འཛིན་རིམ་བཞི་པའི་སློབ་དེབ།

Page 1


གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་ལྟར་བསྒྲིགས།

འཛིན་རིམ་བཞི་པའི་སློབ་དེབ།

ཚན་རིག

ཤེས་རིག་ལས་ཁུངས་ཀྱིས་རྩོམ་སྒྲིག་དང་གཏན་འབེབས་བྱས།


རྩོམ་སྒྲིག་ཐེངས་དང་པོ། First Edition

ཕྱི་ལོ། ༢༠༡༦ ཟླ་༡༢

དཔར་ཐེངས་དང་པོ།

ཕྱི་ལོ། ༢༠༡༦ ཟླ་༡༢

དཔར་གྲངས། ༤༠༠༠

4000 Copies

First Printing

Dec 2016

སྤྱི་ཁྱབ་འགན་འཛིན།

རྩོམ་སྒྲིག་འགན་འཛིན། རྩོམ་སྒྲིག་པ།

དེབ་གཟུགས།

Printed and Distributed by: Sherig Parkhang R-27 & 28, Ramesh Park Laxmi Nagar, New Delhi 110092 Ph: +91-11-2245 3672 Fax: +91-11-2245 5634 Email: shepardelhi@gmail.com Web:www.sherigparkhang.com

དྲུང་འཕར་ཚེ་རིང་བསམ་གྲུབ།

དྲུང་གཞོན་བསོད་ནམས་བཟང་པོ།

འཕྲིན་ལས་དབང་འདུས།

འཕྲིན་ལས་དབང་འདུས།

རྒྱབ་ཤ་ཇུས་འགོད་པ། ཞུ་དག་པ།

Dec 2016

མངགས་ཉོའ་ི ཁ་བྱང་།

དཔལ་ལྡན་རྡོ་རྗེ།

ན་ག་སངས་རྒྱས་བསྟན་དར།

བསོད་ནམས་བཟང་པོ། པ་སངས་མཆོག་པ།

(ཤེས་ལྷན་བོད་སྒྱུར་ཚན་པའི་འགན་འཛིན།)

(ཤེས་རིག་ཚན་རིག་ཤེས་ཡོན་འགན་འཛིན།)

(སུ་ཇཱ་བོད་ཁྱིམ།)

ཉི་མ་ཚེ་རིང་། རྒྱལ་མཚན།

དོན་གྲུབ་རྒྱལ་པོ།

སློབ་དེབ་བསྐྱར་ཞིབ་ཚོགས་མི།

(ཨ་རིའི་བོད་ཀྱི་ཐེབས་རྩ།)

འཕྲིན་ལས་དབང་འདུས།

(དྷ་སྟེང་བོད་ཁྱིམ་སློབ་ཆུང་དགེ་ཆེ།)

(ཚན་རིག་སློབ་དེབ་རྩོམ་སྒྲིག་པ།)

སློབ་དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་ཚིགས། www.sherig.org or www.bodyiglobjong.com ནས་ལྟ་ཀློག་དང་ཕབ་ལེན་བྱེད་ཐུབ། © Department of Education, CTA

Department of Foreign Affairs and Trade Development (DFATD) ,CANADA


DEPARTMENT OF EDUCATION Central Tibetan Administration

Cable: Phone: Fax: Email: Web:

SHERIG +91-1892-222572/222721 +91-1892-223481 education@tibet.net www.tcewf.org www.sherig.org

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P INDIA

ཆེད་བརྗོད།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་མངོན་གཟིགས་ཀྱི་བཀའ་སློབ་ལམ་སྟོན་འོག བོད་མི་རྣམས་ བཙན་བྱོལ་དུ་འབྱོར་བའི༌ཐོག་མའི་དུས་རིམ་ནས་བཟུང། རང་གི་ཐུན་མིན་རིག་གཞུང་མི་ཉམས་རྒྱུན་འཛིན་ཡོང་སླད་དེང་རབས་ ཀྱི་ཁྱད་ཆོས་ལྡན་པའི་སྒོ་ནས་སྐད་ཡིག་དང་རིག་གནས་སློབ་སྤེལ་ལམ་སྲོལ་ཐོག་བསྐྱོད་ཡོད་པ་དང༌། ཕྱི་ལོ་༡༩༨༦ ནས་དྷ་ས་བོད་ ཁྱིམ་ཁྱབ་ཁོངས་སློབ་ཁག་ནང་གཞི་རིམ་འོག་མ་ནས་རིམ་གྱིས་སློབ་ཁྲིད་ཀྱི་བརྒྱུད་ལམ་བོད་སྐད་ཐོག་སྒྱུར་འགོ་འཛུགསས༌ཞུས། ཕྱི་ལོ་༢༠༠༠ ལོར་སློབ་ཁག་ཚང་མས་སྔོན་འགྲོ་ནས་གཞི་རིམ་འོག་མ་བར་གྱི་སློབ་ཚན་ཡོངས་རྫོགས་བོད་སྐད་ཐོག་ཕབ་སྒྱུར་དང་ འབྲེལ་སློབ་ཁྲིད་ལག་བསྟར་ཐུབ་པ་བྱུང་། ཕྱི་ལོ་༢༠༠༤ ལོ་ནས་བཟུང་ཤེས་རིག་ལས་ཁུངས་ཀྱིས་གཞི་རིམ་བར་མ་འཛིན་རིམ་དྲུག་ པ་ནས་བརྒྱད་པ་བར་གྱི་སློབ་དེབ་བོད་སྒྱུར་ལེགས་གྲུབ་བྱུང་བ་དང། ཕྱི་ལོ་༢༠༡༢ ལོ་ནས་འཛིན་རིམ་དགུ་པ་དང་བཅུ་པའི་ཚན་ རིག་སློབ་དེབ་བོད་སྒྱུར་ཞུས།

ཤེས་རིག་ལས་ཁུངས་ཀྱིས་ཕྱི་ལོ་༢༠༡༤ ལོར་དྷ་ས་བོད་ཁྱིམ་ཤེས་ཡོན་འཕེལ་རྒྱས་སྡེ་ཚན་ནས་གཞི་རིམ་འོག་མའི་སློབ་ཚན་རྩོམ་ སྒྲིག་གི་ལས་འགན་རྩིས་བཞེས་དང་འབྲེལ། ཕྱི་ལོ་༢༠༠༨ ལོར་བཀའ་ཤག་གི་གཏན་ལ་ཕབ་པའི་གཞི་རིམ་འོག་མའི་བསླབ་གཞིའི་ རྩ་འཛིན་གྱི་དགོངས་དོན་ལྟར་གཞི་རིམ་འོག་མའི་སློབ་དེབ་རྙིང་པ་ཁག་དང་། རྒྱ་གར་དབུས་ཤེས་ཡོན་ཉམས་ཞིབ་དང་སྦྱོང་བརྡར་ ལྟེ་གནས་ཁང་(NCERT) གིས་འདོན་སྤེལ་གནང་བའི་སློབ་དེབ། ཀམ་བྷེ་རེ་ཆི།(Cambridge) བྷེ་རེ་ཊེ་ནི་ཀ(Britannica) སོགས་ནས་འདོན་སྤེལ་ཞུས་པའི་སློབ་དེབ་ཁག། དེ་བཞིན་ཁུངས་ཐུབ་དྲ་རྒྱ་སོགས་ལ་གཞི་བཅོལ་ནས་རང་རེའི་དགོས་མཁོ་དང་ འཚམས་པར་རྩོམ་སྒྲིག་བྱས་པ་དང་། བསྐྱར་ཞིབ་ཚོགས་མི་ལྷན་འཛོམས་ཐོག་གཏན་འབེབས་བྱས་པ་ཞིག་ཡིན། སློབ་དེབ་འདི་ནི་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་བཞིན་སློབ་སྦྱོང་དང་སློབ་ཁྲིད་ཀྱི་གཞི་རྩའི་དམིགས་ ཡུལ་སྒྲུབ་ཐབས་ཀྱི་སློབ་དེབ་ཙམ་ལས། གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་ཁྲིད་ཀྱི་རྩ་འཛིན་མིན་སྟབས། ས་གནས་དང། སློབ་མ། ཁོར་ཡུག ཆ་རྐྱེན། ཤེས་ཡོན་ལམ་སྲོལ་མི་འདྲ་བའི་གནས་སྟངས་འོག་གཞི་རིམ་འོག་མའི་འཛིན་རིམ་ཁག་གི་སློབ་དེབ་ འདིའི་ནང་དོན་དང་གོ་རིམ། ཟབ་ཚད་བཅས་ལ་དགེ་རྒན་རང་ངོས་ནས་སྐབས་བསྟུན་ཚོད་འཛིན་གྱིས་སློབ་ཁྲིད་ཀྱི་སྤུས་ཚད་གཙོ་ བོར་འཛིན་ཐུབ་པ་བྱ་དགོས། འོན་ཀྱང་གཞི་རིམ་འོག་མའི་བསླབ་གཞིའི་རྩ་འཛིན་གྱི་དགོངས་དོན་དང་མ་འགལ་བ་དགོས་པར་ ཡིད་འཇགས་འཚལ། སློབ་དེབ་ཀྱི་ནང་དོན་དང་ཇུས་འགོད། ཐ་སྙད་སྤྱོད་སྟངས་སོགས་གང་ཅིའི་ཆ་ནས་ད་དུང་དཔྱད་ཞིབ་དང་བགྲོ་གླེང་བྱ་རྒྱུ་གང་ མང་ཞིག་ཡོད་པ་སྨོས་མ་དགོས་པས། འབྲེལ་ཡོད་སློབ་དགེ་དང་། ཐུགས་སྣང་ཅན་རྣམས་ཀྱིས་ལེགས་སྤེལ་ཉེས་འགོག་གི་དགོངས་ འཆར་ཡིག་ཐོག་ནས་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཤེས་རིག་ལས་ཁུངས་ནས། ཕྱི་ལོ་༢༠༡༥ ཟླ་༡༢ ཚེས་༢༣ ཉིན།



