྱི་ཁྱབ་འདེམས་ལྷན་ནས་སྙན་སེང་གནང་དོན། རྒྱུན་ལས་སྔོན་

མའི་གྲོས་ཆོད་འབྲུ་དོན་ལྟར་སྔོན་འགྲོའི་འོས་གཞིའི་ཁོངས་སུ་ཡོད་པའི་ལོ་

རྒྱུས་དང༌། དགོངས་ཤོག་འབུལ་དུས་སླར་ཡང་ཉིན་གྲངས་ ༡༥ འགྱངས་པ་ གནང་སྟེ། གོང་དུས་ནང་མ་འབྱོར་ན་རྩིས་མེད་གཏོང་རྒྱུ་གསལ་བ་ལྟར་མི་

1 ཕྱི་ལོ་ ༡༩༨༧།ཁ་དང༌། ༡༩༨༨།ཀ་ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ། 424


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

གྲངས་ ༡༠ ནས་ལན་གསལ་འབྱོར་ཞིང༌། མི་གྲངས་ ༩ ནས་ལན་གསལ་མ་

འབྱོར་བ་འདི་སྐོར་འདེམས་བསྐོའི་ཡིག་ལམ་ལ་ཞིབ་འཇུག་སྐབས་དེ་སྔོན་

ཡིག་ཆའི་ནང་སྔོན་འགྲོའི་འོས་ཁོངས་སུ་ཡོད་པ་མི་གྲངས་ ༡༨ ནས་ལོ་རྒྱུས་

དང༌། དགོངས་ཞུ་མ་འབྱོར་ཡང་འོས་གཞིའི་ཁོངས་སུ་གཏོང་གནང་འདུག་

ཅིང༌། ད་རེས་འོས་བསྡུ་འདི་བཞིན་རྣམ་ཀུན་དང་མི་འདྲ་བར་གལ་གནད་ཆེ་

ལ་དུས་བཀག་ཀྱང་གཏན་འབེབས་ཟིན་པ་ལྟར་དེ་སྔའི་འདེམས་བསྐོའི་ཡིག་

ལམ་གཞིར་བཞག་འོས་གཞིའི་ཁོངས་སུ་གཏོང་འཐུས་སམ།

ཡང་ན་འོས་

གཞིའི་མི་འགྲོ་སྔོན་འགྲོའི་གསལ་བསྒྲགས་ཁོངས་མེད་པའི་འོས་གྲངས་མང་

ཉུང་བསྟར་བསྒྲི ག ས་ཀྱི ས ་ཁ་སྐོང་རྒྱབ་སྟེ་སླར་ཡང་འོ ས ་གཞི ་ གསལ་

བསྒྲགས་གནང་སྒོ ་ དང་བཅས་འོས ་བསྡུའི ་ དུས་ཚོ ད ་ཕར་འགྱངས་གནང་ ལེ ག ས་གཉི ས ་ཇི ་ འགབ་ཐག་གཅོ ད་ཡོ ང་བ་ཞུས་འདུག་པར་རྒྱུན་ལས་ནས་ གྲོས་བསྡུར་ཞུས་སྙིང༌།

ལས་བྱེད་ཚོགས་འཐུས་ཁོངས་ནས་འོས་བསྡུ་ཕར་འགྱངས་དགོས་

ལུགས་གསུང་མཁན་གཅིག་དང༌། བར་བཞུགས་གཅིག་མ་གཏོགས་དེ་མིན་ ཚང་མས་སྔོན་འགྲོའི་འོས་དམིགས་ཁོངས་ནས་ལོ་རྒྱུས་དང༌། འགེངས་ཤོག་

