ལ་འཇི་བྱི་ལའི་གཏམ་རྒྱུད།

Page 1


བསླབ་བྱ་

ཕ་རོལ་བསླུ་འམ་རྫུན་ཚིག་སྨྲ་བ་ཡིས་།

ཚིག་མི་བཙུན་ཞི​ིང་དབང་པོ་མ་ཚང་སྐྱེ​ེས་།

རང་གཞན་འཕྲལ་ཕུགས་སྡུ​ུག་ལ་སྦྱོར་བ་སྟེ་། དཔེར་ན་མ་འཇི་བྱི​ི་ལའི​ི་གཏམ་རྒྱུད་བཞིན་།

དགེ་ལྡན་ལེགས་བཤད་


སྔོན་ཁྱི​ིམ་བདག་ཅིག་ལ་བུ​ུ་ཕྲུ​ུག་སྤུ​ུན་གཉིས་ཡོད་ གཅིག་གི​ི་མི​ིང་ལ་སྦྱིན་ པ་ཟེར་ཞི​ིང་ གཅིག་ཤོས་དེ​ེར་ཚུ​ུལ་ཁྲི​ིམས་ཟེར་།


སྦྱིན་པ་དང་ཚུ​ུལ་ཁྲི​ིམས་གཉིས་ཆུ​ུང་ངུའི​ི་དུ​ུས་ནས་ཀུན་ སྤྱོད་ལེགས་ཤིང་ བདེན་པར་སྨྲ་བ་དང་

དབུ​ུལ་ཕོངས་ལ་

སྦྱིན་ལ་གཏོང་བར་ལྷག་པར་དགའ་བའོ་།


དེར་བརྟེན་ ཡུ​ུལ་གྱི་རྒྱལ་པོས་ཀྱང་འབངས་ལ་ཁྲིམས་གཅོད་སྐབས་ཁོང་གཉིས་ ལ་བདེན་རྫུ​ུན་ཤན་འབྱེད་བྱེ​ེད་དུ​ུ་བཅུ​ུག་གོ་།


སྐབས་དེའི​ི་རྒྱལ་ཁྲིམས་ལ་ མི་སུས་གཞན་ལས་རྒྱུ་

དངོས་བསྐྱི་ནའང་ བར་དཔང་པོ་ཞི​ིག་དགོས་པ་ཙམ་ལས་ གཏན་ཚིགས་གཞན་ལ་མི་བལྟ་བ་ཡིན་།


ཚུ​ུལ་ཁྲི​ིམས་དང་སྦྱིན་པ་གཉིས་ནར་སོན་སྐབས་།ཉིན་ཞི​ིག་ ཚོང་པ་ཞིག་རྒྱ་

མཚོར་ནོར་བུ​ུ་ལེན་དུ་འགྲོ་སྐབས་ཁྱིམ་བདག་སྦྱིན་པ་དཔང་པོར་བཞག་སྟེ་ཚུ​ུལ་

ཁྲི​ིམས་ལ་ནོར་མང་པོ་བསྐྱི​ིས་ཤི​ིང་ རྒྱ་མཚོ་ལས་ཕྱིར་སླེ​ེབས་སྐབས་སྟེར་བར་བྱས་ སོ་།


ཚུལ་ཁྲི​ིམས་ཀྱིས་ གལ་ཏེ་དེ​ེ་དུས་བདག་གྲོངས་པ་འདྲ་་ཡིན་ན་བུ་ལ་སྤྲོད་

རོ​ོགས་ཞེས་བཤད་པར་ གཅེན་པོ་སྦྱི​ིན་པ་དང་ཚོང་པ་གཉིས་ཀས་མོས་མཐུན་ བྱས་པ་རེད་།


དེ་ནས་ཡུ​ུན་རིང་མ་འགོར་བར་ཁྱིམ་བདག་ཚུ​ུལ་ཁྲི​ིམས་འདས་གྲོངས་སུ་གྱུ​ུར་ཏོ་།


ཚོང་པ་དེ་ཡང་རྒྱ་མཚོའི​ི་དྲག་རླབས་ཀྱིས་གྲུ་གཟིངས་གཏོར་ཏེ​ེ་ ཁོ་རང་གཅིག་ པུ་ཤིང་ལེ​ེབ་གཅིག་ལ་འཇུས་ཏེ་སྲོ​ོག་ཐར་ནས་རང་ཁྱིམ་དུ​ུ་ལོག་གོ་།


ཁྱི​ིམ་བདག་ཚུ​ུལ་ཁྲི​ིམས་ཀྱི་བུ​ུས་ཀྱང་ཁོང་སྙི​ིང་རྗེ​ེ་སྟེ​ེ་ སྐབས་དེར་ཁོང་ལ་ནོར་མེད་ པ་མཐོང་བས་ སྔར་གྱི་བུ​ུ་ལོན་མ་བསྙགས་པར་བསྡད་དོ་།


དེ་ནས་ཡང་ཚོང་པ་དེས་གཞན་ལས་ནོར་བསྐྱི​ིས་ཏེ​ེ་རྒྱ་མཚོར་སོ​ོང་བས་ ནོར་བུ་ རི​ིན་པོ་ཆེ​ེ་མང་དུ་རྙེད་ནས་བདེ་བར་ཕྱིར་ལོག་གོ་།


