༄༅། ། འཛིན་རིམ་དྲུག་པའི་སློབ་དེབ།
སྤྱི་ཚོགས་ཚན་རིག
ཕྱི་ལོ་༢༠༡༠ ལོར་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་བར་མའི་བསླབ་གཞི་ རྩ་འཛིན་གྱི་དགོངས་དོན་བཞིན་རྩོམ་སྒྲིག་དང་དཔར་འགྲེམས་བྱས།
རྩོམ་སྒྲིག་ཐེངས་དང་པོ། ཕྱི་ལོ་༢༠༡༡ ཟླ་དང་པོ། དཔར་ཐེངས་དང་པོ།
First edition January 2011 First printing 1000 Copies
དཔར་གྲངས་ ༡༠༠༠།
ISBN Printed and Distributed by: Sherig Parkhang/ TCRPC R-28, Ramesh Park Laxmi Nagar New Delhi-110092 Ph.: 2245 3672 Telefax: 2245 5634
© Department of Education, CTA
རྩོམ་སྒྲིག་འགན་འཁུར་བ། རྩོམ་སྒྲིག་པ། ཞུ་དག་པ།
དེབ་གཟུགས་ཇུས་འགོད།
དྲུང་འཕར་བཀྲ་ཤིས་དོན་གྲུབ།
བསོད་ནམས་བཟང་པོ། བུ ་སྐྱབས།
ཆེས་མཐོའ ་ི སློབ་དེབ་བསྐྱར་ཞིབ་ཚོགས་ཆུང་།
དྲུང་འཕར་བཀྲ་ཤིས་དོན་གྲུབ། ཤེས་རིག་ལས་ཁུངས།
འཇམ་དབྱངས།
བསོད་ནམས་བཟང་པོ། བུ ་སྐྱབས།
Special Acknowledgement Funding for this project is raised by Danish International Assistance (DANIDA) through Centre for International Cooperation & Education (CICED), Copenhagen, Denmark.
བོ ད ་གཞུང་ཤེས་རིག་ལས་ཁུངས་ Department OF EDUCATION Central Tibetan administration Of his holiness the Dalai lama
ཆེད་བརྗོད།
Cable Phone Fax E-mail Web
: SHERIG : 01892-222572 01892-222721 : 01892-223481 : education@gov.tibet.net : www.tcewf.org
GANGCHEN KYISHONG DHARAMSHALA -176215 DISTT.KANGRA,H.P INDIA
༄༅། །བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེའི་དགོངས་དོན་སྤྱི་དང། ཁྱད་པར་ཕྱི་ལོ་༢༠༠༤ ཟླ་༩ པའི་ནང་བོད་མི་མང་སྤྱི་ འཐུས་ལྷན་ཚོགས་ནས་ཁྲིམས་གཞིའི་ངོ་བོའ་ི ཐོག་སྤྱི་མོས་ཀྱིས་གཏན་འབེབས་གནང་བའི་བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་
སྲིད་བྱུས་ཀྱི་འབྲུ་དོན་བཞིན། བཙན་བྱོལ་བོད་མིའི་གཞི་རིམ་སློབ་གྲྭ་ཁག་གི་ཤེས་ཡོན་སློབ་སྟོན་གྱི་སྤུས་ཚད་གོང་མཐོར་གཏོང་བ་ དང་ཆབས་ཅིག སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་དུ་བསྒྱུར་རྒྱུ་ནི་བཙན་བྱོལ་བོད་མིའི་གཞི་རྩའི་འོས་འགན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱེད་ཐབས་གཙོ་བོ་ཞིག་ཀྱང་ཡིན་གཤིས། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག་བོད་མི་རྣམས་བཙན་བྱོལ་དུ་ འབྱོར་བའི༌ཐོག་མའི་དུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་ཐབས་སླད་དེང་རབས་ཀྱི་ཁྱད་ ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་བྱེད་པ་དང༌། ལོ་རབས་བརྒྱད་ཅུ་པའི་སྨད་ཙམ་ནས་གཞི་རིམ་འོག་མ་ ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འགོ་བཙུགས༌ཏེ། ཕྱི་ལོ་༢༠༠༠ ལོར་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་ གྱི་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་བྱུང་བ་ནི། འཛམ་གླིང་གི་བཙན་བྱོལ་ བ༌མང་པོའ་ི གནས་སྟངས་ལ་ལྟོས་པའི་གྲུབ་འབྲས་ངོ་མཚར་ཅན་ཞིག་ཏུ་བརྩིས་ཆོག འོན་ཀྱང། ཧ་ཅང་ཉག་ཕྲ་བའི་བོད་ཀྱི་ཛ་དྲག་ གནས་སྟངས་ལ་ལྟོས་ཚེ་གྲུབ་འབྲས་དེ་ཙམ་གྱིས་འགྲིགས་འཐུས་མེད་པ་དང། དེང་གོ་ལ་གཅིག་གྱུར་ཅན་དང། བརྡ་འཕྲིན་སྣ་མང་ ཅན། འབྲེལ་གཏུགས༌གྲངས་མང་ཅན། འབྲེལ་བ་རྙོག་འཛིང་ཅན། དཔལ་འབྱོར་ཚོང་ལས་ཅན་སོགས་འཛམ་གླིང་གི་འཕེལ་འགྲོས་ ཐོག རྒྱ་ནག་གི་གདུག་རྩུབ་དབང་སྒྱུར་འོག་བོད་མིའི་ཐུན་མིན་རིག་གཞུང་ངོས་འཛིན་ཉམས་རྒུད་ཚབས་ཆེར་སོང་། ཤི་གསོན་གྱི་ གནས་སུ་གྱར་ཡོད་པ་ཚང་མས་མཁྱེན་གསལ་བཞིན། མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་མི་ཉམས་རྒྱུན་འཛིན་བྱ་བའི་ཐབས་ ལམ་ཉག་གཅིག་ནི། མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དེང་རབས་ཅན་དུ་བསྒྱུར་བ་དང་དུས་མཚུངས། དེང་རབས་ཀྱི་སྔོན་ཐོན་ རིག་གནས་མི་རིགས་ཀྱི་ཁྱད་ཆོས་ཅན་དུ་བསྒྱུར་རྒྱུ༌གཉིས་ཟུང་འབྲེལ་བྱ་རྒྱུ་མ་གཏོགས། དེ་གཉིས་ལས་གཞན་པའི་ཐབས་ལམ་གང་ ཡང་མེད་པ་གསལ་རྟོགས་ཐུབ་པ་ཡིན། དེར་བརྟེན། གཞི་རིམ་སློབ་གྲྭའི་སློབ་ཚན་བོད་སྒྱུར་གྱི་ལས་གཞི་འདི་ནི། བོད་ཀྱི་མ་འོངས་མདུན་ལམ་ལ་དང་འབྲེལ་ལྟོས་ ཆེ་བའི་ལས་དོན་གལ་འགངས་ཆེན་པོ་ཞིག་ཡིན་སྟབས། འདི་ག་ཤེས་རིག་ལས་ཁུངས་ནས་གཞི་རིམ་སློབ་ཚན་བོད་སྒྱུར་གྱི་ལས་ གཞི་འདི་ཉིད་ལས་དོན་གལ་ཆེན་ཞིག་ལ་ངོས་འཛིན་གྱིས་ཕྱི་ལོ་༢༠༠༠ལོར་གཞི་རིམ་འོག་མའི་འཛིན་གྲྭ་ལྔ་པ་བར་གྱི་ཨང་རྩིས་བོད་ སྒྱུར་ཟིན་པ་དང་འབྲེལ། གཞི་རིམ་བར་མ་འཛིན་རིམ་དྲུག་པ་ནས་བརྒྱད་པ་བར་གྱི་ཚན་རིག་དང་ཨང་རྩིས་སློབ་ཚན་བོད་སྒྱུར་བྱས་ ཤིང། འདི་ལོ་ནས་བཟུང་གཞི་རིམ་གོང་མ་འཛིན་རིམ་དགུ་པ་ཡན་གྱི་སློབ་ཚན་བོད་སྒྱུར་ལས་གཞི་འགོ་འཛུགས་བྱས་ཡོད། ཁྱད་ པར་ཕྱི་ལོ་༢༠༡༠ལོར་རང་གཞུང་བཀའ་ཤག་ནས་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་འོག་སྔོན་འགྲོ་ནས་གཞི་རིམ་བར་མ་ བར་གྱི་བསླབ་གཞིའི་རྩ་འཛིན་བཀའ་འཁྲོལ་གཏན་འབེབས་གནང་བ་ནས་བཟུང། བཙན་བྱོལ་བོད་མིའི་ཤེས་ཡོན་སློབ་ཁྲིད་དང་ སློབ་དེབ་རྩོམ་སྒྲིག་གི་ལས་དོན་ཁག་ལ་ཁྲིམས་སྒྲིག་གི་རྩ་འཛིན་གསར་དུ་བྱུང་། ཀ༽
རྩ་འཛིན་ལམ་སྟོན་དེ་དག་གཞི་རྩར་བཟུང་སྟེ་ཕྱི་ལོ་༢༠༡༠ནས་འདི་ག་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས་<<འཛིན་རིམ་ དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ་>>འདི་ཉིད་རྩོམ་སྒྲིག་གི་ལས་དོན་འགོ་བཙུགས་ཤིང་། སློབ་དེབ་ཀྱི་ནང་དོན་དང་ཁྱབ་ ཚད་རང་རེའི་བོད་ཕྲུག་རྣམས་ཀྱི་གནས་སྟངས་དང་དགོས་མཁོར་འཚམས་པོ་ཡོང་ཆེད། <<གཞི་རིམ་བར་མའི་བསླབ་གཞི་རྩ་ འཛིན་>>གྱི་དགོངས་དོན་བཞིན། ས་ཁམས་དང་སྲིད་དོན་ཚན་རིག་ལ་བརྒྱ་ཆ་༤༠ དང་། འཛམ་གླིང་དང་རྒྱ་གར་གྱི་སྤྱི་ཚོགས་ལོ་ རྒྱུས་སྐོར་ལ་བརྒྱ་ཆ་༣༠། བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་སྐོར་བརྒྱ་ཆ་༣༠ བཅས་ཀྱི་གཏན་འབེབས་གཞིར་བཟུང་རྒྱས་བསྡུས་རན་པ་ ཞིག་ཡོང་བའི་འབད་བརྩོན་བྱས་ཡོད། སློབ་དེབ་འདིའི་རྩོམ་སྒྱུར་སྐབས་རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ལྟེ་གནས་(NCERT)ཀྱིས་བཏོན་ པའི་འཛིན་རིམ་དྲུག་པའི་ས་ཁམས་དང་། ལོ་རྒྱུས། སྲིད་དོན་ཚན་རིག་བཅས་ཀྱི་སློབ་དེབ་དང་། ཉེ་ཆར་བོད་ནས་ཐོན་པའི་སྤྱི་ཚན་ སློབ་དེབ་ཁག ཨེན་ཀར་ཊ་(ENCARTA)ཞེས་པའི་འཛམ་གླིང་ཤེས་བྱ་ཀུན་བཏུས༌སོགས་གཞི༌རྩར་བཟུང་བ་མ་ཟད། སྔ་རྗེས་ཐེངས་ གཉིས་སུ་གཞི་རིམ་བར་མའི་སྤྱི་ཚན་དགེ་རྒན་ཁག་དང་ལྷན་སྦྱངས་བཤད་དང་བགྲོ་གླེང་བྱས་པ་མ་ཟད། ཤེས་རིག་ལས་ཁུངས་ནས་ བསྐོ་འཛུགས་གནང་བའི་གཞི་རིམ་བར་མའི་སྤྱི་ཚན་སློབ་དེབ་ལམ་སྟོན་ཚོགས་ཆུང་གིས་མཐའ་མའི་བསྐྱར་ཞིབ་དང་སྦྲགས་གཏན་ འབེབས་བྱས་ཡོད།
སློབ་དེབ་ནང་བཀོད་པའི་དཔེ་རིས་དང་ས་ཁྲ་ཕལ་ཆེ་བ་འབྲེལ་ཡོད་ནས་ཆོག་མཆན་ཐོབ་པ་ཤ་སྟག་ཡིན་ཞིང་། བོད་ཀྱི་ ས་ཁྲ་ཁག་ནི་རང་གཞུང་དྲིལ་བསྒྲགས་ལས་ཁུངས་ནས་འདོན་སྤེལ་གནང་བ་ཁག་ཡིན། དེང་གི་ཆར་བོད་ཕྱི་ནང་གཉིས་སུ་འཕྲུལ་ རིག་དང་ཚན་རིག་སྐོར་གྱི་དེབ་རིགས་གང་འཚམ་ཞིག་ཐོན་བཞིན་ཡོད་མོད། སློབ་དེབ་ཁག་དང༌ཡིག་ཆ། ཚགས་དེབ། ཚིག་མཛོད་ སོགས་སུ་བརྡ་ཆད་གཅིག་གྱུར་མེད་པ་འདི་ནི་ད་ལྟའི་ཆར་གཡོལ་ཐབས་མེད་པའི་དཀའ་ངལ་ཞིག་ཏུ་གྱུར་ཡོད་པས། སློབ་དེབ་ནང་ བཀོད་པའི་ཐ་སྙད་ཁག་ཅིག་ཐོག་སྐབས་འགར་རང་ངོས་ནས་མོས་མཐུན་དེ་ཙམ་ཞུ་དཀའ་ནའང། བརྡ་ཆད་གཅིག་གྱུར་ཡོང་རྒྱུ་ གལ་འགངས་ཆེ་བར་བརྟེན་བཙན་བྱོལ་བོད་གཞུང་གི་ཆེས་མཐོའ ་ི གཏན་འབེབས་ལྷན་ཚོགས་ཀྱིས་གཏན་འབེབས་གནང་བའི་ཐ་ སྙད་ཁག་བཀོལ་སྤྱོད་བྱ་རྒྱུ་གཙོ་བཟུང་བྱས་ཡོད། སློབ་དེབ་ནང་སློབ་ཚན་གྱི་ནང་དོན་གྱི་ཆ་ནས་ས་ཁམས་རིག་པ་དང་། རྒྱ་གར་གྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས། བཙན་བྱོལ་ བོད་མིའི་ཆབ་སྲིད་འཕེལ་འགྱུར་ངོ་སྤྲོད། སྤྱིར་བཏང་ཤེས་བྱ་(རྒྱ་གར་གྱི་ཆབ་སྲིད་ངོ་སྤྲོད།) བཅས་སྡེ་ཚན་ལྔར་དབྱེ་ཞིང་། སློབ་ཚན་ སོ་སོའ་ི མཇུག་ཏུ་རྒྱས་བསྡུས་འཚམས་པའི་སྦྱོང་ཚན་དང་བྱེད་སྒོ་ཁག་བཀོད་སྒྲིག་བྱས་ཡོད་པ་མ་ཟད། སློབ་ཚན་ནང་སྤྱད་པའི་ཐ་ སྙད་གསར་པ་ཁག་ཨིན་བོད་ཤན་སྦྱར་ཀྱི་ཚུལ་དུ་ཟུར་འདོན་བྱས་པ་སློབ་དེབ་ཀྱི་མཇུག་ཏུ་སྦྱར་ཡོད། སློབ་དེབ་འདི་ཉིད་རྩོམ་སྒྱུར་གྱི་ལས་དོན་ཐོག་ས་སྐྱ་སྤྱི་འཐུས་པདྨ་འབྱུང་གནས་དང། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་ བསོད་ནམས་རྒྱལ་མཚན་རྣམ་གཉིས་ཀྱིས་ཐུགས་འཁུར་ཆེན་པོས་བོད་ཀྱི་ལོ་རྒྱུས་དང་བཙན་བྱོལ་བོད་མིའི་ཆབ་སྲིད་ངོ་སྤྲོད་རྨང་ གཞི་གསར་རྩོམ་ཐོག་རོགས་སྐུལ་ཞུས་པར་ཞལ་བཞེས་ཀྱིས་རོགས་སྐྱོར་གནང་བར་དམིགས་བསལ་ཐུགས་རྗེ་ཆེ་ཞུ་རྒྱུ། ཤེས་ཡོན་སྲིད་བྱུས་འོག་ཐོན་པའི་གཞི་རིམ་བར་མའི་སྤྱི་ཚན་སློབ་དེབ་འདི་ཉིད་རང་རེའི་སྤྱི་ཚོགས་ཁྲོད་ཐོག་མ་ཡིན་ གཤིས། སློབ་དེབ་ཀྱི་ནང་དོན་དང་བཀོད་ཇུས། ཁྱད་པར་བོད་མི་རང་ལ་མཁོ་བའི་སྤྱི་ཚོགས་ཚན་རིག་གི་ཆ་ཤས་སོགས་གང་ཅིའི་ཆ་ ནས་སྤྱི་ཚོགས་ཐོག་ཡོངས་ཁྱབ་དགོངས་ཞིབ་ཀྱིས་ད་དུང་ཡང་ལེགས་བཅོས་དང་ཡར་རྒྱས་གཏོང་དགོས་པའི་ཆ་གང་མང་ཡོད་པ་ སྨོས་མ་དགོས་པས། རྒྱ་ཆེའི་དོན་གཉེར་ཅན་རྣམས་ཀྱིས་ཡིག་ངག་གཉིས་ཐོག་ནས་དགོངས་འཆར་ལྷུག་སྩོལ་གནང་བར་དགའ་བསུ་ ཞུ། བོད་གཞུང་ཤེས་རིག་ལས་ཁུངས་སྲོལ་རྒྱུན་ཤེས་ཡོན་ཚན་པ་ནས། བོད་རྒྱལ་ལོ་༢༡༣༨ ཕྱི་ལོ་༢༠༡༡ ཟླ་༤ ཚེས་ ༧ ཉིན་བཞུགས་སྒར་དྷ་རམ་ས་ལར་བྲིས།
ཁ༽
དཀར་ཆག ཆེད་བརྗོད། ................................................................................................................................ཀ
ས་ཁམས་རིག་པ། སློབ་ཚན་དང་པོ། ཉི་མའི་ཁྱིམ་རྒྱུད་དང་སའི་གོ་ལ། .................................................................................. ༢
སློབ་ཚན་གཉིས་པ། སའི་གོ་ལའི་དཔེ་དབྱིབས། ..................................................................................... ༩ སློབ་ཚན་གསུམ་པ། སའི་གོ་ལའི་འགུལ་སྐྱོད། ...................................................................................... ༢༠ སློབ་ཚན་བཞི་པ། ས་ཁྲ། ................................................................................................................. ༢༧ སློབ་ཚན་ལྔ་པ། སའི་གོ་ལའི་གྲུབ་ཆ་གཙོ་བོ། ...................................................................................... ༣༦
སློབ་ཚན་དྲུག་པ། སའི་གོ་ལའི་ངོས་ཀྱི་བཀོད་པ། .................................................................................. ༤༨ སློབ་ཚན་བདུན་པ། ང་ཚོའི་ཕ་ཡུལ།---བོད། ...................................................................................... ༥༦ སློབ་ཚན་བརྒྱད་པ། ང་ཚོའི་གནས་ཚང་རྒྱལ་ཁབ།---རྒྱ་གར། ................................................................. ༦༦
རྒྱ་གར་གྱི་ལོ་རྒྱུས།
སློབ་ཚན་དང་པོ། ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སམ། .............................................................................. ༧༦
སློབ་ཚན་གཉིས་པ། ཞིང་འབྲོག་གི་འཚོ་བ་འགོ་བཙུགས་པ། ...................................................................... ༨༢ སློབ་ཚན་གསུམ་པ། གནའ་བོའ ་ི གྲོང་ཁྱེར། .......................................................................................... ༨༦
སློབ་ཚན་བཞི་པ། རྒྱལ་ཕྲན་དང་གནའ་བོའ ་ི སྤྱི་མཐུན་རྒྱལ་ཁབ། ................................................................ ༨༩ སློབ་ཚན་ལྔ་པ། དོགས་སློང་དང་ལྟ་གྲུབ་སྣ་ཚོགས་བྱུང་ཚུལ། .................................................................... ༩༤ སློབ་ཚན་དྲུག་པ། དམག་འཁྲུག་གི་ལས་སྤངས་པའི་ཆོས་རྒྱལ་མྱ་ངན་མེད། .................................................. ༡༠༡ སློབ་ཚན་བདུན་པ། འཛུགས་སྐྲུན། སྒྱུ་རྩལ། དཔེ་དེབ། .......................................................................... ༡༠༦
བོད་ཀྱི་ལོ་རྒྱུས། སློབ་ཚན་དང་པོ། བོད་ཀྱི་སྣོད་བཅུད་ཆགས་ཚུལ། ................................................................................ ༡༡༢
སློབ་ཚན་གཉིས་པ། གཉའ་ཁྲིའི་གོང་གི་བོད་ཡུལ་ངོ་སྤྲོད། ........................................................................ ༡༡༨ སློབ་ཚན་གསུམ་པ། གནའ་རབས་བོད་མིའི་ཤེས་རིག .......................................................................... ༡༢༡
སློབ་ཚན་བཞི་པ། གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས། ............................................................... ༡༢༤
བཙན་བྱོལ་བོད་མིའི་ཆབ་སྲིད་ངོ་སྤྲོད། སློབ་ཚན་དང་པོ། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱུང་བ་དང། སྒྲོམ་གཞི། ............................................... ༡༣༠ སློབ་ཚན་གཉིས་པ། བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས།............................................................ ༡༣༢ སློབ་ཚན་གསུམ་པ། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས། .................................................................... ༡༣༦
སློབ་ཚན་བཞི་པ། བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་འཕེལ་རིམ།(༡༩༦༣ནས་༡༩༩༠) ............ ༡༣༩
སྤྱིར་བཏང་ཤེས་བྱ།--- རྒྱ་གར་གྱི་ཆབ་སྲིད་ངོ་སྤྲོད། སློབ་ཚན་དང་པོ། ཅི་ཞིག་ལ་སྲིད་གཞུང་ཟེར།
............................................................................... ༡༤༤
སློབ་ཚན་གཉིས་པ། ས་གནས་སྲིད་གཞུང་དང་འཛིན་སྐྱོང་། ..................................................................... ༡༥༠ སློབ་ཚན་གསུམ་པ། ཡིད་འོང་གི་འཛམ་གླིང་དང་སྣ་མང་རིག་གཞུང་། ....................................................... ༡༥༣
སློབ་ཚན་བཞི་པ། སྤྱི་མང་གི་ཁེ་ཕན། ................................................................................................ ༡༥༧
ཨིན་བོད་ཐ་སྙད་ཤན་སྦྱར། .......................................................................................................... ༡༦༣
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ས་ཁམས་རིག་པ།
སའི་གོ་ལ་་་་་་་་མིའི་རིགས་ཀྱི་ཁྱིམ་གཞིས། • ཉི་མའི་ཁྱིམ་རྒྱུད་ནང་དངོས་གཟུགས་ཅི་འདྲ་ཡོད་དམ།
• ཁྱེད་ཀྱིས་སའི་གོ་ལའི་འགུལ་བསྐྱོད་བྱེད་སྟངས་སྐོར་ལ་ཅི་ཞིག་ཤེས་སམ། • སའི་གོ་ལའི་དཔེ་དབྱིབས་ལ་སྤྱོད་སྒོ་གང་དག་ཡོད་དམ།
• ཁྱེད་ཀྱིས་ས་ཁྲ་ཀློག་ཚུལ་ཡང་དག་ཅིག་ཤེས་ཀྱི་ཡོད་དམ།
• སའི་གོ་ལའི་གྲུབ་ཆ་གཙོ་བོ་གང་དང་གང་ཡིན་ཤོད་དང་།
• སའི་གོ་ལའི་ངོས་ཀྱི་བཀོད་པ་ཆགས་སྟངས་ཅི་འདྲ་ཡོད་དམ། • ང་ཚོའི་ཕ་ཡུལ་བོད་ཀྱི་ས་ཁམས་སྐོར་རགས་ཙམ་ཤོད་དང་།
• ང་ཚོའི་གནས་ཡུལ་རྒྱལ་ཁབ་རྒྱ་གར་གྱི་ས་ཁམས་ཆགས་ཚུལ་གང་འདྲ་ཡོད།
1
1
2
ས་ཁམས་རིག་པ།
ཉིི་མའིི་ཁྱིིིམ་རྒྱུད་དང་སའིིི་གོོོ་ལ།
ང་ཚོས་ཤེས་གསལ་ལྟར།
1
མིའི་རིགས་ནི་སའི་གོ་ལའི་སྟེང་དུ་
འཚོ་གནས་བྱས་ཡོད་ཅིང་། སའི་གོ་ལ་ནི་མཁའ་དབྱིངས་ཀྱི་ཉི་མའི་ཁྱིམ་
རྒྱུད་ནང་གི་གཟའ་ཞིག་ཡིན། གནམ་ཐང་བའི་མཚན་མོར་མིག་གམ་རྒྱང་ ཤེལ་ལ་བརྟེན་ནས་བར་སྣང་དུ་བལྟ་སྐབས་འོད་ཆེམ་ཆེམ་དུ་འཕྲོ་བའི་རྒྱུ་ དཔེ་རིས། 1.1: ཉི་མའི་ཁྱིམ་རྒྱུད།
ཁྱེ ད ་ཀྱི ས ་རང་ཉི ད ་དང་འཇི ག ་ རྟེ ན ་ཁམས་ཀྱི ་ དབར་འབྲེ ལ ་བ་ཅི ་ ཞི ག ་ ཡོད་པ་རྟོགས་སམ། ང་ཚོ་འགྲོ་བ་མི་ རྣམས་ནི་སའི་གོ་ལའི་ཐོག་འཚོ་སྡོད་བྱེད་ ཀྱི་ཡོད། སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ ནང་གི་རྒྱུ་སྐར་ཞིག་རེད། ཉི་མའི་ཁྱིམ་ རྒྱུད་ནི་དགུ་ཚིགས་ཀྱི་ཆ་ཤས་ཤིག་རེད། ང་རང་ཚོ འི་དགུ་ཚིགས་ཀྱི་མིང་ལ་དགུ་ ཚིགས་སྐྱ་མོ་ཞེས་ཟེར་ཞིང་། དེའི་ནང་ སྐར་མ་ཐེ ར ་འབུམ་བཞི ་ བརྒྱ་ལྷག་ཡོ ད ། འཇི ག ་རྟེ ན ་ཁམས་ནང་དགུ་ཚི ག ས་ཐེ ར ་ འབུམ་བརྒྱ་ཕྲག་མང་པོ་ཡོད།
སྐར་དང་།
འཕེལ་འགྲིབ་ཀྱི་འགྱུར་ལྡོག་ཆེ་བའི་ཟླ་བ་སོགས་མཐོང་ཐུབ།
སྐབས་འགར་ད་དུང་གཟུགས་དབྱིབས་རབ་རིབ་ཀྱི་སྐར་སྤྲིན་དང་། འོད་
འཁྱུག་གེར་བསྐྱོད་པའི་སྐར་མདའ། མཇུག་མ་རིང་པོ་བསྲིངས་པའི་དུ་སྐར་ སོགས་ཀྱང་མཐོང་ཐུབ། གནམ་དཔྱད་རྒྱང་ཤེལ་དང་བར་སྣང་འཚོལ་ཞིབ་ བྱེད་ཐབས་གཞན་དག་ལ་བརྟེན་ན་ད་དུང་མཁའ་དབྱིངས་ཀྱི་ཕུང་གཟུགས་
མང་པོ་འཚོལ་ཞིབ་བྱེད་ཐུབ་ཅིང་། དེ་དག་ཚང་མར་གནམ་གཟུགས་སམ་ བར་སྣང་གི་ཕུང་པོ་ཞེས་ཟེར།
ཉི་མའི་ཁྱིམ་རྒྱུད།
ཉི་མའི་ཁྱིམ་རྒྱུད (Solar System) ནི་དགུ་ཚིགས་སྐྱ་མོའ ་ི
ཁྱིམ་རྒྱུད་ཀྱི་ནང་ཚན་ཞིག་ཡིན། དེ་ནི་ཉི་མ་དང་གཟའ་བརྒྱད། འཁོར་སྐར། དེ་བཞིན་སྐར་ཕྲན་དང་སྐར་རྡོ་སོགས་བར་སྣང་གི་ཕུང་པོ་སྣ་མང་ལས་གྲུབ་ པ་ཞིིག་ཡིན། (དཔེ་རིས་ 1.1 ལ་གཟིགས།) ཉི་མ།
ཉི་མ་ནི་ཧ་ཅང་ཚ་བའི་རླུང་གཟུགས་ཀྱི་གོ་ལ་ཞིག་ཡིན་ཞིང་། དེ་
ནི་ཉི་མའི་ཁྱིམ་རྒྱུད་ཀྱི་དབུས་སུ་གནས་ཡོད། ཉི་མའི་ཁྱིམ་རྒྱུད་ནང་དྲོད་ དཔེ་རིས། 1.2:
དགུ་ཚིགས་སྐྱ་མོ།
དང་འོད་ཟེར་འགྱེད་མཁན་གཙོ་བོ་ནི་ཉི་མ་ཡིན་པ་དང་། ཉི་མའི་དྲོད་ཚད་ ཧ་ཅང་མཐོན་པོ་ཡིན་ཡང་སའི་གོ་ལ་དང་བར་ཐག་རིང་བའི་དབང་གིས་ང་
2
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཚོས་ཚ་དྲོད་དེ་ཙམ་ཚོར་གྱི་མེད། ཉི་མ་དང་སའི་གོ་ལའི་དབར་བར་ཐག་ ཀི་ལོ་མི་ཊར་ས་ཡ 150 ཙམ་ཡོད།
3
ལྟ་ཀློོོག་བྱ་རྒྱུ་
ཉི་མའི་ཁྱིམ་རྒྱུད་ཀྱི་རྒྱུ་སྐར་
གཞན་རྣམས་ལ་སྐྱེ ་ དངོ ས ་འཚོ ་ གནས་
གཟའ།
ཐུབ་པའི་ཆ་རྐྱེན་ལྡན་མེད་པའི་རྒྱུ་མཚན་
ཉི་མའི་ཁྱིམ་རྒྱུད་ནང་གཟའ་(planet)བརྒྱད་ཡོད།
གཟའ་ ཅི་ཡིན།
བརྒྱད་པོ་དེ་དག་ནི་ལྷག་པ།(Mercury) པ་སངས།(Venus) སའི་གོ་ སའི་གོ་ལ་ཕུད་པའི་ཉི་མའི་ཁྱིམ་ ལ།(Earth) མིག་དམར།(Mars) ཕུར་བུ།(Jupiter) སྤེན་པ།(Saturn) རྒྱུད་ཀྱི་རྒྱུ་སྐར་གཞན་རྣམས་ལ་སྐྱེ་དངོས་ སྐར་མ་རྣམ་རྒྱལ།(Uranus) སྐར་མ་མཚོ་རྒྱལ།(Neptune) བཅས་ འཚོ ་ གནས་ཐུབ་པའི ་ ཆ་རྐྱེ ན ་ཚང་མེ ད ། ཡིན། ཕྱི་ལོ་2006གི་སྔོན་ཚུད་དུ་སྐར་མ་གཤིན་རྒྱལ་(Pluto)ཡང་ དཔེ ར ་ན་སྐར་མ་ལྷག་པའི ་ སྟེ ང ་དུ་རླུང་ གཟའི་ཁོངས་སུ་བགྲངས་མོད། འོན་ཀྱང་རྒྱལ་སྤྱིའི་སྐར་དཔྱད་མཐུན་ ཁམས་ཆེན་པོ་མེད་ལ་ཆུ་ཡང་མེད་ཅིང་། ཚོགས (International Astronomical Union) ཀྱིས་སྐར་མ་གཤིན་ ཉིན་མོ་དང་མཚན་མོའ ་ི དབར་གྱི་དྲོད་ཚད་ རྒྱལ་དེ་གཟའི་གྲས་ནས་ཕུད་དེ་ཌོཧྥ་སྐར་ཆུང་ (Dwarf Planet) ཞེས་ ལ་ཁྱད་པར་ཧ་ཅང་ཆེན་པོ་ཡོད། དེ་བཞིན་ པར་ངོས་འཛིན་བྱས་པས་དེང་སྐབས་ཉི་མའི་ཁྱིམ་རྒྱུད་ནང་གཟའ་བརྒྱད་ ལས་མེད། གཟའ་བརྒྱད་པོ་འདི་དག་གིས་འཁོར་ལམ་ངེས་ཅན་ཞིག་གི་ སྐར་མ་པ་སངས་ལ་རླུང་ཁམས་ཡོད་ཀྱང་ ནང་ཉི་མར་སྐོར་བ་རྒྱག་གི་ཡོད། ལྷག་པ་ནི་ཉི་མ་དང་ཆེས་ཐག་ཉེ་ཤོས་ཀྱི་ ཆུ་མེད་པ་མ་ཟད་ཚ་དྲོད་ཤིན་ཏུ་ཆེ་བས་ གཟའ་ཞིག་ཡིན་ཞིང་། དེས་ཉི་མར་སྐོར་བ་ཆ་ཚང་ཞིག་རྒྱག་པར་ཉིན 88 ཚེ་སྲོག་གནས་ཐབས་མེད། དེ་མིན་སྐར་ འགོར་གྱི་ཡོད། པ་སངས་ལ་སའི་གོ་ལའི་མཚེ་མ་ཞེས་བརྗོད་དེ། དེའི་ཆེ་ མ་མིག་དམར་སོགས་རྒྱུ་སྐར་གཞན་ ཆུང་དང་བཟོ་ལྟ་ནི་སའི་གོ་ལ་དང་ཧ་ཅང་འདྲ་པོ་ཡོད། རྒྱུ་སྐར་ལ་རང་ཉིད་ རྣམས་ཀྱི་དྲོད་ཚད་ཧ་ཅང་དམའ་བས་སྐྱེ་ ཀྱི་དྲོད་དང་འོད་ཡོད་ནའང་གཟའ་རྣམས་ལ་དྲོད་དང་འོད་མེད་དོ།། དངོས་འཚོ་གནས་ཐུབ་ཀྱི་མེད་དོ། །
སའི་གོ་ལ།
ཉི་མའི་ཁྱིམ་རྒྱུད་ནང་གཟའ་བརྒྱད་ཡོད་པ་ལས་སའི་གོ་ལ་ཡང་
དེ་ཚོའི་ཁོངས་ཀྱི་གཟའ་ཆུང་གྲས་ཤིག་ཡིན་ཞིང་།
ཉི་མ་དང་བར་ཐག་ཉེ་
ཤོས་གསུམ་པ་དེ་རེད། སའི་གོ་ལ་ནི་སྐྱེ་དངོས་འཚོ་གནས་དང་སྐྱེ་འཕེལ་ འབྱུང་བར་འཕྲོད་པའི་རྒྱུ་སྐར་གཅིག་པུ་དེ་ཡིན།
སའི་གོ་ལ་གཅིག་པུའི་
སྟེང་དུ་སྐྱེ་དངོས་གནས་དགོས་དོན་ཅི་ཡིན་ནམ་ཞེ་ན།
དེའི་རྒྱུ་མཚན་
ནི་སའི་གོ་ལ་དང་ཉི་མའི་དབར་གྱི་བར་ཐག་ཉེ་རྒྱང་འཚམ་པོ་ཡོད་པའི་
3
དཔེ་རིས། 1.3:
སའི་གོ་ལ།
4
ས་ཁམས་རིག་པ།
རྐྱེན་གྱིས་རེད། སའི་གོ་ལའི་ཕྱི་སྣོད་ཀྱིས་སྐྱེ་དངོས་འཚོ་གནས་ཐུབ་པར་ དགོས་ངེས་ཀྱི་ཆ་རྐྱེན་བསྐྲུན་ཡོད་དེ། 1. ཚ་དྲོད་རན་པོ་ཡོད་པ།
2. བརླན་གཤེར་རང་བཞིན་གྱི་ཆུ་ཡོད་པ། 3. སྐྱེ་དངོས་རྣམས་དབུགས་
འབྱིན་རྔུབ་བྱེད་རྒྱུར་འཚམ་པའི་རླུང་ཁམས་ཆེན་པོ་ཡོད་པ་བཅས་སོ། །
ཉི་མའི་ཁྱིམ་རྒྱུད་ནང་སའི་གོ་ལ་གཅིག་པུ་ནི་མིའི་རིགས་འཚོ་
གནས་བྱེད་ཡུལ་འཚམ་ཤོས་དེ་ཡིན། དེར་བརྟེན་སའི་གོ་ལར་གཅེས་སྤྲས་
དཔེ་རིས། 1.4: སྐར་སྤྲིན་སྡིག་སྲིན་དབྱིབས་ཅན། བྱས་ཏེ་བཙོག་པ་དང་། གཏོར་སྐྱོན་མ་ཕོག་པ་བྱེད་རྒྱུ་ནི་ང་ཚོ་སའི་གོ་ལའི་
སྐར་སྤྲིན་(Nebula)ནི་དབུགས་གཟུགས་ དང་ཐལ་རྡུལ་གྱིས་གྲུབ་ཅིང་།
ཕྱི་ངོས་
ཐོག་འཚོ་གནས་བྱེད་མཁན་མི་ཚང་མའི་འོས་འགན་ཡིན།
བར་སྣང་ནས་སའི ་ གོ ་ ལའི ་ ཕྱོ ག ས་སུ་བལྟས་ཚེ ་ སའི ་ གོ ་ ལའི ་
མདོག་སྔོན་པོར་མངོན་གྱི་ཡོད།
དེའི་རྒྱུ་མཚན་ནི་སའི་གོ་ལའི་ངོས་ཀྱི་
སུ་སྤྲི ན ་སྨུག་རྣམ་པ་མངོ ན ་པའི ་ གནམ་ གསུམ་ཆ་གཉིས་ཆུས་བཀབ་ཡོད་པས་ཆུའི་ཁ་དོག་ལ་བརྟེན་ནས་བྱུང་། གཟུགས་ཤིག་ཡིན། དེར་བརྟེན་མི་རྣམས་ཀྱིས་སའི་གོ་ལར་གཟའ་སྔོན་པོ་ཞེས་ཀྱང་འབོད། ཟླ་བ།
ང་ཚོའི་སའི་གོ་ལ་འདིར་འཁོར་སྐར་གཅིག་རང་ཡོད་པ་དེ་ནི་ཟླ་
ཟླ་བས་རང་འཁོར་དང་གཞན་འཁོར་བྱེད་པའི་དུས་ཡུན་རིང་ཐུང་
ཟླ་བས་སའི་གོ་ལར་གཞན་འཁོར་བྱེད་པར་ཆ་སྙོམས་ཉིན་27
བ (Moon) རེད། ཟླ་བའི་ཚངས་ཐིག་གི་རིང་ཚད་ནི་སའི་གོ་ལའི་ཚངས་ ཐིག་གི་བཞི་ཆ་གཅིག་ཟིན་གྱི་ཡོད།
དཔེ་རིས། 1.5: ཕྱི་ལོ་༡༩༩༣ལོར་གྷ་ལི་ལོ་བར་སྣང་ གཅིག་པ་ཡིན་པར་བརྟེན་སའི་གོ་ལའི་ཐོག་ནས་ཟླ་བའི་ངོས་གཅིག་ལས་ འཕྲུལ་ཆས་ཀྱིས་པར་བླངས་པའི་རྒྱུ་སྐར་ཕྲ་མོ་ཨི་ཌ།
མཐོང་མི་ཐུབ།
ཙམ་འགོར་གྱི་ཡོད། ཟླ་བའི་ཐོག་ཆུ་དང་རླུང་མེད་པར་བརྟེན་སྲོག་ཆགས་
དང་རྩི་ཤིང་སྐྱེ་གནས་མི་ཐུབ། ཟླ་བའི་སྟེང་ཉི་མ་ཤར་དུས་དྲོད་ཚད་ཧ་ཅང་ མཐོན་པོ་ཡོད།
འོན་ཀྱང་མཚན་མོ་ཟླ་བའི་སྟེང་ཧ་ཅང་གྲང་མོ་ཡོད་པས་
འཛམ་གླིང་གི་ལྷོ་སྣེ་དང་བྱང་སྣེའི་གནམ་གཤིས་ལས་ཀྱང་གྲང་ངར་ཆེ་བ་ དཔེ་རིས 1.6:ཨ་རི་ཛོ་ནར་ཡོད་པའི་སྐར་རྡོའ ་ི དོང་ཁ།
ཡོད།
4
རྒྱུ་སྐར་དང་གཟའ།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱུ་སྐར་ཕྲ་མོ།
5
འཁོར་སྐར་སོགས་མ་ཡིན་པའི་བར་སྣང་
གི་དངོས་གཟུགས་ཆུང་ཆུང་མང་པོ་ཞིག་གིས་ཉི་མར་སྐོར་བསྐྱོད་བྱེད་
ཀྱི་ཡོད། དངོས་གཟུགས་དེ་དག་གི་མིང་ལ་རྒྱུ་སྐར་ཕྲ་མོ་ (Asteroids) ཞེས་ཟེར། རྒྱུ་སྐར་ཕྲ་མོ་དེ་དག་ཕལ་ཆེ་བ་གཟའ་མིག་དམར་དང་ཕུར་བུའི་
འཁོར་ལམ་གྱི་བར་དུ་གནས་ཡོད། ཚན་རིག་པ་ཚོས་རྒྱུ་སྐར་ཕྲ་མོ་དེ་དག་ དཔེ་རིས། ནི་གནའ་སྔ་མོར་སྐར་མ་གས་གཏོར་བྱུང་བའི་ཧྲུག་རྡོ་ཡིན་པར་ཡིད་ཆེས་ བྱེད་ཀྱི་ཡོད།
སྐར་རྡོ།
རྒྱུ་སྐར་ཕྲ་མོ ་ དེ ་ དག་རྒྱུ་སྐར་ཕྲ་མོ འ ་ི སྐེ ་ རགས་ (Asteroids
belt) བརྒྱུད་ཉི་མར་སྐོར་བ་རྒྱག་པ་བཞིན། རྒྱུ་སྐར་ཕྲ་མོ་ལས་ཆེས་ཆུང་
བའི་གནམ་གཟུགས་ཧ་ཅང་ཆུང་ཆུང་མང་པོ་ཞིག་གིས་ཀྱང་ཉི་མར་སྐོར་ བ་རྒྱག་གི་ཡོད།
གནམ་གཟུགས་ཆུང་ཆུང་དེ་དག་ནི་རྒྱུ་སྐར་ཕྲ་མོ་དང་
དུ་སྐར་ (Comet) གས་གཏོོར་བྱུང་བའི་ཧྲུག་རྡོ་རེད།
རྒྱུ་སྐར་ཕྲ་མོ་
དང་གནམ་གཟུགས་ཆུང་ཆུང་དེ་དག་སའི་གོ་ལ་དང་ཐག་ཉེ་སར་སླེབས་
སའི་གོ་ལའི་ཐོག་རྒྱུ་སྐར་ཕྲ་མོ་ ལྷུང་བའི་རྣམ་པ། སྣུམ་ཚོན་རི་མོ། 1.7:
གལ་ཏེ་གནམ་རྡོ་ཆེན་པོ་ཞིག་སའི་གོ་ལའི་ ཐོ ག ་ལྷུང་ན་དེ ས ་གཏོ ར ་སྐྱོ ན ་ཧ་ཅང་ཆེ ན ་ པོ་བཟོ་ངེས་རེད། ཚན་རིག་པ་ཚོས་ལོ་ངོ་ ས་ཡ་ ༦༥ ཡར་སྔོན་དུ་སའི་གོ་ལའི་ཐོག་ གནམ་རྡོ་ཆེན་པོ་ཞིག་ལྷུང་བ་དང་། དེས་ སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ ཆེན་པོ་བཏང་སྟེ་གཏུམ་འབྲུག་གི་རིགས་རྩ་ སྟོང་སོང་བར་འདོད་ཀྱི་ཡོད།
ཁྱེད་ཀྱིས་ཤེས་སམ།
འོད་ནི་སྐར་ཆ་རེར་ཀི་ལོ་མི་
སྐབས་སའི་གོ་ལའི་རླུང་ཁམས་དང་བརྡར་ཤུད་བྱས་པ་བརྒྱུད་ཧ་ཅང་ཚ་ ཊར་300,000 ཙམ་བསྐྱོད་ཐུབ། འོན་ པོ་ཆགས་ཏེ་འོད་ཐོན་པས། སའི་གོ་ལའི་ཐོག་ནས་བལྟས་ཚེ་དེ་ནི་འོད་ཀྱི་ ཀྱང་མགྱོགས་ཚད་འདི་འདྲ་ཞིག་གི་ཐོག་ མདའ་དང་འདྲ་ཞིང་། མི་རྣམས་ཀྱིས་དེར་སྐར་མདའ (Meteor) ཞེས་ ཉི་མའི་འོད་སའི་གོ་ལའི་ཐོག་སླེབས་པར་ འབོད།
སྐར་མདའ་མང་ཆེ་བ་རླུང་དང་བརྡར་ཏེ་འཚིག་ནས་ཐལ་བར་ སྐར་མ་ 8 ཙམ་འགོར་གྱི་ཡོད།
འགྱུར་མོད། སྐར་མདའ་རེ་ཟུང་ད་དུང་ཡོངས་སུ་ཚིག་མ་ཐུབ་པར་སའི་གོ་
ལའི་ཐོག་ལྷུང་གི་ཡོད། སའི་གོ་ལའི་ཐོག་ལྷུང་བའི་གནམ་རྡོ་དེ་དག་ལ་སྐར་ རྡོ་(Meteoroites) ཞེས་བརྗོད་ཀྱི་ཡོད། སྐར་རྡོ་དེ་དག་ཤུགས་ཆེ་བས་
སར་ལྷུང་རྗེས་དོང་ཁ་ཆེན་པོ་རེ་བཟོས་ཤིང་། དོང་ཁ་དེ་ཚོར་སྐར་རྡོའ ་ི དོང་ ཁ (Asteroid crater) ཞེས་ཟེར།
5
དཔེ་རིས། 1.8: ཧྭ་ལེ་དུ་སྐར།
རང་འཁོར་རྒྱག་པར་ཉིན 243
རང་འཁོར་རྒྱག་པར་ཉིན 1 ཟླ་བའི་གྲངས། ----1 ཉི་མར་གཞན་འཁོར་རྒྱག་པར་ཉིན 687 རང་འཁོར་རྒྱག་པར་ཉིན 1 ཟླ་བའི་གྲངས། ----2
བྲག་རྡོ་ལས་གྲུབ་ཅིང་། ཉི་མ་དང་ཐག་ཅུང་ཉེ་སར་གནས་ཡོད།
4. མིག་མར།
3. སའི་གོ་ལ། ཉི་མར་གཞན་འཁོར་རྒྱག་པར་ཉིན 365
2. པ་སངས། ཉི་མར་གཞན་འཁོར་རྒྱག་པར་ཉིན 255
རང་འཁོར་རྒྱག་པར་ཉིན 59
1. ལྷག་པ། ཉི་མར་གཞན་འཁོར་རྒྱག་པར་ཉིན 88
རང་འཁོར་རྒྱག་པར་ཆུ་ཚོད 10 དང་སྐར་མ 40 ཟླ་བའི་གྲངས། ----18
རང་འཁོར་རྒྱག་པར་ཆུ་ཚོད 17དང་སྐར་མ 14 ཟླ་བའི་གྲངས། ----17
ཉི་མར་གཞན་འཁོར་རྒྱག་པར་ལོ 164 རང་འཁོར་རྒྱག་པར་ཆུ་ཚོད 16 དང་སྐར་མ 7 ཟླ་བའི་གྲངས། ----8
8. སྐར་མ་མཚོ་རྒྱལ།
རླུང་་གཟུགས་དང་གཤེར་གཟུགས་ལས་གྲུབ་ཅིང་། ཉི་མ་དང་ཐག་ཧ་ཅང་རིང་སར་གནས་ཡོད།
7. སྐར་མ་རྣམ་རྒྱལ། ཉི་མར་གཞན་འཁོར་རྒྱག་པར་ལོ 84
རང་འཁོར་རྒྱག་པར་ཆུ་ཚོད 9 དང་སྐར་མ 56 ཟླ་བའི་གྲངས། ----16
6. སྤེན་པ། ཉི་མར་གཞན་འཁོར་རྒྱག་པར་ལོ 29 དང་ཟླ་བ 5
5. ཕུར་བུ། ཉི་མར་གཞན་འཁོར་རྒྱག་པར་ལོ 11 དང་ཟླ་བ 11
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
མིང་།
རྒྱུ་སྐར་ཕྲ་མོ། དུ་སྐར། སྐར་མདའ། སྐར་རྡོ།
7
ངོ་བོ་དང་གནས་ས་མི་འདྲ་བའི་སྐར་རྡོ།
གནས་ས་དང་ཁྱད་ཆོས།
གཟའ་མི ག ་དམར་དང་ཕུར་བུའི ་ འཁོ ར ་ལམ་དབར་དུ་རྒྱུ་བའི ་ བར་སྣང་གི ་ དངོ ས ་ གཟུགས། འཁྱགས་པ་དང་རྡོ་ལས་གྲུབ་པའི་གནམ་གཟུགས་ཤིག་ཡིན། ཉི་མ་དང་ཐག་ཉེར་སླེབས་ སྐབས་འཁྱག་པ་ཞུ་ནས་དུ་བ་མཇུག་རིང་མངོན།
རྒྱུ་སྐར་ཕྲ་མོ་དང་གནམ་གཟུགས་ཆུང་ཆུང་དག་སའི་གོ་ལའི་རླུང་ཁམས་ནང་འཛུལ་ ཡོང་སྐབས། རླུང་དང་བརྡར་ཏེ་འོད་ཐོན་པ་དང་། སའི་གོ་ལའི་ཐོག་ནས་ལྟ་སྐབས་དེ་ནི་ འོད་ཀྱི་མདའ་དང་འདྲ་བས་སྐར་མདའ་ཟེར། དུ་སྐར་དང་རྒྱུ་སྐར་ཕྲ་མོའ ་ི ཧྲུག་རྡོ་སའི་གོ་ལའི་ཐོག་ལྷུང་བ་རྣམས་ལ་སྐར་རྡོ་ཟེར། སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་ཁག་ལ་ལན་གནད་བསྡུས་རེ་བྲིིས། 1. གཟའ་དང་རྒྱུ་སྐར་གཉིས་ལ་མི་འདྲ་བའི་ཁྱད་ཆོས་གང་དག་ཡོད། 2. ཉི་མའི་ཁྱིམ་རྒྱུད་ཀྱི་གྲུབ་ཆ་གཙོ་བོ་གང་དག་ཡིན།
3. ཉི་མ་དང་བར་ཐག་ཉེ་རིང་ལ་བལྟས་ནས་གཟའ་བརྒྱད་ཀྱི་མིང་གོ་རིམ་ 4. 5. 6. 7. 8. 9.
བཞིན་བྲིས། སའི་གོ་ལའི་ཐོག་ཏུ་སྐྱེ་དངོས་འཚོ་གནས་ཐུབ་པར་ཆ་རྐྱེན་གང་ཡོད་ དམ། ང་ཚོས་ཟླ་བའི་ངོས་གཅིག་ལས་མི་མཐོང་བའི་རྒྱུ་མཚན་གང་ཡིན་ ནམ། སའི་གོ་ལ་གནས་སའི་དགུ་ཚིགས་ཀྱི་མིང་ལ་གང་ཟེར། སའི་གོ་ལ་དེ་ཉི་མ་དང་རྒྱང་ཁྱད་ག་ཚོད་སར་གནས་ཡོད་དམ། སའི་གོ་ལར་གཅེས་སྤྲས་བྱེད་དགོས་དོན་གང་ཡིན་ནམ། བར་སྣང་ནས་སའི་གོ་ལའི་མདོག་སྔོན་པོར་སྣང་དོན་ཅི་ཡིན།
7
དཔེ་རིས། 1.9: འཁོར་སྐར།
འཁོར་སྐར་(satellite)ནི་གནམ་གཟུགས་ཤིག་ རེད། སའི་གོ་ལས་ཉི་མར་སྐོར་བ་རྒྱག་པ་བཞིན་ འཁོ ར ་སྐར་གྱི ས ་སའི ་ གོ ་ ལར་སྐོ ར ་བ་རྒྱག་གི ་ ཡོད། འཁོར་སྐར་རྫུས་མའམ་མིས་བཟོས་འཁོར་སྐར།
འཁོ ར ་སྐར་རྫུས་མ་ནི ་ ཚན་རི ག ་པ་ཚོ ས ་འཇི ག ་ རྟེན་གྱི་གནས་ཚུལ་དང་། བརྡ་འཕྲིན་བསྡུ་རུབ་ བྱེད་ཆེད་བཟོས་པ་ཞིག་རེད། འཁོར་སྐར་རྫུས་ མ་དེ་མེ་ཤུགས་འཕུར་མདར་བརྟེན་ནས་བར་སྣང་ ལ་གཏོང་བ་དང་། སའི་གོ་ལའི་མཐའ་འཁོར་གྱི་ འཁོར་ལམ་ནང་འཇོག་གི་ཡོད།
ས་ཁམས་རིག་པ།
8
ཁ༽ འོས་འཚམ་གྱི་ལན་འདེམས་དགོས།
1.
སའི་གོ་ལའི་མཚེ་མ་ཞེས་བརྗོད་པའི་གཟའ་དེའི་མིང་ལ་.......................ཟེར།
༡ ཕུར་བུ་ ༢ སྤེན་པ་
༡ པ་སངས་
༡ མིག་དམར་དང་ཕུར་བུ་ ༢ སའི་གོ་ལ་དང་མིག་དམར་ ༣ མིག་དམར་དང་སྤེན་པ་
2.
ཉི་མ་དང་ཐག་ཉེ་ཤོས་ཀྱི་གཟའ་གསུམ་པ་ནི་.......................རེད།
3.
༢ སའི་གོ་ལ་
༣ ལྷག་པ་
རྒྱུ་སྐར་ཕྲ་མོ་ནི་...............................................བར་དུ་གནས་ཡོད།
4.
ཉི་མའི་ཁྱིམ་རྒྱུད་ནང་གཟའ་......................................................ཡོད།
༡ བདུན་ ༢ བརྒྱད་
5.
༣ དགུ་
སྐར་མ་............................ཡང་སྔོན་ཆད་གཟའི་གྲས་སུ་བརྩིས་ཀྱི་ཡོད།
6.
༣ པ་སངས་
༡ རྣམ་རྒྱལ་
༣ གཤིན་རྒྱལ་
རྒྱུ་སྐར་ལ་རང་ཉིད་ཀྱི་...................................................................ཡོད།
༡ དྲོད་དང་ཆུ་
༡.
༢ མཚོ་རྒྱལ་
བསྐྱར་སྦྱོང་།
༢ དྲོད་དང་རླུང་ཁམས་
༣ དྲོད་དང་འོད་
སའི་གོ་ལ་ཕུད་པའི་གཟའ་གཞན་གྱི་ཐོག་སྐྱེ་དངོས་འཚོ་གནས་བྱེད་མི་ཐུབ་པའི་རྒྱུ་མཚན་གང་རེད།
༢.
སྐར་རྡོ་བྱུང་ཚུལ་ཇི་ལྟར་ཡིན་ནམ།
༤.
གལ་ཏེ་སྐར་རྡོ་ཆེན་པོ་ཞིག་སའི་གོ་ལའི་ཐོག་ལྷུང་ན་དེས་སའི་གོ་ལར་ཤུགས་རྐྱེན་ཇི་འདྲ་བཟོ་སྲིད་དམ།
༣.
བྱེད་སྒོ 1. 2. 3.
ཅི་ཞིག་ལ་འཁོར་སྐར་ཟེར། མིས་བཟོས་འཁོར་སྐར་ལ་བེད་སྤྱོད་གང་འདྲ་ཡོད།
ཉི་མའི་ཁྱིམ་རྒྱུད་ཀྱི་རི་མོ་འཁོད་པའི་གྱང་སྦྱར་ཞིག་བཟོ་དགོས།
ཟླ་བའི་སྟེང་ཐོག་མར་སྐྱོད་མཁན་མི་སུ་ཡིན་ཤེས་པར་བྱས་ནས་དེའི་སྐོར་འཛིན་གྲྭའི་ནང་ཤོད་དགོས།
སའི་གོ་ལ་དང་ཉི་མའི་ཁྱིམ་རྒྱུད་ཀྱི་བརྗོད་གཞིའི་ཐོག་དྲི་རྩད་འགྲན་བསྡུར་ཞིག་གོ་སྒྲིག་བྱོས།
8
2
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
9
སའིི་གོོོ་ལའིིི་དཔེེེ་དབྱིིིབས།
སའི་གོ་ལ་ནི་མིའི་རིགས་ཀྱི་ཁྱིམ་གཞིས་ཡིན་པ་དང་། མི་རྣམས་ ཁྱིམ་གཞི་འདིར་འཚོ་བ་སྐྱེལ་རིམ་དུ་དེ་ལ་རྒྱུས་མངའ་ལོན་དགོས་པ་ཡིན། དཔེར་ན་སའི་གོ་ལའི་དབྱིབས་གང་འདྲ་ཡིན་མིན་དང་སའི་གོ་ལའི་ཐོག་ གི་རྒྱ་མཚོ་དང་སྐམ་ས་གང་འདྲ་འཁོད་ཡོད་པ། འཛམ་གླིང་ཐོག་རྒྱལ་ཁབ་ དང་ས་ཁུལ་ཅི་ཞིག་ཡོད་པ་དང་དེ་དག་སའི་གོ་ལའི་ཕྱོགས་གང་དུ་གནས་ ཡོད་པ་སོགས་ཤེས་རྟོགས་ཐུབ་དགོས། འོན་ཀྱང་སའི་གོ་ལ་འདི་ཧ་ཅང་ ཆེན་པོ་ཡོད་སྟབས་མི་ཚོས་དེའི་རྣམ་པ་ཡོངས་སུ་མཐོང་དཀའ་བ་ཡིན། དེར་བརྟེན་མི་རྣམས་ཀྱིས་སའི་གོ་ལའི་དབྱིབས་ལ་དཔེ་བལྟས་ཤིང་སྡུར་ ཚད་ངེས་ཅན་ཞིག་ཆུང་དུ་བཏང་རྗེས་སའི་གོ་ལའི་བཟོ་དབྱིབས་ཏེ་དཔེ་ དབྱིབས་དེ་བཟོས། སའི་གོ་ལའི་དཔེ་དབྱིབས་སྟེང་དུ་མིས་ཚོན་མདོག་ དང་མཚོན་རྟགས་སྣ་ཚོགས། ཡི་གེ་བཅས་བཀོད་ནས་སྐམ་ས་དང་རྒྱ་ མཚོ། རི་རྒྱུད། གཙང་པོ་དང་མཚེའུ། རྒྱལ་ཁབ་དང་གྲོང་འཁྱེར་སོགས་ཀྱི་ བཟོ་ལྟ་དང་གནས་ས། མིང་སོགས་མཚོན་པར་བྱས་ཡོད།
སའིི་གོོོ་ལའིི་དབྱིིིབས་
གནའ་སྔ་མོའ ་ི མི་ཚོའི་འགུལ་སྐྱོད་བྱ་ཡུལ་ཧ་ཅང་ཆུང་བའི་རྐྱེན་ གྱིས་རང་རང་གི་ཐད་ཀའི་ཚོར་སྣང་ཁོ་ནར་བརྟེན་ནས་འཛམ་གླིང་ལ་ངོས་ འཛིན་བྱེད་པ་སྟེ། ཁོང་ཚོའི་མིག་མདུན་གྱི་ས་ངོས་ཁོད་སྙོམས་མཐོང་བར་ བརྟེན། ས་གཞི་ཚང་མ་ཁོད་སྙོམས་རེད་སྙམ་ནས་སའི་གོ་ལ་འདི་ལེབ་ལེབ་ ཅིག་ཡིན་པར་འདོད་ཀྱི་ཡོད། ཕྱིས་སུ་མི་རྣམས་ཀྱིས་ཕྱོགས་གང་ས་ནས་ རྟོག་ཞིབ་བྱས་པ་བརྒྱུད་སའི་གོ་ལ་ལེབ་མོ་མིན་པ་རིམ་བཞིན་ཤེས་རྟོགས་ བྱུང་། ལྷག་པར་དུ་མ་གེ་ལཱན (Ferdinand Megellan) གྱིས་མཚོ་ཐོག་ འགྲུལ་བསྐྱོད་བྱས་ནས་སའི་གོ་ལར་སྐོར་བ་བརྒྱབས་པ་བརྒྱུད་སའི་གོ་ ལའི་དབྱིབས་ཟླུམ་པོ་ཡིན་པར་ར་སྤྲོད་བྱས། དེང་སྐབས་འཁོར་སྐར་གྱིས་
9
དཔེ་རིས། 2.1: སའི་གོ་ལའི་དཔེ་དབྱིབས།
སེ ་ པཻ ན ་རྒྱལ་ཁབ་ཀྱི ་ འགྲེ མ ས་སྟོ ན ་ཁང་ ནང་ཡོད་པའི་སའི་གོ་ལའི་དཔེ་དབྱིབས།
དཔེ ་ དབྱི བ ས་འདི ་ ནི ་ ལོ ་ ངོ ་ ༣༠༠ཡར་
སྔོན་ནས་བཟོས་པ་ཞིག་ཡིན་ཞིང་། འདི་ ནི་མིའི་རིགས་ཀྱི་ཆེས་ཐོག་མར་བཟོས་
པའི ་ སའི ་ གོ ་ ལའི ་ དཔེ ་ དབྱི བ ས་ཀྱི ་ གྲས་ ཤིག་ཡིན། དཔེ་དབྱིབས་འདིའི་བཟོ་ལྟ་ནི་ རིལ་གཟུགས་ཡིན།
10
ས་ཁམས་རིག་པ།
དཔེ་རིས། 2.2: མ་གེ་ལཱན་ (1480-1251)
མ་གེ་ལཱན་ (Ferdinand Magellan) གྱིས་གོ་ ལར་སྐོར་སྐྱོད་བྱས་པ། 1519 ལོའ ་ི ཟླ་ 9 པར་མ་གེ་ལཱན་གྱི་སྣེ་འཁྲིད་འོག་ རུ་མི་ཉིས་བརྒྱ་ལྷག་ཙམ་གྲུ་གཟིངས་ལྔར་བསྡད་ དེ ་ སི ་ པཻ ན ་ནས་ཐོ ན ་ཏེ ་ ནུབ་ཀྱི ་ རྒྱ་མཚོ ་ ཆེ ན ་མོ ་ བརྒལ་བ་དང་། ལྷོ་ཨ་མེ་རི་ཀ་གླིང་གི་མཐའ་བསྐོར་ ནས་ཞི་བདེ་རྒྱ་མཚོ་ཆེན་མོ་བཅད། ལམ་བར་དུ་གྲུ་ པ་ཚོས་དཀའ་བ་ཚད་མེད་སྤྱད་མཐར་ 1521 ལོའ ་ི ཟླ་ 3 པར་ཧྥི་ལི་པིན་གླིང་ཚོམ་དུ་སླེབས། སྐབས་ འདིར་མ་གེ་ལཱན་ས་གནས་དེ་གའི་ཡུལ་མིའི་ཟིང་ འཁྲུག་ནང་ཚུད་དེ་ 1521 ཟླ་ 4 ཚེས་ 27 ཉིན་ཚེ་ སྲོག་ཤོར། གྲུ་པ་ཚོས་མུ་མཐུད་ནུབ་ཕྱོགས་སུ་ མཚོ་འགྲུལ་བྱ་རྒྱུའི་སེམས་ཐག་བཅད་དེ། དཀའ་ བར་མི་འཛེམས་པར་རྒྱ་གར་རྒྱ་མཚོ་འཕྲེད་བཅད་ བཏང་ནས་རེ་སྨོན་གླིང་ཟུར (Cape of Good Hope) བསྐོར་མཐར་གྲུ་གཟིངས་གཅིག་དང་གྲུ་ པ་བཅུ་ཙམ་ལས་མ་ལྷག དེ་དག་ 1522 ལོའ ་ི ཟླ་ 9 པར་སི་པཻན་དུ་འབྱོར། མ་གེ་ལཱན་གྲུ་ཚོས་སའི་ གོ་ལར་མཚོ་འགྲུལ་སྐོར་སྐྱོད་ལེགས་གྲུབ་བྱུང་བ་ དེས་སའི་གོ་ལ་ཟླུམ་གཟུགས་ཡིན་པ་ར་སྤྲོད་བྱས་ པ་མ་ཟད། འཛམ་གླིང་ཤར་ནུབ་དབར་འབྲེལ་ལམ་ གསར་པ་ཞིག་གི་འགོ་བརྩམས།
བར་སྣང་ནས་བླངས་པའི་སའི་གོ་ལའི་པར་རིས་ལ་བལྟས་ནས་མི་རྣམས་ ཀྱིས་སའི་གོ་ལའི་དབྱིབས་ནི་རིལ་གཟུགས་ཡིན་པ་མཐོང་བ་ཙམ་གྱིས་ ཤེས་ཐུབ་ཀྱི་ཡོད། འོན་ཀྱང་སའི་གོ་ལ་འདི་སྤོ་ལོ་ནང་བཞིན་ཟླུམ་པོ་ཟླུམ་ རྐྱང་ཞིག་མིན། ལྷོ་སྣེ་དང་བྱང་སྣེའི་དབར་གྱི་ཚངས་ཐིག་དེ་ཐིག་དམར་གྱི་ ཚངས་ཐིག་ལས་ཅུང་ཟད་ཐུང་བ་ཡོད་པས། སའི་གོ་ལའི་དབྱིབས་ཟླུམ་ གཟུགས་སུ་གྲུབ་ཡོད། འོན་ཀྱང་སའི་གོ་ལ་འདི་ཆེན་པོ་ཡོད་པས་ང་ཚོར་ ཟླུམ་གཟུགས་ཡིན་པ་དེ་ཙམ་མངོན་གྱི་མེད། སའི་གོ་ལ་འདི་ཧ་ཅང་ཆེན་པོ་ཡོད་པས་དེའི་ཐོག་གི་ས་ཆ་བྱེ་ བྲག་པ་ཞི ག ་སའི ་ གོ ་ ལའི ་ དཔེ ་ དབྱི བ ས་ཐོ ག ་ནས་ངོ ས ་འཛི ན ་ཐུབ་རྒྱུ་ དཀའོ་སྙམ་ངེས་ཡིན། ཁྱེད་ཀྱིས་ཤེས་གསལ་བཞིན་སའི་གོ་ལའི་དཔེ་ དབྱིབས་ཐོག་ཏུ་སའི་གོ་ལའི་སྲོག་ཤིང (Axis) ཞེས་པའི་ལྕགས་མདའ་ ཞིག་བཙུགས་ཡོད། སའི་གོ་ལའི་དཔེ་དབྱིབས་བསྐོར་བ་ཡིན་ན་སའི་གོ་ ལའི་དཔེ་དབྱིབས་དེ་ཉིད་སྲོག་ཤིང་ལ་བརྟེན་ནས་འཁོར་གྱི་ཡོད་པ་ཤེས་ ཐུབ། སའི་གོ་ལའི་སྲོག་ཤིང་ནི་སའི་གོ་ལའི་རང་འཁོར་འཁོར་མདར་ཟེར་ ཞིང་། དེས་སའི་གོ་ལ་རང་འཁོར་བྱེད་པའི་སྲོག་ཤིང་དེ་མཚོན་གྱི་ཡོད། སྲོག་ཤིང་དེ་ནི་མི་རྣམས་ཀྱིས་བསམ་ཚོད་བྱས་པའི་ཐིག་ཅིག་ཡིན་ཞིང་། དོན་དངོས་ཐོག་སའི་གོ་ལར་སྲོག་ཤིང་དེ་འདྲ་ཞིག་མེད། སའི་གོ་ལའི་སྲོག་ ཤིང་གིས་ས་སྙིང་ཕུག་རྗེས་སའི་གོ་ལའི་ཕྱི་ངོས་སུ་ཚངས་ཐིག་གཉིས་ སྦྲེལ་ཅིང་། སྐར་མ་བརྟན་པའི་ (Polestar) ཉེ་འཁོར་ལ་ཁ་ཕྱོགས་པའི་ ཚེག་དེར་བྱང་སྣེ་ (North Pole) ཞེས་བརྗོད་པ་དང་། བྱང་སྣེ་དང་ལྡོག་ པའི་ཚེག་དེར་ལྷོ་སྣེ་ (South Pole) ཞེས་ཟེར།
འཕྲེེད་ཐིིག
སའི ་ གོ ་ ལའི ་ དཔེ ་ དབྱི བ ས་ཀྱི ་ སྟེ ང ་དུ་ཤར་ནས་ནུབ་ཏུ་མཐའ་ བསྐོར་ནས་བྲིས་པའི་སྒོར་ཐིག་དེར་འཕྲེད་ཐིག་ཅེས་བརྗོད། དེ་ནི་སའི་གོ་ ལའི་སྲོག་ཤིང་དང་དྲང་འཕྱང་ (900) ཡིན་ཞིང་། སའི་གོ་ལར་སྐོར་བ་ཧྲིལ་ པོ་བསྐོར་བའི་སྒོར་མོ་ཞིག་ཡིན། འཕྲེད་ཐིག་དང་གཞུང་ཐིག་དེ་དག་རེ་རེ་ བཞིན་དབྱེ་འབྱེད་ཐུབ་ཕྱིར་མི་ཚོས་དེར་ཆ་ཚད་ཌིག་རཱི་ (degree) མི་ འདྲ་བ་རེ་བཀོད་ཡོད་ཅིང་། འདིར་འཕྲེད་ཚད་དང་གཞུང་ཚད་ཅེས་འབོད། དོན་དངོས་ཐོག་སའི་གོ་ལར་འཁོར་མདའ་ཞིག་མཐོང་རྒྱུ་མེད་ལ་འཕྲེད་ ཐིག་དང་གཞུང་ཐིག་ཀྱང་མེད།
10
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
11
དོ་སྣང་བྱ་རྒྱུ།
1. འཕྲེད་ཐིག་ནི་སྒོར་མོ་ཡིན་ནམ་སྒོར་ཕྱེད་ཡིན། 2. འཕྲེད་ཐིག་སྒོར་མོ་སོ་སོའ ་ི རིང་ཐུང་གཅིག་པ་ཡིན་ནམ་མིན། 3. འཕྲེད་ཐིག་གིས་ཁ་ཕྱོགས་གང་ཞིག་བསྟན་ནམ། འཕྲེད་ཐིག་ཐམས་ཅད་སྒོར་མོ་ཡིན་ཞིང་མིང་ལའང་འཕྲེད་ཐིག་ སྒོར་མོ་ཞེས་བརྗོད། འཕྲེད་ཐིག་སྒོར་མོ་སོ་སོའ ་ི རིང་ཐུང་མི་འདྲ་བ་ཡིན་ ཏེ། ཐིག་དམར་རིང་ཤོས་ཡིན་པ་དང་། ཐིག་དམར་ནས་སྣེ་གཉིས་དབར་ རིམ་བཞིན་ཐུང་དུ་སོང་ནས་མཐར་ཚག་ཐིག་གཅིག་གི་སྟེང་དུ་འབབ་ཀྱི་ ཡོད་ཅིང་། འཕྲེད་ཐིག་ཚང་མས་ཤར་ནུབ་ཀྱི་ཁ་ཕྱོགས་སྟོན་གྱི་ཡོད། (རི་མོ་ 2.4 ལ་གཟིགས།)
ཐིག་དམར།
སའི་གོ་ལའི་དཔེ་དབྱིབས་ཐོག་བཀོད་པའི་བསམ་ཚོད་ཀྱི་ཐིག་ གལ་ཆེ་ཤོས་ཤིག་ནི་ཐིག་དམར (Equator) རེད། ཐིག་དམར་ནི་སའི་གོ་ ལའི་དཔེ་དབྱིབས་ཐོག་གི་འཕྲེད་ཐིག་སྒོར་རྒྱ་ཆེ་ཤོས་དེ་ཡིན། ཐིག་དམར་ གྱིས་སའི་གོ་ལ་ཧྲིལ་པོ་དུམ་བུ་གཉིས་སུ་ཕྱེས་ཡོད་ཅིང་། སའི་གོ་ལའི་ བྱང་ཕྱོགས་ཀྱི་གོ་ལའི་ཕྱེད་ཀར་གོ་ལ་ཕྱེད་བྱང་མ (Northern Hemisphere) དང་སའི་གོ་ལའི་ལྷོ་ཕྱོགས་ཀྱི་གོ་ལའི་ཕྱེད་ཀར་གོ་ལ་ཕྱེད་ལྷོ་མ (Southern Hemisphere) ཞེས་ཟེར། ཐིག་དམར་གྱི་འཕྲེད་ཚད་ནི 00 ཡིན། ཐིག་དམར་དང་སའི་གོ་ ལའི་སྣེ་མོ་གཉིས་པོ་གང་རུང་ཞིག་དབར་གྱི་བར་ཐག་ནི་སའི་གོ་ལའི་ཐིག་ སྒོར་མོ་ཞིག་གི་བཞི་ཆ་གཅིག་ཡིན་པས། དེའི་འཕྲེད་ཚད་ཀྱང 3600 ཡི་ བཞི་ཆ་གཅིག་ཡིན། དེར་བརྟེན་བྱང་སྣེ་ཁུལ་གྱི་འཕྲེད་ཐིག 900 ཡིས་བྱང་ སྣེ་སྟོན་པ་དང་། ལྷོ་སྣེ་ཁུལ་གྱི་འཕྲེད་ཐིག 900 ཡིས་ལྷོ་སྣེ་སྟོན་གྱི་ཡོད། ཐིག་དམར་གྱི་བྱང་ངོས་སུ་བྱང་གི་ཕྲེད་ཐིག་ཅེས་པ “N” གྱིས་ མཚོན་པར་བྱས་ཡོད་པ་དང་། ཐིག་དམར་གྱི་ལྷོ་ངོས་སུ་ལྷོའ ་ི འཕྲེད་ཐིག “S” ཡིས་མཚོན་པར་བྱས་ཡོད།
11
དཔེ་རིས། 2.3: སྐར་མ་བརྟན་པ།
སྐར་མ་བརྟན་པ་ནི ་ བྱང་སྣེ ་ དང་
ཐག་ཉེ་ཤོས་ཀྱི་སྐར་མ་ཞིག་རེད།
ལོ་ངོ་
བརྒྱ་ཕྲག་དུ་མའི་སྔོན་ནས་འཚོ་འགྲུལ་བྱེད་
མཁན་ཚོས་སྐར་མ་བརྟན་པར་བརྟེན་ནས་ཁ་ ཕྱོགས་འཚོལ་ཐབས་བྱས་ཡོད།
འཕྲེད་ཐིག
བྱང་སྣེ།
ཐིག་དམར།
ལྷོ་སྣེ།
དཔེ་རིས། 2.4: འཕྲེད་ཐིག་དང་འཕྲེད་ཚད། བྱང་སྣེ།
བྱང
་ག
ི་འཕྲ
ེད་ཐ
ིག
ཐིག་དམར།
ལྷོ་སྣེ།
ལྷོའ
ིག
ེད་ཐ ཕྲ ་ི འ
དཔེ་རིས། 2.5: འཕྲེད་ཚད 00 ཡི་ཐིག་དམར།
12
ས་ཁམས་རིག་པ།
དོ་སྣང་བྱ་རྒྱུ།
ཐིག་དམར 00 དང་། བྱང་སྣེ། 900N ལྷོ་སྣེ 900S བཅས་ཕུད་པའི་སའི་གོ་ལའི་དཔེ་དབྱིབས་ཐོག་འཕྲེད་ཐིག་ གལ་ཆེ་བ་བཞི་ཡོད་པ་དེ་དག་ནི། གོ་ལ་ཕྱེད་བྱང་མའི་བྱང་ཉི་ལྡོག་ཐིག Tropic of Cancer 231/20 N དང་། གོ་ལ་ ཕྱེད་ལྷོ་མའི་ལྷོ་ཉི་ལྡོག་ཐིག Tropic of Capricon 231/20 S གོ་ལ་ཕྱེད་བྱང་མའི་བྱང་སྣེའི་མུ་ཁྱུད Arctic Circle at 661/20 N གོ་ལ་ཕྱེད་ལྷོ་མའི་ལྷོ་སྣེའི་མུ་ཁྱུད Antartic Circle at 661/20 S བཅས་ཡིན། རི་མོ་2.5: ཕྲེད་ཐིག་གཙོ་ཆེ་ཁག་དང་གོ་ལའི་ཁུལ་ལྔ་། བྱང་སྣེའི་མུ་འཁྱུད།
བྱང་ཉི་ལྡོག་ཐིག ཐིག་དམར།
ལྷོ་ཉི་ལྡོག་ཐིག
ལྷོ་སྣེའི་མུ་འཁྱུད།
བྱང་སྣེ།
བྱང་གྲང་ཁུལ། བྱང་དྲོད་ཁུལ། ཚ་ཁུལ། ལྷོ་དྲོད་ཁུལ།
ལྷོ་གྲང་ཁུལ།
661/20 N 231/20 N 00 231/20 S 661/20 S
ལྷོ་སྣེ།
སའི་གོ་ལའི་ཁུལ་ལྔ་།
སའི་གོ་ལས་རང་འཁོར་རྒྱག་སྐབས་བྱང་ཉི་ལྡོག་ཐིག་དང་ལྷོ་ཉི་ལྡོག་ཐིག་དབར་གྱི་ས་ཁུལ་དུ་ཉི་འོད་དྲང་འཕྲོ་ བྱེད་ཐུབ་ཀྱི་ཡོད། བྱང་འཕྲེད་ཐིག་ 231/20 N ནི་ཉི་འོད་དྲང་འཕྲོ་བྱེད་སའི་ཆེས་བྱང་ངོས་ཀྱི་མཚམས་ཐིག་ཡིན་པས་ དེར་བྱང་ཉི་ལྡོག་ཐིག་ཅེས་བརྗོད་པ་ཡིན། ལྷོ་འཕྲེད་ཐིག་ 231/20 S ནི་ཉི་འོད་དྲང་འཕྲོ་བྱེད་སའི་ཆེས་ལྷོ་ངོས་ཀྱི་མཚམས་ ཐིག་ཡིན་པས་དེར་ལྷོ་ཉི་ལྡོག་ཐིག་ཅེས་བརྗོད། བྱང་ཉི་ལྡོག་ཐིག་དང་ལྷོ་ཉི་ལྡོག་ཐིག་དབར་གྱི་ས་ཁུལ་ལ་ཉི་འོད་འཕོགས་ ཤུགས་ཆེ་ཤོས་ཡིན་པས་ལོ་འཁོར་མོར་གནམ་གཤིས་ཧ་ཅང་ཚ་པོ་ཡོད། དེར་བརྟེན་ཁུལ་དེར་སའི་གོ་ལའི་ཚ་ཁུལ (Torrid Zone) ཞེས་འབོད། གོ་ལ་ཕྱེད་བྱང་མའི་བྱང་ཉི་ལྡོག་ཐིག་དང་བྱང་སྣེའི་མུ་ཁྱུད་དབར་གྱི་ཁུལ་དང་། གོ་ལ་ཕྱེད་ལྷོ་མའི་ལྷོ་ཉི་ལྡོག་ ཐིག་དང་ལྷོ་སྣེའི་མུ་ཁྱུད་དབར་གྱི་ས་ཁུལ་ལ་ལོ་ལྟར་ཉི་འོད་དྲང་འཕྲོ་བྱེད་པའི་གོ་སྐབས་གཏན་ནས་མེད། ས་ངོས་ལ་ འཕྲོས་པའི་ཉི་མའི་ཚ་དྲོད་ནི་ཚ་ཁུལ་ལས་ཆུང་ཞིང་གྲང་ཁུལ་ལས་ཆེ་བ་ཡོད་ཅིང་། སའི་གོ་ལར་ཉི་འོད་ཕོག་པའི་བཙུར་ ཟུར་དེ་སྣེ་གཉིས་པོའ ་ི ཕྱོགས་སུ་རིམ་བཞིན་ཆུང་དུ་འགྲོ་གི་ཡོད། ཁུལ་དེར་ནམ་དུས་ཀྱི་འགྱུར་ལྡོག་མངོན་གསལ་དོད་ ལ་དྲོད་ཚད་ཚ་གྲང་སྙོམ་པས་དྲོད་ཁུལ་ (Temperate Zone) ཞེས་ཟེར།
12
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བྱང་སྣེའི་མུ་ཁྱུད་དང་བྱང་སྣེའི་དབར་གྱི་ས་ཁུལ་དང་། ལྷོ་སྣེའི་མུ་ གཞུང་ཐིག ཁྱུད་དང་ལྷོ་སྣེ་དབར་གྱི་ས་ཁུལ་གྱི་དྲོད་ཚད་ནི་ཧ་ཅང་དམའ་པོ་ཡོད། ས་ ཁུལ་དེར་ལོ་ལྟར་དུས་སྐབས་གཅིག་གི་ནང་ཉི་མ་རྩ་བ་ནས་ཤར་གྱི་མེད་ པས་བསྟུད་མར་མཚན་རིང་གི་གནས་སྐབས་ཁོ་ནར་གནས་པ་དང་། ཡང་ གནས་སྐབས་གཅིག་གི་རིང་ཉི་མ་རྟག་ཏུ་མི་ནུབ་པར་གནས་རུང་ཉི་འོད་ ཤིན་ཏུ་གསེག་པོར་འཕྲོ་བའི་དབང་གིས་ས་ངོས་ལ་ཉི་མའི་ཚ་ནུས་ཧ་ཅང་ ནུབ། ཆུང་ངུ་ལས་འཕྲོ་ཐུབ་ཀྱི་མེད། དེར་བརྟེན་ལོ་འཁོར་མོའ ་ི གནམ་གཤིས་ ཤིན་ཏུ་གྲང་ངར་ཆེ་བར་བརྟེན་ཁུལ་དེར་གྲང་ཁུལ (Frigid Zone) ཞེས་ བརྗོད།
གཞུང་ཐིག
ཐོག་
13
ཤར།
མའི་
གཞུང་ ཐིག
དཔེ་རིས། 2.6: གཞུང་ཐིག་དང་གཞུང་ཐིག་ཌིག་རི།
སའི་གོ་ལའི་དཔེ་དབྱིབས་སྟེང་ལྷོ་བྱང་སྣེ་གཉིས་འབྲེལ་བ་མ་ ཟད། འཕྲེད་ཐིག་དང་དྲང་འཕྱང་དུ་སྣོལ་བའི་ཐིག་ལ་གཞུང་ཐིག་ཅེས་བརྗོད་ ཅིང་། བྱི་རྟའི་གཞུང་ཐིག་ཀྱང་བརྗོད་པ་ཡིན།
ཐིག་དམར།
1. གཞུང་ཐིག་ནི་སྒོར་མོ་ཡིན་ནམ་སྒོར་ཕྱེད་ཡིན། 2. གཞུང་ཐིག་ཐམས་ཅད་རིང་ཐུང་གཅིག་པ་ཡིན་ནམ་མིན། 3. གཞུང་ཐིག་གིས་ཁ་ཕྱོགས་གང་ཞིག་སྟོན་ནམ།
དཔེ་རིས་ 2.6 ལ་ལྟ་ཞིབ་བྱས་པ་བརྒྱུད་གཞུང་ཐིག་ཡོད་ཚད་སྒོར་ ཕྱེད་ཡིན་པ་དང་། རིང་ཚད་ཀྱང་གཅིག་པ་ཡིན་པ། ལྷོ་བྱང་གི་ཁ་ཕྱོགས་ སྟོན་གྱི་ཡོད་པ་བཅས་ཤེས་རྟོགས་བྱུང་། སའི་གོ་ལའི་དཔེ་དབྱིབས་ཀྱི་ སྟེང་དུ་གཞུང་ཐིག་གྲངས་མེད་འབྲི་ཐུབ་པ་ཡིན། གཞུང་ཐིག་རེ་རེ་བཞིན་ དབྱེ་འབྱེད་ཐུབ་རྒྱུའི་ཆེད་དུ་མི་རྣམས་ཀྱིས་གཞུང་ཐིག་སོ་སོར་ཌིག་རཱི་ མི་འདྲ་བ་རེ་བཀོད་ཡོད་པ་དེ་ནི་གཞུང་ཐིག་ཌིག་རཱི་ཞེས་པ་དེ་ཡིན་ནོ། །
གོ་ལ་ཕྱེད་བྱང་མ།
ཐོག་
གོ་ལ་ཕྱེད་ལྷོ་མ།
མའི་ གཞུང་ ཐིག
ཐོག་མའི་གཞུང་ཐིག
སའི ་ གོ ་ ལའི ་ དཔེ ་ དབྱི བ ས་སྟེ ང ་གི ་ གྲངས་ཚད་ཀླད་ཀོ ར ་ཡི ན ་ པའི་གཞུང་ཐིག་དེ་ལ་ཐོག་མའི་གཞུང་ཐིག་ཅེས་བརྗོད་པ་ཡིན། ཐོག་མའི་ གཞུང་ཐིག་ནས་ཤར་ནུབ་སོ་སོར་གྲངས་ཚད་1800བགོས་ཡོད་པ་ལས་
13
གོ་ལ་ཕྱེད་ནུབ་མ།
གོ་ལ་ཕྱེད་ཤར་མ།
དཔེ་རིས། 2.7: འཕྲེད་གཞུང་ཐིག་སྒོར་མོ་ལས་གོ་ལ་ཕྱེད་གྲུབ་ཚུལ།
ས་ཁམས་རིག་པ།
14
ཤར་གྱི་གྲངས་ཚད 1800 ནི་ཤར་གཞུང་གི་ཁོངས་སུ་གཏོགས་ཤིང་ནམ་ རྒྱུན “E” ཡིས་མཚོན་པར་བྱེད་པ་ཡིན། ནུབ་ཀྱི་གྲངས་ཚད་ 1800 ནི་ ནུབ་གཞུང་གྲངས་ཚད་ཀྱི་ཁོངས་སུ་གཏོགས་ཤིང་། ནམ་རྒྱུན “W” ཡིས་ མཚོན་རྟགས་བྱེད་པ་ཡིན།
བྱང་སྣེ།
ནུབ།
ཤར།
ནུབ
་གཞུ ང་།
ལྷོ་སྣེ།
ཞུ ར་ག
ཤ
ང་།
དཔེ་རིས། 2.8: གྲངས་ཚད་ 1800 ཡི་གཞུང་ཐིག
བྱང་སྣེ།
གྲངས་ཚད་ 1800 ཡི་གཞུང་ཐིག
སའི་གོ་ལའི་དཔེ་དབྱིབས་ལ་ལྟ་ཞིབ་བྱེད་སྐབས་ང་ཚོས་ཐོག་ མའི་གཞུང་ཐིག་ནས་ཤར་ནུབ་སོ་སོར་གྲངས་ཚད་མཉམ་པའི་གཞུང་ཐིག་ གཉིས་ཡོད་པ་ཤེས་ཐུབ། དཔེར་ན་ཤར་གཞུང་ཌིག་རཱི་ 200E དང་། ནུབ་ གཞུང་ཌིག་རཱི་ 200W ལྟ་བུ་ཡིན་ཞིང་། ཤར་གཞུང་ཌིག་རཱི་ 1800 དང་ ནུབ་གཞུང་ཌིག་རཱི་ 1800 གཉིས་ཁོ་ན་ཕན་ཚུན་གཞུང་ཐིག་གཅིག་གི་ སྟེང་དུ་མཉམ་རྩེག་བྱས་ཡོད་པ་དེ་ནི་གྲངས་ཚད1800 ཡི་གཞུང་ཐིག་ཅེས་ པ་དེ་ཡིན། དོ་སྣང་བྱ་རྒྱུ།
ཐོག་མའི་གཞུང་ཐིག་དང་གྲངས་ཚད་ 1800 ཡི་གཞུང་ཐིག་ གཉིས་ཀྱིས་སའི་གོ་ལ་ཧྲིལ་པོ་གོ་ལ་ཕྱེད་ཤར་མ (Eastern Hemisphere) དང་གོ་ལ་ཕྱེད་ནུབ་མ (Western Hemisphere) གཉིས་ སུ་དུམ་བུར་དབྱེ་ཡོད། ཁ་སྤྲོད་དུ་གནས་པའི་གཞུང་ཐིག་གཉིས་ཕན་ཚུན་ སྦྱར་བ་ལས་སྒོར་མོ་ཆེན་པོ་ཞིག་གྲུབ་ཅིང་། སྒོར་མོ་ཆེན་པོ་དེ་ལ་གཞུང་ ཐིག་སྒོར་མོ་ཞེས་བརྗོད་པ་ཡིན། གཞུང་ཐིག་སྒོར་མོ་གང་རུང་གིས་ཀྱང་ སའི་གོ་ལ་དེ་ཉིད་ཕྱེད་གཉིས་སུ་བགོ་ཐུབ་བོ། འཕྲེད་གཞུང་དྲ་བ།
འཕྲེད་ཐིག
གཞུང་ཐིག
དཔེ་རིས། 2.9: འཕྲེད་གཞུང་དྲ་བ།
སའི་གོ་ལའི་དཔེ་དབྱིབས་ཀྱི་སྟེང་དུ་གཞུང་ཐིག་དང་འཕྲེད་ཐིག་ གཉིས་ཕན་ཚུན་རྒྱུ་དང་སྤུན་ལྟར་འབྲེལ་བའི་རྐྱེན་གྱིས་འཕྲེད་གཞུང་གི་དྲ་ བ་ཆགས་པ་རེད། སའི་གོ་ལའི་སྟེང་ལ་ཐིག་དང་དྲ་བ་དེ་རྣམས་རྩ་བ་ནས་ མེ ད ་ཀྱང་མི ་ རྣམས་ཀྱི ས ་འཕྲེ ད ་གཞུང་གི ་ དྲ་བ་འབྲི ་ དགོ ས ་དོ ན ་ནི ་སའི་
14
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
གོ་ལའི་ཕྱི་ངོས་ཀྱི་ས་ཆ་གང་རུང་ཞིག་གི་གནས་ཡུལ་གཏན་ཁེལ་བྱེད་ རྒྱུའི་ཆེད་དུ་ཡིན། མཐའ་ཡས་རྒྱ་མཚོར་བསྐྱོད་པའི་གྲུ་གཟིངས་དང་། མུ་ མཐའ་མེད་པའི་ནམ་མཁའི་མཐོངས་སུ་འཕུར་བའི་གནམ་གྲུ་སོགས་ཀྱིས་ འཕྲེད་གཞུང་དྲ་བར་བརྟེན་ནས་གནས་གཏན་ཁེལ་བྱེད་ཐུབ་པ་མ་ཟད། ཁ་ ཕྱོགས་ཀྱང་སྟོན་བདེ་པོ་ཡོད་སྟབས་འཕྲེད་གཞུང་དྲ་བ་དེ་དམག་དོན་དང་ མཚོ་འགྲུལ། མཁའ་འགྲུལ། ས་ཐོག་འགྲིམ་འགྲུལ་དེ་བཞིན་གནམ་གཤིས་ བརྟག་དཔྱད་སོགས་གང་ཅིར་སྤྱོད་སྒོ་ཤིན་ཏུ་ཆེན་པོ་ཡོད། གཞུང་ཐིག་དང་དུས་འཁོར།
སའི་གོ་ལ་དང་། ཟླ་བ། གཟའ་སྐར་སོགས་ཀྱི་འགུལ་སྐྱོད་ལ་ བརྟེན་ནས་དུས་ཚོད་རྩི་བ་ནི་ཐབས་ལམ་ལེགས་པོ་ཞིག་རེད། ཞོགས་པར་ ཉི་མ་ཤར་ནས་ཤར་ཞིང་དགོང་དྲོར་ཉི་མ་ནུབ་ཏུ་བཞུད་པའི་བརྒྱུད་རིམ་དེ་ ནི་རང་བྱུང་གི་དུས་ཚོད་རྩི་ཐབས་ལེགས་ཤོས་ཡིན་པ་མ་ཟད། འཛམ་གླིང་ ས་ཕྱོགས་ཀུན་གྱིས་དེར་དུས་ཚོད་རྩི་ཐབས་བཟང་ཤོས་ཤིག་ཡིན་པར་ ངོས་འཛིན་བྱེད། ཉི་འོད་ཀྱི་གྲིབ་གཟུགས་ལ་བརྟེན་ནས་ས་ཁུལ་གཅིག་གི་ དུས་ཚོད་བརྩི་ཐུབ་ཅིང་། ཉིན་གུང་གི་སྐབས་སུ་གྲིབ་གཟུགས་ཐུང་ཤོས་ མཐོང་བ་དང་། སྔ་དགོང་གཉིས་ལ་གྲིབ་གཟུགས་རིང་པོ་མཐོང་། གྷི་རིན་ ཝི་ཆི་ (Greenwich) ཡི་ཐོག་མའིི་གཞུང་ཐིག་ཐོག་ཉི་མ་མཐོ་ཤོས་སུ་ སླེབས་དུས་གཞུང་ཐིག་དེའི་ཁུལ་གྱི་ས་ཁུལ་ཡོངས་ལ་ཉིན་གུང་ཏག་ཏག་ སླེབས་ཡོད། སའི་གོ་ལས་ནུབ་ནས་ཤར་དུ་རང་སྐོར་རྒྱག་སྐབས་གྷི་རིན་ཝི་ ཆི་ཡི་ཤར་ཕྱོགས་ས་ཁུལ་རྣམས་གྷི་རིན་ཝི་ཆི་ཡི་ས་གནས་དུས་ཚོད་ ཕྱོགས་སུ་ཁ་ཕྱོགས་ཡོང་བ་དང་། ནུབ་ཕྱོགས་ས་ཁུལ་རྣམས་གྷི་རིན་ཝི་ ཆི་ས་གནས་དུས་ཚོད་ཀྱི་རྒྱབ་ཕྱོགས་སུ་ཁ་ཕྱོགས་ཀྱི་ཡོད། དུས་ཚོད་རྩི་ཐབས་ཀྱི་སྡུར་ཚད།
སའི་གོ་ལས་ཆུ་ཚོད་ 24 ནང་ 3600 ཅན་གྱི་རང་འཁོར་རེ་རྒྱག་གི་ཡོད་ ཅིང་། ཆུ་ཚོད་གཅིག་ནང་ 150 འཁོར་བ་དང་། སྐར་མ་བཞི་རེར་ 10 འཁོར་ གྱི་ཡོད། དེར་བརྟེན་གྷི་རིན་ཝི་ཆི་རུ་ཉིན་གུང་ཆུ་ཚོད་ 12 ཡིན་སྐབས་གྷི་ རིན་ཝི་ཆི་ཡི་ཤར་ཕྱོགས 150 ཁུལ་གྱི་དུས་ཚོད་ནི་ 15 x 4 = 60 སྟེ་
15
15
གཤམ་དུ་སྲུ་མོ་ལགས་ཀྱི ས ་ ཨ་རི་ནས་བུ་བློ་བཟང་ལ་ཁ་པར་བརྒྱུད་ འཚམས་འདྲི་ཞུས་པའི་སྐད་ཆའི་དུམ་བུ་ ཞིག་བཀོད་ཡོད། སློབ་ཕྲུག་འགའ་ཤས་ ཀྱི ས ་བུ་བློ ་ བཟང་གི ས ་སྲུ་མོ ་ ལགས་ལ་ ལན་ཞུ་སྟངས་ནོ ར ་འདུག་ཟེ ར ་བ་དང་། ཡང་འགའ་རེས་ལན་དེ་འགྲིག་འདུག་ཟེར། ཁྱེ ད ་ཀྱི ས ་བལྟས་ན་གོ ང ་གི ་ འདོ ད ་ཚུལ་ གང་ཞིག་བདེན་པ་རེད་དམ།
བུ་བློ་བཟང། ཞོགས་པ་བདེ་ལེགས། སྲུ་མོ་ལགས། དགོང་མོ་བདེ་ལེགས།
དཔེ་རིས། 2.10: དུས་ཀྱི་ཁྱད་པར།
16
ས་ཁམས་རིག་པ།
རྒྱལ་ཁབ་ཀྱི ་ གཞུང་ཐི ག ་དབུས་མ་གཞི ར ་ བཞག་ནས་ས་གནས་དུས་ཚོད་གཏན་ཁེལ་ བྱ་དགོས།
780E
911/20 E
1050E
ཆུ་ཚོད་ 1 ཡིན་ཞིང་དེ་ནི་ཉིན་གུང་གི་ཆུ་ཚོད་དང་པོ་ཡིན་པ་དང་། གྷི་རིན་ ཝི་ཆི་ཡི་ནུབ་ཕྱོགས་ 150 ཁུལ་གྱི་དུས་ཚོད་ནི་གྷི་རིན་ཝི་ཆི་དུས་ཚོད་ ཀྱི་ཆུ་ཚོད་ 1 རྗེས་ལ་ཡིན་པས་ས་ཁུལ་དེའི་དུས་ཚོད་ནི་སྔ་དྲོའ ་ི ཆུ་ཚོད་ 11.00a.m ཡིན། དེ་བཞིན་གྷི་རིན་ཝི་ཆི་རུ་ཉིན་གུང་ཆུ་ཚོད 12 ཡིན་ སྐབས་གཞུང་ཐིག 1800 ཡི་ས་ཁུལ་དུ་མཚན་མོའ ་ི ཆུ་ཚོད 12 ཏག་ཏག་ འཁེལ་ཡོད། ང་ཚོར་ཚད་འཛིན་དུས་ཚོད་ཅིག་ཡོད་དགོས་དོན་གང་ཡིན་ནམ།
གོང་དུ་ང་ཚོས་འཛམ་གླིང་སྤྱི་ཡོངས་ཀྱི་དུས་ཚོད་རྩི་ཐབས་ཀྱི་ སྡུར་ཚད་དེར་བལྟས་ནས་གཞུང་ཐིག་མི་འདྲ་བའི་ཐོག་ཡོད་པའི་ས་ཁུལ་ གྱི་དུས་ཚོད་མི་འདྲ་བ་ཡོད་པ་ཤེས་རྟོགས་བྱུང་། དཔེར་ན་མེ་འཁོར་ཞིག་ གཞུང་ཐིག་གཅིག་ནས་གཞུང་ཐིག་གཞན་ཞིག་གི་ཐོག་སྐྱོད་བཞིན་ཡོད་ ན་དེའི་དུས་ཚོད་རེའུ་མིག་བཟོ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། རྒྱུ་མཚན་ནི་ གཞུང་ཐིག་གཅིག་ནས་གཞུང་ཐིག་གཞན་ཞིག་གི་ཐོག་སྐྱོད་སྐབས་དུས་ དཔེ་རིས། 2.11: བོད་རྒྱལ་ཁབ་ཀྱི་ཚད་འཛིན་དུས་ཚོད། ཚོད་རེའུ་མིག་འགྱུར་བ་འགྲོ་གི་ཡོད། དཔེ་མཚོན་གཞན་ཞིག་དྲངས་ ན་རྒྱ་གར་གྱི་གུཇ་རཱཏ་མངའ་སྡེའི་དཝཱརཀ་དང་ཨ་སམ་གྱི་དེབ་རུ་གར་ གཉིས་གཞུང་ཐིག་མི་འདྲ་བ་གཉིས་ཀྱི་སྟེང་གནས་ཡོད་པས་ས་ཁུལ་དེ་ གཉིས་དབར་ཆུ་ཚོད་ 1 དང་སྐར་མ་ 45 ཡི་ཁྱད་པར་ཡོད། གལ་ཏེ་ས་ 821/20 E 680E 970E གནས་དུས་ཚོད་གཏན་འཁེལ་མེད་ཚེ་གོང་གི་ས་གནས་གཉིས་པོར་དུས་ ཚོད་གཅིག་གྱུར་ཞིག་ཡོང་ཐབས་མེད། རྒྱུ་མཚན་དེར་བརྟེན་རྒྱལ་ཁབ་ གཅིག་གི་དུས་ཚོད་གཏན་ཁེལ་བྱེད་དགོས་ན་རྒྱལ་ཁབ་དེའི་གཞུང་ཐིག་ དབུས་མ་དེ་གཞིར་བཞག་ནས་ས་གནས་དུས་ཚོད་ (Local Time) གཏན་འཁེལ་བྱ་དགོས། རྒྱ་གར་ལ་ཆ་མཚོན་ན་གཞུང་ཐིག་ 821/20 E ཐོག་གི་དུས་ཚོད་ དེ་རྒྱ་གར་རྒྱལ་ཁབ་ཡོངས་ཀྱི་ཚད་འཛིན་དུས་ཚོད་ལ་ངོས་འཛིན་བྱེད་ ཅིང་། དེར་རྒྱ་གར་གྱི་ཚད་འཛིན་དུས་ཚོད་ (IST) ཅེས་བརྗོད་པ་ཡིན། རྒྱལ་ཁབ་རེ་ཟུང་ལ་ཚད་འཛིན་དུས་ཚོད་གཅིག་ལས་མང་བ་ཡོད། དཔེར་ ན་ཨུ་རུ་སུའི ་ རྒྱལ་ཁབ་ལྟ་བུར་ཆ་མཚོ ན ་ན་གཞུང་ཐི ག ་མང་པོ འ ་ི ཐོ ག ་ 2.12: དཔེ་རིས། རྒྱ་གར་གྱི་ཚད་འཛིན་དུས་ཚོད། གནས་ཡོད་པར་བརྟེན་ཚད་འཛིན་དུས་ཚོད་མི་འདྲ་བ་ 11 ཡོད། སའི་གོ་ལ་འདི་ཆུ་ཚོད་ 1 ཅན་གྱི་དུས་ཚོད་རེའུ་མིག་ 24 ལ་ཆ་བགོས་ བྱས་ཡོད།
16
ས་གནས་དུས་ཚོད་རྩི་ཐབས། ས་གནས་དུས་ཚོད་རྩི་ཐབས། ཤར་ ནུབ་ གྷི་རིན་ཝི་ཆི་དུས་ཚོད་ལས་དུས་ཚོད་རེའུ་མིག་གི་གྲངས་ཀ་འཐེན་དགོས། དུས་ཚོད་རེའུ་མིག་གི་གྲངས་ཀའི་སྟེང་གྷི་རིན་ཝི་ཆི་དུས་ཚོད་སྣོན་དགོས། ཕྱོགས། ཕྱོ ག ས། གྷི་རིན་ཝི་ཆི་དུས་ཚོད་རྩི་ཐབས། གྷི་རིན་ཝི་ཆི་དུས་ཚོད་རྩི་ཐབས། དུས་ཚོད་རེའུ་མིག་གི་གྲངས་ཀའི་ཐོག་ས་གནས་དུས་ཚོད་སྣོན་དགོས། ས་གནས་དུས་ཚོད་ལས་དུས་ཚོད་རེའུ་མིག་གི་གྲངས་ཀ་འཐེན་དགོས།
རྒྱལ་སྤྱིའི་ཚད་འཛིན་དུས་ཚོད་རེའུ་མིག
18
1. 2. 3. 4. 5. 6. 7. 8.