མ་འབྱོར་ཡང་སྔར་ལམ་བཞིན་དངོས་གཞིའི་འོས་ཁོངས་སུ་བཞག་སྟེ་དོན་དུ་

འོས ་བསྡུ་དུས་འགྱངས་སུ་མི་ འབྱུང་བར་བཀའ་དགོ ངས་གཞི ར ་བཟུང་དུས་

ཐོ ག ་ཐུབ་པ་དགོ ས ་ལུགས་ཀྱི་ དགོ ང ས་འཆར་གཅི ག་མཐུན་བྱུང་སོ ང་ཞི ང༌། སྤྱི ་ འཐུས་ཁོ ང ས་ནས་ལས་བྱེ ད ་ཚོ འི ་ དགོ ང ས་འཆར་དང་ཕྱོ ག ས་མཐུན་

གསུང་མཁན་གཅིག་བྱུང་སོང་ཡང༌། སྤྱི་འཐུས་མང་ཆེ་བས་འོས་བསྡུ་འདི་ བཞི ན ་སྤུས་དག་གསལ་པོ ་ ཞི ག ་དགོ ས ་གལ་གྱི ་ དགོ ང ས་འཆར་ཕྱོ ག ས་

མཐུན་བྱུང་སོ ང ་བ་བཅས་ད་ཆ་འོས ་བསྡུའི ་ དུས་ཚོ ད ་ཕར་འགྱངས་ཞུ་རྒྱུ་

ཞུས་ན་འཐུས་མིན་ཞེས་ཕྱི་ལོ་ ༡༩༨༨ ཟླ་ ༥ ཚེས་ ༡༦ འཁོད་སྙན་ཞུ་ཞིག་ 425


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

ཕྱི་ཟླ་ ༥ ཚེས་ ༢༠ ཉིན་ཚོགས་གཙོ་༸སྙན་བཅར་སྐབས་སྐུ་སྒེར་དྲུང་ཆེ་

བརྒྱུད་༸སྙན་སེང་ཞུ་དགོས་བཀའ་ཕེབས་ལྟར་༸སྙན་སེང་གནང་བའི་བཀའི་

ཕྱིར་ཕེབས་སུ། “དངོས་གཞིའི་འོས་ཁོངས་སུ་ཞུགས་མཁན་མི་འགྲོ་ལྡེང་པ་

ཡོད་རིགས་འོས་བསྡུ་བྱ་རྒྱུ་དང༌། འོས་དམིགས་མི་འགྲོ་གཉིས་ལས་མ་ཉུང་

བ་དགོས་པར་མ་ལྡེང་པ་རྙིང་མ་དང༌། མདོ་སྟོད་གཉིས་ཡིན་སྟབས་འོས་བསྡུ་

བསྐྱར་དུ་བྱ་དགོས”་ཞེས་བཀའ་ཕེབས་པ་ལྟར། ད་ལམ་སྐབས་བཅུ་པའི་སྤྱི་ འཐུས་འོས་བསྡུའི་ཁོངས་རྙིང་མའི་ཆོས་བརྒྱུད་དང༌། འོས་དམིགས་གསར་དུ་བསྡུ་དགོས་ཐད། ཡོད་པ་མི་གྲངས་གསུམ་ཡོད་པ་དང༌།

མདོ་སྟོད་ཆོལ་ཁའི་

ད་ཡོད་འགེངས་ཤོག་བསྐངས་

རྙིང་མའི་མི་འགྲོ་གཅིག་ཡོད་པ་དེ་

དག་གི ས ་ལུགས་མཐུན་འོས ་ཁོ ང ས་སུ་ཞུགས་ཏེ ་ ལོ ་ རྒྱུས་ཀྱང་ཕུལ་འབྱོ ར ་ བྱུང་བའི་རྒྱུ་མཚན་ཁ་གསལ་བཀོད་དེ་ཁྱབ་བསྒྲགས་བྱེད་དགོས་པ་དང༌། ཁ་