ཚོང་པ་དེས་འདི​ི་སྙམ་དུ​ུ་ བུ​ུ་ཆུ​ུང་འདི​ིས་དེ​ེ་སྔོ​ོན་བདག་ལ་བུ་ལོན་བསྙགས་མ་བྱུང་ སྟེ་ འདི​ི་ལོ​ོ་ན་ཆུ​ུང་དྲགས་པས་སྔར་གྱི་བུ​ུ་ལོན་བརྗེས་པ་ཡིན་ནམ་བསམ་།


དེར་བུ་ཆུ​ུང་ལ་ཞིབ་པར་བརྟགས་པས་མ་བརྗེད་པ་ཤེས་

ནས་ ཚོང་པའི​ི་སེ​ེ​ེམས་ལ་ བུ་ཆུ​ུང་འདི​ི་བདག་གིས་བསླུ་ ཐབས་ཤིག་བྱས་ཏེ་ བུ​ུ་ལོན་སློག་མ་དགོས་པ་བྱེད་ གོས་སྙམ་མོ་།


དེ་ནས་ཚོས་པས་སྦྱིན་པའི་ཆུ​ུང་མར་ནོར་མང་པོ་སྦྱི​ིན་ཏེ​ེ་ ཁྱི​ིམ་བདག་སྦྱིན་པ་ལ་ སྔར་དཔང་པོ་བྱས་པ་ཁས་མི་ལེ​ེན་པར་བསྐུལ་ཏོ་།


ཆུ​ུང་མས་ཁྱིམ་བདག་ལ་དེ་བཞི​ིན་བསྐུལ་ཀྱང་ དེ་ ནི​ི་ག་ལ་འགྲིགས་བདག་གིས་རྫུན་མི་བཤད་དོ་ ཞེ​ེས་ཟེར་ནས་ཁས་མ་བླངས་པ་རེད་།


དེ་ནས་ཆུང་མ་དེས་ གལ་ཏེ་དེ​ེ་ལྟར་བྱས་ཚེ་ བདག་ གིས་ཁྱེད་ཀྱི​ི་བུ​ུ་བསད་དེ་རང་ཤི་རྒྱག་རྒྱུ་ཞེས་འཇིགས་

བསྐུལ་བྱས་པས་

ཁྱིམ་

བདག་འཇིགས་ཏེ་ཁས་ལེན་བྱེས་པ་རེད་།


དེ་ནས་བུ​ུ་ཆུ​ུང་བ་དེས་སྔར་གྱི་བུ​ུ་ལོན་བསྙགས་པ་ན་ ཚོང་པས་ཁས་ལེན་མ་

བྱས་པས་བུ​ུ་ཆུ​ུང་དང་རྩོད་པར་གྱུར་ཏེ་ ཁོང་གཉི​ིས་སྔར་གྱི་དཔང་པོ་སྦྱི​ིན་པའི་དྲུ​ུང་དུ​ུ་ ཕྱིན་པ་རེད་།


ཁྱིམ་བདག་སྦྱིན་པས་ང་ལ་རྒྱུས་མེད་ཅེས་རྫུན་བཤད་པས་ བུ​ུ་ཆུ​ུང་ཡི​ི་ཆད་དེ​ེ་ཁོ​ོང་ ལ་སྡང་སེམས་དང་བཅས་ཏེ་སོ​ོང་ངོ​ོ་།


དེར་ལྟར་རྫུན་བཤད་པའི་རྣམ་སྨིན་ལས་ ཁྱིམ་བདག་སྦྱིན་པ་གྲོངས་རྗེས་དམྱལ་

བར་སྐྱེས་ནས་སྡུག་བསྔལ་སྣ་ཚོགས་མྱངས་ཤིང་ དེ་ལས་ཐར་ནས་ཀྱང་སྐྱེ་བ་མང་ པོའི​ི་བར་དུ་དབང་པོ་མ་ཚང་བར་སྐྱེས་སོ་།


བཅོམ་ལྡན་འདས་མཉན་ཡོད་དུ་བཞུ​ུགས་སྐབས་ སྔར་གྱི་ཁྱི​ིམ་བདག་སྦྱིན་པ་

དེ་ཁྱི​ིམ་བདག་ཕྱུག་པོ་ཞི​ིག་གི​ི་ནང་དབང་པོ་མ་ཚང་བའི​ི་ཤ་གོང་གོང་ཞི​ིག་ཏུ་སྐྱེས་ ཤི​ིང་ མི​ིང་ལ་མ་ཇི་བྱི​ི་ལ་ཟེར་རོ་།


དེར་སྐྱེ་བོ་རྣམས་ངོ་མཚར་ནས་བཅོམ་ལྡན་འདས་ལ་དེའི​ི་ལས་ཀྱི་རྒྱུ་ཞུ​ུས་པ་ན་ སྔར་གྱི་ལོ་རྒྱུས་རྣམས་གསུངས་པས་ ཐམས་ཅད་ཡིད་ཆེས་ཏེ་བཅོམ་ལྡན་ འདས་ལ་བསྟོད་ཅི​ིང་རྗེ​ེས་སུ་ཡི་རང་བར་གྱུར་ཏོ་།


སྨྲས་པ་

བསླུ་ཞིང་སྐུར་འདེབས་སྒྲོ་འདོགས་སྣ་ཚོགས་པ་། རྫུན་གྱི་རང་བཞིན་ངག་ནས་འབྱིན་པ་ལས་། ཀུན་གྱི་སྨས་ཤིང་ཚོགས་ནས་འབུ​ུད་པ་དང་།

ཚེ་རབས་དུ་མར་སྡུག་བསྔལ་ཟད་མི་ཤེ​ེས་།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.