1.
ས་ཁམས་རིག་པ།
སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
སའི་གོ་ལའི་དབྱིབས་གང་འདྲ་ཡོད་དམ། སའི་གོ་ལའི་དཔེ་དབྱིབས་ཞེས་པ་དེ་གང་རེད། བྱང་ཉི་ལྡོག་ཐིག་གི་འཕྲེད་ཚད་ག་ཚོད་རེད་དམ། འཕྲེད་ཐིག་སྒོར་མོ་སོ་སོའ ་ི རིང་ཐུང་གཅིག་པ་རེད་དམ། ཚ་ཁུལ་ལ་དྲོད་ཚད་མཐོན་པོ་ཡོད་དགོས་དོན་གང་ཡིན་ནམ། རྒྱ་གར་གྱི་ཕྱི་དྲོའ ་ི ཆུ་ཚོད 5.30 p.m སྐབས་ལོན་ཊོན་དུ་ཉིན་གུང་གི་ཆུ་ཚོད 12.00 ཡིན་དགོས་དོན་གང་ ཡིན་ནམ། དུས་ཚོད་རྩི་ཐབས་ཀྱི་སྡུར་ཚད་ཅི་འདྲ་རེད། འཕྲེད་གཞུང་དྲ་བ་འབྲི་དགོས་དོན་གང་རེད། ཁ༽ འོས་འཚམ་གྱི་ལན་འདེམས་དགོས།
སའི་གོ་ལའི་རང་འཁོར་འཁོར་མདར་...........................................ཟེར།
༡) སའི་གོ་ལའི་དཀྱིལ་ཐིག
3.
སའི་གོ་ལའི་གྲང་ཁུལ་ནི་........................................ཕྱོགས་སུ་ཡོད།
2.
4.
5. 6.
7. 8.
༢) སའི་གོ་ལའི་ལྕགས་མདའ་
ཐོག་མའི་གཞུང་ཐིག་གི་ཚད་གཞི་ནི་..................རེད།
༡) 900
༡) ཐིག་དམར་
༢) 00
༢) སྣེ་གཉིས་
༣) 600
༣) སའི་གོ་ལའི་སྲོག་ཤིང་
༣) བྱང་ཉི་ལྡོག་
འཕྲེད་གཞུང་དྲ་བ་ཞེས་པ་ནི་...........................................................ལས་གྲུབ། ༡) ལྷོ་སྣེ་དང་བྱང་སྣེ་
༢) ལྷོ་ཉི་ལྡོག་ཐིག་དང་བྱང་ཉི་ལྡོག་ཐིག་
འཕྲེད་ཐིག་ནི་.........................................ཡིན།
༢) ཟུར་གསུམ་
༢) སྒོར་མོ་
༢) སྒོར་ཕྱེད་
འཕྲེད་ཐིག་སྒོར་རྒྱ་ཆེ་ཤོས་ཀྱི་མིང་ལ་..............................ཟེར། ༡) གཞུང་ཐིག་
༢) ཉི་ལྡོག་ཐིག་
༣) ཐིག་དམར་
གཞུང་ཐིག་གིས་..........................................གི་ཁ་ཕྱོགས་སྟོན།
༡) ཤར་ནུབ་
༢) ལྷོ་བྱང་
༣) ནུབ་བྱང་
སའི་གོ་ལས་ཆུ་ཚོད་གཅིག་ནང་........................................སྐོར་གྱི་ཡོད།
༡) 150
༢) 900
༣) 600
18
༢) འཕྲེད་ཐིག་དང་གཞུང་ཐིག་
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བསྐྱར་སྦྱོང་།
༡. ༢. ༣. ༤. ༥.
19
དོན་དངོས་སུ་སའི་གོ་ལར་འཕྲེད་ཐིག་དང་གཞུང་ཐིག་མེད་ཀྱང་མི་ཚོས་དེ་ལྟར་འབྲི་དགོས་དོན་གང་ཡིན་ནམ། སའི་གོ་ལའི་ཐོག་ཁུལ་ལྔ་དབྱེ་ཡོད་པ་རྣམས་གང་དང་གང་ཡིན། ཁུལ་ལྔ་དེ་དབྱེ་མཚམས་ཐིག་གང་གིས་བཅད་ཡོད་དམ། འཕྲེད་ཐིག་གིས་ཤར་ནུབ་སྟོན་སྟངས་དང་གཞུང་ཐིག་གིས་ལྷོ་བྱང་སྟོན་སྟངས་ལ་དུས་རྒྱུན་མཚོན་བྱེད་ཡི་གེ་འགོད་སྟངས་ གང་འདྲ་རེད་དམ། གཞུང་ཐིག་ལ་བརྟེན་ནས་ཚད་འཛིན་དུས་ཚོད་གཏན་འཁེལ་བྱེད་སྟངས་ཇི་ལྟར་རེད་དམ། ས་གནས་དུས་ཚོད་གཏན་འཁེལ་བྱེད་དགོས་པའི་རྒྱུ་མཚན་གང་རེད།
བྱེད་སྒོ 1. སའི་གོ་ལའི་སྲོག་ཤིང་དང་ཐིག་དམར། བྱང་ཉི་ལྡོག་ཐིག ལྷོ་ཉི་ལྡོག་ཐིག་བཅས་འཁོད་པའི་སའི་གོ་ལའི་དཔེ་དབྱིབས་ ཤིག་འབྲི་དགོས།
2. མི་ལ་ལས་འཕྲེད་གཞུང་གི་དྲ་བར་བརྟེན་ནས་ས་གནས་ཤིག་འཚོལ་ཐབས་བྱ་རྒྱུ་དེ་གློག་བརྙན་ཁང་དུ་རྐུབ་སྟེགས་ འཚོལ་བ་དང་འདྲ་པོ་ཡོད་ཟེར། ཁྱེད་ཀྱིས་བལྟས་ན་དེ་ལྟར་རེད་དམ། རྒྱུ་མཚན་གང་ཡིན་ཤོད་དང་།
3. སྒོར་ཐིག་ཅིག་བྲིས་ནས་ཐིག་དམར་གྱིས་སྒོར་ཐིག་དེ་དུམ་བུ་གཉིས་སུ་བགོ་དགོས། སྒོར་ཕྱེད་རེར་ཚོན་ཁྲ་མི་འདྲ་བ་ རེ་བཏང་སྟེ་གོ་ལ་ཕྱེད་བྱང་མ་དང་གོ་ལ་ཕྱེད་ལྷོ་མ་མཚོན་པ་བྱེད་དགོས།
གོང་གི་སྒོར་ཐིག་གི་ཆེ་ཆུང་གཅིག་པའི་སྒོར་ཐིག་གཞན་ཞིག་བྲིས་ནས་ཐོག་མའི་གཞུང་ཐིག་གིས་སྒོར་ཐིག་དེ་དུམ་བུ་ གཉིས་སུ་བགོ་དགོས། སྒོར་ཕྱེད་རེར་ཚོན་ཁྲ་མི་འདྲ་བ་རེ་བཏང་ནས་གོ་ལ་ཕྱེད་ནུབ་མ་དང་གོ་ལ་ཕྱེད་ཤར་མ་མཚོན་ པ་བྱེད་དགོས།
4. སའི་གོ་ལའི་དཔེ་དབྱིབས་ཐོག་གཤམ་གྱི་རེའུ་མིག་ནང་བཀོད་པའི་འཕྲེད་གཞུང་གི་ཚད་གཞིར་བཟུང་ནས་དེ་དང་ཉེ་
བའི་གྲོང་ཁྱེར་ཆེ་ཤོས་ཀྱི་མིང་འཚོལ་དགོས་པ་དང་། ཡང་ན་རེའུ་མིག་ནང་བཀོད་པའི་ས་མིང་གཞིར་བཟུང་ས་ཆ་དེའི་ འཕྲེད་གཞུང་གི་ཚད་རགས་ཙམ་ཞིག་འགོད་དགོས།
འཕྲེད་ཚད།
གཞུང་ཚད།
460N
060E
330S
1510E
290N
910E
ས་མིང་།
ས་མིང་།
ལྷ་ས།
ལོན་ཊོན།
ནེའུ་ཡོག
19
དིལླི།
འཕྲེད་ཚད།
གཞུང་ཚད།
ས་ཁམས་རིག་པ།
20
དྲང་ འཕྲོ་
སའིི་གོོོ་ལའིིི་འགུལ་སྐྱོོོད།
གསེག་ འཕྲོ་
3
སའི་གོ་ལའི་སྟེང་དུ་འཚོ་གནས་བྱེད་མཁན་སྐྱེ་བོ་ཀུན་གྱིས་ སའི་གོ་ལ་དེ་ཉིད་སྐོར་བ་རྒྱག་པའི་སྣང་བ་ཚོར་གྱི་མེད། འོན་ཀྱང་ཉི་མ་ དང་། སྐར་མ་སོགས་ཉིན་ལྟར་ཤར་ནས་ཤར་ཏེ་ནུབ་ཕྱོགས་སུ་བཞུད་ཀྱི་ ཡོད་པའི་སྣང་ཚུལ་མཐོང་སྟེ་ཉི་མ་དང་སྐར་མ་ནི་སའི་གོ་ལར་སྐོར་བ་རྒྱག་ གི་ཡོད་པ་ལྟ་བུའི་ཚོར་སྣང་སྐྱེ་གི་ཡོད། དེའི་རྒྱུ་མཚན་ཅི་ཡིན་ནམ། མེ་ འཁོར་དང་རླངས་འཁོར་ནང་ཞུགས་མྱོང་བའི་མི་ཚང་མར་ཚོར་སྣང་འདི་ འདྲ་ཞིག་འཆར་གྱི་ཡོད་དེ། རང་ཉིད་ཞུགས་སའི་མེ་འཁོར་དང་རླངས་ འཁོར་མདུན་སྐྱོད་བྱེད་ཀྱི་ཡོད་པའི་སྣང་བ་མི་འཆར་བར་འཁོར་སྒྲོམ་དང་ སྒེའུ་ཁུང་ཕྱི་རོལ་གྱི་ཁང་པ་དང་ལྗོན་ཤིང་སོགས་མྱུར་བགྲོད་བྱེད་ཀྱིན་ ཡོད་པའི་སྣང་བ་འཆར་གྱི་ཡོད། རྒྱུ་མཚན་དེ་དང་མཚུངས་པར་ང་ཚོས་ སའི་གོ་ལའི་སྟེང་དུ་སྡོད་ཀྱིན་སའི་གོ་ལ་དེ་ཉིད་འགུལ་སྐྱོད་བྱེད་པའི་སྣང་ བ་མི་སྐྱེ་བར། ཉི་མ་དང་སྐར་མ་ནི་ཉིན་ལྟར་སའི་གོ་ལར་སྐོར་བ་རྒྱག་པར་ མཐོང་གི་ཡོད།
སའི་གོ་ལའི་རང་འཁོར།
སའི་གོ་ལས་སའི་གོ་ལའི་སྲོག་ཤིང་ལ་བརྟེན་ནས་རྒྱུན་ཆད་མེད་ པར་སྐོར་བ་རྒྱག་པའི་ཚུལ་དེ་ལ་སའི་གོ་ལའི་རང་འཁོར་(Rotation) ཉི་འོད་ཐད་འཕྲོ་བྱེད་སྐབས་འོད་མདངས་ ཞེས་བརྗོད་པ་ཡིན། སའི་གོ་ལའི་རང་འཁོར་གྱི་ཁ་ཕྱོགས་ནིི་ནུབ་ནས་ སྒྲིལ་པོ་ཡོད་པས་སའི་སྟེང་དུ་ཉི་འོད་ བྱང ་སྣེ་ ཀྱི ་ ཚ་དྲོ ད ་ཆེ ན ་པོ ་ ཡོ ད ་སྟབས་ས་ངོ ས ་ ཀྱི་དྲོད་ཚད་ཀྱང་མཐོ་ཙམ་ཡོད། ཉི་འོད་ གསེ ག ་འཕྲོ ་ བྱེ ད ་སྐབས་ཉི ་ ཟེ ར ་གྲམ་གྱི ་ ཡོ ད ་པས་སའི ་ སྟེ ང ་དུ་ཉི ་ འོ ད ་ཀྱི ་ ཚ་དྲོ ད ་ ཐིག ཉི་མ་ ་དམ ར་ ཅུང་ཆུང་ཙམ་ཡོ ད ་པས་ས་ངོ ས ་ཀྱི ་ དྲོ ད ་ ཚད་ཀྱང་དམའ་ཙམ་ཡོད་དོ། ། སའ ི ་ གོ ་ སྲོག ལ འི ་ ་ཤིང ་།
དཔེ་རེིས།3.1: ཉི་འོད་ཀྱི་ཐད་འཕྲོ་དང་གསེག་འཕྲོ།
ལྷོ་སྣ ེ་
དཔེ་རིས། 3.2: སའི་གོ་ལའི་རང་འཁོར་ལ་བརྟེན་ནས་ཉིན་མཚན་བྱུང་ཚུལ།
20
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
21
སའི་གོ་ལའི་སྤྱི་འཁོར་ ཤར་ལ་ཡིན་པ་དང་། རང་འཁོར་ཐེངས་གཅིག་གིས་འཁོར་བའི་དུས་རིམ་ འཁོར་ལམ་གྱི་ལེབ་ ངོ ས ་ནས་གཞུང་ཐི ག ་ ནི་ཆུ་ཚོད་24 སྟེ་ཉིན་མཚན་གཅིག་གི་དུས་ཚོད་ཡིན། སའི་གོ་ལའི་སྤྱི་ བྱང དྲང་མོ། ་སྣེ་ 23.5 0 འཁོར་འཁོར་ལམ་གྱི་ལེབ་ངོས་ (Orbital plane) དང་སའི་གོ་ལའི་སྲོག་ ལྷོ་ཉ ཤིང་གཉིས་གྲངས་ཚད་ 66.50 ཡི་བཙུར་ཟུར་ཞིག་ཆགས་ཀྱི་ཡོད། སའི་ ཐིག ི་ལྡོག ་དམ ་ཐ ར་ 66 0 ིག .5 གོ་ལའི་དབྱིབས་རིལ་གཟུགས་ཡིན་པར་བརྟེན་དུས་གཅིག་ཏུ་སའི་གོ་ལ་ སའི་གོ་ལའི་སྤྱི་འཁོར་ བྱང ་ཉི་ལྡ འཁོར་ལམ་གྱི་ལེབ་ ཧྲིལ་པོར་ཉི་འོད་འཕྲོ་ཐུབ་ཀྱི་མེད། སའི་གོ་ལའི་རང་འཁོར་བརྒྱུད་རིམ་ ོག་ཐ ངོས། ིག ནང་ཉི་མར་ཁ་ཕྱོགས་པའི་གོ་ལའི་ཕྱེད་ནི་ཉིན་མོ་ཡིན་པ་དང་ཉི་མར་རྒྱབ་ གཏད་པའི་གོ་ལའི་ཕྱེད་ནི་མཚན་མོ་ཡིན། སའི་གོ་ལ་རྒྱུན་ཆད་མེད་པར་ ལྷོ་སྣ རང་འཁོར་རྒྱག་པའི་རྐྱེན་གྱིས་ད་གཟོད་སའི་གོ་ལའི་ངོས་སུ་ཉིན་མཚན་ ེ་ རེས་མོས་བྱེད་པའི་སྣང་ཚུལ་ཐོན་པ་རེད། དཔེ་རིས། 3.3: སའི་གོ་ལའི་སྲོག་ཤིང་དང་སའི་གོ་ལའི་
སྤྱི་འཁོར་འཁོར་ལམ་ལས་གྲུབ་པའི་བཙིར་ཟུར།
སའི་གོ་ལའི་སྤྱི་འཁོར།
སའི་གོ་ལས་རང་འཁོར་བྱེད་པ་དང་ཆབས་ཅིག་འཁོར་ལམ་གཏན་ འཁེལ་ཞིག་ནང་ཉི་མར་སྐོར་བ་རྒྱག་པར་སྤྱི་འཁོར་ (Revolution) ཞེས་ ཟེར། སའི་གོ་ལའི་སྤྱི་འཁོར་གྱི་ཁ་ཕྱོགས་དེ་ཡང་ནུབ་ནས་ཤར་དུ་ཡིན་ ཞིང་། སྤྱི་འཁོར་འཁོར་མོ་གཅིག་འཁོར་བའི་དུས་ཚོད་ནི་ཉིན་ 365 དང་ ཆུ་ཚོད 6 (ལོ་གཅིག) ཡིན། ང་ཚོས་དུས་རྒྱུན་ལོ་གཅིག་གི་དུས་ཡུན་ནི་ ཉིན 365 ཁོ་ནར་བརྩིས་ཏེ་སྟབས་བདེའི་ཆེད་དུ་ཆུ་ཚོད་ 6 ཟུར་དུ་འཇོག་ པ་དང་། ལོ་རེར་ལྷག་པའི་ཆུ་ཚོད་ 6 པོ་དེ་དག་བསྡོམས་ནས་ཉིན་གཅིག་ (ཆུ་ཚོད་24) ལོན་སྐབས་ཉི་མ་དེ་སྤྱི་ཟླ 2 པའི་ཐོག་སྣོན་གྱི་ཡོད། དེར་ བརྟེན་ལོ་བཞི་རེའི་མཚམས་སུ་སྤྱི་ཟླ་གཉིས་པར་ཉིན་ 29 ཡོད་པ་ལས་ དུས་རྒྱུན་སྤྱི་ཟླ་གཉིས་པར་ཉིན་ 28 ལས་མེད། སྤྱི་ཟླ་གཉིས་པར་ཉིན 29 ཡོད་པའི་ལོ་དེའི་དུས་ཡུན་ནི་ཉིན་ 366 ཡིན་ཞིང་དེར་བཤོལ་ལོ་ (Leap Year) ཞེས་ཟེར། དཔེ་རིས་ 3.4 ནས་མཐོང་གསལ་བཞིན་སྤྱི་འཁོར་གྱི་འཁོར་ ལམ་ནི་སྒོར་མོའ ་ི དབྱིབས་ཀྱི་སྒོང་གཟུགས་དང་འདྲ་པོ་ཡོད་ལ། དོ་སྣང་ བྱས་པ་བརྒྱུད་འཁོར་ལམ་ཆ་ཚང་ནང་སའི་གོ་ལ་ཕྱོགས་གཅིག་ལ་འཁྱོག་ ཡོད་པ་ཤེས་ཐུབ། དེ་ནི་སའི་གོ་ལའི་སྤྱི་འཁོར་གྱི་ཁྱད་ཆོས་གལ་ཆེན་ ཞི ག ་ཡི ན ་ཞི ང ་སའི ་ གོ ་ ལས་སྤྱི ་ འཁོ ར ་རྒྱག་པར་བརྟེ ན ་ད་གཟོ ད ་དུས་ བཞིའི་འགྱུར་ལྡོག་བྱུང་བ་ཡིན། ལོ་གཅིག་དེ་ནམ་དུས་བཞིར་བགོས་ཡོད་ པ་དེ་དག་ནི། དཔྱིད་ཀ་དང་དབྱར་ཁ། སྟོན་ཀ། དགུན་ཁ་བཅས་ཡིན།
21
??
? ?
ཁྱེེད་ཀྱིིས་ཤེེེས་སམ་ སའི་གོ་ལའི་བྱང་ཕྱོགས་ཀྱི་ས་ ཁུལ་ཁག་ལ་དགུན་ཁ་ཤར་ནས་ས་གཞི་ ཚང་མ་ཁ་བའི ་ གོ ས ་དཀར་གྱི ས ་ཀླུབ་ སྐབས། སའི་གོ་ལའི་ལྷོ་ཕྱོགས་ཀྱི་ས་ ཁུལ་ཁག་ལ་ས་གཞི ་ ལྗང་ཐི ང ་ཐི ང ་དང་ མེ་ཏོག་ཁྲ་ལམ་མེར་བཞད་པའི་དབྱར་གྱི་ དུས་ཚོད་ཁེལ་ཡོད། དཔེར་ན་ཨ་རི་བ་ ཚོ ས ་ཡེ ་ཤུ་འཁྲུངས་སྟོ ན ་ (སྤྱི་ཟླ་12ཚེས་ 25)དེ་ཁ་བ་སྟུག་པའི་དགུན་དུས་ལ་སྲུང་ བརྩི་བྱེད་སྐབས་ཨསྟྲེ་ལི་ཡའི་ལུང་པར་ ཡེ་ཤུ་འཁྲུངས་སྟོན་དེ་སྦྲང་ཆར་ཟིམ་ཟིམ་ འབབ་པའི་དབྱར་དུས་སྐབས་སྲུང་བརྩི་ བྱེད་ཀྱི་ཡོད།
22
ས་ཁམས་རིག་པ།
བསམ་གཞིགས་གྱིས་དང་། གལ་ཏེ་སའི་གོ་ལས་རང་འཁོར་མི་རྒྱག་ན་གནས་སྟངས་ཅི་འདྲ་ཞིག་ཡོང་སྲིད་དམ།
གལ་ཏེ་སའི་གོ་ལས་རང་འཁོར་མི་རྒྱག་ན་ཉི་མའི་ཕྱོགས་སུ་ཁ་ཕྱོགས་པའི་སའི་གོ་ལའི་ས་ཁུལ་ཁག་ལ་ རྟག་ཏུ་ཉི་འོད་འཕྲོ་བས་ས་ཁུལ་དེར་ཉིན་མོ་མ་གཏོགས་མཚན་མོ་ཡོང་མི་སྲིད། ལོ་འཁོར་མོར་ཉི་འོད་འཕྲོས་རྐྱེན་ས་ ཁུལ་དེའི་ཚ་དྲོད་ཧ་ཅང་ཆེ་བས་ཚེ་སྲོག་འཚོ་གནས་ཐུབ་ཐབས་མེད། དེ་བཞིན་སའི་གོ་ལའི་ཕྱོགས་གཞན་དེར་ལོ་འཁོར་མོར་ཉི་འོད་གཏན་ནས་མི་འཕྲོ་བས་རྟག་ཏུ་མཚན་མོར་ གནས་པ་དང་། གནམ་གཤིས་གྲང་ངར་ཆེ་ཞིང་ས་གཞི་ཡོད་ཚད་འཁྱག་རོམ་གྱིས་བཏུམས་པར་གྱུར་ན། ས་ཁུལ་ དེར་ཡང་ཚེ་སྲོག་གཏན་ནས་འཚོ་གནས་ཐུབ་ཐབས་མེད། དེར་བརྟེན་སའི་གོ་ལས་རང་འཁོར་མི་རྒྱག་ན་ད་ལྟའི་ཚ་ གྲང་སྙོམ་ཞིང་ཚེ་སྲོག་འཚོ་གནས་ཐུབ་པའི་ཁྱིམ་གཞིས་ཆེན་པོ་འདི་འདྲ་ཞིག་ཡོང་ཐབས་མེད། བྱང་སྣེ།
ལྷོ་སྣེ།
དབྱར་ཉི་ལྡོག བྱང་སྣེ།
ལྷོ་སྣེ།
དགུན་ཉི་ལྡོག བྱང་སྣེ།
ལྷོ་སྣེ།
དཔྱིད་མཉམ། བྱང་སྣེ།
ལྷོ་སྣེ།
སྟོན་མཉམ།
སྤྱི་ཟླ་ 6 པའི་ཚེས་ 21 ཉིན་གོ་ལ་ཕྱེད་བྱང་མའི་ཁུལ་དེ་ཉི་མའི་ཕྱོགས་སུ་འཁྱོག་ ཅིང་། ཉི་མའི་འོད་བྱང་ཉི་ལྡོག་ཐིག་གི་སྟེང་དུ་དྲང་འཕྲོ་བྱེད་ཀྱི་ཡོད་པས། ས་ཁུལ་དེར་ཚ་དྲོད་ ཆེན་པོ་སླེབས་ཀྱི་ཡོད། གནས་སྐབས་དེར་གོ་ལ་ཕྱེད་བྱང་མའི་ས་ཁུལ་ཁྱོན་ཆེན་པོར་ཉི་མ་ ཡུན་རིང་ཤར་བས། ནམ་དུས་དེ་ནི་ཐིག་དམར་གྱི་བྱང་ངོས་ས་ཁུལ་གྱི་དབྱར་དུས་རེད། དུས་ ཚོད་དེའི་སྐབས་གོ་ལ་ཕྱེད་བྱང་མར་ཉིན་མོ་རིང་ཞིང་མཚན་མོ་ཐུང་བ་ཡིན། འོན་ཀྱང་གོ་ལ་ཕྱེད་ ལྷོ་མའི་ནམ་དུས་ནི་དེ་དང་ཡོངས་སུ་ཐ་དད་རེད། དུས་ཚོད་དེ་ནི་གོ་ལ་ཕྱེད་ལྷོ་མའི་དགུན་དུས་ ཡིན་པ་དང་། ཉིན་མོ་ཐུང་ཞིང་མཚན་མོ་རིང་པོ་ཡོད། གོ་ལ་ཕྱེད་བྱང་མ་ཉི་མའི་ཕྱོགས་སུ་འཁྱོག་ པའི་གནས་སྐབས་དེར་དབྱར་ཉི་ལྡོག་ (Summer Solstice) ཅེས་བརྗོད་དོ། ། སྤྱི་ཟླ 12 པའི་ཚེས 22 ཉིན་གོ་ལ་ཕྱེད་ལྷོ་མ་ཉི་མའི་ཕྱོགས་སུ་འཁྱོག་པར་བརྟེན་ ལྷོ་ཉི་ལྡོག་ཐིག་གི་སྟེང་དུ་ཉི་འོད་དྲང་འཕྲོ་བྱེད་ཀྱི་ཡོད། ནམ་དུས་དེ་ནི་གོ་ལ་ཕྱེད་ལྷོ་མའི་དབྱར་ དུས་དང་གོ་ལ་ཕྱེད་བྱང་མའི་དགུན་དུས་རེད། གོ་ལ་ཕྱེད་ལྷོ་མ་ཉི་མའི་ཕྱོགས་སུ་འཁྱོག་པའི་ གནས་སྐབས་དེར་དགུན་ཉི་ལྡོག་ (Winter Solstice) ཅེས་ཟེར། སྤྱི་ཟླ 3 ཚེས 21 དང་སྤྱི་ཟླ 9 ཚེས 23 ཉིན་ཉི་མའི་འོད་ཐིག་དམར་སྟེང་དྲང་ འཕྲོ་བྱེད་པའི་ཉིན་དེར་ཉིན་མཚན་མཉམ་དུས་ (Equinox) ཞེས་ཟེར། གནས་སྐབས་དེར་སའི་ གོ་ལའི་སྣེ་གཉིས་ཀས་ཉི་མའི་ཕྱོགས་སུ་འཁྱོག་གི་མེད་ལ། ཉིན་མཚན་གཉིས་ཀྱི་དུས་ཡུན་རིང་ ཐུང་གཅིག་པར་སྣང་གི་ཡོད། སྤྱི་ཟླ 9 ཚེས 23 ཉིན་གོ་ལ་ཕྱེད་བྱང་མའི་ཁུལ་དུ་སྟོན་ཀ་ཤར་ བ་དང་། གོ་ལ་ཕྱེད་ལྷོ་མར་དཔྱིད་ཀ་ཤར་འགོ་ཚུགས་ཀྱི་ཡོད། དེ་བཞིན་སྤྱི་ཟླ 3 ཚེས 21 ཉིན་ གོ་ལ་ཕྱེད་བྱང་མར་དཔྱིད་ཀ་ཤར་སྐབས་གོ་ལ་ཕྱེད་ལྷོ་མར་སྟོན་ཀ་ཤར་བ་ཡིན། དེ་ལྟར་སའི་ གོ་ལའི་རང་འཁོར་ལ་བརྟེན་ནས་ཉིན་མཚན་བྱུང་བ་དང་སའི་གོ་ལས་སྤྱི་འཁོར་རྒྱག་པར་བརྟེན་ དུས་བཞིའི་འགྱུར་ལྡོག་བྱུང་བ་རེད།
22
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། སྤྱི་ཟླ 3 པའི་ཚེས 21 གི་སྔ་རྗེས་སུ་ཉི་འོད་ཐིག་ དམར་སྟེ ང ་ལ་དྲང་འཕྲོ ་ བྱས་པའི ་ ཉི ན ་དེ ར ་དཔྱི ད ་ མཉམ་ཉིན་མོ་ཞེས་འབོད། དཔྱིད་མཉམ་ཉིན་མོའ ་ི སྔ་ རྗེས་ཀྱི་ཟླ་བ 3 པ་དང 4 པ། 5པ་བཅས་ནི་གོ་ལ་ ཕྱེད་བྱང་མའི་དཔྱིད་ཀ་ཡིན།
དཔྱིད་མཉམ།
བྱང་སྣེ།
23
སྤྱི་ཟླ 12 པའི་ཚེས 22 ཀྱི་སྔ་རྗེས་སུ་ཉི་འོད་ལྷོ་ ཉི་ལྡོག་ཐིག་གི་སྟེང་ལ་དྲང་འཕྲོ་བྱེ ད་པའི་ཉིན་དེར་ དགུན་ཉི་ལྡོག་ཐིག་ཉིན་ཞེས་འབོད། དགུན་ཉིན་ལྡོག་ ཐིག་གི་སྔ་རྗེས་ཟླ་བ 12 པ་དང་། 1པོ 2པ་བཅས་ གསུམ་པོ་ནི་གོ་ལ་ཕྱེད་བྱང་མའི་དགུན་དུས་ཡིན།
ལྷོ་སྣེ།
དགུན་ཉི་ལྡོག བྱང་སྣེ།
བྱང་སྣེ།
ཉི་མ། ལྷོ་སྣེ།
ལྷོ་སྣེ།
དབྱར་ཉི་ལྡོག
བྱང་སྣེ།
སྤྱི་ཟླ 6 པའི་ཚེས 21 གི་སྔ་རྗེས་སུ་ཉི་འོད་བྱང་ ཉི་ལྡོག་ཐིག་གི་སྟེང་དུ་དྲང་འཕྲོ་བྱས་པའི་ཉིན་དེར་ དབྱར་ཉི་ལྡོག་ཉིན་ཞེས་འབོད། དབྱར་ཉི་ལྡོག་ཉིན་ མོའ ་ི སྔ་རྗེས་ཀྱི་ཟླ་བ 6 པ་དང 7 པ། 8པ་བཅས་ནི་ གོ་ལ་ཕྱེད་བྱང་མའི་དབྱར་དུས་ཡིན།
བྱེད་སྒོ
སྟོན་མཉམ།
ལྷོ་སྣེ།
སྤྱི་ཟླ 9 པའི་ཚེས 23 གྱིི་སྔ་རྗེས་སུ་ཉི་འོད་ཐིག་ དམར་སྟེང་ལ་དྲང་འཕྲོ་བྱས་པའི་ཉིན་དེར་སྟོན་མཉམ་ ཉིན་མོ་ཞེས་འབོད། སྟོན་མཉམ་ཉིན་མོའ ་ི སྔ་རྗེས་ཀྱི་ ཟླ་བ 9 པ་དང 10 པ། 11བཅས་ནི་གོ་ལ་ཕྱེད་ བྱང་མའི་སྟོན་ཁ་ཡིན།
དཔེ་རིས། 3.4: སའི་གོ་ལའི་སྤྱི་འཁོར་དང་དུས་བཞིའི་འགྱུར་ལྡོག
སྤོ་ལོ་ཞིག་དང་སྒྲོན་མེ་ཞིག་གྲ་སྒྲིག་བྱས་ཏེ། སྤོ་ལོས་སའི་གོ་ལའི་ཚབ་བྱེད་པ་དང་སྒྲོན་མེས་ཉི་མའི་ཚབ་བྱེད་ དགོས། གྲོང་ཚོ་Xམཚོན་ཆེད་སྤོ་ལོའ ་ི སྟེང་ཡི་གེ་Xཞིག་བྲིས་ནས་དེའི་ཁ་ཕྱོགས་ནག་ཁུང་དུ་སྟོན་དགོས། ཁྱེད་ཀྱིས་སྤོ་ལོ་དེ་གཡོན་ཕྱོགས་ནས་གཡས་ཕྱོགས་སུ་ག་ལེར་སྐོར་སྐབས་གྲོང་ཚོ་ Xལ་ག་ལེར་ཉི་མ་ཤར་ཡོང་བ་དང་། སྤོ་ལོ་མུ་མཐུད་སྐོར་སྐབས་རིམ་བཞིན་ཉི་མ་བཞུད་ ནས་ནག་ཁུང་ཆགས་པའི་སྣང་ཚུལ་མཐོང་ཐུབ།
23
x
24
1.
2. 3. 4. 5. 6.
1.
ས་ཁམས་རིག་པ།
སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
སའི་གོ་ལའི་སྤྱི་འཁོར་འཁོར་ལམ་གྱི་ལེབ་ངོས་དང་སའི་གོ་ལའི་སྲོག་ཤིང་གཉིས་ཀྱིས་བཙུར་ཟུར་ཇི་འདྲ་ཞིག་གྲུབ་ཀྱི་ ཡོད་དམ།
ཅི་ཞིག་ལ་སའི་གོ་ལའི་རང་འཁོར་དང་སྤྱི་འཁོར་ཟེར། ཅི་ཞིག་ལ་བཤོལ་ལོ་ཟེར།
དབྱར་ཉི་ལྡོག་དང་དགུན་ཉི་ལྡོག་དབར་ལ་ཁྱད་པར་གང་ཡོད་དམ།
གོ་ལ་ཕྱེད་བྱང་མར་དབྱར་ཁ་ཤར་སྐབས་གོ་ལ་ཕྱེད་ལྷོ་མར་ནམ་དུས་གང་འཁེལ་ཡོད། ཉིན་མཚན་མཉམ་དུས་ཞེས་པ་དེ་གང་འདྲ་ཞིག་ལ་ཟེར་རམ།
ཁ༽ འོས་འཚམ་གྱི་ལན་འདེམས་དགོས།
སའི་གོ་ལས་ཉི་མར་སྐོར་བ་རྒྱག་པ་དེར་...............................................ཞེས་ཟེར།
༡) རང་འཁོར། ༢) དུས་འཁོར། ༣) སྤྱི་འཁོར།
༡) སྤྱི་ཟླ 3 པའི་ཚེས 21
2. 3. 4.
5. 6.
ཉི་མའི་འོད་ཐིག་དམར་སྟེང་དྲང་འཕྲོ་བྱེད་པའི་དུས་ཚེས་ནི་...............................................རེད། ༢) སྤྱི་ཟླ 6 པའི་ཚེས 21
༣) སྤྱི་ཟླ 9 པའི་ཚེས 22
ནམ་དུས་ནི་.............................................ལ་བརྟེན་ནས་འབྱུང་གི་ཡོད།
༡) སའི་གོ་ལའི་རང་འཁོར་
༢) སའི་གོ་ལའི་སྤྱི་འཁོར་
༣) སའི་གོ་ལའི་འཐེན་ཤུགས་
རང་འཁོར་གྱི་ཁ་ཕྱོགས་ནི་...............................................དུ་ཡིན
༡) ཤར་ནས་བྱང་
༢) ལྷོ་ནས་ཤར་
དགུན་དུས་མཚན་མོ་རིང་ཞིང་ཉིན་མོ་ཐུང་བ་ཡོད།
༡) འགྲིག
༣) ནུབ་ནས་ཤར་
༢) ནོར་
རང་འཁོར་ཐེངས་གཅིག་འཁོར་བའི་དུས་ཚོད་ནི་..............................................རེད།
7.
༡) ཆུ་ཚོད 12
༢) ཆུ་ཚོད 24
༡) སྒོར་མོའ ་ི དབྱིབས་ཀྱི་སྒོང་གཟུགས་
༣) ཆུ་ཚོད 1
སྤྱི་འཁོར་གྱི་འཁོར་ལམ་ནི་.............................................དང་འདྲ་པོ་ཡོད། ༢) གྲུ་བཞི་
24
༣) ཟུར་གསུམ་
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བསྐྱར་སྦྱོང་།
༡.
སའི་གོ་ལ་སྐོར་བ་རྒྱག་པ་དེ་ང་ཚོས་མི་ཚོར་བའི་རྒྱུ་མཚན་གང་ཡིན།
༤.
བཤོལ་ལོར་ཉིན 366 ཡོད་དགོས་པའི་རྒྱུ་མཚན་ཤོད་དང་།
༢.
༣. ༥.
༦.
བྱེད་སྒོ 1.
སའི་གོ་ལའི་ཐོག་ཉིན་མཚན་རེས་མོས་ཀྱི་རྣམ་པ་མཐོང་བའི་རྒྱུ་རྐྱེན་གང་རེད།
དུས་གཅིག་ཏུ་སའི་གོ་ལ་ཧྲིལ་པོར་ཉི་འོད་འཕྲོ་མི་ཐུབ་པའི་རྒྱུ་མཚན་གང་རེད།
སའི་གོ་ལའི་སྤྱི་འཁོར་ལ་བརྟེན་ནས་དུས་བཞིའི་འགྱུར་ལྡོག་བྱུང་ཚུལ་ཇི་འདྲ་རེད་དམ། གོ་ལ་ཕྱེད་ལྷོ་མར་དབྱར་ཁ་ཤར་སྐབས་གོ་ལ་ཕྱེད་བྱང་མར་དགུན་ཁ་ཡིན་དོན་ཅི།
སའི་གོ་ལས་རང་འཁོར་རྒྱག་པའི་དཔེ་མཚོན་རི་མོ་ཞིག་བྲིས།
2.
ཁྱེད་ཀྱི་སློབ་གྲྭའི་གནས་ཡུལ་དུ་ལོ་གཅིག་གི་རིང་ཉིན་ལྟར་ཉིན་གུང་སྐབས་ཀྱི་ཉི་མའི་མཐོ་ཚད་གཅིག་པ་རེད་དམ།
ཅིག་དཔེ་སྟོན་གྱིས་དང་།
3.
25
གཅིག་པ་མིན་ན་ག་དུས་མཐོ་ཙམ་དང་ག་དུས་དམའ་ཙམ་ཡོད་མེད་བལྟ་ཞིབ་ཅིག་གྱིས།
གཤམ་གྱི་རི་མོར་བལྟས་རྗེས་སའི་གོ་ལའི་དཔེ་དབྱིབས་ལ་བརྟེན་ནས་སའི་གོ་ལ་སྤྱི་འཁོར་རྒྱག་སྟངས་ཡང་དག་
25
4
ས་ཁྲ།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
༡༽ ས་ཁྲ་ངོ་སྤྲོད། གོང་གི་སློབ་ཚན་ནང་དུ་ཁྱེད་ཀྱིས་སའི་གོ་ལའི་དཔེ་ དབྱིབས་བཀོལ་བའི་ཕན་ཡོན་མང་པོ་ཞིག་སྦྱངས་ཟིན་པ་རེད། སའི་གོ་ ལའི་དཔེ་དབྱིབས་ནི་སའི་གོ་ལའི་རྣམ་པ་སྤྱིའི་ཆ་ལ་སློབ་གཉེར་བྱེད་དུས་ ཕན་ཐོགས་ཆེན་པོ་ཡོད། འོན་ཀྱང་། ང་ཚོས་རྒྱལ་ཁབ་དང་། མངའ་སྡེ། རྫོང་། གྲོང་རྡལ། གྲོང་གསེབ་སོགས་ལྟ་བུའི་སའི་གོ་ལའི་ངོས་ཀྱི་ཆ་ཤས་ ཆུང་ངུ་ཞིག་ལ་དབྱེ་ཞིབ་བྱ་དགོས་ཚེ། སའི་གོ་ལའི་དཔེ་དབྱིབས་ཀྱིས་ ང་ཚོར་དེ་ཙམ་གྱིས་གཞོགས་འདེགས་ཆེན་པོ་བྱེད་ཐུབ་ཀྱི་མེད། སྐབས་ འདི་འདྲ་ལ་ང་ཚོས་ས་ཁྲ་བཀོལ་དགོས་ཀྱི་ཡོད། ས་ཁྲ་ནི་ངོས་སྙོམས་པོ་ ཞིག་ལ་སྡུར་ཚད་འཇལ་བྱེད་ཅིག་གིས་ཚད་བརྒྱབས་ཏེ་སའི་གོ་ལའི་ངོས་ ཆ་ཚང་ངམ་སའི་གོ་ལའི་ངོས་ཀྱི་ཆ་ཤས་གང་རུང་ཞིག་མཚོན་པར་བྲིས་ པའི་དཔེ་རིས་ཞིག་ཡིན། ས་ཁྲ་ནི་ཕྱོགས་མང་པོ་ཞིག་ནས་ང་ཚོ་ལ་བེད་སྤྱོད་ཆེན་པོ་ཡོད། ས་ཁྲ་ཁ་ཤས་ལས་ང་ཚོས་ས་ཁུལ་ཆུང་ཆུང་ཞིག་དང་གནས་ཚུལ་ཉུང་ཉུང་ ཞིག་ཤེས་ཀྱི་ཡོད་ལ། ཡང་ས་ཁྲ་ཁ་ཤས་ལས་གནས་ཚུལ་ཧ་ཅང་མང་པོ་ ཤེས་ཐུབ་ཀྱི་ཡོད། ས་ཁྲ་མང་པོ་ཞིག་ཕྱོགས་བསྡུས་བྱས་པ་ན་ས་ཁྲའི་ དཔྱད་དེབ་ཅིག་འགྲུབ་ཀྱི་ཡོད། ས་ཁྲའི་དཔྱད་དེབ་ལ་ཡང་ཆེ་ཆུང་མི་འདྲ་ བ་དང་། སྡུར་ཚད་འཇལ་བྱེད་ཀྱི་ཚད་གཞི་མི་འདྲ་བ་སོགས་སྣ་ཚོགས་ ཡོད་པ་རེད། སའི་གོ་ལའི་དཔེ་དབྱིབས་དང་བསྡུར་ན་ས་ཁྲ་ཡིས་གནས་ ཚུལ་མང་བ་མཁོ་འདོན་བྱེད་ཐུབ་ཀྱི་ཡོད། ས་ཁྲ་ལ་རྣམ་པ་མི་འདྲ་བ་མང་ པོ་ཡོད་པ་དང་། ཁ་ཤས་ཤིག་གཤམ་དུ་འགྲེལ་བརྗོད་མདོར་ཙམ་བྱས་པར་ ཞིབ་ལྟ་བྱོས་དང་།
27
27
དཔེ་རིས། 4.1: ལོ་ངོ་ 1800 སྔོན་ལ་
བྲིས་པའི་འཛམ་གླིང་ས་ཁྲ།
བསམ་ བློ་ ཐོངས་ དང།
དཔེ་རིས4.1ལ་འཁོད་པའི་ས་ཁྲ་འདི་ ནི ་ སྤྱི ་ ལོ ་ དུས་རབས་གཉི ས ་པའི ་ སྐབས་སུ་གྷི ་ རིག་གི་ས་ཁམས་རིག་པ་དང་སྐར་དཔྱད་རིག་ པ་མཁས་ཅན་ཊོ་ལེ་མི (Ptolemy) མཆོག་ གིས་བྲིས་པའི་འཛམ་གླིང་གི་ས་ཁྲ་ཞིག་ཡིན། དེ་ ནི་ཁོང་གིས་སྐབས་དེར་ཡོ་རོབ་དང་། ཨེ་ཤེ་ཡ། ཨ་ཧྥེ་རི་ཁ་སོགས་སུ་མཚོ་འགྲུལ་དང་། ཚོང་ འགྲུལ། དམག་དཔུང་བསྐྱོད་པ་སོགས་ཀྱི་གནས་ ཚུལ་ལ་གཞིགས་ཏེ་བྲིས་པ་ཞིག་ཡིན། ས་ཁྲ་ འདི ་ བྲི ས ་ནས་ད་བར་ལོ ་ ངོ ་ ཆི ག ་སྟོ ང ་བརྒྱད་ བརྒྱ་ཙམ་འགོར་ཡོད། འདི་ལས་ང་ཚོས་ལོ་ ངོ་སྟོང་ཕྲག་འདས་པའི་སྔོན་ལ་མི་རྣམས་ཀྱིས་ འཛམ་གླིང་ཆགས་སྟངས་ཀྱི་རྣམ་པ་ལ་བསམ་ བློ་གཏོང་སྟངས་ཅི་འདྲ་ཞིག་ཡིན་ཤེས་ཐུབ།
28
ས་ཁམས་རིག་པ།
དཔེ་རིས། 4.2: དེང་སང་བྲིས་པའི་འཛམ་གླིང་ས་ཁྲ།
དབྱེ་བསྡུར་བྱ་རྒྱུ།
དཔེ་རིས། 4.2 དང་དཔེ་ རི ས ། 4 . 1 ག ཉི ས ་ བསྡུར་དང་། དེ ་ གཉི ས ་བར་མི ་ འདྲ་བའི ་ ཁྱད་ པར་ཆེན་པོ་འདུག་གམ། གཅིག་ནི་དེང་ སྐབས་སྤྱོད་པའི་འཛམ་གླིང་ས་ཁྲ་ཡིན་པ་ དང་། གཅིག་ནི་ལོ་ངོ་1800གོང་གི་འཛམ་ གླིང་ས་ཁྲ་རེད།
དུ ས ་ རྒྱུ ན ་ ས འི ་ གོ ་ ལ འི ་ ད པེ ་
དབྱིབས་ནི་ཟླུམ་གཟུགས་ལྟར་འབྲི་མོད།
ང་
ཚོ ས ་ཟླུམ་གཟུགས་ཀྱི ་ རྣམ་པ་དེ ་ ལེ བ ་མོ ་ རུ་
བཅོ ས ་ཚེ ་ དཔེ ་ རི ས 4.3 ལྟ་བུ་ཞི ག ་ཏུ་འགྱུར་ ངེས།
༢༽ ས་ཁྲའི་རིགས་ཚན། ས་ཁྲ་ལ་རིགས་ཧ་ཅང་མང་པོ་ཡོད། དུས་རྒྱུན་ང་ཚོས་མཐོང་ བའི་ས་ཁྲའི་རིགས་ནི། སྲིད་དོན་གྱི་ས་ཁྲ་དང་། ས་དབྱིབས་ཀྱི་ས་ཁྲ། བྱེ་ བྲག་སྟོན་པའི་ས་ཁྲ་སོགས་ཡིན། ས་དབྱིབས་ཀྱི་ས་ཁྲ། སའི་གོ་ལའི་ངོས་ཀྱི་བཀོད་པ་མཚོན་ པའི་ས་ཁྲའི་རིགས་ལ་ས་དབྱིབས་ཀྱི་ས་ཁྲ་ཟེར། ས་ཁྲ་དེས་རི་རྒྱུད་དང་། བདེ་ཐང་། མཐོ་སྒང་། གཙང་པོ། རྒྱ་མཚོ་སོགས་སའི་གོ་ལའི་ངོས་ཀྱི་རང་ བྱུང་གི་བཀོད་པ་ཆགས་སྟངས་སྟོན་གྱི་ཡོད། སྲིད་དོན་གྱི་ས་ཁྲ། འཛམ་གླིང་ནང་གི་རྒྱལ་ཁབ་དང་། སྲིད་ གཞུང་། གྲོང་གསེབ། གྲོང་རྡལ། གྲོང་ཁྱེར་སོགས་ཆགས་སྟངས་ཀྱི་རྣམ་པ་ གསལ་པོར་སྟོན་པའི་ས་ཁྲའི་རིགས་ལ་སྲིད་དོན་གྱི་ས་ཁྲ་ཟེར། བྱེ་བྲག་སྟོན་པའི་ས་ཁྲ། ས་ཁྲ་ཁ་ཤས་ཀྱིས་གནས་ཚུལ་བྱེ་ བྲག་པ་སྟོན་གྱི་ཡོད་པ་དང་། དེ་ལྟ་བུའི་ས་ཁྲ་ལ་བྱེ་བྲག་སྟོན་པའི་ས་ཁྲ་ཟེར། དཔེར་ན། གཞུང་ལམ་གྱི་ས་ཁྲ་དང་། ཆར་ཆུ་འབབ་ཚད་མཚོན་པའི་ས་ཁྲ། ནགས་ཚལ་ཁྱབ་སྟངས་མཚོན་པའི་ས་ཁྲ། བཟོ་གྲྭ་ཁྱབ་བརྡལ་མཚོན་པའི་ ས་ཁྲ་སོགས་ཡིན།
༣༽ ས་ཁྲའི་གྲུབ་ཆ་གཙོ་བོ་གསུམ། ངོས་ལ་སའི་གོ་ལའི་དཔེ་རིས་བྲིས་རྗེས། སྤོ་ ས་ཁྲ་ཞི ག ་འབྲི ་ བའམ་ཀློ ག ་པའི ་ སྐབས་དོ ་ སྣང་བྱ་ས་གཙོ ་ བོ ་ ལོ་དེ་ཁ་གཤགས་ནས་ལེབ་ལེབ་བཟོས་ཏེ་ཅི་ གསུམ་ཡོད་པ་ནི། རྒྱང་ཐག་དང་། ཁ་ཕྱོགས། མཚོན་རྟགས་བཅས་ཡིན། འདྲ་རེད་ལྟོས་དང་། འདི་ལ་ས་ཁྲ་ཡི་གྲུབ་ཆ་གཙོ་བོ་གསུམ་ཡང་ཟེར། ས་ཁྲའི་ངོར་བཀོད་པའི་ རྒྱང་ཐག་དང་། ཁ་ཕྱོགས། མཚོན་རྟགས་བཅས་ཀྱི་བསྟན་དོན་ཡང་དག་ པ་ཞིག་ཤེས་རྟོགས་ཐུབ་ཚེ། ཁྱེད་ཀྱིས་ས་ཁྲ་ཡི་གོ་དོན་དང་བེད་སྤྱོད་བྱེད་ སྟངས་ལེགས་པོ་ཤེས་ཐུབ་ཀྱི་ཡོད་པའི་རྟགས་རེད། དཔེ་རིས། 4.3: ངོས་སྙོམས་ཀྱི་ས་ཁྲའི་རྣམ་པར་ བཅོས་པའི་སའི་གོ་ལའི་དཔེ་དབྱིབས།
དེ ས ་ན་ཁྱེ ད ་ཀྱི ས ་སྤོ ་ ལོ ་ ཞི ག ་གི ་
28
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱང་ཐག ས་ཁྲར་བཀོད་པའི་ས་ཁུལ་གཉིས་བར་གྱི་རྒྱང་ཐག་གི་ཚད་དེ་ ས་ཆ་དེ་གཉིས་བར་གྱི་རྒྱང་ཐག་དངོས་ཀྱི་ཚད་དང་ཁྱད་པར་མེད་ཚུལ་ཅི་ འདྲ་ཡིན་པ་ཤེས་ཀྱི་ཡོད་དམ། གྲོང་ཁྱེར་དང་། རྒྱལ་ཁབ། ཡང་ན་འཛམ་གླིང་ཧྲིལ་པོའ ་ི ཆེ་ཆུང་ གི་ཚད་གཞི་ཏག་ཏག་ཡོད་པའི་ས་ཁྲ་ཞིག་ཤོག་བུའི་སྟེང་འབྲི་ཐབས་མེད་ མོད། ང་ཚོས་དེ་དག་གི་ཆེ་ཆུང་གསལ་པོར་ཤེས་པའི་ས་ཁྲ་འབྲི་ཐུབ། དེ་ ནི་ས་ཁྲ་འབྲི་སྐབས་གྲོང་ཁྱེར་དང་རྒྱལ་ཁབ་སོགས་ཀྱི་གཞི་ཁྱོན་གྱི་ཚད་ གཞི་ཇེ་ཆུང་དུ་བཏང་ནས་ཤོག་ངོས་གཅིག་ལ་འཚམ་པ་ཞིག་འབྲི་དགོས་ པ་དང་། དེ་འབྲི་སྐབས་ཧ་ཅང་གཟབ་ནན་བྱེད་དགོས། ཤོག་ངོས་སུ་བཀོད་ པའི་ས་ཆ་གཉིས་བར་གྱི་རྒྱང་ཐག་ཐུང་ཐུང་དེས་ས་ངོས་ཀྱི་རྒྱང་ཐག་རིང་ པོ་ཞིག་མཚོན་ཐུབ་པ་བྱེད་དགོས་ཀྱི་ཡོད། དཔེར་ན། གལ་ཏེ་ཁྱེད་རང་གི་ ཁྱིམ་ནས་སློབ་གྲྭ་བར་རྒྱང་ཐག་ཀི་ལོ་མི་ཊར་8ཡོད་ན། ས་ཁྲའི་སྟེང་དུའང་ རྒྱང་ཐག་ཀི་ལོ་མི་ཊར་8མཚོན་ཐུབ་པའི་ཐིག་ཚད་འབྲི་དགོས། དེ་ནི་སན་ ཊི་མི་ཊར་1གིས་ཀི་ལོ་མི་ཊར་1(1cm=1km)གི་རྒྱང་ཐག་མཚོན་པར་ བྱེད་པ་ལྟ་བུ་རེད། དེ་ལྟར་བྱས་ཚེ་སན་ཊི་མི་ཊར་བརྒྱད་ཀྱིིས་ཀི་ལོ་མི་ ཊར་བརྒྱད་ཀྱི་རྒྱང་ཐག་རིང་ཚད་མཚོན་ཐུབ་ཀྱི་ཡོད་པ་དང་། ཁྱེད་ཀྱིས་ ཤོག་ངོས་སུ་བྲིས་པའི་ས་ཁྲའི་ནང་རང་གི་ཁྱིམ་དང་སློབ་གྲྭའི་བར་རྒྱང་ ཐག་སན་ཊི་མི་ཊར་8ཅན་གྱི་ལམ་ཐིག་ཅིག་བྲིས་པ་དེས། རང་གི་ཁྱིམ་ དང་སློབ་གྲྭ་བར་གྱི་རྒྱང་ཐག་དངོས་ཀི་ལོ་མི་ཊར་8མཚོན་ཐུབ་ཀྱི་ཡོད་པ་ ཤེས་དགོས། དེ་ནི་རྩིས་ཀྱི་སྤྱི་འགྲོས་ལྟར་ན’’1/8’’ཡང་ན་’’1:8’’ཡིན། རྒྱང་ཐག་རྩི་ཐབས་ཀྱི་སྤྱི་འགྲོས་ནི། སྡུར་ཚད་འཇལ་བྱེད=ས་ཁྲའི་ཐོག་གི་རྒྱང་ཐག/རྒྱང་ཐག་དངོས།
དེ་བཞིན་རྒྱུན་དུ་ས་ཁྲ་རིགས་སྣ་ཚོགས་ལ་ལྟ་སྐབས། ས་ཁྲ་བྲིས་ པའི་ངོས་ཀྱི་མཐའ་གང་རུང་ཞིག་ལ་ས་ཁྲའི་ནང་བཀོད་པའི་ས་ཆ་དག་ཕན་ ཚུན་བར་གྱི་རྒྱང་ཐག་ཤེས་ཆེད་སྡུར་ཚད་ཀྱི་འཇལ་བྱེད་མཚོན་དཔེ་བྲིས་ ཡོད། དེ་ལ་བརྟེན་ནས་ཁྱེད་ཀྱིས་ས་ཁྲའི་སྟེང་བཀོད་པའི་ས་ཆ་དག་གི་བར་ ཐག་ཚད་བརྒྱབས་ཏེ་བརྩིས་ནས་ས་ཆ་དེ་དག་གི་རྒྱང་ཐག་དང་རྒྱ་ཁྱོན་ དངོས་ཤེས་ཐབས་བྱ་དགོས།
29
29
གླིང་ཆེན་དང་རྒྱལ་ཁབ་ལྟ་བུའི་
ས་ཁྱོ ན ་ཆེ ན ་པོ འ ་ི རི ག ས་ས་ཁྲར་འབྲི ་ སྐབས། འཇལ་བྱེ ད ་སྡུར་ཚད་ཆུང་བ་བཀོ ལ ་གྱི ་ ཡོ ད །
དཔེར་ན། ས་ཁྲའི་ངོས་ཀྱི་སན་ཊི་མི་ཊར་5ཡིས་ ས་ངོས་ཀྱི་ས་ཁྱོན་ཀི་ལོ་མི་ཊར་500མཚོན་པ་ ལྟ་བུ་རེད། འདིའི་རིགས་ཀྱི་ས་ཁྲ་ལ་སྡུར་ཚད་ ཆུང་བའི་ས་ཁྲ་ཟེར།
གྲོང་རྡལ་ལྟ་བུའི་ས་ཁྱོན་ཆུང་བའི་
རིགས་ས་ཁྲར་འབྲི་སྐབས།
འཇལ་བྱེད་སྡུར་
ཚད་ཆེ་བ་བཀོལ་གྱི་ཡོད། དཔེར་ན། ས་ཁྲའི་
ངོ ས ་ཀྱི ་ སན་ཊི ་ མི ་ ཊར་ 5 ཡི ས ་ས་ངོ ས ་ཀྱི ་ ས་ ཁྱོན་མི་ཊར500མཚོན་པ་ལྟ་བུ་རེད།
འདིའི་
རིགས་ཀྱི་ས་ཁྲ་ལ་སྡུར་ཚད་ཆེ་བའི་ས་ཁྲ་ཟེར།
སྦྱོང་བརྡར་བྱ་རྒྱུ།
དཔེ་རིས། 4.4 ལ་ལྟོས་དང་། འཇལ་ བྱེད་ཅིག་གིས་ས་ཆ་ཕན་ཚུན་གྱི་བར་ཐག་འཇལ་ ཚད་བྲིས་ཡོད། དཔེར་ན། ཁྲོན་པ་དང་ཟ་ཁང་བར་ རྒྱང་ཐག་རི ང ་ཚད་ལ་སན་ཊི ་ མི ་ ཊར་ 5 ཡོ ད ་ན། དེ ས ་རྒྱང་ཐག་དངོ ས ་མི ་ ཊར་ 50 མཚོ ན ་པ་ལྟ་བུ་ རེད། དེ་བཞིན་སློབ་གྲྭ་དང་རྩེད་ཐང་། ཚོང་ཁང་། ཤིང་སྡོང་། སྤང་ཐང་། ཁང་པ་ཀ། ཁང་པ་ཁ། ཁང་པ་ ག ཟ་ཁང་། སྦྲག་ཁང་བཅས་ཀྱི་རྒྱང་ཐག་རིང་ཚད་ རེ་རེ་བཞིན་བརྩི་བའམ། ཡང་ན་རྒྱང་ཐག་ཡོངས་ རྫོ ག ས་སྤྱི ་ སྡོ མ ་བྱས་ན་རི ང་ཚད་ཅི ་ ཙམ་ཡོ ད ་པ་ སོགས་བརྩི་ཐབས་བྱོས་དང་།
30
ས་ཁམས་རིག་པ།
ས། གཤམ་གྱི་དཔེ་རིས4.4 ལ་བལྟས་ཏེ་སྦྱོང་བརྡར་བྱོ PO
ཚོང་ཁང་།
ནུབ།
ལྷོ་ནུབ།
བྱང་།
ལྷོ།
བྱང་ཤར། ཤར།
ཤར་ལྷོ།
དཔེ་རིས 4.5: ཕྱོགས་བཞི་མཚམས་བརྒྱད།
སློབ་གྲྭ
ཟ་ཁང་།
ཁང་པ། ཁ
དཔེ་རིས། 4.4: གྲོང་རྡལ་ཞིག་གི་ས་ཁྲ།
ནུབ་བྱང།
རྩེད་ཐང་།
ཤིང་སྡོང་། ཁྲོན་པ།
ཁང་པ། ཀ
N
ཁང་པ། ག
སྤང་ཐང་།
50 40 30 20 10
metres
0
50
scale
metres
1 cm = 10 metres
ཁ་ཕྱོགས། ས་ཁྲར་ལྟ་དུས་ཁ་ཕྱོགས་མ་ནོར་བ་བྱ་རྒྱུ་ནི་གལ་ཆེན་པོ་ཡིན། ས་ཁྲའི་ངོས་སུ་བཀོད་པའི་རྒྱལ་ཁབ་དང་། གླིང་ཆེན། རྒྱ་མཚོ། གྲོང་ཁྱེར། རི། བདེ་ཐང་། གཙང་པོ་སོགས་ཕྱོགས་གང་དུ་ཡོད་དང། རང་ཉིད་ཡོད་ སའི་ས་ཆ་སོགས་ཕྱོགས་གང་དུ་གནས་ཡོད་པ་གསལ་པོར་ཤེས་དགོས་ ན། ས་ཁྲའི་ངོས་ཀྱི་ཁ་ཕྱོགས་མཚོན་སྟངས་ལེགས་པར་ཤེས་དགོས། ས་ཁྲ་མང་ཆེ་བ་ཞིག་གི་གཡས་ཟུར་གྱི་འགོ་ན་ཡིག་འབྲུ་’N’བྲིས་ཡོད་ པའི་མདའ་རྟགས་ཤིག་ཡོད་པ་དང་། མདའ་རྟགས་དེས་བྱང་ཕྱོགས་མཚོན་ གྱི་ཡོད། ཁྱེད་ཀྱིས་བྱང་ཕྱོགས་གང་ལ་ཁེལ་ཡོད་པ་ཤེས་ཚེ། ཤར་ཕྱོགས་ དང་། ནུབ་ཕྱོགས། ལྷོ་ཕྱོགས་སོགས་ཕྱོགས་གཞན་དག་ལས་སླ་པོའ ་ི ངང་ ཤེས་ཐུབ། དེ་ཡང་ཕྱོགས་ལ་དབྱེ་ན་བརྒྱད་ཡོད་དེ། ཤར། ལྷོ། ནུབ། བྱང་ བཅས་ཕྱོགས་བཞི་དང་། ཤར་ལྷོ་དང་། ལྷོ་ནུབ། ནུབ་བྱང་། བྱང་ཤར་ བཅས་ཕྱོགས་མཚམས་བཞི་བསྡོམས་ན་བརྒྱད་ཡོད་པ་ལྟར་རོ། འདི་ལ་ ཕྱོགས་བཞི་མཚམས་བརྒྱད་ཀྱང་ཟེར། ང་ཚོས་ཕྱོགས་བཞི་མཚམས་
30
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
31
བྱང་། བརྒྱད་ཀྱི་ཁ་ཕྱོགས་གསལ་པོར་ཤེས་པ་ན་ཡུལ་གང་རུང་ཞིག་གི་ཆགས་ ཡུལ་ངོས་འཛིན་ཐུབ་པར་ཕན་ཐོགས་ཆེན་པོ་ཡོད། དེ ་ ཡང་སྟབས་བདེ ་ བོ འ ་ི ངང་ཁ་ཕྱོ ག ས་ངོ ས ་འཛི ན ་ཐུབ་པ་ལ་ ཕྱོགས་སྟོན་འཁོར་ལོ་བེད་སྤྱོད་བཏང་ན་འཚམ་པ་ཡོད། ང་ཚོས་ཕྱོགས་ ནུབ། ཤར། སྟོན་འཁོར་ལོ་ལ་བརྟེན་ཏེ་ཁ་ཕྱོགས་གཏན་ཁེལ་བྱེད་ཐུབ་ཀྱི་ཡོད། ཕྱོགས་ སྟོན་འཁོར་ལོ་ནི་ཁ་ཕྱོགས་གཏན་ཁེལ་བྱེད་པར་བེད་སྤྱོད་ཆེ་བའི་ཡོ་བྱད་ ཅིག་ཡིན། ཕྱོགས་སྟོན་འཁོར་ལོའ ་ི ནང་དུ་རྣོ་ཁབ་ཅིག་ཡོད་པ་དང་། དུས་ ལྷོ། རྒྱུན་དུ་རྣོ ་ ཁབ་དེ འི ་ རྩེ ་ མོ ་ ལྷོ ་ བྱང་གི ་ ཕྱོ ག ས་གང་དུ་འཁེ ལ ་ཡོ ད ་པ་དེ ར ་ འཁོར་ཡོད་པས། ཕྱོགས་སྟོན་འཁོར་ལོ་ལ་བརྟེན་ཏེ་ཁ་ཕྱོགས་འཚོལ་བདེ་ དཔེ་རིས།4.6: ཕྱོགས་སྟོན་འཁོར་ལོ། པོ་ཡོད།
མཚོན་རྟགས། ས་ཁྲའི་ངོས་སུ་བཀོད་པའི་མཚོན་རྟགས་རྣམས་ཀྱི་མཚོན་དོན་ ཤེས་རྒྱུ་ཡང་ཧ་ཅང་གལ་ཆེ། དུས་རྒྱུན་ང་ཚོས་ས་ཁྲའི་ངོས་སུ་དབྱིབས་ དང་ཆེ་ཆུང་མི་འདྲ་བའི་ཁང་པ་དང་། གཞུང་ལམ། ཟམ་པ། ཤིང་སྡོང་ སོགས་ཇི་མ་ཇི་བཞིན་འབྲི་ཐབས་མེད་པས། དེ་དག་མཚོན་བྱེད་དུ་ཡི་གེ་ དང་། མདོག། རི་མོ། ཐིག་སོགས་བཀོལ་གྱི་ཡོད། མཚོན་རྟགས་དེ་དག་ གིས་གནས་ཚུལ་མང་པོ་ཞིག་འཆད་ཐུབ་ཀྱི་ཡོད་པ་མ་ཟད། མཚོན་རྟགས་ དེ ་ དག་ལ་བརྟེ ན ་ནས་ས་ཁྲ་རི ག ས་སྣ་ཚོ ག ས་འབྲི ་ ཀློ ག ་བདེ ་ བ་ཡོ ང ་གི ་ ཡོད། གལ་ཏེ་ཁྱེད་རང་སྐད་རིགས་མི་འདྲ་བའི་རྒྱལ་ཁབ་ཅིག་ལ་འབྱོར་ཏེ་ འགྲོ་ཕྱོགས་གསལ་པོར་མི་ཤེས་པ་དང་། གཞན་ལ་སྐད་ཆ་འདྲི་ཐབས་མེད་ པའི་གནས་སུ་གྱར་ཚེ། ས་ཁྲའི་ངོས་ཀྱི་མཚོན་རྟགས་རྣམས་ཀྱིས་ཁྱེད་ལ་ འགྲོ་ཡུལ་དང་ཁ་ཕྱོགས་གསལ་པོར་སྟོན་ངེས། ས་ཁྲའི་ངོས་སུ་འཛམ་གླིང་ རྒྱལ་ཁབ་ཚང་མས་གཅིག་གྱུར་གྱིས་བཀོལ་བའི་མཚོན་རྟགས་ཡོད་པར་ བརྟེན། མི་ཚང་མས་མཚོན་རྟགས་དེ་རིགས་ཀྱི་མཚོན་དོན་ཤེས་ཀྱི་ཡོད། མཚོན་རྟགས་དེ་རིགས་ལ་ས་ཁྲའི་མཚོན་རྟགས་ཟེར། གཤམ་དུ་འཛམ་གླི ང ་རྒྱལ་ཁབ་ཚང་མས་གཅི ག ་གྱུར་གྱི ས ་ བཀོལ་བའི་མཚོན་རྟགས་འགའ་བཀོད་ཡོད་པར་གཟིགས་དང་། དཔེར་ ན། ཚོན་མདོག་མི་འདྲ་བ་རེ་རེས་མཚོན་དོན་ཡང་མི་འདྲ་བ་རེ་སྟོན་པ་སྟེ། སྔོན་པོ་ཡིས་ཆུ་མཚོན་པ་དང་། སྨུག་པོ་ཡིས་རི་མཚོན་པ། སེར་པོ་ཡིས་ མཐོ་སྒང་མཚོན་པ། ལྗང་ཁུ་ཡིས་བདེ་ཐང་མཚོན་པ་ལྟ་བུ་རེད།
31
སྦྱོང་བརྡར་བྱ་རྒྱུ།
དཔེ་རིས 4.7 ལ་བལྟས་ནས་ངོས་འཛིན་ཐབས་བྱོས། 1. གཙང་པོ་དེ་ཁ་ཕྱོགས་གང་ལ་བཞུར་གྱི་འདུག 2. གཞིས་གྲོང་ག་པ་དང་ཐག་ཉེ་བའི་གཞུང་ལམ་ རིགས་གང་ཡིན་ནམ།
3. གཞིས་གྲོང་ཁ་པ་དེ་མེ་འཁོར་ལམ་གྱི་ཕྱོགས་ གང་ལ་ཆགས་འདུག
4. སྤྱི་བདེ་ལས་ཁུངས་དེ་མེ་འཁོར་ལྕགས་ལམ་ གྱི་ཟམ་པའི་ཕྱོགས་གང་ལ་འདུག
5. གཤམ་གྱི་ས་གནས་་དེ་དག་མེ་འཁོར་ལྕགས་ ལམ་གྱི་ཕྱོགས་གང་དུ་ཡོད་ངོས་ཟུངས་དང་།
(ཀ) ཡེ་ཤུ་ལྷ་ཁང་།
(ཁ) ཁ་ཆེ་ལྷ་ཁང་།
(ཅ) གཙང་པོ།
(ཆ) རྫིང་བུ།
(ག) སྦྲག་ཁང་། (ཇ) དུར་ས།
(ང) སྦྲག་ཏར་ཁང་། (ཉ) མཆོད་ཁང་།
རྫོང་གི་ས་མཚམས།
རྒྱལ་སྤྱིའི་ས་མཚམས། སྐྱ་ལམ།
མྱུར་སྐྱོད་གཞུང་ལམ།
N
མངའ་སྡེའི་ས་མཚམས།
གཞིས་གྲོང་ཁ་པ།
ཁ་ཆེ་ལྷ་ཁང་། མཆོད་ཁང་། ཡེ་ཤུ་ལྷ་ཁང་། ལྷ་ཁང་། སྦྲག་ཁང་། སྦྲག་ཏར་ཁང་། སྤྱི་བདེ་ལས་ཁུངས། མེ་འཁོར་ལམ་ཕྲན། གཞིས་གྲོང་།
དུར་ས། ཤིང་སྡོང་། སྤང་རྩྭ།
ཁྲོན་པ།
གཙང་པོ།
རྫིང་བུ།
ཟམ་པ།
གཞིས་གྲོང་ཀ་པ།
གཞིས་གྲོང་ག་པ།
མེ་འཁོར་ས་ཚུགས།
PS
མེ་འཁོར་ལམ་ཆེན།
ཆུ་ཡུར།
དཔེ་རིས།4.7: ས་ཁྲའི་མཚོན་རྟགས།
དཔེ་རིས། 4.8: གཞིས་གྲོང་ཀ་པ་དང་དེའི་ཉེ་འཁོར་མཚོན་པའི་ས་ཁྲ།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རགས་བྲིས་ས་ཁྲ། རགས་བྲིས་ས་ཁྲ་ནི་བློ་ངོར་འཆར་བདེ་བ་དང་ས་གནས་གང་ རུང་ཞིག་ངོས་འཛིན་བྱེད་སླ་རུ་ཡོང་ཆེད་བྲིས་པ་ཞིག་ཡིན་པ་ལས། ས་ གནས་ཕན་ཚུན་བར་གྱི་རྒྱང་ཐག་སོགས་ཚད་གཞལ་ནས་བྲིས་པ་དེ་འདྲ་ མ་ཡིན། མཚམས་མཚམས་སུ་ས་ཆ་བྱེ་བྲག་པ་རེ་གསལ་པོར་སྟོན་ཆེད་ རགས་བྲིས་ས་ཁྲ་བེད་སྤྱོད་བྱེད་དགོས་ཀྱི་ཡོད། དཔེར་ན། གལ་ཏེ་ཁྱེད་ཀྱི་ གྲོགས་པོ་བཀྲ་ཤིས་ཁྱེད་རང་སར་ཡོང་འདོད་ཡོད་མོད། ཡོང་སའི་ལམ་ཀ་ ཏག་ཏག་ཤེས་ཀྱི་མེད་ཚེ། ཁྱེད་ཀྱིས་ཁོང་ལ་རང་གི་ཁྱིམ་དུ་ཡོང་སའི་ལམ་ ཕྱོགས་རགས་ཙམ་བྲིས་ཏེ་སྤྲད་པ་ན། ཁོང་དེ་ལ་བརྟེན་ནས་ཁྱེད་ཀྱི་སར་ ཡོང་ཐུབ་ཀྱི་ཡོད་པ་ལྟ་བུ་རེད། དེ་ལྟར་རྒྱང་ཐག་སོགས་ཐིག་ཚད་མེད་ པར་ས་གནས་དང་ཁ་ཕྱོགས་དག་རགས་ཙམ་བྲིས་པའི་ས་ཁྲའི་རིགས་ལ་ རགས་བྲིས་ས་ཁྲ་ཟེར། དཔེར་ན། གཤམ་གྱི་དཔེ་རིས་ 4.9 ལྟ་བུ་ཡིན་ པ་རེད།
བསྟན་འཛིན་གྱི་ཁྱིམ།
བཀྲ་ཤིས་ཀྱི་ཁྱིམ།
དཔེ་རིས།4.9: བསྟན་འཛིན་དང་བཀྲ་ཤིས་ཀྱི་ཁྱིམ་གང་དུ་ཡོད་པ་མཚོན་པའི་རགས་བྲིས་ས་ཁྲ།
33
33
34
ས་ཁམས་རིག་པ།
ཞིབ་བྲིས་ས་ཁྲ། ཞིབ་བྲིས་ས་ཁྲ་ནི་ས་ཁྱོན་ཆུང་ཆུང་ཞིག་འཇལ་བྱེད་སྡུར་ཚད་ ཆེན་པོར་གཞི་བཅོལ་ཏེ་བྲིས་པ་ལ་ཟེར། འཇལ་བྱེད་སྡུར་ཚད་ཆེན་པོར་ གཞི་བཅོལ་ཏེ་བྲིས་པའི་ས་ཁྲ་དག་གིས་ང་ཚོར་གནས་ཚུལ་ཞིབ་རྒྱས་མང་ པོ་ཞིག་མཁོ་སྤྲོད་བྱེད་ཀྱི་ཡོད། དཔེར་ན། མཚམས་མཚམས་སུ་ང་ཚོས་ ཁང་པ་ཞིག་གི་རྒྱ་ཁྱོན་ཤེས་འདོད་ཡོད་པ་ན། རྒྱུན་སྤྱོད་ཀྱི་ས་ཁྲའི་ངོས་སུ་ རྡོ་རིང་ དེ་སྟོན་ཐབས་མེད་པས། སྐབས་འདི་འདྲ་ལ་ང་ཚོས་ཞིབ་བྲིས་ས་ཁྲ་སྤྱོད་ དགོས་ཀྱི་ཡོད། ཞིབ་བྲིས་ས་ཁྲ་ཡིས་གནས་ཚུལ་ཆུང་ངུའི་རིགས་ཀྱང་ དཔེ་རིས 4.11: ལྷ་སའི་གཙུག་ལག་ཁང་ ཞིབ་རྒྱས་ཀྱིས་མཚོན་ཐབས་བྱས་ཡོད་པས། ཞིབ་བྲིས་ས་ཁྲ་ལ་བརྟེན་ཏེ་ ང་ཚོས་གནས་ཚུལ་ཞིབ་རྒྱས་མང་པོ་ཞིག་ཤེས་རྟོགས་ཐུབ་ཀྱི་ཡོད། གི་ཞིབ་བྲིས་ས་ཁྲ།
མཛོད་ཁང་།
ཐབ་ཚང་།
བར་སྟོང་།
དཔེ་རིས།4.10: ཞིབ་བྲིས་ས་ཁྲའི་དཔེ་རིས།
ཁྲུས་ཁང་།
ནང་སྒོ
གསོལ་ཚིགས་ཁང་། ཉལ་ཁང་།
སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
༡། ས་ཁྲའི་གྲུབ་ཆ་གཙོ་བོ་གསུམ་གང་དག་ཡིན་ནམ། ༢། ཕྱོགས་བཞི་ནི་གང་དག་ཡིན་ནམ། ༣།ས་ཁྲའི་ངོས་སུ་བཀོད་པའི་མཚོན་རྟགས་རྣམས་ཀྱིས་ས་ཁྲར་ལྟ་ཀློག་བྱེད་པར་གཞོགས་འདེགས་ཇི་ལྟར་བྱེད་ཀྱི་ཡོད། ༤། རྒྱུན་སྤྱོད་ཀྱི་ས་ཁྲ་དང་ཞིབ་བྲིས་ཀྱི་ས་ཁྲ་གཉིས་བར་ཁྱད་པར་ཅི་ཞིག་ཡོད། ༥། ས་ཁྲ་རིགས་གང་གིས་གནས་ཚུལ་ཞིབ་རྒྱས་མཁོ་སྤྲོད་བྱེད་ཀྱི་ཡོད།
34
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཁ༽ འོས་འཚམ་གྱི་ལན་འདེམས་དགོས།
༡། ནགས་ཚལ་ཁྱབ་སྟངས་སྟོན་པའི་ས་ཁྲ་ནི། ཀ༽ ས་དབྱིབས་ཀྱི་ས་ཁྲ། ཁ༽ བྱེ་བྲག་སྟོན་པའི་ས་ཁྲ། ག༽ སྲིད་དོན་གྱི་ས་ཁྲ། ༢། ཚོན་མདོག་སྔོན་པོས་མཚོན་བྱ་ནི། ཀ༽ ཆུ། ཁ༽ རི། ག༽ བདེ་ཐང་། ༣། ཕྱོགས་སྟོན་འཁོར་ལོ་བེད་སྤྱོད་བྱ་ས་གཙོ་བོ་ནི། ཀ༽ མཚོན་རྟགས་སྟོན་ཆེད། ཁ༽ ཁ་ཕྱོགས་སྟོན་ཆེད། ག༽ རྒྱང་ཐག་སྟོན་ཆེད། ༤། ངེས་པར་དུ་འཇལ་བྱེད་བེད་སྤྱོད་གཏོང་དགོས་ས་ནི། ཀ༽ རྒྱུན་སྤྱོད་ཀྱི་ས་ཁྲ། ཁ༽ རགས་བྲིས་ས་ཁྲ། ག༽ མཚོན་རྟགས་ཀྱི་རིགས། བསྐྱར་སྦྱོང་།
༡། ཅི་ཞིག་ལ་སྡུར་ཚད་ཆེ་བའི་ས་ཁྲ་ཟེར། ༢། ཅི་ཞིག་ལ་སྡུར་ཚད་ཆུང་བའི་ས་ཁྲ་ཟེར། ༣། རྒྱང་ཐག་བརྩི་ཐབས་ཀྱི་སྤྱི་འགྲོས་གང་ཡིན་ནམ། བྱེད་སྒོ
༡། ཞིབ་བྲིས་ས་ཁྲ་འབྲི་ཐབས་སྤྱད་དེ་འཛིན་གྲྭའི་ས་ཁྲ་ཞིག་བྲིས་ནས་དེའི་ནང་དགེ་རྒན་གྱི་སྒྲོག་ཙེ་དང་། ནག་པང་། སྒོ། སྒེའུ་ཁུང་སོགས་གསལ་པོར་སྟོན་ཐབས་བྱོས། ༢། རགས་བྲིས་ས་ཁྲ་འབྲི་ཐབས་སྤྱད་དེ་སློབ་གྲྭའི་ཁོར་ཡུག་མཚོན་པའི་ས་ཁྲ་ཞིག་བྲིས་ཏེ། དེའི་ནང་ གཤམ་གྱི་ས་གནས་ཁག་གསལ་པོར་སྟོན་ཐབས་བྱོས། ༼ཀ༽ སློབ་སྤྱིའི་ཁྱིམ། ༼ག༽ རྩེད་ཐང་། ༼ཅ༽ ཤིང་སྡོང་ཁག་ཅིག
༼ཁ༽ འཛིན་གྲྭ ༼ང༽ དཔེ་མཛོད། ༼ཆ༽འཐུང་ཆུ།
35
35
ས་ཁམས་རིག་པ།
36
སའི ་ གོ ་ ལའི ་ གྲུབ་ཆ་གཙོ ་ བོ ། 5 ?
ཁྱེད་ ཀྱིས་ ཤེས་ སམ།
?