སྐོང་འོས་དམི ག ས་བསྐྱར་བསྡུ་སྔར་ལམ་ལྟར་དགོ ས་རྒྱུའི ་ གསལ་བསྒྲགས་

འཐུས་ཚང་བྱ་རྒྱུ་དང༌། ཡང་སྔོན་འགྲོའི་འོས་གཞི་མི་གྲངས་ ༡༦ གསལ་

བསྒྲགས་བྱ་དགོས་ཁོངས་ད་ཡོད་མདོ་སྟོད་མི་འགྲོ་གསུམ་དང༌། རྙིང་མའི་མི་ འགྲོ་གཅི ག ་ཡོད་པ་བཅས་འོ ས ་ཁོངས་སུ་བསྐྱར་ཐོན་བྱུང་ན་ལོ་རྒྱུས་

འགེ ང ས་ཤོ ག ་བསྐྱར་བསྐང་མ་དགོ ས ་པ་སྔོ ན ་དུ་ཕུལ་འབྱོ ར ་ཟི ན ་པ་དེ ས ་

འཐུས་པ་གནང་རྒྱུ།

༢༽ སྒྲིག་དོན་ལས་མ་འགལ་བའི་འོས་གཞི་ཁ་ལོངས་ཡོད་པའི་ཆོས་བརྒྱུད་

དང༌། ཆོལ་ཁ་གཞན་རྣམས་འདེམས་བསྐོའི་དུས་ཚེས་ཐོག་འོས་བསྡུ་ཐུབ་ པའི་གསལ་བསྒྲགས་ཕྱག་བསྟར་གནང་དགོས། ༣༽

སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞིའི་

ཁོངས་ནས་དགེ་ལུགས་དང༌། ས་སྐྱ། བཀའ་བརྒྱུད། བོན་པོ། དབུས་གཙང༌།

མདོ་སྨད་བཅས་ཀྱི་འོས་དམིགས་སྒྲིག་མཐུན་འོས་གཞི་མི་རེར་གཉིས་ལས་ 426


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

མ་ཉུང་བ་དགོས་རྒྱུ་ཞེས་གསལ་བ་ལྟར་ཁ་ལོངས་ཡོད་ཀྱང༌། རྙིང་མ་དང༌། མདོ ་ སྟོད་གཉི ས ་ཀྱི ་ སྔོ ན ་འགྲོའི ་ འོས ་དམི ག ས་སྒྲི ག ་དོ ན ་ལྟར་གྱི ་ ཉུང་མཐའི ་

གྲངས་ཚད་ཀྱང་ལོ ང ས་མེ ད ་སྟབས་འདེ མ ས་བསྐོའི ་ དུས་ཚེ ས ་སྔོ ན ་བཀག་

ལྟར་སྔོན་འགྲོའི་འོས་དམིགས་སྒྲིག་མཐུན་ཡོད་པ་རྣམས་ཕྱི་ལོ་ ༡༩༨༨ ཟླ་ ༩

ཚེ་ ༢ ཉིན་གསར་རྙིང་བརྗེ་ལེན་གྱིས་དམ་འབུལ་ཐུབ་པ་ཞུ་རྒྱུ་དང༌། རྙིང་མ་ དང༌།

མདོ་སྟོད་གཉིས་ཀྱི་སྤྱི་འཐུས་འོས་འདེམས་ཐུགས་གཏན་མ་འཁེལ་

བར་མདོ་སྟོད་དང༌། རྙིང་མ་གཉིས་ཀྱི་སྤྱི་འཐུས་རྣམས་རང་འཇགས་སྡོད་རྒྱུ། ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུ་ཞུ་ཕྱོགས་ཐད།

ཆོས་བརྒྱུད་

ཆོ ལ ་གསུམ་དང་བཅས་པའི ་ སྤྱི ་ འཐུས་འོས ་འདེ མ ས་དམ་འབུལ་ཆ་ཚང་མ་

བྱུང་བར་སྔ་འཕྲོས་ཚོགས་གཙོ་དང༌། ཚོགས་གཞོན་གཉིས་དུས་ཡུན་རིང་ ཐུང་ཇི་ལྟར་ཡང་འོས་འདེམས་བསྐོ་འཛུགས་དམ་འབུལ་ཞུ་རྒྱུ་དང༌། རྙིང་མ་