དགེ་རྒན་གྱི་རྩ་འཛིན་ལམ་སྟོན།

༄༅། །ཚན་རིག་ནི་ཆོས་ཐམས་ཅད་ཀྱི་དངོས་ཡོད་གནས་ལུགས་རྣམས་ཤེས་ཐབས་སུ་གཟབ་ནན་ངང་བལྟ་ཞིབ་ དང། རང་གིས་བྱས་པའི་ཚོད་དཔག་རྣམས་རྒྱུ་མཚན་དང་དངོས་ཡོད་བརྟག་དཔྱད་ལམ་ནས་ར་འཕྲོད་བྱེད་རྒྱུ་

དེ་ཡིན། ང་རང་ཚོའི་མཐའ་འཁོར་ལ་དུས་རྒྱུན་གཏན་ནས་ཡིན་ཤག་ཤག་བྱས་ནས་བེད་སྤྱོད་གཏོང་བཞིན་པའི་

དངོས་པོ་རྣམས་མིའི་ལོ་རྒྱུས་ནང་བྱུང་བའི་སྙན་གྲགས་ཅན་གྱི་ཚན་རིག་པ་མང་པོའ་ི གསར་གཏོད་དང། ལེགས་ བཅོས། གསར་རྙེད་བཅས་ཀྱི་འབྲས་བུ་ཡིན། དེས་ན་ཚན་རིག་ནི་བྱ་བའི་བརྒྱུད་རིམ་དང་འབྲས་བུ་གཉིས་ཀ་

ཡིན་པ་དང། ང་ཚོའི་མི་ཚེའི་ནང་དེ་ཡི་བེད་སྤྱོད་གྲངས་ལས་འདས་པ་ཡོད། ཚན་རིག་གི་རང་བཞིན་དང་། སྤྱི་ ཚོགས་ཁྱོན་ཡོངས་ཀྱིས་ཡར་རྒྱས་དང་རྒྱུན་འཛིན་ལ་དམིགས་པའི་ཚན་རིག་གི་ཤེས་ཡོན་ཞིག་སྤྲོད་དགོས་རྒྱུ་ ནི་ད་ལྟའི་དུས་ཀྱི་དགོས་མཁོ་ཆེ་ཤོས་ཆགས་ཡོད་པར་བརྟེན། གཤིས་སྤྱོད་གོང་འཕེལ་གཏོང་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན།

ཕྲུ་གུའི་སེམས་ཁོངས་སུ་སྔ་ས་ནས་ཚན་རིག་གི་

ཚན་རིག་གི་སློབ་ཁྲིད་ཐབས་ལམ་ནང་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ནི་ཕྲུ་གུའི་ལྷན་སྐྱེས་སུ་ཡོད་པའི་

ཡོན་ཏན་དྲི་རྩད་བྱེད་རྒྱུའི་ནུས་པ་དེ་རྟག་ཏུ་རྒྱུན་འཛིན་བྱེད་རྒྱུ་དེ་ཡིན། དེ་ལྟ་བུའི་གལ་འགངས་ཧ་ཅང་ཆེ་བའི་ ཚན་རིག་གི་ལྟ་ཚུལ་འདི་ནི་གཞི་རིམ་ཤེས་ཡོན་སྲིད་བྱུས་ཀྱི་ལྟ་གྲུབ་དང་ཕྱོགས་མཚུངས་པའང་ཡིན། གཞི་རིམ་

ཤེས་ཡོན་སྲིད་བྱུས་ཀྱི་གཞི་རྩའི་དམིགས་ཡུལ་བཞི་སྟེ། རང་དབང་དང། གཞན་ཕན། རྒྱུན་འཛིན། གསར་གཏོད་ བཅས་ཀྱི་དགོས་དམིངས་བསྒྲུབ་ཆེད། སློབ་དེབ་འདིའི་ནང་རི་མོ་དང་། དྲི་བ། བྱེད་སྒོ། བརྟག་དཔྱད། ལས་འཆར་ སོགས་གང་མང་མང་ཚུད་ཐབས་བྱས་ཡོད།

སློབ་དེབ་རྩོམ་སྒྲིག་སྐབས་སློབ་མ་རྣམས་ཀྱི་མིག་ཤེས་ལ་ཚོར་སློང་བྱ་རྒྱུ་ཙམ་མིན་པར། ཕྱོགས་ཡོངས་ལ་

རྒྱུན་མཐུད་ཞིབ་འཇུག་དང་། ཤེས་བྱ་བློ་འཛིན་ཙམ་མིན་པར་རང་ངོས་ནས་ཞིབ་དཔྱོད་ཀྱི་ནུས་རྩལ་གོང་འཕེལ་ གཏོང་བར་རོགས་འདེགས་བྱ་རྒྱུར་དམིགས་ཡོད། ལས་འཆར་འདྲ་མིན་བརྒྱུད་རང་གི་དངོས་སུ་བྱ་བ་བྱས་ནས་ ཤེས་བྱ་སྦྱོང་རྒྱུའི་སློབ་ཁྲིད་ཀྱི་ཐབས་ལམ་དེས་སློབ་སྦྱོང་བྱེད་རྒྱུར་ཡིད་དབང་འཕྲོག་བཅུག་པར་མ་ཟད། སློབ་

མར་མཉམ་རུབ་ཀྱི་བསམ་བློ་དང་ཚད་མཐོའ་ི ཞིབ་འཇུག་གི་བསམ་བློའ་ི ནུས་པ་འཕེལ་རྒྱས་གཏོང་རྒྱུར་ཡང་གལ་ འགངས་ཆེན་པོ་བཟུང་ཡོད་སྟབས། དགེ​ེ་རྒན་རྣམ་པས་སློབ་ཁྲིད་གནང་སྐབས་གཤམ་གསལ་དོན་གནད་རྣམས་ ངེས་པར་དུ་ཕྱག་བསྟར་གནང་གལ་ཆེ།


༡། སློབ་ཚན་སོ་སོའ་ི ནང་དུ་དཔེ་མཚོན་བཀོད་པའི་རེའུ་མིག་གི་འགེངས་ཤོག་དང་།

བྱེད་སྒོའམ་ལྟ་ཞིབ་

འགེངས་ཤོག་རྣམས་དགེ​ེ་རྒན་གྱིས་སློབ་མ་སོ་སོའ་ི འབྲི་དེབ་ནང་དུ་བཤུ་རུ་འཇུག་པའམ་དཔར་སློག་ བརྒྱབ་ནས་སློབ་མར་སྤྲོད་དགོས།

༢། ཁྱེད་ཀྱི་ས་ཁུལ་ནང་རག་རྒྱུ་མེད་པའི་དངོས་པོ་རྣམས་རང་ངོས་ནས་བཟོ་ཐབས་དང་བེད་སྤྱོད་གང་ཡོང་ གཏོང་དགོས།

༣། སློབ་ཚན་སོ་སོའ་ི ནང་དུ་ཡོད་པའི་བྱེད་སྒོ་རྣམས་གང་ཐུབ་ལག་བསྟར་བྱེད་དགོས་པ་དང། སློབ་ཚན་དང་ འབྲེལ་བའི་བྱེད་སྒོ་གཞན་གང་མང་སྤེལ་དགོས།

༤། དགེ​ེ་རྒན་གྱིས་བྱེད་སྒོ་དང་བརྟག་དཔྱད་རིགས་ཆ་ཚང་སྔ་ས་ནས་གྲ་སྒྲིག་གནང་དགོས།

༥། དགེ​ེ་རྒན་གྱིས་སློབ་ཚན་བར་འཇུག་ཡིག་ཆུང་ཚང་མར་ཐུགས་སྣང་དང་འབྲེལ་ལག་བསྟར་གནང་དགོས།

༦། ཚན་རིག་སློབ་ཁྲིད་དང་འབྲེལ་སྐད་ཡིག་གོང་སྤེལ་ཡོང་ཆེད་སློབ་མས་སྐད་ཆ་ཤོད་སྐབས་བར་དུ་མ་

འཛུལ་བར། ཁོང་ཚོར་རེས་མོས་ཐོག་འཆད་རྩལ་དང་ཉན་རྩལ་གོང་མཐོར་གཏོང་བར་འབད་དགོས། དེ་

༧།

བཞིན་སྨྲ་བརྗོད་ཀྱི་དཀའ་ངལ་འཕྲད་མཁན་རྣམས་ལ་དམིགས་བསལ་དོ་སྣང་བྱེད་དགོས།

དགེ​ེ་རྒན་གྱིས་སློབ་འཁྲི​ིད་བྱས་པ་རྣམས་སློབ་མས་ཤེས་རྟོགས་བྱུང་ཡོད་མེད་ཞིབ་འཇུག་བྱེད་དགོས་པ་མ་

ཟད།

ཤེས་བྱ་མ་ཤེས་བར་ཞིབ་འཇུག་ཆེད་དུས་དང་གནས་སྟངས་ཀྱི་དགོས་མཁོར་གཞིགས་ཏེ་རང་གི་

སློབ་ཁྲིད་ཀྱི་ཐབས་ལམ་རན་འཚམ་བཟོ་ཐབས་བྱེད་དགོས།

༨། དགེ​ེ་རྒན་གྱིས་ཕྲུ་གུར་དཔྱད་ཞིབ་དང་། བསམ་བློ་བརྒྱུད་སྐུལ་ཐུབ་པའི་དྲི་བ་དྲིས་ཏེ་ཕྲུ་གུ་རང་ངོས་ནས་ལྟ་ ཚུལ་འདོན་སྤེལ་ཐུབ་པ་བྱ་རྒྱུ་དང།