ཞིབ་འཇུག་བྱས་པ་ལྟར་ན། སའི་གོ་
ལའི་ངོས་ཀྱི ་བརྒྱ་ཆ་ 71རྒྱ་མཚོ ་ཡིན་པ་དང་།
བརྒྱ་ཆ་29ཙམ་སྐམ་ས་ཡིན་པ་རེད། དེ་ནི་སའི་ གོ་ལ་འདི་ཆ་ཤས་བཅུ་ལ་བགོས་པ་ན། དེའི་ཆ་ བདུན་ནི་རྒྱ་མཚོ་ཡིན་པ་དང་། ཆ་གསུམ་ཙམ་ ཞིག་སྐམ་ས་ཡིན་པ་ལྟ་བུ་རེད།
རྒྱ་
མཚ
ོ།
71%
29%
སྐམ་ས།
དཔེ་རིས། 5.1:
རྒྱ་མཚོ་དང་སྐམ་སའི་རྒྱ་ཁྱོན་སྡུར་བ།
སློ བ ་ཚན་དང་པོ འ ་ི ནང་དུ་ཁྱེ ད ་ཀྱི ས ་ཤེ ས ་རྟོ ག ས་བྱུང་བ་ལྟར། སའི་གོ་ལ་ནི་ཉི་མའི་ཁྱིམ་རྒྱུད་ནང་གི་ཚེ་སྲོག་གནས་སའི་གཟའ་གཅིག་ པུ་དེ་ཡིན། སའི་གོ་ལ་འདིའི་སྟེང་མི་དང་སྐྱེ་དངོས་ཚང་མ་འཚོ་གནས་ ཐུབ་པའི་རྒྱུ་མཚན་ནི། སའི་གོ་ལའི་སྟེང་དུ་སྐྱེ་དངོས་རྣམས་འཚོ་གནས་ བྱེད་པའི་མཐུན་རྐྱེན་ས་དང་། ཆུ། མཁའ་དབུགས་བཅས་འཛོམས་ཡོད་ པས་ཡིན། སའི་གོ་ལ་ནི་གྲུབ་ཆ་གཙོ་བོ་བཞི་ཡིས་གྲུབ་ཡོད་པ་ཞིག་ཡིན་ ལ། གྲུབ་ཆ་གཙོ་བོ་བཞི་ནི་ས་ཁམས་དང་། རླུང་ཁམས། ཆུ་ཁམས། སྐྱེ་ ཁམས་བཅས་ཡིན། སའི་གོ་ལའི་གྲུབ་ཆ་གཙོ་བོ་འདི་བཞི་ཡིས་སྐྱེ་དངོས་ རིགས་སྐྱེ་འཕེལ་འབྱུང་བར་ཕན་ནུས་ཆེན་པོ་ཐོན་གྱི་ཡོད་པས། སའི་གོ་ ལ་ནི་སྐྱེ་དངོས་རིགས་སྣ་ཚོགས་ཀྱི་ཁྱིམ་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ཡང་སའི་གོ་ལའི་ངོས་ཀྱི་ང་ཚོ་འཚོ་སྡོད་བྱ་ཡུལ་སྐམ་སའི་ཆ་ དེ་ལ་ས་ཁམས་ཟེར་བ་དང་། རླངས་གཟུགས་ཀྱི་རིམ་པ་ཞིག་གིས་སའི་གོ་ ལའི་མཐའ་བསྐོར་ནས་ཡོད་པ་དེ་ལ་རླུང་ཁམས་ཟེར། རླུང་ཁམས་ཀྱི་ནང་ དུ་འཚོ་རླུང་དང་། ཟེ་རླུང་། ཀར་བོན་འཚོ་རླུང་ཉིས་ལྡན། ད་དུང་རླངས་ རྫས་རིགས་གཞན་ཡང་འདུས་ཡོད། ཆུ་ཡིས་སའི་གོ་ལའི་ངོས་ཀྱི་རྒྱ་ཁྱོན་ ཧ་ཅང་ཆེན་པོ་ཞིག་བཟུང་ཡོད་པ་དང་། ཆུས་བཟུང་བའི་རྒྱ་ཁྱོན་དེར་ཆུ་ ཁམས་ཟེར། ཆུ་ཁམས་ནི་འཁྱགས་དར་དང་། ཆུ། རླངས་པ་སོགས་ཆུ་ཡི་ ངོ་བོ་ཡོད་དོ་ཅོག་གིས་གྲུབ་པ་ཞིག་ཡིན། ས་ཁམས་དང་། རླུང་ཁམས། ཆུ་ཁམས་བཅས་ལྷན་གཅིག་ཏུ་འདུས་པའི་གནས་དེར་སྐྱེ་ཁམས་ཟེར་གྱི་ ཡོད་ལ། སྐྱེ་ཁམས་ནི་སའི་གོ་ལའི་ངོས་ཀྱི་ཚེ་སྲོག་ཡོད་ཚད་ཀྱི་འབྱུང་ གནས་ཡིན་པ་རེད། ༡༽ ས་ཁམས།
སའི་གོ་ལའི་ངོས་ཀྱི་སྐམ་སའི་ཆ་དེ་ལ་ས་ཁམས་ཟེར། ས་ཁམས་
36
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ནི་སའི་གོ་ལའི་ཕྱི་ངོས་ཀྱི་བྲག་རྡོ་དང་། སྐྱེ་ལྡན་རིགས་འཚོ་གནས་ཐུབ་ པར་གཞོགས་འདེགས་བྱེད་པའི་བཅུད་ལྡན་གྱི་ས་ཤུན་སྲབ་མོའ ་ི རིགས་ ཀྱིས་གྲུབ་པ་ཞིག་ཡིན། སའི་གོ་ལའི་ཕྱི་ངོས་ནི་སྐམ་ས་དང་རྒྱ་མཚོ་ཞེས་དབྱེ་བ་གཙོ་ བོ་གཉིས་སུ་བཀར་ཡོད་དེ། སྐམ་སའི་ས་ཁྱོན་གྱིས་གླིང་ཆེན་བདུན་གྲུབ་ ཡོད་པ་དང་། རྒྱ་མཚོའི་ཁྱབ་ཁོངས་ཀྱིས་རྒྱ་མཚོ་ཆེན་པོ་བཞི་གྲུབ་ཡོད། རྒྱ་མཚོ་ཆེན་པོ་བཞི་དེ་ཕན་ཚུན་གཅིག་གཅིག་ལ་འབྲེལ་ནས་ཡོད། ས་ ཁྲ་ལ་ཞིབ་ལྟ་བྱོས་དང་། སྐམ་སས་གྲུབ་པའི་གླིང་ཆེན་བདུན་པོ་ཕན་ཚུན་ གཅིག་གཅིག་ལ་འབྲེལ་ནས་འདུག་གམ། ས་ཆ་གང་ལ་སོང་ཡང་མཚོ་ངོས་ཀྱི་མཐོ་ཚད་རིམ་པ་དེ་གཅིག་ མཚུངས་ཡིན་པས། དུས་རྒྱུན་ས་ངོས་ཆགས་བབ་ཀྱི་མཐོ་ཚད་འཇལ་ སྐབས་མཚོ་ངོས་ཀྱི་མཐོ་ཚད་རིམ་པ་ནས་འགོ་བཙུགས་ཏེ་འཇལ་གྱི་ཡོད། འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་མཐོ་ཚད་ནི་མཚོ་ངོས་ ལས་བརྩིས་པའི་མི་ཊར་8,850ཡིན། ཞི་བདེ་རྒྱ་མཚོའི་ནང་དུ་གཏིང་ཟབ་ ཤོས་ཀྱི་ཚད་ལ་མི་ཊར་11,022ཡོད། ཁྱེད་ཀྱིས་བསམ་བློ་ཐོངས་དང་། རྒྱ་མཚོའི་གཏིང་གི་ཟབ་ཚད་ནི་ཇོ་མོ་གླིང་མའི་མཐོ་ཚད་ལས་ཀྱང་ཟབ་པ་ ཡོད་ན། རྒྱ་མཚོའི་གཏིང་ནི་ཧ་ཅང་ཟབ་མོ་ཡོད་པ་གསལ་པོར་རྟོགས་ཐུབ་ པ་ཞིག་རེད།
ནུབ་རྒྱ་མཚོ་ཆེན་པོ།
ཞི་བདེ་རྒྱ་མཚོ།
ལྷོ་ཨ་རི་གླིང་ཆེན།
དཔེ་རིས།5.3:
དཔེ་རིས། 5.2:
སྤྱི་ལོ་1953ལོའ ་ི
ཟླ 5 ཚེས 29 ཉིན་རི་འཛེག་མཁན་བསྟན་འཛི ན ་
ནོར་རྒྱས་ཇོ་མོ་གླང་མའི་རི་རྩེ་ལ་འཛེགས་པ་དང་།
ཁོང་ནི་འཛམ་གླིང་ནང་ཇོ་མོ་གླང་མའི་རྩེ་ལ་འཛེག་ མཁན་ཐོག་མ་དེ་ཡིན་པ་རེད།
བྱང་འཁྱགས་དར་རྒྱ་མཚོ།
བྱང་ཨ་རི་གླིང་ཆེན། ཐིག་དམར།
ཡོ་རོབ་གླིང་ཆེན།
ཨ་ཧྥེ་རི་ཁ་གླིང་ཆེན།
ཨེ་ཤི་ཡ་གླིང་ཆེན། རྒྱ་གར་རྒྱ་མཚོ།
ཨསྟྲེ་ལི་ཡ་གླིང་ཆེན།
ལྷོ་སྣེ་གླིང་ཆེན།
གླིང་ཆེན་བདུན་དང་རྒྱ་མཚོ་ཆེན་པོ་བཞི།
37
37
38
ས་ཁམས་རིག་པ།
ཨེ་ཤི་ཡ་གླིང་ཆེན། དཔེ་རིས 5.4
ཡུ་རོབ་གླིང་ཆེན།
དཔེ་རིས། 5.5
ཨ་ཧྥེ་རི་ཁ་གླིང་ཆེན།
དཔེ་རིས 5.6
རྒྱ་མཚོ་ཆེན་པོས་བར་ཆོད་པའི་གླིང་ཆེན་བདུན་ཡོད་པ་ནི། ཨེ་ ཤི་ཡ་གླིང་ཆེན་དང་། ཡུ་རོབ་གླིང་ཆེན། ཨ་ཧྥེ་རི་ཁ་གླིང་ཆེན། བྱང་ཨ་རི་ གླིང་ཆེན། ལྷོ་ཨ་རི་གླིང་ཆེན། ཨསྟྲེ་ལི་ཡ་གླིང་ཆེན། ལྷོ་སྣེ་གླིང་ཆེན་བཅས་ ཡིན། ས་ཁྲའི་ངོས་ལ་ཞིབ་བལྟ་བྱས་པ་ན། ང་ཚོས་སའི་གོ་ལའི་ངོས་ཀྱི་ སྐམ་སའི་ཆ་ཆེ་ཤོས་ནི་གོ་ལ་ཕྱེད་བྱང་མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་ ཤེས་ཐུབ། ཨེ་ཤི་ཡ་གླིང་ཆེན། ཨེ་ཤི་ཡ་གླིང་ཆེན་ནི་གོ་ལ་ཕྱེད་ཤར་མའི་ཁྱབ་ཁོངས་སུ་ཆགས་ ཡོད། དེས་སའི་གོ་ལའི་ངོས་ཀྱི་སྐམ་སའི་རྒྱ་ཁྱོན་སྤྱིའི་གསུམ་ཆ་གཅིག་ ཟིན་གྱི་ཡོད་པས། གླིང་ཆེན་བདུན་གྱི་ནང་ནས་ཆེ་ཤོས་ཡིན། བྱང་ཉི་ལྡོག་ ཐིག་ནི་ཨེ་ཤི་ཡ་གླིང་ཆེན་འདིའི་ངོས་སུ་ཁེལ་ཡོད་ལ། ཨེ་ཤི་ཡ་གླིང་ཆེན་ གྱི་ནུབ་ཕྱོགས་སུ་ཡོད་པའི་ཡུ་རཱལ་རི་རྒྱུད་ཀྱིས་ཨེ་ཤི་ཡ་གླིང་ཆེན་དང་ ཡུ་རོབ་གླིང་ཆེན་གཉིས་ཀྱི་བར་མཚམས་ཕྱེས་ཡོད། དུས་རྒྱུན་མི་རྣམས་ ཀྱིས་ཡོ་རོབ་དང་ཨེ་ཤི་ཡ་གླིང་ཆེན་གཉིས་ཀྱིས་ལྷན་དུ་གྲུབ་པའི་སྐམ་ས་ ལ་ཡུ་རོབ་དང་ཨེ་ཤི་ཡའི་སྐམ་ས་ཆེན་མོ་(ཡུ་རེ་ཤི་ཡ་)ཟེར། ཡུ་རོབ་གླིང་ཆེན། ཡུ་རོ བ ་གླི ང ་ཆེ ན ་ནི ་ ཨེ ་ཤི ་ ཡ་གླི ང ་ཆེ ན ་གྱི ་ ནུབ་ཕྱོ ག ས་སུ་ ཆགས་ཡོད་པ་དང་། དེ་ནི་ཨེ་ཤི་ཡ་གླིང་ཆེན་ལས་ལྡབ་བཞི་ལྷག་གིས་ཆུང་ བ་ཡོད། ས་ཁྲའི་ངོས་སུ་བལྟས་པ་ན། བྱང་སྣེ་མུ་ཁྱུད་ཀྱི་ཐིག་ནི་ཡུ་རོབ་ གླིང་ཆེན་བརྒྱུད་ནས་ཡོད་ལ། ཡུ་རོབ་གླིང་ཆེན་གྱི་ཕྱོགས་མཐའ་གསུམ་ རྒྱ་མཚོས་བསྐོར་ནས་ཡོད་པའང་ཤེས་ཐུབ། ཨ་ཧྥེ་རི་ཁ་གླིང་ཆེན། ཨ་ཧྥེ ་ རི ་ ཁ་གླི ང ་ཆེ ན ་ནི ་ འཛམ་གླི ང ་ནང་གི ་ གླི ང ་ཆེ ན ་ཆེ ་ཤོ ས ་ ཨང་གཉིས་པ་ཡིན། ཐིག་དམར་ནི་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་དབུས་སུ་ཁེལ་ ཡོད་ལ། ཨ་ཧྥེ་རི་ཁ་གླིང་ཆེན་གྱི་ས་ཁུལ་མང་ཆེ་བ་གོ་ལ་ཕྱེད་བྱང་མའི་ ཁྱབ་ཁོངས་སུ་ཆགས་ཡོད། ཨ་ཧྥེ་རི་ཁ་གླིང་ཆེན་ནི་བྱང་ཉི་ལྡོག་ཐིག་དང་། ཐིག་དམར། ལྷོ་ཉི་ལྡོག་ཐིག་བཅས་གསུམ་པོ་མཉམ་དུ་ཁེལ་བའི་གླིང་ཆེན་ གཅིག་པུ་དེ་ཡིན།
38
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཁྱེད་ཀྱིས་ས་ཁྲ་ལ་ཞིབ་ཏུ་བལྟས་པ་ན། འཛམ་གླིང་ནང་གི་བྱེ་ ཐང་ཆེ་ཤོས་སཱ་ཧཱ་རཱ་བྱེ་ཐང་དང་། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་ ནིལ་གཉིས་ཀ་ཨ་ཧྥེ་རི་ཁ་གླིང་ཆེན་གྱི་ནང་དུ་ཡོད་པ་ཤེས་ཐུབ་ལ། ད་དུང་ ཨ་ཧྥེ་རི་ཁ་གླིང་ཆེན་ནི་ཕྱོགས་ཀུན་མཚོ་ཡིས་བསྐོར་བའི་གླིང་ཆེན་ཞིག་ ཡིན་པ་དང་བྱང་ཉི་ལྡོག་ཐིག་དང་། ཐིག་དམར། ལྷོ་ཉི་ལྡོག་ཐིག་གསུམ་ པོའང་ཨ་ཧྥེ་རི་ཁ་གླིང་ཆེན་དུ་ཁེལ་ཡོད་པ་རྟོགས་ཐུབ། བྱང་ཨ་རི་གླིང་ཆེན། བྱང་ཨ་རི་གླིང་ཆེན་ནི་འཛམ་གླིང་ནང་གི་གླིང་ཆེན་ཆེ་ཤོས་ཨང་ གསུམ་པ་ཡིན། དེ་ས་སྣེ་ལེབ་མོ་ཆུང་ཆུང་ཞིག་གིས་ལྷོ་ཨ་རི་གླིང་ཆེན་དང་ སྦྲེལ་ནས་ཡོད་པ་དང་། གླིང་ཆེན་དེ་གཉིས་སྦྲེལ་བྱེད་ཀྱི་ས་སྣེ་ལེབ་མོ་ཆུང་ ཆུང་དེར་པཱ་ནཱ་མཱ་གླིང་ལག་ཞེས་འབོད་ཀྱི་ཡོད། ཁྱེད་ཀྱིས་ས་ཁྲ་ལ་ཞིབ་ཏུ་ བལྟས་པ་ན། བྱང་ཨ་རི་གླིང་ཆེན་འདི་ནི་གོ་ལ་ཕྱེད་བྱང་མ་དང་ཕྱེད་ནུབ་ མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་དང་། དེ་ད་དུང་རྒྱ་མཚོ་གསུམ་གྱིས་ མཐའ་བསྐོར་ནས་ཡོད་པའང་ཤེས་ངེས།
བྱང་ཨ་རི་གླིང་ཆེན།
ལྷོ་ཨ་རི་གླིང་ཆེན།
ལྷོ་ཨ་རི་གླིང་ཆེན་གྱི་ས་ཁུལ་མང་ཆེ་བ་གོ་ལ་ཕྱེད་ལྷོ་མའི་ཁྱབ་ ཁོངས་སུ་གཏོགས། གླིང་ཆེན་འདིའི་བྱང་ཕྱོགས་ནས་ལྷོ་ཕྱོགས་བར་ འཛམ་གླིང་ནང་གི་རི་རྒྱུད་རིང་ཤོས་ཨན་ཌེ་ས་ཆགས་ཡོད་ལ། འཛམ་ གླིང་ནང་གི་གཙང་པོ་ཆེ་ཤོས་ཨེ་མཱ་ཛོན་ཞེས་པ་དེ་ཡང་གླིང་ཆེན་འདིའི་ ནང་དུ་ཡོད། ཁྱེད་ཀྱིས་ས་ཁྲ་ལ་ལྟོས་དང་། གླིང་ཆེན་འདིའི་ཤར་དང་ནུབ་ ཀྱི་ཕྱོགས་སུ་ཡོད་པའི་རྒྱ་མཚོ་གང་དང་གང་རེད། ཨསྟྲེ་ལི་ཡ་གླིང་ཆེན། ཨསྟྲེ་ལི་ཡ་གླིང་ཆེན་ནི་འཛམ་གླིང་ནང་གི་གླིང་ཆེན་ཆུང་ཤོས་ ཡིན། དེ་ནི་གོ་ལ་ཕྱེད་ལྷོ་མའི་ཁྱབ་ཁོངས་སུ་ཆགས་ཡོད་པ་དང་། ཕྱོགས་ མཐའ་ཡོངས་རྫོགས་མཚོ་ཡིས་བསྐོར་ནས་ཡོད།
39
ལྷོ་ཨ་རི་གླིང་ཆེན།
ཨོ་སུ་ཁྲོ་ལི་ཡ་གླིང་ཆེན། དཔེ་རིས། 5.7
39
40
ས་ཁམས་རིག་པ།
ལྷོ་སྣེ་གླིང་ཆེན།
ལྷོ་སྣེ་གླིང་ཆེན་ནི་གོ་ལ་ཕྱེད་ལྷོ་མའི་ཁྱབ་ཁོངས་སུ་ཆགས་ཡོད། ལྷོ་སྣེ་མུ་ཁྱུད་ནི་གླིང་ཆེན་འདིའི་དཀྱིལ་དུ་ཁེལ་ཡོད་ལ། གླིང་ཆེན་འདི་ ལྷོ་སྣེ་མུ་ཁྱུད་ཀྱི་ཁྱབ་ཁོངས་སུ་ཆགས་ཡོད་པས་དུས་རྟག་ཏུ་འཁྱགས་ དར་མཐུག་པོས་བཏུམས་ནས་ཡོད། དེར་གནམ་གཤིས་གྲང་ངར་ཆེ་བས་ གཏན་སྡོད་བྱེད་མཁན་གྱི་མི་གཅིག་ཀྱང་མེད། འོན་ཀྱང་གླིང་ཆེན་འདིར་ ཞིབ་འཇུག་བྱེད་ཆེད་རྒྱལ་ཁབ་མང་པོ་ཞིག་གིས་ཞིབ་འཇུག་ལྟེ་གནས་ བཙུགས་ཡོད།
ལྷོ་སྣེ་གླིང་ཆེན།
དཔེ་རིས། 5.8
༢༽ ཆུ་ཁམས།
དཔེ་རིས། 5.9: འདི་ནི་སྤྱི་ལོ་1972ལོར་
བར་སྣང་ནས་བརྒྱབས་པའི་སའི་གོ་ལའི་བརྙན་པར་ཞིག་ཡིན།
འདི་ལས་ང་ཚོས་སའི་གོ་ལ་ནི་’ཆུ་ཡི་གོ་ལ’ཟླུམ་པོ་ཞིག་དང་ འདྲ་བའི་སྣང་ཚུལ་གསལ་པོར་མཐོང་ཐུབ།
དཔེ་རིས། 5.10:
ཞི་བདེ་རྒྱ་མཚོ་ནི།
འཛམ་གླིང་ནང་གི་གཏིང་ཟབ་ཤོས་དང་རྒྱ་ཆེ་ཤོས་ཀྱི་རྒྱ་མཚོ་ དེ་ཡིན་པ་རེད།
ཚན་རིག་པ་མང་པོ་ཞིག་གིས་སའི་གོ་ལའི་མིང་ལ་”ཆུའི་གོ་ལ་ ”་ཞེས་བཏགས་ན་འཚམ་པོ་ཡོད་པར་བརྗོད་མྱོང་ཡོད། ཞིབ་ཏུ་བསམ་ན་ དེ་ལ་ཡང་རྒྱུ་མཚན་མེད་པ་ཞིག་མ་ཡིན་ཏེ། ཆུ་ཡིས་སའི་གོ་ལའི་ངོས་ཀྱི་ བརྒྱ་ཆ་༧༡ལྷག་ཟིན་གྱི་ཡོད་པ་དང་། སྐམ་ས་ཡིས་བརྒྱ་ཆ་༢༩ཙམ་ལས་ ཟིན་གྱི་མེད་པས། བར་སྣང་ནས་སའི་གོ་ལར་བལྟས་ཚེ། དེ་ནི་བར་སྣང་ ཁམས་སུ་གཡེང་བའི་སྤོ་ལོ་སྔོན་པོ་ཞིག་ལྟར་སྣང་གི་ཡོད། ཆུ་ཁམས་ནི་ རྒྱུག་ཆུ་དང་། མཚོ། མཚེའུ། འཁྱགས་རོམ། ས་གཏིང་གི་ཆུ། རླུང་ཁམས་ སུ་ཁྱབ་པའི་རླངས་པ་སོགས་ཆུ་ཡི་ངོ་བོ་ཡོད་ཚད་གཅིག་འདུས་ཀྱིས་ གྲུབ་པ་ཞིག་ཡིན། སའི་གོ་ལའི་ངོས་སུ་ཡོད་པའི་ཆུ་ཡི་བརྒྱ་ཆ་༩༧ལྷག་ནི་རྒྱ་མཚོ་ ཡིན་ལ། དེའི་ནང་དུ་ཚྭ་མང་དྲགས་པས་མི་རྣམས་ཀྱིས་ལོངས་སུ་སྤྱོད་ ཐུབ་ཀྱི་མེད། གཞན་ཡང་ཆུ་ཡི་ཆ་ཤས་ཆེན་པོ་ཞིག་ནི་འཁྱགས་རོམ་གྱི་ ངོ་བོ་དང་ས་གཏིང་དུ་འཐིམ་ནས་ཡོད་པས་མི་རྣམས་ཀྱིས་ལོངས་སུ་སྤྱོད་ ཐུབ་ཀྱི་མེད། དེས་ན་མི་རྣམས་ཀྱིས་ཐད་ཀར་ལོངས་སུ་སྤྱོད་ཐུབ་པའི་ཆུ་ གཙང་མ་ཧ་ཅང་ཉུང་ཉུང་ཞིག་ལས་མེད། སྤྱིར་སའི་གོ་ལ་འདི་”ཆུའི་གོ་ ལ”་ལྟ་བུ་ཞིག་ཡིན་ནའང་། ང་ཚོར་ཆུ་དཀོན་དྲགས་པའི་དཀའ་ངལ་འཕྲད་ ཀྱི་ཡོད།
40
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱ་མཚོ་ཆེན་པོ་བཞི། རྒྱ་མཚོ་ཆེན་པོ་དག་ནི་ཆུ་ཁམས་ཀྱི་གྲུབ་ཆ་ཆེ་ཤོས་ཡིན་ལ། དེ་ དག་ཕན་ཚུན་གཅིག་ལ་གཅིག་འབྲེལ་གྱིས་ཆགས་ཡོད། རྒྱ་མཚོ་ནི་དུས་རྟག་ཏུ་གཡོ་འཁྱོམ་བྱེད་ཀྱི་ཡོད་པ་དང་། རྒྱ་མཚོ་གཡོ་ འཁྱོམ་བྱེད་ཚུལ་གཙོ་བོ་གསུམ་ཡོད་པ་དེ་ལ། རྦ་རླབས་དང་། དུས་རླབས་ དང་། རླབས་རྒྱུན་བཅས་ཟེར། དེ་ཡང་རྒྱ་མཚོ་ཆེན་པོ་བཞི་ཡོད་པ་ནི་ ཞི་བདེ་རྒྱ་མཚོ་དང་། ནུབ་རྒྱ་མཚོ། རྒྱ་གར་རྒྱ་མཚོ། བྱང་སྣེའི་རྒྱ་མཚོ་ བཅས་ཡིན། ཞི་བདེ་རྒྱ་མཚོ་ནི་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཡིན་ལ། ཆགས་དབྱིབས་ཟླུམ་གཟུགས་སུ་ཆགས་ཡོད། ཁྱེད་ཀྱིས་ས་ཁྲ་ལ་ལྟོས་ དང་། ཨ་ཤི་ཡ་གླིང་ཆེན་དང་ཨསྟྲེ་ལི་ཡ་གླིང་ཆེན། བྱང་ཨ་རི་དང་ལྷོ་ཨ་རི་ གླིང་ཆེན་དག་ཞི་བདེ་རྒྱ་མཚོའི་མཐའ་བསྐོར་ནས་ཆགས་ཡོད་པ་རྟོགས་ ཐུབ། ནུབ་རྒྱ་མཚོ ་ ནི ་ འཛམ་གླི ང ་ནང་གི ་ རྒྱ་མཚོ ་ ཆེ ་ཤོ ས ་ཨང་ གཉིས་པ་ཡིན། ཆགས་དབྱིབས་ཨིན་ཡིག་”S”ཡི་གཟུགས་ལྟར་ཆགས་ ཡོད་ལ། བྱང་ཨ་རི་དང་ལྷོ་ཨ་རི་གླིང་ཆེན་གཉིས་ནི་ནུབ་རྒྱ་མཚོ་ཆེན་པོ་ འདིའི་ནུབ་རྒྱུད་དུ་ཆགས་ཡོད་པ་དང་། ཨ་ཧྥེ་རི་ཁ་དང་ཡུ་རོབ་གླིང་ཆེན་ གཉིས་ནི་ཤར་རྒྱུད་དུ་ཆགས་ཡོད། རྒྱ་མཚོ་འདི་ནི་འཛམ་གླིང་ནང་ཚོང་ དོན་ཆེད་མཚོ་འགྲུལ་མང་ཤོས་བྱེད་སའི་རྒྱ་མཚོ་དེ་ཡིན།
རྒྱ་གར་རྒྱ་མཚོ་ནི་རྒྱལ་ཁབ་ཀྱི་མིང་རྒྱ་མཚོར་བཏགས་པ་ ཞིག་ཡིན་ལ། འཛམ་གླིང་ནང་རྒྱལ་ཁབ་ཀྱི་མིང་བཏགས་པའི་རྒྱ་མཚོ་འདི་ ལས་མེད། དེ་ཆགས་དབྱིབས་གྲུ་གསུམ་ཡིན་ལ། དེའི་བྱང་མཐའ་ལ་ཨེ་ཤི་ ཡ་གླིང་ཆེན་དང་། ནུབ་མཐའ་ལ་ཨ་ཧྥེ་རི་ཁ་གླིང་ཆེན་དང་། ཤར་མཐའ་ལ་ ཨསྟྲེ་ལི་ཡ་གླིང་ཆེན་བཅས་ཆགས་ཡོད།
བྱང་སྣེ འི ་ རྒྱ་མཚོ ་ ནི ་ བྱང་སྣེ འི ་ མུ་ཁྱུད་ཀྱི ་ ཁྱབ་ཁོ ང ས་སུ་ ཆགས་ཡོད་པ་དང་། བྷེ་རིང་མཚོ་འགག་གིས་ཞི་བདེ་རྒྱ་མཚོ་དང་སྦྲེལ་
41
དཔེ་རིས 5.11: ལྷོ་སྣེའི་རྒྱ་མཚོ།
དཔེ་རིས 5.12: རྒྱ་གར་རྒྱ་མཚོ།
དཔེ་རིས 5.13: བྱང་སྣེའི་རྒྱ་མཚོ།
41
ས་ཁམས་རིག་པ།
བར་སྣང་འཕུར་གྲུ
རླུང་ཁམས་རིམ་པ་དང་པོ། རླུང་ཁམས་རིམ་པ་གཉིས་པ།
སྐར་མདའ།
དབུགས་ལྒང་། གནམ་གྲུ
དཔེ་རིས 5.14: རླུང་ཁམས་རིམ་པ་ ཆགས་སྟངས།
ནས་ཡོད། དེ་ནི་བྱང་ཨ་རི་གླིང་ཆེན་གྱི་མཚོ་རྒྱུད་དང་། ཡུ་རོབ་དང་ཨེ་ཤི་ ཡའི་སྐམ་ས་ཆེན་མོ་བཅས་ཀྱིས་མཐའ་བསྐོར་ནས་ཡོད་པ་ཞིག་ཡིན། ༣༽ རླུང་ཁམས།
རླུང་ཁམས་རིམ་པ་གསུམ་པ།
རླུང་ཁམས་རིམ་པ་བཞི་པ།
རླུང་ཁམས་རིམ་པ་ལྔ་པ།
42
སའི་གོ་ལ་ནི་རླུང་ཁམས་ཞེས་པའི་རླངས་གཟུགས་ཀྱི་རིམ་པ་ ཞིག་གིས་བསྐོར་ཡོད། མཁའ་དབུགས་ཀྱི་རིམ་པ་སྲབ་མོ་འདི་ནི་སའི་ གོ་ལའི་གྲུབ་ཆ་གལ་ཆེན་ཞིག་ཡིན། རླུང་ཁམས་འདིས་ང་ཚོར་དབུགས་ འབྱིན་རྔུབ་བྱེད་པར་ཕན་གྲོགས་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོར་གནོད་ པའི་ཉི་འོད་རིགས་འགོག་པར་ཡང་ཕན་འདོགས་ཀྱི་ཡོད། རླུང་ཁམས་འདི་ ཡང་གྲུབ་སྟངས་དང་། དྲོད་ཚད་སོགས་ཁྱད་ཆོས་མི་འདྲ་བའི་རྒྱུ་རྐྱེན་སྣ་ ཚོགས་ལ་གཞིགས་ཏེ་རིམ་པ་ལྔ་རུ་དབྱེ་ཡོད།
རླུང་ཁམས་རིམ་པ་དང་པོ་ནི། མཁའ་དབུགས་མཐུག་ཤོས་ དང་རླུང་ཁམས་ཀྱི་རིམ་པ་དམའ་ཤོས་ཡིན་ལ། ས་ངོས་ལས་མཐོ་ཚད་ཀི་ ལོ་མི་ཊར་10ནས་20བར་ཡིན། རླུང་ཁམས་རིམ་པ་དང་པོ་འདིའི་ནང་ས་ ངོས་ལས་མཐོ་སར་ཕྱིན་ཚེ་དྲོད་ཚད་ཇེ་དམའ་ཡིན་པ་དང་། གནམ་གཤིས་ ཀྱི་འགྱུར་ལྡོག་ཚང་མ་རླུང་ཁམས་རིམ་པ་དང་པོ་འདིའི་ནང་འབྱུང་གི་ཡོད། རླུང་ཁམས་རིམ་པ་གཉིས་པ་ནི། ས་ངོས་ལས་མཐོ་ཚད་ཀི་ ལོ་མི་ཊར་20ནས་50བར་ཡིན། རླུང་ཁམས་ཀྱི་རིམ་པ་འདིའི་ནང་སྤྲིན་པ་ མེད་ལ། མཐོ་སར་ཕྱིན་ཚེ་རིམ་བཞིན་དྲོད་ཚད་ཀྱང་ཇེ་མཐོ་ཡིན་པ་རེད། གོ་ལའི་བླ་བྲེ་ནི་རླུང་ཁམས་རིམ་པ་གཉིས་པ་འདིའི་ནང་ཡོད།
རླུང་ཁམས་རིམ་པ་གསུམ་པ་ནི། ས་ངོས་ལས་མཐོ་ཚད་ ཀི་ལོ་མི་ཊར་50ནས་85བར་ཡིན། རླུང་ཁམས་རིམ་པ་གསུམ་པ་འདིའི་ ནང་དུ་རིམ་པ་དམའ་ས་ནས་མཐོ་སར་ཕྱིན་ཚེ་དྲོད་ཚད་ཇེ་དམའ་ཡིན་ ལ། རླུང་ཁམས་རིམ་པ་འདི་ནི་རླུང་ཁམས་རིམ་པ་ཚང་མའི་ནང་ནས་དྲོད་ ཚད་དམའ་ཤོས་ཡིན་པ་རེད། དུས་རྒྱུན་སྐར་མདའ་ནི་རླུང་ཁམས་རིམ་པ་ གསུམ་པ་འདིའི་ནང་འབྱུང་གི་ཡོད།
42
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
43
རླུང་ཁམས་རིམ་པ་བཞི་པ་ནི། ས་ངོས་ལས་མཐོ་ཚད་ཀི་ལོ་ མི་ཊར་85ནས་640བར་ཡིན། རླུང་ཁམས་ཀྱི་རིམ་པ་འདིའི་ནང་དམའ་ས་ ནས་མཐོ་སར་ཕྱིན་ཚེ་དྲོད་ཚད་ཇེ་མཐོ་ཡིན།
རླུང་ཁམས་རིམ་པ་ལྔ་པ་ནི། ས་ངོས་ལས་མཐོ་ཚད་ཀི་ལོ་མི་ ཊར་640ནས་64000བར་ཡིན་པ་དང་། རླུང་ཁམས་རིམ་པ་འདིའི་ནང་གྲུབ་ རྫས་ཚང་མ་རིམ་བཞིན་བར་སྣང་ཁམས་སུ་འཁྱམ་པར་གྱུར་པས། རླུང་ ཁམས་གྱི་ངོ་བོ་རིམ་གྱིས་ཡལ་འགྲོ་བཞིན་ཡོད།
རླུང་ཁམས་ཀྱི་གྲུབ་ཆ་གཙོ་བོ་ནི་ཟེ་རླུང་དང་འཚོ་རླུང་གཉིས་ ཡིན། དེ་གཉིས་ཀྱིས་མཁའ་དབུགས་དྭངས་མོའ ་ི བརྒྱ་ཆ་99ཟིན་ཡོད་ དེ། ཟེ་རླུང་གིས་བརྒྱ་ཆ78ཟིན་པ་དང། འཚོ་རླུང་གིས་བརྒྱ་ཆ21ཟིན་ལ། ཀར་བོན་འཚོ་རླུང་ཉིས་ལྡན་དང་གཉུང་རླུང་ལྟ་བུའི་རླངས་རྫས་རིགས་ གཞན་གྱིས་རླུང་ཁམས་ཀྱི་བརྒྱ་ཆ་གཅིག་ཟིན་གྱི་ཡོད། འཚོ་རླུང་དང་ ཟེ་རླུང་གཉིས་ནི་སྐྱེ་ལྡན་རིགས་འཚོ་གནས་བྱེད་པར་མེད་ཐབས་མེད་པ་ ཞིག་ཡིན། རླུང་ཁམས་ཀྱི་ནང་དུ་ཀར་བོན་འཚོ་རླུང་ཉིས་ལྡན་ཧ་ཅང་ཉུང་ ངུ་ཞིག་ལས་མེད་ནའང་། དེ་སའི་གོ་ལའི་རླུང་ཁམས་ནང་གི་གྲུབ་ཆ་གལ་ ཆེན་ཞིག་ཡིན། དེས་སའི་གོ་ལའི་ངོས་ནས་མཆེད་པའི་ཚ་དྲོད་ཉར་ཐུབ་ ཀྱི་ཡོད་པར་བརྟེན། སའི་གོ་ལ་འདི་དྲོད་སྐྱིད་ལྡན་པ་ཞིག་ཡིན་པའང་ ཀར་ བོན་འཚོ་རླུང་ཉིས་ལྡན་གྱི་གྲུབ་ཆ་འདི་ལ་བརྟེན་ནས་བྱུང་བ་ཡིན་ལ། ད་ དུང་འདི་ནི་རྩི་ཤིང་རིགས་སྐྱེ་འཚར་འབྱུང་བའི་ཆ་རྐྱེན་གལ་ཆེན་ཞིག་ཀྱང་ ཡིན། ས་ངོས་མཐོ་ཚད་ཀྱི་རིམ་པ་ལྟར་རླུང་ཁམས་ཀྱི་རིམ་པ་ཡང་མི་ འདྲ་སྟེ། མཚོ་ངོས་ནས་བརྩིས་པའི་རིམ་པ་དམའ་ས་ལ་མཁའ་དབུགས་ སྟུག་པོ་ཡོད་ནའང་། མཚོ་ངོས་ལས་མཐོ་ཚད་ཇེ་མཐོར་སོང་བ་ན་མཁའ་ དབུགས་ཀྱང་ཇེ་ཉུང་ནས་ཇེ་ཉུང་ཡིན་པ་རེད། ཁྱེད་ཀྱིས་བསམ་བློ་ཐོངས་ དང་། ཇོ་མོ་གླང་མ་ལྟ་བུའི་རི་མཐོན་པོའ ་ི རྩེར་འཛེག་མཁན་ཚོ་དང་ཟླ་ བའི ་ ནང་དུ་སྐྱོ ད ་མཁན་ཚོ ས ་འཚོ ་ རླུང་སྣོ ད ་ཁུར་ནས་འགྲོ ་ དགོ ས ་པའི ་ རྒྱུ་མཚན་ཅི་ཡིན་ནམ། དེ་ནི་མཚོ་ངོས་ལས་མཐོ་ཚད་ངེས་ཅན་ཞིག་ལ་ སླེབས་པ་ན། མཁའ་དབུགས་ཇེ་ཉུང་དུ་སོང་སྟེ་དབུགས་འབྱིན་རྔུབ་བྱེད་
43
དཔེ་རིས 5.15:
སྲོག་རླུང་སྣོད་ཁུར་ཏེ་
གངས་རི་མཐོན་པོའ ་ི རྩེ་ལ་འཛེག་མཁན།
44
ས་ཁམས་རིག་པ།
པར་དཀའ་ངལ་འཕྲད་ཀྱི་ཡོད་པས། ཇོ་མོ་གླང་མ་ལྟ་བུའི་རི་མཐོན་པོའ ་ི རྩེར་འཛེག་མཁན་ཚོ་དང་ཟླ་བའི་སྟེང་འགྲོ་མཁན་ ཚོས་འཚོ་རླུང་སྣོད་འཁུར་དགོས་ཀྱི་ཡོད་པ་རེད། ས་ངོས་ལས་མཐོ་ས་ལ་ཅི་ཙམ་སོང་ན་དེ་ཙམ་གྱིས་དྲོད་ཚད་ཀྱང་ཇེ་ དམའ་ཡིན། སའི་གོ་ལའི་ངོས་སུ་རླུང་ཁམས་ཀྱི་གནོན་ཤུགས་ཡོད་པ་དང་། གནོན་ཤུགས་ཀྱི་ཚད་དེ་ཡང་ས་ཁུལ་སོ་ སོར་མི་འདྲ་བའི་ཁྱད་པར་ཡོད་དེ། ས་ཁུལ་ཁ་ཤས་ལ་རླུང་ཁམས་ཀྱི་གནོན་ཤུགས་ཆེ་བ་དང་། ས་ཁུལ་ཁ་ཤས་ལ་རླུང་ ཁམས་ཀྱི་གནོན་ཤུགས་ཆུང་། སྤྱིར་བཏང་མཁའ་དབུགས་ནི་རླུང་ཁམས་ཀྱི་གནོན་ཤུགས་ཆེ་ས་ནས་ཆུང་སའི་ཕྱོགས་ སུ་རྒྱུ་བཞིན་ཡོད་ལ། ང་ཚོས་དུས་རྒྱུན་མཁའ་དབུགས་རྒྱུ་བ་ལ་རླུང་ཟེར་གྱི་ཡོད་པ་རེད། རླུང་ཁམས།
༤༽ སྐྱེ་ཁམས།
༼ཚེ་སྲོག་གི་གནས་ཡུལ།༽
སྐྱེ་ཁམས་ནི་ཚེ་སྲོག་ ཐམས་ཅད་འཚོ ་ གནས་ཐུབ་ ས་ཁམས། པའི་ཆ་རྐྱེན་ས་དང་། ཆུ་དང་། སྐྱེ་ཁམས། མཁའ་དབུགས་བཅས་གསུམ་ ཆུ་ཁམས། པོ ་ མ ཉ མ ་ དུ ་ འ ཛོ མ ས ་ པ འི ་ གནས་དེ་ཡིན་ལ། གནས་དེ་ནི་ དཔེ་རིས། 5.16: སྐྱེ་ཁམས་ཁོར་ཡུག་གི་རྣམ་པ་མཚོན་པའི་དཔེ་རིས། ཚེ་སྲོག་མཐའ་དག་འཚོ་གནས་ ཐུབ་སའི་ཁོར་ཡུག་གཅིག་པུ་ཡིན་པས། སྐྱེ་ཁམས་ནི་སའི་གོ་ལའི་ཐུན་ མོང་མ་ཡིན་པའི་ཁྱད་ཆོས་ཀྱི་གྲུབ་ཆ་གཙོ་བོར་གྱུར་བ་རེད། སྐྱེ་ཁམས་ཀྱི་ཁོར་ཡུག་འདིའི་ནང་ཆེ་ཆུང་མི་འདྲ་བའི་སྐྱེ་ལྡན་ རིགས་སྣ་ཚོགས་ཡོད་དེ། མིག་གིས་མཐོང་དཀའ་བའི་སྐྱེ་ལྡན་ཕྲ་མོའ ་ི རིགས་དང་། གཟུགས་སྟོབས་ཧ་ཅང་ཆེ་བའི་འོ་འཐུང་སྲོག་ཆགས་རིགས་ སོགས་རྣམ་གྲངས་མང་པོ་ཡོད། འགྲོ་བ་མི་དང་བཅས་པའི་སྐྱེ་ལྡན་རིགས་ ཚང་མ་གཅིག་ལ་གཅིག་བརྟེན་གྱིས་སྐྱེ་ཁམས་ཁོར་ཡུག་འདིའི་ནང་འཚོ་ ཞིང་གནས་ཡོད་པ་ཤ་སྟག་ཡིན། སྐྱེ་ཁམས་ཀྱི་ཁོར་ཡུག་འདིའི་ནང་འཚོ་སྡོད་བྱེད་པའི་སྐྱེ་ལྡན་ རིགས་ (Species of Organisms) ཚང་མ་རྒྱ་ཆེ་ས་ནས་དབྱེ་ན། རྩི་ ཤིང་དང་སྲོག་ཆགས་བཅས་རིགས་གཉིས་སུ་དགར་གྱི་ཡོད། སའི་གོ་ལའི་གྲུབ་ཆ་གཙོ་བོ་ས་ཁམས་དང་། ཆུ་ཁམས། རླུང་ དཔེ་རིས 5.17: རླུང་འཚུབ་ཀྱི་གནོད་འཚེ་ ཁམས་གསུམ་ནི་ཕན་ཚུན་གཅིག་གཅིག་ལ་ལྟོས་ནས་གྲུབ་ཡོད་པ་ཞིག་ ཕོག་པའི་ཡུལ།
44
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཡིན། དཔེར་ན། ཤིང་གི་ཅ་དངོས་སྣ་ཚོགས་བཟོ་ཆེད་ཤིང་སྡོང་མང་པོ་ གཅོད་འབྲེག་བྱས་པ་ལ་བརྟེན་ནས། ས་ཆ་ཁ་ཤས་ཀྱི་ཤིང་སྡོང་ཇེ་ཉུང་ དུ་འགྲོ་བཞིན་ཡོད་པ་དང་། ས་ཆ་ཁ་ཤས་ཀྱི་ཤིང་སྡོང་རིགས་མང་པོ་རྩ་ མེད་དུ་སོང་ཡོད། དེ་ལྟར་ཤིང་སྡོང་རིགས་ཇེ་ཉུང་དང་རྩ་མེད་དུ་སོང་བའི་ རྐྱེན་གྱིས། རླུང་ཁམས་ལ་འགྱུར་བ་ཐེབས་ནས་རླུང་འཚུབ་ཤུགས་ཆེན་ བརྒྱབས་ཏེ་ཁོར་ཡུག་ལ་གནོད་སྐྱོན་འབྱུང་གི་ཡོད་པ་མ་ཟད། ཆར་ཆུ་དུས་ སུ་མི་འབབ་པའམ་འབབ་ཚད་ཇེ་ཉུང་དུ་སོང་ནས་ས་ཆ་ལ་ཐན་པ་འབྱུང་ གི་ཡོད་ལ། ད་དུང་ས་ཆ་ཁ་ཤས་ལ་ས་ཡོམ་གྱི་གནོད་འཚེ་ཡང་འབྱུང་གི་ ཡོད། འདི་ལས་ང་ཚོས་རང་བྱུང་ཁམས་ཀྱི་ཆ་ཤས་གཅིག་ལ་ཕོག་ཐུག་ བཏང་བ་ལ་བརྟེན་ནས། རླུང་ཁམས་དང་། ཆུ་ཁམས། ས་ཁམས་སོགས་སྐྱེ་ ཁམས་ཀྱི་ཁོར་ཡུག་སྤྱི་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དཔོག་ཐུབ། གོང་དུ་བཤད་པ་བཞིན་རང་བྱུང་ཁམས་ཀྱི་ཆ་ཤས་གཅིག་ལ་ ཕོག་ཐུག་བཏང་ཚེ་དེ་དང་འབྲེལ་བའི་ཆ་ཤས་མང་པོ་ཞིག་ལ་ཤུགས་རྐྱེན་ འབྱུང་གི་ཡོད་པས། ང་ཚོས་སྐྱེ་ཁམས་ཀྱི་ཁོར་ཡུག་བདག་གཅེས་དང་ སྲུང་སྐྱོབ་བྱེད་དགོས། སྐྱེ་ཁམས་ཀྱི་ཁོར་ཡུག་ལ་གནོད་པའི་ལས་སྒྲུབ་པ་ ནི་རང་ཉིད་ཀྱི་འཚོ་གནས་ལ་གནོད་པའི་ལས་སྒྲུབ་པ་དང་གཅིག་མཚུངས་ ཡིན། སྐྱེ་ཁམས་ཁོར་ཡུག་ནི་ང་ཚོ་གནས་ས་ཡིན་པས། གནས་སའི་ཁོར་ ཡུག་ལ་གནོད་པ་ཐེབས་ཚེ་གནས་མཁན་གྱི་འཚོ་བར་ཡང་གནོད་སྐྱོན་ འབྱུང་རྒྱུ་ནི་གཡོལ་ཐབས་བྲལ་བ་ཞིག་ཡིན།
དཔེ་རིས 5.18: 1980
སྤྱི་ལོ་ 1960 ལོ་ནས་
ལོ་བར་ཨ་ཧྥེ་རི་ཁའི་ནུབ་ཕྱོགས་ས་
ཁུལ་ཏུ་བྱུང་བའི་ཐན་སྐྱོན་འདི་ནི། དུས་རབས་
ཉི་ཤུ་པའི་ནང་བྱུང་བའི་ཐན་པ་ཆེ་ཤོས་ཤིག་ ཡིན་པ་རེད།
སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
༡། སའི་གོ་ལའི་གྲུབ་ཆ་གཙོ་བོ་བཞི་གང་དག་ཡིན་ནམ། ༢། གླིང་ཆེན་བདུན་གང་གང་ཡིན་རེ་རེ་བཞིན་བྲིས། ༣། གོ་ལ་ཕྱེད་བྱང་མའི་ཁྱབ་ཁོངས་སུ་ཆགས་པའི་གླིང་ཆེན་གཉིས་ཀྱི་མིང་བྲིས། ༤། རླུང་ཁམས་རིམ་པ་མི་འདྲ་བ་ག་ཚོད་ཡོད་དམ། ༥། སའི་གོ་ལར”ཆུའི་གོ་ལ”་ཟེར་བའི་རྒྱུ་མཚན་ཅི་ཡིན་ནམ། ༦། སྐྱེ་ཁམས་ནི་སྐྱེ་ལྡན་རིགས་ཚང་མ་འཚོ་གནས་བྱེད་པར་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་ཅི་ཡིན་ནམ།
45
45
46
༡།
༢།
༣།
ས་ཁམས་རིག་པ།
ཁ༽ འོས་འཚམ་གྱི་ལན་འདེམས་དགོས། ཡུ་རོབ་དང་ཨེ་ཤི་ཡ་གཉིས་ཀྱི་བར་མཚམས་སུ་ཡོད་པའི་རི་རྒྱུད་དེ་ནི། ༼ཀ༽ ཨན་ཌེ་ས། ༼ཁ༽ ཇོ་མོ་གླང་མ། ༼ག༽ ཡུ་རཱལ། འཛམ་གླིང་ནང་གི་གཙང་པོ་ཆེ་ཤོས་ནི།
༼ཀ༽ གཙང་པོ་ནིལ། ༼ཁ༽ གཙང་པོ་ཨེ་མཱ་ཛོན། ༼ང༽ ཡར་ལུང་གཙང་པོ། རླུང་ཁམས་ཀྱི་གྲུབ་ཆའི་ནང་བརྒྱ་ཆ་མང་ཤོས་བཟུང་བའི་མཁའ་དབུགས་ནི། ༼ཀ༽ ཟེ་རླུང་། ༼ཁ༽ འཚོ་རླུང་། ༼ག༽ཀར་བོན་འཚོ་རླུང་ཉིས་ལྡན།
༤།
སའི་གོ་ལའི་གྲུབ་ཆའི་ནང་དུ་སྲ་མཁྲེགས་ཀྱི་བྲག་རྡོ་དང་ལྡན་པ་ནི།
༦།
༼ཀ༽ ཨ་ཧྥེ་རི་ཁ་གླིང་ཆེན། ༼ཁ༽ ཨེ་ཤི་ཡ་གླིང་ཆེན། ༼ག༽ ཨསྟྲེ་ལི་ཡ་གླིང་ཆེན།
༥།
༼ཀ༽ རླུང་ཁམས། ༼ཁ༽ ཆུའི་ཁམས། ༼ག༽ ས་ཁམས། གླིང་ཆེན་ཆེ་ཤོས་ནི།
བྱང་ཉི་ལྡོག་ཐིག་དང་། ཐིག་དམར། ལྷོ་ཉི་ལྡོག་ཐིག་བཅས་གསུམ་གྱི་བརྒྱུད་ལམ་དུ་ཁེལ་བའི་གླིང་ཆེན་ནི།
༼ཀ༽ ཨེ་ཤི་ཡ་གླིང་ཆེན། ༼ཁ༽ ལྷོ་ཨ་རི་གླིང་ཆེན། ༼ག༽ ཨ་ཧྥེ་རི་ཁ་གླིང་ཆེན།
༡། ༢། ༣། ༤།
འཛམ་གླིང་ནང་གི་གཏིང་ཟབ་ཤོས་ཀྱི་རྒྱ་མཚོ་གང་ཡིན་ནམ། རྒྱལ་ཁབ་ཀྱི་མིང་རྒྱ་མཚོ་ལ་བཏགས་ཡོད་པའི་རྒྱ་མཚོ་དེ་གང་ཡིན། ས་དང་། ཆུ་དང་། མཁའ་དབུགས་བཅས་མཉམ་དུ་འཛོམས་པའི་གནས་དེའི་མིང་ལ་ཅི་ཟེར་རམ། འཛམ་གླིང་ནང་གི་རི་བོ་མཐོ་ཤོས་གང་ཡིན་ནམ།
བསྐྱར་སྦྱོང་།
46
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བྱེད་སྒོ
47
༡། ས་ཁྲ་ལ་བལྟས་ནས་གླིང་ཆེན་བདུན་ངོས་ཟུངས། ༢། ས་ཁྲ་ལ་བལྟས་ནས་རྒྱ་མཚོ་ཆེན་པོ་བཞི་ངོས་ཟུངས། ༣། ས་ཁྲ་ལ་བལྟས་ནས་གོ་ལ་ཕྱེད་ཤར་མ་དང་ནུབ་མ་ཡི་ཁྱབ་ཁོངས་སུ་ཆགས་པའི་གླིང་ཆེན་ དང་རྒྱ་མཚོ་གང་དང་གང་ཡིན་ངོས་འཛིན་ཐབས་བྱོས། ༤། ས་ཁྲ་ལ་བལྟས་ཏེ་གོ་ལ་ཕྱེད་བྱང་མ་དང་ལྷོ་མའི་ཁྱབ་ཁོངས་སུ་ཆགས་པའི་གླིང་ཆེན་དང་རྒྱ་ མཚོ་གང་དང་གང་ཡིན་ངོས་འཛིན་ཐབས་བྱོས།
གོ་ལ་ཕྱེད་བྱང་མ།
གོ་ལ་ཕྱེད་ ཤར་མ།
གོ་ལ་ཕྱེད་ ནུབ་མ།
གོ་ལ་ཕྱེད་ལྷོ་མ།
47
48
6
ས་ཁམས་རིག་པ།
དཔེ་རིས། 6.1:
སའི་གོ་ལའི་བཀོད་པ།
རི་བོ་ཇོ་མོ་གླང་མ་
ནི ་ བལ་ཡུལ་དང་བོ ད ་གཉི ས ་ཀྱི ་ མཐའ་མཚམས་
སུ་ཆགས་ཡོད་ལ། མཐོ་ཚད་ལ་མི་ཊར8850ཡོད་ པས། འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཡིན།
དཔེ་རིས། 6.2:
རིམ་ཟད་ཀྱི་ཤུགས་རྐྱེན་
དཔེ་རིས། 6.3:
རིམ་ཟད་ཀྱི་ཤུགས་རྐྱེན་
གྱིས་ཤ་མོ་དབྱིབས་སུ་གྲུབ་པའི་བྲག་རྡོ།
གྱིས་ཟླ་གམ་དབྱིབས་སུ་གྲུབ་པའི་བྲག་རྡོ།
སའི་གོ་ལའི་ངོས་ཀྱི་བཀོད་པ་ཆགས་སྟངས་མཚོན་པའི་རི་མོ་ ལ་ལྟོས་དང་། ཁྱེད་ཀྱིས་སའི་གོ་ལའི་ངོས་ཡོངས་རྫོགས་བདེ་ཞིང་ཁོད་ སྙོམས་པོ་ཞིག་མིན་པ་ཤེས་ཐུབ། ས་ཁུལ་སོ་སོའ ་ི ས་དབྱིབས་སམ་བཀོད་ པ་ཆགས་སྟངས་མི་འདྲ་བ་ཡོད་དེ། དཔེར་ན། ས་ངོས་ཁ་ཤས་མཐོ་ཞིང་ བརྗིད་ཆགས་པའི་རི་རྒྱུད་མང་པོས་གྲུབ་ཡོད་པ་དང་། ས་ངོས་ཁ་ཤས་ ཡངས་ཤིང་རྒྱ་ཆེ་བའི་བདེ་ཐང་གིས་གྲུབ་ཡོད་ལ། ས་ངོས་ཁ་ཤས་མཚོ་ ངོས་ལས་མཐོ་རུ་འཕགས་ཤིང་ཅུང་ཙམ་གཟར་བའི་མཐོ་སྒང་གིས་གྲུབ་ ཡོད་པ་ལྟར་རེད། ས་ངོས་ཀྱི་བཀོད་པ་ཆགས་སྟངས་འདི་ནི་ཕྱི་དང་ནང་གི་རྐྱེན་ གཉིས་ཀྱིས་གྲུབ་པ་ཞིག་ཡིན་ཏེ། དང་པོ། ནང་གི་རྐྱེན་ནི་སའི་གོ་ལའི་ ནང་རིམ་དུ་རྒྱུན་ཆད་མེད་པར་གཡོ་འགུལ་བྱེད་ཀྱི་ཡོད་པ་ལ་བརྟེན་ནས་ སའི་གོ་ལའི་ཕྱི་ངོས་ཀྱི་ས་དབྱིབས་ཆགས་སྟངས་ལའང་འགྱུར་བ་ཐེབས་ ཀྱི་ཡོད་དེ། ས་ཁུལ་ཁ་ཤས་མཐོན་པོ་དང་ཁ་ཤས་དམའ་པོ་ཡིན་པའི་བདེ་ གཟར་གྱི་རྣམ་པ་མི་འདྲ་བ་ཡོང་གི་ཡོད་པའང་ནང་རྐྱེན་གྱི་འགྱུར་བ་འདི་ ལ་བརྟེན་ནས་བྱུང་བ་ཡིན། གཉིས་པ། ཕྱི་ཡི་རྐྱེན་ནི་སའི་གོ་ལའི་ས་ངོས་ ཁ་ཤས་ཆར་དང་རླུང་སོགས་ཕྱིའི་རང་བྱུང་ཁམས་ཀྱི་འགྱུར་བའི་ཤུགས་ རྐྱེན་གྱིས་རིམ་བཞིན་ཟད་འགྲོ་ཡི་ཡོད་པ་དང་། ཡང་ས་ངོས་ཁ་ཤས་ཆུ་ དང་རླུང་གི ས ་ཁུར་བའི ་ ས་རྡུལ་རྣམས་གནས་གཅི ག ་ཏུ་སྤུངས་གསོ ག ་ གིས་རིམ་བཞིན་ས་དབྱིབས་ཀྱི་རྣམ་པ་གཞན་ཞིག་ཆགས་པའི་རྐྱེན་བྱེད་ ཀྱི་ཡོད། ཆར་ཆུ་དང་། རྒྱུག་ཆུ། ལྷགས་པ། འཁྱགས་དར་སོགས་རང་བྱུང་ ཁམས་ཀྱི་འགྱུར་ལྡོག་གི་རྐྱེན་སྣ་ཚོགས་ཀྱིས་ས་དང་རྡོ་རྣམས་རིམ་བཞིན་ ཟོས་ནས་ཟད་པར་གྱུར་པ་ལ་རིམ་ཟད་(Erosion) ཟེར། ས་ངོས་ཁ་ཤས་ ཀྱི་རྣམ་པ་དེ་རིམ་ཟད་ཀྱི་དབང་གིས་འཇིག་འགྲོ་བཞིན་ཡོད་ནའང། སྤུངས་ གསོག་(Deposition) གི་རྐྱེན་གྱིས་ས་དབྱིབས་ཀྱི་རྣམ་པ་གཞན་ཞིག་ བསྐྲུན་གྱི་ཡོད། རིམ་ཟད་དང་སྤུངས་གསོག་གི་འགྱུར་ལྡོག་འདི་གཉིས་ ནི་གོང་དུ་བཤད་པ་བཞིན་ཆར་ཆུ་དང་། རྒྱུག་ཆུ། ལྷགས་པ། འཁྱག་དར་ སོགས་རང་བྱུང་ཁམས་ཀྱི་འགྱུར་ལྡོག་གི་རྐྱེན་སྣ་ཚོགས་ལ་བརྟེན་ནས་ འབྱུང་གི་ཡོད་པ་ཞིག་ཡིན།
48
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱ་ཆེ་ས་ནས་དབྱེ་ན། སའི་གོ་ལའི་ངོས་ཀྱི་བཀོད་པ་ཆགས་ སྟངས་ནི་ས་ངོས་ཀྱི་མཐོ་ཚད་དང་བདེ་གཟར་ལ་གཞིགས་ཏེ་རི་དང་། མཐོ་ སྒང་། བདེ་ཐང་བཅས་རྣམ་པ་མི་འདྲ་བ་གསུམ་དུ་དགར་གྱི་ཡོད།
རི། རི་ནི་སའི་གོ་ལའི་ངོས་ནས་མཐོ་སར་གྱེན་དུ་འཕགས་པ་ཞིག་ ཡིན་པས། མཐའ་འཁོར་གྱི་ས་ངོས་ཀུན་ལས་ཧ་ཅང་མཐོ་བའི་ས་དབྱིབས་ ཆགས་སྟངས་ཀྱི་རྣམ་པ་མི་འདྲ་བ་ཞིག་ཡིན་ལ། ས་ཁུལ་སོ་སོར་ཆགས་ པའི་རི་ཡི་མཐོ་ཚད་དང་དབྱིབས་ཀྱང་མི་འདྲ་བ་སྣ་ཚོགས་ཡོད། རི ་ ཁུལ་ཁ་ཤས་དུས་བཞིར ་འགྱུར་བ་མེ ད ་པར་འཁྱགས་པས་ བཏུམས་ཡོད་པ་ལ་འཁྱགས་རོམ་ (Glacier) ཟེར། ཡང་རི་ཁ་ཤས་རྒྱ་ མཚོའི་གཏིང་དུ་ཡོད་པས་ང་ཚོས་ཕྱི་རོལ་ནས་བལྟས་པ་ཙམ་གྱིས་མཐོང་ མི་ཐུབ། དུས་རྒྱུན་རི་ཁུལ་དུ་གནམ་གཤིས་གྲང་ཞིང་ས་བབ་གཟར་བས། ཞིང་ལས་སོགས་འཚོ་ཐབས་གཉེར་དཀའ་བ་ཡིན། དེར་བརྟེན་རི་ཁུལ་དུ་ འཚོ་སྡོད་བྱེད་མཁན་གྱི་མི་གྲངས་ཀྱང་ཉུང་ངུ་ཞིག་ལས་མེད། ཀི་ལོ་མི་ཊར་བརྒྱ་ཕྲག་མང་པོའ ་ི རིང་ཚད་དུ་རི་ཚོགས་སྟར་ལ་ བརྒྱུས་ནས་ཡོད་པ་ལ་རི་རྒྱུད (Mountain Range) ཟེར། དཔེར་ན། ཨེ་ ཤི་ཡ་གླིང་ཆེན་ནང་གི་ཧི་མ་ལ་ཡ་རི་རྒྱུད་དང་། ཡུ་རོབ་གླིང་ཆེན་ནང་གི་ ཨེབ་ས (Alps) རི་རྒྱུད། ལྷོ་ཨ་རི་གླིང་ཆེན་ནང་གི་ཨན་ཌེས་Andesརི་ རྒྱུད་ལྟ་བུའོ། རི་ལ་གྲུབ་སྟངས་ཀྱི་ཆ་ནས་དབྱེ་ན་ལྟེབ་གཉེར་རི་ (Fold Mountain) དང་། ཆད་རིམ་རི་ (Block Mountain) མེ་རི་བཅས་རྣམ་པ་མི་འདྲ་ བ་གསུམ་དུ་ཕྱེས་ཡོད། ཧི་མ་ལ་ཡ་རི་རྒྱུད་དང་ཨབ་ས་རི་རྒྱུད་གཉིས་ ནི་མཐོ་ཞིང་འབར་འབུར་མང་བའི་རི་ཁུལ་གྱིས་གྲུབ་པའི་ལྟེབ་གཉེར་རི་ གསར་པའི་དཔེ་མཚོན་ཞིག་ཡིན་ལ། རྒྱ་གར་ནང་གི་ཨ་རཱ་ཝཱ་ལི་རི་རྒྱུད་ (Aravali Mountains) ནི་འཛམ་གླིང་ནང་གི་ལྟེབ་གཉེར་རི་རྙིང་ཤོས་ཤིག་ ཡིན། དེ་ལ་རིམ་ཟད་ཀྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པས། རི་རྒྱུད་དེ་ ལོ་ངོ་བརྒྱ་ཕྲག་མང་པོའ ་ི རིང་ཆར་རླུང་སོགས་ཀྱིས་ཟོས་ཤིང་ཟད་པའི་ སྣང་ཚུལ་གསལ་པོར་མཐོང་ཐུབ། དེ་བཞིན་ཨུ་རུ་སུའི་ནང་ཡོད་པའི་ཡུ་ རཱལ་རི་རྒྱུད་ (Ural Mountains) ཡང་ལྟེབ་གཉེར་རི་རྙིང་ཤོས་ཀྱི་དཔེ་
49
49
ཁྱེད་ཀྱིས་ཤ
ེས་སམ་
དེ འུ ་འབུར་ནི ་ ཁོ ད ་སྙོ མ ས་པའི ་ ས་ ངོ ས ་ལས་མཐོ ་ སར་གྱེ ན ་ཏུ་འཕགས་པ་ཞི ག ་ ཡིན། སྤྱིར་མཐོ་ཚད་མེ་ཊར600བརྒལ་བའི་ དེའུ་འབུར་ངོ ས ་གཟར་མོ ་ ཅན་གྱི་རིགས་ ལ་རི་ཟེར། དེས་ན་ཁྱེད་ཀྱིས་བསམ་བློ་ ཐོངས་དང་། མཐོ་ཚད་མེ་ཊར8000བརྒལ་ བའི་རི ་ ཡི ་ རི ག ས་ཀྱི་མི ང ་ལ་ཅི་ཟེ ར ་རམ།
དཔེ་རིས 6.4: འཁྱགས་རོམ།
དཔེ་རིས 6.5: ཨེབ་ས་རི་རྒྱུད་ནི་ཡུ་
རོབ་གླིང་གི་གཞི་རྒྱ་ཆེ་ཤོས་ཀྱི་རི་རྒྱུད་དེ་ཡིན་པ་ རེད།
དཔེ་རིས 6.6:
ཨན་ཌེས་རི་རྒྱུད།
50
ས་ཁམས་རིག་པ།
དཔེ་རིས 6.7:
ཡུ་རཱལ་རིརྒྱུད།
དཔེ་རིས 6.8: རི་བོ་ཀི་ལི་མཱན་ཇཱ་རོ།
དཔེ་རིས 6.9: རི་བོ་ཧྥུ་ཇི་ཡཱ་མཱ།
དཔེ་རིས 6.10:
ཌེ་ཁཱན་མཐོ་སྒང།
མཚོན་ཞིག་ཡིན། ཆད་རིམ་རི་ནི་ས་ཁྱོན་ཆེན་པོ་ཞིག་བརྡིབས་ཏེ་ངོས་མཐོ་དམའ་ གཉིས་སུ་ཆད་པ་ལས་གྲུབ་པ་ཞིག་ཡིན་ལ། དེའི་མཐོ་རུ་འཕགས་པའི་ཆ་ ལ་འབུར་ངོས་ (Horst) ཟེར་བ་དང་། དམའ་བའི་ཆ་ལ་རྡིབ་ངོས་(Graben) ཟེར། ཡུ་རོབ་གླིང་ཆེན་ནང་གི་ཝོ་ཇེས་རི་བོ་ (Vosges mountain) དང་ རི་ཀླུང་རིན་ (Rhine Valley) གཉིས་ནི་ཆད་རིམ་རི་ཡི་དཔེ་མཚོན་ཞིག་ ཡིན། འཛམ་གླིང་ས་ཁྲའི་ངོས་ལ་བལྟས་ཏེ་རི་དང་རི་ཀླུང་དེ་གཉིས་གང་དུ་ ཡོད་པ་ཚོལ་དང་། མེ་རི་ནི་ས་འོག་གི་ཚ་དབལ་ཆེ་བའི་རྡོ་ཞུན་ས་ངོས་སུ་འཕྱུར་ ཡོང་བའི་བྱེད་ལས་ལ་བརྟེན་ནས་གྲུབ་པ་ཞིག་ཡིན། དཔེར་ན། ཨ་ཧྥེ་རི་ཁ་ གླིང་ཆེན་ནང་གི་རི་བོ་ཀི་ལི་མཱན་ཇཱ་རོ་ (Mt.Kilimanjaro) དང་། འཇར་ པན་གྱི་རི་བོ་ཧྥུ་ཇི་ཡཱ་མཱ་ (Mt.Fujiyama) གཉིས་ལྟ་བུའོ།། རི་ནི་སའི་གོ་ལའི་གྲུབ་ཚུལ་ཐུན་མོང་མ་ཡིན་པ་ཞིག་ཡིན་པ་མ་ ཟད། ང་ཚོའི་འཚོ་བའི་ནང་ཧ་ཅང་གལ་ཆེན་པོ་ཞིག་ཀྱང་ཡིན། འཁྱགས་ རོམ་དང་རི་ཡི་ཁུང་གསེང་ནི་འཛད་མཐའ་མེད་པའི་ཆུ་མཛོད་ཆེན་པོ་ཞིག་ དང་མཚུངས་པས། ཞིང་ལས་དང་ཆུ་གློག་ས་ཚིགས་འཛུགས་སྐྲུན་སོགས་ ཀྱི་ཐད་མེད་ཐབས་མེད་པའི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཀྱང་གཏོས་ ཆེ་བའི་རི་བོ་དག་ཡིན། རི་བོ་ནི་རྩི་ཤིང་ནགས་ཚལ་དང་སྲོག་ཆགས་སྣ་ ཚོགས་ཀྱིས་རབ་ཏུ་ཕྱུག་པ་མ་ཟད། རིན་ཐང་ཆེ་བའི་གཏེར་དངོས་ཕུན་ སུམ་ཚོགས་པའི་འབྱུང་གནས་ཀྱང་ཡིན། མཐོ་སྒང་། སྤྱིར་ས་བབ་མཐོ་ཞིང་ཁོད་སྙོམས་པའི་ས་ཁམས་ཀྱི་བཀོད་པ་ ཆགས་སྟངས་ཤིག་ལ་མཐོ་སྒང་ཟེར་བ་དང་། མཐོ་སྒང་ཁ་ཤས་ནི་གསེག་ ངོས་གཟར་པོ་དང་ལྡན་པའི་ས་བབ་ཀྱིས་གྲུབ། མཐོ་སྒང་གི་ས་བབ་མཐོ་ ཚད་མི་འདྲ་བ་སྣ་ཚོགས་ཡོད་དེ། ཁ་ཤས་ཀྱི་མཐོ་ཚད་ལ་མི་ཊར་བརྒྱ་ ཕྲག་དུ་མ་ཡོད་པ་དང་། ཡང་ཁ་ཤས་ཀྱི་མཐོ་ཚད་ལ་མི་ཊར་སྟོང་ཕྲག་ཁ་ ཤས་ཡོད་པའང་ཡོད། རི་ལ་གསར་རྙིང་གི་ཁྱད་པར་ཡོད་པ་ལྟར་མཐོ་སྒང་ ལའང་གསར་རྙིང་གི་ཁྱད་པར་ཡོད། དཔེར་ན། རྒྱ་གར་གྱི་ཌེ་ཁཱན་མཐོ་སྒང་ (Deccan Plateau) ནི་མཐོ་སྒང་རྙིང་ཤོས་ཤིག་ཡིན་པ་དང་། གཞན་ཡང་ཤར་ཨ་ཧྥེ་རི་ཁའི་མཐོ་སྒང་ (East African Plateau) དང་།
50
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
51
དཔེ་རིས 6.11: བར་སྣང་ནས་པར་བླངས་པའི་བོད་ཀྱི་མཐོ་སྒང་ཆགས་ཚུལ།
ཨསྟྲེ་ལི་ཡའི་ནུབ་རྒྱུད་ཀྱི་མཐོ་སྒང་ (Western Plateau of Australia) སོགས་དཔེ་མཚོན་མང་ངོ་།། མཚོ་ངོས་ཀྱི་ཆ་སྙོམས་མཐོ་ཚད་མི་ཊར་ 4000 ནས་ 6000 བར་ ཡོད་པའི་བོད་ཀྱི་མཐོ་སྒང་ནི། འཛམ་གླིང་ནང་ས་བབ་མཐོ་ཤོས་ཀྱི་མཐོ་ སྒང་ཞིག་ཡིན། མཐོ་སྒང་ནི་གཏེར་དངོས་ཕུན་སུམ་ཚོགས་པའི་བང་མཛོད་ཆེན་ པོ་ཞིག་ཡིན་པས། འཛམ་གླིང་ནང་གཏེར་ཁ་སྔོག་འདོན་བྱེད་པའི་རྟེན་གཞི་ མང་པོ་ཞིག་ཀྱང་མཐོ་སྒང་གི་ཁུལ་དུ་བཙུགས་ཡོད། དཔེར་ན། ཨ་ཧྥེ་རི་ ཁའི་མཐོ་སྒང་ནི་གསེར་དང་རྡོ་རྗེ་ཕ་ལམ་གྱི་གཏེར་ཁའི་ཐོན་ཁུངས་གྲགས་ ཆེན་ཞིག་ཡིན་པ་དང། རྒྱ་གར་གྱི་ཆོ་ཌཱ་ནཱག་པུར་མཐོ་སྒང་ (Chhotanagpur Plateau) ཡང་ལྕགས་དང་རྡོ་སོལ་གྱི་གཏེར་ཁའི་ཐོན་ཁུངས་གལ་ ཆེན་ཞིག་རེད། མཐོ་སྒང་ནི་ས་བབ་མཐོ་སར་ཆགས་ཡོད་པས་དྲག་ཤུགས་ཆེ་ བའི་རྦབ་ཆུ་མང་པོ་ཡོད་ལ། ས་ཆ་ཁ་ཤས་ཀྱི་ས་གཤིས་གཤིན་པོ་ཡོད་ པས་ཞིང་ལས་གཉེར་བར་ལེགས། མཐོ་སྒང་མང་པོ་ཞིག་གི་ས་བབ་ཆགས་ སྟངས་དང་ཡུལ་ལྗོངས་ཀྱི་རྣམ་པ་མཛེས་སྡུག་ལྡན་པས། ཡུལ་སྐོར་སྤྲོ་ འཆམ་པ་ཚོ་འགྲོ་འདོད་ཆེན་པོ་བྱེད་ས་ཞིག་ཀྱང་ཡིན།
51
52
ས་ཁམས་རིག་པ།
དཔེ་རིས 6.12:
བདེ་ཐང་།
བདེ་ཐང་།
སྤྱི ར ་ས་བབ་དམའ་ཞི ང ་ རྒྱ་ཆེ་ལ་ཁོད་སྙོམས་པའི་ས་ ཁམས་ཀྱི ་ བཀོ ད ་པ་ཆགས་ སྟངས་ཞིག་ལ་བདེ་ཐང་ཟེར། དུས་རྒྱུན་བདེ་ཐང་གི་ས་བབ་ མཐོ་ཚད་ནི་མཚོ་ངོས་ཀྱི་ཆ་ སྙོ མ ས་མི ་ ཊར 200 ལས་མ་ བརྒལ་བ་ཞིག་ཡིན། འོན་ཀྱང་ བདེ་ཐང་ཁ་ཤས་ནི་བང་རིམ་ དང་འབར་འབུར་མང་པའི་ས་ ཁོད་མི་སྙོམས་པ་དེ་འདྲའང་ ཡོད། བདེ་ཐང་མང་ཆེ་བ་ནི་གཙང་པོ་དང་གཙང་པོ་དག་ལས་གྱེས་པའི་ཆུ་ ལག་གིས་གྲུབ། རི་ངོས་ནས་མར་འབབ་པའི་གཙང་པོ་དག་གིས་རི་ངོས་ ཀྱི་ས་རིམ་གྱིས་ཟོས་ཏེ་ས་སྙིགས་མང་པོ་ལུང་གཤོངས་དང་ཆུ་གཞུང་དུ་ ཁུར་བ་དང་། དུས་ཡུན་རིང་པོ་འགོར་བའི་ཚེ་ས་སྙིགས་དེ་རིགས་ས་རྡོ་ དང་བྱེ་མའི་ཕུང་གསོག་ཆེན་པོར་འགྱུར་གྱི་ཡོད་པ་དང་། རིམ་བཞིན་ས་ སྙིགས་དང་། རྡོ། བྱེ་མའི་ཕུང་གསོག་དེ་རིགས་ཀྱིས་བདེ་ཐང་སྐྲུན་གྱི་ཡོད། བདེ་ཐང་གི་ས་ཁུལ་མང་ཆེ་བ་ཁོད་སྙོམས་པོ་ཡོད་པས། གཞུང་ ལམ་དང་། ཁང་བརྩེགས་སོགས་འཛུགས་སྐྲུན་བྱེད་བདེ་པོོ་ཡོད་པ་མ་ཟད། ས་གཤིས་ཀྱང་གཤིན་པོ་ཡོད་པས་ཞིང་ལས་ཐོན་སྐྱེད་གཉེར་བར་ཡང་ཧ་ ཅང་འཚམ་པོ་ཡོད། དེར་བརྟེན་བདེ་ཐང་ནི་འཛམ་གླིང་ནང་མི་འབོར་ཕོན་ ཆེན་པོ་འདུས་སྡོད་བྱ་ས་གཙོ་བོ་ཞིག་ཡིན། དཔེར་ན། རྒྱ་གར་ནང་ཆུ་བོ་ སེང་གེ་ཁ་འབབ་ཀྱི་རྒྱུད་དུ་ཆགས་པའི་བདེ་ཐང་ཁུལ་དུ་འདུས་སྡོད་བྱེད་ པའི་མི་འབོར་ཧ་ཅང་ཕོན་ཆེན་པོ་ཡོད་པ་ལྟ་བུ་རེད། གཙང་པོའ ་ི འབབ་ རྒྱུན་གྱིས་བསྐྲུན་པའི་བདེ་ཐང་ཆེ་ཤོས་ཁ་ཤས་ནི་ཨེ་ཤེ་ཡ་དང་བྱང་ཨ་ རིའི་ཡུལ་ཏུ་ཆགས་ཡོད་དེ། དཔེར་ན། ཨེ་ཤེ་ཡའི་ནང་རྒྱ་ནག་གི་ས་ཁུལ་ ཏུ་འབྲི་ཆུའི་འབབ་རྒྱུན་གྱིས་བསྐྲུན་པའི་བདེ་ཐང་ཆེན་པོ་དང་། རྒྱ་གར་དུ་ ཆུ་བོ་སེང་གེ་ཁ་འབབ་དང་གངྒའི་འབབ་རྒྱུན་གྱིས་བསྐྲུན་པའི་བདེ་ཐང་ ཆེན་པོ་སོགས་ཡོད་པ་ལྟ་བུ་རེད།
52
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
༢༽ ས་ངོས་ཀྱི་བཀོད་པ་དང་མི་སྡེ།
ས་ངོས་ཀྱི་བཀོད་པ་ཆགས་སྟངས་མི་འདྲ་སར་གནས་སྡོད་བྱེད་པའི་མི་ རྣམས་ཀྱི་འཚོ་བའི་གོམས་གཤིས་ཀྱང་མི་འདྲ་བ་སྣ་ཚོགས་ཡོད། གནམ་ གཤིས་དང་ས་བབ་མཐོ་ཚད་ཀྱི་དབང་གིས་རི་ཁུལ་དུ་འཚོ་བ་སྐྱེལ་རྒྱུ་ནི་ ཧ་ཅང་དཀའ་ངལ་ཅན་ཞིག་ཡིན། འོན་ཀྱང་བདེ་ཐང་དུ་ས་ཁོད་སྙོམས་ཤིང་ ས་བཅུད་བཟང་བས་ཁང་བརྩེགས་དང་གཞུང་ལམ་སོགས་འཛུགས་སྐྲུན་ བྱེད་བདེ་བ་དང་། ཞིང་ལས་ཐོན་སྐྱེད་ཀྱང་གཉེར་བདེ་བ་ཡོད། ཁྱེད་ཀྱིས་ ས་ངོས་ཀྱི་བཀོད་པ་མི་འདྲ་སར་མི་རྣམས་ཀྱིས་འཚོ་བ་སྐྱེལ་ཐབས་ཀྱང་ མི་འདྲ་བ་སྣ་ཚོགས་ཡོད་པ་ཤེས་ཀྱི་ཡོད་དམ། མཚམས་རེར་ས་ཡོམ་དང་། མེ་རི་། ཆུ་ལོག། རླུང་འཚུབ་སོགས་ རང་བྱུང་ཁམས་ཀྱི་གོད་ཆག་གིས་མི་རྣམས་ཀྱི་འཚོ་གནས་ལ་གནོད་འཚེ་ ཆེན་པོ་གཏོང་གི་ཡོད། འོན་ཀྱང་ང་ཚོས་གོད་ཆག་དེ་རིགས་ཀྱི་འབྱུང་རྐྱེན་ ཤེས་རྟོགས་བྱུང་བ་ན། ཉེན་ཁ་མང་པོ་ཞིག་ལས་ཐར་ཐབས་བྱ་ཐུབ་ངེས། ས་ཡོམ་དང་། ཆུ་ལོག། རླུང་འཚུབ་ལྟ་བུའི་རང་བྱུང་ཁམས་ཀྱི་ གནོ ད ་པ་མང་པོ ་ ཞི ག ་ང་ཚོ ་ མི ་ རྣམས་ཀྱི ་ བྱ་བྱེ ད ་ནོ ར ་བ་ལ་བརྟེ ན ་ནས་ འབྱུང་གི་ཡོད་དེ། དཔེར་ན། གཏེར་ཁ་སྔོག་འདོན་བྱེད་རྒྱུ་མང་དྲགས་པ་ དང་། ཤིང་ནགས་གཅོད་འབྲེག་བྱས་པ་མང་དྲགས་པས། ཟློག་ཐབས་མེད་ པའི་གནོད་འཚེ་དེ་དག་འབྱུང་གི་ཡོད་པ་ལྟ་བུ་རེད། ཁྱེད་ཀྱིས་རང་གི་ཁོར་ཡུག་གི་མི་རྣམས་ཀྱིས་ས་ཆ་དང་ཆུ་བེད་ སྤྱོད་གཏོང་སྟངས་ལ་དོ་སྣང་བྱོས་དང་། དུས་རྒྱུན་ང་ཚོས་ས་ཆ་དང་ཆུ་ མང་པོ་ཞིག་འཕྲོ་བརླག་གཏོང་གི་ཡོད་པ་ཤེས་ཐུབ། དཔེར་ན། ཞིང་ལས་ གཉེར་བར་ཧ་ཅང་འཚམ་པའི་ས་གཤིས་གཤིན་པོའ ་ི སྟེང་དུ་ཁང་བརྩེགས་ བསྐྲུན་པ་ལྟ་བུ་དང་། ས་སྟེང་དང་ཆུ་ནང་གང་སར་སྣང་མེད་ཀྱིས་གད་ སྙིགས་གཡུགས་ཏེ་མི་གཙང་བ་བཟོ་བ་ལྟ་བུ་རེད། དེ་ནི་ནོར་འཁྲུལ་ཆེན་ པོ་ཞིག་ཡིན་པ་ཤེས་པར་བྱས་ཏེ། ང་ཚོས་རང་བྱུང་ཁམས་ཀྱི་ཁོར་ཡུག་ ཡིད་དུ་འོང་བ་འདི་གཙང་མར་ཉར་བ་དང་སྲུང་སྐྱོབ་བྱ་དགོས། རང་བྱུང་ ཁམས་ཀྱི་ལོངས་སྤྱོད་འདི་ནི་ང་རང་ཚོའི་མི་རབས་གཅིག་པུར་ལོངས་ སུ་སྤྱོད་རྒྱུ་བྱུང་ན་འགྲིག་སོང་བ་དེ་འདྲ་གཏན་ནས་མ་རེད། ང་ཚོའི་ལས་ འགན་ནི། སའི་གོ་ལ་འདི་སྲུང་སྐྱོབ་ལེགས་པོ་བྱས་ཏེ། མ་འོངས་པའི་མི་ རབས་རྗེས་མ་ཚོར་སྤྲོ་སྐྱིད་ལྡན་པའི་འཚོ་བའི་རྟེན་གཞི་ཞིག་བདག་སྤྲོད་ བྱ་ཐུབ་ཐབས་ལ་འབད་རྒྱུ་དེའོ། །
53
དཔེ་རིས། 6.13: ས་ཡོམ་རྒྱག་པ།
དཔེ་རིས། 6.14: མེ་རི་འབར་བ།
དཔེ་རིས 6.15: ཆུ་ལོག་རྒྱུག་པ།
དཔེ་རིས། 6.16: གད་སྙིགས་སྤུངས་པ།
དཔེ་རིས། 6.17 བཟོ་གྲྭའི་དུ་བ།
53
54
ས་ཁམས་རིག་པ།
སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
༡། སའི་གོ་ལའི་བཀོད་པ་ཆགས་སྟངས་གཙོ་བོ་གང་དག་ཡིན་ནམ། ༢། རི་དང་མཐོ་སྒང་གཉིས་ཀྱི་ཁྱད་པར་གང་ཡིན་ནམ། ༣། རི་ལ་གྲུབ་ཚུལ་གྱི་སྒོ་ནས་དབྱེ་ན་མི་འདྲ་བ་གང་དང་གང་ཡོད་དམ། ༤། བདེ་ཐང་ནི་ཇི་ལྟར་གྲུབ་པ་ཡིན་ནམ། ༥། གཙང་པོའ ་ི འབབ་རྒྱུན་དུ་ཆགས་པའི་བདེ་ཐང་སྟེང་མི་འབོར་མང་པོ་གནས་སྡོད་བྱེད་པའི་རྒྱུ་མཚན་ཅི་ཡིན་ནམ། ༦། རི་ཁུལ་དུ་གནས་སྡོད་བྱེད་པའི་མི་འབོར་ཉུང་ཙམ་ལས་མེད་དོན་ཅི་ཡིན་ནམ། ཁ༽ འོས་འཚམ་གྱི་ལན་འདེམས་དགོས། ༡། རི་དང་དེའུ་འབུར་གཉིས་ཀྱི་ཁྱད་པར་འབྱེད་པའི་གཞི་འཛིན་ས་ནི།
༼ཀ༽མཐོ་ཚད། ༼ཁ༽ གསེག་ངོས། ༼ག༽ བཟོ་ལྟ།
༢། འཁྱགས་རོམ་ཆགས་ས་ནི། ༼ཀ༽ རི་རྒྱུད། ༼ཁ༽ བདེ་ཐང་། ༼ག༽ མཐོ་སྒང་། ༣། ཊེ་ཁཱན་མཐོ་སྒང་ཆགས་ས་ནི།
༼ཀ༽ བོད། ༼ཁ༽ ཨསྟྲེ་ལི་ཡ། ༼ག༽ རྒྱ་གར།
༼ཀ༽ ལྷོ་ཨ་མེ་རི་ཁ། ༼ཁ༽ ཨསྟྲེ་ལི་ཡ། ༼ག༽ རྒྱ་ནག།
༤། འབྲི་ཆུ་འབབ་ཡུལ་ནི།
54
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
༥། ཡུ་རོབ་ཁུལ་དུ་ཆགས་པའི་རི་རྒྱུད་གཙོ་བོ་ནི།
55
༼ཀ༽ ཨན་ཌེས་རི་རྒྱུད། ༼ཁ༽ ཨེབ་ས་རི་རྒྱུད། ༼ག༽ ཧི་མ་ལ་ཡ་རི་རྒྱུད། བསྐྱར་སྦྱོང་།
༡། ཅི་ཞིག་ལ་བདེ་ཐང་ཟེར། ༢། རི་བོ་ཧི་མ་ལ་ཡ་ནི་རི་གྲུབ་སྟངས་ཀྱི་རིགས་གང་ལ་གཏོགས་སམ། ༣། ས་བབ་ཆགས་སྟངས་གང་གི་ཁུལ་དུ་གཏེར་ཁ་མང་བ་ཡོད། ༤། ཅི་ཞིག་ལ་རི་རྒྱུད་ཟེར། ༥། ས་བབ་ཆགས་སྟངས་གང་གི་ཁུལ་དུ་ཞིང་ལས་ཐོན་སྐྱེད་མང་ཤོས་གཉེར་གྱི་ཡོད། བྱེད་སྒོ
༡། ཁྱེད་རང་གནས་ཡུལ་གྱི་ས་ཆའི་ཆགས་དབྱིབས་ཅི་འདྲ་ཡིན་ནམ། དེར་གནས་སྡོད་བྱེད་མཁན་གྱི་མི་ཚོས་ས་ ཆ་བེད་སྤྱོད་བྱེད་སྟངས་ཅི་འདྲ་ཡིན་པ་ཤོད། ༢། ས་ཁྲ་ལ་བལྟས་ཏེ་གཤམ་དུ་འཁོད་པ་དག་ངོས་འཛིན་གྱིས་རྟགས་རྒྱོབ། ཀ༽ ཧི་མ་ལ་ཡ་རི་རྒྱུད། ཁ༽ ཡུ་རཱལ་རི་རྒྱུད། ག༽ བོད་ཀྱི་མཐོ་སྒང་།
55
56
ས་ཁམས་རིག་པ།
དཔེ་རིས། 7.1:
དཔེ་རིས། 7.2:
ང་ཚོའི་ཕ་ཡུལ-
ཕོ་བྲང་པོ་ཏཱ་ལ།
Alexandra Davidi-Neel
བོད།
7
མི ་ མང་པོ ་ ཞི ག ་གི ས ་བོ ད ་ཡུལ་ལ་”འཛམ་གླི ང ་ཡང་རྩེ ” ཞེ ས ་ འབོད། དེ་ལྟར་འབོད་དོན་ནི། རང་རེའི་བོད་རྒྱལ་ཁབ་འདི་འཛམ་གླིང་ནང་ གི་ས་བབ་མཐོ་ཤོས་སུ་ཆགས་ཡོད་པས་ཡིན་ཏེ། བོད་ཀྱི་ཆ་སྙོམས་ས་ བབ་མཐོ་ཚད་ནི་མི་ཊར་ 4900 ཡིན། བོད་ལ་མཚོན་ན་འདི་ནི་ཆ་སྙོམས་ ཀྱི་ས་བབ་མཐོ་ཚད་ཡིན་ནའང། རྒྱལ་ཁབ་ཁ་ཤས་ནང་ས་བབ་དང་རི་རྒྱུད་ མཐོ་ཤོས་ཀྱང་བོད་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་ལས་དམའ་བ་ཡོད། བོད་ཀྱི་རྒྱལ་ས་ནི་ལྷ་ས་ཡིན་ལ། ལྷ་ས་ནི་འཛམ་གླིང་ནང་ས་བབ་ མཐོ་ཤོས་སུ་ཆགས་པའི་རྒྱལ་སའམ་གྲོང་ཁྱེར་ཞིག་ཡིན་པའི་ངོས་འཛིན་ བྱེད་ཀྱི་ཡོད་ལ། དེ་ནི་བོད་ཀྱི་གྲོང་ཁྱེར་ཆེ་ཤོས་ཀྱང་ཡིན། དེ་བཞིན་བོད་ ཀྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ནི་གཞིས་ཀ་རྩེ་གྲོང་ཁྱེར་ཡིན། བོད་ གཞུང་དགའ་ལྡན་ཕོ་བྲང་གི་སྲིད་དབང་དང་འཛིན་སྐྱོང་གི་མངའ་ཁོངས་ སུ་དབུས་གཙང་དང་། མདོ་སྟོད། མདོ་སྨད་བཅས་བོད་ཀྱི་ས་ཁྱོན་ཡོངས་ རྫོགས་གཏོགས་པ་དང་། དེའི་སྤྱིའི་ས་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ ཡ 2.5 ཡོད། དེ་ནི་ཧྥ་རན་སེའི་ས་ཁྱོན་དང་བསྡུར་ན་ལྡབ་བཞིས་ཆེ་བ་ དང། འཇར་པན་གྱི་ས་ཁྱོན་དང་བསྡུར་ན་ལྡབ་བརྒྱད་ཀྱིས་ཆེ་བ་ཡོད། བོད་ ས་ཡོངས་ཀྱིས་ཡུ་རོབ་སྤྱིའི་ས་ཁྱོན་གྱི་1/4ལྷག་ཟིན་གྱི་ཡོད། བོད་ཁྱོན་ ཡོངས་ལ་མི་འབོར་ས་ཡ་ 6 ལྷག་ལས་མེད། དེར་བརྟེན་བོད་ནི་མི་འབོར་ ཉུང་ལ་ས་ཁྱོན་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པའང་ངང་གིས་རྟོགས་ཐུབ་པ་ ཞིག་རེད།
དཔེ་རིས། 7.2: ཌ་ཝི་ཌི་ནིལ་ Alexandra Davidi-Neel ནི་སྤྱི་ལོ་ 1924 ལོར་བོད་ཀྱི་རྒྱལ་ས་ལྷ་སར་ འབྱོར་བ་རེད། སྐབས་དེ་ནི་བོད་མི་ཚོ་ཕྱི་རྒྱལ་གྱི་མི་ཚོར་འབྲེལ་བ་མེད་ལ། ཕྱི་རྒྱལ་གྱི་མི་ཚོ་བོད་མི་ལའང་འབྲེལ་ བ་མེད་པའི་དུས་སྐབས་ཤིག་ཡིན་པ་དང་། ཁོ་མོ་ནི་བོད་ལ་འབྱོར་བའི་ནུབ་ཕྱོགས་ཀྱི་བུད་མེད་ཐོག་མ་དེ་ཡིན་པ་མ་ ཟད། སྐབས་དེར་༧གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོར་བཅར་འདྲི་ཡང་བྱས་མྱོང་མཁན་ཞིག་ཡིན་པ་རེད།
56
འཛམ་གླིང་དང་བོད། དཔེ་རིས། 7.3:
འཛམ་གླིང་ས་ཁྲའི་སྟེང་མངོན་པའི་བོད།
བོད།
དཔེ་རིས། 7.4:
བོད་ཀྱི་ས་ཁྱོན་ཡོངས་རྫོགས་ཆགས་སྟངས་ཀྱི་རྣམ་པ་ས་ཁྲར་བཀོད་པ།
58 ས་ཁམས་རིག་པ།
58
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
59
དུས་རྒྱུན་མི་རྣམས་ཀྱིས་བོད་ཡུལ་ནི་མཐོ་ཞིང་བརྗིད་པའི་གངས་རི་དང་། སྤང་རི། རྫ་རི། ནགས་རི། གཡའ་རི་སོགས་དང་། དྭངས་ཤིང་གཙང་ལ་བཞུར་རྒྱུན་རིང་བའི་ཆུ་བོ་དང་། ངོ་མཚར་ཞིང་ བཀྲག་མདངས་འཚེར་བའི་མཚོ་དང་མཚེའུ། རིན་ཐང་ཆེ་ཞིང་འཛམ་གླིང་དུ་དཀོན་པའི་གཏེར་ཁ་དང་ སྲོག་ཆགས། སྨན་རྩྭ། ཡིད་དུ་འོང་ཞིང་མུ་མཐའ་མེད་པའི་རྩྭ་ཐང་སོགས་མ་བཅོས་ལྷུན་གྱིས་གྲུབ་པའི་ རང་བྱུང་གི་བཀོད་པ་ལྟ་ན་སྡུག་པ་ཞིག་གིས་གྲུབ་ཡོད་པར་ངོས་འཛིན་བྱེད་ལ། ད་དུང་བོད་མི་རྣམས་ནི་ རྣམ་དཔྱོད་ཆེ་བ་དང་། སྙིང་སྟོབས་ཆེ་བ། བློ་སེམས་དཀར་བ། ནག་པོ་སྡིག་པའི་ལས་ལ་འཛེམ་མཁན་ དང་། དཀར་པོ་དགེ་བའི་ལས་ལ་འབད་མཁན་གྱི་ཡ་རབས་སྤྱོད་བཟང་གི་མི་རིགས་ཤིག་ཡིན་པར་ངོས་ འཛིན་གྱིས་སེམས་གཏིང་ནས་བསྔགས་བརྗོད་དང་། གུས་བརྩི། ཡིད་སྨོན་བྱེད་མཁན་ཡང་ཧ་ཅང་མང་ པོ་ཡོད། དེར་བརྟེན་བོད་ཡུལ་ལ་ལྟ་སྐོར་དུ་ཡོང་མཁན་དང་། བོད་མི་ཚོར་མཛའ་བརྩེ་ཟབ་མོས་མཐུན་ སྒྲིལ་བྱེད་མཁན་ལོ་རེ་བཞིན་ཇེ་མང་ཡིན། བོད་ཁམས་ཆགས་ཡུལ། (Locational Setting of Tibet)
འཛམ་གླིང་ས་ཁྲའི་ངོས་སུ་བལྟས་ཚེ། རང་རེའི་རྒྱལ་ཁབ་བོད་ནི་སའི་ གོ་ལའི་ཕྱེད་བྱང་མའི་འཕྲེད་ཐིག་གི་ཚད་260Nནས་400Nབར་དང་། གཞུང་ ཐིག་གི་ཚད་780Eནས་1050Eཙམ་གྱི་བར་དུ་ཆགས་ཡོད་ལ། དེ་ནི་ས་བབ་ མཐོ་ཚད་ཀྱི་ཆ་ནས་འཛམ་གླིང་གི་ཡང་རྩེ་དང་། ས་ཁམས་ཆགས་ཡུལ་གྱི་ ཆ་ནས་ཨེ་ཤི་ཡའི་དབུས་སུ་ཁེལ་ཡོད། བོད་ཀྱི་གནམ་གཤིས། (Climate of Tibet)
བོད་ཀྱི་གནམ་གཤིས་ལ་དུས་བཞིར་འགྱུར་ལྡོག་གི་ཁྱད་པར་ ཆེན་པོ་ཡོད་དེ། བོད་ཀྱི་ས་ཁུལ་མང་ཆེ་བར་དགུན་ཟླ་གསུམ་གྱི་རིང་ཁ་ བ་འབབ་ལ་གྲང་ངར་ཆེ་བས་ས་ཆུ་འཁྱགས་པས་སྡོམ་པར་བྱེད། དཔྱིད་ ཟླ་གསུམ་གྱི་རིང་དྲོ་གྲང་སྙོམས་པས་ས་ཆུ་རིམ་བཞིན་དྲོས་པར་འགྱུར། དབྱར་ཟླ་གསུམ་གྱི་རིང་གནམ་གཤིས་དྲོ་ལ་ཆར་ཆུ་དུས་ལྟར་འབབ། སྟོན་ ཟླ་གསུམ་གྱི་རིང་འབྲུ་སྣ་དང་ཤིང་ཏོག་རིགས་ཀྱི་འབྲས་བཟང་སྨིན་པར་ འགྱུར།