དང༌། མདོ་སྟོད་གཉིས་ཀྱི་སྤྱི་འཐུས་འོས་འདེམས་ཀྱིས་བསྐོ་འཛུགས་ཟིན་མ་ ཐག་ཚོ ག ས་གཙོ ་ བགྲེས་གཞོ ན ་གཏན་འཁེ ལ ་བསྐྱར་དུ་འོས ་འདེ མ ས་བསྐོ་ གཞག་དམ་འབུལ་ཞུ་རྒྱུའི་ྋསྙན་འབུལ་ཞུ་རྒྱུ།(1)

སྐབས་བཅུ་པར་འདེ མ ས་ཐོ ན ་བྱུང་བའི ་ སྤྱི ་ འཐུས་རྣམས་ཕྱག་

རྟགས་བསྐོ་སྩལ་ཕྱི་ལོ་ ༡༩༨༨ ཟླ་ ༨ ཚེས་ ༦ ཆེས་མཐོའི་རྒྱུན་ལས་སུ་ གསལ་བསྒྲགས་གནང༌། (2)

སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་རྣམས་ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༢ ཉིན་དམ་བཅའ་འབུལ་བཞེས་ཀྱིས་ཆེས་མཐོའི་རྒྱུན་ལས་དང་པོ་དེ་ ཕྱི་ལོ་ ༡༩༨༨ ཟླ་ ༩ ཚེས་ ༨ ཉིན་འཚོགས།(3)

1 ཕྱི་ལོ་ ༡༩༨༧།ཁ་དང༌། ༡༩༨༨།ཀ་ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ།

2 ཕྱི་ལོ་ ༡༩༨༧།ཁ་དང༌། ༡༩༨༨།ཀ་ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ། 3 ཕྱི་ལོ་ ༡༩༨༨།ཁ་དང༌། ༡༩༨༩།ཀ་ ༡༩༩༠།ཀ་ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ།

427


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

སྐབས་བཅུ་པའི ་ རྙི ང ་མའི ་ སྤྱི ་ འཐུས་ནུབ་པ་ཆོ ས ་གྲགས་རྒྱ་མཚོ ་

དང༌། མདོ་སྟོད་སྤྱི་འཐུས་འཆི་མེད་རྣམ་རྒྱལ། གསེར་དགའ་བཅས་འདེམས་

ཐོན་གྱིས་ཕྱག་རྟགས་བསྐོ་སྩལ་གནང་བའི་གསལ་བསྒྲགས་ཆེས་མཐོའི་རྒྱུན་ ལས་སུ་ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༧ ཉིན་དབུས་སྤྱི་ཁྱབ་འདེམས་ལྷན་ ནས་གནང་བ་དང༌། ཕྱི་ལོ་ ༡༩༨༨ ཟླ་ ༡༡ ཚེས་ ༢༥ ཚུན་བཞུགས་སྒར་སྤྱི་ ལྷན་ཚོགས་ཁང་དུ་བཅར་འབྱོར་དགོས་པའི་བཀའ་ཁྱབ་གནང་རྒྱུ་གནང༌།(1)

ཕྱི་ལོ་ ༡༩༨༨ ལོར་སྐབས་བཅུ་པའི་བོད་མི་མང་སྤྱི་འཐུས་ལྷན་

ཚོ ག ས་གསར་མཇལ་སྐབས་བཀའ་སློ བ ་ཕེ བ ས་དགོ ང ས་སུ་མ་འོ ང ས་པར་ བོ ད ་ནང་(དམངས)མང་གཙོ འི ་ གཞུང་ཞི ག ་འཛུགས་པའི ་ སྐབས་ྋགོ ང ་ས་

