འུག་པའི་བློན་པོ་བྱ་རོག

Page 1


རྒྱུན་དུ་འགྲོགས་པའིགྲོ​ོགས་སྤངས་ནས་། གསར་བུ་འགའ་ལ་ཡིད་མི​ི་རྟེ​ེ​ེན་། འུག་པའི་རྒྱལ་པོས་བྱ་རོག་གི​ི་།

བློན་པོ་བསྟེ​ེན་པས་ཕུངས་ཞེས་གྲགས་།

ས་སྐྱ་ལེགས་བཤད་


གནའ་སྔ་མོར་ འུག་པའི་རྒྱལ་པོ་དང་བྱ་རོག་གི​ི་རྒྱལ་པོ་གཉི​ིས་ཧ་ཅང་

འཆམ་པོ་ཡོད་པ་རེད་ འོན་ཀྱང་ རྗེས་སུ་འདབ་ཆགས་ཀྱི་རྒྱལ་པོ་གདམ་རྒྱུར་ མ་འཆམ་པས་དམག་རྒྱག་རྒྱུ་བྱེད་པ་རེད་།


རྒྱལ་པོ་དེ​ེ་གཉི​ིས་ལ་བློ་སེ​ེམས་རབ་ཏུ་དཀར་བའི་བློ​ོན་པོ་རེ​ེ་ཡོ​ོད་།


ཉིན་ཞི​ིག་ བྱ་རོག་གི​ི་བློ​ོན་པོ་དེ​ེས་འུག་པ་རྣམས་ཕམ་པར་བྱེད་ པའི་ཐབས་ངན་ཞིག་ཡི​ིད་ལ་འཁོར་བ་རེད་།


ཁོང་གི​ིས་བྱ་རོག་རྣམས་ལ་ ཁྱོད་ཚོས་ངའི​ི་སྒྲོ​ོ་སྤུ་བཏོག་ནས་གནས་གཞན་ ཞིག་ཏུ་སོང་དང་ ངས་འུག་པ་རྣམས་ཕམ་པར་བྱེད་ཆོག་ཅེས་བཤད་།


བྱ་རོག་རྣམས་ཀྱིས་དེ​ེ་ལྟར་བྱས་ཏེ་གནས་གཞན་ཞིག་ཏུ་སོང་།


འུ​ུག་པའི་དམག་ཚོགས་སླེབས་སྐབས་ བྱ་རོག་གི​ི་བློ​ོན་པོ་ས་ལ་འགྱེལ་ཞི​ིང་ སྡུགསྐད་འབྱིན་བཞིན་ཡོད་པ་མཐོང་།


འུ​ུག་པའི་རྒྱལ་པོས་ ནམ་རྒྱུན་ཁྱོད་གཟི་བརྗི​ིད་ཧ་ཅང་ཆེ་བ་ལ་ཅིའི​ི་ཕྱི​ིར་དེ​ེ་ རི​ིང་འདི​ི་ལྟ་བུའི་གནས་སུ་ལྷུ​ུང་ངམ་ ཞེས་དྲི​ིས་།


བྱ་རོག་དེ​ེས་ དེ་རི​ིང་ང་ཚོ་ཚོགས་འདུ་འཚོགས་སྐབས་ ངས་ང་ཚོ་ཕན་ཚུན་བཟང་

འགྲིགས་བྱས་ཏེ་སྔར་ལྟར་གནས་དགོས་ཞེས་བཤད་པར་ བྱ་རོག་གཞན་རྣམས་ཀྱིས་ མ་ཉན་པར་འདི་ལྟར་བྱུང་བ་རེད་།


འུ​ུག་པའི་རྒྱལ་པོས་བདེན་པར་འདུག་བསམས་ཏེ་ བྱ་རོག་གི​ི་བློ​ོན་པོ་དེ​ེ་ཁོ​ོང་ཚོའི​ི་ ལྡོ​ོད་གནས་སུ་འཁྲིད་པ་རེད་།


དེ་ནས་འུ​ུག་པའི་བློ​ོན་པོས་ རྒྱལ་པོ་མཆོག་ བྱ་རོག་དེ​ེ་ནི​ི་ཐབས་ ལ་མཁས་པའི་བློ​ོན་པོ་ཞི​ིག་ཡི​ིན་པས་ ཁོང་གི​ི་སྐད་ཆ་ལ་ཡིད་ ཆེ​ེས་མི​ི་གནང་བར་འཚལ་ ཞེས་ཞུས་པ་རེད་།