59
དཔེ་རིས། 7.5: བཞུར་རྒྱུན་གྱི་རིང་ཚད་ལ་ཀི་ལོ་མི་ཊར་
6300
ཡོད་པའི་འབྲི་ཆུ་ནི། བོད་ཀྱི་གཙང་པོ་རིང་ཤོས་ཡིན་
ལ། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་ཨང་གསུམ་པ་ཡིན།
དཔེ་རིས། 7.6: བཞུར་རྒྱུན་གྱི་རིང་ཚད་ལ་ཀི་ལོ་མི་ཊར་ 5464
ཡོད་པའི་རྨ་ཆུ་ནི། བོད་ཀྱི་གཙང་པོ་རིང་ཤོས་ཨང་
གཉིས་པ་ཡིན་ལ། འཛམ་གླིང་ནང་གི་གཙང་པོ་རིང་ཤོས་ཨང་ དྲུག་པ་རེད།
60
ས་ཁམས་རིག་པ།
བོད་ཀྱི་ལོ་རེའི་ཆ་སྙོམས་ཀྱི་དྲོ་ཚད་ནི་1oCཡིན། བོད་ཀྱི་རྒྱལ་ས་ལྷ་ས་ལྟ་བུ་ལ་མཚོན་ན། སྤྱི་ཟླ་བཅུ་གཉིས་ པའི་ནང་གི་ཆ་སྙོམས་དྲོད་ཚད་ནི་00Cཡིན་པ་དང་། སྤྱི་ཟླ་དྲུག་པའི་ནང་གི་ཆ་སྙོམས་དྲོད་ཚད་ནི་170Cཡིན་ལ། ལོ་རེའི་ ཆ་སྙོམས་དྲོད་ཚད་ནི་7.50Cཡིན་པ་རེད། དབྱར་དུས་ཞོགས་པ་ཉི་མ་མ་ཤར་སྔོན་ལ་དྲོད་ཚད་30Cཡིན་ནའང། ཉིན་གུང་ དྲོད་ཚད་270Cལ་འཕར་བ་དང་། དགོང་དྲོ་ཉི་མ་ནུབ་ལ་ཡོལ་མ་ཐག་ནས་གློ་བུར་དུ་དྲོད་ཚད་དམའ་རུ་འགྲོ་ངེས།
པཀི་སྟཱན།
རྒྱ་གར།
60
བོད་དང་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས། དཔེ་རིས། 7.7:
ཐེ་ལནཌ།
བངྒ་ལ་ད ེཤ
བལ
་ཡུལ
།
དབུས་གཙང་།
ཤིན་ཅང་།
ལྷ་ས།
འབར་མ།
ཨ་མདོ།
སོག་པོ།
ཁམས།
རྒྱ་ནག
ཝེད་ནཱམ། ལའོ་སི། ཀམ་བྷོ་ཌི་ཡཱ།
N
། ་ཡུལ ག འབྲུ
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
61
བོད་རྒྱལ་ཁབ་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག (Neighbours of Tibet)
བོད་ཀྱི་ཤར་ཕྱོགས་སུ་རྒྱ་ནག་རྒྱལ་ཁབ་དང་། ནུབ་ཕྱོགས་སུ་པཱ་ཀི་སི་ཐན་ཡོད་པ་དང་། བྱང་ཕྱོགས་སུ་ཤིན་ ཅང་དང་ཧོར་སོག་ཡོད་ལ། ལྷོ་ཕྱོགས་སུ་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་སོགས་ཡོད། ཕྱི་ལོ་1949ལོར་རྒྱ་ནག་ གིས་བོད་ཡུལ་བཙན་བཟུང་མ་བྱས་གོང་དུ་བོད་ཀྱི་ཤར་ལྷོ་ནུབ་བྱང་གི་མཐའ་མཚམས་སུ་ཆགས་པའི་ཁྱིམ་མཚེས་རྒྱལ་ ཁབ་འདི་དག་ནི། བོད་ཀྱི་ལོ་རྒྱུས་ནང་ལེགས་བྱང་དང་། དཔལ་འབྱོར། ཆོས་ལུགས། སྲིད་དོན་སོགས་ཀྱི་འབྲེལ་བ་དམ་ ཟབ་ཡོད་པའི་མཛའ་མཐུན་གྲོགས་པོ་ཡག་པོ་ཞིག་ཡིན།
སྲིད་དབང་དང་འཛིན་སྐྱོང་གི་མངའ་ཁོངས། (Political and Administrative Divisions) ཕྱི་ལོ1949ལོར་བོད་ཡུལ་ལ་རྒྱ་ནག་གིས་བཙན་འཛུལ་དང་དབང་སྒྱུར་མ་བྱས་གོང་བོད་ཡུལ་ནི་དབུས་གཙང་ དང་། མདོ་སྟོད། མདོ་སྨད་བཅས་ཆོལ་ཁ་གསུམ་གྱིས་གྲུབ་པའི་རྒྱལ་ཁབ་ཅིག་གི་ངོ་བོར་གནས་པ་དང་། ༸གོང་ས་ཡིད་ བཞིན་ནོར་བུས་དབུ་ཁྲིད་པའི་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནི་སྐབས་དེའི་བོད་རྒྱལ་ཁབ་ཀྱི་སྲིད་ དབང་འཛིན་སྐྱོང་གནང་བའི་སྲིད་གཞུང་ཡིན། འོན་ཀྱང་རྒྱ་ནག་གི་བཙན་འཛུལ་དང་གནོན་ཤུགས་འོག་ཕྱིི་ལོ་1959ལོར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ དམ་པ་༸སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ཀྱི་སྲིད་གཞུང་དང་བཅས་པ་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ དགོས་བྱུང་བའི་རྗེས་སུ། རྒྱ་ནག་གཞུང་གིས་བོད་ཀྱི་སྲིད་དབང་འཛིན་སྐྱོང་གི་དབང་ཆ་བདག་འཛིན་བྱས་ཤིང་། དེ་སྔའི་ བོད་ཡུལ་ཆོལ་ཁ་གསུམ་གྱི་ངོ་བོ་དེ་རང་སྐྱོང་ལྗོངས་དང་ཞིང་ཆེན་གྱི་ངོ་བོར་བསྒྱུར་བས། དེང་སྐབས་བོད་ཡུལ་གྱི་མངའ་ ཁོངས་ནི་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན། ཟི་ཁྲོན་ཞིང་ཆེན། ཀན་སུའུ་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ ཀྱི་ངོ་བོར་བསྒྱུར་ཡོད། རང་སྐྱོང་ལྗོངས་གཅིག་དང་ཞིང་ཆེན་བཞི་ཡི་མངའ་ཁོངས་ཀྱང་རྫོང་ཁག་155ལ་བགོས་ཡོད། དཔེ་རིས། 7.8: བོད་ཆོལ་ཁ་གསུམ་གྱི་མངའ་ཁོངས།
ཨ་མདོ། ཁམས།
དབུས་གཙང་།
61
62
ས་ཁམས་རིག་པ།
རཱ་ཤི་ཡཱ།
ཀན་སུའུ་ཞིང་ཆེན།
ཤིན་ཅང་།
པཀི་སྟཱན།
མཚོ་སྔོན་ཞིང་ཆེན།
བལ་ཡུལ། རྒྱ་གར།
བོད་རང་སྐྱོང་ལྗོངས། འབྲུག
ཟི་ཁྲོན་ཞིང་ཆེན། འབར་མ།
ཡུན་ནན་ཞིང་ཆེན།
དཔེ་རིས། 7.9: རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁོངས་དབྱེ་བགོ་བྱས་པའི་རྣམ་པ། སྦྱོང་ཚན།
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
༡། ༢། ༣། ༤། ༥།
བོད་ཡུལ་ལ་མི་ཚོས་”འཛམ་གླིང་ཡང་རྩེ”ཞེས་འབོད་དོན་ཅི་ཡིན་ནམ། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གསུམ་གྱི་མིང་བྲིས། བོད་ཀྱི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ག་ཚོད་ཡོད། ཕྱི་ལོ་༡༩༥༩ལོའ ་ི སྔོན་ལ་བོད་ཀྱི་སྲིད་དབང་འཛིན་སྐྱོང་གི་མངའ་ཁོངས་དབྱེ་བགོ་བྱེད་ཚུལ་ཅི་འདྲ་ཡིན། ཕྱི་ལོ་༡༩༥༩ལོའ ་ི རྗེས་སུ་བོད་སྲིད་དབང་འཛིན་སྐྱོང་གི་མངའ་ཁོངས་དབྱེ་བགོ་བྱེད་ཚུལ་ཅི་འདྲ་ཡིན།
62
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཁ༽ འོས་འཚམ་གྱི་ལན་འདེམས་དགོས།
༡། བོད་ཀྱི་ས་ཁྱོན་ནི་ཧྥ་རན་སེ་ལས་ལྡབ།
༼ཀ༽ གཅིག་གིས་ཆེ། ༼ཁ༽ བཞི་ཡིས་ཆེ། ༼ག༽ གཉིས་ཀྱིས་ཆེ།
༢། བོད་ཡུལ་གྱི་གྲོང་ཁྱེར་ཆེ་ཤོས་ཨང་གཉིས་པ་ནི།
༼ཀ༽ ལྷ་ས། ༼ཁ༽ གཞིས་ཀ་རྩེ། ༼ག༽ ཟི་ལིང་།
༣། འཛམ་གླིང་ནང་ས་བབ་མཐོ་ཤོས་སུ་ཆགས་པའི་རྒྱལ་ས་ནི།
༼ཀ༽ རྒྱ་གར་གྱི་རྒྱལ་ས་དིལླི། ༼ཁ༽ ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། ༼ག༽ བོད་ཀྱི་རྒྱལ་ས་ལྷ་ས།
༤། བོད་ལ་མི་འབོར།
༼ཀ༽ འབུམ་༦ཡོད། ༼ཁ༽ ཁྲི་༦ཡོད། ༼ག༽ ས་ཡ་༦ཡོད།
༥། བོད་ཆགས་ཡུལ་ནི།
༼ཀ༽ གོ་ལ་ཕྱེད་ལྷོ་མ།༼ཁ༽ གོ་ལ་ཕྱེད་ནུབ་མ། ༼ག༽ གོ་ལ་ཕྱེད་བྱང་མ། བསྐྱར་སྦྱོང་། ༡། བོད་ཀྱི་གནམ་གཤིས་སྐོར་མདོར་ཙམ་བྲིས། ༢། བོད་ཀྱི་ས་ཁམས་ཆགས་ཡུལ་སྐོར་མདོར་ཙམ་བྲིས། ༣། བོད་ཀྱི་སྲིད་དབང་འཛིན་སྐྱོང་གི་མངའ་ཁོངས་སྐོར་ལ་རང་གི་ཤེས་ཚོད་ཅིག་བྲིས། ༤། བོད་ཀྱི་ས་ཁྱོན་སྤྱིའི་རྒྱ་ཁྱོན་ལ་ཅི་ཙམ་ཡོད་པ་རྒྱལ་ཁབ་གཞན་གྱི་ས་ཁྱོན་དང་བསྡུར་ནས་ཤོད།
63
63
64
བྱེད་སྒོ
ས་ཁམས་རིག་པ།
༡། ས་ཁྲའི་ངོས་ལ་བལྟས་ཏེ་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཁག་ངོས་ཟུངས། ༢། འཛམ་གླིང་ས་ཁྲའི་ངོས་ལ་བལྟས་ཏེ་བོད་ཀྱི་ཆགས་ཡུལ་ངོས་ཟུངས།
༣། སློབ་ཕྲུག་ནང་ཁུལ་དུ་བོད་ཀྱི་གནས་ཚུལ་སྤྱིའི་སྐོར་ལ་གྲོས་སྡུར་བྱོས།
64
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
65
65
66
ས་ཁམས་རིག་པ།
ང་ཚོོའིིི་གནས་ཚང་རྒྱལ་ཁབ་--རྒྱ་གར།
ཁྱེད་ཀྱིས་ཤེས་སམ། ས་ཁྱོན་ཧ་ཅང་ཆེ་བའི་རྒྱལ་ཁབ་ཁག་ལ་ ཚད་འཛིན་དུས་ཚོད་གཅིག་ལས་མང་བ་ ཡོད། དཔེར་ན་ཨ་རིའི་རྒྱལ་ཁབ་ལ་ཚད་ འཛིན་དུས་ཚོད་ 7 དང་ཁེ་ན་ཊ་རྒྱལ་ཁབ་ ལ་ཚད་འཛིན་དུས་ཚོད་ 6 ཡོད། དེས་ན་ ཨུ་རུ་སུའི་རྒྱལ་ཁབ་ཏུ་ཚད་འཛིན་དུས་ ཚོད་ཅི་ཙམ་ཡོད་པ་ཁྱོད་ཀྱིས་དྲན་སོས་ ཀྱི་འདུག་གམ།
དཔེ་རིས། 7.1: འཛམ་གླིང་སྟེང་རྒྱ་གར་གྱི་གནས་ཡུལ།
8
ཨེ་ཤི་ཡ་གླིང་ཆེན་འདིའི་ནང་ལོ་རྒྱུས་ཡུན་རིང་ལྡན་ཞིང་རིག་ གནས་ཕུན་སུམ་ཚོགས་པའི་རྒྱལ་ཁབ་ཅིག་ཡོད་པ་ནི་ང་ཚོ་གནས་སྡོད་ བྱེད་སའི་གནས་ཚང་རྒྱལ་ཁབ་རྒྱ་གར་ཡིན། རྒྱ་གར་གྱི ་ སྐམ་ས་ཆེ ན ་མོ ་ ནི ་ གོ ་ ལ་ཕྱེ ད ་བྱང་མའི ་ ཕྱོ ག ས་སུ་ འཕྲེད་ཐིག་ 804’N ནས་ 3706’N ཡི་བར་དང་། གཞུང་ཐིག་ 6807’E ནས་ 97025’E ཡི་བར་དུ་ཆགས་ཡོད། རྒྱ་གར་གྱི་བྱང་ཕྱོགས་སུ་ཧི་མ་ ལ་ཡའི་རི་རྒྱུད་དང་། ནུབ་ཕྱོགས་སུ་ཨ་རབ་རྒྱ་མཚོ། ཤར་ཕྱོགས་སུ་བྷེང་ གྷལ་གྱི་མཚོ་ཁུག། ལྷོ་ཕྱོགས་སུ་རྒྱ་གར་རྒྱ་མཚོ་བཅས་ཀྱིས་བསྐོར་ཡོད། ཡུལ་འདིའི་ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་ཁ་གང་མ་ས་ཡ 3.28 ཡོད་པ་ དང་། བྱང་གི་ཀཱ་ཤི་མིར་མངའ་སྡེ་ནས་ལྷོ་ཡི་ཀཱན་ཡ་ཀཱུ་མ་རི་དབར་བར་ ཐག་ཀི་ལོ་མི་ཊར་ 3,214 ཡོད། དེ་བཞིན་ཤར་གྱི་ཨ་རུ་ནཱ་ཅལ་མངའ་ སྡེ་ནས་ནུབ་ཀྱི་གུཇ་རཱཏ་དབར་བར་ཐག་ཀི་ལོ་མི་ཊར་ 2,933 ཡོད། ས་ ཆའི་ཆགས་སྟངས་ནི་དཔངས་མཐོ་བའི་རི་བོ་དང་རྒྱ་ཆེ་བའི་བྱེ་ཐང་། བྱང་ ཕྱོགས་གྱི་བདེ་ཐང་། ངོ་མཚར་ཆེ་བའི་མཐོ་སྒང། མཚོ་ཁ་དང་གླིང་ཕྲན་ སོགས་སྣ་མང་རང་བཞིན་གྱིས་གྲུབ་ཡོད། ས་ཁྱོན་ཆེ་བའི་རྒྱལ་ཁབ་འདིའི་ གནམ་གཤིས་དང་རྩི་ཤིང་། སྲོག་ཆགས། རིག་གནས་སོགས་ནི་རྒྱལ་ཁབ་ གཞན་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད།
རྒྱ་གར་གྱི་ཁྱིམ་མཚེས་རྒྱལ་ཁབ།
རྒྱ་གར་ལ་སྐམ་ས་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་བདུན་ ཡོད་པ་དེ་དག་ནི། བོད་དང་བལ་ཡུལ། འབྲུག བངྒ་ལ་དེཤ། འབར་མ། པཀི་ སྟཱན། ཨཧྥ་ག་ནི་སྟཱན་བཅས་ཡིན། ད་དུང་རྒྱ་མཚོས་བར་ཆོད་ཅིང་ཕན་ ཚུལ་ཁ་སྤྲོད་དུ་གནས་པའི་རྒྱལ་ཁབ་ཅིག་ཡོད་པ་དེ་ནི་ཤྲི་ལང་ཀ་ཡིན། རྒྱ་ནག་གིས་བོད་བཙན་བཟུང་བྱས་རྗེས་ཧིན་བོད་གཉིས་ཀྱི་ས་མཚམས་ དེ་རྒྱ་དཀར་ནག་གི་ས་མཚམས་ཡིན་ཚུལ་འཁྱོག་བཤད་བྱས་ཡོད་པས་ ས་ཁྲ་མང་པོའ ་ི ཐོག་བོད་དང་རྒྱ་གར་གྱི་ས་མཚམས་ལ་རྒྱ་དཀར་ནག་གི་ ས་མཚམས་ཞེས་བྲིས་ཡོད་པ་མཐོང་རྒྱུ་ཡོད། (རྒྱ་ནག་གིས་བོད་བཙན་
66
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
67
བཟུང་མ་བྱས་པའི་སྔོན་དུ་ཧིན་བོད་གཉིས་ཀྱི་འབྲེལ་ལམ་ཅི་འདྲ་ཡོད་པ་དང་ས་ཁྲའི་ཐོག་ས་མཚམས་ཇི་ལྟར་བཀོད་ཡོད་ པ་ཁྱེད་ཀྱིས་ཤེས་སམ།) པཀི་སྟཱན་དང་བངྒ་ལ་དེཤ་གཉིས་ནི་སྔར་རྒྱ་གར་གྱི་ཆ་ཤས་ཤིག་ཡིན་ཡང་ཕྱིས་སུ་ལོགས་སུ་གྱེས་ནས་རྒྱལ་ ཁབ་མི་འདྲ་བ་གསུམ་དུ་གྱེས་པ་རེད། རྒྱ་གར།
སྐམ་ས་ཆེན་མོའ ་ི ཁུལ།
LHASA
མཚོན་རྟགས། —-—-རྒྱལ་མཚམས། རྒྱལ་ས། མངའ་སྡེའི་སྲིད་འཛིན་ལྟེ་གནས།
དཔེ་རིས། 7.2: དཔེ་མཚོན་ས་ཁྲ་---རྒྱ་གར་དང་ཁྱིམ་མཚེས་རྒྱལ་ཁབ།
67
68
ས་ཁམས་རིག་པ།
འཛིན་སྐྱོང་དབྱེ་བགོད།
རྒྱ་གར་ནི་ས་ཁྱོན་ཧ་ཅང་ཆེ་ཞིང་སྐད་ཡིག་མང་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས། ཡུལ་མིའི་ཁེ་དབང་སྲུང་ སྐྱོབ་དང་འཛིན་སྐྱོང་ཚགས་ཚུད། ལས་དོན་མཉམ་སྒྲུབ། བདེ་སྐྱིད་མཉམ་མྱོང་སོགས་ཀྱི་ཆེད་རྒྱལ་ཁབ་ཧྲིལ་པོ་དེ་མངའ་ སྡེ་ ༢༨ དང་ཐད་སྐྱོང་ས་ཁུལ་ ༧ ལ་བགོས་ཡོད། ས་ཁྱོན་གྱི་ཆ་ནས་རཱ་ཇ་སྠཱན་ནི་མངའ་སྡེ་ཆེ་ཤོས་དང་། ཆུང་ཤོས་ནི་ གོ་བ་རེད། མངའ་སྡེ་དེ་དག་ཀྱང་རྫོང་དང་གྲོང་གསེབ་རིམ་པར་དབྱེ་ནས་འཛིན་སྐྱོང་བྱེད་བཞིན་ཡོད། ད་ལྟའི་ཆར་དབུས་ གཞུང་ནི་རྒྱལ་ས་དིལླིར་ཆགས་ཡོད། རྒྱ་གར།
སྲིད་དོན་ས་ཁྲ།
མཚོན་རྟགས། —-—-རྒྱལ་མཚམས། -------མངའ་སྡེའི་ས་མཚམས། རྒྱལ་ས། མངའ་སྡེའི་སྲིད་འཛིན་ལྟེ་གནས། དཔེ་རིས། 7.3: དཔེ་མཚོན་ས་ཁྲ་---རྒྱ་གར་གྱི་མངའ་སྡེ་དང་ཐད་སྐྱོང་ས་ཁུལ།
68
མངའ་སྡེ་དང་ཐད་སྐྱོང་ས་ཁུལ།
རྒྱལ་ས།
ཨ་རུ་ན་ཅཱལ། པྲདེཤ
ཨནདྲ། པྲདེཤ། ཨ་སཱམ། བི་ཧར།
ཆཱཏྶི་གྷར། གོ་བ།
གུཇ་རཱཏ།
ཧ་རི་ཡ་ན།
ཧི་མཱ་ཅལ་པྲདེཤ
ཇམ་མུ་དང་ཀསྨིར། ཇར་ཁན་ཌ ྄ ཀཱརནཱ་ཊཀ། ཀེར་ལ།
མ་དྱཱ། པྲ་དེཤ མ་ཧཱ་རཱཥྲ་ཏྲ། མ་ཎི་པུར།
མེ་གྷཱ་ལ་ཡ། མི་ཛོ་རམ། ནཱ་གཱ་ལནྜ། ཨོ་རི་ས།
པན་ཇཱབ།
རཱ་ཇ་སྠཱན།
འབྲས་ལྗོངས། (སི་ཀིམ།) ཏ་མིལ་ནཱཌུ། ཏྲི་པུ་ར།
ཨུཏྟ་རཱན་ཅལ
ཨུ་ཏྟར་པྲདེཤ ནུབ་བངྒལ།
ཨནྡ་མན་དང་ནི་ཀོ་བར་གླིང་ཕྲན། ཅན་ཌི་གར།
དཱ་དྲ་དང་ན་གར་ཧ་ཝེལི། དྷ་མན་དང་དིའུ། དིལླི།
ལཀྵ་དྭིབ།
པོན་ཌི་ཅ་རི།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ། ས་ཁྱོན། km² 275,045
མི་འབོར།
ཨི་ཊ་ན་གར།
83,743
1,091,117
ཏེཛ་པུར།
78,438
26,638,407
པཊ་ན།
99,199
82,878,796
རཱཡེ་པུར།
135,237
20,795,956
པ་ཎ་ཇི།
3,702
1,343,998
གཱན་དྷཱི་ན་གར།
196,024
50,596,992
ཅནྜི་གར།
44,212
21,082,989
སིམ་ལ།
55,673
6,077,248
ཤྲི་ན་གར།
100,569
10,069,917
རན་ཅི།
74,677
26,909,428
བེངྒ་ལོར།
191,791
52,733,958
ཏིརུ་ཝ་ནྲན་ཐ་པུ་རམ།
38,864
31,838,619
བྷོ་པཱལ།
308,209
60,385,118
མུམ་བཻ།
307,713
96,752,247
ཨིམ་ཕཱལ།
22,327
2,388,634
ཤི་ལོང་།
22,429
2,306,069
ཨཡི་ཛི་ཝལ།
21,081
891,058
ཀོ་ཧི་མ།
16,579
1,988,636
བུབ་ནེ་ཤི་ཝར།
155,782
36,706,920
ཅནྜི་གར།
50,362
24,289,296
ཇེཡ་པུར།
342,239
56,473,122
སྒང་ཏོག།
7,096
540,493
ཅི་ཎཡེ།
130,058
62,110,839
ཨ་གར་ཏ་ལ།
10,486
3,191,168
དེ་ར་དཱུན།
63,157
8,479,562
ལག་ནོ།
231,256
166,052,859
ཀ་ལི་ཀ་ཏ།
88,752
80,221,171
པོརྚ་བིལེར།
8,249
356,265
ཅནྜི་གར།
114
900,914
སིལ་ཝ་ས།
491
153,000
དྷ་མན།
112
158,059
དིལླི།
1,483
13,782,976
ཀར་ཝཱར་ཏི།
32
60,595
པོན་ཌི་ཅ་རི།
492
973,829
ཧེདྲ་བཱད
69
75,727,541
69
70
ས་ཁམས་རིག་པ།
ས་དབྱིབས་དབྱེ་བགོད།
རྒྱ་གར་ནི་རི་བོ་དང་མཐོ་སྒང་། གཤོངས་ས། བདེ་ཐང་། མཚོ་ཁ། གླིང་ཕྲན་སོགས་ས་དབྱིབས་དུ་མས་གྲུབ་ཡོད་པ་ལས། ཧི་མ་ལ་ཡ་དང་། གང་གཱའི་བདེ་ཐང་། ཌེག་ཁན་མཐོ་སྒང་བཅས་དབྱེ་བགོད་གསུམ་དུའང་ཕྱེ་ ཆོག་པ་ཡིན། དེ་ལས་ཧི་མ་ལ་ཡ་ཞེས་པ་ནི་ལེགས་སྦྱར་གྱི་སྐད་དང་བོད་ སྐད་དུ་རི་བོ་གངས་ཅན་ཞེས་བརྗོད་པ་ཡིན། རི་བོ་འདི་ནི་འཛམ་གླིང་གི་ དཔེ་རིས། 7.4: འཁོར་སྐར་གྱིས་བླངས་པའི་རྒྱ་ རི་བོ་མཐོ་ཤོས་དང་རི་རྒྱུད་རིང་ཤོས་ཤིག་ཡིན། ཧི་མ་ལ་ཡ་ནི་ཧི་མ་དི་རི་ གར་གྱི་ས་དབྱིབས་བརྙན་པར། དང་། ཧི་མ་ཅལ། ཤི་ཝ་ལི་བཅས་རི་རྒྱུད་གསུམ་གྱིས་གྲུབ། རྒྱ་གར་བྱང་ཕྱོ ག ས་བདེ ་ ཐང་ནི ་ ཧི ་ མ་ལ་ཡའི ་ ལྷོ ་ ཕྱོ ག ས་སུ་ ཆགས་ཡོད། གངྒཱ་དང་ཧིན་དྷུ་གཙང་པོ།(སེང་གེ་ཁ་འབབ) བྲ་མཧཱ་པུཏྲ་ (རྟ་མཆོག་ཁ་འབབ་)བཅས་དང་དེ་དག་གི་ཆུ་ལག་གིས་བྱེ་འདམ་གསོག་ འཇོག་བྱས་ནས་རིམ་གྱིས་བདེ་ཐང་དེ་ཆགས་པ་ཡིན། བདེ་ཐང་འདི་རྒྱ་ ཆེ་ལ་ངོས་སྙོམས་པ་མ་ཟད། ས་གཤིན་ལེགས་པོ་ཡོད་པས་ཞིང་ལས་ཐོན་ སྐྱེད་བཟང་བར་བརྟེན་ས་ཁུལ་འདིར་མི་ཚོགས་ཀྱང་མང་པོ་འདུས་སྡོད་ དཔེ་རིས། 7.5: རི་བོ་ཇོ་མོ་གླང་མ། བྱས་ཡོད། རྒྱ་གར་གྱི་ནུབ་ཕྱོགས་སུ་རྒྱ་གར་བྱེ་ཐང་ཆེན་མོའམ་ཐཱར་བྱེ་ ཐང་ (Great Indian desert) ཆགས་ཡོད། ཁུལ་དེར་སྐམ་ཤས་དང་ཚ་ དྲོད་ཆེ་བས་རྩི་ཤིང་ཉུང་ངུ་ལས་སྐྱེ་ཐུབ་ཀྱི་མེད། རྒྱ་གར་གྱི་ལྷོ་ཕྱོགས་སུ་ཕྱེད་གླིང་མཐོ་སྒང་(Peninsular plateau) ཡོད། དེའི་དབྱིབས་ཟུར་གསུམ་ཡིན་པས་ས་དབྱིབས་གཞན་དང་ མི་འདྲ་བའི་ཁྱད་པར་ཆེན་པོ་མཐོང་ཐུབ། ཁུལ་འདིར་ཨ་རཱ་ཝ་ལ་རི་(Aravali hill) དང་། ཝིན་དི་ཡཱ་ (Vindhyas) དང་སཱ་ཏེ་པུ་ར་ (Satpuras) དཔེ་རིས། 7.6: ཀསྨིར་དུ་ཡོད་པའི་དྷལ་མཚེའུ། སོགས་ཀྱི་རི་རྒྱུད། ནརྨ་དཱ་ (Narmada) དང་ཏཱ་པི་ (Tapi) གཙང་པོ་ སོགས་ཆགས་ཡོད་ཅིང་། གཙང་པོ་འདི་དག་ནུབ་ཕྱོགས་སུ་བཞུར་ནས་ ཨ་རབ་རྒྱ་མཚོའི་ནང་འབབ་ཀྱི་ཡོད། བྱང་རི་ (Western Ghats) སཱ་ཡ་དི་རིའི་རི་རྒྱུད་ཀྱིས་བྱང་གི་ ས་མཚམས་བྱེད་པ་དང་། ཤར་རིའི་ (Eastern Ghats) རི་རྒྱུད་ཀྱིས་ ཤར་གྱི་ས་མཚམས་མཚོན་པར་བྱེད། རི་རྒྱུད་འདི་གཉིས་ཀྱི་འདབས་སུ་ མཚོ་ཁའི་བདེ་ཐང་ (Coastal Plain) ཆགས་ཡོད་ཅིང་། ཁུལ་འདིར་རྡོ་ སོལ་དང་ལྕགས་རིགས་སོགས་གཏེར་ཁའི་ཐོན་ཁུངས་ལེགས་པོ་ཡོད། དཔེ་རིས། 7.7: ཏཱ་ཅི་བང་སོ།
70
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
71
མ་ཧཱ་ན་དྀ་དང་། (Mahanadi) གོ་དཱ་ཝ་རཱི། (Godavari) ཀྲྀཥྞཱ། (Krishna) ཀཱ་ཝེ་རཱི་ (Kaveri) གཙང་ པོ་སོགས་ནི་ཤར་ཕྱོགས་སུ་བཞུར་ནས་མཐར་བངྒལ་མཚོ་ཁུག་ཏུ་འབབ་ཀྱི་ཡོད། སྐམ་ས་ཆེན་མོ་ཕུད་ད་དུང་རྒྱ་གར་གྱི་ མངའ་ཁོངས་སུ་གླིང་ཕྲན་གཉིས་ཡོད་པ་ལས། ཨ་རབ་རྒྱ་མཚོའི་ངོགས་སུ་ལཀྵ་དཱིབ་གླིང་ཕྲན་ (Lakshadweep Islands) དང་། བངྒལ་མཚོ་ཁུག་ཏུ་ཨནྜ་མཱན་དང་ནི་ཀོ་བཱར་ (Andaman and Nicobar Islands) གླིང་ཕྲན་ཆགས་ ཡོད། རྒྱ་གར།
ས་དབྱིབས་དབྱེ་བགོད།
མཚོན་རྟགས།
ཧི་མ་ལ་ཡའི་རི་རྒྱུད།
བྱང་ཕྱོགས་ཀྱི་བདེ་ཐང་། ཕྱེད་གླིང་མཐོ་སྒང་།
མཚོ་ཁའི་བདེ་ཐང་། གླིང་ཕྲན།
དཔེ་རིས། 7.8: དཔེ་མཚོན་ས་ཁྲ་---རྒྱ་གར་གྱི་ས་དབྱིབས་དབྱེ་འགོད།
71
ས་ཁམས་རིག་པ།
72
རང་བྱུང་སྐྱེ་དངོས་དང་རི་སྐྱེས་སྲོག་ཆགས།
ང་ཚོའི་ཁོར་ཡུག་ཏུ་རྩྭ་དང་རྩི་ཤིང་སྣ་ཚོགས་མཐོང་རྒྱུ་ཡོད། དཔེར་ན་ཐང་ཤིང་དང་། ཨ་མྲ་སོགས་སྡོང་པོ་རིང་ བའི་རྩི་ཤིང་གི་རིགས་ཕུད། ད་དུང་བ་ལུ་དང་ཚེར་ཤིང་སོགས་ཤིང་ཕྲན་དང་ལྡུམ་བུའི་རིགས་ཀྱང་སྣ་ཚོགས་ཡོད། མིའི་ རྩོལ་བ་དང་རོགས་རམ་ལ་མ་བརྟེན་པར་རང་བཞིན་དུ་སྐྱེས་པའི་རྩྭ་དང་རྩི་ཤིང་དེ་དག་ལ་རང་བྱུང་སྐྱེ་དངོས་ཞེས་ཟེར། ས་བབ་དང་། གནམ་གཤིས། ཆར་ཆུ་འབབ་ཚད་སོགས་མི་འདྲ་བར་བརྟེན་ནས་རང་བྱུང་སྐྱེ་དངོས་སྣ་ཚོགས་བྱུང་བ་ཡིན། རྒྱ་གར་ལ་རྩྭ་དང་རྩི་ཤིང་སྣ་ཚོགས་ཡོད་ཀྱང་། དེ་དག་རྩ་བའི་རིགས་ལྔར་དབྱེ་བ་སྟེ། ཚ་ཁུལ་གྱི་རྒྱུན་ལྗང་ནགས་ཚལ་ (Tropical evergreen forest) དང་། ཚ་ཁུལ་གྱི་ལོ་མ་དུས་སུ་ལྷུང་བའི་ནགས་ཚལ། (Tropical deciduous forest) ཚེར་ཤིང་།(Thorny bushes) རི་ཤིང་། (Mountain vegetation) མཚོ་ཁའི་ཆུ་ཤིང་ (Mangrove forest) བཅས་སོ།། ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་མང་པོ་གནས་སྡོད་བྱེད་ས་ཡིན། མིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ ལ་རི་སྐྱེས་སྲོག་ཆགས་ཟེར། རྒྱ་གར་ལ་ལྟོ་འགྲོའ ་ི སེམས་ཅན་(Reptiles)དང་། ས་ཆུ་གཉིས་སྡོད་ཀྱི་སྲོག་ཆགས། (Amphibians) འོ་འཐུང་སྲོག་ཆགས། (Mammals) བྱ་བྱིའུ། འབུ་སྲིན་སོགས་སྲོག་ཆགས་རིགས་སྣ་ཚོགས་ཡོད། ཤིང་ནགས་གང་བྱུང་དུ་གཅོད་འབྲེག་དང་། རྨ་བྱ་དང་ཁྲུང་ཁྲུང་སོགས་བྱ་བྱིའུ་དང་། སྟག་དང་། གཟིག གླང་ཆེན་ སོགས་རྩ་ཆེའི་སྲོག་ཆགས་རིགས་རྔོན་རྒྱག་བྱས་དང་བྱེད་མུས་ཀྱིས། དེང་སྐབས་རི་སྐྱེས་སྲོག་ཆགས་མང་པོ་ཞིག་རྩ་ སྟོང་འགྲོ་བའི་ཉེན་ཁ་ཆེན་པོ་འཕྲད་ཀྱིན་ཡོད། རྩ་སྟོང་འགྲོ་ཉེན་ཆེ་བའི་སྲོག་ཆགས་དེ་དག་སྲུང་སྐྱོབ་བྱ་ཆེད་གཅན་གཟན་ཁང་དང་། གླིང་ག་སོགས་བཟོ་བསྐྲུན་གང་འཚམ་བྱས་ ཡོད་ནའང་།
རི་སྐྱེས་སྲོག་ཆགས་རྣམས་རྩ་སྟོང་འགྲོ་བའི་ཉེན་ཁ་མུ་མཐུད་གནས་ཡོད།
པགས་པ་དང་རྒྱན་ཆ་སོགས་བེད་སྤྱོད་མི་བྱེད་པར་བརྩོན་པ་བྱ་དགོས། ནགས་ཚལ་ལ་སྤྱོད་མཁོ་གང་དག་ཡོད་དམ། སྨན།
དེས་ན་ང་ཚོས་སྲོག་ཆགས་དེ་དག་གི་ཐོན་སྐྱེད་
འཚོ་རླུང་། སྦྲང་རྩི།
སྡོད་ཁང་། གཟན་རྩྭ།
ཤིང་ཏོག སྦྱར་རྩི། སྲོག་ཆགས་གནས་ས།
མེ་ཤིང་།
རྩེད་ཆས།
ཤིང་ཆ། ནང་ཆས།
ས་བཅུད་ཉར་ཚགས།
72
འགྱིག
སྦྱོང་ཚན།
1. 2. 3. 4. 5. 6.
1.
ཀ༽ གཤམ་གྱི་དྲི་བ་རྣམས་ལ་ལན་གནད་བསྡུས་རེ་བྲིས།
རྒྱ་གར་གྱི་འཛིན་སྐྱོང་དབྱེ་བགོད་ཇི་ལྟར་བྱས་ཡོད་དམ།
རྒྱ་གར་གྱི་སྐམ་ས་དང་འབྲེལ་བའི་རྒྱལ་ཁབ་ཇི་ཡོད་དང་དེ་དག་གི་མིང་བྲིས། ཨ་རབ་རྒྱ་མཚོའི་ནང་བབ་པའི་རྒྱ་གར་གྱི་གཙང་པོ་གཉིས་ཀྱི་མིང་བྲིས། རྒྱ་གར་ལ་མངའ་སྡེ་དང་ཐད་སྐྱོང་ས་ཁུལ་ག་ཚོད་ཡོད་དམ།
བྱང་ཕྱོགས་བདེ་ཐང་ཁུལ་དུ་མི་ཚོགས་སྟུག་པོ་ཡོད་དགོས་དོན་གང་ཡིན་ནམ།
ཨ་རབ་རྒྱ་མཚོའི་ངོགས་སུ་ཆགས་པའི་རྒྱ་གར་གྱི་གླིང་ཕྲན་དེའི་མིང་ལ་ཅི་ཟེར།
ཁ༽ འོས་མཚམས་ཀྱི་ལན་འདེམས་དགོས།
ཐཱར་བྱེ་ཐང་ནི་རྒྱ་གར་གྱི་...............................................སུ་ཆགས་ཡོད།
༡) ལྷོ་ཕྱོགས། ༢) ནུབ་ཕྱོགས། ༣) ཤར་ཕྱོགས།
༡) 2.38
༡) ཡུ་རོབ་ ༢) ཨེ་ཤི་ཡ་ ༣) ཨསྟྲེ་ལི་ཡ་
2. 3. 4. 5.
6. 7.
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱ་གར་གྱི་ས་ཆའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ས་ཡ་...........................ཡོད། ༢) 2.5
༣) 3.28
རྒྱ་གར་ནི་......................................གླིང་ཆེན་གྱི་རྒྱལ་ཁབ་ཅིག་རེད། རྒྱ་གར་གྱི་མངའ་སྡེ་ཆུང་ཤོས་ཀྱི་མིང་ལ..........................................ཟེར།
༡) ཧི་མ་ཅཱལ་ ༢) འབྲས་ལྗོངས་
༣) གོ་བ་
རྒྱ་གར་གྱི་ལྷོ་བྱང་ས་མཚམས་གཉིས་ཀྱི་དབར་བར་ཐག་ཀི་ལོ་མི་ཊར....................ཡོད།
༡) 2933
༢) 3214
༣) 2300
རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་བྱེ་ཐང་དེའི་མིང་ལ་....................................ཟེར།
༡) ཐཱར་བྱེ་ཐང་
༢) ས་ཧཱ་ར་བྱེ་ཐང་
༣) ཌེག་ཁན་བྱེ་ཐང་
ད་ལྟའི་ཆར་རྒྱ་གར་ལ་ཐད་སྐྱོང་ས་ཁུལ་...............................ཡོད།
8.
༡) 28
༢) 35
༡) ཨུཏྟར་པྲདེཤ།
༣) 7
མི་འབོར་མང་ཤོས་ཀྱི་མངའ་སྡེ་ནི་.............................................ཡིན། ༢) བངྒལ་
༣) རཱ་ཇ་སྠཱན་
73
73
74
ས་ཁམས་རིག་པ།
བསྐྱར་སྦྱོང་།
༡.
རྒྱ་གར་གྱི་སྐམ་ས་ཆེན་མོ་དང་འབྲེལ་བའི་ཁྱིམ་མཚེས་རྒྱལ་ཁབ་ཇི་ཡོད་ངོས་འཛིན་བྱ་དགོས།
༤.
རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་དགོས་དོན་གང་ཡིན་ནམ།
༢.
༣.
བྱེད་སྒོ 1. 2.
3.
རྒྱ་གར་གྱི་འཛིན་སྐྱོང་དབྱེ་བགོད་ཇི་ལྟར་བྱས་ཡོད་དམ།
བངྒལ་མཚོ་ཁུག་ཏུ་འབབ་པའི་གཙང་པོ་བཞི་ཡི་མིང་བྲིས།
སའི་གོ་ལའི་འཕྲེད་ཐིག་དང་གཞུང་ཐིག་བརྒྱུད་ནས་རྒྱ་གར་གྱི་ས་ཁྲ་འཚོལ་ཐུབ་པ་གྱིས་དང་།
རྒྱ་མིས་བོད་བཙན་བཟུང་མ་བྱས་གོང་བོད་དང་རྒྱ་གར་གྱི་ས་མཚམས་གནས་སྟངས་ཅི་འདྲ་ཡོད་པའི་སྐོར་འཛིན་
གྲྭའི་ནང་གྲོས་བསྡུར་བྱ་དགོས།
རྒྱ་གར་གྱི་མངའ་སྡེ་ཁག་ངོས་འཛིན་བྱས་ནས་མངའ་སྡེ་སོ་སོའ ་ི མིང་གཤམ་འཁོད་ས་ཁྲའི་ནང་འགོད་དགོས། ཨཧྥ་ག་ནི་སྟཱན།
པཀི་སྟཱན།
བལ་ཡུ
བོད།
ལ།
འབྲུག བངྒ་ལ་ དྷེཤ
རྒྱ་གར་རྒྱ་མཚོ།
བངྒལ་མཚོ་ཁུག
74
འབར་མ།
རྒྱ་གར་གྱི་ལོ་རྒྱུས་
76
ལོ་རྒྱུས།
སློབ་ཚན་དང་པོ།--- ལོ་རྒྱུས་ཇི་ལྟར་སྦྱོང་དགོས་སམ།
གནས་ཚུལ་ལ་རྒྱུས་ལོན་བྱེད་པ།
ཁྱེད་ཀྱིས་ཁ་སང་གི་གནས་ཚུལ་ཞིག་ཤེས་འདོད་ན་རླུང་འཕྲིན་དང་ཚགས་པར། བརྙན་འཕྲིན་སོགས་བལྟ་ ཀློག་བྱས་ན་ཤེས་ཐུབ། གལ་ཏེ་ཁྱེད་ཀྱིས་ན་ནིང་གི་གནས་ཚུལ་ཞིག་ཤེས་འདོད་ཚེ་སྐབས་དེའི་དུས་ཀྱི་མི་ཞིག་ལ་སྐད་ ཆ་དྲིས་ན་རྟོགས་ཐུབ་ངེས་ཡིན། འོན་ཀྱང་ལོ་ངོ་ཧ་ཅང་མང་པོའ ་ི སྔོན་གྱི་གནས་ཚུལ་ཞིག་ཤེས་འདོད་ཚེ་ཁྱེད་ཀྱིས་ཇི་ ལྟར་བྱས་ནས་གནས་ཚུལ་ལ་རྒྱུས་ལོན་བྱའམ། ཅི་ཞིག གང་དུ། ཇི་ལྟར། ནམ།
ཇི་ལྟར་བྱས་ན་འདས་པའི་བྱུང་རབས་ལ་ཤེས་རྟོགས་བྱེད་ཐུབ།
ང་ཚོས་རྒྱུས་ལོན་བྱེད་ཐུབ་པའི་གནས་ཚུལ་མང་པོ་ཡོད་དེ། དཔེར་ན། མི་རྣམས་ཀྱི་བཟའ་བཏུང་དང་། གྱོན་ཆས། ཁང་ཁྱིམ་སོགས་ལ་བརྟག་ཞིབ་བྱེད་པ་དང་། རྔོན་པ་དང་འབྲོག་པ། ཞིང་པ། ཚོང་པ། སྒྱུ་རྩལ་བ། རོལ་མོ་ མཁན། ཚན་རིག་པ་སོགས་འཚོ་ཐབས་སྣ་ཚོགས་ཀྱི་སྒོ་ནས་མི་རྣམས་ཀྱིས་འཚོ་བ་སྐྱེལ་སྟངས་སྐོར་ལ་སློབ་སྦྱོང་བྱས་ ན་གནས་ཚུལ་མང་པོ་ཞིག་ཤེས་ཐུབ། གཞན་ཡང་བྱིས་པ་རྣམས་ཀྱི་རྩེད་མོ་རྩེ་སྟངས་དང་། ཐ་ན་ཁོ་ཚོས་བཏང་བའི་གླུ་ གཞས་ལ་མཉམ་འཇོག་བྱས་ནའང་གནས་ཚུལ་མང་པོ་ཞིག་ལ་རྒྱུས་ལོན་བྱེད་ཐུབ། མི་རྣམས་གང་དུ་འཚོ་སྡོད་བྱེད་ཀྱི་ཡོད་དམ།
ལོ་ངོ་སྟོང་ཕྲག་མང་པོའ ་ི སྔོན་དུ་མི་རྣམས་གཙང་པོ་རྒྱུག་ཁུལ་གྱི་ཆུ་འགྲམ་དུ་འཚོ་སྡོད་བྱས་ཡོད་ཅིང་། ཁོང་ ཚོས་ཉེ་འཁོར་གྱི་ནགས་གསེབ་ནས་ཤིང་ཏོག་དང་། རྩི་ཤིང་གི་རྩ་བ་སོགས་ཤིང་འབྲས་སྣ་ཚོགས་མཁོ་བསྡུ་བྱེད་པ་ དང་། གཞན་ཡང་རི་དྭགས་རྔོན་པའི་ལས་ལ་བརྟེན་ནས་འཚོ་བ་བསྐྱལ་ཡོད། བོད་ཀྱི་གདོད་མའི་མི་རྣམས་ཀྱང་ཡར་ ཀླུང་གཙང་པོ་རྒྱུག་ཁུལ་དུ་འཚོ་སྡོད་བྱས་ཤིང་། ཤིང་འབྲས་དང་རྔོན་ལས་ལ་བརྟེན་ནས་འཚར་ལོངས་བྱུང་། དེ་ནས་ རིམ་བཞིན་རི་འདབས་དང་ས་ཆུ་བཟང་སར་ར་ལུག་དང་སྒོ་ཕྱུགས་གཉེར་སྐྱོང་བྱེད་པ་དང་། གྲོ་ནས་སྲན་གསུམ་སོགས་ འབྲུ་རིགས་འདེབས་ལས་འགོ་འཛུགས་བྱས། གདོད་མའི་མི་རྣམས་ཀྱིས་གཙང་པོ་དང་བྱེ་ཐང་། རི་བོ་དང་རྒྱ་མཚོ་སོགས་འཕྲེད་དུ་བཅད་དེ་གནས་གཅིག་ ནས་གཞན་དུ་འགྲུལ་བཞུད་བྱས་ཡོད། ཁོ་ཚོས་དེ་ལྟར་འགྲུལ་བཞུད་བྱེད་དོན་ནི་རང་བྱུང་གི་འཇིག་པ་ལས་ཉེན་གཡོལ་ བྱེད་པ་དང་། འཚོ་ཐབས་གསར་པ་ཞིག་བཙལ་ཏེ་བདེ་སྐྱིད་ཀྱི་དཔལ་ལ་ལོངས་སུ་སྤྱོད་རྒྱུར་རེ་བ་བཅངས་པ་རེད། མི་ འགའ་རེས་རང་ཉིད་དང་མཉམ་དུ་དམག་དཔུང་འཁྲིད་པ་དང་། ས་ཆ་གཞན་ལ་དབང་སྒྱུར་བྱ་རྒྱུའི་འདུན་པ་བཅངས་
76
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
77
ཡོད། ཡང་སྐྱེ་བོ་ལ་ལས་ཆོས་ལུགས་ཀྱི་ལས་དོན་སྤེལ་ནས་གནས་གཅིག་ནས་གཅིག་ཏུ་འགྲུལ་བཞུད་བྱས། སྐྱེ་བོ་ཉུང་ ཤས་ཤིག་གིས་ནི་ས་ཆ་གསར་པ་དང་གནས་ལུགས་གསར་པའི་རིགས་རྟོགས་ཆེད་འགྲུལ་བཞུད་བྱས་ཡོད། མི་རྣམས་ ཀྱིས་གནས་གཅིག་ནས་གཅིག་ཏུ་འགྲུལ་བཞུད་བྱས་པ་དེས་མི་དང་མིའི་དབར་བསམ་ཚུལ་བརྗེ་ལེན་བྱེད་པ་དང་། རིག་ གཞུང་ཕྱུག་ཏུ་གཏོང་བ། ལག་རྩལ་དང་འཇོན་ཐང་བརྗེ་རེས་བྱས་ཏེ་ཕྱོགས་སོ་སོའ ་ི ལེགས་ཆ་མཉམ་སྤྱོད་བྱེད་པར་ཕན་ ཐོགས་ཆེན་པོ་བྱུང་ཡོད། སྔོན་གྱི་བྱུང་རབས་འཚོལ་བ།
འདས་པའི་བྱུང་རབས་ལ་འཚོལ་ཞིབ་བྱེད་པའི་ཐབས་ལམ་མང་པོ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་བ་ནི་སྔ་ མོའ ་ི དཔེ་ཆར་བལྟ་ཀློག་བྱ་རྒྱུ་དེ་ཡིན། ང་ཚོས་ལོ་རྒྱུས་སློབ་སྦྱོང་བྱེད་སྐབས་”ཡིག་རྙིང་”དང་”ཡིག་ཆ་”སོགས་ཀྱི་ཐ་ སྙད་མང་པོ་ཞིག་མཐོང་ཐོས་ བྱུང་ངེས་རེད། ཡིག་རྙིང་དང་ ཡིག་ཆ་དེ་དག་ཕལ་ཆེ་བ་ལོ་ངོ་ མང་པོའ ་ི སྔོན་ནས་བྲིས་པ་ཞིག་ ཡིན་ཅིང་། དེའི་ནང་རྟོགས་བརྗོད་དང་རྒྱལ་ རབས། ཆོས་འབྱུང་། སྨན་རྩིས། ཚན་རིག་སོགས་རིགས་ཚན་སྣ་ མང་ཐོག་བྲིས་པའི་དཔེ་ཆ་ཁག་ ཚུད་ཡོད་ཅིང་། ཐ་ན་སྙན་ངག་ དང་གཏམ་རྒྱུད། མགུར་གླུ་ཚུན་ ཆད་ཀྱིས་ལོ་རྒྱུས་སློབ་སྦྱོང་ བྱེད་པར་ཕན་ཐོགས་ཆེན་པོ་ བསྒྲུབ་ཐུབ། གཞན་ཡང་ང་ཚོས་ བརྐོ ས ་རི ས ་ (inscriptions) ཁག་ལ་སློབ་སྦྱོང་བྱས་ནས་ ལོ ་ རྒྱུས་ཤེ ས ་ཐབས་བྱ་དགོ ས ། བརྐོ ས ་རི ས ་ཞེ ས ་པ་ནི ་ རྡོ ་ རི ང ་ དང་། གསེར་དངུལ། ཤིང་གི་ བྱང་བུ་སོགས་ཀྱི་སྟེང་དུ་རི་མོ་དང་ཡི་གེ་བརྐོས་པ་དག་ལ་ཟེར། བརྐོས་རིས་ཕབ་སའི་རྒྱུ་ཆ་དེ་དག་སྲ་ཞིང་མཁྲེགས་པས་ ལོ་ངོ་ཧ་ཅང་མང་པོ་སོང་ཡང་ཕྱི་རབས་པ་རྣམས་ཀྱིས་ཡིག་རིས་རྣམས་ངོས་འཛིན་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། གཞན་ཡང་སྔ་དུས་སུ་བེད་སྤྱད་པའི་གནའ་རྫས་ལ་བརྟག་དཔྱད་བྱས་ནས་ལོ་རྒྱུས་ཀྱི་གནད་དོན་མང་པོ་ཞིག་ ཤེས་རྟོགས་ཐུབ་ཀྱི་ཡོད། འདས་པའི་བྱུང་རབས་ནང་བེད་སྤྱད་པའི་གནའ་བོའ ་ིཤུལ་རྫས་དག་ལ་སློབ་སྦྱོང་བྱེད་མཁན་ ཚོར་གནའ་རྫས་དཔྱད་རིག་པ་ (archaeologists) ཞེས་འབོད། བྱུང་རབས་ནི་གཅིག་ཁོ་ན་ཡིན་ནམ་ཡང་ན་དུ་མ་ཡོད།
གོང་དུ་ང་ཚོས་བྱུང་རབས་ལ་ཤེས་རྟོགས་བྱ་ཐབས་ཐད་བསམ་གཞིག་བྱེད་སྐབས་མི་རྣམས་ཀྱིས་འཚོ་ཐབས་ འདྲ་མིན་ལ་བརྟེན་ནས་འཚོལ་བ་བསྐྱལ་ཡོད་པ་ཤེས་ཐུབ། དཔེར་ན་ཞིང་པའི་འཚོ་བ་སྐྱེལ་སྟངས་ལ་རང་ཉིད་ཀྱི་བྱུང་ རབས་ཡོད་པ་དང་། འབྲོག་པའི་འཚོ་བ་སྐྱེལ་སྟངས་ལ་དེ་བཞིན་གྱི་བྱུང་རབས་ཡོད། གཞན་ཡང་མི་རིགས་སོ་སོར་རང་ རང་གི་བྱུང་རབས་རེ་བཤད་རྒྱུ་ཡོད་པས། ང་ཚོས་དུས་རྒྱུན་བོད་ཀྱི་ལོ་རྒྱུས་དང་རྒྱ་གར་གྱི་ལོ་རྒྱུས་སོགས་མི་རིགས་
77
78
ལོ་རྒྱུས།
སོ་སོའ ་ི ལོ་རྒྱུས་ལོགས་སུ་སྦྱོང་དགོས་པའི་རྒྱུ་མཚན་དེ་འདྲ་རེད། འོན་ཀྱང་མི་རིགས་མང་ཆེ་བས་ལོ་རྒྱུས་སྦྱོང་སྐབས་ གཙོ་བོ་རྒྱལ་རབས་ལ་གཞི་བཅོལ་གྱི་ཡོད། དེའི་རྒྱུ་མཚན་ནི་རྒྱལ་པོ་རྣམས་ཀྱིས་རང་ཉིད་ཀྱིས་རྒྱལ་སྲིད་བསྐྱངས་བའི་ ཆེ་བ་དག་ཡིག་ཐོག་ཏུ་ཕབ་ནས་ཟིན་བྲིས་སུ་འཇོག་གི་ཡོད་པས། ཕྱི་རབས་པ་རྣམས་ལ་ཡིག་ཆ་དེ་དག་མིག་མཐོང་ལག་ ཟིན་དུ་ཡོད་པའི་ལོ་རྒྱུས་ཀྱི་རྒྱུ་ཆར་གྱུར་བ་རེད། འོན་ཀྱང་ཞིང་པ་དང་འབྲོག་པ་སོགས་མི་དམངས་དཀྱུས་མ་ཚོས་རང་ ཉིད་ཀྱི་ཉིན་རེའི་འཚོ་བའི་སྐོར་ཟིན་བྲིས་སུ་འགོད་པའི་གོམས་གཤིས་མེད་པས། གནའ་རྫས་དཔྱད་རིག་པ་ཚོས་ཁོང་ ཚོའི་བྱུང་རབས་སྐོར་ལ་འགྲེལ་བརྗོད་གང་ཐུབ་ཅིག་བྱེད་ཀྱིན་ཡོད་མོད། ད་ལྟ་ད་དུང་ཡང་ང་ཚོས་མ་ཤེས་པའི་གནས་ ཚུལ་ཧ་ཅང་མང་པོ་ཡོད། ལོ་ཚིགས།
ང་ཚོས་ལོ་རྒྱུས་སྦྱོང་སྐབས་ལོ་ཚིག་མང་པོ་ཞིག་མཐོང་རྒྱུ་ཡོད། དཔེར་ན་ཕྱི་ལོའ ་ི སྔོན་གྱི་ལོ་ 127 ལ་བོད་ཀྱི་རྒྱལ་ ཟླ། པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན། ལྟ་བུ་འཁོད་ཡོད་ཅིང་། ཕྱི་ལོ་ཞེས་པ་ནི་ཡེ་ཤུ་སྟོན་པ་འཁྲུངས་ པའི་དུས་ཚེས་ནས་བརྩིས་པའི་ལོ་དེར་ཟེར། ཡེ་ཤུ་སྟོན་པ་མ་བྱུང་བའི་སྔོན་གྱི་ལོ་དག་ལ་ཕྱི་ ལོའ ་ི སྔོན་གྱི་ལོའམ་ཡེ་ཤུ་མ་འཁྲུངས་གོང་གི་ལོ་ཞེས་བརྗོད་དེ། ཨིན་ཡིག་བསྡུས་ཚིག་ ལོ ། ཚེས། ཏུ་ (BC) ཡིས་མཚོན་པར་བྱེད། གཞན་ཡང་”བོད་རྒྱལ་ལོ་”ཞེས་བོད་ལོའ ་ི དུས་ཚེས་ ཚོུད། འཁོད་པའང་མང་དག་ཅིག་མཐོང་རྒྱུ་ཡོད་ཅིང་། བོད་ལོ་འགོ་བཙུགས་ས་ནི་བོད་ཀྱི་རྒྱལ་ དུས་རབས། པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་ལོ་སྟེ་ཕྱི་ལོའ ་ི སྔོན་གྱི་ལོ་ 127 ཡིན། དེར་བརྟེན་ བོད་ལོ་བརྩི་ཐབས་ནི་ཧ་ཅང་སྟབས་བདེ་པོ་ཞིག་ཡིན་ཏེ་ཕྱི་ལོའ ་ི སྟེང་དུ་ལོ་ 127 བསྣན་ན་འགྲིག། དཔེར་ན་འདི་ལོར་ཕྱི་ལོ་ 2010 ཁེལ་ཡོད་པས། བོད་ལོར་ཕབ་ན་ 2010+127=2137 ཡིན་ཞིང་། བོད་རྒྱལ་ལོ་ཉིས་ སྟོང་བརྒྱ་དང་སུམ་ཅུ་སོ་བདུན་ཞེས་ཀློག་དགོས། ལོ་ཚིག་ནི་ལོ་རྒྱུས་སྦྱོང་བར་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་ པས། ལོ་ཟླ་ཚེས་གྲངས་གཞིར་བཞག་ནས་བྱུང་རབས་དགོད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན། ་མ།
སྐར
སྐར ་ཆ
།
ཆེས་སྔ་བའི་མིའི་རིགས།
སའི་གོ་ལའི་སྐམ་ས་ཆེན་མོའ ་ི ཐོག་ཏུ་ལོ་ངོ་ས་ ཡ་གཉིས་ཀྱི་སྔོན་ནས་མིའི་རིགས་འཚོ་སྡོད་བྱས་ཡོད་ ཅིང་། སྐབས་དེའི་དུས་ཀྱི་མི་རྣམས་ལ་ང་ཚོས་རྔོན་པ་ དང་འཐུ་མཁན་(Hunter-gatherers)ཞེས་འབོད། མིང་དེ་ ནི་ཁོ་ཚོའི་འཚོ་སྡོད་བྱེད་སྟངས་ལ་བརྟེན་ནས་བཏགས་ པ་ཞིག་ཡིན། ཁོ་ཚོས་རི་དྭགས་གསོད་པ་དང་། ཉ་དང་ བྱ་བྱིའུ་འཛིན་པ། ཤིང་འབྲས་དང་རྩི་ཤིང་སྣ་ཚོགས་ འཐུས་ནས་འཚོ་བ་བསྐྱལ་ཡོད་ཅིང་། དེ་ནི་ད་ལྟ་བཞིན་
78
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
79
སྟབས་བདེ་པོ་དང་ལས་སླ་པོ་ཞིག་གཏན་ནས་མ་རེད། རྩི་ཤིང་དང་ཤིང་འབྲས་རིགས་ཧ་ཅང་མང་པོ་ཡོད་པ་ལས་གང་ ཞིག་བཟའ་རུང་བ་དང་ཅི་ཞིག་བཟའ་མི་རུང་བ་རེ་རེ་བཞིན་ཚོད་ལྟ་བྱས་ནས། ད་གཟོད་ང་ཚོས་དུག་རིགས་དང་སྨན་རྩྭའི་ རིགས་སོགས་ཁ་ཟས་སུ་འོས་མིན་དབྱེ་འབྱེད་ཐུབ་པ་བྱུང་།
གདོད་མའི་མི་རྣམས་གནས་གཅིག་ནས་གཞན་དུ་སྤོ་དགོས་དོན་གང་ཡིན།
སྔ་མོའ ་ི མི་ཚོས་དེང་དུས་ལྟར་གཏན་འཇགས་ཀྱི་ཁྱིམ་གཞིས་བཙུགས་ནས་མ་བསྡད་པར་ས་གནས་གཅིག་ ནས་གཞན་དུ་གནས་སྤོས་ཏེ་མི་ཐོག་མང་པོར་འགྲུལ་བཞུད་བྱས་ནས་འཚོ་བ་བསྐྱལ། ཁོ་ཚོས་ས་གནས་གཅིག་ནས་ གཞན་དུ་འགྲུལ་བཞུད་བྱེད་པར་མ་མཐར་ཡང་རྒྱུ་མཚན་བཞི་ཡོད་དེ། གཅིག གལ་ཏེ་ཁོ་ཚོས་ས་གནས་གཅིག་ཏུ་དུས་ཡུན་རིང་པོར་གནས་སྡོད་བྱས་ཚེ་ཉེ་འཁོར་གྱི་ཤིང་འབྲས་དང་ རི་དྭགས་རྣམས་བཟས་ཚར་ནས་རྫོགས་འགྲོ་བས། གནས་གཞན་དུ་མ་སྤོ་ཐབས་མེད་ཡིན། གཉིས། རི་དྭགས་རྣམས་རྩྭ་ཆུ་འཚོལ་བ་དང་སྲོག་ཆགས་གཞན་དག་བཟུང་ཕྱིར་ལ་ལུང་བརྒལ་ནས་འགྲོ་བ་ ལས་གནས་གཅིག་ཏུ་གཏན་སྡོད་མི་བྱེད་པས། རྔོན་པ་རྣམས་ཀྱང་རི་དྭགས་ཀྱི་རྗེས་སུ་མ་འགྲོ་ཐབས་མེད་དུ་ གྱུར།
གསུམ། ཤིང་འབྲས་ནི་ནམ་དུས་འདྲ་མིན་ལ་སྐྱེ་ཞིང་། དེ་ཡང་ས་ཆ་མི་འདྲ་བར་ཤིང་འབྲས་མི་འདྲ་བ་སྐྱེ་བས། མི་ཚོས་ཤིང་འབྲས་འཐུ་ཆེད་དུས་ནས་དུས་སུ་གནས་སྤོ་བྱེད་དགོས་ཀྱི་ཡོད།
བཞི། མི་དང་། རྩི་ཤིང་། རི་དྭགས་སོགས་སྐྱེ་དངོས་ཚང་མར་ཆུ་དགོས་ཤིང་། གཙང་པོ་ཆེན་པོ་དང་རྒྱ་མཚོ་ སོགས་ཕུད་དེ་མིན་ཆུ་ཕྲན་མང་ཆེ་བ་ནམ་དུས་རེ་ཟུང་ལ་སྐམ་འགྲོ་བས། ཆུ་བཟང་སར་གནས་སྤོ་བྱེད་དགོས་ ཀྱི་ཡོད། ཇི་ལྟར་བྱས་ནས་སྔ་མོའ ་ི མི་རྣམས་ཀྱི་སྐོར་ཤེས་སམ།
གནའ་རྫས་དཔྱད་ཞིབ་པ་ཚོས་རྔོན་པ་དང་འཐུ་མཁན་གྱིས་ཐོན་སྐྱེད་དང་བེད་སྤྱོད་བྱས་པའི་ཡོ་ཆས་མང་པོར་ བརྟག་ཞིབ་བྱས་ཡོད། ཁོ་ཚོས་རྡོ་དང་ཤིང་། རུས་པ་སོགས་ལས་བཟོས་པའི་ཡོ་ཆས་སྣ་ཚོགས་ཐོན་སྐྱེད་བྱས་ཤིང་། དེ་ ལས་རྡོ་ཆས་རིགས་ཀྱིས་ཤ་དང་རུས་པ་གཅོད་བྲེག་བྱེད་པ། ཤིང་སྡོང་གི་ཤུན་པ་བཀོག་པ། རི་དྭགས་ཀྱི་པགས་པ་བཤུ་ བ་སོགས་ལ་བེད་སྤྱད་ཡོད། གཞན་ཡང་རུས་པ་དང་ཤིང་སོགས་རྔོན་རྒྱག་ལག་ཆར་བེད་སྤྱད་ནས་རང་རང་གི་འཚོ་སྡོད་ ལ་དཔགས་པའི་དགོས་མཁོ་བསྐྲུན་ཡོད།
79
80
ལོ་རྒྱུས།
འཚོ་སྡོད་བྱེད་སའི་གནས་འཚོལ་བ།
གནའ་རྫས་དཔྱད་ཞིབ་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་རྔོན་པ་དང་འཐུ་མཁན་དེ་དག་རྩྭ་ཆུ་བཟང་ས་ཕུད་ད་ དུང་བྲག་ཕུག་དང་རྡོ་སྤུས་བཟང་སར་འཚོ་སྡོད་བྱས་པ་ཤེས་རྟོགས་བྱུང་། ཁོ་ཚོས་རྡོའ ་ི ཡོ་ཆས་མང་པོ་བཟོ་དགོས་ ཀྱི་ཡོད་ལ། ཉི་མ་དང་ཆར་རླུང་ལས་གཡོལ་ཆེད་བྲག་ཕུག་བཟོ་དགོས་པས། རྡོ་སྤུས་བཟང་ས་དང་མང་སར་གནས་ སྡོད་བྱས་ཡོད། ལོ་ངོ་ཁྲི་ཕྲག་མང་པོའ ་ི གོང་དུ་བཟོས་པའི་རྡོ་ཆས་དང་བྲག་ཕུག་གི་རིགས་ད་ལྟ་ང་ཚོས་དངོས་སུ་ མཐོང་རྒྱུ་ཡོད། ཁོར་ཡུག་འགྱུར་ལྡོག
ལོ་ངོ་༡༢༠༠༠ལྷག་གི་སྔོན་སའི་གོ་ལའི་གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་བས། རྩྭ་ཐང་རྒྱ་ཁྱབ་ཏུ་ སོང་བ་དང་། ཤྭ་བ་དང་གཙོད། ར་ལུག ཕྱུགས་ཟོག་སོགས་སྐྱེ་འཕེལ་ཤུགས་ཆེན་བྱུང་། སྲོག་ཆགས་འདི་རིགས་ལ་ བརྟེན་པའི་རྔོན་པ་ཚོས་རིམ་བཞིན་རི་དྭགས་སྒོ་ཕྱུགས་ལ་ཉར་བ་དང་ཕྱུགས་ཟོག་གསོ་སྐྱོང་བྱེད་པའི་སྲོལ་གཏོད། སྐབས་དེར་ནམ་ཟླའི་དྲོད་དྲང་སྙོམས་པས་སའི་གོ་ལའི་ས་ཁུལ་མར་པོར་གྲོ་དང་འབྲས། འབྲུ་སོགས་རང་བྱུང་ངང་ སྐྱེས་པས། མི་རྣམས་ཀྱིས་འབྲུ་རིགས་འདི་དག་ཟས་སུ་སྤྱད་པ་དང་། རིམ་གྱིས་རྩི་ཤིང་དང་འབྲུ་རིགས་བཏབ་ནས་ ཞིང་ལས་གཉེར་འགོ་ཚུགས།
བྱུང་རབས་ཀྱི་དུས་ཚོད།
གནའ་རྫས་དཔྱད་ཞིབ་པ་ཚོས་ལོ་རྒྱུས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ལོ་རྒྱུས་ཀྱི་བྱུང་རབས་རྣམས་དུམ་ བུ་མང་པོར་ཕྱེས་ཡོད། འདས་ལོ་ས་ཡ་ 2 ལྷག་ནས་ལོ་ 12,000 ཙམ་གྱི་བྱུང་རབས་ལ་རྡོ་ཆས་རྙིང་པའི་དུས་སྐབས་ (Palaelithic) ཞེས་འབོད་ཅིང་། དེར་དུས་སྐབས་གོང་མ་དང་བར་མ། འོག་མ་བཅས་གསུམ་དུ་ཕྱེེས། འགྲོ་བ་མིའི་ རིགས་ཀྱི་ལོ་རྒྱུས་མང་ཆེ་བ་དུས་ཡུན་འདིའི་ཁོངས་སུ་ཚུད་ཅིང་། དེས་ལོ་རྒྱུས་སྤྱིའི་བརྒྱ་ཆ་ 99 ཟིན། ལོ་12,000 ཙམ་ནས་ 10,000 བར་གྱི་བྱུང་རབས་ལ་རྡོ་ཆས་བར་མའི་དུས་སྐབས་ (Mesolithic) ཞེས་ བརྗོད་ཅིང་། སྐབས་དེའི་དུས་ཀྱི་རྡོ་ཆས་ནི་སྟབས་བདེ་ལ། རུས་པ་དང་ཤིང་གི་ཡུ་བ་ཅན་གྱི་རྡོ་སྟ་དང་རྡོ་ཟོར་རིགས་ཐོན་ སྐྱེད་བྱས། ལོ་ 10,000 ཙམ་ནས་བརྩིས་པའི་དུས་སྐབས་དེ་ནི་རྡོ་ཆས་གསར་པའི་དུས་སྐབས་ (Neolithic) ཡིན་ཞིང་། འདིའི་སྐོར་སློབ་ཚན་རྗེས་མའི་ནང་ངོ་སྤྲོད་བྱ་རྒྱུ་ཡིན།
80
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
81
སྦྱོང་ཚན།
དང་པོ། འགྲིག་མིན་རྟགས་རྒྱོབ། ཀ༽ ཁ༽ ག༽ ང༽
བྱིས་པ་རྣམས་རྩེད་མོ་རྩེ་སྟངས་ལ་མཉམ་འཇོག་བྱ་རྒྱུ་ནི་ལོ་རྒྱུས་རྟོགས་ཐབས་ཀྱི་ཆ་ཞིག་མིན། བོད་རྒྱལ་ལོ་ནི་ཕྱི་ལོ་སྔོན་གྱི་ལོ་ 127 སྟེ་བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན་པའི་སྐབས་ནས་ བརྩི་སྲོལ་བྱུང་པ་རེད། གདོད་མའི་མི་རྣམས་ཐོག་མར་འཚོ་སྡོད་བྱེད་ས་ནི་སྦྲ་གུར་ཡིན། ལོ་ངོ་ས་ཡ་གཉིས་ཀྱི་སྔོན་ནས་མི་རྣམས་ཀྱིས་སའི་གོ་ལ་འདིའི་སྟེང་འཚོ་བ་བསྐྱལ་ནས་བསྡད་པ་ཞིག་ ཡིན། གཉིས་པ། ལན་མདོར་བསྡུས་རེ་བྲིས།
ཀ༽ སྔ་མོའ ་ི དུས་སུ་མི་རྣམས་ཀྱིས་ཡུལ་གཅིག་ནས་གཞན་དུ་གནས་སྤོ་བྱེད་དོན་ཅི་ཡིན་ནམ། ཁ༽ ཁོར་ཡུག་འགྱུར་ལྡོག་བྱུང་བ་དེས་གནའ་བོའ ་ི མི་རྣམས་ཀྱི་འཚོ་བ་སྐྱེལ་ཐབས་ཐད་ཤུགས་རྐྱེན་གང་འདྲ་ ཐེབས་ཡོད་དམ།
ཀ༽ ཁ༽ ག༽ ང༽
གསུམ་པ། གྲོས་སྡུར་བྱ་རྒྱུ།
ཕྱི་ལོ་དང་བོད་རྒྱལ་ལོ་བྱུང་ཚུལ་དང་དེ་གཉིས་ཀྱི་ཁྱད་པར་སོགས་ཀྱི་སྐོར་ལ་གྲོས་སྡུར་བྱོས། རྡོ་ཆས་རྙིང་པའི་དུས་སྐབས་དང་། རྡོ་ཆས་བར་མའི་དུས་སྐབས། རྡོ་ཆས་གསར་པའི་དུས་སྐབས་བཅས་ ཀྱི་དུས་ཡུན་བརྩི་སྟངས་གང་འདྲ་རེད་དམ། གདོད་མའི་དུས་ཀྱི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་སྐོར་ལ་གྲོས་སྡུར་བྱོས། སྔོན་གྱི་བྱུང་རབས་འཚོལ་ཞིབ་བྱེད་པའི་ཐབས་ལམ་གང་དག་ཡོད་པའི་སྐོར་ལ་གྲོས་སྡུར་བྱོས།
81
82
ལོ་རྒྱུས།
སློབ་ཚན་གཉིས་པ།--- ཞིང་འབྲོག་གི་འཚོ་བ་འགོ་བཙུགས་པ།
སྣ་མང་ཕུན་སུམ་ཚོགས་པའི་ཟས་རིགས།
དེང་སྐབས་མི་རྣམས་ཀྱིས་བཟའ་བཏུང་བྱེད་པའི་ཤིང་ཏོག་དང་སྔོ་ཚལ། འབྲུ་རིགས། འོ་མ། ཤ་སོགས་ནི་ང་ ཚོས་འདེབས་ལས་དང་གསོ་སྐྱོང་བྱས་པའི་རྩི་ཤིང་དང་ཕྱུགས་ཟོག་ལས་འབྱུང་གི་ཡོད་པ་ཤེས་གསལ་ཡིན། དེ་ལྟར་ ནའང་འབྲུ་རིགས་དང་ཤིང་འབྲས་མི་འདྲ་བར་སྐྱེ་འཕེལ་ཐུབ་པའི་དངོས་བརྒྱུད་ཀྱི་མཐུན་རྐྱེན་འདྲ་མིན་དགོས་ཀྱི་ཡོད་ དེ། དཔེར་ན་འབྲས་འདེབས་ལས་བྱེད་པར་གྲོ་དང་སྲན་མ་ལས་ཆུ་ཧ་ཅང་མང་བ་དགོས་པ་ལྟ་བུ་རེད། གནད་དོན་དེས་ ང་ཚོར་གསལ་བཤད་ཅི་ཞིག་བྱེད་ཀྱིན་ཡོད་ཅེ་ན། ཞིང་འབྲོག་པ་རྣམས་ཀྱིས་ས་བབ་དང་ཁོར་ཡུག་སོགས་ཀྱི་མཐུན་ རྐྱེན་ལ་གཞིག་ནས་ས་ཁུལ་མི་འདྲ་བར་ཤིང་འབྲས་དང་འབྲུ་རིགས་སོགས་འདེབས་ལས་བྱེད་པ་དང་། ས་བབ་མཐོ་ སར་ར་ལུག་གཉེར་སྐྱོང་བྱེད་པ་དང་། ཚ་ཁུལ་དུ་མ་ཧེ་སོགས་གསོ་ཉར་བྱེད་པ་ཤེས་རྟོགས་ཐུབ། འོན་ཀྱང་ང་ཚོས་སློབ་ ཚན་གཉིས་པའི་ནང་སྦྱང་ཟིན་པ་ལྟར། མི་རྣམས་ཀྱིས་ལོངས་སུ་སྤྱོད་བཞིན་པའི་ཟས་རིགས་ཡོད་ཚད་མིས་འདེབས་ ལས་བྱས་པ་ཁོ་ན་མིན་ཏེ། རང་བྱུང་དུ་སྐྱེས་པའི་ཟས་རིགས་ཀྱང་ཧ་ཅང་མང་པོ་ཡོད་དོ། ཞིང་འབྲོག་ལས་རིགས་གཉེར་འགོ་བཙུགས་པ།
འཛམ་གླིང་གི་ཁོར་ཡུག་ཉིན་རེ་བཞིན་འགྱུར་བ་འགྲོ་བ་དང་བསྟུན་མི་རྣམས་ཀྱིས་ཁ་ཟས་སུ་སྤྱོད་པའི་རྩི་ཤིང་ དང་སེམས་ཅན་དེ་དག་ལའང་འགྱུར་ལྡོག་ཆེན་པོ་བྱུང་། གདོད་མའི་མིའི་རིགས་ཀྱིས་ཁ་ཟས་སུ་འོས་པའི་རྩི་ཤིང་སྐྱེ་ འཕེལ་བྱེད་པའི་བརྒྱུད་རིམ་ལ་རྒྱུས་མངའ་གཏིང་ཟབ་ལོན་རྗེས། རྩི་ཤིང་དང་འབྲུ་རིགས། ཤིང་འབྲས་སོགས་ཀྱི་འབྲུ་ གུ་དང་ས་བོན་སར་ལྷུང་པ་རྣམས་བྱ་བྱིའུ་སོགས་ཀྱི་གནོད་འཚེ་ལས་སྐྱོབ་ཆེད་བལྟ་སྐྱོང་བྱས་ནས། ལོ་འདབ་རྒྱས་ ཤིང་འབྲས་བུ་མ་སྨིན་བར་ལོ་ཏོག་ལ་སྲུང་སྐྱོབ་བྱེད་པའི་གོམས་གཤིས་འཇགས། དེ་ནས་ཁོ་ཚོས་ས་རྒྱུ་བཟང་སར་ རྨོན་འདེབས་ནས་ཞིང་ལས་ཀྱི་འཚོ་བ་རིམ་བཞིན་དར་རྒྱས་བྱུང་།
གདོད་མའི་མི་ཚོས་རང་ཉིད་འཚོ་སྡོད་བྱེད་སའི་ཉེ་འཁོར་གྱི་བདག་མེད་སེམས་ཅན་རྣམས་བཏུལ་ནས་སྒོ་ཕྱུག་ ལ་ཉར་ཡོད། ཁོ་ཚོས་བཏུལ་བའི་བདག་མེད་སེམས་ཅན་ཐོག་མ་ནི་ཁྱི་ཡིན་ཞིང་། ཕྱིས་སུ་ར་ལུག་དང་། བ་གླང་། ཕག་ པ་སོགས་གསོ་ཉར་བྱས། བདག་ཏུ་བཟུང་བའི་སེམས་ཅན་འདི་དག་ཕལ་ཆེར་རྩྭ་ཟན་སེམས་ཅན་ཡིན་ཞིང་། ཤ་ཟན་ སེམས་ཅན་ཚོས་རྒྱུན་དུ་སེམས་ཅན་འདི་དག་ལ་གནོད་འཚེ་བྱས་པར་བརྟེན་མི་རྣམས་ཀྱིས་དེ་དག་སྲུང་སྐྱོབས་བྱ་ ཆེད་ལྟ་སྐྱོང་བྱས་པ་དང་། མཐར་ཕྱུག་རིགས་གཉེར་སྐྱོང་བྱས་ནས་འབྲོག་ལས་ཚུགས།
82
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
འཚོ་བ་གསར་པ་ཞིག་གི་འགོ་བརྩམས་པ།
83
རྩི་ཤིང་དང་ལོ་ཏོག་གི་ས་བོན་གསར་དུ་ འདེ བ ས་འཛུགས་བྱས་ནས་དེ འི ་ ལོ ་ འདབ་རྒྱས་ཤི ང ་ འབྲས་བུ་མ་སྨི ན ་བར་དུས་ཡུན་ངེ ས ་ཅན་ཞི ག ་འགོ ར ་ ངེས་རེད། དུས་ཡུན་དེའི་རིང་མི་ཚོས་ལོ་ཏོག་ལ་ཆུ་ལུད་ འདྲེན་པ་དང་། རྩྭ་ངན་འཐུ་བ། ཕྱུགས་ཟོག་གི་གནོད་ འཚེ་སོགས་ལས་སྲུང་སྐྱོབ་བྱེད་དགོས་ཀྱི་ཡོད། རྔོན་པ་ དང་འཐུ་མཁན་དག་གིས་ཀྱང་ལོ་ཏོག་བཏབ་ནས་དེར་ སྲུང་སྐྱོབ་བྱ་ཆེད་ས་གནས་གཅིག་ཏུ་དུས་ཡུན་རིང་པོར་ བསྡད་པ་དང་གཏན་འཇགས་ཀྱི་ཁྱིམ་གཞིས་འཛིན་རྒྱུའི་ འགོ་བརྩམས་པ་རེད། འབྲུ་རིགས་རྣམས་ཁ་ཟས་དང་ས་བོན་གྱི་ཆེད་གསོག་ཉར་བྱེད་དགོས་པར་བརྟེན་དེ་དག་འཇོག་སའི་སྣོད་ལེགས་པོ་ཞིག་ དགོས་ཀྱི་ཡོད། མི་ཚོས་འབྲུ་རིགས་གསོག་ཉར་བྱེད་པའི་ཐབས་ཤེས་གང་ལེགས་བཙལ་ནས་ས་དོང་དྲུས་ཏེ་ས་འོག་ཏུ་ སྦས་སྐུང་བྱེད་པ་དང་། ས་དང་འདམ་བག་རྒྱུ་ཆར་བྱས་པའི་བུམ་པ་སྣ་ཚོགས་བཟོ་འགོ་བཙུགས། རྔོན་པ་དང་འཐུ་མཁན་ཚོས་བུམ་པ་བཟོས་ཡོད་དམ་མེད། རྒྱུ་མཚན་གང་ཡིན་ཤོད་དང་། སྒོ་ཟོག་ཉར་ཚགས།
སྒོ་ཟོག་ནི་རང་བཞིན་དུ་སྐྱེ་འཕེལ་བཟང་པོ་བྱེད་པའི་ཕྱུགས་རིགས་ཤིག་ཡིན་པ་དང་། ལྷག་པར་དུ་དེ་དག་ལ་ ལྟ་སྐྱོང་ལེགས་པོ་བྱས་ཚེ་ཤ་དང་མར། འོ་མ། ཕྱུར་བ་སོགས་ཀྱི་ཐོན་ཁུངས་ལེགས་པོ་ཞིག་ཡིན། སྒོ་ཟོག་ལས་ཤ་མར་ སོགས་ཁ་ཟས་ཀྱི་རིགས་ཕུད། ད་དུང་བལ་དང་རྩིད་པ་སོགས་འབྱུང་གི་ཡོད། ཤ་དང་མར་སོགས་ཁ་ཟས་ཀྱི་རིགས་ཕུད་སྒོ་ཟོག་ལས་སྤྱོད་སྒོ་ཆེ་བའི་ཐོན་སྐྱེད་ཅི་འདྲ་འབྱུང་གི་ཡོད་དམ། གཏན་འཇགས་ཁྱིམ་གཞིས་བཙུགས་པ།
གནའ་རྫས་དཔྱད་ཞིབ་པ་ཚོས་བརྟག་དཔྱད་བྱས་པ་བརྒྱུད་གདོད་མའི་མི་རྣམས་ཀྱིས་ས་ཕུག་ནང་དུ་སྤྱིལ་བུ་ དང་ཁང་ཁྱིམ་བཅོས་པའི་ཤུལ་མང་པོ་རྙེད་ཡོད། སྤྱིལ་བུ་དེ་དག་ནི་གནའ་མི་ཚོས་དྲག་ཆར་རླུང་འཚུབ་ལས་གཡོལ་ས་ དང་། བདེ་འཇགས་ངང་འཚོ་སྡོད་བྱེད་སའི་ཁྱིམ་ཚང་ཡིན། སྤྱིལ་བུའི་ཕྱི་ནང་གཉིས་ཀ་ནས་ཐབ་ཆས་སྣ་ཚོགས་རྙེད་སོན་ བྱུང་བར་གཞིགས་ནས། གནའ་མི་ཚོས་ནམ་ཟླའི་དྲོད་གྲང་དང་བསྟུན་ནས་ཕྱི་ནང་གཉིས་ཀར་ཁ་ཟས་གཡོ་སྐོལ་བྱེད་ཀྱི་ ཡོད་པ་ཤེས་རྟོགས་བྱུང།
83
84
ལོ་རྒྱུས།
སྤྱིལ་བུ་དེ་དག་གི་འགྲམ་ནས་ད་དུང་རྡོ་ཆས་མང་པོ་ཞིག་རྙེད་སོན་བྱུང་ཡོད། རྡོ་ཆས་དེ་དག་ནི་རྡོ་ཆས་རྙིང་པ་དང་བར་ མའི་དུས་སྐབས་ཀྱི་རྡོ་ཆས་དང་མི་འདྲ་ཞིང་། འཇམ་ཤ་དོད་པ་དང་། སྤུས་ཀ་ལེགས་པ། སྟབས་བདེ་བ་སོགས་ཀྱི་ཁྱད་ ཆོས་ལྡན་ཡོད་པས། དུས་སྐབས་འདིར་རྡོ་ཆས་གསར་མ་ (Neolithic) ཞེས་ཟེར། རྡོ་ཆས་གསར་མའི་སྐབས་ཀྱི་ཡོ་ཆས་ལ་མིའི་རིགས་ཀྱི་ལག་ཤེས་ཡར་ཐོན་གང་འཚམས་བྱུང་བའི་རྣམ་པ་ཐོན་ ཡོད་ཅིང། དཔེར་ན་སྐབས་དེའི་དུས་ཀྱི་སྒོག་རྟིང་དང་རྟེན་ཁུང་སོགས་ཀྱི་ཁྱད་ཆོས་རྣམས་ད་ལྟ་ད་དུང་ཡང་མ་ཉམས་ པར་ང་ཚོས་བེད་སྤྱོད་ཡང་ཡང་བྱེད་ཀྱི་ཡོད། རྡོ་ལས་བཟོས་པའི་ཡོ་ཆས་ཀྱི་རིགས་ཕུད་ད་དུང་རྫ་སྣོད་ཧ་ཅང་མང་པོ་ ཐོན་སྐྱེད་བྱས་ཡོད། རྫ་སྣོད་དེ་དག་གི་སྟེང་རི་མོ་སྣ་ཚོགས་བརྐོས་ཡོད་ལ་བཟོ་ལྟའང་འདྲ་མིན་བཟོས་ནས། དེ་དག་འབྲུ་ རིགས་གསོག་འཇོག་བྱེད་སར་བེད་སྤྱོད་བྱེད་པ་ཕུད་ད་དུང་ཁ་ཟས་གཡོ་སྐོལ་བྱེད་ཆེད་ཀྱི་ཁོག་མར་ཡང་སྤྱོད་ཀྱི་ཡོད། རྡོ ་ ཆས་གསར་མའི ་ དུས་སྐབས་སུ་སྲི ང ་བལ་སོ ག ས་རྒྱུ་ཆར་བྱས་ནས་གྱོ ན ་གོ ས ་འཐག་པའི ་ འཐག་ལས་ཀྱང་འགོ ་ བཙུགས་ཡོད། སྐབས་དེའི་དུས་ཀྱི་ཡུལ་གོམས་གཤིས་ལུགས་ཅི་འདྲ་རེད།
གནའ་རྫས་དཔྱད་ཞིབ་པ་ཚོས་གནའ་དུས་ཀྱི་ཡུལ་གོམས་གཤིས་ལུགས་སྐོར་ལ་ཐད་ཀར་འགྲེལ་བརྗོད་དེ་ ཙམ་བྱེད་ཀྱི་མེད་ཀྱང་། མཁས་དབང་མང་པོས་དེང་དུས་ཀྱི་ཞིང་འབྲོག་གི་འཚོ་བ་སྐྱེལ་སྟངས་ཐད་སློབ་སྦྱོང་གཏིང་ཟབ་ བྱས་རྗེས། དེང་གི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྐྱེལ་སྟངས་དང་ཡུལ་གོམས་གཤིས་ལུགས་མང་དག་ཅིག་སྔ་མོའ ་ི ཆ་ལུགས་ནས་བརྒྱུད་ཡོང་བར་ངོས་འཛིན་བྱེད།
84
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཀ༽ ཁ༽ ག༽ ང༽ ཀ༽ ཁ༽ ག༽ ང༽
དང་པོ། འགྲིག་མིན་རྟགས་རྒྱོབ།
སྦྱོང་ཚན།
སྔ་མོའ ་ི དུས་སུ་མི་རྣམས་ཀྱིས་བཏུལ་བའི་བདག་མེད་སེམས་ཅན་ཐོག་མ་ནི་རྟ་ཡིན། གདོད་མའི་དུས་ནས་མི་རྣམས་ཀྱི་འཚོ་རྟེན་གཙོ་བོ་ནི་ཞིང་འབྲོག་ལས་རིགས་ཡིན། གདོད་མའི་མི་རྣམས་ཀྱིས་བྲག་ཕུག་གིས་ཁང་ཁྱིམ་གྱི་ཚབ་བྱས་ནས་འཚོ་བ་བསྐྱལ་ཡོད། རྡོ་ཆས་གསར་མའི་དུས་ཀྱི་ཅ་དངོས་རྣམས་རྡོ་ཆས་རྙིང་པའི་དུས་ཀྱི་ཅ་དངོས་དང་བསྡུར་ན་སྤུས་ཀ་ ཞན་པོ་ཡོད། གཉིས་པ། ལན་མདོར་བསྡུས་རེ་བྲིས།
ཞིང་ལས་དར་སྟངས་ཅི་འདྲ་ཡིན་ནམ། འབྲོག་ལས་དར་སྟངས་ཅི་འདྲ་ཡིན་ནམ། རྡོ་ཆས་གསར་མའི་དུས་སྐབས་ཀྱི་ཅ་དངོས་རྣམས་རྡོ་ཆས་བར་མའི་དུས་སྐབས་དང་རྡོ་ཆས་རྙིང་པའི་ དུས་སྐབས་ཀྱི་ཅ་དངོས་དང་བསྡུར་ན་མི་འདྲ་བའི་ཁྱད་པར་གང་ཡོད་དམ། སྐབས་དེའི་གྱོན་ཆས་དང་སྣོད་ཆས་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་གང་དང་གང་ཡིན་ནམ། གསུམ་པ། གྲོས་སྡུར་བྱ་རྒྱུ།
ཀ༽ ཁ༽ ག༽
ཞིང་འབྲོག་ལས་རིགས་དར་ཚུལ་སྐོར་ལ་གྲོས་སྡུར་བྱོས། སྔ་མོའ ་ི དུས་ཀྱི་མི་ཚོས་གཏན་འཇགས་ཀྱི་ཁྱིམ་གཞིས་བཙུགས་ཚུལ་སྐོར་ལ་གྲོས་སྡུར་བྱོས། སྔ་མོའ ་ི དུས་ཀྱི་མི་ཚོའི་ཟས་རིགས་དང་། གྱོན་ཆས། སྣོད་ཆས་སོགས་རྒྱུན་སྤྱོད་ཅ་དངོས་ཀྱི་སྐོར་ ལ་གྲོས་སྡུར་བྱོས།
85
85
86
ལོ་རྒྱུས།
སློབ་ཚན་གསུམ་པ།--- གནའ་བོའ་ི གྲོང་ཁྱེར།
ཧ་ར་པྤའི་ལོ་རྒྱུས།