མཆོ ག ་ནས་མཛད་འཁུར་བཞེ ས ་རྒྱུ་མི ན ་ཞེ ས ་སྔོ ན ་དུ་བཀའ་བསྩལ་གྲུབ་པ་

ལྟར། བོད་མི་ཚོས་(དམངས)མང་གཙོའི་གོ་དོན་གསལ་རྟོགས་ཐུབ་པ་དང༌།

མང་ཚོགས་ནས་སྤྱི་གཞུང་གི་འགན་འཁུར་ནུས་ཤུགས་ཆེ་རུ་གཏོང་ཐབས་ བྱེད་དགོས། སྤྱི་འཐུས་རྣམས་མི་མང་གིས་འོས་བསྡུ་འདེམས་ཐོན་ལ་གཏན་ འཁེལ་བྱས་པ་ལས་སྔར་ལམ་ཕྱག་རྟགས་མ་དགོས་པ་དང༌།

གཞིས་སྒར་

ཁག་གི་འགོ་འཛིན་ཡང་ས་གནས་དེ་གའི་མང་ཚོགས་ནས་འདེམས་བསྐོ་བྱ་

རྒྱུ།

དེ་བཞིན་བཀའ་བློན་གྱི་ལས་རྒྱུན་ལོ་ལྔ་རེ་རྫོགས་མཚམས་མུ་མཐུད་

ལས་འཁུར་ཐོ ག ་བསྐོ་གཞག་འོ ས ་མི ན ་སྤྱི ་ འཐུས་ལྷན་ཚོགས་སུ་བཀའ་ བསྡུར་གྱིས་དགེ་སྐྱོན་བསམ་འཆར་ཇི་བྱུང་ལ་ཕྱག་ལེན་བསྟར་རྒྱུས་མཚོན་

(དམངས)མང་གཙོ འི ་ རྣམ་པ་ཇེ ་ ཆེ ར ་གཏོ ང ་དགོ ས ་པ་སོ ག ས་གཞི ས ་བྱེ ས ་ བོ ད ་མི ་ ཡོ ང ས་ལ་(དམངས)མང་གཙོ འི ་ ལམ་སྲོ ལ ་ཡང་དག་གི ་ ནང་བསྐྱོད་

རྒྱུའི་ལམ་སྟོན་བླ་ན་མེད་པ་ཡང་ནས་ཡང་དུ་མཛད་པ་དེ་ལྟ་ནའང་གཅིག་དུ་ བོད་མི་མང་ཚོགས་ཀྱི་བསམ་བློ་དང༌། ཤེས་ཡོན་དགོས་ངེས་གནས་ཚད་མ་

1 ཕྱི་ལོ་ ༡༩༨༨།ཁ་དང༌། ༡༩༨༩།ཀ་ ༡༩༩༠།ཀ་ ལོའི་རྒྱུན་ལས་ཀྱི་གྲོས་ཆོད་དང་ཚིག་ཐོའི༌ནང་གསལ།

428


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

ལོངས་པ། གཉིས་སུ་རྒྱལ་སྤྱིའི་ནང་བོད་མིའི་སྲིད་དོན་གྱི་གནས་སྟངས་ཀྱི་

དབང་གིས་གསལ་བསྒྲགས་རྩ་ཁྲིམས་ཟིན་བྲིས་དང༌། བཀའ་སློབ་སྔ་རྗེས་ རི མ ་ཕེ བ ས་ཀྱི ་ དགོ ང ས་དོ ན ་ཆ་ཚང་བ་ཞི ག ་ལག་ལེ ན ་འཁེ ལ ་མ་ཐུབ་རུང༌།