འུ​ུག་པའི་རྒྱལ་པོ་ང་རྒྱལ་ཤིན་ཏུ་ཆེ་བས་ ཁྱོད་ནམ་རྒྱུན་བློ་ཁོ​ོག་ཆེ་བ་ཞི​ིག་

ཡིན་མོད་ དེ་རི​ིང་འདི​ི་ལྟར་སྐྲག་དོན་ཅི​ི་ཡི​ིན་ནམ་ཞེས་འུ​ུག་པའི་བློ​ོན་པོ་ལ་འཕྱ་ སྨོད་བྱེ​ེས་པ་རེད་།


འུ​ུག་པའི་བློ​ོན་པོར་བཀའ་བཀྱོན་འཕོག་པས་མ་དགའ་བར་

རྒྱལ་པོ་ལ་དགོངས་པ་ཞུས་ཏེ་ཡུལ་གཞན་དུ་ཕྱིན་པ་རེད་།


བྱ་རོག་གི​ི་བློ​ོན་པོ་སླེ​ེབས་ནས་ཉིས་ཤས་སོང་རྗེ​ེས་ འུ​ུག་པའི་རྒྱལ་པོས་ཁོ་བློ​ོན་ པོར་བསྐོས་པ་རེད་།


ཉིན་གཅིག་ འུག་པའི་རྒྱལ་པོས་བྱ་རོག་ལ་ ཁྱོད་ཧ་ཅང་སྤྱང་པོ་དང་ འཇོན་

པོ་ཞི​ིག་རེད་འདུག་ འོ་ན་ང་ཚོ་ལ་སྔར་ལས་སྐྱིད་པའི་ཚང་ཞིག་བཟོས་ན་ག་འདྲ་ འདུག་ ཅེས་དྲི​ིས་།


བྱ་རོག་གི​ི་བློ​ོན་པོས་ འུ​ུག་ཚང་འདི​ི་ཡར་རྒྱས་གཏོང་དགོས་འདུག་འོན་ཀྱང་ག་འདྲ་

བཟོ་དགོས་སམ་བྱས་པར་ འུ​ུག་པའི་རྒྱལ་པོས་དེ་ཁྱོ​ོད་ཀྱི​ི་བཀོད་ཇུས་ལྟར་བཟོས་ ཆོག་ཅེས་བཤད་པ་རེད་།


བྱ་རོག་གི​ི་བློ​ོན་པོས་འུག་པ་རྣམས་ལ་བཀོད་ཇུས་བཏང་སྟེ་ བྱ་ཚང་དེ་ཤི​ིང་སྡོ​ོང་གི​ི་

ཡལ་གའི་སྟེ​ེང་ཤི​ིང་སྐམ་པོས་བཟོས་ཏེ​ེ་ ནང་དུ་ལྕི་བ་སྐལ་པོ་བཏི​ིང་བས་ བྱ་ཚང་ འདི​ི་དངོ​ོས་གནས་དྲོ་ཞི​ིང་བདེ་བ་ཞི​ིག་འདུག་ཅེས་འུག་པ་ཚང་མས་ བསྟོད་བསྔག་བྱས་།


བྱ་ཚང་གྲུབ་རྗེས་ བྱ་རོག་གི​ི་བློ​ོན་པོས་ཉི​ིན་མོ་འུ​ུག་པ་རྣམས་ཚང་དུ་ཉམ་སྐབས་ ཁོ་ཟས་འཚོལ་དུ་འགྲོ་ཞི​ིང་ མཚན་མོ་འུག་པ་རྣམས་ཟས་འཚོལ་སྐབས་བྱ་ ཚང་བསྲུངས་ནས་བསྡད་པ་རེད་།


ཉིན་ཞི​ིག་ བྱ་རོག་གི​ི་བློ​ོན་པོས་ལྐོག་ཏུ་བྱ་རོག་རྣམས་བསྡད་སར་ཡོང་སྟེ​ེ་ སང་ ཉིན་ཁྱོད་ཚོ་ཚང་མས་མེ་འཁྱེར་ཏེ​ེ་འུ​ུག་པའི་ཚང་དུ་ཤོག་ཅེས་བཤད་།


བྱ་རོག་གི​ི་བློ​ོན་པོས་བཤད་པ་ལྟར་ ཕྱི་ཉི​ིན་བྱ་རོག་ཚང་མ་ འུ​ུག་པའི་གནས་ཡུལ་དུ་འཛོམས་པ་རེད་།


འུ​ུག་པ་རྣམས་ཉིན་མོར་ཚང་དུ་ཉལ་ཡོད་པས་ བྱ་རོག་རྣམས་ ཀྱིས་འུག་ཚང་ལ་མེ་བཏང་སྟེ་ཐལ་བ་ལྟར་གྱུར་བ་རེད་།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.