ཕྲུ་གུ་ཚོས་སྦྱངས་ཟིན་པའི་ཤེས་བྱ་ནས་བློ་བསྐྱེད་བླངས་ཏེ་ཤེས་ཡོན་

གཏིང་ཟབ་བསྐྲུན་ཐུབ་པར་འབད་བརྩོན་བྱེད་དགོས།


༡ གནམ་གཤིས།

དཀར་ཆག་

༢ རྩི་ཤིང་དང་སྲོག་ཆགས།

༡ ༩

༣ ཉི་མའི་ཁྱིམ་བརྒྱུད།

༢༥

༤ ནད་དང་འཕྲོད་བསྟེན།

༣༣

༥ ཤུགས་དང་སྟབས་བདེའི་འཕྲུལ་ཆས།

༤༨

༦ འོད་དང་གྲིབ་གཟུགས།

༥༧

༧ སྒྲ།

༧༡

༨ ང་ཚོའི་ཉེ་འཁོར་གྱི་འགྱུར་ལྡོག་ཁག།

༧༧

༩ ཚོར་བའི་དབང་པོ་ལྔ་།

༨༩



དགེ་རྒན།

སློབ་ཚན། ༡

གནམ་གཤིས།

སློབ་མ།

གལ་ཆེའི་གནད་དོན་ཁག • གནམ་གཤིས་ཀྱི་འགྱུར་ལྡོག་དང་དེའི་རྒྱུ་རྐྱེན།

• ཉི་འོད་ཕོག་སྟངས་ལ་བརྟེན་ནས་གནམ་གཤིས་འགྱུར་བ་འགྲོ་ཚུལ།

• རླུང་གི་འགུལ་སྐྱོད་ལ་བརྟེན་ནས་གནམ་གཤིས་འགྱུར་བ་འགྲོ་ཚུལ། •

སའི་བསིལ་རླུང་དང་མཚོའི་བསིལ་རླུང།

• སའི་གོ་ལའི་འཁོར་འགྲོས་ལ་བརྟེན་ནས་གནམ་གཤིས་འགྱུར་བ་འགྲོ་ཚུལ།

གལ་ཆེའི་ཚིག • སྲོག་ཤིང་།

• རང་འཁོར།

• གཞན་འཁོར།

• སའི་བསིལ་རླུང་།

• མཚོའི་བསིལ་རླུང་།

• དྲོད་ཚད་འཇལ་ཆས།

ཉི་མ་གསལ་ཐིང་ངེར་ཤར་བའི་སྐབས་གློ་བུར་དུ་ཆར་པ་འབབ་པ་དང། རླུང་འཚུབ་རྒྱག་པ། ཡང་ན་སེར་བ་འབབ་པ་དེ་ འདྲ་བྱུང་མྱོང་ངམ། དེ་ལྟར་བྱུང་དགོས་དོན་གང་ཡིན་ནམ། གནམ་གཤིས་འགྱུར་ལྡོག་གིས་ང་ཚོའི་ཉིན་རེའི་བྱ་གཞག་ ལ་ཁྱད་པར་ག་རེ་བཟོ་ཡི་ཡོད།

གནམ་གཤིས་ནི་ཉིན་རེ་ནས་ཉིན་རེར་འགྱུར་བ་འགྲོ་ཡི་ཡོད་པ་དང་། སྐབས་རེ་ཚུ་ཚོད་ནས་ཆུ་ཚོད་བར་ལའང་ འགྱུར་བ་འགྲོ་ཡི་ཡོད། སྐབས་རེ་ཉི་མ་ཚ་པོ་ཤ ར་བ་དང། སྐབས་རེ་ལྷགས་པ་རྒྱག་པ། ཡང་སྐབས་རེ་ཆར་པ་ དང་གངས་སོགས་བབས་ནས། གནམ་གཤིས་ལ་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད་པ་རེད། འོ་ན་འགྱུར་བ་དེ་ཚོ་

ལ་གང་གིས་རྐྱེན་བྱས་པ་ཡིན་ནམ། དེ་ཡང་ཉི་འོད་ཐད་ཀར་ཕོག་མིན་དང། རླུང། འཛམ་གླིང་གི་འཁོར་འགྲོས་ བྱེད་ཚུལ་སོགས་ཀྱིས་ཀྱང་གནམ་གཤིས་འགྱུར་བ་ལ་རྒྱུ་རྐྱེན་བྱེད་ཀྱི་ཡོད། དེའི་ནང་ནས་ཉི་མའི་འོད་ཀྱི་ཕོག་ སྟངས་ཀྱིས་གནམ་གཤིས་འགྱུར་བ་ཆེ་ཤོས་ཐེབས་ཀྱི་ཡོད།

1


ཉི་འོད་ཕོག་སྟངས་ལ་བརྟེན་ནས་གནམ་གཤིས་འགྱུར་བ་འགྲོ་ཚུལ།

ཉི་མའི་འོད་ཀྱིས་གནམ་གཤིས་ལ་འགྱུར་བ་ཐེབས་ཀྱི་ཡོད། འཛམ་གླིང་གིས་ཉི་མ་ལ་སྐོར་བ་རྒྱག་དུས་ས་

གནས་སོ་སོར་ཉི་འོད་ཕོག་སྟངས་མི་འདྲ་བ་ཡོད། ཉི་མ་ལས་འོད་དང་དྲོད་བྱུང་བ་རེད། ཉིན་མོའ ི་སྐབས་སུ་ཉི་

མའི་དྲོད་ཀྱིས་ས་གཞི་ཚ་པོ་བཟོས་ཡོད་སྟབས་དྲོ་པོ་ཡོད། མཚན་མོ་ཉི་མ་མེད་སྟབས་ཉིན་མོ་ལས་གྲང་བ་ཡོད། ཉིན་གུང་ཉི་མའི་འོད་ཟེར་ས་གཞིའི་སྟེང་དུ་ཐད་ཀར་ཕོག་གི་ཡོད་སྟབས་དྲོད་ཆེ་ཤ ོས་ཀྱི་སྐབས་ཡི​ིན། སྔ་དྲོ་དང་ ཕྱི་དྲོའ ི་སྐབས་ཉི་མའི་འོད་ཟེར་གསེག་ལོག་ནས་ཕོག་གི་ཡོད་སྟབས་དྲོད་ཚད་དེ་ཙམ་མེད།

རླུང་གི་འགུལ་སྐྱོད་ལ་བརྟེན་ནས་གནམ་གཤིས་འགྱུར་བ་འགྲོ་ཚུལ། བྱེད་སྒོ། ༡

དཔེ་རིས་བཞིན་ཐིག་ཤིང་གི་སྣེ་མོ་གཉིས་ལ་སྐུད་པས་ཤ ོག་བུའི་ཕོར་པ་རེ་རེ་བསྒར་ཏེ་ལྗིད་ཡང་ཆ་སྙོམས་བཟོ་ དགོས། དེ་ནས་མེ་འབར་བཞིན་པའི་ཡང་ལཱ་ཞིག་ཤ ོག་བུའི་ཕོར་པ་གང་རུང་ཞིག་གི་འོག་ཏུ་ཞོག ཁྱེད་ཚོས་ག་ རེ་མཐོང་བྱུང། རྒྱུ་མཚན་ཤོད།

རྒན་ལགས། ༡ སློབ་ཁྲིད་གནང་སྐབས་ཁྲིད་ཆས་བེད་སྤྱོད་གཏོང་བཞིན་སློབ་མར་སློབ་སྟོན་བྱེད་དགོས།

2

དཔེ་རིས། ༡་༡


༢ སློབ་མ་སོ་སོར་ལྟ་ཞིབ་གང་བྱུང་གྲོས་སྡུར་བྱེད་རྒྱུའི་གོ་སྐབས་གནང་དགོས།

ང་ཚོས་མཚོ་འགྲམ་ཁུལ་གྱི་ས་ཆར་གནམ་གཤིས་སྐྱིད་པོ་ཡོད་པ་ཤ ེས་ཀྱི་ཡོད། རྒྱུ་མཚན་ནི། རླུང་རྒྱུན་དྲོན་མོ་ ལ་བརྟེན་ནས་བྱུང་གི་ཡོད། ད་ང་ཚོས་རླུང་རྒྱུན་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་མེད་བལྟ་ཆོག།

བྱེད་སྒོ། ༢

ཕོར་པ་གཉིས་ཁྱེར་ནས་གཅིག་གི་ནང་ལ་བྱེ་མ་དང་གཞན་དེའི་ནང་ལ་ཆུ་བླུག་དགོས།

ཀ ཕོར་པ་དེ་གཉིས་ཕྱི་ལ་ཉི་མ་ཡོད་སར་ཞོག ཆུ་ཚོད་ཕྱེད་ཀའི་རྗེས་ལ་ཕོར་པ་དེ་གཉིས་ཀྱི་ནང་དུ་ཡོད་པའི་ བྱེ་མ་དང་ཆུ་གཉིས་ཀྱི་ཚ་ཚད་ལ་དྲོད་ཚད་འཇལ་ཆས་(Thermometer) ཀྱིས་བལྟ་དགོས། ཉི་མ།

བྱེ་མ།

དྲོད་ཚད་འཇལ་ཆས། ཕོར་པ།

ཆུ།

དཔེ་རིས། ༡་༢

ཁ དེ་རྗེས་ཕོར་པ་དེ་གཉིས་ཁང་པའི་ནང་ལ་ཞོག ཡང་ཆུ་ཚོད་ཕྱེད་ཀའི་རྗེས་ལ་སྔར་བཞིན་དྲོད་ཚད་འཇལ་ ཆས་ཀྱིས་ཚ་ཚད་བལྟ་དགོས། ཁྱེད་ཀྱིས་གཤམ་འཁོད་ལྟ་ཞིབ་རེའུ་མིག་བསྐང་དགོས།

3


རེའུ་མིག

གནས།

བྱེ་མའི་ཚ་ཚད།

ཁང་པའི་ཕྱི།

ཆུའི་ཚ་ཚད།

ཁང་པའི་ནང།

གོང་གི་བྱེད་སྒོའ ི་རེའུ་མིག་ལ་གཞིགས་ནས་མཐའ་སྡོམ་རྒྱོབ།

སའི་བསིལ་རླུང་དང་མཚོའི་བསིལ་རླུང།

ས་དང་ཆུ་གཉིས་དུས་ཡུན་གཅིག་མཚུངས་ནང་དྲོད་འཕར་ཚད་དང་ཉམས་ཚད་གཅིག་པ་མིན། དེ་ལ་བརྟེན་ནས་ མཚོའི་བསིལ་རླུང་དང་སའི་བསིལ་རླུང་གཉིས་འབྱུང་བ་ཡིན། འོ་ན་ང་ཚོས་གང་འདྲ་འབྱུང་མིན་བལྟ་དགོས།

ཀ) མཚོའི་བསིལ་རླུང། (Sea breeze)

ཉིན་མོ་ཆུ་ལས་ས་གཞི་མགྱོགས་པ་དྲོས་ཀྱི་ཡོད། སའི་ཐོག་གི་རླུང་ཡང་དྲོས་ཀྱི་ཡོད། རླུང་ཚ་པོ་དེ་ཡང་པོ་ཡོད་ སྟབས་ཡར་འགྲོ་བ་དང་། མཚོའི་བསིལ་རླུང་གྲང་མོ་དེ་ས་ཐོག་ལ་རྒྱུ་ཡི་ཡོད།