མཁར་དང་ཕོ་བྲང་སོགས་ལ་ལྟ་སྐོར་དུ་འགྲོ་སྐབས་རྒན་རྒོན་ཚོས་དེའི་སྐོར་ལ་ལོ་རྒྱུས་དང་སྒྲུང་གཏམ་སྣ་ ཚོགས་ཤིག་འཆད་ཀྱི་ཡོད། ལོ་ངོ་བརྒྱ་དང་ལྔ་བཅུའི་ཡར་སྔོན་དུ་པཱན་ཅབ་(དེང་སྐབས་པཱཀིསྟན་གྱི་མངའ་འོག་)ནང་མེ་ འཁོར་གྱི་ལམ་ཐོག་མར་བསྐྲུན་སྐབས་བཟོ་པ་ཚོས་ཧ་ར་པྤའི་གནའ་ཤུལ་བརྒྱུད་ནས་ལམ་བཟོས་ཡོད། སྔ་མོའ ་ི སོ་ཕག་ གིས་བརྩིགས་པའི་གནའ་ཤུལ་དེའི་དཔངས་མཐོ་ཞིང་རྒྱུ་ཆ་ལེགས་པས་ནོར་བུའི་རི་དང་འདྲ་བར་མི་རྣམས་ཧ་ལས་པའི་ ཡུལ་དུ་གྱུར། བཟོ་པ་ཚོས་གནའ་བོའ ་ི ཁང་པ་དེ་དག་གི་གྱང་བསློགས་ནས་སོ་ཕག་ཁྲི་སྟོང་མང་པོ་མེ་འཁོར་གྱི་ལམ་བཟོའ ་ི རྒྱུ་ཆར་སྤྱད་པས། ཁང་ཁྱིམ་དང་མཁར་མང་པོ་ཞིག་རྩ་མེད་དུ་བཏང་ཡོད། ལོ་བརྒྱད་ཅུའི་སྔོན་དུ་གནའ་རྫས་དཔྱད་ཞིབ་པ་ཚོས་གནས་དེར་སོང་ནས་ས་དཔྱད་བྱས་པས། དེ་ནི་སྐམ་ས་ ཆེན་མོའ ་ི ཐོག་ཆགས་པའི་གྲོང་ཁྱེར་ཆེས་རྙིང་གྲས་ཤིག་ཡིན་པ་ཤེས་རྟོགས་བྱུང་། གྲོང་ཁྱེར་དེ་ནི་གནའ་རྫས་དཔྱད་ཞིབ་ པ་ཚོས་ཐོག་མར་གསར་རྙེད་བྱུང་བ་ཞིག་ཡིན་པས། ཁང་པ་དང་མཁར་རྫོང་གི་བཟོ་དབྱིབས་གཅིག་པའི་གནས་གསར་དུ་ རྙེད་པ་དག་ལའང་ཧ་ར་པྤའི་གནའ་ཤུལ་ཞེས་འབོད་ཀྱི་ཡོད། ཧ་ར་པྤ་གྲོང་ཁྱེར་ལ་ལོ་ངོ་ 4700 ལྷག་གི་ལོ་རྒྱུས་ལྡན་ཡོད། ཁང་པ་དང་ཕོ་བྲང་། མཁར་རྫོང་སོགས་གནའ་བོའ ་ི ཨར་ལས་འཛུགས་སྐྲུན་གྱི་ལག་རྗེས་མང་པོ་ཞིག་བཤིག་ ནས་གསར་རྒྱག་བྱེད་ཀྱི་ཡོད། ཁྱེད་ཀྱིས་བལྟས་ན་ཕོ་བྲང་དང་མཁར་རྫོང་རྙིང་པ་དེ་དག་སྲུང་སྐྱོབ་བྱ་དགོས་པ་མཐོང་གི་ འདུག་གམ།
86
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
གྲོང་ཁྱེར་གྱི་འཚོ་བ།
87
ཧ་ར་པྤ་གྲོང་ཁྱེར་ནི་འདུ་འཛི་དང་ཟང་ཟིང་ཅན་ཞིག་རེད། གྲོང་ཁྱེར་དེའི་ནང་གི་ གཙོ་གནད་མི་སྣ་ནི་གྲོང་ཁྱེར་འཛུགས་སྐྲུན་གྱི་འཆར་འགོད་མཁན་ཚོ་ཡིན་ཞིང་། ཁོ་ཚོ་ མང་ཆེ་བ་ནི་ཡུལ་གྱི་འགོ་འཁྲིད་ཡིན། ཁོ་ཚོས་རང་ཉིད་ཀྱི་མངའ་འབངས་རྣམས་ས་ ཆ་འདྲ་མིན་ལ་བརྫངས་ཏེ་ལྕགས་རིགས་དང་། རིན་པོ་ཆེའི་རྡོ་སོགས་མཁོ་སྒྲུབ་ བྱེད་པར་མངགས་པར་བྱེད། ཡུལ་གྱི་འགོ་འཁྲིད་དེ་དག་གསེར་དངུལ་སོགས་ རིན་ཆེན་ནོར་བུར་དགའ་སྣང་ཆེ་ཞིང་། གསེར་དངུལ་གྱི་སྟེང་ཡིག་རིས་སྣ་ ཚོགས་བརྐོས་ནས་ཐམ་ཀ་དང་རྒྱན་ཆ་སོགས་བཟོ་ཡི་ཡོད། གཞན་ཡང་གྲོང་ ཁྱེར་དེ་དག་ནང་ལག་ཤེས་མཁས་པའི་མི་སྣ་མང་པོ་ཡོད་ཅིང་། ཁོ་ཚོས་གྲོང་ འཁྱེར་འཛུགས་སྐྲུན་གྱི་རྒྱུ་ཆ་འཚོལ་བ་དང་འཇོན་ཐང་ཆེན་པོས་ལས་རིགས་ སྣེ་མང་ལ་གཞོལ་བར་བྱེད། ཧ་ར་པྤ་གྲོང་ཁྱེར་གྱི་ཤུལ་ལུས་དངོས་པོ་རྙེད་སོན་བྱུང་བ་དག་ལ་བརྟག་ཞིབ་བྱེད་སྐབས། ཐོན་སྐྱེད་ཕལ་ཆེ་བ་ རྡོ་དང་། གསེར། དངུལ། ཟངས། ལི། ལྕགས་སོགས་ལས་བཟོས་པ་རེད་འདུག ཟངས་དང་ལི་ནི་ལག་ཆ་དང་། གོ་མཚོན། ཐབ་ཆས་སོགས་བཟོ་བར་བེད་སྤྱོད་ཆེན་པོ་ཡོད། ལྕགས་རིགས་ཀྱི་ཐོན་སྐྱེད་ཕུད་ད་དུང་སྲིང་བལ་ལས་བཟོས་པའི་རས་ ཧྲུལ་དེ་འདྲ་ཡང་རྙེད་སོན་བྱུང་། ཁུལ་དེར་ལོ་ངོ་ 7000 གི་ཡར་སྔོན་ནས་སྲིང་བལ་སྐྱེ་འཕེལ་བྱུང་བར་གྲགས་ཤིང་། གནའ་རྫས་དཔྱད་ཞིབ་པ་ཚོས་ཧ་ར་པྤ་གྲོང་ཁྱེར་གྱི་སྲིང་བལ་འཐག་བེྱད་ཀྱི་ཡོ་ཆས་འདྲ་མིན་རྙེད་སོན་ཐུབ་ཡོད། གྲོང་ཁྱེར་གྱི་ཁ་ཟས།
གྲོང་ཁྱེར་ནང་འཚོ་སྡོད་བྱེད་མཁན་རྣམས་ཕུད། ད་དུང་མི་མང་པོ་ཞིག་ཞིང་འབྲོག་ས་ཁུལ་དུ་འཚོ་སྡོད་བྱེད་ ཀྱི་ཡོད། ཞིང་པ་དང་འབྲོག་པ་དེ་དག་གིས་གྲོང་ཁྱེར་ནང་སྡོད་མཁན་ཚོའི་ཁ་ཟས་མཁོ་འདོན་བྱེད་ཀྱི་ཡོད། བརྟག་ཞིབ་ བྱས་པ་བརྒྱུད་ཧ་ར་པྤའི་ཡུལ་མི་རྣམས་ཀྱིས་གྲོ་དང་། ནས། སྲན་མ། འབྲས། པད་ཁ་སོགས་འབྲུ་རིགས་འདེབས་ལས་ བྱས་ཡོད་པ་ཤེས་རྟོགས་བྱུང་། ཁོ་ཚོས་ཞིང་ལས་བྱེད་ཆེད་ཀྱི་ལག་ཆ་གསར་བཟོ་དང་ཞིང་དུ་ཆུ་འདྲེན་སའི་ཡུར་བུ་ཡང་ བཟོས་ཡོད། འབྲུ་རིགས་འདེབས་ལས་བྱེད་པ་དང་ལྷན་དུ་ར་ལུག་དང་མ་ཧེ། བ་ཕྱུག་སོགས་གསོ་ཉར་བྱས་ཡོད་ལ། རི་ དྭགས་རྔོན་རྒྱག་ཀྱང་བྱས་ཡོད། ཉམས་ཆག་སོང་བའི་གྲོང་ཁྱེར་།
ལོ་ངོ་༣༩༠༠ཙམ་གྱི་ཡར་སྔོན་དུ་ཧ་ར་པྤ་གྲོང་ཁྱེར་དུ་འགྱུར་བ་ཆེན་པོ་ཞིག་ཐེབས་ཡོད། མི་རྣམས་ཀྱིས་རིམ་བཞིན་ གྲོང་ཁྱེར་ནང་འཚོ་སྡོད་བྱེད་རྒྱུ་མཚམས་འཇོག་བྱས་ནས་འཚོ་བའི་ལམ་བུ་གསར་པ་ཞིག་གཏོད་འགོ་བརྩམས། བཟོ་ ཚོང་ལས་རིགས་ཀྱི་རྒྱུ་ཆ་དཀོན་དུ་སོང་བ་དང་། ཞིང་དུ་ཡུར་ཆུ་འདྲེན་པའི་ལམ་སྲོལ་ཡང་རིམ་བཞིན་ཉམས་རྒུད་དུ་
87
88
ལོ་རྒྱུས།
སོང་། སྡོད་ཁང་ཀྱི་བཀོད་པ་ཞན་ཞིང་གང་སར་གད་སྙིགས་ཀྱི་ཕུང་གསོག་ལས་མཐོང་རྒྱུ་མེད་པར་གྱུར་བ་རེད། འོ་ན་ འགྱུར་བ་དེ་འདྲ་ཞིག་སོང་བའི་རྒྱུ་མཚན་གང་ཡིན་ནམ་ཞེ་ན། མཁས་པ་ཁ་ཅིག་གི་འདོད་ཚུལ་ལ་གཙང་པོ་སྐམ་ནས་ཞིང་ ཆུ་ཆད་པས་ཞིང་ལས་བྱེད་ཐབས་བྲལ་བར་འདོད་པ་དང་། ཡང་ལ་ལས་ཤིང་ནགས་གཅོད་འབྲེག་ཚད་ལས་འདས་པ་བྱས་ རྐྱེན་སོ་ཕག་དང་ལྕགས་རིགས་བཞུ་ཆེད་ཀྱི་མེ་ཤིང་རྫོགས་པ་མ་ཟད་ཐ་ན་ཁྱིམ་དུ་ཇ་སྐོལ་བྱེད་ཀྱི་མེ་ཤིང་ཡང་དཀོན་པོར་ གྱུར་ཚུལ་གླེང། མཁས་པ་ཁ་ཅིག་གིས་སྒོ་ཕྱུག་གཉེར་སྐྱོང་བྱས་པ་མང་དྲགས་ནས་རྩྭ་དང་རྩི་ཐོག་ཐམས་ཅད་ཟད་པར་ བརྟེན་སྒོ་ཕྱུག་འཚོ་སྐྱོང་བྱེད་པའི་འཚོ་བའི་རྒྱུན་ཆད་པར་འདོད་ཀྱི་ཡོད། གང་ལྟར་ཡང་གོང་འཁོད་རྒྱུ་མཚན་དག་གིས་ གྲོང་ཁྱེར་ཡོངས་རྫོགས་རྩ་སྟོང་སོང་བར་ར་སྤྲོད་མཐར་ཕྱིན་པ་བྱེད་ཁག་པོ་རེད། གཙང་པོ་སྐམ་པ་དང་ཆུ་ལོག་གི་གནོད་ འཚེ་ལྟ་བུས་ས་ཁུལ་འགའ་ཤས་ལ་གཏོར་སྐྱོན་བྱེད་པ་མ་གཏོགས་གྲོང་ཁྱེར་ཡོངས་རྫོགས་རྩ་སྟོང་འགྲོ་མི་སྲིད། ཚོད་བགམ་བྱས་ན་ཡུལ་གྱི་རྒྱལ་པོས་དབང་སྒྱུར་ལེགས་པོ་བྱེད་མ་ཐུབ་པ་མིན་ནམ་སྙམ། དཔེར་ན་པཱན་ཇབ་ནུབ་མ་ (དེང་སྐབས་པཱཀི་སིཏཱན་)དང་སིན་དཱི་མངའ་ཁུལ་གྱི་མི་སེར་རྣམས་རང་ཡུལ་རྒྱབ་ཏུ་དོར་ནས་རྒྱ་གར་ཤར་ལྷོ་གཉིས་སུ་ གནས་སྤོས་པ་དང་། གཞིས་སྡེ་གསར་བསྐྲུན་བྱས་ཡོད།
སྦྱོོང་ཚན་
དང་པོ། འགྲིག་མིན་རྟགས་རྒྱོབ།
ཀ༽ ཧ་ར་པྤ་གྲོང་འཁྱེར་ནི་སྐམ་ས་ཆེན་མོའ ་ི ཐོག་གི་གྲོང་འཁྱེར་གསར་ཤོས་ཤིག་རེད། ཁ༽ ལོ་ངོ་༧༠༠༠གི་ཡར་སྔོན་ནས་ཧ་རཱ་པའི་ཡུལ་དུ་སྲིང་བལ་སྐྱེ་འཕེལ་བྱུང་། ག༽ ཧ་ར་པྤ་གྲོང་ཁྱེར་ལ་ཉམས་ཆག་གང་ཡང་མེད་པར་གནས་ཡོད།
གཉིས་པ། ལན་མདོར་བསྡུས་རེ་བྲིས།
ཀ༽ ཧ་ར་པྤ་གྲོང་ཁྱེར་ལ་དུས་ཡུན་ཇི་ཙམ་གྱི་ལོ་རྒྱུས་ལྡན་ཡོད་དམ། ཁ༽ ཧ་ར་པྤ་གྲོང་ཁྱེར་གྱི་ཐོན་སྐྱེད་རྣམས་རྒྱུ་ཆ་གང་དག་བེད་སྤྱད་ནས་བཟོས་ཡོད་དམ། ག༽ ལོ་ངོ་ ༣༩༠༠ ཡི་སྔོན་དུ་ཧ་ར་པྤའི་ཡུལ་དུ་འགྱུར་བ་ཅི་འདྲ་བྱུང་ཡོད།
གསུམ་པ། གྲོས་སྡུར་བྱ་རྒྱུ།
ཀ༽ ཧ་ར་པྤ་གྲོང་ཁྱེར་འཛུགས་སྐྲུན་བྱེད་སྟངས་གང་འདྲ་རེད་དམ། ཁ༽ ཧ་ར་པྤ་གྲོང་ཁྱེར་མཐའ་འཁོར་གྱི་ཞིང་འབྲོག་པ་ཚོས་འབྲུ་རིགས་འདེབས་ལས་བྱས་པའི་སྐོར་ལ་གྲོས་བསྡུར་བྱ་དགོས། ག༽ གནའ་བོའ ་ི གྲོང་ཁྱེར་དེ་རིམ་བཞིན་ཉམས་ཆགས་སོང་བའི་རྒྱུ་མཚན་གང་ཡིན་སྐོར་ལ་གྲོས་བསྡུར་བྱོས། ང༽ རིག་དངོས་ཤུལ་བཞག་སྲུང་སྐྱོབ་བྱ་ཐབས་ཅི་འདྲ་ཡོད་པའི་སྐོར་ལ་གྲོས་བསྡུར་བྱོས།
88
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
89
སློབ་ཚན་བཞི་པ། --- རྒྱལ་ཕྲན་དང་གནའ་བོའ་ི སྤྱི་མཐུན་རྒྱལ་ཁབ།
འགོ་འཁྲིད་ཇི་ལྟར་བྱུང་ངམ།
མི་མང་གིས་འོས་འཕངས་ནས་འགོ་འཁྲིད་འདེམས་པའི་ལམ་སྲོལ་ནི་དེང་སྐབས་རྒྱལ་ཁབ་ཕལ་ཆེ་བས་དགའ་ མོས་བྱེད་ཀྱི་ཡོད། ང་རང་ཚོའི་གཞུང་ལ་ཆ་མཚོན་ན་ཡང་སྤྱི་འཐུས་དང་བཀའ་བློན་ཁྲི་པ་ནི་མི་མང་གིས་ཐད་ཀར་འོས་ འདེམས་བྱེད་ཀྱི་ཡོད། འོ་ན་གནའ་སྔ་མོར་ཡུལ་གྱི་འགོ་འཁྲིད་ཇི་ལྟར་བྱུང་གི་ཡོད་པ་ཁྱེད་ཀྱིས་ཤེས་སམ། གནའ་བོའ ་ི རྒྱ་ གར་ལ་དཔེ་བཞག་ན་མང་པོས་བཀུར་བའི་རྒྱལ་པོའ ་ི རིགས་རྣམས་ཡུལ་མིས་བདམས་པ་ལས་གཞན་རྒྱལ་པོ་དང་འགོ་ འཁྲིད་མང་ཆེ་བ་ནི་ཕ་རྒྱུད་བུ་འཛིན་དང་། དབང་ཤེད་འབའ་ཞིག་ལས་བྱུང། དཔེར་ན་ལོ་ངོ་༣༠༠༠ཡར་སྔོན་དུ་རྒྱ་གར་གྱི་ རྒྱལ་ཕྲན་མང་པོའ ་ི ནང་རྒྱལ་པོའམ་རཱ་ཇཱ་བདམས་པའི་སྲོལ་འདི་འདྲ་ཞིག་ཡོད། སྐྱེ་བོ་གང་ཞིག་གིས་དབང་ཤེད་བེད་སྤྱོད་ བྱེད་པ་དང་བློས་གཏོང་ཆེན་པོ་རེ་བྱས་ཚེ་དེ་ཉིད་རྒྱལ་པོར་བསྐོ་བ་ཡིན། རྟའི་ཆོ་གའམ་ཨཤ་བ་མེ་དྷཱ་ (Ashvamedha) ཞེས་པའི་སྲོལ་ལ་གཞིགས་ན་རྟ་རྒོད་ཅིག་གང་སར་འཁྱམས་ཉུལ་བྱེད་དུ་བཅུག་པ་དང་དེར་བློན་པོ་ཚོས་ལྟ་སྲུང་བྱེད་ཀྱི་ ཡོད། གལ་ཏེ་རྟ་རྒོད་དེ་རྒྱལ་ཕྲན་གཞན་དག་གི་མངའ་ཁོངས་སུ་སོང་ནས་རྒྱལ་ཕྲན་དེའི་རྒྱལ་པོས་བཀག་སྡོམ་བྱས་ཚེ་ ཡུལ་གཉིས་དབར་དམག་འཐབ་དྲག་པོ་བྱེད་དགོས་ཀྱི་ཡོད་ལ་རྒྱལ་ཁ་ཐོབ་མཁན་དེ་འགོ་ཁྲིད་གཙོ་བོར་ངོས་འཛིན་བྱེད་ ཀྱི་ཡོད། གལ་ཏེ་རྟ་རྒོད་དེ་དེ་མུར་གཏོང་བ་ལས་བཀག་སྡོམ་མ་བྱས་ན་རང་བཞིན་གྱིས་ཕམ་པར་ཁས་ལེན་བྱེད་པའི་ རྟགས་ཡིན་པས་རྟ་རྒོད་འཁྱམས་སུ་འཇུག་མཁན་དེ་རྒྱལ་པོ་ཆེན་པོའམ་གཙོ་གནད་འགོ་འཁྲིད་ལ་ངོས་འཛིན་པ་ཡིན། རྟའི་ཆོ་ག་དེ་ལེགས་གྲུབ་བྱུང་མཚམས་པཎྜིཏ་དང་ཆོས་དཔོན་ཚོས་ཆོས་ཕྱོགས་ཀྱི་ཆོ་ག་ཕྱག་ལེན་བྱས་རྗེསཆོས་དཔོན་ དང་རྒྱལ་ཕྲན་གཞན་དག་གིས་རྒྱལ་པོས་འབུལ་ཚན་འདེགས་འབུལ་ཞུས་ནས་རྟེན་འབྲེལ་ཞུ་ཡི་ཡོད། རྒྱལ་པོ་ཆེན་པོ་ཁྲི་ སྟེང་དུ་འཁོད་རྗེས་རྒྱལ་ཕྲན་གཞན་དག་གི་རྒྱལ་པོ་ཡང་རིམ་བཞིན་བཞུགས་གྲལ་ལ་འཁོད་དེ་རྒྱལ་པོའ ་ི ཆེ་བ་སྣ་ཚོགས་ གླེང་བར་བྱེད། རྒྱལ་བློན་འདུས་སར་མི་མང་གིས་ཀྱང་རྒྱལ་པོར་འབུལ་བ་ཕུལ་ནས་བཀྲ་ཤིས་པའི་རྟེན་འབྲེལ་ཞུ་བ་ཡིན། འོན་ཀྱང་རིགས་དམན་པ་རྣམས་ནི་རྒྱལ་བློན་འདུས་སར་བཅར་ཆོག་གི་མེད། ས་སྐྱོང་།
རྒྱལ་ཕྲན་གཞན་དག་གི་རྒྱལ་པོ་ཚོར་རཱ་ཇཱ་ཞེས་པའི་གོ་མིང་ལས་མེད་ཀྱང་གོང་གི་ཆོ་ག་ཆེན་པོ་སྒྲུབ་ཐུབ་ མཁན་གྱི་རྒྱལ་པོ་ལ་ཇཱ་ནཱ་པཱ་དཱའམ་ (Janapada) ས་སྐྱོང་ཞེས་པའི་གོ་མིང་ཐོབ་ཀྱི་ཡོད། ལོ་ངོ་༢༥༠༠ཙམ་གྱི་ཡར་སྔོན་ དུ་ཁོ་ཚོར་ཆེ་མཐོང་ཆེན་པོ་སྤྲད་ནས་མ་ཧཱ་ཇཱ་ནཱ་པཱ་དཱའམ་ (Mahajanapada) ས་སྐྱོང་ཆེན་པོ་ཞེས་པའི་མཚན་གནས་ འབུལ་གྱི་ཡོད། གནའ་རྫས་དཔྱད་ཞིབ་པ་ཚོས་དིལླི་རྙིང་པ་དང་མཱི་རུཏ་ཉེ་འཁོར་དུ་ས་སྐྱོང་གིས་དབང་བསྒྱུར་བྱས་པའི་གནའ་ རྫས་མང་པོ་རྙེད་ཡོད་ལ། ས་སྐྱོང་གི་མངའ་འབངས་ཚོས་འབྲས་དང་གྲོ། ནས། སྲན་མ། པད་ཁ་སོགས་འདེབས་ལས་ བྱས་པ་ཤེས་རྟོགས་བྱུང་། ས་སྐྱོང་ཆེན་པོ་འདི་དག་ལ་རང་ཉིད་ཀྱི་རྒྱལ་ས་དང་མཁར་རྫོང་སྣ་ཚོགས་ཡོད་ཅིང་མཁར་རྫོང་
89
90
ལོ་རྒྱུས།
དེ་དག་ནི་དགྲ་བོར་ལྟ་སྲུང་བྱེད་རྒྱུ་ཁོ་ན་ཙམ་མིན་པར་རང་ཉིད་ཀྱི་རྒྱུ་ནོར་དང་དབང་ཤུགས་གཞན་ལ་ངོམས་རྒྱུའི་ཆེད་ དུའང་ཡིན་པར་འདོད། ས་སྐྱོང་ཆེན་པོ་ཚོས་དམག་མི་འབོར་ཆེན་ཉར་བ་དང་ཁོ་ཚོར་གླ་ཆ་གྱ་ནོམ་པ་སྤྲད་ནས་ལོ་འཁོར་ མོར་རྒྱལ་གཞིས་སྲུང་སྐྱོབ་བྱེད་ཀྱི་ཡོད།
ས་སྐྱོོང་ཆེེན་པོོོས་མངའ་དབང་བསྒྱུར་བའིི་གཙོོ་གནད་ས་ཁུལ་ཁག་
གན་དྷ་ར།
ཀུ་རུ།
པན་ཅ་ལ།
སུ་ར་སེ་ན། མ་ཙ་ཡ། ཨ་བན་ཏི།
ཀོ་ས་ལ།
བ་ཚ།
ཅེཊི་ཡ།
ཨ་ས་ཀ།
མ་ལ། ཀ་ཤི
མ་ག་དྷ།
ཝ་ཇི། ཨངྒ་།
གྲོང་འཁྱེར།
གཙང་པོ། ད་ལྟའི་ས་མཚམས།
ཁྲལ།
ས་སྐྱོང་ཆེན་པོ་ཚོས་རྒྱལ་ཁང་དང་མཁར་རྫོང་ལྟ་ན་སྡུག་པ་སྣ་ཚོགས་བརྒྱབས་པ་མ་ཟད་དམག་མི་འབོར་ཆེན་ གསོ་ཉར་བྱེད་དགོས་ཀྱི་ཡོད་པས་རྒྱལ་ཕྲན་དང་མི་སེར་གྱི་འབུལ་བས་རྒྱལ་སྲིད་སྐྱོང་ཐུབ་ཐབས་མེད། དེར་བརྟེན་ས་ སྐྱོང་ཆེན་པོ་ཚོས་ཁྲལ་བསྡུ་བའི་འགོ་བརྩམས་ཡོད།
• རྒྱལ་པོའ ་ི མངའ་འོག་གི་མི་སེར་ཕལ་ཆེ་བ་ཞིང་པ་ཡིན་པར་བརྟེན་འབྲུ་རིགས་ཀྱི་ཁྲལ་ནི་གཙོ་བོ་ཆགས་ཡོད། སྐབས་ དེར་ས་སྐྱོང་ཚོས་ཞིང་པ་ཁྱིམ་ཚང་རེའི་ས་ནས་ལོ་རེའི་འབྲུ་རིགས་ཐོན་འབབ་ཀྱི་དྲུག་ཆ་གཅིག་ཁྲལ་དུ་འཇལ་
90
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
• • • •
91
དགོས་པའི་གཏན་འབེབས་བཟོས་ཡོད། བཟོ་ལས་བྱེད་མཁན་ཚོར་ཡང་དཔྱ་ཁྲལ་བཟོས་ཡོད། ཁོང་ཚོར་དམིགས་བསལ་གྱི་རྒྱུ་དངོས་བསྒྲུབ་འཇལ་མི་ དགོས་ཀྱང་ཟླ་རེར་མ་མཐར་ཡང་ཉིན་གཅིག་རིང་རྒྱལ་པོའ ་ི ཕོ་བྲང་གི་ཞབས་འོག་ཏུ་ལས་ཀ་བྱེད་དགོས་ཀྱི་ཡོད། འབྲོག་པ་རྣམས་ཀྱིས་ཤ་མར་དང་སྒོ་ཟོག་གི་ཁྲལ་འཇལ་དགོས། ཚོང་ལས་བྱེད་མཁན་ཚོས་རང་ཉིད་ཀྱིས་ཉོ་འཚོང་བྱས་པའི་དངོས་ཟོག་གི་ཡོང་བབས་ལ་གཞིགས་ནས་ཁྲལ་བསྒྲུབ་དགོས། ཐ་ན་རྔོན་པ་ཚོས་ཀྱང་རི་དྭགས་ཀྱི་ཤ་སོགས་ཁྲལ་དུ་བསྒྲུབ་དགོས་པ་ཡིན། ཞིང་ལས་བཅོས་བསྒྱུར།
ས་སྐྱོང་ཆེན་པོ་ཚོས་དབང་བསྒྱུར་བའི་དུས་སྐབས་སུ། ཞིང་ལས་ཐོན་སྐྱེད་ལ་བཅོས་བསྒྱུར་ཆེན་པོ་གཉིས་བྱུང་ ཡོད། སྔོན་ཆད་ཞིང་རྨོ་སྐབས་ཤིང་གི་ལག་ཆ་བེད་སྤྱོད་བྱེད་ཀྱི་ཡོད་པ་དེ་ལྕགས་ལ་བསྒྱུར་ནས་རྨོན་ལྕགས་བེད་སྤྱོད་ གཏོང་འགོ་ཚུགས་པ་དང་། ས་བོན་འདེབས་ལས་ཁོ་ནར་མ་བརྟེན་པར་རྩི་ཤིང་རྩྭ་སྤོས་རྒྱག་པའི་སྲོལ་དར་བ་དེས་ཞིང་ ལས་ཀྱི་ཐོན་འབབ་འཕར་སྣོན་བྱུང་བར་ཤུགས་རྐྱེན་ཆེན་པོ་སྤྲད་ཡོད། འོན་ཀྱང་ཞིང་པ་མང་ཆེ་བ་ནི་བྲན་གཡོག་དང་ཞིང་ ཁ་མེད་པའི་དབུལ་པོ་རྣམས་ཡིན། མ་ག་དྷའི་མངའ་ཐང་།
མ་ག་དྷའི་རྒྱལ་པོ་ནི་ལོ་ངོ་ཉིས་བརྒྱ་ཙམ་གྱི་རིང་ས་སྐྱོང་ཆེན་པོ་སྐད་གྲགས་ཆེ་ཤོས་སུ་གྱུར། སྙན་གྲགས་ཅན་ གྱི་ཆུ་བོ་གངྒཱ་སོགས་མ་ག་དྷ་བརྒྱུད་ནས་བཞུར་གྱི་ཡོད་ཅིང་། དེས་འགྲིམ་འགྲུལ་དང་ཆུ་ནུས་ཐོན་ཁུངས། ཞིང་ལས་ ཐོན་སྐྱེད། ནགས་ཚལ་རྒྱ་སྐྱེད་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། གཞན་ཡང་ལྕགས་རིགས་སོགས་ཀྱི་ཐོན་ཁུངས་ ལེགས་པས་གོ་མཚོན་དང་ལག་ཆ་སོགས་བཟོ་སྐྲུན་བྱེད་པར་དམིགས་བསལ་གྱི་ཕན་ནུས་ཐོན་ཡོད། མ་ག་དྷའི་ཡུལ་ དུ་རྒྱལ་པོ་སྙན་གྲགས་ཤིན་ཏུ་ཆེ་བ་གཉིས་བྱོན་ ཡོད་པ་ནི་གཟུགས་ཅན་སྙིང་པོ་(Bimbisara) རྒྱལ་པོའ ་ི ཁབ་ཏུ་རྒྱལ་པོ་མ་སྐྱེས་དགྲས་བརྒྱབས་པའི་མཆོད་རྟེན་གྱི་ཤུལ། དང་། རྒྱལ་པོ་མ་སྐྱེས་དགྲ་ (Ajatsattu)གཉིས་ ཡིན། རྒྱལ་པོ་གཟུགས་ཅན་སྙིང་པོ་ནི་མ་ག་དྷའི་ མངའ་ཐང་སྤེལ་མཁན་ཐོག་མ་དེ་ཡིན། རྒྱལ་པོ་ མ་སྐྱེས་དགྲས་རང་གི་ཡབ་གཟུགས་ཅན་སྙིང་པོ་ བཀྲོངས་རྗེས་མ་ག་དྷའི་རྒྱལ་ས་བཟུང་། ཝ་ཇི་ (Vajji) སྤྱི་མཐུན་རྒྱལ་ཁབ་དང་དམག་འཐབ་ ལོ་མང་བྱས་ནས། མཐར་མ་སྐྱེས་དགྲ་ལ་རྒྱལ་ཁ་ ཐོབ་སྟེ་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་མངའ་ཐང་ ཆེ་ཤོས་སུ་གྱུར།
91
92
ལོ་རྒྱུས།
ལོ་ངོ་༢༣༠༠ལྷག་གི་ཡར་སྔོན་དུ་ཨེ་ལེག་ཙཎྡྲ་(Alexandra)ཞེས་པའི་ཡུ་རོབ་ཀྱི་གོང་མ་ཞིག་གིས་ ཡུ་རོབ་ཀྱི་ས་ཁུལ་མང་པོར་དབང་བསྒྱུར་བྱས་ནས་མཐར་ཨེ་ཤི་ཡའི་ས་ཁུལ་དུ་དབང་བསྒྱུར་བྱེད་འགོ་བརྩམས། ཁོས་འཛམ་གླིང་ཡོངས་ལ་དབང་བསྒྱུར་བྱས་ནས་རང་ཉིད་འཛམ་གླིང་གི་རྒྱལ་པོར་འགྱུར་རྒྱུའི་རེ་བ་བཅངས། འོན་ཀྱང་རྒྱ་གར་གྱི་སྐམ་ས་ཆེན་མོའ ་ི ཉེ་འགྲམ་དུ་སླེབས་སྐབས། ཁོའ ་ི དམག་མི་ཚོས་རྒྱ་གར་གྱི་རྒྱལ་པོའ ་ི སྟོབས་ ཤུགས་ཧ་ཅང་ཆེན་པོ་ཡོད་སྐོར་ཐོས་པས། མུ་མཐུད་དཔུང་འཇུག་བྱེད་རྒྱུར་སྐྲག་ནས་དམག་འཐབ་ཕྱིར་འཐེན་བྱ་ དགོས་བྱུང་ཡོད། ཨ་ནན་ད་གཙུག་ལག་ཁང་།
ཝ་ཇི་ (Vajji) སྤྱི་མཐུན་རྒྱལ་ཁབ།
མ་ག་དྷའི་རྒྱལ་རྒྱུད་ཀྱིས་རྒྱ་གར་བྱང་ཕྱོགས་ས་ཁུལ་དུ་རྒྱལ་སྲིད་སྐྱོང་བའི་དུས་སྐབས་ནི། ཝ་ཇི་སྤྱི་མཐུན་ རྒྱལ་ཁབ་ཀྱིས་བི་ཧར་ས་ཁུལ་དུ་དབང་སྒྱུར་བྱེད་པའི་སྐབས་ཡིན། ཝ་ཇིའི་རྒྱལ་སྲིད་སྐྱོང་སྟངས་ལ་གྷ་ན་ (Gana) ཞེས་ ཟེར་ཞིང་། དེ་ནི་སྤྱི་མཐུན་རྒྱལ་ཁབ་བམ་རྒྱལ་ཕྲན་མང་པོ་མཉམ་འདུས་ཀྱིས་རྒྱལ་སྲིད་སྐྱོང་བའི་དོན་ཡིན། གྷ་ནའི་རྒྱལ་ སྲིད་སྐྱོང་མཁན་ལ་མི་གཅིག་ལས་མང་བ་ཡོད་ཅིང་། སྐབས་འགར་མི་སྟོང་ཚོ་ལས་བརྒལ་བའང་ཡོད། ཁོ་ཚོ་ཚང་མར་ ར་ཇཱའི་གོ་གནས་ཡོད་ལ་ཁོ་ཚོས་རྒྱལ་སྲིད་ཀྱི་ལས་དོན་སྒྲུབ་སྐབས་མཉམ་དུ་འདུས་ནས་གྲོས་བྱེད་པ་དང་། བགྲོ་གླེང་གི་ ལམ་ནས་གནས་ཚུལ་ཐག་གཅོད་བྱེད་ཀྱི་ཡོད། གྷ་ན་ལ་སྐབས་འགར་སཾགྷ་ (Sangha) ཡང་བརྗོད་ཅིང་། བདག་ཅག་གི་ སྟོན་པ་ཤཱཀྱ་ཐུབ་པ་ཡང་ཤཱཀྱའི་རིགས་ཀྱི་སཾགྷའི་ཁོངས་སུ་གཏོགས་སོ། །
92
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
93
སྦྱོོང་ཚན་ ཀ༽ ཁ༽ ག༽ ང༽
དང་པོ། འགྲིག་མིན་རྟགས་རྒྱོབ།
འོས་འཕངས་ནས་འགོ་འཁྲིད་འདེམས་པའི་སྲོལ་ནི་རྒྱལ་ཁབ་ཕལ་ཆེ་བས་དགའ་མོས་བྱེད་ཀྱི་ཡོད། མཁར་རྫོང་ནི་དགྲ་བོར་ལྟ་སྲུང་བྱེད་རྒྱུ་ཁོ་ནའི་ཆེད་རྒྱག་གི་ཡོད། མ་ག་དྷཱའི་མངའ་ཐང་སྤེལ་མཁན་ཐོག་མ་ནི་རྒྱལ་པོ་མ་སྐྱེས་དགྲ་ཡིན། སྟོན་པ་ཤཱཀྱ་ཐུབ་པ་ནི་ཤཱཀྱའི་རིགས་ཀྱི་སཾགྷའི་ཁོངས་སུ་གཏོགས་པ་ཡིན། གཉིས་པ། ལན་མདོར་བསྡུས་རེ་བྲིས།
ཀ༽ ཁ༽ ག༽ ང༽
ཀ༽ ཁ༽ ག༽ ང༽
སྔ་མོའ ་ི དུས་སུ་རྒྱ་གར་གྱི་རྒྱལ་པོ་བདམས་སྟངས་ཅི་འདྲ་རེད་དམ། ས་སྐྱོང་ཆེན་པོ་ཚོས་ཁྲལ་བསྡུ་དགོས་དོན་གང་ཡིན་ནམ། ས་སྐྱོང་ཆེན་པོ་ཚོས་དབང་བསྒྱུར་སྐབས་ཞིང་ལས་ལ་བཅོས་བསྒྱུར་གང་འདྲ་བྱུང་ཡོད་དམ། མ་ག་དྷའི་ཡུལ་དུ་རྒྱལ་པོ་སྙན་གྲགས་ཅན་གཉིས་བྱུང་ཡོད་པ་དེའི་མཚན་གང་ཡིན་ཕྲིས། གསུམ་པ། གྲོས་སྡུར་བྱ་རྒྱུ།
ས་སྐྱོང་ཆེན་པོ་ཚོས་ཁྲལ་བསྡུ་ཚུལ་སྐོར་ལ་གྲོས་སྡུར་བྱོས། མ་ག་དྷའི་རྒྱལ་ཁབ་ཀྱི་མངའ་ཐང་ཅི་འདྲ་ཡོད་པའི་སྐོར་ལ་གྲོས་སྡུར་བྱ་རྒྱུ། ཝ་ཇིའི་རྒྱལ་སྲིད་སྐྱོང་སྟངས་སྐོར་ལ་གྲོས་སྡུར་བྱོས། བོད་ཀྱི་རྒྱལ་པོ་འདེམས་སྟངས་དང་རྒྱ་གར་གྱི་རྒྱལ་པོ་འདེམས་སྟངས་ལ་འདྲ་བའི་ཆ་དང་མི་འདྲ་བའི་ཆ་ གང་ཡོད་སྐོར་ལ་གྲོས་སྡུར་བྱོས།
93
94
ལོ་རྒྱུས།
སློབ་ཚན་ལྔ་པ། --- དོགས་སློང་དང་ལྟ་གྲུབ་སྣ་ཚོགས་བྱུང་ཚུལ།
ལོ་རྒྱུས་ཀྱི་ཁུངས་དེད་ནས་ཞིབ་འཇུག་བྱས་ཚེ། རྒྱ་གར་ནི་མིའི་རིགས་ཀྱི་ལོ་རྒྱུས་ནང་ལྟ་གྲུབ་མང་པོ་དང་ མཁས་པ་མང་པོ་བྱུང་མྱོང་བའི་རྒྱལ་ཁབ་ཅིག་ཡིན་པ་ཤེས་ཐུབ། རང་རེའི་ནང་པ་སངས་རྒྱས་པའི་ཆོས་ལུགས་འདི་ཡང་ ལོ་ངོ་ 2500 ལྷག་གི་གོང་དུ་རྒྱ་གར་ནས་བྱུང་བ་ཞིག་ཡིན་ལ། ཕྱིས་སུ་རིམ་གྱིས་བོད་དང་ཤར་ཕྱོགས་རྒྱལ་ཁབ་མང་ པའི་ནང་དར་ཁྱབ་བྱུང་། དེ་བཞིན་ད་དུང་རྒྱ་གར་ནང་ཧིན་རྡུའི་ཆོས་ལུགས་དང་། གཅེར་བུ་པའི་ཆོས་ལུགས། སྒྲ་རིག་ པའི་གཞུང་ལུགས་སོགས་ཀྱང་སྔ་མོའ ་ི དུས་ནས་བྱུང་ཡོད། སྐབས་དེ་དུས་ལྟ་གྲུབ་མི་འདྲ་བ་མང་པོ་ཞིག་བྱུང་དོན་ནི། སྐབས་དེའི་མི་རྣམས་ཀྱིས་སྤྱི་ཚོགས་དང་། འཚོ་བ། མི་ཚེའི་དོན་སྙིང་། ལྐོག་གྱུར་གྱི་གནས་ཚུལ། འགྱུར་ལྡོག་གི་རྣམ་པ་སོགས་ལ་ངོས་འཛིན་བྱེད་སྟངས་དང་འབྲེལ་བ་དམ་ ཟབ་ཡོད་པ་ཞིག་ཡིན། སྔ་མོའ ་ི དུས་ཀྱི་མི་རྣམས་ནི་རྙོག་འཛིང་ཆེ་བའི་འཚོ་བ་དང་མི་ཚེ་ལ་རྒྱུས་མངའ་མེད་པའི་བྱིས་ པ་ཞིག་དང་མཚུངས། ཁོང་ཚོ་སྐབས་དེའི་མི་ཚེ་དང་འཚོ་བའི་བརྒྱུད་རིམ་ཁྲོད་ཀྱི་གནས་ཚུལ་མང་པོ་ཞིག་ལ་ཡ་མཚན་ དང། འཇིགས་སྣང་། དོགས་པ་སྣ་ཚོགས་སྐྱེས་མྱོང་ཡོད། ཁོང་ཚོས་འཇིག་རྟེན་འདིར་སྐྱེས་པའི་མི་ཚང་མ་མཐར་འཆི་ དགོས་པའི་ཆོས་ཉིད་འདི་ལས་ཐར་ཐབས་ཡོད་མེད་དང་། ཤི་ཚར་རྗེས་སླར་ཡང་སྐྱེ་བ་གཞན་ཞིག་གི་རྒྱུན་མཐུད་རྒྱུ་ཡོད་ མེད། གནས་ལུགས་མང་པོ་ཞིག་གི་དོན་རྟོགས་པར་ཅི་ཞིག་སྦྱང་དགོས་མིན། སྦྱང་བྱ་གང་ཞིག་ཅི་ལྟར་སྦྱོང་དགོས་ཚུལ་ སོགས་ལ་དོགས་སློང་སྣ་ཚོགས་བྱས་པར་བརྟེན། གནས་ཚུལ་གཅིག་གི་སྐོར་ལ་སྣང་ཚུལ་མི་འདྲ་བ་བྱུང་བས་འགྲེལ་ བརྗོད་བྱེད་སྟངས་ཀྱི་ལྟ་གྲུབ་ཀྱང་སྣ་ཚོགས་བྱུང་བ་རེད།
སངས་རྒྱས་ཀྱི་མཛད་པ་མདོར་བསྡུས།
སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་གཞན་ལ་གཽཽཏམ་ཡང་ཟེར། ཁོང་ལོ་ངོ་ 2500 ཡི་སྔོན་ལ་ཤཱཀྱའི་རིགས་སུ་ སྐུ་འཁྲུངས་པ་དང་། ཁོང་ནི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་སྲོལ་གཏོད་པ་པོ་ཡིན། ཁོང་སྐུ་ན་གཞོན་ནུའི་དུས་ ནས་ཐོས་པ་མང་དུ་འཚོལ་ཆེད་ཁྱིམ་གྱི་ལོངས་སྤྱོད་ཡོད་ཚད་དོར་ཏེ། ལོ་མང་རིང་ཡུལ་ཁམས་བསྐོར་ནས་བསམ་བློ་བ་ གཞན་དང་མཉམ་དུ་སློབ་གཉེར་ཐད་བགྲོ་གླེང་དང་གྲོས་སྡུར་མང་དུ་མཛད། མཐར་ཁོང་ཉིད་ཀྱི་གནས་ལུགས་རྟོགས་པའི་ ལྟ་བ་གཏན་ལ་འབེབས་ཆེད། བི་ཧཱར་མངའ་སྡེའི་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་དུ་སྒོམ་བརྒྱབས་ནས་བཞུགས་པ་དང། དེར་ཁོང་མངོན་པར་རྫོགས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ། དེ་ནས་བཟུང་ཁོང་གི་མཚན་ལ་སངས་རྒྱས་ཞེས་ཡོངས་ སུ་གྲགས་པ་དང་། སཱར་ནཱ་ཐ་ཡི་ཉེ་སར་ཡོད་པའི་ཝཱ་རཱ་ཎ་སཱིར་ཕེབས་ཏེ་ཆོས་ཐོག་མར་གསུང་གནང་མཛད། མཐར་རྩྭ་ མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་པའི་ཚུལ་མ་བསྟན་བར། སྐུ་ཚེ་ཧྲིལ་པོར་ཡུལ་གཅིག་ནས་གཅིག་ལ་ཕེབས་ཏེ་སྐལ་ ལྡན་སྐྱེ་འགྲོ་མང་པོ་ཆོས་ཀྱི་སྦྱིན་པས་ཚིམས་པར་མཛད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་”འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་
94
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
95
ཝ་རཱ་ཎཱ་སིར་ཆོས་ཀྱི་འཁོར་ལོ་ཐོག་མ་བསྐོར་།
དུས་རབས་གསུམ་པའི་ནང་བཞེངས་པའི་རྡོ་སྐོས་ བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ།”ཞེས། འཇིག་རྟེན་འཁོར་བ་ནི་བདེ་སྐྱིད་དང་ བྲལ་ཞིང་སྡུག་བསྔལ་འབའ་ཞིག་གིས་མནར་བ་དང་། སྡུག་བསྔལ་དེ་ནི་དུས་གཏན་ཏུ་ཚིམས་པ་མེད་པའི་སྲེད་པ་དང་ འདོད་རྔམ་ལས་བྱུང་བ་ཡིན། མཚམས་མཚམས་སུ་ང་ཚོས་འཐོབ་རེ་བྱེད་པ་དེ་ལག་ཏུ་སོན་ནའང་། ད་དུང་དེ་ལས་མང་ བ་གཞན་ཞིག་འཐོབ་འདོད་བྱེད་པ་དང་། དེ་ནི་བརྐམ་ཆགས་དབང་གིས་ཡིན། དུས་རྒྱུན་ཅི་ཞིག་གི་ཐད་ལ་ཡིན་ཡང་ཆོག་ ཤེས་བསྟེན་ན། ཡང་ཡང་བློ་ངོར་འཁོར་བའི་སྲེད་ཞེན་གྱི་བློ་དེ་རིགས་གཅུན་ཐུབ་ངེས་གསུངས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་ལ་བསམ་སྤྱོད་བཟང་པོར་བརྟེན་དགོས་པ་དང་། སྲོག་ལྡན་དུད་འགྲོ་དང་ བཅས་པའི་འགྲོ་བ་གཞན་ཚང་མའི་ཚེ་སྲོག་ལ་བརྩི་འཇོག་བྱེད་དགོས་པར་གསུངས། ཁོང་གི་དགོངས་པར་ང་ཚོས་དགེ་ བའི་ལས་དང་མི་དགེ་བའི་ལས་གང་བསགས་ནའང། དེའི་འབྲས་བུ་བདེ་སྡུག་ནི་ཚེ་འདི་ཕྱི་གང་རུང་ལ་སྨིན་ངེས་པར་ དགོངས། ཁོང་གིས་ཆོས་གསུང་སྐབས་མི་མང་དཀྱུས་མས་རྒྱུན་སྤྱོད་བྱེད་པའི་ཡུལ་སྐད་ཐོག་གསུངས་པས། མི་ཚང་ མས་ཁོང་གིས་གསུངས་པའི་ཆོས་ཀྱི་དོན་རྟོགས་ཐུབ་ཀྱི་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ད་དུང་ཁོང་གིས་གང་གསུངས་པར་ཉན་རྐྱང་མི་བྱེད་པར་རང་ངོས་ནས་ བརྟག་དཔྱད་ཀྱིས་བརྡར་ཤ་གཅོད་རྒྱུ་གལ་ཆེབའི་བསླབ་སྐུལ་གནང་ཡོད།
95
96
ལོ་རྒྱུས།
བུད་མེད་ཀི་སཱ་གྷོ་ཊ་མིའི་སྒྲུང་།
སྔོན་མིང་ལ་ཀི་སཱ་གྷོ་ཌཱ་མི་ཟེར་བའི་བུད་མེད་ཅིག་ཡོད་པ་དང་།
ཞིག་གིས་གྲོངས་པར་གྱུར་བས།
ཡིད་སེམས་སྐྱོ་བས་མནར་ཏེ།
ཁོ་མོར་བུ་ཞིག་བཙས་པ་དེ་གློ་བུར་གྱི་རྐྱེན་ངན་
བུའི་ཕུང་པོ་ཁུར་ནས་སླར་ཡང་གསོན་ཐབས་ཤིག་རྙེད་
པར་རེ་བ་བྱེད་ཀྱིན་གྲོང་ཁྱེར་གྱི་གཞུང་ལམ་དེད་ནས་སོང་། ལམ་བར་དུ་མི་སེམས་བཟང་ཞིག་ལ་ཐུག་སྟེ་ཁོ་མོ་སངས་རྒྱས་ བཞུགས་ཡོད་སར་ཁྲིད།
སངས་རྒྱས་ཀྱིས་ཁོ་མོར། ”ཁྱེད་ཀྱིས་ང་ལ་ཡུངས་དཀར་གྱི་འབྲུ་སྦར་མོ་གང་ཁྱེར་ཤོག་དང་། ངས་ཉིད་ཀྱི་བུ་སླར་
ཡང་གསོན་ཐབས་བྱ་ཆོག”ཅེས་གསུངས།
བུ་མེད་ཀི་སཱ་གྷོ་ཌཱ་མི་ཧ་ཅང་དགའ་ནས་དེ་མ་ཐག་ཡུངས་དཀར་གྱི་འབྲུ་ལེན་དུ་འགྲོ་རྩིས་བྱས།
ཁོ་མོ་འགྲོ་ཁར་
སངས་རྒྱས་ཀྱིས་སླར་ཡང་”ཡུངས་དཀར་གྱི་འབྲུ་དེ་ནི་མི་གཅིག་ཀྱང་གྲོངས་མ་མྱོང་བའི་ཁྱིམ་ཚང་ཞིག་ནས་ཁྱེར་ཡོང་ དགོས་”གསུངས།
དེ་ནས་ཁོ་མོ་ཁྱིམ་ཚང་རེ་རེ་བཞིན་སོང་སྟེ་སྐད་ཆ་དྲིས། འོན་ཀྱང་ཁོ་མོས་མི་གྲོངས་མ་མྱོང་བའི་ཁྱིམ་ཚང་གཅིག་
ཀྱང་མ་རྙེད། ཁོ་མོ་ཁྱིམ་ཚང་ཅི་འདྲ་ཞིག་ལ་སོང་ཡང་། དེར་རྨོ་རྨོ་གྲོངས་པའམ། སྤོ་བོ་གྲོངས་པའམ། ཕ་གྲོངས་པའམ། མ་
གྲོངས་པའམ། ཁྱོ་བོ་གྲོངས་པའམ། བཟའ་ཟླ་གྲོངས་པའམ། བུ་གྲོངས་པའམ། བུ་མོ་གྲོངས་པའམ། ཕུ་བོ་གྲོངས་པའམ། ནུ་མོ་ གྲོངས་པ་སོགས་གང་ལྟར་ཁྱིམ་ཚང་ཞིག་ནས་མི་ཞིག་གྲོངས་མ་མྱོང་བ་མེད་པ་མཐོང་།
སངས་རྒྱས་ཀྱིས་ཡིད་སེམས་སྐྱོ་སྡུག་གིས་མནར་བའི་ཨ་མ་དེ་ལ་བསླབ་བྱ་གནང་པའི་བསྟན་དོན་གཙོ་བོ་གང་ཡིན་ནམ།
ཧིན་དྷུའི་ཆོས་ཀྱི་གཞུང་ལུགས་ཆེན་མོ་ཨུ་པཱ་ནི་ཤཱད། (Upanishad)
སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་གསུངས་པའི་ཡར་སྔོན་དང་། ཆོས་གསུང་བའི་དུས་སྐབས་སུ་བསམ་ བློ་བ་གཞན་དག་གིས་ཀྱང་འགྲེལ་དཀའ་བའི་འཇིག་རྟེན་གྱི་སྣང་ཚུལ་དང་ཆོས་ཉིད་མང་པོ་ཞིག་ལ་དོགས་སློང་དང་བསམ་ གཞིག་བྱེད་ཀྱི་ཡོད། ཁོང་ཚོས་སྲོག་ལྡན་ཞིག་ཤི་སྟེ་ལུས་ཞིག་པར་གྱུར་ནའང་། དེར་ད་དུང་རྟག་བརྟན་གྱི་རྒྱུན་ཞིག་ཡོད་ པར་འདོད། རྟག་བརྟན་གྱི་རྒྱུན་དེ་ལ་ཁོ་ཚོས་བདག་དང་གཙོ་བོ་ཞེས་འགྲེལ་བཤད་བྱེད་ཀྱི་ཡོད་ལ། མཐར་བདག་དང་ གཙོ་བོ་གཉིས་ཀའང་ངོ་བོ་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཨུ་པཱ་ནི་ཤཱདའི་ནང་དུ་ཁོ་ཚོའི་ལྟ་ཚུལ་མང་པོ་ཕྱོགས་བསྡུས་བྱས་ཡོད་པ་དང་། ལྟ་ཚུལ་དེ་དག་ཕྱིས་སུ་བྱུང་ བའི་རིག་བྱེད་གཏམ་རྒྱུད་ཀྱི་གཞུང་ལུགས་ཀྱི་ཆ་ཤས་སུ་གྱུར། སྤྱིར་ཨུ་པཱ་ནི་ཤཱདའི་དོན་ནི་”ཉེ་བར་བཅར་བའམ་ཉེ་བར་ གནས་པ་”ལ་གོ་བ་དང་། དཔེ་ཆའི་ནང་དུ་གནད་དོན་མང་པོའ ་ི ཐད་དགེ་བའི་བཤེས་གཉེན་དང་སློབ་མ་གཉིས་ཀྱིས་ཕན་ ཚུན་དྲི་བ་དྲིས་ལན་བྱས་པའི་་རྣམ་པ་ལྟར་བཀོད་ཡོད་ལ། ལྟ་ཚུལ་རྣམས་མི་ཚང་མས་གོ་སླ་བའི་གླེང་མོལ་གྱི་རྣམ་པ་ སྟབས་བདེ་ཞིག་གི་ལམ་ནས་བྲིས་ཡོད། སྤྱིར་ཨུ་པཱ་ནི་ཤཱདའི་གཞུང་ལ་མཁས་པ་མང་ཆེ་བ་ནི་སྐྱེས་པ་ཡིན་ལ། སྐྱེས་པའི་ནང་ནས་ཀྱང་བྲམ་ཟེ་དང་རྒྱལ་
96
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
97
རིགས་ཡིན། འོན་ཀྱང་སྐབས་འགར་གྷར་གྷི་(Gargi)ལྟ་བུའི་བུད་མེད་མཁས་པའང་བྱུང་མྱོང་ཡོད། མི་དབུལ་པོ་ཚོ་གཞུང་ ལུགས་བགྲོ་གླེང་གི་གྲས་སུ་ཚུད་རྒྱུ་ཧ་ཅང་དཀའ། འོན་ཀྱང་དམིགས་བསལ་གཅིག་བྱུང་བ་ནི། བྲན་མོ་ཇཱ་བྷ་ལི་(Jabali) ཡི་བུ་སཱད་ཡཱ་ཀཱ་མཱ་ཇཱ་བྷ་ལི་(Satyakama Jabali)ཡིན་པ་རེད། ཁོང་སློབ་གཉེར་ལ་བརྩོན་པའི་འདུན་པ་ཆེན་པོ་ཡོད་མཁན་ ཞིག་ཡིན་པས། བྲམ་ཟེའི་སློབ་དཔོན་གཽ་ཏཱ་མཱས་སློབ་མ་ལ་ཉར་བ་དང་། ཕྱིས་སུ་སྐབས་དེའི་མཁས་པ་ཚོའི་ནང་གི་གྲགས་ པ་ཆེ་ཤོས་ཤིག་ཏུ་གྱུར། དེ་རྗེས་གྲགས་ཅན་གྱི་མཁས་པའི་དབང་པོ་ཤཱན་ཀཱར་ཨཱ་ཙརྻ་(Shankararcharya)མཆོག་གིས་ ཨུ་པཱ་ནི་ཤཱདའི་ནང་གི་ལྟ་ཚུལ་མང་པོ་ཞིག་ལ་དག་ཐེར་མཛད་ཡོད།
བརྡ་སྤྲོད་མཁས་པ་གྲགས་ཅན་པཱ་ཎི་ཎི།
སྐབས་དེ་ནི་མཁས་པ་ཚོས་རིག་གནས་གཞན་གྱི་ཐོག་ལའང་ཐུགས་ཁུར་གྱིས་ཧུར་བརྩོན་གནང་བའི་དུས་ ཤིག་ཡིན། སྐབས་དེར་སྙན་གྲགས་ཆེ་བའི་མཁས་པ་ཚོའི་ནང་གི་གཅིག་ནི་པཱ་ཎི་ཎི་ཡིན། ཁོང་གིས་རྩིས་རིག་ནང་ བཀོལ་བའི་སྤྱི་འགྲོས་ལྟར། དབྱངས་དང་གསལ་བྱེད་སྦྱོར་སྟངས་ཀྱི་རྣམ་པ་གསར་དུ་ཕྱེས་ཏེ། ལེགས་སྦྱར་སྐད་(Sanskrit) ལ་བརྡ་སྤྲོད་རིག་པའི་གཞུང་ལུགས་ཀྱི་སྲོལ་བཏོད། ཁོང་གིས་དབྱངས་གསལ་སྦྱོར་ཚུལ་གྱི་རྣམ་གཞག་དེ་དག་ བཀོལ་སྤྱོད་ཀྱིས་ལེགས་སྦྱར་གྱི་སྐད་ཡིག་དེ་རྩ་ཚིག་ཐུང་ངུ་ཞིག་གི་ནང་ལ་བསྡུས་ཏེ་འབྲི་ཐབས་བསྟན། (ཐུང་ངུར་འབྲི་ཐབས་ཀྱི་རྩ་ཚིག་དེ་ལ་རྣམ་གྲངས་སུམ་སྟོང་ཡས་མས་ཤིག་ཡོད་པ་འདྲ།)
གཅེར་བུ་པའི་ལུགས།(Jainism)
གཅེར་བུ་པའི་གྲུབ་མཐའ་འཛིན་མཁན་ནང་སྐད་གྲགས་ཆེ་ཤོས་ནི་ཝཱར་དྷཱ་མཱ་ནཱ་ མཱཧཱ་ཝི་རཱ་(Vardhamana Mahavira) ཡིན་པ་དང་། ཁོང་གིས་ལོ་ངོ་ཉིས་སྟོང་ལྔ་ བརྒྱའི་གོང་ནས་གཅེར་བུ་པའི་གྲུབ་མཐའ་སྤེལ་ཡོད། ཁོང་ནི་རྒྱལ་པོའ ་ི སྲས་སུ་ འཁྲུངས་པ་ཞིག་ཡིན་མོད། དགུང་གྲངས་སུམ་ཅུར་སོན་པའི་ཚེ་ཁྱིམ་གྱི་ལོངས་ སྤྱོད་དོར་ཏེ་ནགས་ཁྲོད་དུ་ཕེབས་ནས། ལོ་ངོ་བཅུ་གཉིས་རིང་དབེན་གནས་སུ་ བཞུགས་ཏེ་དཀའ་བ་སྤྱད་པས། མཐར་ཐར་པ་ཐོབ་པར་གྱུར།
ཁོང་གིས་སྐྱེས་པ་དང་བུད་མེ ད་སུས་གནས་ལུགས་མཐར་ཐུག་པ་དེ་མཁྱེན་ འདོད་ཡོད་ཚེ་ཁྱིམ་གྱི་ལོངས་སྤྱོད་ནི་སྤང་བྱ་ཡིན་པར་གསུངས། གཅེར་བུ་པའི་གྲུབ་མཐའ་ལ་ཞུགས་མཁན་ཚོས་སྲོག་ ལྡན་གཞན་ལ་འཚེ་བའི་ལས་བྱེད་པའམ་གཞན་གྱི་སྲོག་གཅོད་པ་སོགས་མི་བྱ་བའི་ཚུལ་ཁྲིམས་དམ་པོར་སྲུང་དགོས། མཱ་ ཧཱ་ཝིར་ཡཱ་མཆོག་གིས་’སྲོག་ལྡན་ཚང་མའི་ངོས་ནས་བཤད་ན་སྲོག་འཚོ་བར་འདོད་པ་དང་། ཚེ་སྲོག་ནི་གལ་ཆེ་ཤོས་ཡིན་ པར་’གསུངས། དུས་རྒྱུན་ཁོང་གིས་ཡུལ་མི་ཚོས་ཉིན་རེའི་འཚོ་བའི་ནང་ཉེ་བར་སྤྱོད་པའི་ཡུལ་སྐད་ཀྱི་ལམ་ནས་ཆོས་ གསུང་གི་ཡོད་པས། ཡུལ་མི་ཕལ་པ་ཚོས་ཀྱང་ཁོང་གིས་གསུངས་པའི་ཆོས་ཀྱི་དོན་ལེགས་པར་རྟོགས་ཐུབ་ཀྱི་ཡོད།
97
98
ལོ་རྒྱུས།
མཱ་ཧཱ་ཝིར་ཡཱ་མཆོག་གི་རྗེས་འཇུག་པ་ཚོ་ལ་གཅེར་བུ་པ་ཟེར། གཅེར་བུ་པ་ཚོས་སློང་མོ་སོགས་བྱས་ཏེ་འཚོ་ བ་ངན་ངོན་ལ་བརྟེན་དགོས་པ་དང་། རྒྱུད་དྲང་པོའ ་ི ངང་མ་བྱིན་ལེན་པ་སོགས་སྤང་དགོས་ལ། སྐྱེས་པ་ཚོས་རང་གི་གྱོན་ གོས་དང་བཅས་པའི་ལོངས་སྤྱོད་ཡོད་ཚད་འདོར་དགོས། སྐྱེས་པ་དང་བུད་མེད་མང་ཆེ་བས་བསྲུང་བྱ་དེ་རིགས་སྲུང་རྒྱུ་ནི་ཧ་ཅང་དཀའ་མོ་ཡིན་ནའང་། མི་སྟོང་ཕྲག་མང་ པོས་ཁྱིམ་གྱི་ལོངས་སྤྱོད་དོར་ཏེ་གཅེར་བུ་པའི་ལུགས་ཀྱི་ཉམས་ལེན་ལ་ཞུགས་ཀྱི་ཡོད་པ་དང་། མང་པོ་ཞིག་གིས་དགེ་ འདུན་པ་དང་བཙུན་མ་ཚོར་ཟས་ཀྱི་མཐུན་རྐྱེན་སོགས་སྦྱོར་བར་ཞུགས་ཀྱི་ཡོད། གཅེར་བུ་པའི་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ནི་ཚོང་ལས་གཉེར་མཁན་དང་ཞིང་པ་ཡིན། ཞིང་པ་ཚོས་ ཞིང་ཁའི་ནང་རང་གི་འཚོ་ཐབས་ཆེད་འབུ་སྲིན་སོགས་ཀྱི་སྲོག་གཅོད་དགོས་ཐུག་གི་ཡོད་པས། གཅེར་བུ་པའི་ལུགས་ ཀྱི་བསྲུང་བྱ་རྣམས་སྲུང་རྒྱུ་ཧ་ཅང་དཀའ་བར་མཐོང་གི་ཡོད། དེར་བརྟེན། ཁོང་ཚོས་རང་ཉིད་ཀྱིས་ཉམས་ལེན་བྱེད་མ་ ཐུབ་ཀྱང་། ཉམས་ལེན་བྱེད་མཁན་ཚོར་བཟའ་བཏུང་སོགས་ཀྱི་མཐུན་རྐྱེན་སྦྱོར་གྱི་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའ ་ི རིང་ གཅེར་བུ་པའི་ལུགས་འདི་རྒྱ་གར་བྱང་ཕྱོགས་ས་ཁུལ་དང་། གུཇ་རཱཏ། (Gujarat) ཏ་མིལ་ནཊུ། (Tamil Nadu) ཀཱར་ནཱ་ ཊཀ་ (Karnataka) སོགས་ཀྱི་མངའ་སྡེའི་ནང་དར་ཁྱབ་བྱུང་ཡོད། མཱ་ཧཱ་ཝི་རཱ་མཆོག་གིས་གསུངས་པའི་ཆོས་རྣམས་དུས་ རབས་འགའ་ཤས་རིང་ཁོང་གི་རྗེས་འཇུག་ཚོའི་ངག་རྒྱུན་ལ་བརྟེན་ནས་གནས་ཐབས་བྱུང་བ་དང་། ལོ་ངོ་1500ཙམ་གྱི་ གོང་དུ་དེང་སྐབས་ཀྱི་གྷུ་ཇཱ་རཱཏ་མངའ་སྡེའི་ནང་གི་ཡུལ་ཝཱ་ལཱ་བྷི་རུ་ཕྱོགས་བསྡུས་ཀྱིས་ཡི་གེར་ཕབ་པ་ཞིག་ཡིན།
དགེ་འདུན།
སྟོན་པ་སངས་རྒྱས་བཅོམ་ལྡན་འདས་དང་མཱ་ཧཱ་ཝི་རཱ་གཉིས་ཀྱིས་རྣམ་དག་གི་ཆོས་པ་ཞིག་ཡིན་ཚེ་ཁྱིམ་ནི་ སྤང་བྱ་ཡིན་པར་ངོས་འཛིན་བྱེད་དགོས་པའི་དགོངས་ཚུལ་གཅིག་མཚུངས་ཡིན། ཁོང་གཉིས་ཀྱིས་ཁྱིམ་སྤངས་པའི་དགེ་ འདུན་གྱི་སྡེ་རྣམས་མཉམ་གཅིག་ཏུ་གནས་ཐབས་བསྟན་ཡོད། ནང་པ་སངས་རྒྱས་པའི་དགེ་འདུན་པ་ཚོས་བསྲུང་བྱའི་སྡོམ་ཁྲིམས་རྣམས་ནི་འདུལ་བའི་ (Vinaya Pitaka) ནང་ དུ་འཁོད་ཡོད་ཅིང་། དེའི་ནང་སྐྱེས་པ་དང་བུད་མེད་རྣམས་ཆོས་སྒོར་ཞུགས་ཚུལ་སོ་སོར་བསྟན་ཡོད་པས། སྐྱེ་བོ་ཕ་མོ་ ཚང་མས་དགེ་ཚུལ་གྱི་སྡོམ་པ་ལེན་ཆོག འོན་ཀྱང་། བྱིས་པ་རྣམས་ཆོས་སྒོར་ཞུགས་ཚེ་ཕ་མའི་བཀའ་འཁྲོལ་ཐོབ་དགོས་ པ་དང་། གཡོག་རྣམས་ལ་ནི་སྦྱིན་བདག་གི་གནང་བ་ཐོབ་དགོས། རྒྱལ་པོ་ཞིག་གི་མངའ་ཞབས་སུ་གཏོགས་མཁན་ཞིག་ ཡིན་ཚེ་རྒྱལ་པོའ ་ི བཀའ་འཁྲོལ་ཐོབ་དགོས། བུ་ལོན་ཡོད་མཁན་ཞིག་ཡིན་ཚེ་བུན་བདག་གི་ཆོག་མཆན་ཐོབ་དགོས། བུད་ མེད་རིགས་ཡིན་ཚེ་སོ་སོའ ་ི ཁྱོ་བོའ ་ི ཆོག་མཆན་ཐོབ་དགོས། སྐྱེས་པ་དང་བུད་མེད་རྣམས་ཀྱིས་དགེ་ཚུལ་གྱི་སྡོམ་པ་བླངས་རྗེས། ཁྱིམ་གྱི་ལོངས་སྤྱོད་དོར་ཏེ་འཚོ་བ་སྟབས་ བདེ་ལ་བརྟེན་ནས། དུས་ཚོད་མང་ཆེ་བ་སྒོམ་ཉམས་ལེན་སོགས་ཀྱི་ཆེད་གཏོང་དགོས་པ་དང་། སྐབས་འགར་དུས་ངེས་ ཅན་རེར་གྲོང་དང་གྲོང་ཁྱེར་སོགས་སུ་ཟས་སློང་བར་འགྲོ་དགོས། དེར་བརྟེན་ཁོང་ཚོར་བྷི་ཥུ་ (Bhikkhu) ཞེས་འབོད། (བྷི་ཥུ་ཡི་དོན་ནི་བྱ་བཏང་བའམ་སློང་མོ་བ་ལ་འཇུག)
98
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
99
དཔལ་ནཱ་ལེནྡྲ།
དགོན་སྡེ།
ཐོག་མར་ནང་པ་སངས་རྒྱས་པ་དང་གཅེར་བུ་པའི་དགེ་འདུན་པ་ཚོ་གནས་ངེས་མེད་དུ་ཡུལ་གཅིག་ནས་གཅིག་ ལ་ཕེབས་ཏེ་མི་རྣམས་ལ་ཆོས་གསུང་གི་ཡོད། འགྲུལ་བཞུད་བྱེད་དཀའ་བའི་ཆར་དུས་སྐབས་སུ་ཡུལ་ཞིག་ཏུ་རེ་ཞིག་ གནས་སྡོད་བྱེད་ཀྱི་ཡོད། སྐབས་དེ་འདྲ་ལ་མི་ཚོས་དགེ་འདུན་པ་ཚོ་གནས་སྐབས་རིང་བཞུགས་ས་གླིང་ག་སོགས་ཀྱི་ ནང་དུ་སྡོད་ཁང་བསྐྲུན་པ་དང། ཆར་དུས་སྐབས་སུ་རི་ཁྲོད་ཀྱི་བྲག་ཕུག་ནང་ལའང་གནས་སྡོད་བྱེད་ཀྱི་ཡོད། དེ་ལྟར་དུས་ཡུན་གང་འཚམ་འགོར་རྗེས། དགེ་འདུན་པ་དང་བཙུན་མ་ཚོར་རྒྱབ་སྐྱོར་བྱེད་མཁན་གྱི་མི་མང་པོ་ དང་། ཁོ་རང་ཚོའི་ངོས་ནས་གཏན་སྡོད་བྱེད་ས་ཞིག་ཡོད་ན་ལེགས་པར་སྙམ་སྟེ་དགོན་པ་འཛུགས་སྐྲུན་བྱས་པ་རེད། ཐོག་ མར་དགོན་པ་དེ་རིགས་ཤིང་གིས་བྱས་པ་དང་། དེ་རྗེས་སོ་ཕག་སོགས་ཀྱིས་བྱས་ལ། རྒྱ་གར་གྱི་ནུབ་ཕྱོགས་ས་ཁུལ་ སོགས་སུ་རི་ཁྲོད་དུ་བྲག་བརྐོས་ཏེ་བྲག་ཕུག་གིས་དགོན་པ་བྱས་པའང་མང་པོ་ཡོད། དགོན་པ་སོགས་བཞེངས་ཡུལ་གྱི་ས་ཆ་ནི་འབྱོར་ལྡན་གྱི་ཚོང་པ་དང་། ས་བདག ཡུལ་གྱི་རྒྱལ་པོ་སོགས་ཀྱིས་ སྦྱིན་བདག་བྱེད་ཀྱི་ཡོད། ས་གནས་མི་མང་ཚོས་དགེ་འདུན་པ་དང་བཙུན་མ་ཚོ་ལ་ཟས་དང། གོས། སྨན་སོགས་འབུལ་ གྱི་ཡོད་ལ། དེའི་ལན་དུ་ཁོང་ཚོས་ཡུལ་མི་ཚོར་ཆོས་གསུང་གི་ཡོད། དུས་རབས་མང་པོ་ཞིག་གི་རིང་ནང་པ་སངས་རྒྱས་ པའི་ཆོས་ནི་རྒྱ་གར་རྒྱལ་ཁབ་ཀྱི་ཡུལ་གྲུ་མང་པོར་དར་ཁྱབ་བྱུང་བ་མ་ཟད། རྒྱ་གར་མ་ཡིན་པའི་ཡུལ་ལུང་གཞན་མང་པོ་ ཞིག་ལའང་དར་ཁྱབ་བྱུང་ཡོད།
99
100
ལོ་རྒྱུས།
སྦྱོོང་ཚན་ ཀ༽ ཁ༽ ག༽ ང༽
དང་པོ། འགྲིག་མིན་རྟགས་རྒྱོབ།
སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེམས་ཅན་གཞན་ལ་འཚེ་བ་མ་བྱེད་གསུངས། ཡུལ་ཝཱ་རཱ་ཎ་སཱི་ནི་སངས་རྒྱས་ཀྱིས་ཆོས་ཐོག་མར་གསུང་ས་མ་རེད། སངས་རྒྱས་ཀྱིས་ལས་འབྲས་ནི་ང་ཚོའི་མི་ཚེ་དང་འབྲེལ་བ་མེད་པར་གསུངས། སངས་རྒྱས་བཅོམ་ལྡན་འདས་ནི་གནས་མཆོག་རྡོ་རྗེ་གདན་ཏུ་སངས་རྒྱས་པ་རེད། གཉིས་པ། ལན་མདོར་བསྡུས་རེ་བྲིས།
ཀ༽ སངས་རྒྱས་བཅོམ་ལྡན་འདས་ཡུལ་གང་དུ་མྱ་ངན་ལས་འདས་པའི་ཚུལ་བསྟན།
ཁ༽ རྒྱ་གར་དུ་ནང་ཆོས་དང་དུས་མཉམ་དུ་དར་བའི་ཆོས་ལུགས་གང་དག་ཡིན་ནམ། ག༽ སྔ་མོའ ་ི དུས་སུ་ལྟ་གྲུབ་སྣ་ཚོགས་དར་བའི་རྒྱུ་མཚན་ཅི་ཡིན་ནམ། གསུམ་པ། གྲོས་སྡུར་བྱ་རྒྱུ།
ཀ༽ སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནང་པའི་ཆོས་སྤེལ་ཐབས་གནང་བའི་སྐོར་ལ་གྲོས་སྡུར་བྱོས།
ཁ༽ སྐབས་དེར་ཡུལ་གྱི་ཚོང་པ་དང་། ས་བདག རྒྱལ་པོ། མི་དམངས་སོགས་ཀྱིས་དགེ་འདུན་གྱི་སྡེ་ལ་ལྟ་སྟངས་ ཅི་འདྲ་ཡོད་པའི་སྐོར་གྲོས་སྡུར་བྱོས།
ག༽ འདུལ་བའི་ནང་དུ་ནང་པའི་ཆོས་སྒོར་ཐོག་མར་ཞུགས་སྐབས་ཆ་རྐྱེན་ཅི་ཞིག་ཚང་དགོས་གསུངས་ཡོད་སྐོར་ ལ་གྲོས་སྡུར་བྱོས། ང༽ དགོན་པ་ནི་ཐོག་མ་ནས་ཡོད་པ་ཞིག་ཡིན་ནམ་ཡང་ན་ཕྱིས་སུ་བྱུང་བ་ཞིག་ཡིན་སོགས་དགོན་པ་བྱུང་ཚུལ་ གྱི་སྐོར་ལ་གྲོས་སྡུར་བྱོས།
100
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
101
སློབ་ཚན་དྲུག་པ། --- དམག་འཁྲུག་གི་ལས་སྤངས་པའི་ཆོས་རྒྱལ་མྱ་ངན་མེད།
རྒྱ་གར་གྱི ་ཤོ ག ་དངུལ་དང་ལྕགས་སྒོ ར ་ངོ ས ་སུ་ཡོ ད ་པའི ་ སེ ངྒེ འི ་ རི ་ མོ ་ དེ ་ ཁྱེ ད ་ཀྱི ས ་མཐོ ང ་མྱོ ང ་ཡོ ད ་དམ། སེངྒེའི་རི་མོ་དེ་ནི་རྡོ་ཡི་ངོས་སུ་བརྐོས་ཡོད་ལ། སཱར་ནཱ་ཐ་རུ་ཡོད་པའི་རྡོ་ཡི་ཀ་བ་ཆེན་པོ་ཞིག་གི་སྟེང་དུའང་ཡོད། སེངྒེའི་ རི་མོ་དེ་ནི་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པ་ཞིག་ཡིན། ཨཤཽཀ་ནི་ལོ་རྒྱུས་ནང་ཆེས་སྙན་གྲགས་ཆེ་བའི་ས་སྐྱོང་རིམ་པར་བྱུང་བའི་ནང་གི་གཅིག་ཡིན་པ་དང་། ཁོང་གི་ བཀའ་ཡིག་རྣམས་རྡོ་ཡི་ཀ་བ་དང་བྲག་རྡོ་དག་གི་ངོས་སུ་བརྐོས་ཡོད། ང་ཚོས་བཀའ་ཡིག་བརྐོས་པའི་བྱང་བུ་དག་གི་ནང་ ཅི་ཞིག་འཁོད་ཡོད་པ་མ་བཀླགས་གོང་། ཁོང་གི་རྒྱལ་སྲིད་ལ་གོང་མའི་མངའ་ཐང་ཞེས་གྲགས་དོན་ཅི་ཡིན་ཤེས་ཐབས་ བྱ། བོད་ཀྱི་ལོ་རྒྱུས་དང་ཆོས་འབྱུང་དག་གི་ནང་ཨཤོཀཱ་ཡི་མཚན་ལ་ཆོས་རྒྱལ་མྱ་ངན་མེད་ཅེས་བྲིས་ཡོད། ཆོས་ རྒྱལ་མྱ་ངན་མེད་ཀྱིས་བསྐྱངས་པའི་རྒྱལ་སྲིད་ཀྱི་མངའ་ཐང་ཆེན་པོ་དེ་ནི་ལོ་ངོ་ 2300 ལྷག་གི་སྔོན་ལ་ཁོང་གི་མེས་པོ་ མཽརྻའི་རྒྱལ་པོ་ཟླ་བ་སྦས་པས་(ཙནྡྲ་གུཔྟ་མཽརྻ་)བཙུགས་པ་ཡིན།
རྒྱལ་རྒྱུད།
རྒྱལ་སྲིད་འཛིན་སྐྱོང་གི་ལས་དེ་ཁྱིམ་ཚང་གཅིག་གི་མི་རྒྱུད་ཀྱིས་རྒྱུན་འཛིན་བྱེད་པ་ལ་རྒྱལ་རྒྱུད་ཟེར། མཽརྻ་ ནི་རྒྱལ་རྒྱུད་ཅིག་ཡིན་ལ། རྒྱལ་རྒྱུད་དེ་ནི་རྒྱལ་སྲིད་སྐྱོང་མཁན་གཙོ་བོ་ཟླ་བ་སྦས་པ་དང། ཁོང་གི་སྲས་བིན་དུ་སཱ་རཱ དང་། དེའི་སྲས་ཆོས་རྒྱལ་མྱ་ངན་མེད་གསུམ་གྱིས་གྲུབ་པ་ཞིག་ཡིན། གོང་མའི་མངའ་ཐང་ཆེན་པོ་དེའི་ཁོངས་སུ་པ་ཊ་ལི་པུཏྲ་དང་། རྡོ་འཇོག་(ཌག་སི་ལ) ཨུཇྗཻན་བཅས་གྲོང་ཁྱེར་ ཆེ་ཁག་ཁ་ཤས་ཡོད་པ་དང་། གྲོང་ཁྱེར་རྡོ་འཇོག་ནི་དབུས་ཨེ་ཤེ་ཡ་དང་ནུབ་བྱུང་ཕྱོགས་སུ་བསྐྱོད་ལམ་དུ་འཁེལ་ཡོད། ཨུཇྗཻན་ནི་རྒྱ་གར་གྱི་བྱང་ནས་ལྷོ་ཕྱོགས་སུ་བསྐྱོད་པའི་ལམ་ཁར་ཆགས་ཡོད་ལ། ཚོང་པ་དང་། གཞུང་གི་ལས་བྱེད། ལག་ ཤེས་བཟོ་པ་སོགས་གྲོང་ཁྱེར་འདི་དག་གི་ནང་བསྡད་ཡོད་པར་སྙམ། ས་ཁུལ་གཞན་དུ་ཡོད་པའི་གྲོང་སྡེ་ཁག་ནང་ཞིང་ལས་གཉེར་མཁན་དང་ཕྱུགས་ལས་གཉེར་མཁན་ཡོད་པ་དང་། རྒྱ་ གར་གྱི་དབུས་ལྟ་བུའི་ས་ཁུལ་ཁ་ཤས་སུ་ནགས་ཚལ་ཡོད་པས། དེར་གནས་སྡོད་བྱེད་པའི་མི་ཚོས་ནགས་ལས་ཐོན་སྐྱེད་ གཉེར་བ་དང་རི་དྭགས་རྔོན་པའི་འཚོ་ཐབས་སྐྱོང་གི་ཡོད། གོང་མའི་མངའ་ཐང་ཆེན་པོ་དེའི་ཁོངས་སུ་གཏོགས་པའི་ཡུལ་ ལུང་སོ་སོའ ་ི མི་རྣམས་ཀྱི་སྐད་དང་། བཟའ་བཏུང་། ཆས་གོས། གོམས་སྲོལ་སོགས་ཀྱང་འདྲ་མིན་སྣ་ཚོགས་ཡོད།
གོང་མའི་མངའ་ཐང་དང་རྒྱལ་པོའ ་ི མངའ་ཐང་དབར་གྱི་ཁྱད་པར།
གོང་མའི་མངའ་ཐང་དང་རྒྱལ་པོའ ་ི མངའ་ཐང་གཉིས་ལས་གོང་མའི་མངའ་ཐང་ཆེ་བར་བརྟེན། ཐོན་ཁུངས་དང་ མངའ་ཐང་སྲུང་སྐྱོབ་ཆེད་དམག་དཔུང་ཡང་འབོར་ཆེན་དགོས་པ་མ་ཟད། གོང་མའི་མངའ་ཐང་ཧ་ཅང་ཆེན་པོ་ཡོད་སྟབས་
101
102
ལོ་རྒྱུས།
ཁྲལ་བསྡུ་དཔོན་རིགས་ཀྱང་རྒྱལ་པོའ ་ི མངའ་ཁོངས་ལས་མང་བ་དགོས།
གོང་མས་མངའ་ཐང་བསྐྱངས་ཚུལ།
གོང་མའི་མངའ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་པས། མངའ་ཁུལ་སོ་སོར་འཛིན་སྐྱོང་བྱེད་སྟངས་ཀྱང་འདྲ་མིན་སྣ་ ཚོགས་ཡོད། པ་ཊ་ལི་པུཏྲ་ནི་གོང་མའི་ཐད་སྐྱོང་འོག་ལ་ཡོད། པ་ཊ་ལི་པུཏྲ་ས་ཁུལ་གྱི་གྲོང་དང་གྲོང་རྡལ་སོགས་ལས་ དཔྱ་ཁྲལ་བསྡུ་མཁན་ལས་བྱེད་མང་པོ་བསྐོས་ཏེ། ཟླ་ཕོགས་ཀྱང་སྤྲོད་ཀྱི་ཡོད། ཁྲལ་སྡུད་ལས་བྱེད་ཚོས་མི་མང་ནང་གོང་ རིམ་གྱི་བཀའ་ལ་མི་རྩི་མཁན་ཡོད་ཚེ་ཉེས་ཆད་ཀྱང་གཅོད་ཀྱི་ཡོད། ཡུལ་ཕན་ཚུན་དབར་ཕོ་ཉ་འགྲོ་འོང་དང། གཞུང་གི་ ལས་བྱེད་ཚོར་གསང་བའི་སྒོ་ནས་ལྟ་རྟོག་བྱེད་མཁན་ཡང་ཡོད། གོང་མ་ཆེན་པོས་ནི་བཀའ་ཡི་བློན་ཆེན་རྒན་པ་ཚོ་དང་ ཁོང་གི་འཁོར་ཚོགས་ལྷན་ཏུ་མངའ་ཐང་སྤྱི་ཁྱབ་ལ་གཟིགས་སྐྱོང་གནང་གི་ཡོད། གཞན་ད་དུང་རྡོ་འཇོག་དང་ཨུཇྗཻན་སོགས་རང་སྐྱོང་ས་ཁུལ་ཡང་མང་པོ་ཡོད། གོང་རིམ་ནས་ས་ཁུལ་དེ་རིགས་ ལ་རྒྱལ་པོའ ་ི སྲས་སོགས་གཞུང་དོན་བསྒྲུབ་པར་བཏང་སྟེ་འཛིན་སྐྱོང་བྱེད་ཀྱི་ཡོད་ནའང། ས་ཁུལ་སོ་སོའ ་ི ཡུལ་སྲོལ་ གོམས་གཤིས་ལ་འགྱུར་ལྡོག་གཏོང་གི་མེད། གྲོང་ཁྱེར་ལྟེ་བར་གྱུར་པའི་ས་ཁུལ་འདི་དག་བར་གྱི་ས་ཁྱོན་ཧ་ཅང་རྒྱ་ཆེན་པོ་ཡོད། མཽརྻའི་རྒྱལ་པོ་ཚོས་གཞུང་ ལམ་དང་གཙང་པོའ ་ི རྒྱུད་ཀྱི་ས་ཁུལ་རྣམས་དབང་འོག་ཏུ་བསྡུ་བར་འབད་བརྩོན་བྱས་ཡོད། དེ་ལྟར་བྱས་དོན་ནི་སྐབས་ དེར་གཙང་པོ་དང་གཞུང་ལམ་ནི་དངོས་ཟོག་དབོར་འདྲེན་དང་། དཔྱ་ཁྲལ་རྟེན་སྐྱེས་སོགས་བསྡུ་བར་སྤྱོད་སྒོ་ཆེན་པོ་ཡོད་ པས་ཡིན། སྐབས་དེར་བསྡུ་བའི་ཁྲལ་དང་འབུལ་བའི་སྐྱེས་སོགས་གཙོ་བོ་ནི། གསེར་དང་། རྡོ་རྩ་ཆེན་རིགས། གླང་ཆེན། སྦྲང་རྩི། ཤིང་ཆ། ལ་ཆ་སོགས་ཡིན།
གོང་མ་དང་གྲོང་ཁྱེར་པ་ཊ་ལི་པུཏྲ།
ཨེ་ཤི་ཡའི་ནུབ་རྒྱུད་དུ་ཡོད་པའི་གྷི་རིག་ཡུལ་ལུང་གི་རྒྱལ་པོ་ནི་ཀཱ་ཊར་(Nicator) གྱིས་མངགས་པའི་གཞུང་ ཚབ་མེ་གྷཱ་ས་ཐེ་ནེས་(Megasthenes) ཞེས་པས་སྐབས་དེའི་གནས་ཚུལ་འགྲེལ་བརྗོད་བྱས་པ་ལྟར་ན། “གོང་མ་ཕོ་བྲང་གི་ཕྱི་ལ་ཕེབས་པའི་མཛད་སྒོའ ་ི རྣམ་པ་དེ་ཧ་ཅང་རྒྱས་སྤྲོས་ཆེ། གོང་མ་གསེར་གྱི་འགྱོགས་ བྱམས་ནང་ཞི་ཕེབས་མཛད་པ་དང་། སྐུ་སྲུང་ཚོས་གསེར་དང་དངུལ་གྱི་རྒྱན་ཆ་ལེགས་པར་སྤྲས་པའི་གླང་པོ་ཆེ་ལ་བཞོན་ པ་དང་། སྐུ་སྲུང་ཁ་ཤས་ཀྱིས་སྦྱོང་བརྡར་སྤྲད་པའི་ནེ་ཙོའི་ཁྱུ་དང་བྱིའུ་འཁོར་བའི་ཤིང་སྡོང་རིགས་འཁྱེར་བ་དང་། ནེ་ཙོའི་ ཁྱུ་དེས་གོང་མའི་དབུ་ཐད་དུ་ལྡིང་སྐོར་རྒྱག གོང་མ་ལྐོག་གསོད་བྱ་བར་དོགས་ཟོན་གྱིས་ཁོང་གི་མཐའ་འཁོར་རྣམས་དྲག་ ཆས་སྤྲས་པའི་བུད་མེད་ཚོས་བསྐོར་ཡོད། ད་དུང་ཞལ་ཟས་མཆོད་སྐབས་གོང་མས་མ་མཆོད་སྔོན་ལ་ཟས་ཀྱི་བྲོ་བ་ལ་ བརྟག་དཔྱད་བྱེད་མཁན་གྱི་དམིགས་བསལ་ཞབས་གཡོག་ཀྱང་འདུག བདེ་འཇགས་ཀྱི་ཆེད་དུ་གོང་མ་ཁོང་གཟིམ་ཁང་ གཅིག་གི་ནང་བསྟུད་མར་མཚན་གཉིས་ཀྱི་རིང་གཟིམ་གྱི་མེད་པར། མཚན་རེ་བཞིན་གཟིམ་ཤག་བརྗེ་བཞིན་ཡོད།“ ད་དུང་ཁོང་གིས་གྲོང་ཁྱེར་པ་ཊ་ལི་པུཏྲ་ཡི་སྐོར་ལ་བྲིས་དོན། “གྲོང་ཁྱེར་དེ་ནི་རྒྱ་ཆེ་ཞིང་ཡིད་དུ་འོང་བ་ཞིག་རེད། དེའི་མཐའ་རྣམས་བརྗིད་ཅིང་སྟུག་པའི་རྩིག་པ་ཡིས་བསྐོར་ཡོད་པ་དང་། དེ་རུ་ལྕོག་མཁར་570 དང་རྒྱལ་སྒོ་64 ཡོད།
102
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
103
ཁང་པ་ཉིས་བརྩེགས་དང་གསུམ་བརྩེགས་ཅན་ཤིང་དང་སོ་ཕག་གིས་བྱས་ཡོད་པ་དང་། གོང་མའི་ཕོ་བྲང་ཡང་ཤིང་དང་ བརྐོས་རིས་ཀྱིས་ལེགས་པར་བརྒྱན་པའི་རྡོ་ཡིས་བསྐྲུན་ཡོད། ཕོ་བྲང་གི་མཐའ་འཁོར་ཀུན་སྐྱེད་ཚལ་གྱིས་བསྐོར་ཡོད་པ་ དང་། བྱ་བྱིའུ་རིགས་ཉར་ཆེད་ར་སྐོར་ཡང་ཡོད།“
ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀ་ལིངྒའི་ཡུལ་དུ་དམག་དྲངས་པ།
ཆོས་རྒྱལ་མྱ་ངན་མེད་ཀྱིས་ཀ་ལིངྒའི་ཡུལ་མངའ་འོག་ལ་འཇུག་པར་དམག་དྲངས་པ་རེད། འོན་ཀྱང་། ཁོང་གིས་ དྲག་པོའ ་ི དམག་འཁྲུག་དང་། མི་མང་པོའ ་ི ཚེ་སྲོག་ཤོར་བའི་ཟུངས་ཁྲག་གི་བཞུར་རྒྱུན་སྐྱི་གཡའ་བ་དེ་མཐོང་བས་དུས་དེ་ ནས་བཟུང་དམག་འཁྲུག་མཚམས་འཇོག་བྱེད་རྒྱུའི་བློ་ཐག་བཅད། ཁོང་ནི་འཛམ་གླིང་ལོ་རྒྱུས་ནང་དམག་འཁྲུག་ལ་རྒྱལ་ ཁ་ཐོབ་རྗེས་དམག་འཁྲུག་གི་ལས་ཡོངས་སུ་སྤངས་པའི་རྒྱལ་པོ་གཅིག་པུ་དེ་ཡིན་པ་རེད།
ཀ་ལིངྒ་ཡི་དམག་འཁྲུག་སྐོར་བྲིས་པའི་ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག
“ང་རང་རྒྱལ་པོར་གྱུར་ནས་ལོ་བརྒྱད་ཀྱི་རྗེས་སུ་ཀ་ལིངྒ་ཡི་ཡུལ་མངའ་འོག་ལ་བཅུག་པ་ཡིན། མི་ འབུམ་གཅིག་དང་ཕྱེད་འཛིན་བཟུང་བྱས་པ་དང་། མི་འབུམ་གཅིག་ལྷག་གི་སྲོག་བཅད་པ་རེད། གནད་དོན་འདིས་ངའི་ ཡིད་སེམས་སྐྱོ་སྡུག་གིས་མནར་བྱུང་། དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། ནམ་ཡིན་ཡང་རང་དབང་ངང་འཚོ་བའི་ཡུལ་ལུང་ ཞིག་མངའ་འོག་ཏུ་བསྡུ་སྐབས། མི་འབུམ་ཕྲག་མང་པོའ ་ི སྲོག་ཤོར་དགོས་འབྱུང་བ་དང་། མང་པོ་ཞིག་བཙོན་དུ་འཇུག་ དགོས། བྲམ་ཟེ་དང་དགེ་འདུན་པ་མང་པོ་ཞིག་གི་སྐུ་སྲོག་ཀྱང་འཆོར་ངེས་ལ། རང་གི་ཕ་མ་དང་། སྤུན་ཉེ། གྲོགས་ པོ། གཡོག་པོ་སོགས་བསམ་པ་དཀར་པའི་མི་མང་པོ་ཞིག་གི་སྲོག་ཀྱང་འཆོར་གྱི་འདུག དེར་བརྟེན་ངའི་སེམས་པ་ སྐྱོ་བས་མནར་ཏེ། རང་ཉིད་ཀྱིས་ནང་པ་སངས་རྒྱས་པའི་ཆོས་ལུགས་ཉམས་སུ་ལེན་རྒྱུ་དང་གཞན་ལའང་དེའི་དོན་ འདོམས་པར་བྱ་རྒྱུའི་བློ་ཐག་བཅད་པ་ཡིན། ང་ལ་གཞན་དག་བཙན་འཛུལ་གྱིས་མངའ་འོག་ལ་འཇུག་ཐབས་བྱེད་པ་ ལས་གཞན་གྱི་བློ་ཁ་ཆོས་ལ་བསྒྱུར་ན་ལེགས་པའི་ངེས་ཤེས་སྐྱེས་བྱུང། ངས་འདི་ལྟར་ཡི་གེར་བཀོད་པ་ན། མ་འོངས་ པར་ངའི་བུ་རབས་ཚ་རྒྱུད་ཚོས་དམག་འཁྲུག་ལ་བློ་མི་འཁོར་བར། ཆོས་སྤེལ་ཐབས་གང་དགེ་ལ་འབད་པ་བྱེད་བར་ ཕན་ཐོགས་འབྱུང་ངེས།“
ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམས་སུ་བླངས་པའི་ཆོས་ནི་ཅི་ཞིག་ཡིན་ནམ།
ཆོས་རྒྱལ་མྱ་ངན་མེད་ཀྱིས་ཉམས་སུ་བླངས་པའི་ཆོས་ནི་ལྷ་ལ་ཕྱག་མཆོད་བྱེད་རྒྱུའམ་དམར་མཆོད་ཀྱི་ཆོ་ག་ བསྒྲུབ་རྒྱུ་སོགས་གང་ཡང་མ་ཡིན། ཁོང་གི་ཐུགས་སུ་ཕ་ཞིག་གིས་རང་གི་བུ་ཕྲུག་ཚོ་ལ་ལམ་སྟོན་བྱེད་པ་བཞིན། རང་ ཉིད་ལ་མངའ་འོག་གི་འབངས་མི་ཚོར་སློབ་སྟོན་གནང་རྒྱུའི་འགན་ཡོད་པར་སྙམ་གྱི་ཡོད་ལ། སངས་རྒྱས་བཅོམ་ལྡན་
103
ལོ་རྒྱུས།
104
འདས་ཀྱི་གསུང་གིས་གཞན་ལ་ཕན་པའི་ལས་བསྒྲུབ་འདོད་ཀྱི་ཐུགས་སྤོབས་རྒྱས་པར་མཛད། ཁོང་དཀའ་ངལ་མང་པོ་ཞིག་ལ་གདོང་ལེན་བྱ་དགོས་པ་བྱུང་། གོང་མའི་མངའ་འབངས་ཚོས་ཆོས་ལུགས་མི་ འདྲ་བ་སྣ་ཚོགས་ཉམས་ལེན་བྱེད་ཀྱི་ཡོད་པ་དང་། སྐབས་འགར་དེའི་རྐྱེན་གྱིས་རྩོད་ཉོག་ཀྱང་ཡོང་གི་ཡོད། ཁ་ཤས་ཀྱིས་ སེམས་ཅན་བསད་དེ་དམར་མཆོད་བྱེད་པ་དང་། ཁ་ཤས་ཀྱིས་རང་གི་གཡོག་རྣམས་ལ་ཚད་ལས་འགལ་བའི་མནར་གཅོད་ གཏོང་བ་དང་། མཚམས་རེར་ནང་མི་ཁྱིམ་མཚེས་དབར་འཁྲུག་རྩོད་ཀྱང་ཤོར་གྱི་ཡོད། ཆོས་རྒྱལ་མྱ་ངན་མེད་ཀྱི་ཐུགས་ ལ་རྩོད་རྙོག་དང་དཀའ་ངལ་དེ་རིགས་སེལ་ཐབས་བྱེད་རྒྱུ་ནི་རང་གི་ལས་འགན་ཡིན་པར་དགོངས། དེར་བརྟེན་ཁོང་གིས་ ས་གནས་གཅིག་ནས་གཅིག་ལ་ཕེབས་ཏེ་འབངས་རྣམས་ལ་ཆོས་ཀྱི་དོན་ལེགས་པར་འཆད་པའི་ལས་བྱེད་བསྐོ་འཛུགས་ གནང་བ་མ་ཟད། ཁོང་གི་བཀའ་ཡིག་རྣམས་བྲག་རྡོ་དང་ཀ་བའི་ངོས་སུ་བརྐོས་ཏེ་ཡི་གེ་ཀློག་མི་ཤེས་པའི་འབངས་མི་ཚོར་ ལས་བྱེད་ཚོས་བཀླག་དགོས་པའི་བཀའ་ཁྱབ་གནང་། ད་དུང་ཁོང་གིས་སངས་རྒྱས་ཀྱི་ཆོས་དེ་སཱི་རིཡཱ་དང་ཨིཇིཔྚ། གྷི་རི་སེ། ཤྲི་ལངྒ་། སོགས་ཡུལ་ལུང་གཞན་ དག་ནང་སྤེལ་དགོས་པའི་བཀའ་མངགས་དང་བཅས་ཕོ་ཉ་རྣམས་ཡུལ་ཕྱོགས་སོ་སོར་བཏང་། ཁོང་གིས་འབངས་ཀྱི་ཕན་ བདེའི་ཆེད་གཞུང་ལམ་བསྐྲུན་པ་དང་། ཁྲོན་པ་འབྲུ་བ། ངལ་གསོ་ཁང་རྒྱག་པ་སོགས་བྱས་པ་མ་ཟད། མི་དང་སེམས་ཅན་ གཞན་རྣམས་ནད་ཀྱིས་མནར་པའི་དཀའ་ངལ་སེལ་ཆེད་སྨན་བཅོས་ཀྱི་མཐུན་རྐྱེན་ཡང་བསྐྲུན་ཏོ།།