གནས་དུས་དང་འཚམས་པའི་གང་ཐུབ་ལག་བསྟར་ཞུ་རྒྱུའི་འབད་བརྩོན་དང་

ཆབས་ཅི ག ་མང་ཚོགས་ཀྱི ས ་འོ ས ་འདེ མ ས་བྱས་པའི ་ སྤྱི ་ འཐུས་སྐབས་ བཅུའི་རིང་སྒྲིག་འཛུགས་བསྐྱར་བཅོས་དང༌།

མང་ཚོགས་ཀྱི་ལྟ་སྤྱོད་གོང་

འཕེལ་གཏོང་ཐབས་གང་ཡོང་ཞུས་འདུག་ནའང༌། གཞིས་བྱེས་བོད་མི་ཡོངས་ ཀྱི་སེམས་གཏིང་དུ་ྋགོང་ས་ྋསྐྱབས་མགོན་ཆེན་པོའི་ཐད་ཀའི་དབུ་འཁྲིད་ ལམ་སྟོན་འོག་ཤར་བསྐྱོད་ཞུ་རྒྱུ་ལས་ལྷག་པའི་བོད་རྒྱལ་ཁབ་དང༌།

སྤྱི་

ཚོགས་ལ་ཁེ་ཕན་ཆེ་བའི་ཐབས་ལམ་གཞན་ཞིག་བསྟེན་རྒྱུ་བློས་མི་འཁྱུད་པ་

མ་ཟད།

ནུབ་ཕྱོགས་པའི་(དམངས)མང་གཙོའི་ལམ་སྲོལ་ཇི་བཞིན་དཔར་

བཀབ་ལད་མོ ་ བྱ་རྒྱུའང་འཕྲལ་ཕུགས་བོ ད ་མི འི ་ དགོ ས ་མཁོ ་ དང་འཚམས་

མིན་སོམ་ཉིའི་གནས་སུ་གྱུར་བར་བརྟེན། ྋགོང་ས་ཆེན་པོའི་བཀའ་སློབ་སྔ་ རྗེས་ཀྱི་གསུང་གི་ཚིག་ཟིན་དང་མཐུན་པའི་(དམངས)མང་གཙོའི་ལམ་སྲོལ་

ཐོག་གོམ་རླབས་མདུན་བསྐྱོད་མ་ཐུབ་པར་དུས་ཡུན་གང་ཙམ་སོང༌།

ཕྱི་ལོ་ ༡༩༨༩ ལོར་སྲི་ཞུ་ཚོགས་ཆེན་ཐེངས་བཅུ་དྲུག་པའི་སྐབས་

ད་ཆ་ྋརྒྱལ་བ་རིན་པོ་ཆེས་འགོ་འཁྲིད་མ་དགོས་པར་འགོ་འཁྲིད་མཁན་དེ་

མང་གཙོ ་ མཚན་ཉི ད ་ཚང་བས་འོ ས ་བསྡུའི ་ ལམ་ནས་ཡོ ང ་རྒྱུ་ཡོ ད ་པ་ཞི ག ་

དང༌། ད་ཡོད་ལམ་སྲོལ་ལ་ད་དུང་མང་གཙོའི་རྣམ་པ་གསལ་བར་མཚོན་པའི་ བསྒྱུར་བཅོས་དགོས་རྒྱུ།

རྩ་ཁྲིམས་བཟོ་འགོད་ཚོགས་ཆུང་ཟུར་འཛུགས་

དགོས་པ་སོགས་བཀའ་སློབ་ནན་ཆེ་ཕེབས་པར། ཚོགས་འདུ་བ་ཚང་མས་

བསམ་གྲོས་ཞིབ་བསྡུར་ཞུས་དོན། མགོན་པོ་མཆོག་ཉིད་ནི་བདག་ཅག་བོད་

འབངས་ཡོངས་ཀྱི་ལྟ་བའི་མིག་དང༌། ཁོག་པའི་སྙིང༌། མགོན་དང་སྐྱབས། 429


བཙན་བྱོལ་བོད་མིའི་མང་གཙོའི་བྱུང་བ་བརྗོད་པ།

བོད་བསྟན་སྲིད་མི་རིགས་དང་བཅས་པའི་བླ་སྲོག་ཉག་ཅིག་ཡིན་པ་མ་ཟད།

གཞི ས ་བྱེ ས ་བོ ད ་མི ་ ཡོ ང ས་རྫོ ག ས་ཀྱི ས ་སྙི ང ་ཁོ ང ས་རུས་པའི ་ གཏི ང ་ནས་