ཁ) སྐམ་སའི་བསིལ་རླུང། (Land breeze)

མཚན་མོ་མཚོ་ལས་ས་གཞི་མགྱོགས་པ་གྲང་མོ་ཆགས་ཀྱི་ཡོད་སྟབས། མཚོ་ནི་ས་ལས་དྲོད་ཆེ་བ་ཡོད། དེར་ བརྟེན་མཚོའི་སྒང་གི་རླུང་ཡར་འགྲོ་བ་དང། སྐམ་སའི་རླུང་གྲང་མོ་དེ་མཚོ་ངོས་སུ་རྒྱུ་ཡི་ཡོད།

4

དཔེ་རིས། ༡་༣


བྱེད་སྒོ།

དཔེ་རིས་བཞིན་ཤོག་སྒམ། ཡང་ན། ཤིང་སྒམ་གྱི་ངོས་གཅིག་ལ་ཤ ེལ་སྒོའམ་འགྱིག་ཤ ོག་བསྒར་དགོས། ཤོག་ སྒམ་གྱི་ཐོག་ལ་དུ་ཁུང་འདྲ་བའི་སྦུ་གུ་གཉིས་བཟོས། སྦུ་གུ་གཅིག་གི་འོག་ཏུ་ཡང་ལཱ་སྤར་ནས་ཞོག དེ་ནས་སྦུ་ གུ་གཉིས་པ་དེའི་སྒང་ལ་སྤོས་ཆག་འབར་བཞིན་པ་ཞིག་འཛིན་དགོས། ཁྱེད་ཀྱིས་གང་མཐོང་བྱུང་། དེ་ལྟར་ཡོང་ དགོས་དོན་རྒྱུ་མཚན་ཤོད།

དཔེ་རིས། ༡་༤

སའི་གོ་ལའི་འཁོར་འགྲོས་ལ་བརྟེན་ནས་གནམ་གཤིས་ལ་འགྱུར་བ་འགྲོ་ཚུལ།

ང་ཚོས་ཤ ེས་གསལ་ལྟར་སའི་གོ་ལས་ཉི་མར་སྐོར་བ་རྒྱག་གི་ཡོད། སའི་གོ་ལས་སྲོག་ཤ ིང་(Axis) ལ་བརྟེན་ ནས་རྒྱུན་ཆད་མེད་པར་སྐོར་བ་རྒྱག་པར་རང་འཁོར་(Rotation) ཟེར། སའི་གོ་ལས་རང་འཁོར་བྱེད་པ་དང་

ཆབས་ཅིག་ཉི་མར་སྐོར་བ་རྒྱག་པར་གཞན་འཁོར་(Revolution) ཟེར། སའི་གོ་ལས་གཞན་འཁོར་རྒྱག་དུས་ ངོས་གཅིག་ཉི་མ་དང་ཐག་ཉེ་བ་དང། ངོས་གཞན་དེ་རྒྱང་ཐག་རིང་བར་འཁེལ་གྱི་ཡོད། ཉི་མ་དང་ཐག་ཉེ་སར་ གནམ་གཤིས་ཚ་བ་དང་ཐག་རིང་སར་གནམ་གཤིས་གྲང་བ་ཡོད། དེ་ལ་བརྟེན་ནས་ནམ་དུས་བཞི་འབྱུང་གི་ ཡོད།

5


དཔེ་རིས། ༡་༥

ཀ) བར་སྟོང་རྒྱོངས། ༡

སའི་གོ་ལའི་གཞན་འཁོར་ལ་བརྟེན་ནས་ནམ་དུས་ཀྱི་འགྱུར་བ་བྱུང་ཚུལ།

སྦྱོང་ཚན།

མཚོ་ནས་ས་གཞིར་རྒྱུ་མཁན་གྱི་རླུང་ལ་.........................................ཟེར། ས་གཞི་ནས་མཚོར་རྒྱུ་མཁན་གྱི་རླུང་ལ་........................................ཟེར།

༣ སའི་གོ་ལའི་........................................ལ་བརྟེན་ནས་ཉིན་མཚན་འབྱུང་གི་ཡོད། ༤ སའི་གོ་ལའི་........................................ལ་བརྟེན་ནས་ནམ་དུས་འབྱུང་གི་ཡོད།

6


ཁ) གཤམ་གྱི་ཚོན་ལྡན་པའི་མིང་ཚིག་རྣམས་བརྗེས་ནས་བརྗོད་དོན་འགྲིག་པ་བཟོ་དགོས། ༡

གནམ་གཤིས་ལྟ་རྟོག་པས་གནམ་གཤིས་ལ་རྒྱུ་རྐྱེན་བྱེད་ཀྱི་ཡོད།

དགུན་ཁའི་སྐབས་སུ་ཉིན་རིང་བ་ཡོད།

༤ ༥

ཞོགས་པ་ཉི་མའི་འོད་ཁ་ཐུག་ཕོག་གི་ཡོད།

ཉིན་མོ་མཚོ་མཐའི་ས་ཁུལ་ལ་རྒྱ་མཚོའི་རླུང་ཚ་པོ་རྒྱག་གི་ཡོད།

མེ་ལྕེ་ཐུར་ཕྱོགས་ལ་འབར་གྱི་ཡོད།

རླུང་ཚ་བོ་ནི་གྲང་མོ་ལས་ལྕི་བ་ཡོད།

ག༽ རྒྱུ་མཚན་དྲོངས། ༡

མཚོ་ཁར་གནས་པའི་མི་རྣམས་ཀྱིས་ཉི་མ་ཚ་པོ་ཤ ར་བའི་སྐབས་སུའང་བསིལ་པོ་ཚོར་གྱི་ཡོད།

རླུང་འགྲོའ ི་སྒེའུ་ཁུང་ནི་སྒེའུ་ཁུང་གཞན་ལས་མཐོ་བ་བསྒར་དགོས།

༤ ༥

འཛམ་གླིང་གིས་ཉི་མར་གཞན་འཁོར་བྱེད་ཚུལ་གྱིས་ནམ་དུས་ལ་རྒྱུ་རྐྱེན་བྱེད་ཀྱི་ཡོད། དགུན་དུས་ཀྱི་ཉི་འོད་ལ་དྲོད་དེ་ཙམ་མེད།

འཛམ་གླིང་གི་ས་ཁུལ་ཁ་ཤས་ལ་དབྱར་ཀ་ཡིན་སྐབས་ས་ཁུལ་ཁ་ཤ ས་ལ་དགུན་ཁ་ཡིན། སྔ་དགོང་གཉིས་ལས་ཉིན་གུང་ཚ་བ་ཡོད།

7


ང་།

གལ་ཏེ་གཤམ་གྱི་བརྗོད་པ་རྣམས་བདེན་པ་ཡིན་ན། དེས་གནམ་གཤིས་ལ་ཁྱད་པར་གང་བཟོ་ ཡི་རེད་དམ།

སའི་གོ་ལས་རང་འཁོར་རྒྱག་གི་མེད།

རླུང་ཚ་པོ་དང་གྲང་མོའ ི་ལྗིད་ཚད་གཅིག་པ་ཡིན།

སའི་གོ་ལས་གཞན་འཁོར་རྒྱག་གི་མེད།

ཅ།

སློབ་ཕྲུག་རྣམས་སྡེ་ཚན་ཆ་བགོས་ཀྱིས་ནམ་དུས་བཞིའི་ཐོག་ (Y) དབྱིབས་རིས་ཀྱི་བྱེད་སྒོ་ སྤེལ་དགོས།

ཐོས།

དཔྱིད་ཀར། བྱ་བྱེའུ་ཡི་སྐད་སྒྲ་ཐོས།

8

མཐོང།

དཔེར་ན། དཔྱིད་ཀར། མེ་ཏོག་བཞད་ཁ་ཕྱེ།

མྱོང།

དཔྱིད་ཀར། གནམ་གཤིས་བསིལ།


དགེ་རྒན།

རྩི་ཤིང་དང་སྲོག་ཆགས།

གལ་ཆེའི་གནད་དོན།

• རྩི་ཤིང་དང་སྲོག་ཆགས་རྣམས་གཅིག་ལ་གཅིག་བརྟེན་གྱི་ • སྐྱེ་ལྡན། རང་བཞིན་ཡིན་ཚུལ།

སློབ་ཚན། ༢

• རྩི་ཤིང་དང་སྲོག་ཆགས་རྣམས་གནས་ཡུལ་གཞིར་བཞག་ ནས་དབྱེ་ཚུལ།

གལ་ཆེའི་ཚིག

ཁོར་ཡུག།

• འབུ་ཟན་རྩི་ཤིང།

སྐྱེ་ལྡན་དངོས་པོའ་ི ཁྱད་ཆོས།

སློབ་མ། འདམ་སྐྱེས།

རླུང་སྦུག།

• དབུགས་འབྱིན་རྔུབ་྇ཐུབ་པའི་རྩ་བ། • དབྱར་ཉལ།

དགུན་ཉལ།

• གནས་སྤོས་བྱེད་པའི་བྱ།

རྨིག་པ།

སློབ་མ་རྣམས་སྡེ་ཚན་དུ་བགོས་ཏེ། ང་ཚོའི་འཛམ་གླིང་ནང་རྩི་ཤ ིང་གཏན་ནས་མེད་པའི་བརྗོད་གཞི་ཐོག་གྲོས་ བསྡུར་གྱིས། དགེ་སྐྱོན་དོགས་གསུམ་གྱི་རེའུ་མིག་སྐོངས། དགེ།

བརྗོད་གཞི། འཛམ་གླིང་ནང་རྩི་ཤ ིང་གཏན་ནས་མེད་ན།

དཔེར་ན། རྩེད་ཐང་མང་པོ་བཟོ་ཐུབ།

སྐྱོན།

བཟའ་ཆས་མེད།

དོགས།

སྲོག་ཆགས་གནས་ཐུབ་བམ།

9


སྐྱེ་ལྡན་གྱི་དངོས་པོ་རྣམས་ལ་གཤམ་གྱི་ཁྱད་ཆོས་རྣམས་ཚང་དགོས།

འགུལ་བསྐྱོད་ཐུབ་པ།

དབུགས་འབྱིན་རྔུབ་བྱེད་པ།

སྐྱེ་འཕེལ་བྱེད་ཐུབ།

སྙིགས་དོར་བྱེད་པ།

ཕྲ་ཕུང་ལས་གྲུབ་པ།

ཚོར་བ་ལྡན་པ།

ཟས་བཅུད་ལེན་པ།

འཚར་ལོངས་བྱེད་པ། འཇིག་པ།

རྩི་ཤ ིང་དང་སྲོག་ཆགས་ནི་སྐྱེ་དངོས་ཡིན། འོན་ཀྱང་རྩི་ཤ ིང་དང་སྲོག་ཆགས་ལ་གཤམ་གསལ་གྱི་ཁྱད་པར་ ཡོད།