ཆོས་རྒྱལ་མྱ་ངན་མེད་ཀྱིས་ཁོང་གི་འཁོར་འབངས་ལ་བསྩལ་བའི་བཀའ་ཡིག
“མི་ཚོས་རང་ཉིད་ནད་ཀྱིས་མནར་དུས་དང་། རང་ལ་བུ་ཕྲུག་སྐྱེས་པའི་སྐབས་དང་། རང་གི་བུ་ཕྲུག་ཚོས་
གཉེན་སྒྲིག་པའི་སྐབས་དང་། ཡང་ན་རང་གིས་རྒྱང་ཐག་རིང་བའི་ཡུལ་ཞིག་ལ་འགྲུལ་བཞུད་བྱེད་པའི་སྐབས་སོགས་ སུ་ཆོས་ལུགས་ཀྱི་ཆོ་ག་སྣ་ཚོགས་སྒྲུབ་ཀྱི་ཡོད།
འོན་ཀྱང་།
ཆོས་ལུགས་ཀྱི་ཆོ་ག་དེ་རིགས་ནི་དེ་ཙམ་གྱིས་ཕན་
རླབས་ཆེན་པོ་མེད། དེའི་ཚབ་ལ་མི་ཚོས་ཉམས་ལེན་གཞན་ཞིག་བྱས་ན་དེ་ཕན་འབྲས་ཆེ་བར་མཐོང་། ཉམས་ལེན་བྱ་
རྒྱུ་གཞན་དེ་ཅི་ཞིག་ཡིན་ནམ་ཞེ་ན། དེ་ནི་རང་གི་བྲན་དང་གཡོག་གི་རིགས་ལ་ཡག་པོ་བྱེད་རྒྱུ་དང་། རྒན་པ་ལ་གུས་ ཞབས་བྱ་རྒྱུ། སེམས་ཅན་ཐམས་ཅད་ལ་བྱམས་སྐྱོང་གནང་རྒྱུ། བྲམ་ཟེ་དང་དགེ་འདུན་ལ་སྦྱིན་པ་གཏོང་རྒྱུ།“སོགས་ ཡིན་པར་གསུངས་ལ།
“རང་གི་ཆོས་ལུགས་ལ་བསྔགས་བརྗོད་བྱེད་པ་དང་གཞན་གྱི་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་པ་གང་ཡིན་
ཡང་དེ་ནི་ནོར་འཁྲུལ་ཡིན། སུ་འདྲ་ཞིག་ཡིན་ཡང་གཞན་གྱི་ཆོས་ལུགས་ལ་བརྩི་འཇོག་བྱ་དགོས། གལ་ཏེ་མི་ཞིག་ གིས་རང་གི་ཆོས་ལུགས་ལ་བསྔགས་བརྗོད་དང་གཞན་གྱི་ཆོས་ལུགས་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་ཚེ། སུ་དེས་ནི་གཞན་གྱི་ཆོས་ལུགས་ལ་ཕོག་ཐུག་ཆེན་པོ་གཏོང་གི་ཡོད། བསྟན་དོན་རྟོགས་ཐབས་དང་དེར་བརྩི་འཇོག་བྱ་དགོས།“གསུངས།
104
དོན་དངོས་
དེར་བརྟེན་སོ་སོས་གཞན་གྱི་ཆོས་ལུགས་ཀྱི་
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
105
སྦྱོོང་ཚན་ དང་པོ། འགྲིག་མིན་རྟགས་རྒྱོབ།
ཀ༽ ཆོས་རྒྱལ་མྱ་ངན་མེད་ནི་རྒྱལ་ཕྲན་ཆུང་ཆུང་ཞིག་གི་རྒྱལ་པོ་རེད། ཁ༽ ཆོས་རྒྱལ་མྱ་ངན་མེད་ནི་ནང་པའི་ཆོས་ལ་དད་མཁན་ཞིག་ཡིན། ག༽ རྒྱལ་པོ་ཨ་ཤཽཀ་ནི་ནང་པའི་ཆོས་ལ་དད་པ་མེད་མཁན་ཞིག་ཡིན། ང༽ ཆོས་རྒྱལ་མྱ་ངན་མེད་ཀྱིས་ནང་པའི་ཆོས་འདི་རྒྱལ་ཁབ་གཞན་མང་པོ་ཞིག་གི་ནང་དུའང་སྤེལ་ཐབས་བྱས་
ཡོད།
ཀ༽ ཁ༽ ག༽ ང༽
ཆོས་རྒྱལ་མྱ་ངན་མེད་ཀྱིས་བསྐྱངས་པའི་རྒྱལ་སྲིད་ཆེན་པོ་དེ་ཐོག་མར་འཛུགས་མཁན་སུ་ཡིན་ནམ། ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག་རྣམས་གང་དུ་འཁོད་ཡོད། ཆོས་རྒྱལ་མྱ་ངན་མེད་ཀྱི་བློ་ཁ་ཆོས་ལ་ཕྱོགས་པའི་རྒྱུ་རྐྱེན་གང་ཡིན་ནམ། ཅི་ཞིག་ལ་རྒྱལ་རྒྱུད་ཟེར།
གཉིས་པ། ལན་མདོར་བསྡུས་རེ་བྲིས།
གསུམ་པ། གྲོས་སྡུར་བྱ་རྒྱུ། ཀ༽ ཁ༽ ག༽ ང༽
ཆོས་རྒྱལ་མྱ་ངན་མེད་ཀྱི་རྒྱལ་རྒྱུད་བྱུང་ཚུལ་སྐོར་ལ་གྲོས་སྡུར་བྱོས། གོང་མས་མངའ་ཐང་བསྐྱངས་ཚུལ་སྐོར་ལ་གྲོས་སྡུར་བྱོས། ཆོས་རྒྱལ་མྱ་ངན་མེད་ཀྱིས་ཡུལ་ཀ་ལིངྒ་ལ་དམག་དྲངས་ཚུལ་དང་དེའི་མཇུག་འབྲས་ཐད་གྲོས་སྡུར་བྱོས། ཆོས་རྒྱལ་མྱ་ངན་མེད་ཀྱི་བཀའ་ཡིག་རྣམས་ཀྱི་སྐོར་ལ་གྲོས་སྡུར་བྱོས།
105
106
ལོ་རྒྱུས།
སློབ་ཚན་བདུན་པ། --- འཛུགས་སྐྲུན། སྒྱུ་རྩལ། དཔེ་དེབ།
ལྕགས་ཀྱི་ཀ་བ།
རྒྱ་གར་གྱི་རྒྱལ་ས་དིལླི་ཡི་ཡུལ་མེཧརའོ་ལི་(Mehrauli)ན་ཡོད་པའི་ལྕགས་ཀྱི་ཀ་བ་ཆེན་པོ་དེ་ནི་གནའ་དུས་རྒྱ་གར་གྱི་
བཟོ་ལས་མཁས་པ་ཚོའི་ཁྱད་དུ་འཕགས་པའི་བཟོ་རྩལ་གྱི་དན་རྟགས་ཤིག་ཡིན། དེའི་མཐོ་ཚད་ལ་མི་ཊར 7.2 དང་། ལྗིད་ཚད་ལ་ ཊོན་ 3 ལྷག་ཡོད་ལ། ལྕགས་ཀྱི་ཀ་བ་ཆེན་པོ་དེ་ནི་ལོ་ངོ་ 1500 ལྷག་གི་གོང་ནས་བཞེངས་པ་ཞིག་ཡིན། ང་ཚོས་ལྕགས་ཀྱི་ཀ་བ་དེ་
བཞེངས་ནས་ལོ་ངོ་དེ་འདྲ་མང་པོ་ཞིག་འགོར་ཡོད་པ་ཇི་ལྟར་ཤེས་ཐུབ་ཅེ་ན། དེ་ནི་ཀ་བ་དེའི་ངོས་སུ་རྒྱལ་པོ་ཟླ་བའི་མཚན་འཁོད་ཡོད་
པས་ཡིན་ལ། རྒྱལ་པོ་ཟླ་བ་ཁོང་ནི་ཕལ་ཆེར་གུབ་ཏའི་རྒྱལ་རྒྱུད་དུ་གཏོགས་པའི་རྒྱལ་པོ་ཟླ་བར་འབོད་པ་དེ་ཡིན་པར་ངེས། ད་དུང་ཧ་ ལས་དགོས་པ་ཞིག་ནི། ལྕགས་ཀྱི་ཀ་བ་དེ་བཞེངས་ནས་ལོ་ངོ་དེ་འདྲའི་མང་པོ་ཞིག་འདས་ནའང་། ལྕགས་ཀྱི་ཀ་བ་དེར་བཙའ་བརྒྱབས་
མེད་པ་དེ་རེད། ཁྱེད་ཀྱིས་བསམ་བློ་ཐོངས་དང་། ལོ་ངོ་བརྒྱ་ཕྲག་མང་པོ་འདས་ཀྱང་། ད་དུང་ལྕགས་ཀྱི་ཀ་བ་དེར་བཙའ་མི་རྒྱག་དོན་ཅི་ ཡིན་ནམ།
རྡོ་དང་སོ་ཕག་སྤྱད་པའི་འཛུགས་སྐྲུན།
སྔ་མོའ ་ི དུས་སུ་འཛུགས་སྐྲུན་བྱས་པ་མང་ཆེ་བ་ལྷ་ ཁང་དང་། མཆོད་རྟེན། སྒྲུབ་ཕུག་སོགས་ཆོས་ཀྱི་ལས་དང་ འབྲེལ་བ་ཤ་སྟག་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་ རྗེས་འཇུག་པ་ཚོས་བཞེངས་པའི་མཆོད་རྟེན་ཁ་ཤས་ཀྱི་ནང་ སངས་རྒྱས་ཀྱི་ཚེམས་དང་སྐུ་རུས་སོགས་རིང་བསྲེལ་བྱིན་ རླབས་ཅན་མང་པོ་ཡོད། དེ་བཞིན་ཧིན་དྷུའི་ཆོས་ལུགས་པ་ ཚོའི་མཆོད་གནས་སུ་གྱུར་པའི་ལྷ་ཁང་ཡང་མང་པོ་བཞེངས་ ཡོད། སྐབས་དེར་བཞེངས་པའི་ལྷ་ཁང་དང་མཆོད་རྟེན་སོགས་ ནི། རྡོ་དང་སོ་ཕག་གིས་བྱས་ཤིང་དབྱིབས་དང་། ཆེ་ཆུང་། མཐོ་ དམའ་སོགས་རྣམ་པ་མི་འདྲ་བ་སྣ་ཚོགས་ཡོད། ལྷ་ཁང་དང་ མཆོད་རྟེན་དེ་དག་གི་ཕྱི་ནང་ཀུན་གྱི་རྩིག་ངོས་ལ་བརྐོས་རིས་ སྣ་ཚོགས་བཀོད་ཡོད་པ་དང། བརྐོས་རིས་མང་པོ་ཞིག་དེང་ ཨ་ཇཱན་ཊཱར་བཞུགས་པའི་སངས་རྒྱས་ཀྱི་སྐུ་འདྲ། སྐབས་ཀྱང་མཛེས་ཤིང་གསོན་ཉམས་ལྡན་པའི་ངང་མཇལ་རྒྱུ་ ཡོད། འདིར་བཀོད་པའི་དཔེ་རིས་དག་ལ་ཞིབ་ལྟ་བྱོས་དང་། ལྷ་ཁང་དང་མཆོད་རྟེན་སོགས་འཛུགས་སྐྲུན་བྱས་པའི་རྣམ་པ་མང་པོ་ཞིག་ཁྱེད་ཀྱིས་གསལ་པོར་རྟོགས་ཐུབ་ངེས།
106
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ལྷ་ཁང་དང་མཆོད་རྟེན་སོགས་འཛུགས་སྐྲུན་ བྱས་ཚུལ།
107
ལྷ་ཁང་དང་མཆོད་རྟེ ན ་སོགས་བཞེ ང ས་བར་ བརྒྱུད་རིམ་ཁ་ཤས་ཡོད་པ་ནི། ཐོག་མར་འཛུགས་སྐྲུན་ གྱི་རྒྱུ་ཆ་རྡོ་སྤུས་བཟང་པོ་འཚོལ་དགོས་པ་དང་། དེ་ ནས་འཛུགས་སྐྲུན་བྱ་ཡུལ་ལེ ག ས་པར་འདེ མ ས་དགོ ས ། འཛུགས་སྐྲུན་བྱ་ཡུལ་གཏན་ཁེལ་བ་ན། དེར་འཛུགས་སྐྲུན་ གྱི་རྒྱུ་ཆ་རྣམས་དབོར་ཏེ་རྡོ་བཟོའ ་ི ལས་རིགས་འགོ་བརྩམ་ དགོས། རྡོ་བཟོའ ་ི ལས་རྣམས་ལེགས་པར་གྲུབ་རྗེས། བཟོ་ དབྱིབས་དང་རྣམ་པ་བཅོས་པའི་རྡོ་རྣམས་སྤྱད་དེ་འཛུགས་ སྐྲུན་དངོས་སུ་བྱ་དགོས། ཨ་ཇཱན་ཊཱའི་ལྡེབས་རིས། དུས་རྒྱུན་མཆོ ད ་རྟེ ན ་དང་ལྷ་ཁང་བཞེ ང ས་པར་ རྒྱལ་པོ ་ དང་བཙུན་མོ ་ སོ ག ས་ཀྱི ས ་སྦྱི ན ་བདག་བྱས་ཏེ ། འཛུགས་སྐྲུན་བྱེད་མཁན་གྱི་བཟོ་ལས་པ་ཚོར་གླ་ཆ་ཡང་སྤྲོད་ཀྱི་ཡོད། གཞན་དད་ལྡན་གྱི་གནས་སྐོར་བ་ཚོས་མཆོད་ རྟེན་དང་ལྷ་ཁང་དག་གི་ནང་མེ་ཏོག་གི་ཕྲེང་བ་དང་། གླང་ཆེན་གྱི་མཆེ་བ། འབྲུ་རིགས་སྣ་ལྔ་སོགས་མཆོད་རྫས་སྣ་ཚོགས་ འབུལ་གྱི་ཡོད།
རི་མོ།
ཨ་ཇཱན་ཊཱ་ཡི་བྲག་ཕུག་མང་ཆེ་བ་ནི། དུས་རབས་མང་པོ་འདས་པའི་གོང་ནས་ནང་པའི་གྲྭ་བ་ཚོས་རི་ཁྲོད་དུ་བྲག་ ཕུག་བརྐོས་ཏེ་བཞེངས་པའི་དགོན་པ་ཡིན་ལ། བྲག་ཕུག་མང་པོ་ཞིག་གི་ལྡེབས་ངོས་སུ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་ བརྒྱན་ཡོད། རི་མོ་དེ་དག་བྲིས་ནས་ལོ་ངོ་ 1500 ལྷག་འགོར་གྱི་ཡོད་མོད། ད་དུང་བྲག་ཕུག་གི་ལྡེབས་ན་མཛེས་ཤིང་ གསལ་ཆ་དོད་པོའ ་ི ངང་མཇལ་རྒྱུ་ཡོད། འོན་ཀྱང་ཡིད་དུ་འོང་བའི་རི་མོ་དེ་དག་འབྲི་མཁན་སུ་ཡིན་སོགས་བྲིས་མེད་པས། ད་ལྟ་བར་སུས་ཀྱང་རི་མོ་དེ་དག་འབྲི་མཁན་སུ་ཡིན་ཤེས་ཀྱི་མེད། རི་མོ་དེ་དག་ལས་ལོ་ངོ་སྟོང་ཕྲག་གོང་གི་རྒྱ་གར་གྱི་ མཛེས་རིས་འབྲི་རྩལ་ཁྱད་དུ་འཕགས་པའི་སྒྱུ་རྩལ་གྱི་རིན་ཐང་མཐོང་ཐུབ།
དཔེ་དེབ་སྣ་ཚོགས་བྱུང་ཚུལ།
ལོ་ངོ་སྟོང་ཕྲག་འདས་པའི་གོང་ནས་རྒྱ་གར་ནང་དཔའ་བོའ ་ི རྟོགས་བརྗོད་དང་། སྙན་ངག དམངས་སྒྲུང་། གླུ་ གཞས། ཟློས་གར་སོགས་དར་སྲོལ་ཆེན་པོ་བྱུང་ཡོད། དཔེར་ན། སྙན་ངག་མཁན་ནག་མོ་ཁོལ་གྱིས་བྲིས་པའི་སྙན་ རྩོམ<<སྤྲིན་གྱི་ཕོ་ཉ།>>(Meghaduta)དང་། གཞན་ད་དུང་ལེགས་སྦྱར་སྐད་དུ་བྲིས་པའི་<<རཱ་མ་ཎའིི་རྟོགས་
107
108
ལོ་རྒྱུས།
བརྗོད།>>(Ramayana)དང་<<མ་ཧ་བྷ་རཏ>>(Mahabharata)ལྟ་བུའི་སྒྲུང་གཏམ་རིང་པོ་དང་། དམངས་ཁྲོད་ དུ་དར་བའི་སྒྲུང་ཐུང་དག་གི་ནང་དོན་རྣམས་མཆོད་རྟེན་སོགས་ཀྱི་ངོས་སུ་རི་མོར་བྲིས་པའང་དེང་སྐབས་མཐོང་རྒྱུ་ཡོད་ པ་ལྟར་ཡིན།
ཚན་རིག་སྐོར་གྱི་དཔེ་དེབ།
ལོ་ངོ་བརྒྱ་ཕྲག་མང་པའི་གོང་ནས་རྒྱ་གར་གྱི་རྩིས་རིག་དང་གནམ་དཔྱད་རིག་པ་མཁས་ཅན་ཨརྱ་བྷ་དྲས་ <<ཨརྱ་བྷ་དྱིམ་>>ཞེས་པའི་དེབ་ཅིག་བརྩམས་པ་དང་། ཁོང་གིས་དེའི་ནང་དུ་བཤད་དོན། ང་ཚོ་ལ་ཉི་མ་ཤར་ནས་ ནུབ་ཏེ་ཉིན་མོ་དང་མཚན་མོའ ་ི ཁྱད་པར་ཡོང་གི་ཡོད་པ་ལྟར་སྣང་ཡང་། དེ་ནི་སའི་གོ་ལའི་རང་འཁོར་རྒྱག་པའི་རྐྱེན་གྱིས་ ཡིན་པ་ལས། ཉི་མ་འཆར་རྒྱུ་དང་ནུབ་རྒྱུ་ཡོད་པའི་རྒྱུ་མཚན་གྱིས་མིན་པར་བརྗོད་པ་དང་། ད་དུང་ཁོང་གིས་ཉི་ཟླ་གཟའ་ འཛིན་གྱི་སྐོར་ལའང་ཚན་རིག་དང་མཐུན་པའི་འགྲེལ་བརྗོད་གནང་ཡོད། ཁོང་གིས་སྒོར་དབྱིབས་ཀྱི་མཐའ་སྐོར་རིང་ཚད་ རྩི་ཐབས་གསར་པ་ཞིག་རྙེད་པ་དེ་ནི་དེང་སྐབས་བཀོལ་བའི་སྤྱི་འགྲོས་ཀྱིས་གཞལ་བའི་ཚད་དང་ཁྱད་པར་ཆེར་མེད་པ་ ཞིག་ཡིན།
ཀླད་ཀོར།
གནའ་སྔ་མོའ ་ི དུས་ནས་རྒྱ་གར་ནང་ཨང་ཀི་བཀོལ་སྤྱོད་བྱེད་སྲོལ་དར་ཡོད་པ་མ་ཟད། རྒྱ་གར་ གྱི་རྩིས་རིག་མཁས་པ་ཚོས་ཀླད་གོར་གྱི་མཚོན་རྟགས་ཀྱང་གསར་བཏོད་བྱས་ཡོད། ཀླད་གོར་གྱི་ མཚོན་རྟགས་དམིགས་བསལ་བ་ཞིག་གསར་བཏོད་བྱས་པ་དེ་ཐོག་མར་རྒྱ་གར་ནས་ཨ་རབ་ཀྱི་ཡུལ་དུ་དར་བ་དང་། ཨ་རབ་ནས་རིམ་བཞིན་ཡུ་རོབ་ཕྱོགས་སུ་དར་བ་དང་། རྗེས་སུ་དར་ཁྱབ་ཆེ་རུ་སོང་སྟེ་འཛམ་གླིང་སྤྱི་ཡོངས་ཀྱིས་ བཀོལ་སྤྱོད་བྱེད་པ་ཞིག་ཏུ་གྱུར་པ་རེད།
ཤོག་བུ་གསར་བཏོད་དང་དར་ཁྱབ་བྱུང་ཚུལ།
ཤོག་བུ་སྤྱད་དེ་ཀློག་དེབ་དང་འབྲི་དེབ་སོགས་ཉིན་རྒྱུན་གྱི་འཚོ་བའི་ནང་བེད་སྤྱོད་ཆེ་བའི་ཅ་དངོས་མང་ པོ་ཞིག་བཟོ་བཞིན་ཡོད། དེང་སྐབས་ང་ཚོས་བཀོལ་སྤྱོད་བྱེད་པའི་ཤོག་བུ་འདི་ནི་ལོ་ངོ་ 1900 ཡི་གོང་དུ་རྒྱ་ནག་ ནས་ཐོག་མར་དར་བ་ཞིག་ཡིན་ལ། དེ་རྗེས་རིམ་བཞིན་ཀོ་རི་ཡཱ་དང་། ཉི་ཧོང་། ཡུ་རོབ། རྒྱ་གར་སོགས་ཨེ་ཤི་ཡའི་ མངའ་ཁུལ་དང་ཨ་ཧྥི་རི་ཁ་སོགས་སུ་དར་བ་ཡིན།
108
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
109
སྦྱོོང་ཚན་ དང་པོ། འགྲིག་མིན་རྟགས་རྒྱོབ། ༡. སྔ་མོའ ་ི དུས་སུ་ལྷ་ཁང་དང་མཆོད་རྟེན་སོགས་བཞེངས་མཁན་སྦྱིན་བདག་གཙོ་བོ་ནི་རྒྱལ་པོ་དང་བཙུན་མོ་ སོགས་ཡིན། ༢. སྐབས་དེར་བཞེངས་པའི་མཆོད་རྟེན་ཁ་ཤས་ནང་གི་རྟེན་གཙོ་བོ་ནི་སངས་རྒྱས་ཀྱི་རིང་བསྲེལ་ཡིན། ༣. <<རཱ་མ་ཎའི་རྟོགས་བརྗོད་>>རྩོམ་པ་པོ་ནི་ནག་མོ་ཁོལ་ཡིན། ༤. ཤོག་བུ་ཐོག་མར་དར་ཡུལ་ནི་རྒྱ་གར་ཡིན། ༥. ཀླད་ཀོར་ནི་ཡུ་རོབ་ནས་རྒྱ་གར་ནང་དར་བ་ཞིག་ཡིན། ༦. ཨ་ཇཱན་ཊཱའི་བྲག་ཕུག་ནི་ནང་པའི་གྲྭ་པ་ཚོས་བསྐྲུན་པ་ཞིག་ཡིན།
ཀ༽ ཁ༽ ག༽
གཉིས་པ། ལན་མདོར་བསྡུས་རེ་བྲིས།
སྔ་མོའ ་ི དུས་སུ་རྒྱ་གར་ལ་དར་བའི་སྙམ་རྩོམ་དང་སྒྲུང་རྩོམ་གྲགས་ཅན་གཉིས་ཀྱི་མིང་བྲིས། སྔ་མོའ ་ི དུས་སུ་གནས་སྐོར་བ་ཚོས་ལྷ་ཁང་དང་མཆོད་རྟེན་སོགས་སུ་མཆོད་རྫས་རིགས་གང་ཞིག་འབུལ་ སྲོལ་ཡོད། ཨ་ཇཱན་ཊཱའི་བྲག་ཕུག་གི་ལྡེབས་རིས་དེ་ཚོ་བྲིས་ནས་ལོ་ངོ་ག་ཚོད་འགོར་ཡོད་དམ། གསུམ་པ། གྲོས་སྡུར་བྱ་རྒྱུ།
ཀ༽ ཁ༽ ག༽
སློབ་ཚན་ནང་འཁོད་པའི་སྔ་མོའ ་ི དུས་ཀྱི་འཛུགས་སྐྲུན་སྐོར་ལ་གྲོས་བསྡུར་བྱོས། ཨ་ཇཱན་ཊཱའི་བྲག་ཕུག་སྐོར་ལ་གནས་ཚུལ་མཁོ་བསྒྲུབས་ཀྱིས་གྲོས་བསྡུར་བྱོས། སྔ་མོའ ་ི དུས་ནས་རྒྱ་གར་ནང་དར་བའི་གྲགས་ཅན་གྱི་དེབ་རིགས་སྐོར་ལ་གྲོས་བསྡུར་གྱིས།
109
བོད་ཀྱི་ལོ་རྒྱུས་
རང་རེ་བོད་ཀྱི་མིས་རང་གི་མི་རིགས་ཀྱི་འབྱུང་ཁུངས་སྤྲེའུ་དང་
སྤྲ་མོ་འདུས་ནས་བྱུང་བ་ཡིན་ཞེས་བཤད་ཐུབ་པ་དེ་ནི་བོད་མི་རིགས་ཀྱི་ གཟི་བརྗིད་ཅིག་ཡིན།
དུང་དཀར་བློ་བཟང་འཕྲིན་ལས།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
སློབ་ཚན་དང་པོ། --- བོད་ཀྱི་སྣོད་བཅུད་ཆགས་ཚུལ།
111
དེ་ཡང་བོད་ཀྱི་ལོ་རྒྱུས་རྣམས་སུ་ཡོངས་གྲགས་གསལ་བ་བཞིན།”སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ ཚུལ།། བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ། །སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ། །ཀུན་ཀྱང་ཆུ་ཡི་རྒྱ་མཚོར་ གྱུར་པའི་ནང་།།” ཞེས་བོད་ཀྱི་ཡུལ་འདི་གནའ་སྔ་མོར་རྒྱ་མཚོ་ཆེན་པོ་ཞིག་ཡིན་པར་བཤད་ཡོད་ཅིང་། ཕྱིས་སུ་མཚོ་བྲི་ ནས་རིམ་བཞིན་ལྟ་ན་སྡུག་པའི་མདོ་དབུས་མཐོ་སྒང་གི་ཡུལ་ལྗོངས་སུ་གྱུར་བ་ཡིན། ཚན་རིག་པ་ཚོས་ཞིབ་འཇུག་བྱས་ པ་ལྟར། ད་ཕན་ཕལ་ཆེར་ལོ་ངོ་དུང་ཕྱུར་གཉིས་ཀྱི་སྔ་རོལ་དུ་ཁ་བའི་ལྗོངས་འདི་ཆུ་གཏེར་ཆེན་པོ་ཞིག་ཡིན་ལ། ལོ་ས་ཡ་ ལྔ་བཅུའི་གོང་དུ་ས་བབ་མཐོ་རུ་ཕྱིན་པས་སྐམ་ས་ཆེན་པོ་འདི་ཆགས་པར་འདོད། མཚོ་ངོས་ལས་འཕགས་པའི་སྐམ་ས་ ཆེན་པོ་དེའི་སྟེང་དུས་ཡུན་རིང་པོའ ་ི རིང་ནགས་ཚལ་དང་སྲོག་ཆགས་སྣ་ཚོགས་བྱུང་མྱོང་ཡོད་ཅིང་། རི་བོ་ཧི་མ་ལ་ཡ་ས་ སྟེང་ནས་འབུར་དུ་མ་ཐོན་གོང་རྒྱ་གར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོའ ་ི བརླན་གཤེར་དང་དྲོད་རླུང་སོགས་འགོག་པའི་བཀག་ རྒྱ་མེད་སྟབས། མདོ་དབུས་མཐོ་སྒང་གི་གནམ་གཤིས་ཀྱང་དྲོད་གཤེར་གཉིས་ལྡན་ཡིན་པ་དང་། དྲོད་ཁུལ་དུ་སྐྱེ་བའི་སྐྱེ་ དངོས་མང་པོས་ཁྱབ་ཡོད། དེ་ནས་རིམ་བཞིན་སའི་གོ་ལའི་འགུལ་བསྐྱོད་ཀྱི་དབང་གིས་ཧི་མ་ལ་ཡའི་རི་རྒྱུད་ཇེ་མཐོར་སོང་བས། མདོ་ དབུས་མཐོ་སྒང་སྤྱི་དང་། ཁྱད་པར་དབུས་གཙང་ས་ཁུལ་སོགས་ཀྱི་རང་བྱུང་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ།
111
112
ལོ་རྒྱུས།
ནུབ་བྱང་མཐོ་ལ་ཤར་ལྷོ་དམའ་བའི་རྣམ་པ་འདི་ཆགས་པ་མ་ཟད། རྩི་ཤིང་དང་སྲོག་ཆགས་ཀྱི་སྐྱེ་འཕེལ་ལའང་འགྱུར་ ལྡོག་ཆེན་པོ་བྱུང་།
བོད་འདི་སྔར་རྒྱ་མཚོ་ཆེན་པོ་ཞིག་ཡིན་ན་ཕྱིས་སུ་མཚོ་དེ་གང་དུ་སོང་ངམ།
ཆུ་བོ་ནི་མཐོ་ས་ནས་དམའ་སར་འབབ་པའི་ཆོས་ཉིད་ལྟར། མཚོ་བོད་མཐོ་སྒང་དེ་རིམ་བཞིན་མཐོ་སར་ འཕགས་སྐབས། དེའི་ཁུལ་གྱི་ཆུ་རྣམས་དམའ་སར་བབས་པ་ཚོད་དཔག་བྱེད་ཐུབ། ལོ་རྒྱུས་མཁས་པ་ཁ་ཅིག་གིས། སྔོན་ཆད་བོད་དེ་ཆུས་བཀང་ཡོད་ཀྱང་། རྗེས་སུ་ཆུ་དེ་རྣམས་ཀོང་པོ་རྒྱ་ལའི་སེ་གཏམ་ཟེར་བའི་རི་བརྟོལ་ཏེ། རྒྱ་གར་ ཨ་སམ་སོགས་བརྒྱུད་ནས་རྒྱ་གར་རྒྱ་མཚོའི་ནང་བབས་པ་ནས་བཟུང་རིམ་བཞིན་སྐམ་ས་དང་ནགས་ཚལ་ཆགས་ པར་གསུངས། སྔར་གྱི་རྒྱ་མཚོ་དེ་རིམ་བཞིན་བྲི་ཡང་། དེང་སྐབས་བོད་ནང་མ་ཕམ་གཡུ་མཚོ་དང་། གནམ་མཚོ་ཕྱུག་མོ། ཡར་འབྲོག་གཡུ་མཚོ། ཁྲི་ཤོར་རྒྱལ་མོ། མཚོ་སྐྱ་རེངས་དང་སྔོ་རེངས། མཚོ་སྔོན་པོ་སོགས་དྭངས་ཤིང་བསིལ་བའི་ མཚོ་དང་མཚེའུ་མང་པོ་ཡོད་ལ། ཕྱོགས་དང་མཚམས་སོ་སོར་རྒྱུག་པའི་ཁ་འབབ་རྣམ་བཞི་དང་། ཡར་ཀླུང་གཙང་ པོ། སྐྱིད་ཆུ། རྫ་ཆུ། རྨ་ཆུ། འབྲི་ཆུ། རྒྱལ་མོ་རྔུལ་ཆུ་སོགས་ལྷུང་ལྷུང་དུ་རྒྱུ་བའི་ཆུ་ཀློང་རྣམས་ཀྱིས་ཡངས་པའི་ས་གཞི་ བསྐོར་ནས་འགྲོ་བ་མིའི་རིགས་ལ་ཕན་བདེ་སྐྲུན་བཞིན་པ་འདིས་མདོ་དབུས་མཐོ་སྒང་ནི་ཆགས་སྔ་བ་དང་། སྤྱི་ཡོངས་ ཀྱི་ས་ཁམས་ལས་མཐོ་སར་ཆགས་ཡོད་པ་ཤེས་ཐུབ།
བོད་ཡུལ་དེ་གནའ་སྔ་མོར་ཆུ་ཡིས་ཁེངས་པའི་ཤུལ་རྗེས་ཇི་འདྲ་ཡོད་དམ།
ཁྱེད་ཀྱིས་ཤེས་སམ་
ང་ཚོ འི ་ ཕ་ཡུལ་གྱི ་ མི ང ་ལ་བོ ད ་ ཟེར་ཞིང་། བོད་ནི་འཛམ་གླིང་ནང་ཆེས་ མཐོ ་ བའི ་ ཡུལ་གྲུ་ཞི ག ་ཡི ན་པས་འཛམ་ གླིང་གི་ཡང་ཐོག་ཅེས་འབོད། དེའི་མཐའ་ སྐོ ར ་དུ་དུས་བཞི ར ་འགྱུར་བ་མེ ད ་པའི ་ གངས་རིས་བསྐོར་ཡོད་པར་བརྟེན་བོད་ གངས་ཅན་དང་ཁ་བའི་ལྗོངས། གངས་ ལྗོངས་སོགས་ཀྱང་ཟེར།
དེང་སང་ས་ཁད་མཐོ་ལ་གནམ་གཤིས་གྲང་ཤོས་ཀྱི་བྱང་ཐང་ནག་ཆུའི་ ས་ཆ་འགའ་ཞིག་ཏུ། གནའ་སྔ་མོར་སྤོས་དཀར་གྱི་སྡོང་པོ་འགྱེལ་ནས་ ས་འོ ག ་ཏུ་སོ ང ་སྟེ ་ རུལ་བའི ་ གསེ ང ་དུ་སྤོ ས ་དཀར་མ་རུལ་བ་རྣམས་ ལུས་ཏེ་ད་ལྟ་དངོས་སུ་མཐོང་རྒྱུ་ཡོད་པ་རེད། དེ་བཞིན་སྔོན་ཆད་མདོ་ སྨད་ཀྱི་ཡུལ་འདི་རྒྱ་མཚོའི་ཤུལ་དམའ་ཞིང་དྲོ་བ་ཞིག་ཡིན་སྟབས། གླང་ པོ་ཆེ་སོགས་དྲོད་ཁུལ་གྱི་སྲོག་ཆགས་མང་པོ་ཡོད་པར་བསྟན་ཅིང་། ཉེ་ ཆར་མཚོ་སྔོན་ཁུལ་དུ་གླང་ཆེན་གྱི་རུས་པ་ཆ་ཚང་གཉིས་གསར་རྙེད་ བྱུང་ཡོད། གཞན་ཡང་མཐོ་སྒང་གི་ཡུལ་གྲུ་མང་པོར་ཚ་བའི་ས་ཁུལ་ཁོ་ན་ལས་ སྐྱེ་མི་སྲིད་པའི་སྐྱེ་དངོས་མང་པོ་གསར་རྙེད་བྱུང་། དེ་བཞིན་སུག་ལག་ གསུམ་ལྡན་གྱི་རྐྱང་རྒོད་དང་། ཁྱི། གླང་པོ། རི་བོང་། ཤྭ་བ་སོགས་ཀྱི་ དབྱིབས་གཟུགས་འདྲ་བའི་རི་དྭགས་མང་པོ་བྱུང་མྱོང་།
112
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
113
ལོ་ས་ཡ་ ༦༥༠
ཨ་རིའི་ས་དཔྱད་མཁས་པ་སེ་ཀོ་ཊེས྄་ (Scotese) ཡིས་སའི་གོ་ལའི་ལོ་རྒྱུས་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ།
ལོ་ས་ཡ་༦༥༠ གོང་གི་སའི་གོ་ལ།
ལོ་ས་ཡ་ ༢༥༥
བོད།
ལོ་ངོ་ས་ཡ་༢༥༥ གོང་དུ་བོད་དང་ཨི་རན། ཊར་ཀི་སོགས་ད་དུང་མཚོ་གཏིང་དུ་ཡོད།
113
114
ལོ་རྒྱུས།
ཨ་རིའི་ས་དཔྱད་མཁས་པ་བ་སེ་ཀོ་ཊེས྄་ (Scotese) ཡིས་སའི་གོ་ལའི་ལོ་རྒྱུས་ཐོག་ཉམས་ཞིབ་བྱས་པའི་སྙན་ཐོ།
ལོ་ས་ཡ་ ༡༩༥
བོད།
ལོ་ངོ་ས་ཡ་༡༩༥ གོང་དུ་བོད་དང་ཨི་རན། ཊར་ཀི་སོགས་ས་ངོས་སུ་ཐོན་བཞིན་ཡོད་མོད། དེ་དག་གླིང་ཕྲན་གྱི་རྣམ་པར་གནས་ཡོད།
ལོ་ས་ཡ་ ༥༠-༥༥
བོད།
ལོ་ངོ་ས་ཡ་ ༥༠ གོང་དུ་རྒྱ་གར་གྱི་སྐམ་ས་ཨེ་ཤི་ཡ་གླིང་ཆེན་གྱི་ཕྱོགས་སུ་འགུལ་བསྐྱོད་བྱས་པ་དང་། མཚོ་ བོད་མཐོ་སྒང་དང་ཧི་མ་ལ་ཡ་ས་ངོས་སུ་འབུར་དུ་ཐོན་ཡོད།
114
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བོོོད་ཡུལ་དུ་མིི་ཡིིི་འགྲོོོ་བ་བྱུང་ཚུལ།
115
འཇིག་རྟེན་འདིར་མི་ཡི་འགྲོ་བ་བྱུང་ནས་ལོ་ངོ་ས་ཡ་གསུམ་ལ་ཉེ་བའི་ལོ་རྒྱུས་ཡོད་ཅིང་། བོད་ཀྱི་ས་ཁུལ་ཤན་ ཚ་དང་། དིང་རི། སྤུ་ཧྲེང་། ནག་ཆུ། ཚྭ་གདམ་གཤོང་། མཚོ་སྔོན་རྟ་ནག་སོགས་ནས་སྲོག་ཆགས་ཀྱི་རུས་པའི་འགྱུར་རྡོ་ དང་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་སྣ་ཚོགས་ཤིག་རྙེད་སོན་བྱུང་བར་བརྟགས་ན། བོད་ཀྱི་ཡུལ་འདིར་སྲོག་ ཆགས་གནས་པ་ནས་ལོ་ངོ་ས་ཡ་ལྷག་ཙམ་འདས་པ་བདེན་དཔང་བྱས་ཡོད། དེ་ལྟར་ན་འགྲོ་བ་མི་ཡི་རིགས་ཀྱང་དེ་དག་ དང་ཧ་ལམ་དུས་མཚུངས་ཙམ་དུ་བྱུང་ཡོད་པ་རྗེས་སུ་དཔོག་ཐུབ། འོན་ཀྱང་ཕྱིས་སུ་དུས་རབས་མི་འདྲ་བར་བོད་མིའི་ བྱུང་ཚུལ་སྐོར་ལ་བཤད་སྟངས་མི་འདྲ་བ་ཁ་ཤས་བྱུང་ཡོད། དེ་ལས་རང་ཅག་བོད་དུ་ཡོངས་གྲགས་སུ་ཕ་སྤྲེའུ་བྱང་ཆུབ་སེམས་དཔའ་དང་། མ་བྲག་སྲིན་མོ་གཉིས་ཀྱི་བུ་ རྒྱུད་ལས་མིའི་རིགས་འཕེལ་བར་འདོད། དེ་ཡང་སྤྲེའུ་ཞེས་པ་ནི་སྤྲ་ཆུང་ཆུང་གི་དོན་དང་། བྲག་སྲིན་མོ་ཞེས་པ་ནི་གནས་ ཡུལ་བྲག་ཕུག་ཏུ་བཅས་པ་དང་གདོད་མའི་སྤྲ་མི་རྣམས་ལྟར་སྲོག་ཆགས་གཞན་གྱི་ཤ་ཁྲག་ལ་བརྟེན་ནས་འཚོ་བའི་སྤྲ་ རིགས་ཤིག་ཡིན་པས། གནས་ས་དང་འཚོ་ཐབས་ལ་བརྟེན་ནས་བྲག་སྲིན་མོ་ཞེས་འབོད་པ་ལས་འདྲེ་མོའམ་གདོན་འདྲེ་མོ་ ཞེས་པའི་དོན་མིན། དེ་ལྟར་ཡར་ཀླུང་གཙང་པོའ ་ི ཆུ་རྒྱུད་ཀྱི་ནགས་ཚལ་དུ་གནས་ཤིང་། ཤིང་འབྲས་ཟ་བའི་སྤྲ་རིགས་ཆུང་བ་དང་ བྲག་ཕུག་ཏུ་སྡོད་ཅིང་སྲོག་ཆགས་ཀྱི་ཤ་ཁྲག་ལ་རོལ་བའི་སྤྲ་རིགས་ཆེ་བ་གཉིས་ཕན་ཚུན་འདུས་པ་ལས་ཕྲུ་གུ་རྣམས་ རིམ་བཞིན་འཕེལ། ལོ་ངོ་ཁྲི་ཕྲག་དུ་མའི་རིང་སྤྲ་མི་ཚོས་རང་ཉིད་འཚོ་གནས་ཀྱི་ཆེད་རང་བྱུང་ཁམས་ལ་འཐབ་རྩོད་ཀྱིས་
115
116
ལོ་རྒྱུས།
མེེེས་པོོོའིིི་ཞལ་རྒྱུན་
རྩེ ད ་ཐང་གི ་ མགོ ན ་པོ ་ རི ་ ནི ་ སྤྲེ འུ ་ དེ་དག་གནས་ཡུལ་གྱི་རི་ནགས་ཚལ་སྟུག་ པོ་ཅན་ཞིག་ཡིན་པ་དང་། རྩེད་ཐང་ཞེས་ པའི ་ ས་ཆ་དེ ་ ནི ་ སྤྲེ ལ ་ཕྲུག་རྣམས་ཐང་དུ་ བབས་ནས་རྩེད་མོ་རྩེད་ས་ཡིན་པས་རྩེད་ ཐང་ཞེས་གྲགས་པ་ཡིན། ཐང་དེའི་ས་ཞིང་ ནི་སྤྲེའུ་རྣམས་ཀྱིས་ས་བོན་བཏབ་སྟེ་འབྲུ་ རིགས་སྐྱེས་སྐབས། ཕན་ཚུན་ཟོ་དང་ཞེས་ པའི་མིའི་སྐད་སྨྲ་ཤེས་པར་གྱུར་བས། ཞིང་ དེ་ལ་ཟོ་དང་ཞིང་ཟེར་བ་དང་། ཞིང་ལ་སྔ་བ་ ཟོ་དང་ཞིང་ཞེས་གྲགས། དེ་ནས་ཡར་ལུང་ ཁོག་ནི་མི་ཡི་ཡུལ་དུ་གྱུར་སྟབས། ཡུལ་ལ་ སྔ་བ་ཡར་ལུང་སོག་ཀ་ཞེས་གྲགས་སོོ།
ཁྱེེད་ཀྱིིས་ཤེེེས་སམ།
ང་རང་ཚོ འི ་ མེ ས ་པོ ་ སྤྲ་མི ་ ཚོ ས ་ཡུན་རི ང ་ པོར་རང་ བྱུང་ཁམས་ལ་འཐབ་རྩོད་བྱས་ནས། རིམ་ པར་ཤེས་རིག་འཕེལ་རྒྱལ་བྱུང་། ཁོང་ཚོས་རྡོ་ཆས་ དང་རྫ་ཆས། ཤིང་གི་ཡོ་བྱད། རུས་ཆས། མཚོན་ཆ་ སོགས་གསར་བཟོ་དང་ལེགས་བཅོས་བྱས་པ་རེད། ཁོང་ཚོས་ཆར་པ་དང་། ཁ་བ། གཅན་གཟན་གྱི་གནོད་ པ་སོགས་འགོག་ཆེད་བྲག་ཕུག་དང་རྩི་ཤིང་གི་སྤྱིལ་ བུ་བཟོ ས ་ནས་སྡོ ད ་ཁང་ལ་བརྟེ ན ་པའི ་ ཐབས་ཤེ ས ་ བཙལ། དུས་རྒྱུན་ཕོ་རྣམས་ཀྱིས་རི་དྭགས་རྔོན་པ་ དང་། མོ་རྣམས་ཀྱིས་རང་བྱུང་དུ་སྐྱེས་པའི་ལོ་ཏོག་ སོགས་འཐུ་བའི་ལས་བྱེད་པས། ཁོང་ཚོའི་འཚོ་ ཐབས་ལ་བལྟས་ནས་དེང་སྐབས་མི་རྣམས་ཀྱིས་ཁོང་ ཚོར་”རྔོན་པ་དང་འཐུ་མཁན་” (hunter-gatherer) ཞེས་འབོད་ཀྱི་ཡོད།
ངལ་རྩོ ལ་ཡུན་རི ང་བྱས་པར་བརྟེ ན་རི མ ་བཞི ན་མི ར ་གྱུར་བ་དང། ཁོང་ཚོའི་རྒྱུད་པ་རིམ་བཞིན་འཕེལ་བ་ལས་བོད་མི་རིགས་ཀྱི་མེས་ པོ་སྟེ། སེ་དང་རྨུ། ལྡོང་། སྟོང་། དབྲ། འབྲུ་བཅས་མིའུ་གདུང་དྲུག་ བྱུང་། ཁོང་ཚོས་ཟས་སུ་ཤིང་འབྲས་ཟ་ཞིང་། གོས་སུ་ཤིང་ལོ་གྱོན། ནགས་གསེབ་ཏུ་རི་དྭགས་ལྟར་འཚོ་སྡོད་བྱེད་པའི་རྣམ་པ་དེ་རིམ་ བཞིན་འགྱུར་ནས། འབྲོག་པ་དང་ས་མ་འབྲོག ཞིང་པ་སོགས་བྱུང་སྟེ་ ཡུལ་སྡེའི་རྣམ་པར་གྱུར།
སྦྱོང་ཚན།
ཀ༽ གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ།
༡. བོད་འདི་གནའ་སྔ་མོར་རྒྱ་མཚོ་ཆེན་པོ་ཞིག་ཡིན།
༢. ཧི་མ་ལ་ཡ་ཇེ་མཐོར་སོང་བས་བོད་ཀྱི་ཁོར་ཡུག་ལ་འགྱུར་ལྡོག་ཆེན་ པོ་བྱུང་ཡོད།
༣. དེང་སྐབས་བོད་ནང་མཚོ་དང་མཚེའུ་གང་ཡང་མེད།
༤. བོད་འདི་སྔོན་ཆད་ཆུ་ཡིས་ཁེངས་པའི་ཤུལ་རྗེས་གང་ཡང་མཐོང་རྒྱུ་ མེད།
༥. བོད་ཡུལ་དུ་སྲོག་ཆགས་གནས་ནས་ལོ་ངོ་ས་ཡ་ལྷག་ཙམ་འདས་ པའི་བདེན་དཔངས་ཡོད།
ཁ༽ གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།
༡༽ མདོ་དབུས་མཐོ་སྒང་གི་སྐམ་ས་མ་ཆགས་གོང་བོད་ཡུལ་གྱི་རྣམ་པ་ ཇི་འདྲ་ཡིན།
༢༽ བོད་ཡུལ་གྱི་ཆགས་རིམ་མདོར་ཙམ་བྲིས།
༣༽ བོད་དུ་འགྲོ་བ་མི་བྱུང་ཚུལ་ཇི་ལྟར་ཡིན་ནམ།
ག༽ གྲོས་བསྡུར་བྱ་རྒྱུ།
༡. སྔོན་ཆད་བོད་ཡུལ་འདི་ཆུས་ཁེངས་པའི་སྐོར་ལ་གྲོས་བསྡུར་བྱོས། ༢. བོད་མི་བྱུང་ཚུལ་ལ་བཤད་ཚུལ་མི་འདྲ་བ་གང་འདྲ་ཡོད།
116
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
117
སློབ་ཚན་གཉིས་པ།--- གཉའ་ཁྲིའི་གོང་གི་བོད་ཡུལ་ངོ་སྤྲོད།
བོད་ལ་འགྲོ་བ་མི་བྱུང་བ་ནས་རིམ་གྱིས་དཔལ་ཡོན་དར་འགོ་ཚུགས་པ་དང་། དུས་ཡུན་དེའི་ནང་དབང་མཛད་ རིམ་པ་བཅུ་གཉིས་ཙམ་བྱུང་བ་བོད་ཀྱི་ལོ་རྒྱུས་ཁག་ལ་གཅིག་གྱུར་དུ་གསལ་ཡོད། ལྷག་པར་དུས་སྐབས་སོ་སོར་བྱུང་ བའི་དབང་མཛད་དང་རྒྱལ་ཕྲན་ཁག་མང་པོ་བྱུང་ཡོད་ཀྱང་། དེ་དག་བྱུང་བའི་དུས་ཡུན་རིང་བ་དང། སྤྱི་ཚོགས་ཀྱི་འཕོ་ འགྱུར། ཆབ་སྲིད་དང་རིག་གཞུང་འགྱུར་བཅོས། རང་བྱུང་ཁམས་ཀྱི་གོད་ཆག ལོ་རྒྱུས་འབྲི་མཁན་ཚོའི་ཕྱོགས་ཞེན་གྱི་ བསམ་བློས་ལོ་རྒྱུས་ལ་ལྷད་བསྲེས་པ་སོགས་ཀྱིས། དེང་སྐབས་སྔོན་མའི་གནས་ཚུལ་མང་པོ་ཞིག་ཞིབ་ཅིང་ཕྲ་བར་ཤེས་ ཐུབ་ཐབས་མེད་པ་ལྟ་བུར་གྱུར་ཡོད་ལ། གནས་ཚུལ་འདི་དག་གིས་སྔོན་གྱི་སྤྱི་ཚོགས་ཀྱི་གནས་བབ་ཇི་བཞིན་ར་འཕྲོད་ པར་བཀག་རྒྱ་ངེས་ཅན་ཞིག་བཟོས་ཡོད། འོན་ཀྱང་། བོད་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་མ་བྱོན་གོང་བོད་དུ་དབང་སྒྱུར་ བྱེད་མཁན་རིམ་པ་བཅུ་གཉིས་ཙམ་བྱུང་བ་ཡོངས་གྲགས་ཡིན། དབང་མཛད་བཅུ་གཉིས། དབང་མཛད་ཐོག་མར་བྱུང་བ་ཞེས་པ་ནི་མིས་མི་ལ་དབང་བསྒྱུར་བའི་དུས་རབས་འགོ་ཚུགས་པ་ལ་ཟེར་ཞིང་། དབང་མཛད་ཅེས་པའི་དོན་ནི་རྩ་བའི་ཆ་ནས་དབང་ལུང་སྒྱུར་བའི་དོན་ཡིན་ཡང་། བོད་ཀྱི་ལོ་རྒྱུས་ནང་གསར་གཏོད་ཀྱི་ ནུས་པ་ཞིག་ཀྱང་མཚོན་ཡོད་པས། བཙན་པོའ ་ི དུས་ཀྱི་མཛངས་མི་ཞེས་པའི་དོན་གྱི་ཆ་ཤས་ཤིག་ཀྱང་མཚོན་ཡོད། བོད་ཡུལ་གྲུབ་པའི་རྗེས་ནས་རིམ་པར་དབང་སྒྱུར་སྤྱི་ཚོགས་འགོ་ཚུགས་པ་དང་། དུས་སྐབས་དེའི་ནང་དུ་མི་རྣམས་ནི་ ལུས་མི་རུ་གྲུབ་ཀྱང་། ནང་གི་བསམ་བློ་དང་ཕྱིའི་ཀུན་སྤྱོད་ད་དུང་མི་ཚད་ལྡན་དུ་མ་གྱུར་པས། ཤེས་རིག་དར་བའི་རྗེས་ ཀྱི་མི་དང་བསྡུར་ན། གང་ཅིའི་ཐད་ནས་རྗེས་ལུས་ཡིན། ཁོང་ཚོའི་བསམ་བློ་འཁྱེར་སྟངས་དང་། ཀུན་སྤྱོད་གཉིས་ཀའི་ཆ་ ནས་མི་མ་ཡིན་པ་སྟེ། མི་མ་ཡིན་ཞེས་པའི་རྣམ་པར་གནས་ཡོད། དུས་སྐབས་འདིའི་ནང་གནོད་སྦྱིན་ནག་པོ་སོགས་དབང་ བྱེད་མཁན་མི་འདྲ་བ་བཅུ་གཉིས་ཙམ་བྱུང་བ་རྣམས་ལ་དབང་མཛད་བཅུ་གཉིས་ཞེས་ཟེར། དེ་ཡང་དབང་མཛད་ཐོག་མ་ གནོད་སྦྱིན་ནག་པོ་ཞེས་པ་ནི་ཐོག་མར་ཚོ་དཔོན་ཞིག་གི་མིང་ཡིན་ཞིང་། རྗེས་སུ་རྒྱལ་རབས་སམ་དུས་རབས་ཀྱི་མིང་ དུ་ཆགས་པས། དེའི་རྗེས་ཀྱི་དབང་མཛད་དག་ལའང་ཚོ་དཔོན་གྱི་མིང་རྒྱལ་རབས་དང་དུས་རབས་ཀྱི་མིང་དུ་འབོད་པ་ ཡིན་ཏེ། གཉིས་པ་བདུད་ཀྱི་དུས་རབས། གསུམ་པ་སྲིན་པོའ ་ི དུས་རབས། བཞི་པ་དམར་འཇམ་ལྷ་ཡི་དུས་རབས། ལྔ་པ་ རྨུ་ཡི་དུས་རབས། དྲུག་པ་ཀྲོག་ཀྲོག་འདྲེ་ཡི་དུས་རབས། བདུན་པ་མ་སངས་རུས་དགུའི་དུས་རབས། བརྒྱད་པ་ཀླུ་བཙན་ གྱི་དུས་རབས། དགུ་པ་རྒྱལ་པོའ ་ི དུས་རབས། བཅུ་པ་འགོང་པོ་སྤུན་དགུའི་དུས་རབས། བཅུ་གཅིག་པ་རྒྱལ་ཕྲན་སིལ་མ་ བཅུ་གཉིས་ཀྱི་དུས་རབས། བཅུ་གཉིས་པ་སིལ་མ་བཞི་བཅུའི་དུས་རབས་བཅས་སོ།། གོང་ནས་བཤད་པའི་དབང་མཛད་དུས་རབས་དེ་དག་གི་སྐབས་སུ་བྱུང་བའི་ལམ་ལུགས་དང་། དབང་མཛད་ བྱུང་ས་རྣམས་ནི་ས་གནས་གཅིག་མིན་པ་མ་ཟད། དེ་དག་ཏུ་བྱུང་བའི་དབང་མཛད་ཀྱི་རྣམ་པའང་གཅིག་མཚུངས་མིན།
117
ལོ་རྒྱུས།
118
ཨང་། དབང་མཛད་དུས་རབས། ༡
གནོད་སྦྱིན་ནག་པོ།
༣
སྲིན་པོ་གཉའ་རེངས་ཁྲག་མིག།
༢
༤ ༥
༦ ༧ ༨
༩
ར་ཏེ་མགོ་གཡག་བདུད། དམར་འཇམ་ལྷ། དམུ་རྒྱལ་ཁོ་རྗེ། ཀྲོག་ཀྲོག་འདྲེ།
མ་སངས་རུས་དགུ* ཀླུ།
རྒྱལ་པོ།
༡༠ འགོང་པོ་སྤུན་དགུ
༡༡ རྒྱལ་ཕྲན་བཅུ་གཉིས།
༡༢ སིལ་མ་བཞི་བཅུ། ཁྱེེད་ཀྱིིས་ཤེེེས་སམ།
བོ ད ་ཀྱི ་ ལོ ་ རྒྱུས་ཐོ ག ་རྒྱལ་ ཕྲན་བཅུ་གཉིས་དང་སིལ་མ་བཞི་བཅུ་ སོགས་ལ་དབང་མཛད་ཅེས་ཟེར་ཞིང་། ལོ་རྒྱུས་ཀྱི་ཡི་གེ་ལ་ལར་མངའ་མཛད་ དང་། ལ་ལར་དབང་བྱས། ཡང་འགའ་ རེ ར ་དབང་བྱེ ད ་སོ ག ས་འབྲི ་ ཚུལ་མི ་ འདྲ་བ་སྣ་ཚོགས་ཤིག་ཡོད་ཀྱང་། དེ་ དག་གི་གོ་དོན་ནི་དབང་ལུང་སྒྱུར་བའི་ དོན་ཡིན།
དབང་མཛད་བཅུ་གཉིས། ཡུལ་གྱི་མིང་།
ལག་ཆ་གསར་ཐོན།
བདུད་ཡུལ་ཁ་རག་རོང་དགུ
སྟ་རེ།
བཟང་ཡུལ་རྒྱན་མེད།
སྲིན་པོ་ནག་པོ་དགུ་ཡུལ། ལྷ་ཡུལ་གུང་ཐང་།
ད་འཕྲང་ཅང་འཕྲང་། ལང་ཏང་ལིང་ཏང་། བོད་ཁ་ཉ་དྲུག
བོད་ཁམས་གླིང་དགུ
མདའ་གཞུ།
མདའ་དང་སྒྱོགས། ཆུ་གྲི།
ཞགས་པ། འུར་རྡོ།
དོང་རལ་གོ་ཆ་ཕུབ་ཆུང་།
ངམ་ཡུལ་ནག་པོ།
སྟོང་སྡེ་བཅོ་བརྒྱད།
དུས་ཡུན་རིང་པོའ ་ི རིང་དབང་མཛད་ཕན་ཚུན་དམག་འཐབ་བྱས་ནས་ ཚོ ་ བ་ཆེ ན ་པོ ་ རྣམས་ཀྱི ས ་ཚོ ་ བ་ཆུང་ཁག་རྣམས་རི མ ་ཟོ ས ་བྱས་པར་བརྟེ ན ། མཐར་རྒྱལ་ཕྲན་ཁག་བཅུ་གཉིས་སུ་གྱེས། རྒྱལ་ཕྲན་དེ་དག་ནི་དུས་ཚོད་གཅིག་ གི་རིང་མཉམ་དུ་གནས་པ་དང་། དེ་དག་ནང་ཁུལ་དུའང་འཐབ་རྩོད་དང་འགལ་ ཟླ་ཆེ། འཐབ་རྩོད་ཀྱི་རྣམ་པ་ཆེ་རུ་འགྲོ་སྐབས་ཕན་ཚུན་དམག་འཁྲུག་བྱུང་བས། རྒྱལ་ཕྲན་བཅུ་གཉིས་སུ་གནས་པ་དེ་དག་གི་སྒྲིག་གཞི་དང་ལམ་ལུགས་ཁག་རྩ་ འཐོར་དུ་སོང་ནས། མཐར་སིལ་མ་བཞི་བཅུར་འཐོར་བ་རེད། དེ་ལྟར་གཉའ་ཁྲི་བཙན་པོ་མ་བྱུང་གོང་བོད་ཀྱི་ཡུལ་འདིར་དབང་སྒྱུར་ བྱེད་པའི་དབང་མཛད་སྣ་ཚོགས་ཤིག་བྱུང་ཡོད་ཅིང་། བོད་ཡུལ་སྟོད་སྨད་བར་ གསུམ་ནས་ལོ་ངོ་ལྔ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་དབང་མཛད་དུས་རབས་ཀྱི་ གནའ་རྫས་འབོར་ཆེན་ཞིག་གསར་རྙེད་བྱུང་ཡོད།
118
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
དབང་མཛད་སྐབས་ཀྱི་སྤྱི་ཚོགས་རྣམ་པ།
119
བོད་ཡུལ་འདིར་རྗེ་འབངས་ཀྱི་རྣམ་པ་བྱུང་བའི་ཐོག་མ་དབང་མཛད་གནོད་སྦྱིན་ནག་པོ་ནས། རྒྱལ་ཕྲན་སིལ་ མ་བཞི་བཅུའི་བར་ལོ་ངོ་སྟོང་ཕྲག་མང་པོའ ་ི རིང་གི་སྤྱི་ཚོགས་ཀྱི་རྣམ་པ་ཇི་བཞིན་བཤད་དཀའ་ནའང་། བོད་ཀྱི་ས་ཁུལ་ གང་ས་ནས་རྙེད་པའི་གནའ་རྫས་དང་སྔར་བྱུང་ལོ་རྒྱུས་སོགས་ལ་བརྟགས་ན་གནས་ཚུལ་གང་འཚམ་ཞིག་ཤེས་ཐུབ་ ངེས་ཡིན། སྐབས་དེར་རྒྱལ་ཕྲན་ཕན་ཚུན་དབར་འཁྲུག་རྩོད་མང་པོ་ཞིག་བྱུང་བ་དང་། དེ་དག་འགོག་སྲུང་གི་ཆེད་རྡོ་ དང་རུས་པ། ཟངས། ལྕགས་སོགས་ཀྱི་ཡོ་བྱད་དང་ལག་ཆ་བཟོ་བའི་ལག་རྩལ་འགོ་བརྩམས་ཏེ། མདའ་གཞུ་དང་། སྟ་ རེ། མདུང། སྒྱོགས། ཆུ་གྲི། ཞགས་པ། འུར་རྡོ། ཕུབ་སོགས་གསར་བཟོ་བྱས། དེ་བཞིན་དབང་མཛད་ཀྱི་དཔོན་པོ་དེ་ དག་ལ་བློན་པོ་དང་དམག་མི། བྲན་གཡོག་སོགས་གྲལ་རིམ་གྱི་རྣམ་པ་བྱུང་བ་མ་ཟད། ས་ཞིང་དང་སྒོ་ཕྱུགས། དམག་གི་ འགྲོ་སོང་སོགས་བསོག་པའི་ཆེད་མི་དམངས་རྣམས་ལ་དཀའ་ལས་ཚད་མེད་མྱང་དུ་བཅུག་ཡོད། བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱུང་བའི་དུས་སུ། བོད་ནང་རྒྱལ་ཕྲན་མང་དུ་ཡོད་པ་དང་དེ་དག་ཕན་ ཚུན་དབར་མཐུན་སྒྲིལ་མེད་པ་མ་ཟད། མི་སེར་ཚོས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པས། རྒྱལ་པོ་གཉའ་ཁྲི་ བཙན་པོས་རྒྱལ་ཕྲན་དེ་དག་གཅིག་སྡུད་བྱས་སོ། །
སྦྱོང་ཚན།
ཀ༽ གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ།
1. གཉའ་ཁྲི་བཙན་པོ་མ་བྱོན་གོང་བོད་དུ་དབང་མཛད་བཅུ་གཉིས་ཙམ་བྱུང་ཡོད། 2. དབང་མཛད་བྱུང་སའི་ས་གནས་གཅིག་པ་ཡིན་དང་། བྱུང་བའི་དུས་རབས་ཀྱང་གཅིག་པ་ཡིན། 3. དབང་མཛད་དུས་སྐབས་སུ་སྟ་རེ་སོགས་ལག་ཆ་མང་པོ་ཞིག་གསར་བཟོ་བྱས་ཡོད། ཁ༽ གཤམ་གྱི་དྲི་བ་རྣམས་ལ་ལན་བྲིིས།
༡༽ དབང་མཛད་ཐོག་མར་བྱུང་ཚུལ་ཇི་འདྲ་ཡིན། ༢༽ དབང་མཛད་རྣམས་རིམ་པར་རྒྱལ་ཕྲན་དང་རྒྱལ་ཕྲན་སིལ་མར་གྱུར་དགོས་དོན་གང་རེད། ༣༽ དབང་མཛད་སྐབས་ཀྱི་སྤྱི་ཚོགས་རྣམ་པ་ཇི་འདྲ་ཡོད་དམ། ག༽ གྲོས་བསྡུར་བྱ་རྒྱུ།
1. གཉའ་ཁྲི་བཙན་པོའ ་ི གོང་གི་བོད་ཡུལ་སྐོར་ལ་གྲོས་བསྡུར་བྱོས།
119
120
ལོ་རྒྱུས།
གནའ་རབས་བོད་མིའི་ཤེས་རིག།
སློབ་ཚན་གསུམ་པ།
ང་ཚོ་བོད་མི་རྣམས་ཀྱང་འགྲོ་བ་མི་གཞན་དག་ལྟར་ཐོག་མར་ཟས་སུ་ཤིང་འབྲས་ཟ་བ་དང་གོས་སུ་ཤིང་ལོ་གྱོན་པ། སྤྱིལ་བུ་དང་བྲག་ཕུག་ཏུ་སྡོད་ཅིང་། རྡོ་དང་དབྱུག་པའི་ལག་ཆ་ཐེབས་ཆག་ཙམ་ལ་བརྟེན་ནས་འཚར་ལོངས་བྱུང་། དེ་ནས་ རིམ་བཞིན་ཞིང་འབྲོག་གི་འཚོ་བར་བརྟེན་པ་དང་། རིག་གནས་སྣ་ཚོགས་ལ་གོམས་འདྲིས་བྱས་ནས་ད་ལྟའི་སྤྱི་ཚོགས་སུ་ སླེབས་ཐུབ་པ་བྱུང་། རྡོ་ཆས་རྙིང་པའི་སྐབས་ཀྱི་བོད་མིའི་ཤེས་རིག
རྡོ་ཆས་རྙིང་པའི་སྐབས་ཀྱི་གནའ་རྫས་མང་པོ་ཞིག་ད་ལྟ་བོད་ཀྱི་ཡུལ་གྲུ་མང་པོ་ནས་གསར་རྙེད་འབྱུང་གི་ཡོད་ པ་འདིས། བོད་དུ་བསྐལ་པ་ཡ་ཐོག་ནས་འགྲོ་བ་མིའི་རིགས་འཚོ་གནས་བྱུང་བ་དང་། ཁོང་ཚོའི་ལག་ཤེས་གང་འཚམ་ ཡག་པོ་ཡོད་པ་ཤེས་ཐུབ། བོད་ཀྱི་ནག་ཆུ་ས་ཁུལ་དང་། གཉའ་ལམ། དིང་རི། ཤན་ཚ། ཚྭ་གདམ་གཤོང་། མཚོ་སྔོན་རྟ་ ནག་སོགས་ནས་རྡོ་ཆས་རྙིང་པའི་དུས་སྐབས་ཀྱི་འགྱུར་རྡོ་དང་། རྡོ་ཆས། རུས་ཆས་སོགས་སྣ་ཚོགས་ཤིག་གསར་རྙེད་ བྱུང་ཡོད་ཅིང་། དེ་དག་ལ་ལོ་ངོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ལྡན་འདུག དུས་རབས་དེ་དག་གི་རིང་ང་ཚོའི་མེས་པོ་ཚོས་རང་ ཉིད་ལ་མཁོ་བའི་ལག་ཆ་དང་། མཚོན་ཆ་སོགས་བཟོ་རྒྱུའི་ལག་ཤེས་ཡག་པོ་ཡོད་པ་འདི་མི་རིགས་གཞན་ལ་ངོམས་སུ་ ཆོག་པ་ཞིག་རེད། ཁ་རུབ་ནས་ཐོན་པའི་གནའ་རྫས།
རྡོ་ཆས་གསར་པའི་སྐབས་ཀྱི་རྭ་སྙུང་།
རྡོ་ཆས་གསར་པའི་སྐབས་ཀྱི་བོད་མིའི་ཤེས་རིག རྡོ་ཆས་གསར་པའི་དུས་སྐབས་ནི་ད་ནས་ཡར་ལ་བརྩིས་པའི་ལོ་ངོ་དགུ་ སྟོང་མན་གྱི་དུས་སྐབས་ཡིན་ཞིང་། དེའི་སྐབས་ཀྱི་གནའ་རྫས་མང་པོ་ཞིག་ དེང་སང་བོད་ཀྱི་ས་ཁུལ་གང་ས་ནས་རྙེད་སོན་འབྱུང་གི་ཡོད། དེ་ཡང་ཆབ་ མདོ་ཁ་རུབ་སོགས་ནས་གནའ་རྫས་རྙེད་སོན་བྱུང་བ་དེ་དག་ནང་། སྦྱག་མ་ དང་འཇོར། གཤོལ། འབྲེག་གཏུབ་ལག་ཆ་སོགས་ཞིང་ལས་ལ་མཁོ་བའི་ རྡོའ ་ི ཡོ་ཆས་སྣ་ཚོགས་དང་། བཟོ་བཀོད་ལེགས་པའི་ཁོག་མ་དང་སླ་ང་། ཕོར་ བ་སོགས་རྫ་ཆས་ཀྱི་རིགས། རྒྱུན་མཁོའ ་ི ཡོ་ཆས་སྙུང་བུ་དང་། ཁབ། སྟ་རེ། རྭ་སྙུང་སོགས་རུས་ཆས་ཀྱི་རིགས་དང་། ད་དུང་རྡོ་དང་། གཡང་ཊི། རུས་ པ་སོགས་ལས་བཟོས་པའི་མཛེས་ཤིང་སྤུས་ཀ་དག་པའི་མཛེས་རྒྱན་སོགས་ གསར་རྙེད་ཐུབ་པ་འདིས། རྡོ་ཆས་གསར་མའི་སྐབས་བོད་མིའི་ལག་ཤེས་ལ་ ཡར་ཐོན་ཆེན་པོ་བྱུང་ཡོད་པ་ཤེས་རྟོགས་ཐུབ།
120
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
གདོད་མའི་ཆོས་ལུགས་དང་རིག་གནས་།
121
གནའ་རབས་བོ ད ་ཀྱི ་ ཆོ ས ་ལུགས་ནི ་ བོན་ཡིན་ཞིང་། བོན་ལ་གདོད་བོན་དང་། གཡུང་ དྲུང་བོན་བཅས་རིགས་གཉིས་ཡོད། གདོད་བོན་ནི་ བོད་རང་ས་ནས་དར་བའི་གདོད་མའི་ཆོས་ལུགས་ ཤིག་ཡིན། གཡུང་དྲུང་བོན་གྱི་གཞུང་ལུགས་ཁག་ ཏུ་བལྟས་ན། སྔར་གྱི་བོན་པོ་དེ་རིགས་གཡུང་ དྲུང་བོན་དང་མི་འདྲ་བའི་ཁྱད་པར་ཞིག་ནི། གདོད་ བོན་རྣམས་ཀྱིས་ལྷ་གསོལ་བྱེད་དུས་དམར་ མཆོ ད ་བྱེ ད ་པ་ལྟ་བུ་གསུངས་འདུག་པ་མ་ཟད། བཙན་བོན། འདྲེ་བོན། ཀླུ་བོན་ལྟ་བུའི་མཚན་ ཡང་བཏགས་འདུག་པས། དེ་ནི་ཉི་ཟླ་དང་རི་ལུང་ སོ ག ས་ལ་གསོ ལ ་མཆོ ད ་བྱེ ད ་མཁན་གྱི ་ གདོ ད ་ མའི་ཆོས་ལུགས་ཤིག་ལ་གོ་ན་འགྲིག
གཡུང་དྲུང་བོན་གྱི་ཆོས་ལུགས་།
དམུ་ར་ཝེར་རོ་སྤུངས་སོ་པ་ཏ་ཡ།། གཤེན་རྒྱལ་སྟོན་པ་ལ་ཕྱག་འཚལ་ལོ།། གཡུང་དྲུང་བོན་ནི་རྟག་གཟིགས་དང་ཞང་ཞུང་ནས་ནང་འདྲེན་བྱས་པའི་ཆོས་ལུགས་ཤིག་ཡིན་ཞིང་། དེ་དང་པོ་ དར་སའི་ཡུལ་ནི་རྟག་གཟིགས་འོལ་མོ་ལུང་རིང་ཡིན། གནས་དེར་སྟོན་པ་གཤེན་རབ་མི་བོ་ཆེ་སྐུ་འཁྲུངས་པ་དང་། རིམ་ པར་གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞུགས། ཁོང་གིས་གསུངས་པའི་སྒོ་བཞི་མཛོད་ལྔའི་རྣམ་གཞག་དང་། གཞི་ལམ་ འབྲས་བུའི་རྣམ་གཞག་ཞིབ་ཚགས་སུ་གསུངས་པའི་ཆོས་ལུགས་དེ་ལ་གཡུང་དྲུང་བོན་ཞེས་བརྗོད། སྟོན་པ་གཤེན་རབ་ སྐུ་འཚོ་བཞུགས་སྐབས་སུ་བོད་དུ་ལན་གཅིག་བྱོན་པ་དང་། དུས་དེར་རྒྱུ་བོན་རྣམས་སྤེལ་བ་དང་། འབྲས་བུའི་བོན་གྱི་ སྣོད་དུ་མ་གྱུར་བར་བརྟེན་ཐུགས་སྨོན་མཛད་ནས་སླར་སྟག་གཟིག་ཏུ་བྱོན། སྟོན་པ་གཤེན་རབ་འདས་པའི་རྗེས་སུ་གདུང་ འཚོབ་མུ་ཆོ་ལྡེམ་དྲུག་བྱོན་པ་དང་། དེས་འཁོར་ལོ་རིམ་པར་ཕྱེ་ནས་གསུངས། རིམ་པར་རྟག་གཟིགས་ནས་ཞང་ཞུང་ དུ་གཡུང་དྲུང་བོན་དར་བ་དང་། ཞང་ཞུང་གི་མཁས་པ་དང་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་རིམ་པར་བོད་དུ་སྤེལ། བོད་དུ་ གཉའ་ཁྲིའི་སྔོན་དུ་གཡུང་དྲུང་བོན་དར་ཡོད་པ་མ་ཟད། བཙན་པོ་ཁྲི་རབས་གཉིས་པ་མུ་ཁྲི་བཙན་པོ་ནི་བོན་གྱི་སྔགས་ལ་ བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཞིག་ཡིན། དེ་ནས་རིམ་པར་གྲི་གུམ་བཙན་པོས་བོན་བསྣུབས་པས། རྒྱལ་པོ་འདིའི་སྔོན་དུ་དར་བའི་བོན་ལ་སྔ་དར་དང་། སྤུ་དེ་གུང་རྒྱལ་གྱིས་སྤེལ་ནས་རིམ་པར་དར་བ་དང། དེ་རྗེས་ཁྲི་སྲོང་ སྐབས་སུ་ཡང་བོན་བསྣུབས་རྗེས་སུ་དར་བའི་བོན་ལ་ཕྱི་དར་ཟེར་རོ། །
121
122
ལོ་རྒྱུས།
ཁྱེེད་ཀྱིིས་ཤེེེས་སམ།
བོ ད ་ ཀྱི ་ བ སྐ ལ ་ པ ་ ཡ ་ ཐོ ག ་ གི ་ མི ་ རྣམས་དུས་ཡུན་རི ང ་པོ འ ་ི འཚོ ་ བའི ་ བརྒྱུད་ རིམ་ཁྲོད་དུ། རང་བྱུང་ཁམས་དང་འཐབ་རྩོད་ བྱེད་སྐབས། དཀའ་ངལ་དང་འཇིགས་སྣང་ སྣ་ཚོགས་ལ་འཕྲད་ཚེ། དེ་དག་འགྲོ་བ་མི་ཡི་ ནུས་སྟོབས་ལས་བརྒལ་བའི་བྱེད་པོ་ལྷ་འདྲེ་ གང་རུང་ཞིག་གིས་བྱས་པ་རེད་སྙམ་གྱི་ཡོད། དེ ར ་བརྟེ ན ་ཁོ ང ་ཚོ ས ་ལྷ་མཆོ ད ་པ་དང་འདྲེ ་ བཀུར་བའི ་ ལུགས་སྲོ ལ ་དར་སྤེ ལ ་དང་རྒྱུན་ འཛིན་བྱུང་བ་རེད། སྐབས་དེར་ཆུ་ལོག་རྒྱུག་པ་དང་། གློག་འཁྱུག་པ། ལྷགས་རླུང་དྲག་པོ་གཡོ་བ་ སོགས་རང་བྱུང་ཁམས་ཀྱི་གནོད་པ་བྱུང་དུས། ཡུལ་ལྷ་གཞི་བདག་རྣམས་ལ་གསོལ་མཆོད་ འཕྲིན་བཅོལ་གཏོང་བ་དང་། བསང་གཏོང་ བ། འབྲུ་རིགས་སྣ་ཚོགས་དང་སེམས་ཅན་ བསད་པའི་ཤ་ཁྲག་བཅས་ཀྱིས་མཆོད་པ་བྱེད་ སྲོལ་ཡོད། གཞན་ཡང་མི་ལ་ན་ཚ་བྱུང་སྐབས་ སེམས་ཅན་གྱི་ཤ་ཁྲག་གཏོར་ནས་ན་ཚ་དྲག་ ཐབས་བྱེད་པ་དང་། མི་ཤི་བའི་ཚེ། རང་གི་ རྒྱན་གོས་དང་ནོར་རྫས་སོགས་ཕུང་པོ་དང་ ལྷན་དུ་མེར་བསྲེགས་པའམ་ཡང་ན་དུར་རྫོང་ བྱེད་པ་སོགས་ཀྱི་སྲོལ་ཡོད།
རིག་གནས། ང་ཚོས་བོད་ཀྱི་ལོ་རྒྱུས་སྦྱོང་སྐབས་བོན་ཤེས་པ་ཅན་བཅུ་གཉིས་ ཀྱིས་གཉའ་ཁྲི་བཙན་པོ་གདན་དྲངས་ཞེས་ཡང་ཡང་གོ་མྱོང་། སྐབས་ དེར་བོད་ལ་རིག་གནས་སམ་ཤེས་རིག་གང་དག་ཡོད་མེད་དང་། དེའི་ ཕྱོགས་གཏོགས་གང་ཡིན་བཅས་ངོས་འཛིན་གསལ་པོ་ཡོད། དེས་ན་ རིག་གནས་དེ་དག་གི་འབྱུང་ཁུངས་ནི་བོན་ཡིན་པ་དང་། དབྱེ་ན་བཅུ་ གཉིས་ཡོད་པའང་ཤེས་ཐུབ། འོན་ཀྱང་ཕྱི་དུས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ ཀྱིས་དེ་དག་ནི་མི་བཅུ་གཉིས་ལྟ་བུ་ཞིག་གི་ངོ་བོར་བསྒྱུར་འདུག འོན་ ཀྱང་བོན་གྱི་གཞུང་དང་སྦྱར་ནས་དཔྱད་ན་དེ་དག་མི་བཅུ་གཉིས་ལྟ་བུ་ མ་ཡིན་པར་རིག་པའི་གནས་མི་འདྲ་བ་བཅུ་གཉིས་ཡིན་པ་དང་། ཤེས་ པ་ཅན་བཅུ་གཉིས་ཞེས་པ་དེ་དག་ཀྱང་རིག་གནས་དེ་དག་ཤེས་མཁན་ གྱི་གང་ཟག་བཅུ་གཉིས་ལ་གོ་དགོས། དེ་ལྟར་གོ་བ་བླངས་ན་གཞི་ནས་ སྔོན་མའི་བོད་ཀྱི་རིག་གནས་གང་ཡིན་ངོ་འཕྲོད་ཐུབ་བོ།།
བོན་ཤེས་པ་ཅན་བཅུ་གཉིས།
བོན་ཤེས་པ་བཅུ་གཉིས་ནི་བོན་དང་རིག་གནས་གཉིས་ཀའི་ ཤེས་རིག་ཡོད་པ་ཞིག་ཡིན་ལ། བོད་མི་རྣམས་ཀྱི་འཚོ་བའི་ནང་དུ་ ཤུགས་རྐྱེན་ཧ་ཅང་ཆེན་པོ་བྱུང་ཡོད། དང་པོ། མཆོད་ཤེས་ལྷ་བོན་ཞེས་པ་ལྷ་ཡར་གསོལ་བས་མི་ལ་མགོན་ བྱེད་ཚུལ་སྟོན་པའི་ཤེས་རིག གཉིས་པ། གཡང་ཤེས་ཕྱྭ་བོན་ཞེས་པ་གཡང་ཚུར་བླངས་པས་ནོར་ ཕྱུགས་འཕེལ་བར་སྟོན་པའི་ཤེས་རིག གསུམ་པ། འགྲོ་ཤེས་གླུད་གཏོང་ཞེས་པ་གླུད་ཕར་བཏང་བས་འདྲེ་ ཚིམས་ཏེ་ལོགས་སུ་འགྲོ་བའི་ཚུལ་བཤད་པའི་ཤེས་རིག བཞི་པ། འདུར་ཤེས་སྲིད་གཤེན་ཞེས་པ་ཤི་བའི་བླ་འདུར་བས་བདེ་འགྲོ་ཐོབ་ཚུལ་བཤད་པའི་ཤེས་རིག ལྔ་པ། གཙང་ཤེས་སེལ་འདེབས་ཅེས་པ་གཙང་སྨེ་ཕྱེ་ནས་སྨེ་བཙོག་ཐམས་ཅད་སེལ་བའི་ཐབས་སུ་ཁྲུས་དང་བསངས་ ལ་སོགས་པའི་སྒོ་ནས་ལྷ་སྲུང་རྣམས་བསྐངས་ཚུལ་སྟོན་པའི་ཤེས་རིག དྲུག་པ། སྒྲོལ་ཤེས་གཏད་བྱད་ཅེས་པ་ཕ་རོལ་དགྲ་ཕྱོགས་ཀྱིས་བཏང་བའི་མཐུ་བྱད་ཀྱི་གཏད་རྒྱ་བྱུང་ན་དེ་དག་དཀྲོལ་ ནས་དགྲ་བགེགས་ཀྱི་གནོད་འཚེ་སེལ་བའི་ཚུལ་བཤད་པའི་ཤེས་རིག བདུན་པ། ཕན་ཤེས་སྨན་དཔྱད་ཅེས་པ་འབྱུང་ཁམས་འཁྲུགས་པའི་ནད་རིགས་སེལ་བྱེད་དེ་ཚེ་ཡི་བར་ཆད་བསལ་བའི་ ཐབས་བཤད་པའི་ཤེས་རིག
122
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
123
བརྒྱད་པ། སྐོར་ཤེས་རྩིས་མཁན་ཞེས་པ་ཕྱི་ནང་གི་དངོས་པོའ ་ི ཁམས་ལ་དཔྱད་ནས་སྔ་ཕྱིའི་ལྟས་བཟུང་བའི་རིག་པ། དགུ་པ། སྨྲ་ཤེས་གཏོ་དགུ་ཞེས་པ་ཁམས་སའི་གླུད་བསྔོས་པས་འདྲེ་ལ་ཤགས་འདེབས་པའི་ཤེས་རིག བཅུ་པ། ལྡིང་ཤེས་ཤ་བ་ཞེས་པ་བག་ཕྱེ་ཡིས་ཤ་བ་བཅོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་བཤད་པའི་ལག་ རྩལ་གྱི་ཤེས་རིག བཅུ་གཅིག་པ། འཕུར་ཤེས་ཇུ་ཐིག་ཅེས་པ་མོ་ལྷ་བདར་ཏེ་ཐབས་ཤེས་མི་འདྲ་བ་སྣ་ཚོགས་ཀྱི་རྟེན་འབྲེལ་ལ་བརྟགས་ ནས་ལེགས་ཉེས་ཀྱི་ཚུལ་བཤད་པའི་ཤེས་རིག བཅུ་གཉིས་པ། སྒྲོལ་ཤེས་འཕྲུལ་བོན་ཞེས་པ་རྩི་ཤིང་བན་བུན་བསྔོས་པས་ལྷ་འདྲེའི་གནོད་པ་ལས་སྒྲོལ་བར་བྱེད་པའི་ ཤེས་རིག་བཅས་སོ། །
སྦྱོང་ཚན།
ཀ༽ གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ།
༡. བོད་ཀྱི་ས་ཁུལ་ནས་རྙེད་པའི་རྡོ་ཆས་རྙིང་པའི་དུས་ཀྱི་གནའ་རྫས་ཁག་ལ་ལོ་ངོ་ཁྲི་ཕྲག་དུ་མའི་ལོ་རྒྱུས་ལྡན་ཡོད། ༢. རྡོ་ཆས་གསར་པའི་དུས་རབས་ནི་ད་ནས་ལོ་ཁྲི་དགུའི་མན་གྱི་དུས་ཚོད་ལ་ཟེར། ༣. རྡོ་ཆས་གསར་པའི་དུས་སྐབས་སུ་བོད་མིའི་ལག་ཤེས་ལ་ཡར་ཐོན་ཆེན་པོ་བྱུང་ཡོད། ༤. གདོད་བོན་ནི་རྒྱ་གར་ནས་དར་བའི་ཆོས་ལུགས་ཤིག་རེད། ༥. གཉའ་ཁྲིའི་གོང་ནས་བོད་དུ་བོན་དར་ཡོད། ཁ༽ གཤམ་གྱི་དྲི་བ་རྣམས་ལ་ལན་བྲིས།
༡༽ གཡུང་དྲུང་བོན་གྱི་སྲོལ་འབྱེད་མཁན་སུ་ཡིན་ནམ། ༢༽ རྡོ་ཆས་གསར་པའི་དུས་སྐབས་སུ་ཞིང་ལས་ལ་མཁོ་བའི་ལག་ཆ་གང་དག་བཟོས་ཡོད་དམ། ༣༽ བོན་སྔགས་ལ་བརྟེན་ནས་གྲུབ་པའི་གོ་འཕང་ཐོབ་པའི་བཙན་པོ་དེའི་མཚན་ལ་ཅི་ཟེར། ༤༽ རྡོ་ཆས་གསར་པའི་དུས་སྐབས་ཀྱི་ལག་ཆ་རྣམས་རྒྱུ་ཆ་གང་གིས་བཟོས་པ་རེད་དམ། ༥༽ བོན་སྔ་དར་དང་ཕྱི་དར་གཉིས་ཀྱི་མཚམས་གང་ནས་དབྱེ་དགོས་སམ། ག༽ གྲོས་བསྡུར་བྱ་རྒྱུ།
1. གདོད་མའི་བོད་ཀྱི་ཤེས་རིག་སྐོར་ལ་གྲོས་བསྡུར་བྱ་རྒྱུ། 2. བོད་དུ་གཡུང་དྲུང་བོན་དར་ཚུལ་སྐོར་ལ་གྲོས་བསྡུར་བྱོས།
123
124
ལོ་རྒྱུས།
སློབ་ཚན་བཞི་པ། --- གཉའ་ཁྲི་ནས་སྲོང་བཙན་བར་གྱི་རྒྱལ་རབས།
གཉའ་ཁྲི་བཙན་པོ།
བོད་ཀྱི་དབང་མཛད་དུས་རབས་མཐའ་མ་རྒྱལ་ཕྲན་སིལ་མ་བཞི་བཅུའི་རྗེས། ཕྱི་ལོའ ་ི སྔོན་གྱི་ལོ་ ༡༢༧ ལ་བོད་ ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་བྱོན། གཉའ་ཁྲི་བཙན་པོའ ་ི མི་ཁུངས་གང་ཡིན་ལ་བོད་ཀྱི་ལོ་རྒྱུས་ཁག་ཏུ་བཞེད་སྲོལ་ མི་འདྲ་བ་དུ་མ་ཞིག་མཆིས་ཏེ། གནམ་གྱི་ལྷ་ལས་མིའི་རྒྱལ་པོར་བྱོན་པ་དང་། ཤཱཀྱ་རི་བྲག་གི་རིགས་ལས་བྱོན་པ་དང་། ལི་ཙ་ཝིའི་རིགས་ཡིན་པར་འདོད་མཁན་ཞིག་དང་། འཕན་མྱི་ཡིན་པར་འདོད་པ་དང། བོད་རང་གི་མི་ཡིན་པར་འདོད་པ་ སོགས་དུ་མ་ཞིག་སྣང་། དེ་ལས་རྒྱུན་སྲོལ་དུ་གྲགས་པ་ལྟར་ན་རྒྱ་གར་མ་ག་དྷའི་རྒྱལ་པོ་དམག་བརྒྱ་པའི་སྲས་མིག་མས་འགྲིབས་སུ་ ཡོད་པ། གཡུ་ཡི་སྨིན་མ་ཅན། སོར་མོ་ཤའི་དྲ་བས་སྦྲེལ་བ་ཞིག་འཁྲུངས་པ་དང་། ཡུལ་དེའི་རྒྱལ་པོས་སྲས་དེ་མི་ལ་སྟོན་ མ་ནུས་པར་བོད་ཡུལ་གྱི་ཕྱོགས་སུ་སྤྱུགས་པས། རྒྱལ་སྲས་དེ་བོད་དུ་སླེབས་ནས་བོད་ཀྱི་རྒྱལ་པོར་བསྐོས་པར་གྲགས། གཞན་ཡང་བོད་རང་གི་མི་ཁུངས་ཡིན་པར་འདོད་པ་ནི་དག་པར་སྣང་བ་མ་ཟད། སྔོན་ནས་བཟུང་བཤད་སྲོལ་དེ་ཡང་ཡོད། བཙན་པོ་འདི་ཉིད་འཁྲུངས་ས་ནི་སྤོ་བོའ ་ི ཡུལ་དུ་ཡིན་ཞིང་། ཁོང་སྤོ་ཡུལ་གྱི་བུད་མེད་མོ་བཙུན་གྱི་བུ་སྤུན་དགུའི་ཐ་ཆུང་ ཡིན། ཁོང་སྟོབས་རྩལ་ཆེ་ཞིང་ཡུལ་དཔོན་ལ་ངོ་ལོག་སྟེ། ཕ་ཡུལ་ནས་ཁ་བྲལ་ཏེ་ཡར་ཀླུང་ཕྱོགས་སུ་ཕེབས་པས། བོན་ ཤེས་པ་ཅན་བཅུ་གཉིས་ཀྱིས་གནད་དྲངས་ཏེ་ཡར་ཀླུང་བོད་ཁ་གཡག་དྲུག་ཏུ་བྱོན། སྐབས་དེར་ཡུལ་ལུང་འདིར་རྗེ་བོ་ མེད་པའི་སྐབས་དང་ཁེལ་བ་མ་ཟད། ཕྱི་རོལ་ནས་དྲག་རྒོལ་བྱེད་མཁན་གྱི་སུམ་པའི་བོན་པོ་དང་། ནང་ཁུལ་མ་མཐུན་པར་ གཅིག་འོག་གཅིག་མ་འདུས་པའི་དུས་ཡིན་པས། བཙན་པོ་འདིའི་དབང་ལུང་སླེབས་ཐུབ་པ་བྱུང་། རྗེ་གཉའ་ཁྲི་བཙན་པོས་ ཕོ་བྲང་གི་ཐོག་མ་ཡུམ་བུ་བླ་སྒང་བརྩིགས། རྒྱལ་ཕྲན་མང་པོ་དབང་དུ་བསྡུས།
124
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
བཙན་པོ་མུ་ཁྲི་ནས་རིམ་པར་གནམ་གྱི་ཁྲི་བདུན་བྱོན་པ་དང་། གནམ་ གྱི་ཁྲི་བདུན་ནི་གཡུང་དྲུང་ཚེའི་རྨུ་ཐག་ལ་བརྟེན་ནས་ནམ་མཁར་གཤེགས་ པས་བང་སོ་མེད་ཟེར། གཡུང་དྲུང་ཚེའི་རྨུ་ཐག་ལ་བརྟེན་ནས་ནམ་མཁར་ གཤེགས་ཞེས་པ་ནི་ཞེ་ས་ཞིག་ཡིན་ཞིང་། དེའི་དོན་ནི་འདས་གྲོངས་སུ་གྱུར་ པའི་དོན་ཡིན། པུར་དང་བང་སོ་མེད་པར་ནམ་མཁར་ཡལ་ཟེར་དགོས་དོན་ ནི། སྐུ་གདུང་ཞུགས་འབུལ་བྱས་པ་དང་། ཞུགས་འབུལ་བྱས་པའི་དུ་བ་ནམ་ མཁར་འཇའ་ལྟར་ཡལ་བས་དེ་ལྟར་བརྗོད་དོ། །
125
གསར་གཏོད།
གྲི་གུམ་བཙན་པོ།
རྒྱལ་ཐོག་བརྒྱད་པ་གྲི་གུམ་བཙན་པོའ ་ི སྐབས་སུ་ཕྱི་ནང་གི་གནས་ ཚུལ་མང་པོ་ཞིག་གི་འོག་ནས་བོན་བསྣུབས་པ་དང་། བོན་གྱི་གཤེན་པོ་ རྣམས་ཀྱང་སྐབས་དེའི་བོད་ཁུལ་ནས་ཕྱིར་འབུད་བཏང་། གནས་ཚུལ་འདི་ ལ་བརྟེན་ནས་བློན་པོ་ལོང་ངམ་དང་འགལ་ཟླ་བྱུང་བ་མ་ཟད། མཐའ་མར་ བཙན་པོའ ་ི སྐུ་སྲོག་ཤོར་བ་དང་། ཆབ་དབང་ཡང་ལོང་ངམ་ལ་ཤོར། གཞན་ ཡང་ཁོང་གི་སྲས་རྣམས་ཡུལ་གཞན་དུ་བྱོལ་དགོས་ཐུག་པ་མ་ཟད། གྲི་གུམ་ གྱི་སྲས་མོ་ཡང་ལོང་ངམ་གྱིས་བཙན་ཤེད་ལ་བརྟེན་ནས་བཙུན་མོ་བྱེད་དུ་ བཅུག ལོང་ངམ་གྱིས་བོད་ཀྱི་ཆབ་སྲིད་ལོ་ངོ་བཅུ་གསུམ་རིང་བསྐྱངས། དུས་ དེར་བཀྲགས་དང་རྒྱ་ཞེས་པའི་རུས་ཚོ་གཉིས་ཡོད་པ་ལས། བཀྲགས་ནི་གྲི་ གུམ་བཙན་པོ་དང་གཉེན་ཚན་ཡིན་པར་བརྟེན། བཙན་པོའ ་ི སྐུ་དུས་སུ་རྒྱས་ བཀྲགས་ལ་ཁ་གཏད་མ་ཡོང་བར་བརྟེན། བཙན་པོ་ཉམས་ཉེས་སུ་ཕྱིན་པའི་ རྗེས་སུ་རྒྱས་ལོང་ངམ་ལ་འབྲེལ་བ་བཟོས་ཏེ། བཀྲགས་ཀྱི་མི་རབས་མེད་པར་ བཟོས། འོན་ཀྱང་བཀྲགས་ཀྱི་ཁྱིམ་རྒྱུད་ཀྱི་མནའ་མ་ཞིག་སྦྲུམ་མར་གྱུར་ནས་ ཟླ་ཤས་ལས་མ་སོང་བར་བརྟེན། སྦྲུམ་མ་ཡིན་པ་མ་ཤེས་པར་དེ་མུར་བཞག་ པས་ཕྱིས་སུ་ཕྲུ་གུ་ཞིག་བཙས་པ་དེ་ནི། རུ་ལས་སྐྱེས་ཞེས་པ་དེ་ཡིན། ཁོང་ ནི་ཕྱོགས་གཅིག་ནས་བཙན་པོའ ་ི སྤུན་མཆེད་ཡིན་པ་དང་། ཕྱོགས་གཞན་ ཞིག་ནས་རྒྱས་བཙན་པོའ ་ི རབས་བཅད་པའི་འཁོན་འཛིན་ཡོད་པར་བརྟེན། ཁོང་གི་ཐབས་ཇུས་འོག་ནས་བཙན་པོའ ་ི སྲིད་དབང་སླར་གསོ་བྱེད་ཐུབ་པ་ བྱུང་། ཁོང་གིས་ཀྱང་ཞིང་ཁ་ཆུ་མར་བཅོས་པ་དང་། ཟངས་ལྕགས་སོགས་ མཁོ་འདོན་བྱེད་སྟངས་ཀྱི་རིག་པ་གསར་གཏོད་བྱས་པས། ཁོང་མཛངས་མི་ དང་པོར་བགྲངས།