གུས་བཀུར་བརྩི་མཐོང་དང༌། རེ་ལྟོས་ཡིད་ཆེས་བླ་མེད་ཞུ་བཞིན་པ་ཡོངས་ གྲགས་འདི་ལྟ་བུ་དེང་འཛམ་གླིང་ནང་(དམངས)མང་གཙོར་ཁས་ཆེ་བའི་འགོ་

འཁྲི ད ་སུ་ཞིག་ལའང་དེ་ལྟའི་ཁྱད་ཆོས་ཡེ་ནས་མེད་པའི་ཚུལ་འདིས་ (དམངས)མང་གཙོ་ཡང་དག་པའི་ངོ་བོ་མཚོན་ནུས་པར་མ་ཚད།

གཞན་

ལས་ལྷག་པའི ་ མང་པོ ས ་བཀུར་བ་དངོ ས ་མཐོ ང ་གཟུགས་གྲུབ་ལ་བརྟེན་

མཛད་འཁུར་མི ་ བཞེ ས ་པའི ་ དགོ ང ས་པ་སྐད་ཅི ག ་ཀྱང་མི ་ བཞེ ས ་པའི ་ ཐོ ག ་ ཚོགས་ཆུང་ཟུར་འཛུགས་མ་དགོས་པ་དང༌།

དེ་མིན་བཀའ་སློབ་དགོངས་

དོན་ཁག་རང་དོན་རང་གཅེས་སྤང་བླང་ཚུལ་བཞིན་ཞུས་ཆོག་པ་ཞེས་གསོལ་ འདེབས་གཏན་ཚིགས་ཆེན་མོ་འབུལ་ལམ་ཞུས།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཤག་ལ་“ཡང་

བསྐྱར་ལེ ག ས་ཆའི ་ བསྒྱུར་བཅོ ས ་གཏོ ང ་འོས ་ཇི ་ ཡོ ད ་སྐོར་མུ་མཐུད་གྲོས་

བསྡུར་དགོས་ལུགས་ཕེབས་པ་”ལྟར་ཕྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༢༩ ནས་ སྤྱི་འཐུས་རྣམ་པ་དང༌། གཞུང་ཞབས་ལས་བྱེད། ཚོགས་པ་ཁག གསར་

འབྱོར་འཐུས་མི་བཅས་ཚོགས་མི་ ༢༣༠ ནས་བགྲོ་གླེང་ཞིབ་བསྡུར་ཞུས་

རྗེས་ྋགོང་ས་མཆོག་ལ་སྙན་གསེང་དང་འབྲེལ་བཙན་བྱོལ་བོད་མི་ཡོངས་ དང༌། བོད་ནང་དུའང་འབྲེལ་ལམ་ཐུབ་ཚད་ལ།