རྩི་ཤིང་།

སྲོག་ཆགས།

• གནས་གཅིག་ནས་གཅིག་ལ་སྤོ་བཞུད་བྱེད་མི་ཐུབ། • གནས་གཅིག་ནས་གཅིག་ལ་སྤོ་བཞུད་བྱེད་ཐུབ། • རང་ཉིད་ཀྱི་ཟས་བཟོ་སྐྲུན་བྱེད་ཐུབ། • ཚོར་བ་ཞན་པ།

• རང་ཉིད་ཀྱི་ཟས་བཟོ་སྐྲུན་བྱེད་མི་ཐུབ། • ཚོར་བ་སྐྱེན་པོ།

རྩི་ཤ ིང་། (Plant)

ང་ཚོས་འཛིན་གྲྭ་གསུམ་པའི་ནང་རྩི་ཤིང་གི་སྐོར་ཏོག་ཙམ་སྦྱངས་ཡོད། རྩི་ཤ ིང་ནི་མི་དང་སྲོག་ཆགས་ལ་ཕན་ ཐོགས་ཆེན་པོ་ཡོད། རྩི་ཤིང་ནི་འཛམ་གླིང་གི་ས་གནས་གང་སར་ཁྱབ་ཡོད། དེ་ཡང་ཁ་ཤ ས་ས་ཆ་ཚ་ས་དང། ཁ་ཤ ས་གྲང་ས། ཐང། བྱེ་ཐང་། ཆུའི་ནང་སོགས་ཁོར་ཡུག་འདྲ་མིན་ནང་སྐྱེ་ཐུབ།

རྩི་ཤ ིང་ནི་ཁོར་ཡུག་གི་གྲུབ་བྱ་གལ་ཆེ་ཤོས་ཤིག་ཡིན། ཁོར་ཡུག་ནི་རང་གི་ཉེ་འཁོར་དུ་ཡོད་པའི་རྩི་ཤ ིང་དང།

ས། ཆུ། རླུང། སྲོག་ཆགས་སོགས་ལས་གྲུབ་པ་ཡིན། ཁོར་ཡུག་སོ་སོའ ི་ཁྱད་ཆོས་ལ་དཔགས་པའི་རྩི་ཤ ིང་གི་ བཟོ་དབྱིབས་དང། ཡན་ལག་གི་བྱ་བ་བྱེད་ཕྱོགས་ལའང་ཁྱད་པར་ཡོང་གི་ཡོད།

10


རྒན་ལགས།

འོག་གི་སློབ་ཚན་འཁྲིད་སྐབས། བྱུང་ན་འབྲེལ་ཡོད་སློབ་གཞི་དངོས་སུ་བསྟན་ཐུབ་པ་དང། མ་བྱུང་ན་རྩི་ཤ ིང་གི་པར་

རིས་འདྲ་མིན་འཛིན་གྲྭའི་ནང་དུ་ཁྱེར་ནས་སློབ་ཚན་འཁྲིད་དགོས།

སྐམ་སར་སྐྱེ་བའི་རྩི་ཤིང། ( Adaptation in Terrestrial plant )

ཀ) རིའི་སྟེང་གི་རྩི་ཤིང། (Plants in Hilly areas )

རིའི་སྟེང་དགུན་དུས་གྲང་མོ་ཡོད་པ་དང་གངས་དང་ཆར་པ། རླུང་འཚུབ་ཆེ་བ་ཡོད། དེའི་ཁུལ་གྱི་ཤ ིང་སྡོང་

རྣམས་རིང་པོ་དང་འདྲོང་པོ་ཡོད། ཤིང་སྡོང་གི་ཡལ་ག་རྣམས་ཐུར་ལ་འཕྱང་ཡོད་པས་གངས་དང་ཆར་པ་ལོ་

མ་ནས་ཤུད་འགྲོ་བྱས་ཏེ་ཕན་ཐོགས་བྱེད་ཀྱི་ཡོད། ལོ་མ་རྣམས་ཁབ་ལྟ་བུ་རྣོ་བོ་ཡིན་པར་བརྟེན་དེས་རླུང་རྒྱབ་ སྐབས་ཤ ིང་སྡོང་ཡོམ་འགུལ་མི་བྱེད་པར་ཕན་ཐོགས། ཤིང་སྡོང་གི་ལོ་མ་རྣམས་དུས་གཅིག་ལ་སར་མི་ལྷུང་

བར་ལོ་མ་འགའ་རེ་ལྷུང་བ་དང་འགའ་རེ་སྐྱེས་པར་བརྟེན་ཤ ིང་སྡོང་རྣམས་རྒྱུན་དུ་ལྗང་ཁུར་གནས་ཡོད། དེ་ལ་

རྒྱུན་ལྗང་ཡང་ཟེར། རིའི་སྟེང་གི་ཤིང་སྡོང་རྣམས་ཀྱི་མེ་ཏོག་ལས་ཐང་འབྲས་སྨིན་གྱི་ཡོད་པས་ཤ ིང་སྡོང་དེ་དག་ ལ་ཐང་ཤ ིང་ཡང་ཟེར་གྱི་ཡོད།

དཔེ་རིས། ༢་༡

གསོམ་ཤ ིང། Fir tree

དཔེ་རིས། ༢་༢

ཐང་ཤིང། Pine tree

དཔེ་རིས།༢་༣

ཐང་ཁྲག། Cedar tree

11


ཁ) ཐང་གི་རྩི་ཤིང། (Plants in Plain region)

ཐང་དང་ས་ཆ་དམའ་བོའ ི་ལ་ཚ་དྲོད་ཆེ་བས་ཤིང་སྡོང་ལ་ཡལ་ག་དང་ལོ་མ་མང་པོ་ཡོད། ལོ་མ་རྣམས་ལོ་གཅིག་ ནང་དུས་གཅིག་ལ་སར་ལྷུང་གི་ཡོད།་དེར་བརྟེན་ལོ་མ་སར་ལྷུང་བའི་སྡོང་པོའམ་ལྷུང་བའི་ཆོས་ཅན་གྱི་སྡོང་པོ་ (Deciduous plant) ཡང་ཟེར་གྱི་ཡོད། ཤིང་ནྱ་གྲོ་ད།(Banyan tree) དང་ ནིམ་(Neem) རྣམས་ཐང་དུ་སྐྱེས་ པའི་ཤ ིང་སྡོང་གི་རིགས་ཡིན།

དཔེ་རིས། ༢་༥

དཔེ་རིས་།༢་༤

ཤིང་ནྱ་གྲོ་ད།

དཔེ་རིས། ༢་༧

གྱིག་ཤ ིང།

ནིམ་ཤ ིང།

Banyan tree

Rubber tree

Neem tree

དཔེ་རིས། ༢་༨

བེ་ཏའི་སྡོང་པོ། Coconut tree

ག) བྱེ་ཐང་གི་རྩི་ཤིང།(Plants in Desert)

བྱེ་ཐང་ནི་ཚ་དྲོད་ཤིན་ཏུ་ཆེ་ཞིང་ཆར་ཞོད་ཧ་ཅང་ཉུང་བའི་སྐམ་ས་ཞིག་ཡིན། ལའང་སྐྱེ་ཡི་ཡོད།

དཔེ་རིས། ༢་༦

གུལ་མོ་ཧར།

Gulmohar tree

དཔེ་རིས། ༢་༩

ཤིང་ཨ་རྣ།

Teak tree

འོན་ཀྱང་རྩི་ཤ ིང་ཁ་ཤ ས་བྱེ་ཐང་

བྱེ་ཐང་དུ་སྐྱེས་པའི་རྩི་ཤིང་ཕལ་མོ་ཆེའི་རྩ་བ་རྣམས་ས་འོག་ལ་རྒྱ་ཆེན་པོར་རྒྱས་ནས་ས་

འོག་ལ་འཐིམ་པས་ཆུ་རྣམས་འཐེན་གྱི་ཡོད།

སྐམ་སའི་རྩི་ཤ ིང་ལ་ལོ་མ་ཉུང་བ་དང་ལོ་མ་རྣམས་ཚིལ་པགས་

ཀྱིས་བཏུམ་ཡོད། རྩི་ཤིང་གི་ལོ་མ་རྣམས་ཁབ་ལྟ་བུ་རྩེ་རྣོ་པོར་(Spine) གྱུར་བར་བརྟེན་འདིས་ཆུ་བོར་སྟོར་

12


འགོག་ཐབས་བྱེད་ཀྱི་ཡོད་པ་མ་ཟད་སེམས་ཅན་གྱི་གནོད་ཚབས་ལས་སྲུང་སྐྱོབ་བྱེད་ཀྱི་ཡོད། རྩི་ཤ ིང་གི་ཡལ་ ག་རྣམས་ལྗང་ཁུ་ཡིན་པས་འོད་སྦྱོར་བྱེད་པར་རོགས་བྱེད་ཀྱི་ཡོད། རྩི་ཤ ིང་གི་སྡོང་པོས་ཆུ་གསོག་འཇོག་བྱེད་ པར་བརྟེན་དེ་དག་སྦོམ་པོ་ཡོད།

དཔེ་རིས། ༢་༡༡

དཔེ་རིས། ༢་༡༠

ཀླུ་ཤིང། Cactus

ང) འདམ་སྐྱེས་རྩི་ཤིང། (Plants in Marshy area)

ཁ་སུར་སྡོང་པོ། Date palm

འདམ་སྐྱེས་རྩི་ཤིང་གི་རྩ་བར་ས་ནས་རླུང་མི་ཐོབ་པར་བརྟེན་རྩ་བ་རྣམས་ས་དང་ཆུའི་སྟེང་སྐྱེས་ནས་རླུང་ཐོབ་