125
པུ་དེ ་ གུང་རྒྱལ་དུས་སུ་རྡོ ་
བཞུས་པ་ལས་ལྕགས་དང་ཟངས། ཀོ་ བ་བཞུས་པ་སྦྱིན་བྱུང་།
ཕུ་ཆུ་རྫིང་
དུ་བསྐྱིལ་ཏེ་ཡུར་བར་དྲངས། ལ་ཟམ་པ་བཙུགས།
ཆུ་
སྐུ་མཁར་ཕྱིང་
དབར་སྟག་རྩེ་བརྩིགས། ཤིང་ལ་མིག་
ཕུག་ནས་གཉའ་ཤིང་བྱས། རྨོན་དོར་ བསྡེ བ ས་ནས་སྤང་ཐང་ཞི ང ་དུ་རྨོ ས ། རྨོས་པའི་ལོ་ཏོག་གི་ཐོག་མ་འདི་ནས་
བྱུང་། ཡང་རྒྱལ་པོ་འདིའི་རིང་ལ་ཞིང་ ལ་དོར་ཁ་བརྩིས་པ་དང་། འབྲོག་ལ་
ཐུལ་ཁ་བརྩིས་པ། ས་ཞིང་ལ་ཆུ་དྲངས་ ནས་རྨོན་འདེབས་པ་སོགས་ཀྱི་ལག་ རྩལ་ཤེས་བྱ་གསར་དུ་བཏོད།
ལོ་རྒྱུས།
126
ལྷ ་ ཐོ ་ ཐོ ་ རི ་ ག ཉ ན ་ བ ཙ ན ་ སྐབས་ཀྱི་སྤྱི་ཚོགས་ཀྱི་གུས་སྲོལ་དང་ ཆེ་མཐོང་བྱེད་སྲོལ་ནི། དཔའ་བོ་རྣམས་ ལ་གུས་པ་བྱེད་ཅིང་། བུས་ཕ་ལ་གུས་ པ་བྱེད། མས་བུ་ལ་གུས་པ་བྱེད། ལམ་ དུ་འགྲོ ་ བའི ་ ཚེ ་ གཞོ ན ་པ་རྣམས་སྔོ ན ་ དང་། རྒན་པ་རྣམས་རྗེས་སུ་འགྲོ། སྤྱིར་ རྒན་པ་ལས་གཞོ ན ་པར་གུས་པ་ཆེ ། རང་བཞིན་གྱིས་ཤི་བར་ངན་པར་བརྩི། གཡུལ་དུ་བསད་པ་ལ་བཟང་པོར་བརྩི་ སྲོལ་ཡོད།
ལྷ ་ ཐོ ་ ཐོ ་ རི ་ ག ཉ ན ་ བ ཙ ན ་
སྐབས་སུ་བོད་དུ་གསོ་བ་རིག་པ་འཕེལ་
རྒྱས་ཆེན་པོ་བྱུང་ཡོད་ཅིང་། རྒྱལ་པོས་
སྨན་པ་བི ་ བྱི ་ དགའ་བྱེ ད ་དང་བི ་ མ་ལྷ་ དགའ་མཛེ ས ་གཉི ས ་ཕོ་བྲང་དུ་སྤྱན་
དྲངས་ནས་འབུལ་བ་གྱ་ནོ མ ་པ་བྱས་ པར།
སྨན་པ་གཉིས་ཀྱིས་ཀྱང་རེག་
པ་རྩེ འི ་ མདོ ་ དང་འཚོ ་ བ་ཟས་ཀྱི ་ མདོ ་
སོགས་གནང་ནས་སྨན་གྱི་འགྲོ་དོན་རྒྱ་ ཆེར་མཛད། རྗེས་སུ་སྨན་པ་བི་བྱི་དང་
ལྷ་ལྕམ་ཡིད་ཀྱི་རོལ་ཆའི་སྲས་སྨན་པ་ དུང་གི ་ ཐོ ར ་ཅོ ག ་ཅན་གྱི ས ་ལྷ་ཐོ ་ ཐོ ་ རི ་
དང་། དེའི་སྲས་ཁྲི་སྙན་བཟུང་བཙན་གྱི་ བླ་སྨན་མཛད།
དེ་ནས་བཟུང་བོད་ཀྱི་
རྒྱལ་པོ་རྣམས་ལ་བླ་སྨན་འཛུགས་པའི་ སྲོལ་དར།
དེ་ནས་པུ་དེ་གུང་རྒྱལ་གྱིས་སྲིད་བཟུང་བ་དང་། སླར་ཡང་བོན་ དར་བར་བྱས་པ་ལ་བོན་ཕྱི་དར་ཟེར། ཁོང་གི་ཡབ་ཀྱི་རིང་ལ་སྲིད་དབང་ ཤོར་བ་དང་། དགྲ་ལག་ཏུ་འདས་པ་དྲན་གསོ་བྱ་ཆེད་བང་སོ་བརྩིགས་ པའི་སྲོལ་བཏོད། ཁོང་དང་ཁོང་གི་ཡབ་གཉིས་ལ་སྟོད་ཀྱི་སྟེང་གཉིས་ཟེར་ བ་དང་། དེ་ནས་སའི་ལེགས་དྲུག ཆུ་ལ་ལྡེ་བརྒྱད། ཚིགས་ཀྱི་བཙན་ལྔ་ སོགས་རིམ་པར་བྱོན། སྐབས་དེའི་ཆབ་སྲིད་ནི་སྒྲུང་། ལྡེའུ། བོན་གསུམ་ གྱིས་བསྐྱངས། ལྷ་ཐོ་ཐོ་རི་གཉན་བཙན།
བཙན་པོ ་ འདི འི ་ མཚན་ལ་ལྷ་ཐོ ་ དོ ་ རི ་ གཉན་བཙན་ཞེ ས ་ཀྱང་ སྣང་། ཕྱི་ལོ་༡༧༣ལོར་སྐུ་འཁྲུངས་པ་དང་། ཕྱི་ལོ་༢༢༣ལོར་བཙན་པོ་ འདི་ཉིད་དགུང་གྲངས་དྲུག་ཅུ་བཞེས་པའི་སྐབས་སུ་དམ་པའི་ཆོས་ཀྱི་ དབུ་བརྙེས། སྐབས་འདིར་ཕོ་བྲང་ཡུམ་བུ་བླ་སྒང་གི་སྟེང་དུ་སྤང་ཀོང་ཕྱག་ བརྒྱ་བ་དང་། གསེར་གྱི་མཆོད་རྟེན་ཁྲུ་གང་པ་གཅིག མདོ་སྡེ་ཟ་མ་ཏོག སྙིང་པོ་ཡི་གེ་དྲུག་པ། ཙིཎྡྲ་མ་ཎིའི་རྐོས་ཕོར། མུ་ཏྲའི་ཕྱག་རྒྱ་བཅས་ནམ་ མཁའ་ནས་བྱོན་པར་བཤད་པ་ཞིག་དང་། པཎྜིཏ་བློ་སེམས་འཚོ་དང་། ལོ་ ཙཱ་བ་ལི་ཐེ་སེ་སོགས་ཀྱིས་ཁྱེར་ཡོང་བར་བཞེད་མཁན་གཉིས་ཡོད་ཀྱང་། དམ་པའི་ཆོས་ཀྱི་གླེགས་བམ་དང་རྟེན་སོགས་ཐོག་མ་འདི་ནས་བྱུང་བར་ འདོད་པ་གཅིག་མཐུན་དུ་སྣང་། དེ་དག་གི་དོན་ཅི་ཡིན་རྒྱལ་བློན་རྣམས་ ཀྱིས་མ་ཤེས་པར་མཛོད་ཁང་དུ་བཞག་ནས་མཆོད་པ་ཕུལ་བས་བཙན་ པོ་དགུང་གྲངས་བརྒྱ་དང་ཉི་ཤུར་བཞུགས་པ་མ་ཟད། དབུ་སྐྲ་དཀར་པོ་ རྣམས་ནག་པོར་གྱུར་བ་སོགས་ཀྱི་བཀྲ་ཤིས་པའི་མཚན་མའང་མང་དུ་ བྱུང་། ཁྲི་སྙན་ཟུང་བཙན་དང་འབྲོང་གཉན་ལྡེའུ།
རྒྱལ་པོ་ཁྲི་སྙན་ཟུང་བཙན་ནི། ཡབ་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་ བཙན་དང་། ཡུམ་གནོ་བཟའ་མང་མོ་རྗེ་གཉིས་ཀྱི་སྲས་སུ་འཁྲུངས། དེའི་ སྲས་འབྲོང་གཉན་ལྡེའུ་ཡིན་ཞིང་། བཙན་པོ་འདི་ཉིད་སྐུ་ན་གཞོན་དུས་ སུམ་པའི་ཡུལ་དུ་ཕེབས་པ་དང་། དེར་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་
126
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱ་ལྕམ་བྱ་བ་ཞིག་དང་འབྲེལ་བ་བྱུང་བ་ལས། སྲས་སུམ་རི་རིང་པོ་ཟེར་ པ་ཞིག་འཁྲུངས་ཀྱང་བཙན་པོས་ངོས་བཞེད་མ་གནང་། དེ་ནས་མཆིམས་ བཟའ་ཁབ་ཏུ་བཞེས། མཆིམས་བཟའ་ཐོག་མར་མཛེས་སྡུག་ལྡན་པ་ཞིག་ ཡོད་ཀྱང་། རིམ་གྱིས་བཞིན་རས་ངོས་སུ་ནག་ཁྲ་ཕོག་པས་མཛེས་མདངས་ ཉམས། དེའི་རྒྱུ་རྐྱེན་འདྲི་སྐབས་མཆིམས་བཟས་ཕ་ཡུལ་ན་ཟས་ཤིག་ཡོད་ པ་དེ་བསྟེན་པས་ཡིན་པར་ཞུས་པས། བཙན་པོས་ཟས་དེ་བསྟེན་དགོས་པར་ བཀའ་བསྩལ། མཆིམས་བཟས་ཉ་མར་ཁུས་བཙོས་པ་མཛོད་དུ་བཅུག་ནས་ ལྐོག་ཏུ་བསྟེན་པས་མཛེས་མདངས་སླར་གསོ་ཐུབ། བཙན་པོས་ཁ་ཟས་གང་ ཡིན་ཤེས་ཆེད་མཛོད་ཁང་ནང་དུ་དབྱེ་ཞིབ་གནང་བ་ལས། ཉ་ཤ་ཡིན་པར་ མཁྱེན་པས་ཐུགས་དོགས་ཤུགས་ཆེར་བྱུང་བའི་དབང་གིས་བཙན་པོ་འདི་ ཉིད་ཀྱི་སྐུ་ལ་མཛེ་ནད་ཕོག བཙན་པོས་ནད་རྒྱུན་གཅོད་ཆེད་ཡར་ཀླུང་ཞང་ མདར་བང་སོ་བརྩིགས་ནས་བཙན་པོ་ཡབ་ཡུམ་གསོན་དུར་དུ་བཞུགས་ ཤིང་། བང་གསོའ ་ི མིང་ལའང་གསོད་མཆད་ཟླུམ་པོ་ཞེས་ཟེར་རོ། ། བཙན་པོ་གསོན་དུར་དུ་ཕེབས་སྐབས་སྲས་སྟག་རི་གཉན་ གཟིགས་ལ་འ་ཞ་ནས་སྨན་པ་བོས་ཏེ། མིག་ཕྱེ་དགོས་པ་དང་། གལ་ཏེ་མིག་ ཕྱེ་མ་ཐུབ་ན་སུམ་པའི་སྲས་དེ་གདན་དྲངས་ནས་ཁྲིར་བཀོད་དགོས་པ་དང་། སྲས་སྟག་རི་གཉན་གཟིགས་གཤེགས་རྫུན་འདེབས་དགོས་ཚུལ་སོགས་ཀྱི་ སློབ་སྟོན་ཡང་གནང་ངོ་། ། སྟག་རི་གཉན་གཟིགས་དང་གནམ་རི་སྲོང་བཙན།
སྟག་རི ་ གཉན་གཟི ག ས་ཀྱི ས ་འ་ཞ་ནས་སྨན་པ་བོ ས ་ནས་མི ག ་ ཕྱེ་སྟེ་ཁྲི་ལ་བཞུགས་པ་དང་། མཆིམས་དྭགས་པོའ ་ི ཡུལ་དང་། བན་པ་རྗེ་ སོགས་གཡོ་རུའི་གཡས་གཡོན་གྱི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ནས་ མངའ་ཁོངས་རྒྱ་སྐྱེད་བཏང་། གནམ་རི་སྲོང་བཙན་གྱི་སྐབས་སུ་དབུས་གཙང་རུ་བཞི་བཙན་ པོའ ་ི ཁྱབ་འོག་ཏུ་བསྡུས། སྐབས་དེར་བོད་ཅེས་པ་ནི་དབུས་གཙང་རུ་བཞི་ ལ་གོ་དགོས་པ་དང་། བཙན་པོའ ་ི དབང་ལུང་གི་ཁྱབ་ཡུལ་ཡང་རུ་བཞི་ཡིན་ པས། བོད་ཁུལ་རྒྱ་སྐྱེད་ངེས་ཅན་ཞིག་བྱུང་། བཙན་པོའ ་ི སྲིད་དབང་རྒྱ་སྐྱེད་ གཏོང་མཁན་གྱི་སྲོལ་འབྱེད་མཁན་ནི་སྟག་རི་གཉན་གཟིགས་ཡིན་པ་དང་། དེ་ནས་རིམ་བཞིན་མངའ་ཐང་རྒྱ་སྐྱེད་བྱས།
127
127
ཁྱེད་ཀྱིས་ཤེས་སམ་
རྒྱལ་པོ་ཁྲི་གཉན་བཟུང་བཙན་
གྱིས་རང་གི་མའི་མིང་པོ་ལ་ཞང་ཞེས་
བོས་པས། དེའི་ཕྱིན་ཆད་ལ་མའི་མིང་
པོར་ཞང་དུ་འབོད་པའི་སྲོལ་བྱུང་ཞིང་། དེའི་ཡན་གྱི་དུས་སུ་མའི་མིང་པོ་ལ་ཇོ་ བོ་ཞེས་འབོད་སྲོལ་ཡོད།
གསར་
གཏོད། རྒྱལ་པོ་འབྲོང་གཉན་ལྡེའུ་
སྐབས་སུ་བོད་དུ་དཀར་ཡོལ་བཟོ་རྒྱུའི་ ལག་རྩལ་དར་བ་དང་།
རྒྱལ་པོ་སྟག་
རི་གཉན་གཟིགས་ཀྱི་སྐབས་སུ་དངོས་
རྫས་རྣམས་ཚད་ལ་གཞལ་བྱེད་བྲེ་དང་
སྲང་ལ་སོ ག ས་པའི ་ ཚད་གཞི ་ གསར་ དུ་བཟོ ས ་ཏེ ་ འབྲུ་རི ག ས་བྲེ ་ ལ་འཇལ་
ཞིང་། མར་སྲང་ལ་བཏེགས་པའི་ཚོང་
ལས་ཀྱི་འགྲོ་ལམ་གསར་པ་ཞིག་འགོ་ བཙུགས།
128
ལོ་རྒྱུས།
དོ་སྣང་བྱ་རྒྱུ།
རྒྱལ་པོ་གཉའ་ཁྲི་བཙན་པོའ་ི སྐབས་སུ་བོན་ཤེས་པ་ཅན་བཅུ་གཉིས་དར་ཁྱབ་བྱུང་ཡོད། ས་ཡི་ལེགས་དྲུག་སྐབས་སུ་རིག་པའི་གནས་ལྔ་ཞེས་པའི་སྡེ་ཚན་ཕྱེ་བའི་སྲོལ་བྱུང་། པུ་དེ་གུང་རྒྱལ་གྱི་སྐབས་མཛངས་བློན་རུ་ལས་སྐྱེས་ཀྱིས་གསེར་དངུལ་ཟངས་ལྕགས་བཞུ་སྦྱངས་བྱས། ཨེ་ཤོ་ལེགས་ཀྱི་སྐབས་མཛངས་བློན་ལྷ་བུ་མགོ་དཀར་གྱིས་ཞིང་ཕྱུགས་ལས་འཕེལ་རྒྱས་རྒྱ་ཆེར་བཏང་། སྤུ་རྒྱལ་སུམ་ཅུ་པ་འབྲོང་གཉན་ལྡེའུའི་སྐབས་བོད་དུ་དཀར་ཡོལ་བཟོ་བའི་ལག་རྩལ་དར། སྟག་རི་གཉན་གཟིགས་ཀྱི་སྐབས་བྲེ་སྲང་གཞལ་བྱེད་ཀྱི་སྲོལ་གཏོད།
སྦྱོང་ཚན།
ཀ༽ གཤམ་གྱི་བརྗོད་པ་རྣམས་འགྲིག་མིན་རྟགས་རྒྱོབ།
1. པུར་དང་བང་སོ་མེད་པར་ནམ་མཁར་ཡལ་ཟེར་དགོས་དོན་ནི། སྐུ་གདུང་ཞུགས་འབུལ་བྱས་པ་དང་། ཞུགས་འབུལ་ བྱས་པའི་དུ་བ་ནམ་མཁར་འཇའ་ལྟར་ཡལ་བས་དེ་ལྟར་བརྗོད་དོ། ། 2. བཙན་པོའ ་ི སྲིད་དབང་རྒྱ་སྐྱེད་བྱེད་མཁན་ཐོག་མ་ནི་སྟག་རི་གཉན་གཟིགས་ཡིན། 3. བཀྲགས་དང་རྒྱ་ཞེས་པ་ནི་རུས་ཚོ་གཉིས་ཀྱི་མིང་ཡིན། 4. མཛངས་མི་དང་པོའ ་ི མཚན་ལ་གྲི་གུམ་བཙན་པོ་ཟེར། 5. ཕྱི་ལོ་༢༣༣ལོར་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས། ཁ༽ གཤམ་གྱི་དྲི་བ་རྣམས་ལ་ལན་བྲིིས།
༡༽ གཉའ་ཁྲི་བཙན་པོའ ་ི མི་ཁུངས་གང་ཡིན་ཐད་བཤད་སྲོལ་མི་འདྲ་བ་གང་དག་ཡོད། ༢༽ གྲི་གུམ་བཙན་པོ་དང་བློན་པོ་ལོང་ངམ་དབར་འགལ་ཟླ་བྱུང་བའི་རྒྱུ་རྐྱེན་གང་ཡིན་ནམ། ༣༽ གྲི་གུམ་བཙན་པོ་དང་ལོང་ངམ་དབར་དམག་འཐབ་བྱས་ནས་མཇུག་འབྲས་ཅི་ཞིག་བྱུང་ངམ། ༤༽ ལྷ་ཐོ་ཐོ་རི་གཉན་བཙན་སྐབས་བོད་དུ་དམ་པའི་ཆོས་ཀྱི་གླེགས་བམ་སོགས་དད་རྟེན་ཅི་འདྲ་བྱུང་ངམ། ༥༽ གནམ་རི་སྲོང་བཙན་སྐབས་བོད་ཁུལ་རྒྱ་སྐྱེད་ཅི་ཙམ་གནང་ཡོད། ག༽ གྲོས་བསྡུར་བྱ་རྒྱུ།
1. གཉའ་ཁྲི་བཙན་པོ་བྱོན་པའི་སྐབས་བོད་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་གང་འདྲ་ཡོད་པའི་སྐོར་ལ་གྲོས་བསྡུར་བྱོས། 2. བོད་དུ་དམ་པའི་ཆོས་དབུ་བརྙེས་ཚུལ་སྐོར་ལ་བགྲོ་གླེང་བྱ་དགོས།
128
བཙན་བྱོལ་བོད་མིའི་གནས་སྟངས་ངོ་སྤྲོད།
--- སྤྱི་ནོར༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་སློབ། “སྤྱིར་བཏང་ཤེས་ཡོན་ཙམ་དུ་མ་ཟད་སྲིད་དོན་གྱི་ཐོག་ལ་ཡང་ཤུགས་ཆེ་ཙམ་བསམ་ བློ་གཏོང་དགོས། མི་ལ་ཤེས་ཡོན་ཡོད་པ་གཅིག་པུས་འགྲིག་གི་མི་འདུག ང་ཚོ་བོད་ པའི ་ ཕྲུ་གུ་རྣམས་ཤེ ས ་ཡོ ན ་གྱི ་ ཐོ ག ་ནས་སོ ་ སོ ་ གཅི ག ་པུའི ་ མི ་ ཚེ ་ བཟང་པོ ་ མཐའ་ འཁྱོལ་བ་ཙམ་ཞིག་མ་ཡིན་པར་ང་ཚོ་བོད་སྤྱིའི་དོན་དག་དང་། དོན་དག་དེ་ལ་སྨན་པ་ ཞིག་བྱུང་ན་ལེགས། དེར་ཚང་མས་དོ་སྣང་བྱེད་དགོས། ཡང་འདི་ཤེས་ཡོན་རེད་ཅེས། སྲི ད ་དོ ན ་གྱི ་ གནས་ཚུལ་ཐ་དད་བྱས་ཏེ ་ སྲི ད ་དོ ན ་གྱི ་ བསམ་བློ འ ་ི ལམ་ཕྱོ ག ས་སྟོ ན ་ སྟངས་ཐོག་ལ་ལྷོད་ཡངས་སུ་ཕྱིན་ན་ཕངས་པོ་ཞེ་དྲག་རེད། ཉེན་ཁ་ཡོད་པ་རེད། དེར་ ངེས་པར་དུ་དགོངས་པ་བཞེད་དགོས་ཀྱི་འདུག”
130
ཆབ་སྲིད།
སློབ་ཚན་དང་པོ། --- བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བྱུང་བ་དང་། སྒྲོམ་གཞི།
བོད་གངས་ཅན་ལྗོངས་སུ་རྒྱ་དམར་བཙན་འཛུལ་བས་རྒྱལ་སྤྱིའི་ཁྲིམས་ལུགས་དང་ཡོངས་སུ་འགལ་བའི་ བཙན་འཛུལ་གྱིས། ༡༩༥༡ལོར་གྲོས་མཐུན་དོན་ཚན་བཅུ་བདུན་ཞེས་པ་བཙན་འགེལ་དང་འབྲེལ། རྒྱ་དམག་ཕོན་ཆེན་ དབུས་གཙང་དུ་འགྲེམས་འཛུགས་ཀྱིས་བོད་ས་ཡོངས་རྫོགས་རྒྱ་ནག་གི་དབང་ཤུགས་འོག་ཚུད། བོད་ཀྱི་བསྟན་སྲིད་མི་རིགས་དང་བཅས་པ་ཆགས་འཇིག་གི་མཚམས་སུ་སླེབས་པའི་སྐབས་དེར། དགུང་གྲངས་ བཅུ་དྲུག་ལས་སོན་མེད་པའི་༸གོང་ས་བཅུ་བཞི་པ་ཆེན་པོས་རྒྱ་གཞུང་དང་མེ་འཚིག་མེར་གཏུགས་ཀྱིས་བོད་རྒྱ་ཞི་
འགྲིག་མཉམ་གནས་ཡོང་ཐབས་རྩལ་སྤྲུགས་བསྐྱངས་ནའང་། རྒྱ་གཞུང་གིས་བོད་ཐོག་དྲག་པོའ ་ི བསྒྱུར་བཅོས་དང་དམ་ དྲག་ཇེ་ཆེ་ཇེ་སྡུག་ཏུ་བཏང་བ་མ་ཟད། ཐ་ན་༸རྒྱལ་བའི་སྐུ་ཕྱྭ་ལའང་ཐོ་རྩོམ་པའི་ཉེན་ཚབ་ཆེ་བའི་གནས་སྟངས་འོག། བོད་ མིའི་ཆོས་སྲིད་གཉིས་ཀྱི་དབུས་འཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༡༩༥༩ ཟླ་ ༣ ཚེས་ ༡༧ ཉིན་སྐུ་འཁོར་ཧྲག་བསྡུས་དང་བཅས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཕེབས་དགོས་ བྱུང་བ་དང་། ཕེབས་རྗེས་སུ་བོད་མི་ཁྲི་བརྒྱད་ཙམ་རྒྱ་གར་དང༌བལ་ཡུལ། འབྲུག་ཡུལ་བཅས་བརྒྱུད་དེ་བཙན་བྱོལ་དུ་ འབྱོར། མ་འོ ང ས་པར་བོ ད ་ཀྱི ་ རང་དབང་སླར་གསོ ་ ཡོ ང ་ཐབས་སུ་བཙན་བྱོ ལ ་བོ ད ་གཞུང་གི ་ སྒྲི ག ་འཛུགས་ཕྱི ་ ལོ ་ ༡༩༥༩ ཟླ་བཞི་པའི་ནང་རྒྱ་གར་ཡུ་པི་མངའ་སྡེའི་ནང་གི་མ་སུ་རིར་བོད་གཞུང་བཀའ་ཤག་གིས་དབུས་བོད་ཀྱི་ཆོས་རིག་ མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའ ་ི དོན་དུ་ཆོས་དོན་ལས་ཁུངས་དང༌། འདུ་འགོད་དམ་དཔལ་འབྱོར་ལས་ ཁུངས། བཙན་བྱོལ་བོད་མིའི་འཚོ་བའི་མདུན་ལམ་ཆེད་ནང་སྲིད་ལས་ཁུངས། མ་འོངས་བོད་ཀྱི་སོན་རྩ་རྣམས་ཚད་ལྡན་
130
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
131
ཡོང་ཐབས་སུ་ཤེས་རིག་ལས་ཁུངས། བོད་ནང་དགྲ་བོ་རྒྱ་དམར་གྱིས་དྲག་གནོན་ཇི་བྱས་སོགས་བོད་ཀྱི་གནས་ཚུལ་ འཛམ་གླིང་ཡོངས་ལ་དྲིལ་བསྒྲགས་དང༌། འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ནང་བོད་ཀྱི་བདེན་དོན་ འཐབ་རྩོད་ཞུ་འབོད་ཆེད་ཕྱི་སྲིད་ལས་ཁུངས་བཅས་ལས་ཁུངས་ཆེ་ཁག་ལྔ་དང༌། ཡན་ལག་ལས་ཁུངས་བཞི་སྟེ་རྩིས་ཞིབ། ལས་བྱེད་བདག་གཉེར་ཁང༌། བདེ་སྲུང༌། དྲིལ་བསྒྲགས་བཅས་ཀྱི་ལས་འགན་བཀོད་བསྒྲིགས་བསྐྱངས། ཕྱི་ལོ་ ༡༩༦༠ ལོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་སྒར་རྒྱ་གར་བྱང་བརྒྱུད་དེ་ཧི་མ་ཅལ་མངའ་སྡེའི་(དེའི་སྐབས་ པན་ཇབ་ཀྱི་མངའ་སྡེའི་ཁོངས་)ནང་གི་ཀང་ར་རྫོང་འོག་དྷ་རམ་ས་ལར་སྤོ་ཞུགས་གནང༌། ཚིག་གསར།
ཐ་སྙད།
འགྲེལ་བཤད།
བོད་གངས་ཅན།
བོད་ཀྱི་མཐའ་ཀུན་ཏུ་གངས་རིས་བསྐོར་ཡོད་པས་ན་བོད་ཁ་བ་ཅན་དང་གངས་ལྗོངས་སོགས་སུ་འབོད།
བཙན་བྱོལ།
བཙན་འཛུལ།
བཙན་ཤེད་དམ་དབང་ཤེད་ལས་རྒྱང་རིང་སོང་བ། དབང་ཤེད་ཀྱིས་ཞུགས་པའམ་འཛུལ་བ།
རྒྱལ་སྤྱིའི་ཁྲིམས་ལུགས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཁྲིམས་ལུགས་ལ་ཟེར། ཧྲག་བསྡུས། སྐུ་ཕྱྭ།
ཉུང་ངུ་ཞིག་གམ་བསྡུས་པོ་ཞིག སྐུར་ཉེས་སྐྱོན་མི་ཡོང་བ།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས། ༡༽ སྤྱི་ནོར་༸གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་བོད་ནས་བཙལ་བྱོལ་དུ་ག་དུས་ཕེབས་པ་ཡིན་ནམ། ༢༽ བཙན་བྱོལ་གྱི་ཐོག་མའི་དུས་སྐབས་སུ་རྒྱ་བལ་འབྲུག་གསུམ་བརྒྱུད་བོད་མི་ག་ཚོད་ཕེབས་ཡོད་དམ། ༣༽ རྒྱ་གར་དུ་ྋགོང་ས་མཆོག་གི་བཞུགས་སྒར་དང་པོ་ས་གནས་གང་དུ་ཆགས་ཡོད་དམ། ༤༽ བཙན་བྱོལ་བོད་གཞུང་ཐོག་མར་འཛུགས་སྐབས་ཀྱི་ལས་ཁུངས་ཆེ་ཁག་ལྔ་གང་དང་གང་ཡིན་ནམ། ༥༽ ཡན་ལག་གི་ལས་ཁུངས་བཞི་ངོས་འཛིན་གྱིས། ༦༽ ད་ལྟའི་བཞུགས་སྒར་དུ་ག་དུས་སྤོས་པ་དང་། སྐབས་དེའི་རྒྱ་གར་མངའ་སྡེ་གང་གི་ཁོངས་གཏོགས་ཡིན་ནམ།
131
132
ཆབ་སྲིད།
སློབ་ཚན་གཉིས་པ། --- བཙན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས།
མང་གཙོའི་ལམ་ལུགས་དབུ་བརྙེས་ཚུལ། ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ས་ཕག་ཟླ་ ༡༢ ཚེས་ ༧ ཉིན་གནས་མཆོག་རྡོ་རྗེ་གདན་དུ་ྋསྤྱི་ནོར་ྋགོང་ས་ ྋསྐྱབས་མགོན་ཆེན་པོ་མཆོག་ལ་བཙན་བྱོལ་བོད་མིའི་གནས་ཡུལ་ས་ཁུལ་ཡོངས་ནས་སེར་སྐྱ་མི་མང་ཚོགས་འཛོམས་ ཀྱིས་བརྟན་བཞུགས་བསྟར་འབུལ་དང་འབྲེལ། བླང་དོར་ཞུ་བྱའི་མནའ་གན་མཐུ་མོ་ཆེ་འབུལ་ལམ་ཞུས། སྐབས་དེར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་ཕེབས་དགོངས་སུ། བོད་འདི་སྔར་ལྟར་མ་ཡིན་པར་བོད་ཆོས་ སྲིད་གཉིས་ལྡན་མང་གཙོའི་གཞུང་ཞིག་དགོས་པ་གལ་ཆེར་བརྟེན། རྒྱ་ཆེའི་མི་མང་གི་ངོ་ཚབ་མང་མོས་འོས་འདེམས་ བྱས་པའི་འཐུས་མིའི་ལྷན་ཚོགས་ཤིག་དགོས་གཤིས་སྔ་འཕྲོས་ཆོས་ལུགས་ཆེན་པོ་བཞི་ནས་འཐུས་མི་རེ་དང༌། ཆོལ་ཁ་ གསུམ་ནས་འཐུས་མི་གསུམ་རེ་བཅས་ཁྱེད་རང་རྣམས་ཁུངས་སོ་སོར་ཕྱིར་ལོག་ཟིན་འཕྲལ་མི་མང་གི་ཁྲོད་དུ་ཤེས་ཡོན་ འབྱོན་ཐང་དང༌། རྒྱལ་གཅེས་ལྷག་བསམ་ལྡན་ལ་མང་ཚོགས་ཀྱི་ཡིད་ཆེས་བློ་གཏད་འཕེར་བ་ཇི་ཡོད་ནས་འོས་འདེམས་ ཀྱིས་མིང་ཐོ་འོས་གྲངས་འཕྲལ་འབུལ་དགོས་པའི་བཀའ་ཕེབས་ལྟར། རང་ཁུངས་སོ་སོ་ནས་འོས་འདེམས་མིང་ཐོ་འབུལ་ ལམ་ཞུས་ཐོག་ནས་སེར་སྐྱ་མི་གྲངས་བཅུ་གསུམ་ལ་བསྐོ་གཞག་ཕྱག་རྟགས་གནང་། གསར་བསྐོས་སྤྱི་འཐུས་རྣམས་ ཀྱིས་ཕྱི་ལོ་༡༩༦༠ ཟླ་ ༩ ཚེས་ ༢ ཉིན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཕྱག་དམ་འབུལ་ཞུས་ པ་དང་འབྲེལ། ཆོས་སྲིད་གཉིས་ལྡན་བོད་མང་གཙོའི་གཞུང་དབུ་བརྙེས་པའི་དགའ་སྟོན་མཛད་སྒོ་བསྐྱངས་པའི་སར། སྤྱི་ འཐུས་ཚོར་བླང་དོར་ཞུ་སྒོའ ་ི སྐོར་བཀའ་སློབ་ཞིབ་ལྷུག་བསྩལ་ཉིན་ནས་བཟུང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་ གཙོ་དབུ་བརྙེས་ཤིང། ལོ་ལྟར་ཟླ་ ༩ ཚེས་ ༢ ཉིན་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད།
132
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
ཐོག་མའི་འཕེལ་རིམ་སྐོར།
133
ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་ལྟར་བོད་ མི་མང་སྤྱི་གཞུང་གི་ད་ཕན་ལམ་སྲོལ་དང་མཛད་ཕྱོགས་སོགས་ལ་དགེ་སྐྱོན་དང་ནོར་འཁྲུལ་ཇི་ཡོད་ཞིབ་འཇུག་དང༌། འབྱུང་འགྱུར་མཛད་ཕྱོགས་ཇི་དགེ ད་ཡོད་ལས་ཁུངས་ཁག་རྒྱ་སྐྱེད་དང༌། ལས་བྱེད་གསར་བསྐོ་གནང་ཕྱོགས་སོགས་ ཉིན་བདུན་རིང་བོད་མི་མང་སྤྱི་འཐུས་རྣམ་པ་དང༌། སྲི་ཞུའི་ལས་བྱེད་ཆེ་ཕྲ་ཚང་འཛོམས་གྲོས་བསྡུར་ཞིབ་ལྷུག་ཞུས་ཏེ། ཆོས་དོན་ལས་ཁུངས། ནང་སྲིད་ལས་ཁུངས། འདུ་འགོད་དམ་དཔལ་འབྱོར་ལས་ཁུངས། ཕྱི་འབྲེལ་ལས་ཁུངས་བཞི་དང༌། གསར་དུ་ཤེས་རིག་ལས་ཁུངས་བསྣན་པས་ལས་ཁུངས་ཆེ་ཁག་ལྔ༌། ཡན་ལག་ལས་ཁུངས་བཞི་སྟེ་རྩིས་ཞིབ། ལས་བྱེད་ བདག་གཉེར་ཁང༌། བདེ་སྲུང༌། དྲིལ་བསྒྲགས་བཅས་ཀྱི་གཙོ་འཛིན་དང༌། འགན་འཛིན། དྲུང་ཆེ་བཅས་སྐབས་དེའི་ལས་ བྱེད་དང་མི་མང་ཁོངས་ནས་ཕོ་མོ་དབྱེར་མེད་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་མང་མོས་འོས་འདེམས་ཀྱི་ལམ་ནས་ འཆར་ཟིན་ཕུལ་བ་བཞིན། མི་གྲངས་ ༢༩ གསར་བསྐོ་མཛད། བོད་མི་མང་སྤྱི་འཐུས་རྣམས་འཆར་ཅན་ཟླ་རེ་ལྷན་ཚོགས་ ཐེངས་གཉིས་དང༌། འཕར་ཚོགས་ཇི་དགོས་སྐབས་འཕྲལ་གནང་རྒྱུ་དང༌། སྔ་འཕྲོས་ལས་དོན་རྒྱུས་མངའ་ཤེས་རྟོགས་ དང༌། ཉམས་མྱོང་གསོག་ཆེད་ལྷན་ཁང་ཁག་ལ་འཐུས་མིའི་ངོ་བོའ ་ི ཐོག་ནས་མཉམ་བཞུགས་གནང་རྒྱུ་སོགས་ཀྱི་གྲོས་ ཆོད་དང༌། འཆར་གཞི་ཁག་ྋགོང་ས་ྋསྐྱབས་མགོན་ཆེན་པོར་གསེར་སྙན་སྒྲོན་འབུལ་ཞུས་པར་ཆོག་མཆན་ཕྱག་རྟགས་ བསྩལ། ད་ཕྱིན་གཞུང་གི་སྲི་ཞུའི་ལས་བྱེད་ཕ་བརྒྱུད་བུ་འཛིན་ལྟ་བུ་མ་ཡིན་པར་རང་གི་ལྷག་བསམ་དང་ཤེས་ཡོན་གནས་ ཚད་ཆ་རྐྱེན་ཚང་ན་ལུང་ཚན་དང༌། ཕོ་མོ་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཞུགས་ཆོག་པ་སོགས་ཀྱི་སྲོལ་གསར་ གཏོད་དང༌། ལས་བྱེད་བཀོད་སྒྲིག་གནང་ཕྱོགས་ཀྱི་ལམ་སྲོལ་ལེགས་བཅོས་གནང་བའི་གནས་ལུགས་བོད་མི་སྡོད་སྒར་ ཡོངས་ལ་དྲིལ་བསྒྲགས་གནང༌།
133
134
ཆབ་སྲིད།
ཚིག་གསར།
ཐ་སྙད།
འགྲེལ་བཤད།
སེར་སྐྱ།
སེར་ཞེས་པ་སེར་མོ་བའམ་བཙུན་པ་དང་བཙུན་མར་ཟེར་བ་དང༌། སྐྱ་ཞེས་པ་ཁྱིམ་པའམ་མི་སྐྱར་ཟེར།
དབུ་བརྙེས་ཚུལ། བརྟན་བཞུགས། བསྟར་འབུལ།
མནའ་གན་མཐུ་མོ་ཆེ།
འགོ་ཐོག་མར་གསར་དུ་བྱུང་ཚུལ་ལ་ཟེར།
བླ་མ་ལ་སོགས་པར་སྐུ་ཚེ་རིང་དུ་བཞུགས་པར་སྨོན་པའི་ཆོས་ཀྱི་ཆོ་ག་ཞིག གྲལ་བཞིན་འབུལ་བ།
བཀའ་བརྩི་དང་ལེན་ཞུ་རྒྱུའི་ཁས་ལེན།
ཆོས་ལུགས་ཆེན་པོ་བཞི། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་སྟེ། ས་སྐྱ། དགེ་ལུགས། བཀའ་བརྒྱུད། རྙིང་མ་བཅས་ལ་ཟེར། ཆོལ་ཁ།
སོག་སྐད་ཡིན། བོད་སྐད་དུ་སྡེ་ཚན་ནམ་ཚན་པར་ཟེར།
དམ་འབུལ།
ཁས་ལེན་ཞུས་པའམ་དམ་བཅའ་འབུལ་བ།
ལྷག་བསམ་ལྡན། ལམ་སྲོལ། རྒྱ་སྐྱེད།
གཙོ་འཛིན།
འགན་འཛིན།
འཆར་ཕུལ་ཕྱིར་བསྩལ། གསེར་སྙན་སྒྲོན་འབུལ།
གཞན་ཕན་གྱི་བསམ་པ་དང་ལྡན་པ།
སྔ་མོའ ་ི བྱེད་ལུགས་སམ་ལམ་དང་ལུགས་སྲོལ། མང་དུའམ་རྒྱ་ཆེ་རུ་བཏང་བ།
སྐབས་དེར་ལས་ཁུངས་གང་དང་གང་ཡིན་པ་དེའི་འགན་གཙོ་བོ་འཁུར་མཁན་ལ་གཙོ་འཛིན་ཟེར། སྡེ་ཚན་བྱེ་བྲག་སོ་སོར་འགན་འཁྱེར་མཁན་ལ་འགན་འཛིན་ཞེས་བརྗོད།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡར་ལས་དོན་གང་དང་གང་བྱེད་འཆར་གཞི་བཟོས་ཏེ་ཕུལ་བ་དེ་ ཕྱིར་གནང་བ། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཡར་ྋསྙན་གསན་ཞུས་པའི་ཞེ་ཚིག
ཆོག་མཆན་ཕྱག་རྟགས་ ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཡར་འཆར་གཞི་གང་ཕུལ་བ་དེ་དོན་ཆོག་པའི་གནང་བའམ་ཆོག་ མཆན་མཚན་རྟགས་སྦྱར་མར་གནང་བ། སྩལ། ཕ་བརྒྱུད་བུ་འཛིན་ལྟ་བུ་མ་ ཡིན་པ།
དེ་སྔ་སྲི་ཞུ་བའམ་ལས་བྱེད་ཡིན་ན་བུ་ཡང་དེ་རང་བྱ་རྒྱུ་ཡོད་པ་དང༌། ཕ་ཚོང་པ་ཡིན་ན་བུ་ཚོང་པ་བྱ་དགོས་ པ་ལྟ་བུ་ཕས་གང་བྱས་པ་དེ་བུས་བྱེད་དགོས་པ་དེ་ལྟར་མ་ཡིན་པར། རང་ལ་ཤེས་ཡོན་དང་འཇོན་ཐང་ཡོད་ན་ བོད་གཞུང་གི་ལས་དོན་གང་ལའང་འཛུལ་ཞུགས་ཆོག་པ་ལ་ཟེར།
134
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
135
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས། ༡. ཕྱི་ལོ་ ༡༩༦༠ ཟླ་ ༩ ཚེས་ ༣ ནས་བདུན་ཕྲག་གཅིག་གི་རིང་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་སུ་ ཡིན་དང༌། དོན་གནད་གང་གི་ཐོག་བཀའ་བསྡུར་གནང་ངམ། ༢. ཕྱག་རྟགས་ཕྱིར་བསྩལ་དགོངས་དོན་ལས་བྱེད་གྲངས་༢༩གསར་མཇལ་ཞུས་པ་དེ་དག་གི་མཚན་གཞུང་ འཆར་ཕུལ་སུས་ཞུས་སམ། ༣. དེའི་སྐབས་སྤྱི་འཐུས་རྣམ་པ་ཚོར་ཟུར་དུ་ལས་ཁུངས་ཡོད་དམ། མེད་ཚེ་ཕྱག་ལས་ཇི་ལྟར་གནང་གི་ཡོད་དམ། ༤. ཕྱི་ལོ་ ༡༩༦༠ ཟླ་ ༢ ཚེས་ ༣ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་སློབ་གང་ཞིག་ཕེབས་ ཡོད་དམ། ༥. ཆོས་ལུགས་ཆེན་པོ་བཞི་དང༌། ཆོལ་ཁ་གསུམ་ངོས་འཛིན་གྱིས། ༦. བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་ནམ་ཞིག་ལ་དབུ་བརྙེས་སམ།
135
སློབ་ཚན་གསུམ་པ། --- མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས། ཕྱི་ལོ་ ༡༩༦༡ ཟླ་ ༣ ཚེས་ ༡༠ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས། ང་ཚོས་མ་འོངས་པའི་ བོད་རྒྱལ་ཁབ་ཀྱི་གཞུང་དང༌། མི་མང་བཅས་པའི་འཕྲལ་ཕུགས་ཕྱི་ནང་འགྲོ་ལུགས་རྩ་ཁྲིམས་གསར་པ་ཞིག་ངེས་ པར་གཏན་འབེབས་བྱེད་དགོས་པ་ལྟར་རྩ་དོན་གྱི་ལེའུ་ཕྱོགས་སྒྲིག་ཟིན་པ་རིམ་པས་འདིར་ཡོད་མི་མང་སེར་སྐྱའི་སྤྱི་ འཐུས་དང༌། བོད་མི་ཡོངས་རྫོགས་ལ་གྲོས་བསྡུར་བརྟག་ཞིབ་བྱ་རྒྱུར་འགྲེམས་སྤེལ་བྱ་རྩིས་ཡིན། ཞེས་བཀའ་སློབ་ ཕེབས་པ་ལྟར། ཕྱི་ལོ་ ༡༩༦༡ ཟླ་ ༡༠ ཚེས་ ༡༠ ཉིན་དེང་རབས་ཀྱི་མང་གཙོའི་ལམ་སྲོལ་གྱི་གལ་གནད་ཚང་བའི་ མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་གསལ་བསྒྲགས་བསྐྱངས་པ་དེར་བོད་མི་མང་སྤྱི་འཐུས་དང༌། གཞུང་ཞབས་ལས་ བྱེད་ཆེ་ཕྲ། བོད་མི་འདུས་སྡོད་ས་གནས་ཡོངས་ནས་འཐུས་མི་ཆེད་བསྐོངས་ཀྱིས་བསམ་ཞིབ་ནན་ཏན་ཞུས་འབྲས་ སུ། བོད་ནང་སྔར་ནས་དར་བའི་དམ་པའི་ཆོས་ཀྱི་དགོངས་དོན་དང༌། དེང་རབས་འཛམ་གླིང་གི་གནས་ཚུལ་དང་ ཡོངས་སུ་མཐུན་པ་འདི་ལྟ་བུ་ནི་ཕྱོགས་གང་ཅིའི་ཐད་ནས་བདག་ཅག་རྣམས་ལ་ལོང་བར་མིག་སྦྱིན་པ་དང༌གཉིས་སུ་ མེད་པའི་དགའ་མགུ་ཡི་རངས་བློ་འདོད་ཡོངས་སུ་ཚིམས་ཏེ་དོན་གནད་བྱིངས་ལ་གློ་སྙིང་བྲང་གསུམ་གཅིག་གཏོད་ཀྱི་ མོས་མཐུན་གཙང་མ་ཞུ་རྒྱུ་དང༌། ད་ལམ་གལ་དོན་ཆེ་ཤོས་གཅིག་ལ། རྩ་ཁྲིམས་ཟིན་བྲིས་ནང་ཏཱ་ལའི་བླ་མའི་དབང་ ཆ་འདོར་དགོས་པ་བྱུང་ན་རྩ་ཁྲིམས་དང༌། ཚོགས་འདུའི་འགྲོ་ལུགས་དང་མཐུན་པར་ཐག་གཅོད་བྱེད་རྒྱུ་ཞེས་གསལ་ བ་འདི་ནི་གུས་འབངས་ཡོངས་ཀྱི་བློ་ཡུལ་དུ་འཆུད་དཀའ་བ་མ་ཟད། གདུལ་བྱ་འདུལ་བྱེད་ཀྱི་མགོན་སྐྱབས་ཡ་བྲལ་དུ་ ནམ་ཡང་འགྲོ་ཐབས་མེད་པ་ཞིག་ཡིན་ན་ཆོས་སྲིད་དོན་གྱི་བདག་པོའ ་ི མཚན་དབང་སྣོན་འཕྲིའི་དགོངས་གཞི་འདི་དག་ བློ་མོས་ཞུ་ཐབས་རྩ་བ་ནས་མེད་ངེས་ལགས་ན། རྩ་ཁྲིམས་ཀྱི་ས་བོན་འདི་དང་མ་འོངས་པའི་རྩ་ཁྲིམས་བཅས་པར་ ཚིག་ཟུར་ཙམ་འགོད་མཛད་དགོངས་བཞེད་མི་འབྱུང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུ་ཡིན་ཚུལ་སོགས་ཀྱི་ བསམ་ཚུལ་འབུལ་ལམ་ཞུས། སྤྱི་འཐུས་སྐབས་གཉིས་པ་ནས་བཟུང་ཆོལ་ཁ་རེ་ནས་སྤྱི་འཐུས་བུད་མེད་རེ་འཕར་སྣོན་དང༌། རྩ་ཁྲིམས་འབྲུ་ དོན་བཞིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་རྩོམ་རིག་དང༌། ཚན་རིག་གང་རུང་ལ་མཁས་པའི་མི་གཅིག་ བསྐོ་འཛུགས་བསྐྱང་རྒྱུ་གསལ་བ་ལྟར་བསྐོ་སྩལ་གནང༌། ཕྱི་ལོ་ ༡༩༦༣ ཟླ་ ༣ ཚེས་ ༡༠ ཉིན་མ་འོངས་བོད་ཀྱི་མང་ གཙོའི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ལེའུ་བཅུ་དང༌། དོན་ཚན་བདུན་ཅུ་དོན་བདུན་ཅན་གསལ་བསྒྲགས་བསྐྱངས་པ་ དང་ཆབས་ཅིག སྤྱི་འཐུས་ལྷན་ཚོགས་ཀྱི་འགན་འཁུར་འོག་གཞུང་གི་སྒྲིག་འཛུགས་དང་ལས་བྱེད་པའི་བཀོད་སྒྲིག་ བསྐྱར་བཅོས་གནང༌། ཕྱི་ལོ་ ༡༩༦༣ ཟླ་ ༤ ཚེས་ ༤ ཉིན་བོད་མི་མང་སྤྱི་འཐུས་དང་ལས་བྱེད་རྣམས་ནས་རྩ་ཁྲིམས་ ཟིན་བྲིས་དགོངས་དོན་སྔ་འཕྲོས་རྒྱ་གར་ས་ཐོག་ཏུ་མཐུན་རྐྱེན་གནས་ཚུལ་དང་འཚམས་པའི་ཕྱག་བཞེས་བསྟར་འོས་ ཅི་མཆིས་བསམ་གྲོས་ཞིབ་བསྡུར་ཞུས་དོན། རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གནས་སྐབས་དངོས་སུ་ ཚུགས་ཐབས་མེད་ཀྱང༌། ད་ཡོད་ཆོས་ལུགས་དང་ཆོལ་གསུམ་བཅས་པའི་བོད་མི་མང་སྤྱི་འཐུས་ཀྱི་སྒྲིག་འཛུགས་ འདིས་སྔ་འཕྲོས་རྒྱལ་ཡོངས་ཚོགས་ཆེན་དང༌། རྒྱུན་ལས་གཅིག་འཐུས་ཀྱི་འཁུར་འགན་ལེན་རྒྱུ། འཐུས་མིའི་ལས་ ཡུན་ལོ་གསུམ་རེ་གནང་རྒྱུ། གཞུང་མང་བདེ་དོན་གལ་ཆེའི་ཚོགས་འདུ་གཞི་རྒྱ་ཆེ་བའི་སྐབས་ཕྱོགས་མཐའི་སྡོད་སྒར་
ཁག་ནས་བསྡུ་བསྐོང་གནང་བའི་འཐུས་མི་ཟུར་འབྱོར་རྣམས་ནས་སྤྱི་དོན་བསམ་འཆར་ལྷུག་པོར་ཞུ་རྒྱུ་དང༌། འཆར་ འཕར་ཚོགས་འདུ་ཁག་ལ་ལས་ཁུངས་ཆེ་ཕྲའི་འགོ་འཛིན་ལས་བྱེད་རྣམས་ནས་ལས་དོན་སྙན་གསེང་དང༌། བསམ་ འཆར་ཞུ་འཐུས་ཀྱང་། མཐའ་མའི་ཐག་གཅོད་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་རྩ་ཁྲིམས་གཞིར་བཟུང་མང་མོས་ གནང་རྒྱུའི་གྲོས་ཆོད་ལ་ཆོག་མཆན་བསྩལ།
བོད་མི་མང་སྤྱི་འཐུས་སྐབས་དང་པོ།
ཟུར་ཁང་ངག་དབང་དགེ་ལེགས། སྣེའུ་ཤར་ཐུབ་བསྟན་ཐར་པ།
ཤན་ཁ་འགྱུར་མེད་སྟོབས་རྒྱལ། དགའ་བྲང་བློ་བཟང་རིག་འཛིན།
བཀའ་ཤག་སྐབས་དང་པོ།
138
ཆབ་སྲིད།
ཐ་སྙད།
རྩ་ཁྲིམས།
ཚིག་གསར།
འགྲེལ་བཤད།
ཁྲིམས་ཐམས་ཅད་ཀྱི་རྩ་བའམ་ཨ་མ།
བློ་ཡུལ་དུ་འཆུད་དཀའ་བ། བསམ་བློར་མི་གཤོངས་པ་སྟེ་ཁས་ལེན་དང་ངོས་འཛིན་ཞུ་ཐབས་བྲལ་བ། འཕྲལ་ཕུགས།
ད་ལྟ་དང་མ་འོངས་པ།
གདུལ་བྱ་འདུལ་བྱེད།
གདུལ་བྱ་བོད་མི་མང་དང་འདུལ་བྱེད་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་ྋགོང་ས་ྋསྐྱབས་མགོན་ ཆེན་པོ་མཆོག་སྟེ་བོད་མི་མང་དང་ྋགོང་ས་མཆོག་ལ་གོ་དགོས།
དོན་གནད་བྱིངས་ལ། ཕུར་ཚུགས་སུ།
ཕྱག་བཞེས་བསྟར་འོས།
དོན་དག་མང་ཆེ་བའམ་ཕལ་ཆེ་བ།
གཡོ་བ་མེད་པའམ་འགྱུར་བ་མེད་པ་སྟེ་རྩེ་གཅིག་ཏུ། ལག་ལེན་བསྟར་འོས་པ།
འཆར་འཕར་ཚོགས་འདུ། དུས་ཡུན་ངེས་ཅན་མིན་པའི་ཚོགས་འདུ་འཕར་མ།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས། ༡. མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་དུས་ནམ་ཞིག་གསལ་བསྒྲགས་གནང་ངམ། ༢. མ་འོངས་བོད་ཀྱི་རྩ་ཁྲིམས་སྙིང་དོན་མི་མང་ལ་གསལ་བསྒྲགས་གནང་ནས་མང་ཚོགས་ཀྱི་དགོངས་འཆར་གང་ ཞིག་བྱུང་ཡོད་དམ། ༣. སྤྱི་འཐུས་སྐབས་གཉིས་པ་ནས་སྤྱི་འཐུས་གྲངས་འབོར་སྤར་ཆ་བྱུང་ཡོད་མེད་དང༌། ཡོད་ཚེ་གནད་དོན་གང་ལ་ བརྟེན་ནས་སྤར་ཆ་གནང་ངམ། ༤. མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་ནམ་ཞིག་གསལ་བསྒྲགས་གནང་ངམ། དེར་ལེའུ་དང་དོན་ཚན་ཇི་ ཙམ་ཡོད་དམ། ༥. མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་རྒྱས་པ་དེ་བཞིན་བོད་དོན་བདེན་མཐའ་གསལ་བའི་མཚམས་ལག་བསྟར་ ཞུ་རྒྱུ་ཡིན་གཤིས། བཙན་བྱོལ་ལ་གནས་ཡུན་རིང་དེའི་སྐབས་གཞི་འཛིན་སའི་ཁྲིམས་ཡིག་གང་ཞིག་གཏན་ འབེབས་གནང་ཡོད་དམ།
138
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
139
སློབ་ཚན་བཞི་པ། --- བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་ལམ་ལུགས་འཕེལ་རིམ་མདོར་བསྡུས། (༡༩༦༣-༡༩༩༠)
བོད་མི་མང་སྤྱི་འཐུས་སྐབས་གཉིས་པ། སྐབས་དེར་སྤྱི་འཐུས་ལྷན་ཁང་ཟུར་དུ་མེད་ནའང་ཚོགས་འདུའི་སྐབས་སུ་འགན་འཁུར་བཞེས་མཁན་ཚོགས་ གཙོ་བགྲེས་གཞོན་གཉིས་ཡོད། ཕྱི་ལོ་ ༡༩༦༤ ཟླ་ ༢ ཚེས་ ༨ ནས་བཟུང་། བོད་མི་སྡོད་སྒར་ཆེ་ཁག་གི་འགན་འཛིན་ ལས་ཁུངས་ནང་ས་ཁུལ་དེ་གའི་མང་ཚོགས་ནས་ཐད་ཀར་འོས་བསྡུ་བྱས་པའི་སྒར་འཐུས་གསུམ་འོས་འདེམས་ཀྱིས་ས་ གནས་དེའི་ལས་དོན་ཐོག་ལྟ་རྟོག་འགན་འཁུར་བྱེད་རྒྱུའི་ལམ་སྲོལ་གསར་གཏོད་གནང༌། སྤྱི་འཐུས་ཀྱིས་མང་གཙོའི་ གཞུང་གི་ལས་བྱེད་བཀོད་སྒྲིག་དང༌། གོ་མིང་གནས་རིམ་གསར་བཟོ་མཛད། ༡༩༦༦ ཟླ་ ༥ ཚེས་ ༣ ཉིན་བོད་མི་མང་ སྤྱི་འཐུས་ལྷན་ཁང་ཟུར་དུ་བཙུགས་པ་དང་ཆབས་ཅིག་གསལ་བསྒྲགས་བསྐྱངས། དེའི་གོང་དུ་བོད་མི་མང་སྤྱི་འཐུས་ཡོད་ ཀྱང་ལས་ཁུངས་ཟུར་དུ་མེད། སྤྱི་འཐུས་ལྷན་ཚོགས་ལ་ཚོགས་གཙོ་བགྲེས་གཞོན་གཉིས་དགོས་པ་སྤྱི་འཐུས་མང་མོས་ ཀྱི་འོས་ཐོན་འཆར་ཕུལ་ལ་ཕྱག་རྟགས་སྩལ་བའི་ཚོགས་གཙོ་བགྲེས་གཞོན་གཉིས་ལ་བཀའ་བློན་དང་འདྲ་བའི་མཚན་ གནས་དང༌། སྤྱི་འཐུས་བྱིངས་རྣམས་བཀའ་བློན་ལས་རོགས་དང་འདྲ་བའི་མཚན་གནས་སྩལ། དེ་སྔོན་བོད་གཞུང་ལྷན་ ཁང་མ་ལག་ཁོངས་གཏོགས་དང་བཅས་པའི་ལས་དོན་ཞིབ་འཇུག་སླད་སྤྱི་འཐུས་རྣམས་དང༌། བཞུགས་སྒར་དུ་ཡོད་པའི་ ལས་བྱེད་ཆེ་ཕྲ་བཅས་ནས་ཟླ་དྲུག་རེའི་མཚམས་ལས་བསྡོམས་ཚོགས་འདུ་རེ་གནང་མུས་དེ་དག ༡༩༦༩ ལོར་བཙན་ བྱོལ་བོད་གཞུང་མང་གི་ལས་དོན་ཆེ་ཕྲ་མཐའ་དག་གི་ཐོག་དགེ་འདོན་སྐྱོན་སེལ་གྱི་བསམ་ཞིབ་གྲོས་བསྡུར་ཆེད་སྤྱི་ འཐུས་ལྷན་ཚོགས་ཀྱི་གཙོ་སྐྱོང་འོག་དབུས་དང༌། ཕྱོགས་མཐའི་ལས་བྱེད། བོད་མིའི་གནས་ཡུལ་ས་གནས་སོ་སོའ ་ི མི་ མང་གི་འཐུས་མི་བཅས་ཡོད་པའི་ཚོགས་ཆེན་རྒྱས་པ་རེ་ལོ་ལྟར་ཚོགས་རྒྱུའི་གཏན་འབེབས་གནང༌།
139
140
ཆབ་སྲིད།
སྤྱི་འཐུས་འོས་འདེམས་བྱ་ཕྱོགས་རྩ་ཁྲིམས་དགོངས་དོན་ྋགོང་ ས་ྋསྐྱབས་མགོ ན ་ཆེ ན ་པོ ་ མཆོ ག ་ནས་བསྐོ ་ གཞག་གནང་བའི ་ འོས་བསྡུ་ལས་ཁང་བརྒྱུད་སྤྱི་འཐུས་སྐབས་ལྔ་པ་བར་ཐབས་ལམ་ འདྲ་མིན་སྣ་ཚོགས་ཀྱིས་འོས་འདེམས་གནང་ཡོད་ནའང༌། ཕྱི་ལོ་ ༡༩༧༤ ཟླ་༡༡ ཚེས་༢༡ ཉིན་བཀའ་དགོངས་བཞིན་བཙན་བྱོལ་ གཞུང་དམངས་ཀྱི་ད་ལྟའི་གནས་སྟངས་ལ་གཞི་བཅོལ་ཏེ། རྒྱ་ གར་གྲོས་ཚོགས་འཐུས་མིའི་འོས་བསྡུའི་ཡིག་ཆ་ནས་ལེགས་ཆ་ བླངས་སྟེ་སྤྱི་འཐུས་གདམ་བྱ་འདེམ་བྱེད་ཀྱི་སྒྲིག་གཞི་གསར་དུ་ གཏན་འབེབས་གནང་། དེ་ནས་བཟུང་བུད་མེད་ཀྱི་སྤྱི་འཐུས་དམིགས་བསལ་གྲངས་ བཅད་མ་དགོས་པར་ཕོ་མོ་ཁྱད་མེད་འོས་འདེམས་བྱེད་ཆོག་པའི་ གསལ་བསྒྲགས་གནང༌། ཕྱི་ལོ་ ༡༩༧༥ ལོར་བཙན་བྱོལ་བོད་ གཞུང་གི་ལས་ཁུངས་མ་ལག་དང་བཅས་པའི་ལོ་རེའི་དགོས་དངུལ་སྔོན་རྩིས་ཀྱི་སྟངས་འཛིན་དང༌། བཀའ་འཁྲོལ་ཐག་ གཅོད་ཆ་ཚང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བྱེད་རྒྱུའི་གཏན་འབེབས་གནང༌། ཕྱི་ལོ་ ༡༩༦༠ ཟླ་༩ ཚེས་ ༢ ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མང་གཙོ་དབུ་བརྙེས་ཀྱང་མང་གཙོའི་ དུས་ཆེན་གཏོང་སྲོལ་བྱུང་མེད། ཕྱི་ལོ་༡༩༧༥ ལོ་སྟེ་ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་དྲུག་པའི་ཐོག་བཀའ་ བསྡུར་བྱུང་བ་ལྟར་ལོ་རེའི་ཟླ་ ༩ ཚེས་ ༢ ཉིན་བོད་ཆོས་སྲིད་གཉིས་ལྡན་མང་གཙོ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ ཞུ་དགོས་པ་དབུས་དང་ཕྱོགས་མཐའི་ལས་ཁུངས་ཁག་གི་ལས་བྱེད་རྣམས་གཞུང་འབྲེལ་གུང་གསེང་གནང་རྒྱུའི་གསལ་ བསྒྲགས་གནང༌། ཕྱི་ལོ་༡༩༧༧ ཟླ་༡༠ ཚེས་༥ ནས་བཟུང་སྤྱི་འཐུས་སྐབས་དྲུག་པའི་དུས་སུ་ཆོས་བརྒྱུད་སྤྱི་མཚུངས་ལྟར་ གཡུང་དྲུང་བོན་གྱི་སྤྱི་འཐུས་གསར་བསྐོས་གནང༌། ལོ་འཁོར་ལས་བསྡོམས་ཚོགས་ཆེན་ཐེངས་བཅུ་གཅིག་སྐབས་ཐག་གཅོད་བྱུང་བ་ལྟར། ཆེས་མཐོའ ་ི རྒྱུན་ལས་ ལྷན་ཚོགས་ནས་ཕྱི་ལོ་༡༩༧༩ ཟླ་༧ ཚེས་༢༣ཉིན་འཆར་ཕུལ་ཕྱག་རྟགས་རིན་པོ་ཆེའི་དགོངས་དོན་བཀའ་བློན་རྣམ་པའི་ མཛད་ཁུར་དུས་ཡུན་དམ་ཕུལ་ཞུས་པའི་ཉིན་མོ་ནས་བཟུང་ལོ་ལྔའི་རིང་གནང་རྒྱུ་དང༌། ལས་ཁུར་རྫོགས་ཟིན་པའི་བཀའ་ བློན་གང་ཞིག་སླར་ཡང་བསྐོ་གཞག་དང༌། ལོ་དུས་མ་རྫོགས་གོང་འཕོ་འགྱུར་རམ། ཡང་ན་ཕྱིར་འཐེན་གནང་སྒོ་ཅི་མཆིས་ ཡེ་ཤེས་གཟིགས་དཔྱད་གནང་རྒྱུ་གཏན་འབེབས་དང༌། སྤྱི་འཐུས་སྐབས་བརྒྱད་པ་ལོ་གཉིས་འཕར་འགྱངས་གནང་བ་དེ་ ནས་བཟུང་སྤྱི་འཐུས་ཀྱི་ལས་ཡུན་ལོ་ལྔར་ཐུགས་གཏན་ཁེལ་བའི་གསལ་བསྒྲགས་གནང༌། ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་བཀའ་ཤག་ལ་མང་གཙོའི་འཕེལ་རིམ་ལ་ལེགས་ཆའི་བསྒྱུར་ བཅོས་གཏོང་འོས་ཇི་ཡོད་སྐོར་མུ་མཐུད་གྲོས་བསྡུར་དགོས་ལུགས་ཕེབས་པ་ལྟར། ཕྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༢༩ ནས་ སྤྱི་འཐུས་རྣམ་པ་དང༌། གཞུང་ཞབས་ལས་བྱེད། ཚོགས་པ་ཁག གསར་འབྱོར་འཐུས་མི་བཅས་ཚོགས་མི་ ༢༣༠ ནས་ བགྲོ་གླེང་ཞིབ་བསྡུར་ཞུས། དེ་རྗེས་ྋགོང་ས་མཆོག་ལ་སྙན་གསེང་དང་འབྲེལ་བཙན་བྱོལ་བོད་མི་ཡོངས་དང༌། བོད་ནང་ དུའང་འབྲེལ་ལམ་ཐུབ་ཚད་ལས་བསམ་ཚུལ་བསྡུ་ལེན་བྱས་པར།
140
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
141
༡༽ ད་ཡོད་གཞུང་གི་སྒྲིག་སྲོལ་ནང་སྲིད་བློན་བསྐོ་དགོས་དང་མི་དགོས། ༢༽ བཀའ་བློན་རྣམས་སྔར་ལམ་བཞིན་ྋགོང་ས་མཆོག་གིས་ཐད་བསྐོས་དང་འོས་བསྡུ་གང་ལེགས། ༣༽ སྲིད་དོན་ཚོགས་པས་གཞུང་སྲིད་འཛིན་སྐྱོང་བྱ་རྒྱུའི་ལམ་སྲོལ་བཟོ་འོས་ཡོད་མེད། ༤༽ སྤྱི་འཐུས་ཀྱི་ལས་འགན་དང་གྲངས་འབོར་སོགས་སྣོན་འཕྲི་བསྒྱུར་བཅོས་གནང་འོས་ཡོད་མེད་བཅས་དང༌། གཞན་ ཡང་མང་གཙོའི་རྣམ་པ་སྔར་བས་གསལ་པོར་མཚོན་ཐབས་སྐོར་ལ་བསམ་འཆར་བསྡུ་སླད་གསལ་བསྒྲགས་བསྐྱངས་པ་ ལྟར། བསམ་ཤོག་ཁག་ ༢༨༧ ཕུལ་འབྱོར་བྱུང་བ་རྣམས་ཕྱོགས་བསྡོམས་ཀྱིས་སྙན་གསེང་ཞུས། ཚིག་གསར།
ཐ་སྙད།
འགྲེལ་བཤད།
དགེ་འདོན་སྐྱོན་སེལ།
བཟང་ངན་གཉིས་ལས་བཟང་བ་གོང་འཕེལ་གཏོང་རྒྱུ་དང་། ངན་པ་མེད་པ་བཟོ་བ།
སྒར་འཐུས།
གདམ་བྱ་འདེམས་བྱེད། སྔོན་རྩིས།
སྟངས་འཛིན།
བཀའ་འཁྲོལ།
བོད་མིའི་འདུས་སྡོད་གཞིས་ཆགས་སམ་གཞིས་སྒར་ཁག་གི་འཐུས་མི།
གདམ་བྱ་མི་མང་གི་འཐུས་མིའམ་སྤྱི་འཐུས་དང་འདེམས་པར་བྱེད་མཁན་མི་མང༌། གཞུང་གི་ལོ་གཅིག་གི་འགྲོ་གྲོན་འཆར་རྩིས་ལ་གོ། ཡག་ཉེས་དབྱེ་མཚམས་ཕྱེ་སྟེ་ཚོད་འཛིན་བྱེད་པ། གནང་བའམ་ཆོག་མཆན།
ཕྱི་ལོ་ ༡༩༦༣ ལོར་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་གསལ་བསྒྲགས་གནང་བ་ནས་སྐབས་བཅུ་པའི་ བོད་མི་མང་སྤྱི་འཐུས་ལྷན་ཚོགས་བར་རྩ་ཁྲིམས་དགོངས་དོན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ ཆེས་མཐོའི་ རྒྱུན་ལས་ གཙོ་ཚོགས་གཞོན་གཉིས་ཀྱིས་གཙོ་སྐྱོང་འོག་སྤྱི་འཐུས་རྣམ་པ་དང༌། བཀའ་བློན་སྐུ་བགྲེས་དབུས་པའི་བཀའ་ ལྷན་ཚོགས། བློན་རྣམ་པ། དྲུང་ཆེ་རྣམ་པ་དང་དམ་འབུལ་ཞུས་པའི་ཚོགས་མི་བཅས་ཡོད་པའི་ཆེས་མཐོའ ་ི ལྷན་ཚོགས་ཀྱི་ ཚོགས་འདུར་གོ་དགོས། དམ་འབུལ། འཕོ་འགྱུར། ཕྱིར་འཐེན།
ཡེ་ཤེས་དབྱིངས་དཔྱད།
བཀའ་བློན་རྣམ་པས་ྋགོང་ས་མཆོག་གི་སྐུ་མདུན་དུ་ལས་འཁུར་དང་གསང་བའི་དམ་བཅའ་འམ་ཁས་ལེན་ ཞུས་པ་ལ་གོ་དགོས། ལས་དུས་རྫོགས་ནས་འགྱུར་བ་ཐེབས་པ།
ལས་དུས་མ་རྫོགས་གོང་ཕྱིར་འབུད་བྱ་དགོས་བྱུང་བ།
ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་ཐག་བཅད་གནང་བ།
141
142
ཆབ་སྲིད།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས། ༡. སྒར་འཐུས་ཞེས་པའི་གོ་དོན་དང་འོས་འདེམས་བྱ་རྒྱུ་ནམ་ཞིག་འགོ་འཛུགས་ཞུས་སམ། ༢. བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཁུངས་ནམ་ཞིག་གསར་འཛུགས་ཞུས་སམ། ༣. བོད་མང་གཙོའི་དུས་ཆེན་སྲུང་བརྩི་ཞུ་རྒྱུའི་ཐག་གཅོད་སུས་དུས་ཚོད་ནམ་ཞིག་ལ་གནང་ངམ། ༤. ཟླ་དྲུག་གི་ཚོགས་འདུ་དེ་བཞིན་ལོ་འཁོར་ལས་བསྡོམས་ཀྱི་ཚོགས་ཆེན་ལ་བཟོ་རྒྱུར་ནམ་ཞིག་ཐག་གཅོད་ གནང་ངམ། ༥. སྤྱི་འཐུས་སྐབས་དྲུག་པ་ཚུན་འོས་འདེམས་གནང་ཕྱོགས་ཀྱི་སྒྲིག་གཞི་ཅི་འདྲ་ཞིག་ཡོད་དམ། ༦. གཡུང་དྲུང་བོན་གྱི་སྤྱི་འཐུས་དུས་ཡུན་ནམ་ཞིག་ནས་གསར་དུ་བསྐོ་འདེམས་བྱུང་ཡོད་དམ། ༧. བཀའ་བློན་རྣམ་པའི་ལས་ཡུན་ལོ་ལྔར་ནམ་ཞིག་བཟོས་སམ། ༨. སྤྱི་འཐུས་སྐབས་གང་ཞིག་ནས་ལས་ཡུན་ལོ་ལྔར་བཟོས་སམ། ༩. མང་གཙོའི་རྣམ་པ་ཤུགས་ཆེ་རུ་གཏོང་ཆེད་ཕྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༢༩ ཉིན་ནས་ཚོགས་འདུ་འཚོགས་པའི་ དགོངས་དོན་རྒྱ་ཆེའི་མང་ཚོགས་ཀྱི་དགོངས་འཆར་བསྡུ་སླད་དྲི་བ་བཞི་བཏང་བ་རྣམས་ངོས་འཛིན།
142
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
སྤྱིར་བཏང་ཤེས་བྱ།
143
རྒྱ་གར་གྱི་ཆབ་སྲིད།
143
144
ཆབ་སྲིད།
སློབ་ཚན་དང་པོ།---ཅི་ཞིག་ལ་སྲིད་གཞུང་ཟེར། འཛམ་གླིང་རྒྱལ་ཁབ་ཚང་མར་སྲིད་གཞུང་ཡོད་པ་རེད། སྲིད་གཞུང་གིས་རྒྱལ་ཁབ་སྤྱི་ལ་ཕན་པའི་ གནད་དོན་མང་པོ་ཞིག་ཐག་གཅོད་དང་། ལས་དོན་མང་པོ་ཞིག་སྒྲུབ་ཀྱི་ཡོད། དུས་རྒྱུན་སྲིད་གཞུང་གིས་འགན་ ཁུར་ཏེ་སྒྲུབ་པའི་ལས་དོན་ཁག་ནི། དཔེར་ན། མི་མང་གི་ཤེས་ཡོན་གོ་རྟོགས་ཇེ་མཐོར་གཏོང་ཐབས་སུ་སློབ་གྲྭ་ འཛུགས་སྐྲུན་གྱིས་བྱེད་པ་ལྟ་བུ་དང་། མང་ཚོགས་ཀྱི་འཕྲོད་བསྟེན་དཀའ་ངལ་སེལ་ཆེད་སྨན་བཅོས་མཐུན་ འགྱུར་ཇེ་ལེགས་སུ་གཏོང་བ། འགྲིམ་འགྲུལ་སྟབས་བདེར་ཡོང་ཆེད་གཞུང་ལམ་དང་མེ་འཁོར་ལྕགས་ལམ་སོགས་ འཛུགས་སྐྲུན་གྱི་ལས་གཞི་རྒྱ་ཆེར་སྤེལ་བ། ཁྲོམ་རའི་ནང་རྒྱུན་སྤྱོད་ཟས་རིགས་ཀྱི་རིན་གོང་ཇེ་མཐོར་སོང་ཚེ་ གོང་ཚད་ཆུང་དུ་གཏོང་ཐབས་ལ་འབད་པ། གློག་གི་མཐུན་རྐྱེན་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དབུལ་ ཕོངས་ཀྱི་དཀའ་ངལ་སེལ་བའི་ལས་འཆར་སྣ་ཚོགས་ལག་བསྟར་བྱེད་པ་ལྟ་བུ་རེད། གཞན་ད་དུང་མི་མང་གི་བདེ་འཇགས་ཆེད་རྒྱལ་ཁབ་ཀྱི་མཐའ་མཚམས་བརྟན་སྲུང་བྱེད་པ་དང་། ཁྱིམ་ མཚེས་རྒྱལ་ཁབ་ཕན་ཚུན་དབར་མཛའ་མཐུན་གྱི་འབྲེལ་བ་བཟང་པོ་བཙུགས་ནས་ཞི་བདེ་ཡོང་བར་འབད་པ་ དང་། སྐབས་འགར་ས་ཡོམ་དང་ཆུ་ལོག་ལྟ་བུའི་རང་བྱུང་གི་གནོད་འཚེ་ཆེན་པོ་བྱུང་ཚེ། གནོད་འཚེ་ཕོག་པའི་ མང་ཚོགས་དཀའ་ངལ་ལས་སྐྱོབ་པའི་ལས་དོན་གྱི་འགན་གཙོ་བོ་འཁུར་གྱི་ཡོད་པ་དང་། ཡང་སྐབས་རེར་མང་ ཚོགས་ཁྲོད་རྩོད་རྙོག་བྱུང་ཚེ། རྩོད་རྙོག་དེ་རིགས་ཁྲིམས་ལུགས་དང་མཐུན་པའི་སྒོ་ནས་སེལ་ཐབས་བྱེད་ལ། ཚུལ་ མཐུན་གྱི་ཁྲིམས་ལུགས་ལག་བསྟར་བྱེད་ས་གཙོ་བོ་ནི་ཁྲིམས་ཁང་ཡིན་པ་དང་། དེ་ལྟ་བུའི་ཁྲིམས་ཁང་དེ་ཡང་ སྲིད་གཞུང་གི་ཆ་ཤས་ཤིག་ཡིན་པ་རེད། དེར་བརྟེན། སྲིད་གཞུང་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་མི་མང་གི་བདེ་སྡུག་ལ་འགན་འཁུར་བའི་ ལས་དོན་མང་པོ་སྒྲུབ་མཁན་ཞིག་ཡིན། • ཁྱེད་ཀྱི་བསམ་པར་ཅི་ཞིག་ལ་སྲིད་གཞུང་ཟེར་གྱི་འདུག འཛིན་ཁང་ནང་སློབ་ཕྲུག་ཕན་ཚུལ་གྲོས་ སྡུར་བྱོས།
• སློབ་ཚན་དུ་འཁོད་པའི་སྲིད་གཞུང་གི་ལས་འགན་གཉིས་གཙོ་བོ་གཉིས་ཤོད་དང་། • སློབ་ཚན་ནང་འཁོད་མེད་པའི་སྲིད་གཞུང་གི་ལས་དོན་གང་རུང་གསུམ་ཤོད་དང་།
144
སྲིད་གཞུང་གི་རིམ་པ་ཁག
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
145
ཁྱེད་ཀྱིས་ཤེས་གསལ་བཞིན། སྲིད་གཞུང་ཞིག་ལ་མཚོན་ན། ལས་དོན་ཧ་ཅང་མང་པོ་བསྒྲུབ་རྒྱུའི་འགན་ ཁུར་ཡོད་པ་དང་། ལས་དོན་དེ་རིགས་ལེགས་འགྲུབ་ཡོང་ཆེད། སྲིད་གཞུང་ལའང་རིམ་པ་མི་འདྲ་བ་ཁག་གསུམ་ དུ་དབྱེ་ཡོད། རིམ་པ་དེ་དག་ནི། ས་གནས་སྲིད་གཞུང་ (Local Government) དང་། མངའ་སྡེའི་སྲིད་གཞུང་ (State Government) དབུས་གཞུང་ (Central Government) བཅས་ཡིན། ས་གནས་སྲིད་གཞུང་ནི་ཁྱེད་རང་གནས་སྡོད་བྱེད་སའི་གྲོང་གསེབ་བམ་གྲོང་རྡལ་དང་ཐད་ཀར་འབྲེལ་ བ་ཡོད་པ་དང་། མངའ་སྡེའི་སྲིད་གཞུང་ནི་ཧ་རི་ཡ་ན་(Haryana) དང་ཨ་སཱམ་ (Assam) ལྟ་བུའི་མངའ་སྡེའི་མངའ་ ཁོངས་ཁྱོན་ཡོངས་ལ་འབྲེལ་བ་ཡོད། དབུས་གཞུང་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ཁྱོན་ཡོངས་ལ་འབྲེལ་བ་ཡོད་པ་ རེད། རྗེས་སུ་ཁྱེད་ཀྱིས་སྲིད་གཞུང་གི་རིམ་པ་སོ་སོས་ལས་དོན་ཅི་ཞིག་སྒྲུབ་ཀྱི་ཡོད་དང་། ལས་དོན་སྣ་ཚོགས་སྒྲུབ་ པའི་བརྒྱུད་རིམ་ཅི་འདྲ་ཡིན་སོགས་ཤེས་ཐུབ་ངེས།
ཁྲིམས་ལུགས་དང་སྲིད་གཞུང།
སྲིད་གཞུང་གིས་གྲོས་ཚོགས་བརྒྱུད་ཁྲིམས་ལུགས་གཏན་འབེབས་བྱེད་ཀྱི་ཡོད་པ་དང་། རྒྱལ་ཁབ་ཀྱི་མི་ མང་ཚང་མས་སྲིད་གཞུང་གིས་གཏན་ལ་ཕབ་པའི་ཁྲིམས་ལུགས་ལ་བརྩི་སྲུང་བྱེད་དགོས། འདི་ནི་སྲིད་གཞུང་སོ་ སོས་ལས་དོན་ལེགས་འགྲུབ་ཡོང་བའི་ཆ་རྐྱེན་གཙོ་བོ་ཡིན། གནད་དོན་གང་ཞིག་ཡིན་རུང་སྲིད་གཞུང་གིས་ཁྲིམས་ལུགས་ལྟར་ལག་ཐག་གཅོད་བྱེད་པའི་དབང་ཆ་ ཡོད། དཔེར་ན། རླངས་འཁོར་ཁ་ལོ་བ་ཞིག་ཡིན་ཚེ་རླངས་འཁོར་གཏོང་ཆོག་པའི་ཁྲིམས་མཐུན་དཔང་ཡིག་དགོས་ ངེས་ཡིན་པ་ཁྲིམས་ལུགས་ནང་གཏན་འབེབས་བྱས་ཡོད་པས། གལ་ཏེ་སྐྱེ་བོ་སུ་ཞིག་གིས་ཁྲིམས་མཐུན་དཔང་ ཡིག་མེད་པར་རླངས་འཁོར་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་ཚེ། དེ་ལ་བཙོན་འཇུག་གི་ཁྲིམས་ཆད་གཅོད་པའམ། ཡང་ན་ཁྲིམས་འགལ་གྱི་ནག་ཉེས་གསབ་པར་དངུལ་སོགས་ཀྱི་ཆད་པ་གཅོད་པ་ལྟ་བུ་རེད། འདི་ལྟ་བུའི་ཁྲིམས་ ལུགས་ཤིག་མེད་ཚེ། སྲིད་གཞུང་གིས་ཐག་གཅོད་བྱེད་པའི་དབང་ཆ་ལ་ནུས་པ་མེད་པར་འགྱུར་ངེས། ད་དུང་སྲིད་གཞུང་གི་ལས་དོན་གང་ཞིག་ལའང་། མི་མང་གིས་ཁྲིམས་མཐུན་མ་རེད་སྙམ་ཚེ། དེ་དང་ མཐུན་པའི་བྱ་བ་སྒྲུབ་སྟངས་ཡོད་དེ། དཔེར་ན། གལ་ཏེ་མི་ཞིག་ལས་གནས་ལ་ཞུགས་པའི་ཚེ། ཆོས་ལུགས་དང་ རིགས་རུས་དབང་གིས་ལས་ཀར་ཞུགས་པའི་གོ་སྐབས་མ་སྤྲད་པའི་ཁྲིམས་འགལ་གནས་ཚུལ་བྱུང་བ་ན། གནད་ དོན་འདིའི་སྐོར་ཁྲིམས་ཁང་ལ་ཞུ་གཏུག་བྱ་ཆོག་པ་དང་། ཁྲིམས་ཁང་གིས་གནད་དོན་ཐག་གཅོད་བྱེད་པའི་བཀའ་ རྒྱ་གནང་བ་དེ་ལ་ཚང་མས་བརྩི་སྲུང་ཞུ་དགོས་པ་ལྟ་བུ་རེད།
145
146
ཆབ་སྲིད།
རྣམ་པ་མི་འདྲ་བའི་སྲིད་གཞུང་རིགས།
སྲིད་གཞུང་ལ་གནད་དོན་ཐག་གཅོད་དང་ཁྲིམས་ལུགས་ལག་བསྟར་བྱེད་པའི་དབང་ཆ་སྤྲོད་མཁན་སུ་ཡིན་ནམ།
དྲི་བ་འདིའི་ལན་ནི་རྒྱལ་ཁབ་སོ་སོའ ་ི སྲིད་གཞུང་གི་རྣམ་པ་ལ་རག་ལས་ཡོད། མང་གཙོའི་རྒྱལ་ཁབ་ ཅིག་ཡིན་ན། སྲིད་གཞུང་ལ་དེ་ལྟ་བུའི་དབང་ཆ་སྤྲོད་མཁན་ནི་མི་མང་ཡིན། དེ་ནི་མི་མང་གིས་འོས་ཤག ོ ་འཕངས་ ཏེ་རང་ཉིད་ཀྱི་བློ་ལ་འབབ་པའི་འཐུས་མི་(Representative)འདེམས་བསྐོ་བྱེད་པ་དང་། འདེ མ ས་བསྐོ ་ བྱས་པའི་ འཐུས་མི ་ ཚོས་སྲིད་གཞུང་འཛིན་སྐྱོང་བྱེད ་ཀྱི ་ ཡོ ད ། མང་གཙོ འ ི ་ ལམ་ལུགས་ནང་། སྲིད་གཞུང་གི་ལས་དོན་ དང་ཐག་གཅོད་གང་ཞིག་ཡིན་ནའང་དེའི་སྐོར་ངེས་པར་དུ་མི་མང་ལ་འགྲེལ་བརྗོད་བྱ་དགོས་ཀྱི་ཡོད། མང་གཙོ་མ་ཡིན་པའི་སྲིད་གཞུང་གི་རྣམ་པ་གཞན་ཞིག་ནི། རྒྱལ་པོའ་ི སྲིད་གཞུང་(Monarchy) རེད། རྒྱལ་པོའ་ི སྲིད་གཞུང་ནང་། སྲིད་གཞུང་འཛིན་སྐྱོང་བྱེད་པའི་ཐག་གཅོད་ཆ་ཚང་རྒྱལ་པོའམ་རྒྱལ་མོ་(Monarch) གང་རུང་གིས་བྱེད་ཀྱི་ཡོད། རྒྱལ་པོ་དང་རྒྱལ་མོས་གནད་དོན་ཁག་ཅིག་ཐད་གྲོས་བསྡུར་བྱ་སའི་མི་ཉུང་ཤས་རེ་ ཡོད་སིྲད་མོད། གནད་དོན་གང་ཞིག་ཐག་གཅོད་བྱེད་པའི་དབང་ཆ་གཙོ་བོ་དེ་རྒྱལ་པོ་དང་རྒྱལ་མོ་གང་རུང་གི་ ལག་ཏུ་ཡོད། དེ་ནི་དམངས་གཙོའི་ལམ་ལུགས་དང་མི་འདྲ་བས། རྒྱལ་པོ་དང་རྒྱལ་མོ་གང་རུང་གིས་ལས་དོན་དང་ ཐག་གཅོད་རྣམས་རང་ཉིད་ཀྱི་འདོད་མོས་ལྟར་བྱེད་པ་ལས། དེའི་སྐོར་མི་མང་ལ་འགྲེལ་བརྗོད་བྱེད་སྲོལ་མེད།
འོས
་
འོས་ ཤོག
འོས་སྒམ།
་
འོས
བོད་གཞུང་།
མང་གཙོའི་སྲིད་གཞུང་ནང་མི་མང་གིས་འོས་ཤོག་འཕངས་ཏེ་འཐུས་མི་འདེམས་བསྐོ་བྱེད་པའི་ཐོབ་ཐང་ཡོད།
146
མང་གཙོའི་སྲིད་གཞུང་།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
147
དེང་སང་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་གིས་མང་གཙོའི་སྲིད་གཞུང་བཙུགས་ཡོད། ང་ཚོས་ འདས་པའི་ལོ་རྒྱུས་ལ་ཞིབ་ལྟ་བྱས་པ་ན། རྒྱལ་ཁབ་མང་པོ་ཞིག་གི་ནང་མང་གཙོའི་སྲིད་གཞུང་འཛུགས་ཆེད། དབང་ཆ་སྒེར་སྤྱོད་བྱེད་པའི་སྲིད་ལུགས་དང་ སྲིད་གཞུང་ལ་ངོ་རྒོལ་བྱས་ཡོད། སྲིད་ གཞུང་དེ་རིགས་ཀྱིས་མི་མང་ལ་བཤུ་ གཞོ ག ་དང་གཉའ་གནོ ན ་ཚད་ལས་ འདས་པ་བྱས་ཡོད། འོན་ཀྱང་མཇུག་ མཐར་དཀའ་ཚེགས་ཆེ་བའི་ལོ་ཟླ་ རིང་པོ་བརྒྱུད་དེ། རྒྱལ་ཁབ་མང་པོ་ ཞི ག ་གི ་ ནང་མི ་ མང་གི ་ ཁེ ་ ཕན་ དང་བདེ་སྡུག་གཙོ་བོ ར ་འཛིན་ པའི་མང་གཙོའི་སྲིད་གཞུང་ འཛུགས་ཐུབ་པ་བྱུང་ཡོད།