ཀ༽

ད་ཡོད་གཞུང་གི་སྒྲིག་སྲོལ་ནང་སྲིད་བློན་བསྐོ་དགོས་དང་

མི་དགོས། ཁ༽

བཀའ་བློན་རྣམས་སྔར་ལམ་བཞིན་ྋགོང་ས་མཆོག་གིས་

བསྐོ་གཞག་གནང་དང་འོས་བསྡུ་བྱས་པ་ཇི་ལེགས།

ག༽

སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་སྐྱོང་བྱ་རྒྱུའི་ལམ་ 430


སྤྱི་འཐུས་འོས་འདེམས་བྱ་ཕྱོགས་སྐབས་བདུན་པ་ཕན་གྱི་ལམ་ལུགས་སུ་བསྐྱར་བཅོས།

སྲོལ་བཟོ་འོས་ཡོད་དང་མེད། ང༽

སྤྱི་འཐུས་ཀྱི་ལས་འགན་དང་གྲངས་འབོར་སོགས་ལ་སྣོན་

འཕྲི་བསྒྱུར་བཅོས་གནང་འོས་ཡོད་མེད་བཅས་དང༌། གཞན་ཡང་

མང་གཙོའི་རྣམ་པ་སྔར་བས་གསལ་པོར་མཚོན་ཐབས་ཀྱི་སྐོར་ལ་ བསམ་འཆར་བསྡུ་སླད་གསལ་བསྒྲགས་བསྐྱངས་པ་ལྟར། བསམ་

ཤོག་ཁག ༢༨༧ ཕུལ་འབྱོར་བྱུང་བ་རྣམས་ཕྱོགས་བསྡོམས་ཀྱིས་ སྙན་གསེང་ཞུས།

༸གོང་ས་མཆོག་ནས་ཕྱི་ལོ་ ༡༩༩༠ ཟླ་ ༡ ཚེས་ ༩ ཉིན། བཀའ་

ཤག་དང་། སྤྱི་འཐུས། ཚོགས་པ་ཁག་དྲུག་གི་འཐུས་མི། བོད་ནས་གསར་

འབྱོར་བ་བཅས་པར་མགྱོགས་མྱུར་བསྒྱུར་བཅོས་གནང་ཕྱོགས་སྐོར་བཀའ་ སློབ་བསྩལ་དོན། “རྩ་བ་(དམངས)མང་གཙོའི་ངོ་བོ་གསལ་པོ་མཚོན་ཐབས་ ཀྱི་གོ་བསྡུར་བྱེད་དགོས་ཞེས་ངས་སྔ་རྗེས་བཤད་ཡོད་པ་ལྟར།

བར་ལམ་

མང་གཙོའི་བཀོད་སྒྲིག་བྱེད་ཐབས་ཀྱི་བསམ་འཆར་མང་པོ་ཞིག་འབྱོར་དང་

འབྱོར་བཞིན་པ་རེད། བསམ་འཆར་ཁ་ཤས་དངོས་གནས་ཡག་པོ་འདུག ཟླ་

ཤས་ནང་ང་ཚོ ས ་ཚོ ག ས་འདུ་ཆེ ་ ཆུང་གང་འདྲ་ཞི ག ་ཚོ ག ས་དགོ ས ་ཀྱང་ འཚོ ག ས་ཏེ ་ བཀོ ད ་སྒྲི ག ་གསར་པ་བྱ་རྒྱུར་དུས་ཚོ ད ་མང་པོ ་ གཏོ ང ་དགོ ས ་ ཡོང་གི་རེད།

དེ་འདྲའི་ཐོག་ནས་སྤྱི་འཐུས་ཀྱི་འགྲོ་སྟངས་བསྒྱུར་བཅོས་

གཏོང་རྒྱུ་དང་། བཀའ་ཤག་སྤྱིའི་འགྲོ་སྟངས་བསྒྱུར་བཅོས་གཏོང་དགོས་པ་ དེ་འདྲ་ཡོང་མདོག་ཁ་པོ་རེད།”(1) ཅེས་འཁོད་འདུག

1 སྤྱི་འཐུས་དང་བཀའ་ཤག་ལ་བསྩལ་བའི་བཀའ་སློབ་པོད་ ༢ པ། ཤོག་གྲངས་ ༢༥ ཡིག་ཕྲེང་ ༡༤ ནས་ཤོག་ གྲངས་ ༢༦ ཡིག་ཕྲེང་དང་པོའི་བར་གསལ། 431



Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.