པ་བྱེད་ཀྱི་ཡོད། དེར་བརྟེན་དེ་དག་གི་རྩྭ་བ་ལ་དབུགས་འབྱིན་རྔུབ་ཐུབ་པའི་རྩ་བ་(Breathing root) ཡང་ཟེར། འདམ་སྐྱེས་རྩི་ཤིང་གི་རྩ་བས་ཤིང་སྡོང་ཆུའི་སྟེང་ལྡིང་བར་རོགས་བྱེད། རྩི་ཤ ིང་དེ་དག་ལ་མཚོ་ཁའི་ཆུ་ཤ ིང་ ཡང་ཟེར། དཔེར་ན། (Mangrove) ལྟ་བུའོ།།

དཔེ་རིས། ༢་༡༢

མཚོ་ཁའི་ཆུ་ཤིང་།

Mangrove

13


འབུ་ཟན་རྩི་ཤིང། (Insectivorous Plant)

འཛམ་གླིང་འདིར་ཡ་མཚན་ཅན་གྱི་རྩི་ཤིང་སྣ་ཚོགས་ཡོད། རྩི་ཤ ིང་ཁ་ཤ ས་ཀྱིས་རང་གི་འཚར་ལོངས་ཆེད་འབུ་ སྲིན་བཟུང་ནས་རང་གི་གཟུགས་པོར་དགོས་པའི་ཟས་བཅུད་ལ་ལོངས་སུ་སྤྱོད་ཀྱི་ཡོད། རྩི་ཤ ིང་དེ་ཚོ་ལ་འབུ་ ཟན་རྩི་ཤ ིང་ (Insectivorous Plants) ཟེར།

འབུ་ཟན་རྩི་ཤ ིང་ཁ་ཤས་ཀྱི་དཔེ་མཚོན་ནི།

དཔེ་རིས། ༢་༡༣

དཔེ་རིས། ༢་༡༤

ཤིང་བུམ་ལོ། Pitcher Plant མེ་ཏོག་བུང་བ་འཛིན། Venus Fly Trap

དཔེ་རིས།༢་༡༥

སྔོ་རྟག་ངུ་།

Sundew Plant

རྩི་ཤ ིང་དེ་དག་གི་ལོ་མའི་ནང་རྩི་བཅུད་ཀྱི་ཁེངས་ཡོད་སྟབས་འབུ་སྲིན་རྣམས་རྩི་བཅུད་ལོངས་སུ་སྤྱོད་ཆེད་དེར་

ཡོང་གི་ཡོད། འབུ་སྲིན་རྣམས་ལོ་མའི་ནང་འཛུལ་མ་ཐག་ལོ་མའི་ཁེབས་རང་བཞིན་གྱིས་རྒྱག་གི་ཡོད། དེ་རྗེས་ རང་ལ་དགོས་པའི་འཚོ་བཅུད་རྣམས་འབུ་ཡི་ལུས་ནས་ལེན་གྱི་ཡོད། ཆུའི་ནང་དུ་སྐྱེ་བའི་རྩི་ཤིང་།

ཆུའི་ནང་དུ་སྐྱེ་བའི་རྩི་ཤིང་རྣམས་ཀྱི་གཟུགས་བོངས་ཆུང་ཆུང་དང། ལོ་མ་སྡེར་མ་བཞིན་སྒོར་དབྱིབས་ཅན་ཡོད། ལོ་མའི་སྟེང་དུ་རླུང་འགྲོ་སའི་བུ་ག་ཕྲ་མོ་མང་པོ་ཡོད་པས་དེ་ཚོས་རྩི་ཤིང་དེ་ཉིད་ཆུའི་སྟེང་དུ་འཕྱོ་བར་ཕན་ ཐོགས་བྱེད་ཀྱི་ཡོད། དཔེར་ན། མེ་ཏོག་པདྨ་(Lotus) དང། ཆུ་སྐྱེས་ཀུ་མུད་(Water lily) ལྟ་བུའོ། ། ཡང་ཧཡེ་

ཌིརི་ལ་(Hydrilla) ནི་ཆུའི་གཏིང་ལ་སྐྱེ་བའི་རྩི་ཤ ིང་རེད། དེའི་ལོ་མ་ཆུང་ཆུང་ཡོད་པ་རྣམས་ཀྱིས་ཆུའི་གནོན་ ཤུགས་ཉུང་ཉུང་ཡོང་བའི་ཆེད་དུ་ཡིན། དེ་བཞིན་ལྦ་ལིས་ནི་རི་ཡ་(Vallisneria) ལྟ་བུའི་རྩི་ཤ ིང་ནི་རྒྱུག་ཆུའི་

14


ངོགས་སུ་སྐྱེ་བ་རེད། དེའི་ལོ་མ་ནི་དར་ཆིངས་ལྟར་རིང་པོ་ཡོད། ལོ་མས་དེ་ཚོའི་ཆུ་རྒྱུན་ཉུང་དུ་གཏོང་རྒྱུར་ཕན་ ཐོགས་བྱེད་ཀྱི་ཡོད། ཆུའི་ནང་གི་ཁོར་ཡུག་ལ་གོམས་འདྲིས་དང་འཚོ་གནས་ཐུབ་པའི་ཆེད་དུ​ུ་དེ་དག་གི་ལོ་མར་ དབྱིབས་དང་ཁྱད་ཆོས་སྣ་ཚོགས་ཡོད།

དཔེ་རིས། ༢་༡༦

མེ་ཏོག་པདྨ། Lotus

དཔེ་རིས། ༢་༡༧

ཆུ་སྐྱེས་ཀུ་མུད། Water Lily

རྩི་ཤིང་རྒྱུན་མི་ཆད་པར་གནས་ཐུབ་པའི་རྒྱུ་མཚན།

འཛམ་གླིང་འདིར་རྩི་ཤིང་བྱུང་བ་ནས་མང་པོ་ཞིག་ད་བར་རྒྱུན་མི་ཆད་པར་གནས་ཡོད། དེ་ལྟར་མུ་མཐུད་ནས་ འཛམ་གླིང་གི་ས་ཕྱོགས་གང་སར་སྐྱེ་འཕེལ་བྱེད་ཐུབ་པའི་རྒྱུ་མཚན་ནི། རང་གིས་རང་སྐྱོབ་ཐུབ་པའི་ནུས་པ་

ཡོད། དཔེར་ན། ཐང་ཤིང་དང་། གསོམ་ཤིང། ཤུག་པ་ལྟ་བུའི་སྡོང་པོ་དེ་དག་ལ་པགས་པ་མཐུག་པོ་ཡོད་སྟབས། རྟ་དང་བ་ཕྱུགས་སོགས་ཀྱིས་ལས་སླ་པོར་ཟ་མི་ཐུབ་པ་དང། འབུ་སྲིན་གྱིས་ཀྱང་ལས་སླ་པོར་ཟ་མི་ཐུབ་པས་

ཕྱིའི་གནོད་འཚེ་འགོག་ཐུབ་ཀྱི་ཡོད། དེ་བཞིན་ཤ ིང་སྡོང་གི་རྩ་བ་དེ་སའི་ནང་བརྟན་པོར་གནས་སྟབས། ཆུ་དང་ ལྷགས་པ་སོགས་ཀྱིས་ལས་སླ་པོར་གནོད་འཚེ་གཏོང་ཐུབ་ཀྱི་མེད་པར་མ་ཟད་ཡུན་རིང་པོ་སྐྱེ་འཕེལ་བྱེད་ཀྱི་

ཡོད། ཡང་མེ་ཏོག་དང་རྩྭ་ལྟ་བུའི་རྩི་ཤིང་གི་རིགས་ཁ་ཤ ས་ལ་རང་གིས་རང་སྐྱོབ་བྱེད་ཀྱི་ནུས་པ་ཕྲན་བུ་ཆུང་བ་ ཡོད་སྟབས་ཡུན་རིང་པོ་གནས་ཐུབ་ཀྱི་མེད།

15


སྦྱོང་ཚན། ཀ༽

འགྲིག་རྟགས་དང་། ནོར་རྟགས་གང་འོས་རྒྱོབ།

༡༽ རྩི་ཤ ིང་འགའ་ཤས་ཆུའི་ནང་སྐྱེས་ཐུབ།

(

)

༢༽ བྱེ་ཐང་ལ་སྐྱེ་བའི་རྩི་ཤིང་ལ་ལོ་མ་ཆེན་པོ་ཡོད།

(

)

༤༽ རྩི་ཤ ིང་ནི་ཁོར་ཡུག་གི་ཆ་ཤས་མིན།

(

)

༣༽ རྩི་ཤ ིང་ལ་སྐྱེ་འཕེལ་གྱི་ནུས་པ་ཡོད།

༥༽ གསོམ་ཤིང་དང་ཐང་ཤིང་རྒྱུན་དུ་མདོག་ལྗང་ཁུ་ཡིན། ༦༽ ཀླུ་ཤ ིང་ནི་བྱེ་ཐང་གི་རྩི་ཤིང་ཡིན། ཁ༽

( (

) )

)

གཤམ་གསལ་ཁོར་ཡུག་སོ་སོའ་ི ནང་སྐྱེ་ཐུབ་པའི་རྩི་ཤིང་གི་མིང་རེ་བྲིས།

༡༽ ..............ནི་རི་ཁུལ་དུ་སྐྱེ།

༢༽ ................ནི་བྱེ་ཐང་དུ་སྐྱེ། ག༽ ལན་འོས་པར་རྟགས་རྒྱོབ། ༡) བྱེ་ཐང་གི་རྩི་ཤིང་རེད།

ཀ) ཁ་སུར་སྡོང་པོ།(Date palm)

16

(

................ནི་ཆུའི་ནང་དུ་སྐྱེ། ................ནི་ཐང་དུ་སྐྱེ།

ཁ) ཐང་ཤ ིང།(Pine tree)

ག) བེ་ཏའི་སྡོང་པོ།(Coconut tree)