མང་གཙོའི་སྲིད་གཞུང་ ནི། སྲིད་གཞུང་འཛིན་སྐྱོང་བྱེད་ པར་མི ་ མང་གི ་ ངོ ས ་ནས་རང་གི ་ འཐུས་ཚབ་འོ ས ་འདེ མ ས་བྱེ ད ་ པའི་ལམ་ལུགས་ཅན་གྱི་གཞུང་ ཞིག་ཡིན། མི་མང་གིས་འོས་ ཤོ ག ་འཕངས་ཏེ ་ རང་གི ་ འཐུས་ཚབ་ འདེམས་བསྐོ་བྱེད་པ་དང་། འདེམས་ བསྐོ ་ བྱས་པའི ་ འཐུས་མི ་ དེ ས ་རང་ཉི ད ་ འདེ མ ས་སྐོ ་ བྱེ ད ་མཁན་མི ་ མང་ཁེ ་ ཕན་གཙོ ་ བོ ར ་བཟུང་སྟེ ་ སྲི ད ་གཞུང་འཛི ན ་ སྐྱོང་གནང་དགོས། དེ་ནི་མི་མང་གིས་རང་ ཉིད་ཀྱི་ཁེ་ཕན་སྲུང་སྐྱོབ་ཆེད། རང་ཉིད་ཀྱི་འདོད་བློ་དང་མཐུན་པའི་སྲིད་གཞུང་ཞིག་རང་ཉིད་ཀྱིས་དངོས་སུ་ བཙུགས་པ་ལྟ་བུ་ཞིག་ཡིན། དེང་སང་འཛམ་གླིང་ནང་དར་ཆེ་བའི་མང་གཙོའི་ལམ་ལུགས་ནི། འཐུས་མི་འོས་འདེམས་བྱེད་པའི་ མང་གཙོའི་ལམ་ལུགས་ (Representative Democracy) ཡིན། འཐུས་མི་འོས་འདེམས་བྱེད་པའི་མང་གཙོའི་ལམ་ ལུགས་ནང་། མི་མང་གིས་ཐད་ཀར་སྲིད་གཞུང་འཛིན་སྐྱོང་བྱེད་པ་མ་ཡིན་པར། འོས་ཤོག་གི་ལམ་ནས་རང་གི་ འཐུས་མི་འདེམས་བསྐོ་བྱེད་པ་དང་། འདེམས་བསྐོ་བྱས་པའི་འཐུས་མི་དེས་མི་མང་ཡོངས་ཀྱི་ཚབ་བྱས་ཏེ་མི་མང་ ཡོངས་ཀྱི་ཁེ་ཕན་ཆེད། ལྷག་བསམ་ཟོལ་མེད་དང་ཧུར་བརྩོན་ཆེན་པོས་ཕྱག་ལས་གནང་དགོས་པ་ཞིག་ཡིན།
མང་གཙོའི་སྲིད་གཞུང་གི་གྲུབ་ཆ་གཙོ་བོ།
མང་གཙོའི་སྲིད་གཞུང་ཞིག་གི་འཛིན་སྐྱོང་ཡང་དག་པ་དང་ཚད་ལྡན་ཞིག་ཡོང་བར་ཆ་རྐྱེན་གཙོ་བོ་ཁ་ ཤས་ཡོད་པ་ནི། སྲིད་དོན་ལས་རིགས་ནང་མི་མང་གིིས་མཉམ་ཞུགས་བྱ་རྒྱུ་དང་། སྤྱི་ཚོགས་ནང་གི་རྩོད་རྙོག་ཚང་ མ་འདུམ་འགྲིག་བྱ་རྒྱུ། སྤྱི་ཚོགས་ནང་དྲང་བདེན་དང་འདྲ་མཉམ་ཡོང་བ་བྱ་རྒྱུ་སོགས་ཡིན།
147
148
ཆབ་སྲིད།
མི་མང་གི་མཉམ་ཞུགས།
སྲིད་གཞུང་འཛིན་སྐྱོང་ནང་མི་མང་གིས་མཉམ་ཞུགས་བྱེད་ཐབས་གཙོ་བོ་ནི། སྲིད་གཞུང་འཛིན་སྐྱོང་ བྱེད་མཁན་འདེམས་བསྐོ་བྱ་བའི་འོས་ཤོག་འཕེན་རྒྱུ་དེ་ཡིན། འོས་ཤོག་འཕེན་སྐབས་རང་ཉིད་ལ་འགན་འཁུར་ གྱི་བསམ་བློ་ཡོད་དགོས་པ་དང་། དེ་ལྟར་ཡོད་ཚེ་མི་མང་གི་འདོད་བློ་སྐོང་ཐུབ་པའི་ལྷགས་བསམ་དང་འཇོན་ཐང་ ཡོད་པའི་འཐུས་མི་ཚད་ལྡན་ཅིག་འོས་འདེམས་བྱ་བར་ནུས་པ་ཐོན་ཐུབ། འོས་འདེམས་བྱས་པའི་འཐུས་མི་ཚོས་དུས་ཡུན་ངེས་ཅན་ཞིག་གི་རིང་སྲིད་གཞུང་འཛིན་སྐྱོང་བྱེད་པ་ དང་། དེ་རྗེས་ཁོང་ཚོས་མུ་མཐུད་སྲིད་གཞུང་འཛིན་སྐྱོང་བྱེད་མིན་དང་ཚབ་གསར་པ་བསྐོ་མིན་གྱི་ཐག་གཅོད་ ཚང་མ་མི་མང་གི་ལག་ཏུ་ཡོད། དཔེར་ན། རྒྱ་གར་ནི་མང་གཙོའི་སྲིད་གཞུང་གི་རྒྱལ་ཁབ་ཅིག་ཡིན་པ་དང་། མི་ མང་གིས་འོས་འདེམས་བྱས་པའི་འཐུས་མི་ཚོས་སྲིད་གཞུང་འཛིན་སྐྱོད་བྱེད་པའི་དུས་ཡུན་ནི་ལོ་ལྔ་ཡིན་པ་ལྟ་བུ་ རེད། ལོ་ལྔའི་དུས་ཡུན་ནང་མི་མང་གི་འདོད་མོས་དང་མཐུན་པའི་སྲིད་གཞུང་འཛིན་སྐྱོང་ལེགས་པོ་མ་བྱས་ཚེ། རྗེས་སུ་མི་མང་གི་ཡིད་ཆེས་དང་གདེང་འཇོག་ཡོད་པའི་འོས་ཤོག་གི་རྒྱབ་སྐྱོར་མི་རག་པ་དང་། མི་མང་གི་ངོས་ ནས་རྒྱབ་སྐྱོར་གྱི་འོས་ཤོག་མ་རག་ཚེ། སྲིད་གཞུང་འཛིན་སྐྱོང་བྱེད་མཁན་གྱི་འཐུས་མིའི་གྲས་སུ་སླེབས་ཐབས་ མེད། གཞན་ཡང་འཛིན་སྐྱོང་བྱེད་པའི་ལོ་ལྔའི་ནང་དུའང་འཛིན་སྐྱོང་གི་ལས་ཀའི་ནང་མི་མང་གི་མངོན་འདོད་ དང་མི་མཐུན་པ་བྱུང་ཚེ། མི་མང་གིས་ཐད་ཀར་སྐྱོན་འཛུགས་བྱས་ཏེ་གོ་ས་ནས་ཕབ་ཆོག འདི་ནི་མང་གཙོའི་ སྲིད་གཞུང་གི་ཁྱད་ཆོས་གཙོ་བོ་ཞིག་ཀྱང་ཡིན། འདི་ལས་མི་མང་ནི་སྲིད་གཞུང་གི་བདག་པོ་ཡིན་པ་གསལ་བོར་ཤེས་ཐུབ་ལ། མི་མང་རྣམས་སྲིད་དོན་ ལས་རིགས་ནང་མཉམ་ཞུགས་བྱེད་པར་ནུས་པ་ཆེན་པོ་ཡོད་པའང་རྟོགས་ཐུབ། རྩོད་རྙོག་འདུམ་འགྲིག
དུས་རྒྱུན་སྤྱི་ཚོགས་ནང་རྩོད་རྙོག་མང་པོ་ཞིག་འབྱུང་གི་ཡོད་པ་དང་། རྩོད་རྙོག་དེ་དག་ནི་ཆོས་ལུགས་ མི་འདྲ་བ་དང་། ལེགས་བྱང་མི་འདྲ་བ། ཡུལ་ལུང་མི་འདྲ་བ། དཔལ་འབྱོར་དབུལ་ཕྱུགས་མི་སྙོམས་པ་སོགས་ལ་ བརྟེན་ནས་འབྱུང་གི་ཡོད། ད་དུང་རྩོད་རྙོག་ཁ་ཤས་ནི་རིགས་རུས་མཐོ་དམན་གྱི་འདུ་ཤེས་འཛིན་སྟངས་ལ་བརྟེན་ ནས་ཀྱང་འབྱུང་གི་ཡོད། རྩོད་རྙོག་དེ་རིགས་ཀྱིས་སྤྱི་ཚོགས་ནང་ཞི་བདེ་ལྷིང་འཇགས་མེད་པ་བཟོ་བཞིན་ཡོད། དེར་བརྟེན་རྩོད་རྙོག་དེ་དག་སེལ་ཐབས་བྱ་རྒྱུ་ནི་སྤྱི་ཚོགས་བདེ་ལ་འགོད་པའི་བྱ་བ་གལ་ཆེན་ཞིག་ཡིན་པ་དང། རྩོད་རྙོག་དེ་དག་འདུམ་འགྲིག་བྱ་རྒྱུའམ་སེལ་ཐབས་བྱ་རྒྱུ་ནི་སྲིད་གཞུང་གི་ལས་འགན་ཡིན། དེ་ལྟར་ཡིན་པའི་ རྒྱུ་མཚན་ནི། མི་མང་གི་བདེ་སྡུག་འགན་ལེན་བྱེད་པའི་སྲིད་གཞུང་གི་བདག་པོ་དངོས་ནི་མི་མང་ཡིན་པ་དང་། མི་མང་གི་འཚོ་བ་སྐྱེལ་སའི་སྤྱི་ཚོགས་ནང་རྩོད་རྙོག་ཆེ་ཆུང་ཅི་ཞིག་བྱུང་ཡང་དེ་སེལ་བའི་ལས་འགན་ཡོངས་ རྫོགས་སྲིད་གཞུང་ལ་ཡོད། འདི་ཡང་མང་གཙོའི་སྲིད་གཞུང་གིས་མང་གི་བདེ་སྡུག་འགན་ལེན་བྱེད་པའི་ཁྱད་ ཆོས་གཙོ་ཞིག་ཡིན།
148
དྲང་བདེན་དང་འདྲ་མཉམ།
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
149
དྲང་བདེན་དང་འདྲ་མཉམ་ནི་མང་གཙོའི་སྲིད་གཞུང་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྤྱི་ཚོགས་ཤིག་གི་ ནང་དྲང་བདེན་དང་འདྲ་མཉམ་མེད་ཚེ། སྤྱི་ཚོགས་དེའི་ནང་འཚོ་བ་སྐྱེལ་བའི་མི་མང་རྣམས་ལ་བདེ་སྐྱིད་ཡོད་ མི་སྲིད། རྒྱུ་མཚན་ནི་དྲང་བདེན་མེད་ན་འདྲ་མཉམ་མེད་ལ། འདྲ་མཉམ་མེད་པའི་སྤྱི་ཚོགས་ནང་རྩོད་རྙོག་འབྱུང་ བ་དང་། རྩོད་རྙོག་མང་བའི་ཁོར་ཡུག་ཅིག་ཏུ་བདེ་སྐྱིད་ག་ལ་ཡོད། དཔེར་ན། ཨ་ཧྥི་རི་ཁའི་ནང་མི་རིགས་དཀར་ནག་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་དར་བ་ལྟ་བུ་ དང་། རྒྱ་གར་ནང་རིགས་རུས་དབྱེ་འབྱེད་བྱེད་པའི་ལུགས་སྲོལ་དར་བ་ལྟ་བུ་རེད། སྤྱི་ཚོགས་ནང་དྲང་བདེན་ མིན་པའི་ལུགས་སྲོལ་ངན་པ་དར་བ་དེས། མི་དང་མའིི་དབར་ལ་འདྲ་མཉམ་མིན་པའི་འདུ་ཤེས་ངན་པ་བསྐྲུན་ ཡོད། དྲང་བདེན་དང་འདྲ་མཉམ་གྱི་ཆེད་སྐྱེས་བུ་དམ་པ་མང་པོ་ཞིག་གིས་རིན་ཐང་ཆེ་བའི་ལེགས་སྐྱེས་ཕུལ་ཡོད་ ལ། སྤྱི་ཚོགས་ནང་དྲང་བདེན་དང་འདྲ་མཉམ་བསྐྲུན་རྒྱུ་ནི། དེང་སང་མང་གཙོའི་སྲིད་གཞུང་གི་ལས་འགན་གལ་ ཆེན་ཞིག་དང་ཁྱད་ཆོས་གཙོ་བོ་ཞིག་ཆགས་ཡོད།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས།
༡. སྲིད་གཞུང་གི་རིམ་པ་མི་འདྲ་བ་ཁག་དང་དེ་དག་སོ་སོའ ་ི ཁྱབ་ཁོངས་ཅི་འདྲ་ཡིན་ནམ། ༢. མི་མང་གིས་ཁྲིམས་ལུགས་བརྩི་སྲུང་བྱ་དགོས་དོན་གང་ཡིན་ནམ།
༣. སྲིད་གཞུང་གིས་ཁྲིམས་ལུགས་ལྟར་ལས་དོན་ལག་བསྟར་བྱེད་པ་ལ་དགེ་མཚན་ཅི་ཞིག་ཡོད།
༤. མི་མང་རྣམས་གནད་དོན་ཐག་གཅོད་བྱེད་པའི་ལས་རིགས་ནང་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་ཡིན་ ནམ། རང་ངོས་ནས་རྒྱུ་མཚན་གཉིས་ཤོད་དང།
༥. ཁྱེད་རང་སྲིད་གཞུང་རིགས་གང་ལ་དགའ་པོ་ཡོད། རྒྱུ་མཚན་ཅི་ཡིན་ནམ། ༦. མང་གཙོའི་སྲིད་གཞུང་གི་གྲུབ་ཆ་གཙོ་བོ་གཉིས་བྲིས།
༧. ཉིན་རེའི་འཚོ་བའི་ནང་དངོས་སུ་མཐོང་ཐུབ་པའི་སྲིད་གཞུང་གི་ལས་དོན་རིགས་ལྔ་ཕྲིས།
༨. མང་གཙོའི་སྲིད་གཞུང་དང་རྒྱལ་རྒྱུད་ཀྱིས་སྐྱོང་བའི་སྲིད་གཞུང་བར་གྱི་མི་འདྲ་བའི་ཆད་པར་སྐོར་ལ་ གྲོས་བསྡུར་བྱོས།
149
150
ཆབ་སྲིད།
སློབ་ཚན་གཉིས་པ། --- ས་གནས་སྲིད་གཞུང་དང་འཛིན་སྐྱོང་། གྲོང་ཁྱེར་དང་གྲོང་གསེབ་(པཾཅཱཡཏ་རཱཇ་)འཛིན་སྐྱོང་བྱེད་སྟངས།
གྲོང་སྡེའི་ཚོགས་འདུ། (གྲཱམ་སབྷཱ།)
གྲོང་སྡེའི་ཚོགས་འདུ་(གྲཱམ་སབྷཱ)ནི་གྲོང་སྡེའི་འཛིན་སྐྱོང་གཅིག་གི་མངའ་ཁོངས་སུ་གཏོགས་པའི་གྲོང་ཚོ་གཅིག་ གམ་གྲོང་ཚོ་ཁ་ཤས་ནང་གི་གྲོང་ མི ་ ལོ ་ ན་བཅོ ་ བརྒྱད་ལ་སོ ན ་པ་ ཚང་མ་ཚོ ག ས་ཞུགས་ཆོ ག ་པའི ་ ཚོགས་འདུ་ཞིག་ཡིན། ཚོགས་ འདུ་དེ ་ ནི ་ གྲོ ང ་ཚོ འི ་ འཐུས་མི ་ ལྷན་ཚོགས་(གྲཱམ་པཾཅཱཡཏ)ཤིག་ འོ ས ་འདེ མ ས་ཀྱི ས ་གསར་བསྐོ ་ བྱས་རྗེས་འཚོག་གི་ཡོད། དེར་ བརྟེན། ཚོགས་འདུ་དེ་ནི་ས་ གནས་མི་མང་གིས་ས་གནས་ འགོ་འཛིན་དུ་འོས་འདེམས་བྱས་ པའི་འཐུས་མི་ཚོ་དང་མཉམ་ཐད་ ཀར་བགྲོ་གླེང་དང་གྲོས་བསྡུར་བྱ་སའི་སྡིངས་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། གྲོང་སྡེའི་ཚོགས་འདུ་ནི། གྲོང་ཚོའི་འཐུས་མི་ལྷན་ཚོགས་ཀྱི་ཚོགས་གཙོ་ (སར་པཾཅཱ) དང་ཚོགས་མི་ (པཾཅཱ)མཉམ་འཛོམས་ཀྱིས་འཚོག་གི་ཡོད། ཚོགས་འདུའི་སྐབས་གྲོང་ཚོའི་གཞུང་ལམ་ཞིག་གསོ་དང་འཛུགས་ སྐྲུན། ཆུའི་དཀའ་ངལ་སེལ་ཐབས་སོགས་ཀྱི་ཐད་གྲོས་སྡུར་བྱེད་ཀྱི་ཡོད། གྲོང་སྡེའི་ཚོགས་འདུ་ནི་གྲོང་ཚོའི་འཐུས་མི་ལྷན་ཚོགས་ཀྱིས་ལས་འགན་ཡང་དག་བསྒྲུབ་པར་སྐུལ་ འདེད་གཏོང་མཁན་གཙོ་བོ་དེ་ཡིན། གྲོང་ཚོའི་འཐུས་མི་ལྷན་ཚོགས་ཀྱིས་བསྒྲུབ་རྒྱུའི་ལས་འཆར་ཚང་མ་གྲོང་ སྡེའི་ཚོགས་འདུའི་སྐབས་མི་མང་གི་མདུན་དུ་གསལ་བཤད་ཞིབ་རྒྱས་གནང་དགོས་ལ། གྲོང་སྡེའི་ཚོགས་འདུ་ ཡིས་གྲོང་ཚོའི་འཐུས་མི་ལྷན་ཚོགས་ཀྱིས་དངུལ་བེད་སྤྱོད་ལོག་པར་མི་གཏོང་ཐབས་དང་། ཉེ་དགའ་ཕྱོགས་ཞེན་ གྱི་ལས་མི་བསྒྲུབ་པར་འགོག་སྲུང་ནན་པོའང་བྱེད་ཀྱི་ཡོད། ད་དུང་གྲོང་སྡེའི་ཚོགས་འདུས་མི་མང་གི་འཐུས་ཚབ་ ཏུ་འོས་འདེམས་བྱས་པའི་འཐུས་མི་ཚོས་རང་ཉིད་འོས་འདེམས་བྱེད་མཁན་མི་མང་གི་རེ་འདོད་དང་ཁེ་ཕན་ཆེད་ བྱ་བ་གང་ལེགས་སྒྲུབ་མིན་ལའང་ལྟ་རྟོག་གནང་གི་ཡོད།
150
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
151
གྲོང་ཚོའི་འཐུས་མི་ལྷན་ཚོགས།
གྲོང་ཚོའི་འཐུས་མི་ལྷན་ཁང་དེ་བཞིན་མངའ་ཁོངས་ ཆ་བགོས་ཀྱིས་སྡེ་ཚན་སོ་སོར་ཕྱེ་ཡོད་པ་དང་། སྡེ་ཚན་རེ་ ནས་འཐུས་ཚབ་རེ་འདེམས་ཀྱི་ཡོད་ལ། དེར་སྡེ་ཚན་གྱི་ ཚོགས་མི་ཟེར། གྲོང་སྡེའི་ལྷན་ཚོགས་ཀྱི་འཐུས་མི་ཚང་ མས་ཚོགས་གཙོ་གཅིག་འོས་འདེམས་བྱེད་པ་དང་། དེ་ལ་ གྲོང་ཚོའི་འཐུས་མི་ལྷན་ཁང་གི་ཚོགས་གཙོ་ཟེར། སྡེ་ཚན་ སོ ་ སོ འ ་ི ཚོ ག ས་མི ་ དང་གྲོ ང ་ཚོ འི ་ འཐུས་མི ་ ལྷན་ཁང་གི ་ ཚོགས་གཙོ་རྣམས་ཀྱིས་གྲོང་ཚོའི་འཐུས་མི་ལྷན་ཚོགས་ གྲུབ་པ་དང་། གྲོང་ཚོའི་འཐུས་མི་ལྷན་ཚོགས་ནི་ལོ་ལྔའི་ ནང་ཐེངས་རེར་འདེམས་བསྐོ་བྱེད་ཀྱི་ཡོད། གྲོ ང་ཚོ འི ་ འཐུས་མི ་ ལྷན་ཚོགས་ཀྱི ་ ལས་འཆར་ རྣམས་ལ་གྲོང་སྡེའི་ཚོགས་འདུས་མོས་མཐུན་ཡོད་དགོས་ པ་དང་། གྲོང་ཚོའི་འཐུས་མི་ལྷན་ཚོགས་ཀྱི་ལས་འགན་ གཙོ་བོ་ནི། དེའི་མངའ་ཁོངས་སུ་གཏོགས་པའི་གྲོང་སྡེ་ ཚང་མ་ཡར་རྒྱས་གཏོང་བའི་ལས་འཆར་ལག་བསྟར་བྱ་རྒྱུ་ དེ་ཡིན། མངའ་སྡེ་ཁ་ཤས་ཀྱི་ནང་གྲོང་སྡེའི་ཚོགས་འདུས་ བཙུགས་པའི་འཛུགས་སྐྲུན་དང་འཕེལ་རྒྱས་ལྷན་ཁང་ལྟ་ བུའི་ལྷན་ཁང་ཁག་ཅིག་ཡོད་པ་དང་། ལྷན་ཁང་དེ་དག་ གི་ནང་དུ་གྲོང་ཚོའི་འཐུས་མི་ལྷན་ཚོགས་དང་གྲོང་སྡེའི་ ཚོགས་འདུ་གཉིས་ཀྱི་ཚོགས་མིས་མཉམ་སྦྲེལ་གྱིས་སྒྲུབ་ པའི་ལས་དོན་གྱི་རིགས་ཀྱང་ཡོད།
གྲོང་ཚོའི་འཐུས་མི་ལྷན་ཁང་གི་བསྒྲུབ་བྱའི་ ལས་འགན་ནི།
ཀ༽ ཆུ་མཛོད་དང་། གཞུང་ལམ། ཆུ་རྐ། སློབ་གྲྭ་སོགས་ འཛུགས་སྐྲུན་རྒྱ་བསྐྱེད་བྱ་རྒྱུ་དང་།
ཐུན་མོང་གི་
ཐོན་ཁུངས་གཞན་དག་གོང་འཕེལ་གཏོང་རྒྱུ།
ཁ༽ ས་གནས་ལ་དཔྱ་ཁྲལ་འགེལ་རྒྱུ་དང་ས་གནས་ཀྱི་ ཁྲལ་བསྡུ་རྒྱུ།
ག༽ གྲོང་རྡལ་ནང་དུ་ལས་རིགས་ཁྱབ་ཁོངས་རྒྱ་བསྐྱེད་
ཡོང་ཆེད་སྲིད་གཞུང་གི་ལས་འཆར་ལག་བསྟར་ བྱ་རྒྱུ་སོགས་ཡིན།
གྲོང་ཚོའི་འཐུས་མི་ལྷན་ཁང་གི་མ་དངུལ་གྱི་ ཡོང་ཁུངས།
༡. ཁྱིམ་ཚང་དང་ཁྲོན་ར་ལས་བསྡུས་པའི་དཔྱ་ཁྲལ།
༢. མི་མང་ལྷན་ཚོགས་(ཇན་པད་པཾཅཱཡཏ)དང་རྫོང་ ལྷན་ཚོ ག ས་(ཛི ལཱ ་པརི ཥ ད)སོ ག ས་སྡེ ་ ཚན་སྣ་
ཚོགས་བརྒྱུད་ནས་ཐོབ་པའི་སྲིད་གཞུང་གི་འཆར་ དངུལ།
༣. སྤྱི་ཚོགས་ཀྱི་ལས་རིགས་སྣ་ཚོགས་ཆེད་རེག་པའི་ ཞལ་འདེབས་ལ་སོགས་པའོ།
གྲོང་སྡེའི་ཚོགས་འདུ་དང་གྲོང་ཚོའི་འཐུས་མི་ལྷན་ཚོགས་གཉིས་ལ་ཐུན་མོང་གི་དྲུང་ཆེ་གཅིག་ ཡོད་པ་དང། དྲུང་ཆེ་དེ་ནི་འོས་འདེམས་བྱས་པ་ཞིག་མིན་པར་སྲིད་གཞུང་གིས་ཐད་ཀར་བསྐོས་པ་ཞིག་ ཡིན། དྲུང་ཆེའི་ལས་འགན་གཙོ་བོ་ནི། གྲོང་སྡེའི་ཚོགས་འདུ་དང་གྲོང་ཚོའི་འཐུས་མི་ལྷན་ཚོགས་གཉིས་ ཀྱི་ཚོགས་འདུ་གོ་སྒྲིག་བྱ་རྒྱུ་དང་། ཚོགས་འདུའི་གནས་ཚུལ་རྣམས་ཟིན་ཐོར་བཀོད་དེ་ཡིག་ཚགས་སུ་ཉར་ རྒྱུ་བཅས་ཡིན།
151
152
ཆབ་སྲིད།
ལྷན་ཚོགས་ཀྱི་རིམ་པ་གསུམ།
གྲོང་སྡེའི་ཚོགས་འདུའི་འཛིན་སྐྱོང་གི་ལམ་སྲོལ་ནི་མི་མང་གིས་རང་ཉིད་ལ་བདག་པའི་སྲིད་གཞུང་ ནང་མཉམ་ཞུགས་བྱེད་པའི་བརྒྱུད་རིམ་ཞིག་ཡིན་ལ། དེ་ནི་མང་གཙོ་ལྡན་པའི་སྲིད་གཞུང་གི་གོ་རིམ་དང་པོ་ ཡིན། ཚོགས་མི་ཚོ་དང་གྲོང་ཚོའི་འཐུས་མི་ལྷན་ཚོགས་ནི་གྲོང་སྡེའི་ཚོགས་འདུའི་ཁོངས་མི་ཚོས་འདེམས་བསྐོ་ བེྱད་པས། དེ་གཉིས་ཀྱིས་གྲོང་སྡེའི་ལྷན་ཚོགས་ལ་གནས་ཚུལ་ཆེ་ཕྲ་ཚང་མ་འགྲེལ་བརྗོད་དང་གསལ་བཤད་བྱེད་ དགོས། མི་མང་གིས་མཉམ་ཞུགས་བྱེད་པའི་ཚོགས་འདུའི་འཛིན་སྐྱོང་གི་ལམ་སྲོལ་དེ་ལ་ད་དུང་རིམ་པ་མི་འདྲ་ བ་གཉིས་ཡོད་དེ། དེ་གཉིས་ནི་མི་མང་ལྷན་ཚོགས་དང་རྫོང་ལྷན་ཚོགས་ཡིན། གྲོང་སྡེའི་ལྷན་ཚོགས་མང་པོ་ ཞིག་ནི་མི་མང་ལྷན་ཚོགས་ཀྱི་མངའ་ཁོངས་སུ་གཏོགས་པ་དང་། མི་མང་ལྷན་ཚོགས་ཀྱི་གོང་རིམ་ན་རྫོང་ལྷན་ ཚོགས་ཡོད། རྫོང་ལྷན་ཚོགས་ཀྱིས་རྫོང་རིམ་པའི་གོང་འཕེལ་ཐད་འཆར་གཞི་འཐེན་གྱི་ཡོད་ལ། ད་དུང་མི་མང་ ལྷན་ཚོགས་ཀྱི་གཞོགས་འདེགས་འོག་གྲོང་སྡེའི་ལྷན་ཚོགས་ཚང་མའི་ཁྱབ་ཁོངས་སུ་རོགས་དངུལ་བགོ་འགྲེམ་ བྱེད་པའི་འགན་ཡང་འཁུར་གྱི་ཡོད། རྩ་ཁྲིམས་ནང་འཁོད་པའི་ལམ་སྟོན་ལྟར། མངའ་སྡེ་སོ་སོར་རང་ཉིད་ཀྱི་མངའ་ཁོངས་སུ་གཏོགས་པའི་ གྲོང་སྡེའི་ལྷན་ཚོགས་ལ་འཚམ་པའི་ཁྲིམས་ལུགས་ཡོད། དེའི་དམིགས་ཡུལ་ནི། མི་མང་ལ་མཉམ་ཞུགས་བྱེད་པའི་ གོ་སྐབས་མང་དུ་གཏོང་ཆེད་དང་། མི་མང་གི་རེ་འདུན་གོང་མཐོར་གཏོང་ཆེད་ཡིན།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས།
༡. ཅི་ཞིག་ལ་གྲོང་སྡེའི་ཚོགས་འདུ་ཟེར། ༢. གྲོང་ཚོའིི་འཐུས་མི་ལྷན་ཚོགས་ཀྱི་ལས་འགན་གཙོ་བོ་གང་དག་ཡིན་པའི་སྐོར་ལ་གྲོས་བསྡུར་བྱོས། ༣. གྲོང་སྡེའི་ཚོགས་འདུ་དང་གྲོང་ཚོའི་འཐུས་མི་ལྷན་ཚོགས་གཉིས་ཀྱི་འབྲེལ་བའི་སྐོར་ལ་གྲོས་བསྡུར་བྱོས། ༤. གྲོང་ཚོའི་འཐུས་མི་ལྷན་ཚོགས་དང་རྫོང་ལྷན་ཚོགས་གཉིས་ལ་ཁྱད་པར་ཅི་ཞིག་ཡོད། ༥. ལྷན་ཚོགས་ལ་རིམ་པ་མི་འདྲ་བ་ག་ཚོད་ཡོད་དང་དེ་དག་སོ་སོའ ་ི ལས་འགན་ཅི་ཞིག་ཡིན་པའི་སྐོར་ལ་ གྲོས་བསྡུར་བྱོས།
152
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
153
སློབ་ཚན་གསུམ་པ།--- ཡིད་འོང་གི་འཛམ་གླིང་དང་སྣ་མང་རིག་གཞུང་།
འཛམ་གླིང་ནང་ས་ཁུལ་མང་པོ་ཞིག་གི་ས་བབ་མཐོ་དམའ་དང་། གནམ་གཤིས་
དྲོད་གྲང་སོགས་རང་བྱུང་ཁོར་ཡུག་གི་རྣམ་པ་མི་འདྲ་བ། རང་བྱུང་ཁོར་ཡུག་གི་མཐུན་རྐྱེན་ མི་འདྲ་བར་བརྟེན། ཚོགས་ཡོད།
ས་གནས་སོ་སོའ་ི མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་འདྲ་མིན་སྣ་
གནམ་གཤི ས ་དྲོ ་ ས་དང་ས་བབ་དམའ་སར་སྡོ ད ་པའི ་ མི ་ རྣམས་དང་། གནམ་གཤིས་ གྲང་ས་དང་ས་བབ་མཐོ་སར་སྡོད་པའི་མི་རྣམས་ཀྱི་གྱོན་གོས་དང་། ཁ་ཟས། སྡོད་ཁང་གི་ རྣམ་པ། འཚོ་བ་སྐྱེལ་སྟངས་ཀྱི་གོམ་གཤིས་སོགས་ལ་ཁྱད་པར་ཡོད་པ་མ་ཟད། ཤ་མདོག་ དང་དགའ་སྐྱོ་ཆགས་སྡང་གི་འདུ་ཤེས་འཛིན་སྟངས་སོགས་ལའང་ཁྱད་པར་ཡོད།
ང་ཚོས་མི་དང་རང་བྱུང་ཁམས་ཀྱི་བར་ན་མི་མངོན་པའི་འབྲེལ་བ་ཟབ་མོ་
ཞིག་ཡོད་པ་ངང་གིས་རྟོགས་ཐུབ། དོན་དངོས་སུ་རང་བྱུང་ཁམས་ནི་ང་ཚོ་གནས་སྡོད་བྱེད་
སའི་ཁྱིམ་གཞི་ཡིན་ལ། རང་བྱུང་ཁམས་ནི་ང་ཚོར་འཚོ་བ་སྐྱེལ་སྟངས་ཐད་སློབ་སྟོན་གནང་ མཁན་གྱི་དགེ་རྒན་ཡང་ཡིན། དེའི་རྒྱུ་མཚན་ནི། རང་བྱུང་ཁམས་ལ་གནས་གཞི་བཙུགས་ ནས་ང་ཚོས་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་དང་། རང་བྱུང་ཁམས་ཀྱི་འགྱུར་འགྲོས་མང་པོ་ ཞིག་ལ་བསྟུན་ནས་ང་ཚོས་འཚོ་བ་སྐྱེལ་སྟངས་ཤེས་ཡོད་པས་ཡིན།
དེང་སང་འཛམ་གླིང་ནང་མི་རིགས་དང་རིག་གཞུང་མི་འདྲ་བའི་རྣམ་པ་
མང་པོ་ཞིག་མཐོང་རྒྱུ་ཡོད་པའི་ཐད་བསམ་བློ་ཐོངས་དང་། གཞུང་མི་འདྲ་བའི་རྣམ་པ་དེ་ཇི་ལྟར་བྱུང་བ་ཡིན་ནམ།
མི་རིགས་དང་རིག་
མི་རིགས་དང་རིག་
གཞུང་མི་འདྲ་བའི་རྣམ་པ་དར་ཁྱབ་བྱུང་ཡོད་པ་འདི་ལ་དགེ་སྐྱོན་ཅི་ཞིག་འདུག
153
ཆབ་སྲིད།
154
བྱེ་བྲག་གི་ཁོར་ཡུག་གཅིག་ཏུ་འཚོ་བ་སྐྱེལ་སྟངས་དང་། འདུ་ཤེས་འཛིན་སྟངས། ཤ་མདོག་དཀར་ནག་སོགས་གཅིག་པ་ཡིན་པའི་མི་མང་པོ་ཞིག་གི་བསམ་པར། ཁོར་ཡུག་ གཞན་ཞིག་ཏུ་འཚོ་བ་སྐྱེལ་སྟངས་དང་། འདུ་ཤེས་འཛིན་སྟངས་། ཤ་མདོག་དཀར་ནག་སོགས་ ཀྱི་ཁྱད་པར་ཅུང་ཙམ་རེ་ཡོད་པའི་མི་རྣམས་ནི། རང་ཉིད་དང་ཐ་དད་ཡིན་པར་སྙམ་པ་དང་། དེ་ ལྟར་ངོས་འཛིན་བྱེད་པའི་བསམ་བློ་འཁོར་བ་ལ་བརྟེན་ནས་མི་རིགས་མི་འདྲ་བ་དང་། རིགས་ གཞུང་མི་འདྲ་བར་དབྱེ་བ་འབྱེད་པའི་རྣམ་པ་ཞིག་རིམ་བཞིན་བྱུང་བ་རེད།
འདས་ཟིན་པའི་ལོ་རྒྱུས་ལ་བལྟས་ན། མི་རྣམས་ཀྱིས་ཕན་ཚུན་འཁྲུག་རྩོད་དང་ དབང་སྒྱུར་བྱེད་རེས་བྱས་མྱོང་ཡོད་པ་མ་ཟད། གཅིག་གིས་གཅིག་རྩ་མེད་གཏོང་བའི་ འཁོན་འཛིན་བྱས་ཏེ་བློ་ཡུལ་ལས་འདས་པའི་འཁྲུག་རྩོད་ཆེན་པོ་བྱུང་མྱོང་ཡོད། དེ་ནི་ མིའི་རིགས་འཚར་ལོངས་འབྱུང་བའི་བརྒྱུད་རིམ་ཞིག་ཡིན་ཏེ། སྐབས་དེའི་མི་རྣམས་ ནི། ང་ཚོ་མི་ཞིག་ལ་མཚོན་ན་བྱིས་པའི་གནས་སྐབས་ལྟ་བུ་རེད།
བྱིས་པའི་གནས་སྐབས་སུ་བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ་གཏོང་མི་ཤེས་པ་བཞིན། སྐབས་དེའི་མི་རྣམས་ཀྱིས་ཀྱང་བསམ་བློ་རྒྱ་ཆེན་པོ་དང་གུ་ཡངས་པོ་གཏོང་ཤེས་ཀྱི་མེད་ པས། མི་རིགས་མི་འདྲ་བ་དང་རིགས་གཞུང་མི་འདྲ་བ་གཉིས་མཉམ་དུ་གནས་པའམ་ གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་ནི་ཡོང་ཐབས་མེད་པ་ལྟ་བུ་ཞིག་ཏུ་མཐོང་གི་ཡོད།
དེང་སང་མི་རྣམས་འཚར་ལོངས་བྱུང་ཡོད་པ་མ་ཟད། ལོ་རྒྱུས་ཀྱི་བརྒྱུད་རིམ་ མང་པོ་ཞིག་ནས་སློབ་གསོ་ཡང་མང་པོ་ཐོབ་ཡོད་པས། མཛའ་མཐུན་མཉམ་གནས་ཀྱི་ བསམ་བློ་གུ་ཡངས་པོ་འཁོར་གྱི་ཡོད་ལ། དེ་ལྟ་བུའི་བསམ་བློ་དེའང་ཤ་མདོག་དཀར་ནག་ དང། ཡུལ་སྲོལ་གོམས་གཤིས་སོགས་ཐ་དད་ཡིན་མིན་ལ་མ་ལྟོས་པར། མིའི་རིགས་ནི་ ཁྱིམ་ཚང་ཆེན་པོ་གཅིག་གི་བུ་རྒྱུད་ཡིན་པ་ལྟ་བུའི་ངོས་འཛིན་ལ་བརྟེན་ནས་བྱུང་བས། ཕན་ཚུན་བྱམས་པ་དང་བརྩེ་བས་སྐྱོང་རེས་བྱེད་རྒྱུ་ནི་མིའི་རིགས་ཡོངས་ལ་ཐུན་མོང་གི་ བདེ་སྐྱིད་འབྱུང་བའི་གཞི་རྩ་ཡིན་པར་སེམས་ཀྱི་ཡོད།
154
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
155
སྔར་གྱི་དུས་སུ་མི་རིགས་མི་འདྲ་བ་དང་རིག་གཞུང་མི་འདྲ་བའི་བར་འགལ་ ཟླ་ཆེན་པོ་བྱུང་མྱོང་ཡོད་པ་དང་། དེས་འདས་པའི་ལོ་ངོ་སྟོང་ཕྲག་གོང་གི་མིའི་རིགས་ ཀྱི་རིག་གཞུང་མང་པོ་ཞིག་ལ་གཏོར་སྐྱོན་ཐེབས་ཡོད་པ་མ་ཟད། ཐ་ན་རྩ་མེད་དུ་འགྲོ་ བའི་གནོད་པ་ཚབས་ཆེན་ཡང་ཐེབས་ཡོད།
དེང་སང་མི་རིགས་མི་འདྲ་བ་དང་རིག་གཞུང་མི་འདྲ་བ་སོ་སོར་ཐུན་མོང་མ་ ཡིན་པའི་ཁྱད་ཆོས་ཅི་ཙམ་ལྡན་ན། དེ་ཙམ་གྱིས་མཐོང་ཆེན་བྱེད་ཀྱི་ཡོད་པ་མ་ཟད། མི་ རིགས་དང་རིག་གཞུང་སོ་སོའ་ི ཁྱད་ཆོས་མི་འདྲ་བ་དེ་དག། མི་སྒེར་དང་། ཚོགས་པ། རྒྱལ་ཁབ་སོགས་ཀུན་གྱི་ངོས་ནས་སྲུང་སྐྱོབ་དང་། རྒྱུན་འཛིན། དར་སྤེལ་བཅས་ཡོང་ ཐབས་ལ་ཤུགས་སྣོན་རྒྱག་གི་ཡོད། དེ་ལྟར་བྱེད་དོན་ནི། མི་རིགས་དང་རིག་གཞུང་གང་ཡིན་ཡང་སོ་སོར་ཐུན་མོང་ མ་ཡིན་པའི་ཁྱད་ཆོས་དང་རིན་ཐང་ངེས་ཅན་རེ་ལྡན་པ་དང་། ཐུན་མོང་མ་ཡིན་པའི་ ཁྱད་ཆོས་དང་རིན་ཐང་དེ་དག་གིས་མིའི་རིགས་སྤྱིའི་རིག་གཞུང་གི་ངོ་བོ་ཕུན་སུམ་ཇེ་ ཚོགས་སུ་གཏོང་བར་བླ་ན་མེད་པའི་ལེགས་སྐྱེས་འབུལ་བཞིན་ཡོད་པས་ཡིན།
དེར་བརྟེན། ང་ཚོས་རང་ཉིད་ཀྱི་རིག་གཞུང་གི་རིན་ཐང་ཉམས་པ་སླར་ གསོ་དང་། མི་ཉམས་རྒྱུན་འཛིན་ཐད་འབད་བརྩོན་བྱེད་པ་དང་ཆབས་ཅིག གཞན་གྱི་རིག་གཞུང་ལའང་རྒྱུས་ལོན་དང་། གདེང་འཇོག བཀུར་བསྟི་སོགས་ བྱས་ཏེ། མིའི་རིགས་སྤྱིའི་སྣ་མང་རིག་གཞུང་གི་རིན་ཐང་གོང་མཐོར་གཏོང་བར་ རང་ནུས་གང་ཡོད་འདོན་དགོས། དེ་ནི་མིའི་རིགས་མཐུན་སྒྲིལ་གྱིས་སྣ་མང་རིག་ གཞུང་གིས་ཕྱུག་ཅིང་། ཞི་བདེ་ལོངས་སྤྱོད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་པར་ ཕན་པའི་ཐབས་ལམ་ལེགས་ཤོས་ཡིན།
155
156
ཆབ་སྲིད།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས།
༡. མིའི་རིགས་དང་རང་བྱུང་ཁམས་གཉིས་ཀྱི་བར་འབྲེལ་བ་ཅི་ཞིག་ཡོད། ༢. སྔ་མོའ ་ི དུས་ཀྱི་མི་ཚོའི་བསམ་བློ་གཏོང་སྟངས་དང་དེང་སང་གི་མི་རྣམས་ཀྱི་བསམ་བློ་གཏོང་སྟངས་ཐད་ ཁྱད་པར་ཅི་ཞིག་འདུག ༣. འཛམ་གླིང་ནང་མི་རིགས་མི་འདྲ་བ་དང་རིག་གཞུང་མི་འདྲ་བ་སྣ་ཚོགས་ཡོད་པ་ལ་དགེ་སྐྱོན་ཅི་ཞིག་ ཡོད་དམ། ༤. ཁྱེད་ཀྱིས་བལྟས་ན་འཛམ་གླིང་ནང་མི་རིགས་དང་རིག་གཞུང་མི་འདྲ་བ་མང་པོ་ཡོད་ན་ཡག་པོ་འདུག་ གམ་ཡང་ན་ཉུང་ཉུང་ཡོད་ན་ཡག་པོ་འདུག རང་ཉིད་ཀྱི་བསམ་ཚུལ་རྣམས་འཛིན་གྲྭའི་ནང་གྲོས་བསྡུར་ བྱོས། ༥. མི་རིགས་དང་རིག་གཞུང་མི་འདྲ་བའི་བར་གྱི་དབྱེ་འབྱེད་ཀྱིས་འཛམ་གླིང་ཞི་བདེ་ཡོང་བར་ཕན་གནོད་ ཅི་ཞིག་འབྱུང་གི་ཡོད།
156
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
157
སློབ་ཚན་བཞི་པ། --- སྤྱི་མང་གི་ཁེ་ཕན།
འཛམ་གླིང་ནང་ཆབ་སྲིད་ཀྱི་ལྟ་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་། མི་རྣམས་ཀྱིས་ཁོང་ཚོའི་བདེ་སྡུག་ ལ་དུས་རྟག་ཏུ་སྲིད་གཞུང་གིས་ཐུགས་ཁུར་གནང་རྒྱུར་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ཡོད། སྲིད་གཞུང་གིས་འགྲིམ་ འགྲུལ་དང་། ཆུ། གློག བརྡ་འཕྲིན། སྨན་ཁང་། འཕྲོད་བསྟེན་སོགས་ཀྱི་མཐུན་རྐྱེན་མཁོ་སྤྲོད་གནང་གི་ཡོད་ཅིང་། དེ་དག་ནི་ མི་མང་གི་བདེ་སྡུག་ལ་ཐུགས་ཁུར་གནང་བའི་དཔེ་མཚོན་འོས་འཚམས་ཤིག་ཡིན། སློབ་ཚན་འདིའི་ནང་སྲིད་གཞུང་གིས་ སྤྱི་མང་གི་ཁེ་ཕན་ཆེད་བསྒྲུབ་དགོས་པའི་ལས་འགན་ཁག་དང་། མི་མང་གིས་ཁེ་ཕན་དེ་དག་ཚུལ་བཞིན་བེད་སྤྱོད་དང་ བདག་གཅེས་བྱེད་དགོས་པའི་སྐོར་ངོ་སྤྲོད་བྱ་རྒྱུ་ཡིན།
འགྲིམ་འགྲུལ།
དེང་སྐབས་ཕྱི་དངོས་པོའ ་ི འཕེལ་རྒྱས་མྱུར་པོར་འགྲོ་བ་དང་། གོ་ལ་གཅིག་གྱུར་གྱི་རྣམ་པ་སྔར་བས་མངོན་ གསལ་དོད་དུ་འགྲོ་བཞིན་ཡོད་པས། འགྲིམ་འགྲུལ་གྱི་མཐུན་རྐྱེན་མཁོ་སྤྲོད་མང་དུ་བྱས་ནས་དམངས་ལ་སྟབས་བདེ་ བསྐྲུན་རྒྱུ་ནི་སྲིད་གཞུང་གི་བྱ་བ་གལ་ཆེན་ཞིག་ཡིན། མཁའ་ལམ་དང་། མཚོ་ལམ། མེ་འཁོར་ལམ། གཞུང་ལམ་སོགས་སྤྱོད་མཁོ་ཆེ་བའི་བགྲོད་ལམ་རིགས་ཕུད། ད་ དུང་གྲོང་རྡལ་དང་གྲོང་གསེབ་ཀྱི་སྐྱ་ལམ་དང་རྐང་ལམ་ཚུན་ཆད་ལའང་སྲིད་གཞུང་གིས་འགན་ཁུར་བླངས་ནས་མེད་པ་ ནས་ཡོད་པ་དང་། ཡོད་པ་ནས་ལེགས་བཅོས་ཀྱི་ཕྱོགས་སུ་བསྐྱོད་དགོས། རྒྱ་གར་ལ་ཆ་མཚོན་ན་སྲིད་གཞུང་ནས་རྒྱལ་ ཁབ་དང་མངའ་སྡེ་རིམ་པའི་གཞུང་ལམ་ཆེ་གྲས་ 1,95,569 ཙམ་འཛུགས་བསྐྲུན་བྱས་ཡོད་ཅིང་། གཞུང་ལམ་གྱི་རིང་ ཚད་ལ་ཀི་ལོ་མི་ཊར་ས་ཡ་ 3.34 ཟིན་པ་དེ་འཛམ་ གླིང་གི་ཨང་གཉིས་པར་སོན་ཡོད། ཆ་སྙོམས་ བྱས་ན་གཞུང་ལམ་བརྒྱུད་ནས་ལོ་རེར་དངོས་ཟོག་ དབོར་འདྲེན་བྱེད་ཚད་ 65% ཟིན་པ་དང་། འགྲུལ་ པ་སྐྱེལ་འདྲེན་བྱེད་ཚད་ 85% ཟིན་གྱི་ཡོད། འོན་ཀྱང་མཐུན་རྐྱེན་ཡག་ཏུ་སོང་བ་དང་ འགྲི མ ་འགྲུལ་སྟབས་བདེ ་ རུ་སོ ང ་སྐབས་མི ་ མང་ ཚོས་འཚོ་བར་རྒྱས་སྤྲོས་དང་བག་མེད་ལོངས་སྤྱོད་ བྱ་མི་རུང་། ད་ལྟའི་ཆར་རྒྱ་གར་ནང་ལོ་རེར་རླངས་ འཁོར་བེད་སྤྱོད་གཏོང་ཚད་བརྒྱ་ཆ་ 12% འཕར་བཞིན་ཡོད་པས། འཕྲུལ་འཁོར་བེད་སྤྱོད་ཇི་ཙམ་མང་བ་བཏང་བ་དེ་ ཙམ་གྱིས་ས་སྣུམ་གཙོས་དངོས་ཟོག་ཚང་མའི་རིན་གོང་འཕར་བ་དང་། གོ་ལའི་ཚ་དྲོད་རྒྱས་ནས་ཁོར་ཡུག་གི་གནོད་ འཚེ་ཟམ་མི་ཆད་པར་འབྱུང་བཞིན་ཡོད། དེས་ན་ང་ཚོས་ཕྱོགས་གཅིག་ནས་འཕེལ་རྒྱས་ལ་ཁ་ཕྱོགས་པ་དང་། ཕྱོགས་ གཞན་ནས་སྐྱེ་ཁམས་ལ་སྲུང་སྐྱོབ་དང་རང་བྱུང་ཁམས་ཀྱི་ཐོན་ཁུངས་རྣམས་བེད་སྤྱོད་ལེགས་པོ་གཏོང་དགོས།
157
158
ཆབ་སྲིད།
ཆུ།
འཐུང་ཆུ་གཙང་མ་དང་འདང་ངེས་དགོས་རྒྱུ་ནི་འགྲོ་བ་མིའི་ ཐོབ་ཐང་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ། འཐུང་ཆུ་དང་ཁ་འཁྲུ་ལག་ གཤལ་བྱེད་ཆེད་ཀྱི་ཆུ་གཙང་མ་དགོས་རྒྱུ་དེ་འཕྲོད་བསྟེན་དང་འབྲེལ་བ་ དམ་ཟབ་ཡོད། ལྷག་པར་འབྱོར་པ་ཞན་པའི་ཁྱིམ་ཚང་ལ་འཐུང་ཆུ་གཙང་ མ་མེད་ཚེ། དེས་ནད་རིགས་སྣ་ཚོགས་ཤིག་ཁྱབ་བརྡལ་བཏང་ནས་ དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གནོན་ཤུགས་ཆེན་པོ་སྤྲོད་ ཀྱི་ཡོད། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སྔོན་དཔགས་བྱས་ པར་ལྟར་ན། ཕྱི་ལོ་༢༠༣༠ ཟིན་སྐབས་འཛམ་གླིང་གི་མི་འབོར་བརྒྱ་ཆ་ ༦༠(མི་ཐེར་འབུམ་༥) ལྷག་གྲོང་ཁྱེར་ཁུལ་དུ་འཚོ་སྡོད་བྱ་རྒྱུ་ཡིན་ཞིང། སྐབས་དེར་ཆུའི་དགོས་མཁོ་སྔར་བས་མང་དུ་སོང་ནས་ས་འོག་གི་ཆུ་བེད་སྤྱོད་གཏོང་རྒྱུ་ཇེ་མགྱོགས་སུ་འགྲོ་རྒྱུ་ཡིན་ པས། སྐྱེ་ཁམས་དང་། ཆུ་བེད་ནུས་པར་གཏོར་སྐྱོན་ཆེན་པོ་ཐེབས་ངེས་ཡིན་པའི་ཚོད་རྩིས་བྱས་ཡོད། ལྷག་པར་ཉེ་བའི་ ལོ་ཤས་ནང་འཛམ་གླིང་ཤར་ནུབ་གང་སར་ཆུ་རུད་དང་ཆུ་ལོག་རྒྱུག་པའི་གནས་ཚུལ་ཡང་ཡང་ཐོན་ནས་སྐྱེ་བོ་ཁྲི་སྟོང་ མང་པོའ ་ི ཚེ་སྲོག་ཤོར་བ་དང་། རྒྱུ་དངོས་ཀྱི་གྱོང་གུད་ཚབས་ཆེན་ཕོགས་ཡོད་པས། དེ་ནི་ང་ཚོས་འབྱུང་ཁམས་གཏོར་ སྐྱོན་གཏོང་རྒྱུ་མང་དྲགས་ནས། གནམ་གཤིས་ལ་འགྱུར་ལྡོག་ཆེན་པོ་བྱུང་བའི་རྐྱེན་གྱིས་ཡིན་པ་ར་འཕྲོད་བྱུང་། དེས་ན་ སྲིད་གཞུང་གིས་འཆར་གཞི་ལྡན་པ་དང་ཚན་རིག་དང་མཐུན་པའི་སྒོ་ནས་མི་མང་གི་འཐུང་ཆུའི་དཀའ་ངལ་ཐག་གཅོད་ བྱེད་པ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོབ་དང་། ཆུ་བེད་ནུས་པ་གོང་མཐོར་གཏོང་དགོས།
སློབ་གྲོགས་ལགས། ཁྱེད་ཀྱིས་ཆུ་འཕྲོ་བརླག་གཏོང་གི་ ཡོད་དམ། ཆུ་ནི་འགྲོ་བ་མི་ཙམ་མ་ཟད། སྲོག་ཆགས་དང་རྩི་ཤིང་ སོགས་སྐྱེ་ལྡན་ཚང་མར་མེད་ཐབས་མེད་པ་ཞིག་ཡིན་པས། ཆུ་འཕྲོ ་ བརླག་གཏོ ང ་བ་ནི ་ ང་ཚོ འི ་ ཚེ ་ སྲོ ག ་འཕྲོ ་ བརླག་ གཏོང་བ་དང་གཅིག་མཚུངས་ཡིན། ང་ཚོས་ཆུའི་བེད་སྤྱོད་དང་རིན་ཐང་ཇིི་ཙམ་ཡོད་པ་ གསལ་པོར་ཤེས་ཀྱི་ཡོད་ནའང་། དུས་རྒྱུན་ཆུ་བེད་སྤྱོད་གཏོང་སྐབས་གཟབ་ནན་མ་བྱས་པར། ཆུ་རྐ་ཁ་མ་རྒྱག་པར་ཆུ་ གློད་ནས་འཇོག་པ་དང་། གང་བྱུང་ཆུ་རྩེད་རྩེ་བ། ཆུ་ནང་དུ་བཙོག་གཅིན་གཏོང་བ་དང་གད་སྙིགས་གཡུག་པ་སོགས་བྱས་ ནས། ཆུ་སྦགས་བཙོག་བཟོ་བའམ་འཕྲོ་བརླག་གཏོང་གི་ཡོད། སློབ་ཕྲུག་མང་པོ་ཞིག་གིས་ཆུ་བེད་སྤྱོད་ལེགས་པོར་གཏོང་ བ་མ་ཟད། ཆུ་འཕྲོ་བརླག་གཏོང་མཁན་ཚོར་བསླབ་བྱ་བརྒྱབ་ནས་ལམ་སྟོན་བྱེད་ཀྱི་ཡོད་པས་དེ་ནི་མིག་དཔེར་འོས་པའི་ བྱ་བ་བཟང་པོ་ཞིག་རེད། དེས་ན་ཆུ་འཕྲོ་བརླག་མ་བཏང་བར་བེད་སྤྱོད་ཚུལ་བཞིན་གཏོང་རྒྱུ་གལ་ཆེ།
158
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
159
གློག
སྔོན་ཆད་དཔལ་འབར་དང་བཞུ་མར་སོགས་ཀྱིས་མིའི་རིགས་ཀྱི་དགོས་མཁོ་བསྐང་ཐུབ་ཡོད་ནའང་། དེང་སྐབས་ གློག་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་མེད་ཐབས་མེད་པའི་ཆ་རྐྱེན་ཞིག་ཏུ་གྱུར་ཡོད། མཚན་མོར་གློག་གིས་སྒྲོན་མེའི་ ཚབ་བྱེད་པ་ཕུད། ད་དུང་བརྙན་འཕྲིན་དང་ཁ་པར། གློག་ཀླད་སོགས་ཅ་དངོས་མང་པོ་ཞིག་གློག་གི་ནུས་པར་བརྟེན་ནས་ བེད་སྤྱོད་བྱེད་ཀྱི་ཡོད་ལ། བཟོ་གྲྭ་དང་ལས་ཁུངས་སོགས་ཀྱིས་ཉིན་མཚན་ལྟོས་མེད་དུ་གློག་བེད་སྤྱོད་ཟམ་མི་ཆད་པར་ གཏོང་དགོས་ཀྱི་ཡོད་པས། གློག་མེད་ན་བྱ་བ་མང་པོ་ཞིག་བསྒྲུབ་མི་ཐུབ་པའམ་བསྒྲུབ་དཀའ་བའི་ཚོད་དུ་སླེབས་ཡོད། དེས་ན་ཉིན་རེའི་བྱ་བཞག་སྟབས་བདེར་གཏོང་བ་དང་འཚོ་བའི་ཆུ་ཚད་ལེགས་སུ་གཏོང་ཆེད་སྲིད་གཞུང་གིས་གློག་མཁོ་ འདོན་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། རྒྱ་གར་གྱིས་འཛམ་གླིང་གི་མི་འབོར་17% ཙམ་ལ་གློག་མཁོ་འདོན་བྱེད་ཀྱི་ཡོད་ ཅིང་། དེས་འཛམ་གླིང་ཧྲིལ་པོའ ་ི གློག་མཁོ་འདོན་བྱེད་ཚད་བརྒྱ་ཆ་3.4 ཟིན་གྱི་ཡོད། དེ་ལྟར་ནའང་རྒྱ་གར་གྱི་མི་འབོར་ 64.5% ཡིས་གློག་བེད་སྤྱོད་གཏོང་ཐུབ་པ་ལས། མི་འབོར་35.5% ཙམ་ལ་གློག་རྩ་བ་ནས་མེད་པའམ་གློག་འདང་ངེས་ མེད་པའི་དཀའ་ངལ་འཕྲད་མུས་ཡིན། སྲིད་གཞུང་ནས་མ་དངུལ་འབོར་ཆེན་བཏང་སྟེ་ཉི་འོད་ནུས་པ་དང་། རླུང་གི་ནུས་ པ། སའི་ཚ་ནུས། ཆུ་བེད་ནུས་པ་སོགས་གསོག་འཇོག་དང་བེད་སྤྱོད་བྱ་ཐབས་སྣ་ཚོགས་སྤྱད་ནས། གློག་མཁོ་འདོན་བྱ་ རྒྱུའི་ལས་འཆར་སྣ་ཚོགས་སྤེལ་དང་སྤེལ་མུས་སུ་ཡིན། ཕྱི་ལོ་༢༠༣༠ཤར་སྐབས་རྒྱ་གར་ནང་གློག་མཁོ་འདོན་བྱེད་ཚད་ དེ་ 950,000 MW བརྒལ་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། སློབ་གྲོགས་ལགས། ཁྱེད་ཀྱིས་གློག་གྲོན་ཆུང་བྱེད་ཀྱི་ཡོད་དམ།
བརྡ་འཕྲིན།
ང་ཚོའི་དུས་རབས་ནི་བརྡ་འཕྲིན་གྱི་དུས་རབས་ཤིག་ཡིན། ཕྱི་ལོ་༡༩༤༦ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ ཚོགས་ཀྱིས་”སྨྲ་བརྗོད་རང་དབང་དང་། བརྡ་འཕྲིན་གྱི་རང་དབང་”ནི་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཞིག་ཏུ་ངོས་འཛིན་ གནང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་གི་ནང་ནས་སྨྲ་བརྗོད་དང་བརྡ་འཕྲིན་གྱི་རང་དབང་ནི་ཆེས་གལ་ཆེ་ཤོས་ཤིག་ཏུ་ ངོས་འཛིན་གནང་ཡོད། གང་ཡིན་ཞེ་ན་དེ་འདྲའི་རང་དབང་ཞིག་མེད་ན། འགྲོ་བ་མིའི་ཐོབ་ཐང་གཞན་དག་ལ་ལོངས་སུ་ སྤྱོད་ཐབས་མེད་པར་གྱུར་ཡོད། དེར་བརྟེན་རྒྱལ་ཁབ་ཕལ་ཆེ་བའི་སྲིད་གཞུང་གིས་བརྡ་འཕྲིན་གྱི་རང་དབང་ལ་གུས་ བརྩི་ཆེན་པོ་བྱས་ཏེ་མི་མང་ལ་གནས་ཚུལ་གོ་རྟོགས་ཡོང་བ་དང་། གནས་ཚུལ་སྤེལ་ཆོག་པའི་མཐུན་རྐྱེན་མང་དག་ཅིག་ སྐྲུན་བཞིན་ཡོད། མང་གཙོའི་རྒྱལ་ཁབ་ནང་བརྡ་འཕྲིན་གྱིས་མང་གཙོ་ལག་བསྟར་བྱེད་པར་ནུས་པ་ཧ་ཅང་ཆེན་པོ་ཐོན་གྱི་ ཡོད་པས། གསར་འགོད་ལས་རིགས་ལ་མང་གཙོའི་ཀ་བ་བཞི་པ་ཞེས་བརྗོད་སྲོལ་ཡོད། རྒྱ་གར་གཞུང་གིས་ཀྱང་འགྲོ་བ་ མིའི་ཐོབ་ཐང་དང་། མང་གཙོའི་ལེགས་བྱང་ལ་གུས་བརྩི་ཆེན་པོ་བྱས་ཏེ། བརྡ་འཕྲིན་གྱི་རང་དབང་ཁྲིམས་ཀྱིས་སྲུང་སྐྱོབ་ བྱས་ནས། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་དེ་ཉིད་འགྲོ་བ་མིའི་ཐོབ་ཐང་གལ་ཆེ་ཤོས་ཤིག་ཡིན་པར་ཡོངས་ཁྱབ་གནང་ཡོད་ ལ། རྒྱ་གར་རྒྱལ་ཡོངས་རླུང་འཕྲིན་དང་བརྙན་འཕྲིན་སོགས་རིན་འབབ་མི་དགོས་པའི་ཐོག་ནས་བརྒྱུད་གཏོང་བྱས་ཏེ། མི་ མང་ལ་གཞུང་གི་སྲིད་ཇུས་དྲིལ་བསྒྲགས་དང་། ཆབ་སྲིད་བསམ་བློའ ་ི སློབ་གསོ་སྤེལ་བ་སོགས་བྱེད་ཀྱི་ཡོད།
159
160
ཆབ་སྲིད།
སྐྱེ་བོ་ཚང་མར་རྩ་ཁྲིམས་ཀྱིས་ཡོངས་ཁྱབ་གནང་བའི་རང་དབང་དེ་དག་ལོངས་སུ་སྤྱོད་རྒྱུའི་ཐོབ་ཐང་ཡོད་ཅིང་། འགྲོ་བ་ མིའི་གཞི་རྩའི་ཐོབ་ཐང་དེ་དག་རྡོག་རོལ་གཏོང་མཁན་བྱུང་ཚེ་ཁྲིམས་ལུགས་ཀྱིས་ཐག་གཅོད་དྲང་བཞག་གནང་ངེས་ཡིན་ པས། ང་ཚོས་རང་དབང་དེ་དག་ལོངས་སུ་སྤྱོད་པ་དང་ལྷན་དུ་སྐྱེ་བོ་གཞན་གྱི་རང་དབང་དང་ཐོབ་ཐང་ལ་གུས་བརྩི་བྱ་ དགོས། འཕྲོད་བསྟེན་དང་སྨན་ཁང་།
ཅི་ཞིག་ལ་འཕྲོད་བསྟེན་ཟེར། འཕྲོད་བསྟེན་གྱི་སྐོར་ལ་བསམ་བློ་གཏོང་སྐབས་ལུས་ལ་ན་ཚ་མེད་པར་གནས་ ཐུབ་པའི་གནས་སྟངས་ཤིག་ང་ཚོའི་སེམས་ནང་རང་བཞིན་གྱིས་འཆར་ཡོང་གི་ཡོད། འོན་ཀྱང་འཕྲོད་བསྟེན་ཡག་པོ་ ཞེས་པ་ནི་ན་ཚ་མེད་ཙམ་གྱིས་མི་ཆོག་པར། དེ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐོག་བསམ་བློ་གཏོང་དགོས་ཏེ། དཔེར་ན་འཐུང་ཆུ་གཙང་མ་དང་འདང་ངེས་ཡོད་མེད། ཁོར་ཡུག་གཙང་མ་ཡོད་མེད། ལྟོ་ཆས་འདང་ངེས་ཤིག་རག་གི་ཡོད་ མེད། ཁང་ཁྱིམ་དྲོ་པོ་ཞིག་གི་ནང་སྡོད་རྒྱུ་ཡོད་མེད་སོགས་ལ་ཡིད་འཇོག་བྱ་དགོས། གལ་ཏེ་འགྲོ་བ་མིའི་གཞི་རྩའི་དགོས་ མཁོ་འདི་དག་མ་རག་ཚེ་རང་བཞིན་གྱིས་ལུས་སེམས་གཉིས་ལ་དཀའ་ངལ་སྣ་ཚོགས་ཤིག་སྤྲོད་ཀྱི་ཡོད། ང་ཚོའི་ལུས་ པོ་བདེ་ཐང་ངང་འཚར་ལོངས་དགོས་པ་བཞིན་སེམས་པའང་སྐྱིད་པོའ ་ི ངང་གནས་དགོས། སེམས་ནང་དངངས་སྐྲག་དང་ འཇིགས་སྣང་གིས་ཁེངས་ན་རང་བཞིན་གྱིས་ལུས་པོའ ་ི འཚར་ལོངས་དང་བདེ་ཐང་ལ་གནོད་སྐྱོན་བྱེད་ངེས་ཡིན། དེས་ན་ འཕྲོད་བསྟེན་ནི་ལུས་སེམས་གཉིས་ཀའི་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཏུ་ངོས་འཛིན་བྱ་དགོས། ཁྱེད་ཀྱིས་འཕྲོད་བསྟེན་ལ་དོ་སྣང་གནང་གི་ཡོད་དམ།
ལགས་ཡོད། ངས་ཞོགས་ལྟར་ལུས་རྩལ་རྩེ་བ་དང་། སྔ་དགོང་གཉིས་ལ་ཕྱག་འཚལ་བ། སློབ་གྲྭའི་ཁོར་ཡུག་གཙང་མར་ཉར་བ་སོགས་ བྱེད་ཀྱི་ཡོད།
འཕྲོད་བསྟེན་ཡག་པོ་ཡོང་ཆེད་ངས་ སྐྱེ་ཁམས་ལ་སྲུང་སྐྱོབ་ བྱེད་ཀྱི་ཡོད།
160
འཛིན་རིམ་དྲུག་པའི་སྤྱི་ཚོགས་ཚན་རིག་སློབ་དེབ།
རྒྱ་གར་ནང་འཕྲོད་བསྟེན་གྱི་གནས་སྟངས།
161
གཤམ་གྱི་རེའུ་མིག་ནང་བཀོད་པའི་བརྗོད་པ་རྣམས་ཞིབ་ཀློག་བྱས་རྗེས་རེའུ་མིག་གཡོན་གྱི་བརྗོད་པ་དང་གཡས་ཀྱི་ བརྗོད་པ་གཉིས་དབར་མི་མཐུན་པའི་ཆ་གང་འདུག་སྡུར་དང་།
ཁྱེད་ཀྱིས་རེའུ་མིག་གཡས་གཡོན་གཉིས་ལ་འགོ་བརྗོད་རེ་འབྲི་ཐུབ་བམ།
རྒྱ་གར་ནི་འཛམ་གླིང་ནང་སྨན་པའི་མཐོ་སློབ་མང་ ཤོས་ཡོད་པའི་རྒྱལ་ཁབ་ཅིག་ཡིན་ལ། ལོ་ལྟར་སྨན་པ་ ༡༥༠༠༠ལྷག་མཐོ་རིམ་སློབ་གྲྭ་མཐར་ཕྱིན་ནས་སྤྱི་ཚོགས་ ཐོག་ཐོན་བཞིན་ཡོད།
སྨན་པ་ཕལ་ཆེ ་ བ་གྲོ ང ་ཁྱེ ར ་དང་མི ་ ཚོ ག ས་མང་སར་ གནས་སྡོད་བྱེད་ཀྱི་ཡོད། གྲོང་གསེབ་ཁུལ་དུ་སྨན་པ་ཉུང་ ཞིང་། ནད་ཀྱིས་མནར་ཚེ་ས་ཐག་རིང་པོར་སྨན་བཅོས་ བྱེད་དུ་འགྲོ་དགོས།
འཛམ་གླི ང ་རྒྱལ་ཁབ་གང་ས་ནས་རྒྱ་གར་ནང་སྨན་པ་ བསྟེན་པར་ཡོང་མཁན་ཧ་ཅང་མང་པོ་ཡོད། སྨན་པ་ཚོས་ ཁོང་ཚོར་སྨན་བཅོས་ལེགས་པོ་བྱེད་པ་མ་ཟད། སྨན་ཡོན་ ཡང་ཉུང་ངུ་ལས་ལེན་གྱི་མེད།
རྒྱ་གར་གྱི ་ མི ་ མང་ཁྲི ་ འབུམ་དུ་མར་འཐུང་ཆུ་གཙང་མ་ མེད་པའི་དཀའ་ངལ་འཕྲད་ཀྱིན་ཡོད། འགོས་ནད་བརྒྱ་ཆ་ ༢༡ ནི་ཆུ་དང་འབྲེལ་ནས་ཁྱབ་པའི་ནད་ཡིན། དཔེར་ན་ བཤལ་ནད་དང་མཆིན་པའི་གཉན་ནད་ལྟ་བུའོ།
འདས་པའི་ལོ་ཤས་ནང་སྨན་བཅོས་ཀྱི་མཐུན་རྐྱེན་ཡར་ རྒྱས་གང་འཚམ་སོང་ཡོད། ཕྱི་ལོ་༡༩༥༠ལོར་རྒྱ་གར་ ཁྱོན་ཡོངས་ལ་སྨན་ཁང་༢༧༡༧ལས་མེད་ནའང། ཕྱི་ལོ་ ༡༩༩༡ལོར་སྨན་ཁང་༡༡༡༧༤བར་འཕར་སྣོན་བྱུང་ཡོད། ཕྱི ་ ལོ ་ ༢༠༠༠ལོ ར ་རྒྱ་གར་ནང་སྨན་ཁང་གི ་ གྲངས་ཚད་ ༡༨༢༡༨ ཟིན་ཡོད།
རྒྱ་གར་ནི་འཛམ་གླིང་ནང་སྨན་བཟོ་སྐྲུན་བྱེད་མཁན་ཨང་ བཞི་པ་དེ་ཡིན་ཞིང་། རྒྱ་གར་གྱིས་རྒྱལ་ཁབ་མང་པོར་ སྨན་ཕྱིར་འཚོང་བྱེད་ཀྱི་ཡོད།
ལོ ་ ལྟར་མི ་ འབུམ་ལྔ་ཙམ་ཊི ་ བྷི འི ་ ནད་ཀྱི ས ་མནར་ནས་ འདས་གྲོངས་ཤོར་གྱི་ཡོད་ཅིང་། རྒྱ་གར་ལ་རང་བཙན་ ཐོ བ ་ནས་བཟུང་ད་བར་ཊི ་ བྷི འི ་ ནད་ཀྱི ས ་འདས་གྲོ ང ས་ སོང་བའི་གྲངས་འབོར་དེ་ཉུང་དུ་བཏང་ཐུབ་མེད། ལོ་ལྟར་ འདར་ཚད་(malaria)ཀྱི་ནད་དང་འབྲེལ་བའི་ནད་པ་ས་ཡ་ གཉིས་ལྷག་ཐོན་བཞིན་ཡོད།
རྒྱ་གར་གྱི་བྱིས་པའི་གྲངས་འབོར་ལས་ཕྱེད་ཀ་ཙམ་ལ་ཁ་ ལག་དང་ཟས་བཅུད་འདང་ངེས་ཤིག་རག་གི་མེད།
དུས་རྒྱུན་རྒྱ་གར་ནང་འཕྲོད་བསྟེན་གྱི་གནས་སྟངས་ཞན་པོ་ཡོད་པའི་སྐོར་ཡང་ཡང་གླེང་གི་ཡོད་ལ། རྒྱ་གར་ གཞུང་ལ་མ་དངུལ་ཉུང་བར་བརྟེན་འཕྲོད་བསྟེན་ཡར་རྒྱས་གཏོང་རྒྱུར་མཐུན་རྐྱེན་སྦྱོར་ཐུབ་ཀྱི་མེད་ཅེས་བརྗོད་ཀྱིན་ ཡོད། གཡོན་གྱི་རེའུ་མིག་ནང་བཀོད་པའི་བརྗོད་པ་དག་བཀླགས་རྗེས་གནས་ཚུལ་འདི་བདེན་པ་ཡིན་མིན་ཐད་ཁྱེད་ལ་ བསམ་ཚུལ་ཅི་ཞིག་བྱུང་ངམ། སློབ་ཕྲུག་ནང་ཁུལ་གོ་བསྡུར་བྱོས་དང་།
161
162
ཆབ་སྲིད།
གཤམ་གྱིི་དྲིིི་བ་ཁག་ལ་ལན་འདེེབས་དགོོོས།
༡. འཕྲུལ་འཁོར་བེད་སྤྱོད་གཏོང་རྒྱུ་མང་དྲགས་ན་སྐྱོན་གང་ཡོད་དམ། ༢. ཆུ་བེད་སྤྱོད་ལེགས་པོར་གཏོང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། ༣. རྒྱ་གར་གྱི་མི་འབོར་ཇི་ཙམ་ལ་གློག་མཁོ་སྤྲོད་ཐུབ་ཀྱི་ཡོད་དམ། ༤. བརྡ་འཕྲིན་གྱི་རང་དབང་གལ་ཆེན་པོ་ཡིན་པའི་རྒྱུ་མཚན་གང་ཡིན་ནམ། ༥. ཅི་ཞིག་ལ་འཕྲོད་བསྟེན་ཟེར། ༦. སྲིད་གཞུང་གིས་མི་མང་གི་བདེ་དོན་ཆེད་ལས་དོན་གང་དག་སྒྲུབ་ཀྱི་ཡོད་དམ།
162
1
Star
2
Moon
3
Earth
4
Galaxy
5
Nebula
6
Constellation
7
Cluster
8
Meteoroids
9
Solar System
11
Milky way Galaxy Planet
12
Mercury
13
Venus
14
Earth
15
Mars
16
Jupiter
17
Saturn
18
Uranus
19
Neptune
20
Pluto
21
Dwarf Planet
22
Orbit
23
Asteroids
24
Comet
25
Meteor
26
Asteroid crater
27
Satellite
28
Asteroids belt
29
Celestial Bodies
30
Globe
31
Axis
32
Polar Star
33
North Pole
34
South Pole
35
Latitude
10
རྒྱུ་སྐར།
ཨིན་བོད་ཐ་སྙད་ཤན་སྦྱར། 37
Tropic of Capri Corn ལྷོ་ཉི་ལྡོག་ཐིག
སའི་གོ་ལ།
38
Antarctic Circle
དགུ་ཚིགས།
39
Torrid Zone
སྐར་སྤྲིན།
40
Temperate Zone
སྐར་ཚོམ།
41
Frigid Zone
སྐར་ཚོགས།
42
South Frigid Zone
སྐར་རྡོ།
43
ཉི་མའི་ཁྱིམ་རྒྱུད།
44
South Temperate Zone North Frigid Zone
དགུ་ཚིགས་སྐྱ་མོ།
45
North Temperate Zone
གཟའ།
46
Prime Meridian
ལྷག་པ།
47
Eastern Hemisphere
པ་སངས
48
Western Hemisphere
སའི་གོ་ལ།
49
Standard Time
མིག་དམར།
50
Local Time
ཕུར་བུ།
51
Motions of the Earth
སྤེན་པ།
52
Rotation
སྐར་མ་རྣམ་རྒྱལ།
53
Orbital Plane
སྐར་མ་མཚོ་རྒྱལ།
54
Revolution
སྐར་མ་གཤིན་རྒྱལ།
55
Summer Solstice
ཌོཧྥ་སྐར་ཆུང་།
56
Winter Solstice
འཁོར་ལམ། འཁོར་བ།
57
Equinox
རྒྱུ་སྐར་ཕྲ་མོ།
58
Leap year
དུ་སྐར།
59
Spring Equinox
སྐར་མདའ།
60
Autumn Equinox
སྐར་རྡོའ ་ི དོང་ཁ།
61
Grid
འཁོར་སྐར།
62
Map
འཁོར་ལམ་ལེབ་རིང་།
63
Atlas
གནམ་གཟུགས།
64
Scale
སའི་གོ་ལའི་དཔེ་དབྱིབས།
65
Physical Map
སའི་གོ་ལའི་སྲོག་ཤིང་།
66
Political Map
སྐར་མ་བརྟན་པ།
67
Thematic Map
བྱང་སྣེ།
68
Distance
ལྷོ་སྣེ།
69
Direction
འཕྲེད་ཐིག
70
Symbol
ཟླ་བ།
36
Arctic Circle
བྱང་སྣེའི་མུ་འཁྱུད། ལྷོ་སྣེའི་མུ་འཁྱུད། ཚ་ཁུལ།
དྲོད་ཁུལ།
གྲང་ཁུལ།
ལྷོ་གྲང་ཁུལ། ལྷོ་དྲོད་ཁུལ།
བྱང་གྲང་ཁུལ། བྱང་དྲོད་ཁུལ།
ཐོག་མའི་གཞུང་ཐིག གོ་ལ་ཕྱེད་ཤར་མ།
གོ་ལ་ཕྱེད་ནུབ་མ།
ཚད་འཛིན་དུས་ཚོད། ས་གནས་དུས་ཚོད།
སའི་གོ་ལའི་འགུལ་སྐྱོད། རང་འཁོར།
འཁོར་ལམ་གྱི་ལེབ་ངོས། སྤྱི་འཁོར། གཞན་འཁོར། དབྱར་ཉི་ལྡོག
དགུན་ཉི་ལྡོག
ཉིན་མཚན་མཉམ་དུས། ཤོལ་ལོ།
དཔྱིད་མཉམ། སྟོན་མཉམ། དྲ་བ།
ས་ཁྲ།
ས་ཁྲའི་དཔྱད་དེབ།
སྡུར་ཚད་འཇལ་བྱེད། ས་དབྱིབས་ཀྱི་ས་ཁྲ། སྲིད་དོན་གྱི་ས་ཁྲ།
བྱེ་བྲག་སྟོན་པའི་ས་ཁྲ། རྒྱང་ཐག
ཁ་ཕྱོགས།
མཚོན་རྟགས།
71
Longitude
72
Equator
73 74 75
Northern Hemi¬sphere Southern Hemi¬sphere Tropic of Cancer
76 77
Small Scale Map
78
Large Scale Map
79 80
Continent Cardinal Points
82
Intermediate Direction Compass
83
Magnetic Needle
81
85
Conventional Symbols Broad Gauge
86
Metre Gauge
87
Railway Station
88
Metalled Road
89
Unmetalled Road
90
PO
91
PTO
92
PS
93
Canal
94
Sketch Map
95
Plan Map
96
Land
97
Water
98
Air
99
Lithosphere
100
Atmosphere
101
Hydrosphere
102
Biosphere
103
Oxygen
84
གཞུང་ཐིག
ཨིན་བོད་ཐ་སྙད་ཤན་སྦྱར། 104
Nitrogen
ཐིག་དམར། དཀྱིལ་ཐིག
105
Carbon dioxide
གོ་ལ་ཕྱེད་བྱང་མ།
106
Gas
གོ་ལ་ཕྱེད་ལྷོ་མ།
107
Ice
བྱང་ཉི་ལྡོག་ཐིག
108
Water Vapor
109
Sea Level
སྡུར་ཚད་ཆུང་བའི་ས་ཁྲ།
110
Strait
སྡུར་ཚད་ཆེ་བའི་ས་ཁྲ།
111
Isthmus
གླིང་ཆེན།
112
Eurasia
ཕྱོགས་བཞི།
113
Wave
ཕྱོགས་མཚམས།
114
Tide
ཕྱོགས་སྟོན་འཁོར་ལོ།
115
Current
རྣོ་ཁབ།
116
Troposphere
ས་ཁྲའི་མཚོན་རྟགས།
117
Stratosphere
མེ་འཁོར་ལམ་ཆེན།
118
Mesosphere
མེ་འཁོར་ལམ་ཕྲན།
119
Thermosphere
མེ་འཁོར་ས་ཚིགས།
120
Exosphere
མྱུར་སྐྱོད་གཞུང་ལམ།
121
Density of Air
སྐྱ་ལམ།
122
Oxygen Cylinder
སྦྲག་ཁང་།
123
Pressure
སྦྲག་ཏར་ཁང་།
124
High Pressure
སྤྱི་བདེ་ལས་ཁུངས།
125
Low Pressure
ཆུ་ཡུར།
126
Wind
རགས་བྲིས་ས་ཁྲ།
127
Species
ཞིབ་བྲིས་ས་ཁྲ།
128
Organism
ས།
129
Plant Kingdom
ཆུ།
130
Animal Kingdom
མཁའ་དབུགས།
131
Seven Continents
ས་ཁམས།
132
Asia
རླུང་ཁམས།
133
Europe
ཆུ་ཁམས།
134
Africa
སྐྱེ་ཁམས།
135
North America
འཚོ་རླུང་།
136
South America
ཟེ་རླུང་།
ཀར་བོན་འཚོ་རླུང་ཉིས་ལྡན། རླངས་རྫས། འཁྱགས་པ། རླངས་པ།
མཚོ་ངོས་ཀྱི་མཐོ་ཚད་རིམ་པ། མཚོ་འགག གླིང་ལག།
ཡུ་རོབ་དང་ཨེ་ཤི་ཡའི་སྐམ་ས་ ཆེན་མོ། རྦ་རླབས། དུས་རླབས།
རླབས་རྒྱུན།
རླུང་ཁམས་རིམ་པ་དང་པོ།
རླུང་ཁམས་རིམ་པ་གཉིས་པ།
རླུང་ཁམས་རིམ་པ་གསུམ་པ། རླུང་ཁམས་རིམ་པ་བཞི་པ། རླུང་ཁམས་རིམ་པ་ལྔ་པ།
མཁའ་དབུགས་ཀྱི་སྟུག་ཚད། འཚོ་རླུང་སྣོད།
གནོན་ཤུགས།
གནོན་ཤུགས་ཆེ་བ།
གནོན་ཤུགས་ཆུང་བ། ལྷགས་པ། རིགས།
སྐྱེ་ལྡན།
རྩི་ཤིང་རིགས།
སེམས་ཅན་རིགས། གླིང་ཆེན་བདུན།
ཨེ་ཤི་ཡ་གླིང་ཆེན། ཡུ་རོབ་གླིང་ཆེན།
ཨ་ཧྥེ་རི་ཁ་གླིང་ཆེན། བྱང་ཨ་རི་གླིང་ཆེན། ལྷོ་ཨ་རི་གླིང་ཆེན།
137
Australia
138
Antarctica
139
The four oceans
140
Pacific Ocean
141
Atlantic Ocean
142
Indian Ocean
143
Arctic Ocean
144
Life
145 146
Species of Organism Landform
147
Internal Process
148
External Process
149
Erosion
150
Deposition
151
Hill
152
Mountain
153
Plateau
154
Plain
155
Glacier
156
Mountain Range
157
Fold Mountain
158
Block Mountain
159
Volcanic Mountain
160
Horst
161
Graben
162 163
Storehouse of Water Flora
164
Fauna
165
Steep Slope
166 167
The Mean Sea Level Mining Area
168
Waterfall
169
Fertile
170
Tributaries
ཨིན་བོད་ཐ་སྙད་ཤན་སྦྱར།
ཨསྟྲེ་ལི་ཡ་གླིང་ཆེན།
171
Silt
172
Sand
རྒྱ་མཚོ་ཆེན་པོ་བཞི།
173
Natural Calamity
ཞི་བདེ་རྒྱ་མཚོ།
174
Earthquakes
ནུབ་རྒྱ་མཚོ།
175
Volcanic Eruption
རྒྱ་གར་རྒྱ་མཚོ།
178
Storm
བྱང་སྣེའི་རྒྱ་མཚོ།
179
Flood
ཚེ་སྲོག
180
Risk
སྐྱེ་ལྡན་རིགས།
181
Inscription
ནང་གི་རྐྱེན།
ལྷོ་སྣེ་གླིང་ཆེན།
ས་ངོས་ཀྱི་བཀོད་པ། ས་དབྱིབས། 182
Archeologist
183
Hunter-gatherer
ཕྱི་ཡི་རྐྱེན།
184
Remains
རིམ་ཟད།
185
Dates
སྤུངས་གསོག
186
Paleolithic
དེའུ་འབུར། རི་ཆུང་།
187
Mesolithic
རི།
188
Neolithic
མཐོ་སྒང་།
189
Harappa
བདེ་ཐང་།
190
City
འཁྱགས་རོམ།
191
Mustard
རི་རྒྱུད།
192
Janapada
ལྟེབ་གཉེར་རི།
193
Mahajanapada
ཆད་རིམ་རི།
194
Tax
མེ་རི།
195
Bimbisara
འབུར་ངོས།
196
Individual soul
རྡིབ་ངོས།
197
Universal soul
ཆུ་མཛོད།
198
Approaching
རྩི་ཤིང་།
199
Sitting near
སྲོག་ཆགས།
200
Brahmin
ངོས་གཟར་མོ།
201
Raja
གཏེར་ཁ་འདོན་ཡུལ།
གཤིན་པོ། ས་བཅུད་བཟང་པོ།
ཆ་སྙོམས་ཀྱི་མཚོ་ངོས་མཐོ་ཚད། 202
Jainism
203
Sanskrit
རྦབ་ཆུ།
204
Doctrine
205
Renouncer
ཆུ་ལག
206
Ashoka
སྙིགས་མ། བྱེ་མ།
རང་བྱུང་ཁམས་ཀྱི་གོད་ཆགས། ས་ཡོམ།
མེ་རི་འབར་གས། རླུང་འཚུབ། ཆུ་ལོག ཉེན་ཁ།
བརྐོས་རིས།
གནའ་རྫས་དཔྱད་རིག་པ། རྔོན་པ་དང་འཐུ་མཁན། གནའ་བོའ ་ིཤུལ་རྫས། ལོ་ཚིག
རྡོ་ཆས་རྙིང་པའི་དུས་སྐབས།
རྡོ་ཆས་བར་མའི་དུས་སྐབས།
རྡོ་ཆས་གསར་པའི་དུས་སྐབས། ཧ་རཔྤ།
གྲོང་ཁྱེར། པད་ཁ།
རྒྱལ་པོ། ས་སྐྱོང་། ས་སྐྱོང་ཆེན་པོ། ཁྲལ།
བིམྦི་སཱར། བདག
གཙོ་བོ།
ཉེ་བར་བཅར་བ།
ཉེ་བར་གནས་པ། བྲམ་ཟེ།
རྒྱལ་རིགས། གཅེར་བུ་པ།
ལེགས་སྦྱར་སྐད། གྲུབ་མཐའ།
བྱ་བཏང་བ།
མྱ་ངན་མེད། ཨཤཽཀ།
206
Dynasty
207
Empire
208
Kingdom
209
Messenger
210
Dhamma
211
Mehrauli
212
Epics
213
Mathematician
214
Astronomer
215
Government
216
Country
217
Transportation
218
Market
219
Court
220
Law
221
Decision
222
Licence
རྒྱལ་རྒྱུད།
ཨིན་བོད་ཐ་སྙད་ཤན་སྦྱར། 223
Order
གོང་མའི་མངའ་ཐང་།
224
Democracy
རྒྱལ་པོའ ་ི མངའ་ཐང་།
225
Democratic Govt.
ཕོ་ཉ།
226
Representative
ཆོས།
227
Election
ཡུལ་མེཧརའི་ལི།
228
Participation
དཔའ་བོའ ་ི རྟོགས་བརྗོད།
229
Conflict resolution
རྩིས་རིག་པ།
230
Justice
གནམ་དཔྱད་རིག་པ་བ།
231
Equality
སྲིད་གཞུང་།
232
Gram sabha
རྒྱལ་ཁབ།
233
Gram Panchayat
འགྲིམ་འགྲུལ།
234
Sar Panch
ཁྲོམ་ར།
235
Panch
ཁྲིམས་ཁང་།
236
Janpad
ཁྲིམས་ལུགས།
237
Zila Parishad
ཐག་གཅོད།
238
Information
ཁྲིམས་མཐུན་དཔང་ཡིག
239
Health
བཀའ་རྒྱ། མང་གཙོ།
མང་གཙོའི་སྲིད་གཞུང་། འཐུས་མི།
འོས་བསྡུ། འོས་འདེམས། མཉམ་ཞུགས།
རྩོད་རྙོག་འདུམ་འགྲིག དྲང་བདེན།
འདྲ་མཉམ།
གྲོང་སྡེའི་ཚོགས་འདུ།
གྲོང་ཚོའི་འཐུས་མི་ལྷན་ཚོགས། ཚོགས་གཙོ། ཚོགས་མི།
མི་མང་ལྷན་ཚོགས། རྫོང་ལྷན་ཚོགས། བརྡ་འཕྲིན།
འཕྲོད་བསྟེན།