༢) གྱིག་ཤ ིང་སྐྱེས་ཐུབ་པའི་ས་ཁུལ་ནི་ ཀ) གྲང་མོ།

ཁ) དྲོད་ཆེན་པོ།

ག) ཚ་དྲོད་དང་གཞའ་ཚན་ཅན།

ཀ) མེ་ཏོག།

ཁ) ལོ་མ།

ག) སྡོང་པོ།

ཀ) ཀླུ་ཤ ིང།

ཁ) ཐང་ཤིང།

ག) མཚོ་ཁའི་ཆུ་ཤ ིང།

༣) བྱེ་ཐང་སྟེང་རྩི་ཤིང་ལ་ཁབ་ལྟ་བུའི་རྣོ་བོ་ནི་གཤམ་གྱི་བསྒྱུར་བཅོས་ལས་བྱུང་བ་ཡིན། ༤) སའི་སྟེང་ཐོན་པའི་དབུགས་འབྱིན་རྔུབ་ཐུབ་པའི་རྩ་བ་(Breathing root) ང༽

རྒྱུ་མཚན་བྲིས།

༡༽ ཚ་ཤ ིང་གི་ལོ་མ་ནི་ཚེར་མ་ལྟར་ཡོད། ༢༽ རྩི་ཤ ིང་ལ་ཚེ་སྲོག་ཡོད།

༣༽ མེ་ཏོག་པདྨའི་ལོ་མ་སྡེར་མ་བཞིན་ཆེན་པོ་ཡོད། ༤༽ རྒྱ་སེ་མེ་ཏོག་ལ་ཚེར་མ་ཡོད་དགོས་དོན།

༥༽ ཐང་ཤ ིང་གི་སྡོང་པོ་འདྲོང་པོ་དང་ལོ་མ་ཁབ་ལྟར་ཡོད། ཅ༽

དྲི་བ་ཁག་ལ་ལན་རྒྱོབ།

༡) རྩི་ཤ ིང་སྐྱེ་བར་གང་དགོས་སམ།

༢) རྩི་ཤ ིང་ཚང་མ་གཅིག་པ་རེད་དམ། འགྲེལ་བརྗོད་གྱིས།

17


༣) གང་འདྲ་བྱས་ནས་རྩི་ཤིང་ང་ཚོར་གལ་ཆེན་པོ་ཆགས་ཀྱི་ཡོད་དམ། ཆ༽

རེའུ་མིག་སྐོངས།

པར་རིས།

རྩི་ཤིང་གི་ཡན་ལག སྡོང་པོ།

ཁྱད་ཆོས།

བྱེད་ལས།

མེ་ཏོག རྩ་བ།

ལོ་མ། སྲོག་ཆགས། (Animal)

སློབ་མ་རྣམས་སྡེ་ཚན་དུ་བགོས་ཏེ། “ང་ཚོའི་འཛམ་གླིང་ནང་མི་མ་ཡིན་པའི་སྲོག་ཆགས་གཏན་ནས་མེད་ན་” ཞེས་པའི་བརྗོད་གཞི་ཐོག་གྲོས་བསྡུར་གྱིས། དགེ་སྐྱོན་དོགས་གསུམ་གྱི་རེའུ་མིག་སྐོངས།

བརྗོད་གཞི། འཛམ་གླིང་ནང་མི་མ་ཡིན་པའི་སྲོག་ཆགས་གཏན་ནས་མེད་ན། དགེ།

དཔེར་ན། གཅན་གཟན་གྱི་ཉེན་ཁ་མེད།

18

སྐྱོན།

ཤ་ཟ་རྒྱུ་མེད།

དོགས།

སྲོག་ཆགས་མེད་ན་རྩི་ཤ ིང་གནས་ཐུབ་བམ།


སྤྱིར་སྲོག་ཆགས་ལ་དབྱེ་བ་འབྱེད་སྟངས་མང་པོ་ཡོད། དེ་ཡང་ཁ་ཟས་དང་། སྡོད་གནས། གཟུགས་ཕུང་ཆགས་ ཚུལ་སོགས་ལ་བརྟེན་ནས་དབྱེ་བ་འབྱེད་ཀྱི་ཡོད། འདིར་ང་ཚོས་སྡོད་གནས་ལ་བརྟེན་ནས་དབྱེ་བ་འབྱེད་སྟངས་ སྐོར་ཏོག་ཙམ་སྦྱང་རྒྱུ་ཡིན།

སྐམ་སར་གནས་པའི་སྲོག་ཆགས། (Terrestrial Animal)

སེང་གེ་དང་། སྟག རྟ། གཡག ཁྱི་སོགས་སྐམ་སར་སྡོད་མཁན་རྣམས་ལ་སྐམ་སའི་སྲོག་ཆགས་ཟེར། སྲོག་ ཆགས་དེ་དག་སྐམ་སར་གནས་ཐུབ་པའི་ཁྱད་ཆོས་འདྲ་མིན་ལྡན་ཡོད། སྐམ་སའི་སྲོག་ཆགས་ཚོས་རླུང་ཁམས་ ནས་རླུང་ཐད་ཀར་འབྱིན་རྔུབ་བྱེད་ཐུབ་པའི་གློ་བ་ལྡན་ཡོད།

འབུ་སྲིན་རྣམས་སྐམ་སར་གནས་ཀྱང་གློ་བའི་

དབང་པོ་ལྡན་མེད། འབུ་སྲིན་ཚོས་སོ་སོའ ི་གཟུགས་པོའ ི་སྟེང་ཡོད་པའི་རླུང་སྦུག་(Spiracle) བརྒྱུད་རླུང་འབྱིན་ རྔུབ་བྱེད་ཀྱི་ཡོད།

ཐང་ལ་གནས་པའི་སྲོག་ཆགས།(Animals in Plain)

ཐང་ལ་གནས་པའི་སྲོག་ཆགས་རྣམས་དུས་རྒྱུན་རང་གི་དགྲ་བོ་ནས་སྲུང་སྐྱོབས་བྱེད་པ་དང་། ཟས་འཚོལ་བར་ སུག་ལག་ཤུགས་ཆེན་པོ་ཡོད། རྩྭ་གཟན་སེམས་ཅན་རྟ་དང། བ་ཕྱུགས་རྣམས་ས་སོབ་སོབ་དང་རློན་པའི་སྟེང་ འགུལ་བསྐྱོད་བྱེད་ཆེད་རྐང་པར་རྨིག་པ་(Hoof) ཡོད།

དཔེ་རིས། ༢་༡༩

སེང་གེ། Lion

དཔེ་རིས། ༢་༢༡

བ་ཕྱུགས།

Cow

དཔེ་རིས། ༢་༢༠

རྟ། Horse

19


རི་བོང་དང་བྱི་ལོང་ལྟ་བུའི་ས་ཁུང་འབྲུ་མཁན་གྱི་སྲོག་ཆགས་རྣམས་ལ་སྡེར་མོ་རྣོ་བོ་ཡོད་པས་ས་ཁུང་འབྲུ་རྒྱུར་

བེད་སྤྱོད་བཏང་ནས་སོ་སོའ ི་ཚང་བཟོ་གི་ཡོད། དུག་སྦྲུལ་ནི་དུས་རྒྱུན་ས་ཁུང་ཕྲ་མོའ ི་ནང་སྡོད་ཀྱི་ཡོད། སྦྲུལ་ལ་ སུག་ལག་མེད་པས་ཤུན་སྐོགས་མཁྲེགས་པོས་ཐང་ལ་འབུད་རྒྱག་བཏང་ནས་འགུལ་བསྐྱོད་བྱེད་ཀྱི་ཡོད།

དཔེ་རིས། ༢་༢༢

རི་བོང། Rabbit

དཔེ་རིས། ༢་༢༤

དཔེ་རིས། ༢་༢༣

སྦྲུལ། Snake

བྱི་ལོང། Mole

རི་ཁུལ་གྱི་སྲོག་ཆགས། (Animals in Mountain)

ས་མཐོ་པོ​ོ་དང་གནམ་གཤིས་གྲང་མོར་སྡོད་མཁན་སྲོགས་ཆགས་རྣམས་

གྲང་ངར་ལས་སྲུང་སྐྱོབ་ཆེད་སྤུ་མཐུག་པོ་ཡོད། དཔེར་ན་གཡག་གི་རྩིད་ པ། ལུག་གི་བལ། ར་ཡི་ཁུ་ལུ། གཞན་ཡང་སྲོག་ཆགས་དེ་དག་བྲག་རི་ སོགས་ལ་འཛེགས་ཆེད་རྨིག་པ་མཁྲེགས་པོ་ཡོད།

བྱེ་ཐང་གི་སྲོག་ཆགས། (Animals in Desert)

རྔ་མོང་ནི་བྱེ་ཐང་སྟེང་གནས་ཐུབ་མཁན་གྱི་སྲོག་ཆགས་ཞིག་ཡིན། རྔ་མོང་གི་རྐང་མཐིལ་ཞེང་ཁ་ཆེན་པོ་ཡོད།

རྔ་མོང་གི་ཟས་དང་ཆུ་

དཔེ་རིས། ༢་༢༥

གཡག། Yak

བྱེ་ཐང་དུ་ལས་སླ་པོའ ི་ངང་འགྲོ་ཐུབ་ཆེད།

འཕར་མ་རྣམས་རང་གི་ནོག་ནང་ཚིལ་ལ་བསྒྱུར་ནས་གསོག་ཉར་ བྱེད། དེར་བརྟེན་རྔ་མོང་གིས་ཉིན་མང་པོ་ཆུ་མེད་པར་འགྲོ་ཐུབ་ཀྱི་ ཡོད། བྱེ་ཐང་སྟེང་བྱེ་མའི་རླུང་འཚུབ་འགོག་ཆེད་རྔ་མོང་གི་མིག་ལ་ རྫི་མ་མཐུག་པོ་ཡོད།

བྱེ་ཐང་སྟེང་སྲོག་ཆགས་འདྲ་མིན་སྣ་ཚོགས་ཡོད། ཉིན་མོ་ཚ་དྲོད་ཧ་

20

དཔེ་རིས། ༢་༢༦

རྔ་མོང། Camel


ཅང་ཆེ་བས་དེ་ལས་གཡོལ་ཐབས་སུ་དགོང་མོ་ཟས་འཚོལ་བར་འགྲོ་ཡི་ཡོད།

སྲོག་ཆགས་ཁ་ཤ ས་ཟླ་བ་མང་

པོར་ཟས་བཟའ་མི་དགོས་པར་ས་ཁུང་ནང་འཛུལ་ནས་སྡོད་ཀྱི་ཡོད་པས། དེར་དབྱར་ཉལ་(Aestivation) རྒྱག་པ་ ཟེར།

གངས་ཁྲོད་དུ་གནས་པའི་སྲོག་ཆགས། (Animals in Snowland ) ཧི ་ མ་ལ་ཡའི ་ རི ་ རྒྱུད་ལ་གནས་མཁན་གྱི ་ གངས་གཟི ག ་ དང་ འཁྱགས་རོམ་ཁུལ་དུ་ཡོད་པའི་བྱང་སྣེའི་དོམ་དཀར་

(Polar-bear) གྱི་ལུས་ལ་སྤུ་མཐུག་པོ་ཡོད། རང་གི་དགྲ་ དང་ཁ་ཟས་སྲོག་ཆགས་གཞན་གྱིས་མི་མཐོང་བའི་ཆེད།

ལུས་ལ་གངས་ལྟར་དཀར་བའི་སྤུ་དཀར་པོ་སྐྱེས་ཡོད། དེ་

བཞིན་མཚོ་གླང་(Seal) དང་ཝོལ་རས་(Walrus) བྱ་ཁྱེའུ་

དཔེ་རིས། ༢་༢༧

( Penguin)སོ ག ས་ཧ་ཅང་གྲང་མོ ར ་གཟུགས་པོ ་ ཚ་པོ ་ཉར་ཆེ ད ་ བྱང་སྣེའི་དོམ་དཀར་(Polar Bear) ལུས་ལ་ཚིལ་པགས་མཐུག་པོ་ཡོད།

དཔེ་རིས། ༢་༢༨

མཚོ་གླང། Seal

དཔེ་རིས། ༢་༣༠

དཔེ་རིས། ༢་༢༩

ལྦོལ་རས། Walrus

བྱ་བྱེའུ་མང་པོ་དགུན་དུས་ས་ཆ་དྲོད་སར་གནས་སྤོས་བྱེད་ཀྱི་ཡོད།

བྱ་ཁྱེའུ། Penguin

དཔེར་ན་དགུན་དུས་བོད་ནས་བྱ་མང་པོ་

ཞིག་རྒྱ་གར་དུ་ཡོང་གི་ཡོད། སྦལ་པ་དང་སྦྲུལ། རྨིགས་པ། འབུ་སྲིན་རྣམས་དགུན་དུས་ས་ཁུང་ནང་ཟླ་ཤ ས་རིང་ ཉལ་ནས་སྡོད་ཀྱི་ཡོད་པས། དེ་ལ་དགུན་ཉལ་(Hibernation) རྒྱག་པ་ཟེར།

21


དཔེ་རིས། ༢་༣༡

གནས་སྤོས་བྱེད་པའི་བྱ། Migrating bird

ཀ༽

གཤམ་གྱི་དྲི་བར་ལན་རྒྱོབ།

དཔེ་རིས། ༢་༣༢

དགུན་ཉལ། Hibernation

སྦྱོང་ཚན།

༡) སྲོག་ཆགས་ཞིག་སྐམ་སར་གནས་ཐུབ་པ་ལ་ཆ་རྐྱེན་གང་ཚང་དགོས་སམ། ༢) སྤྲེའུར་མཇུག་མ་ཡོད་པས་ཕན་ཐོགས་གང་དང་གང་ཡོད།

༣) འཁྱགས་རོམ་ཁུལ་གྱི་དོམ་དཀར་ལ་སྤུ་དཀར་པོ་དང་མཐུག་པོ་ཡོད་པས་ཕན་ཐོགས་གང་ཡོད།

༤) རྔ་མོང་ལ་བྱེ་ཐང་སྟེང་འཚོ་གནས་ཐུབ་པའི་ཁྱད་ཆོས་འདྲ་མིན་ལྡན་ཡོད་པས་དེ་དག་གང་དང་གང་ཡིན། ༥) མཚོ་གླང་དང་ཝོལ་རས། བྱ་ཁྱེའུ་ལྟ་བུའི་སྲོག་ཆགས་རྣམས་གནམ་གཤིས་ཧ་ཅང་གྲང་མོར་གནས་ཐུབ་ པའི་ཁྱད་ཆོས་གང་དང་གང་ལྡན་ཡོད།

22


ཁ༽

འགྲིག་པར་རྟགས་རྒྱོབ།

༡) འབུ་སྲིན་གྱིས་དབུགས་འབྱིན་རྔུབ་བྱེད་པའི་དབང་པོ།

ཀ) གློ་བ།

ཀ) བྱང་སྣེ་ཡི་འཁྱགས་རོམ།

ཀ) དོམ་དཀར།

ཀ) རྨིགས་པ།

ག༽

སྲོག་ཆགས་སོ་སོའ་ི ཁྱད་ཆོས་ལ་བལྟས་ནས་སྡོད་གནས་ངོས་འཛིན་གྱིས།

༢) བྱ་ཁྱེའུ་གནས་ཐུབ་པའི་ས་ཆ།

ཁ) རླུང་སྦུག།

ག) འགྲམ་ལྕིབས།

ཁ) བོད།

༣) ཆུ་མེད་པར་ཉི་མ་མང་པོར་བསྐྱོད་ཐུབ་མཁན་གྱི་སྲོག་ཆགས། ཁ) ར།

༤) དགུན་ཉལ་བྱེད་མཁན་གྱི་སྲོག་ཆགས།

ཁ) དོམ་དཀར།

ག) ལྷོ་སྣེ་ཡི་འཁྱགས་རོམ། ག) རྔ་མོང། ག) ཁྱི།

༡) སུག་ལག་རྣམས་ཤུགས་ཆེན་པོ་ཡོད།...........................................................................................

༢) རྐང་མཐིལ་ཞེང་ཁ་ཆེན་པོ་ཡོད་པ་དང་མིག་གི་རྫི་མ་མཐུག་པོ་ཡོད། .................................................. ༣) སྤུ་དང་ཚིལ་པགས་མཐུག་པོ་ཡོད། ............................................................................................

༤) སྤུ་མཐུག་པོ་དང་རྨིག་པ་མཁྲེགས་པོ་ཡོད།......................................................................................

23


ང༽ རྒྱུ་མཚན་ཤོད། ༡)

དགུན་དུས་བྱ་འགའ་ཤས་བོད་ནས་རྒྱ་གར་དུ་གནས་སྤོས་བྱེད།

༣)

སྲོག་ཆགས་འགའ་ཤས་དགུན་ཉལ་བྱེད་ཀྱི་ཡོད།

༥)

རྔ་མོང་གིས་ཉིན་ཤས་རིང་ཆུ་མེད་པར་འགྲོ་ཐུབ།

༢)

༤)

ཅ༽

དོམ་དཀར་གྱིས་བྱ་ཁྱེའུ་བཟའ་མི་ཐུབ།

སྲོག་ཆགས་འགའ་ཤས་དབྱར་ཉལ་བྱེད་ཀྱི་ཡོད།

བརྗོད་གཞི་དང་འབྲེལ་ནས་བསམ་ཚུལ་ཤོད།

སུ་ལ་ཁེ་ཕན་ཡོད།

དངུལ་དང་འབྲེལ་བ་གང་འདྲ་ཆགས་ཀྱི་ཡོད།

24

སུ་ལ་གྱོང་གུན་ཡོད།

གཅན་གཟན་ཁང་།

དོགས་པ་གང་ཡོད།


སློབ་ཚན། ༣

དགེ་རྒན།

ཉི་མའི་ཁྱིམ་རྒྱུད།

གལ་ཆེའི་གནད་དོན་ཁག

ཉི་མའི་ཁྱིམ་རྒྱུད་ཀྱི་གོ་དོན་རགས་ཙམ།

མིག་གིས་ཐད་ཀར་མཐོང་ཐུབ་པའི་གཟའ་གཉིས།

• •

སྐར་མ་དང་གཟའི་བར་ཁྱད་པར། གཟའ་སོ་སོའ ི་ཁྱད་ཆོས།

སློབ་མ།

གལ་ཆེའི་ཚིག

• སྐར་མ། • ཉི་མ།

• ཟླ་བ།

• གཟའ།

• རྒྱང་ཤ ེལ།

• འཁོར་སྐར།

སློབ་ཚན་དངོས་གཞི་འགོ་འཛུགས་མ་བྱས་གོང་སློབ་ཕྲུག་ཚོས་སློབ་ཚན་གྱི་བརྗོད་གཞིར་ བལྟས་ནས། གཤམ་གྱི་རེའུ་མིག་དེ་ངེས་པར་དུ་བསྐོང་དགོས།

ངས་གང་ཤེས་ཀྱི་ཡོད།

ངས་གང་ཤ ེས་འདོད་ཡོད།

ངས་གང་ཤ ེས་སོང་།

(སློབ་ཚན་བསླབ་ཟིན་རྗེས་སྐོངས།)

25


ཉི་མའི་ཁྱིམ་རྒྱུད། (Solar System)

ཉི་མ་དང་། གཟའ། (Planet) ཟླ་བའམ་འཁོར་སྐར། (Moon/Satellite) སོགས་ནི་ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་

ཤས་ཡིན།

ཉི་མ།

མཚོ་རྒྱལ།

མིག་དམར།

ལྷག་པ།

གནམ་རྒྱལ།

སའི་གོ་ལ། པ་སངས།

ཕུར་བུ།

སྤེན་པ།

དཔེ་རིས། ༣་༡

ཉི་མ།

ཉི་མ་ནི་སའི་གོ་ལ་དང་ཐག་ཉེ་ཤོས་ཀྱི་སྐར་མ་དེ་ཡིན། ཉི་མ་ནི་ཧ་ཅང་ཚ་བའི་རླངས་གཟུགས་ཀྱི་གོ་ལ་ཞིག་

ཡིན། དེ་ནི་ཉི་མའི་ཁྱིམ་རྒྱུད་ནང་དྲོད་དང་འོད་ཟེར་འགྱེད་མཁན་གཙོ་བོ་ཡིན། ཉི་མའི་དྲོད་ཚད་ཧ་ཅང་མཐོ་པོ་ ཡིན་ཡང་། སའི་གོ་ལ་དང་བར་ཐག་རིང་བའི་དབང་གིས་ང་ཚོས་ཚ་དྲོད་དེ་ཙམ་ཚོར་གྱི་མེད།

གཟའ་དང་སྐར་མ་གཉིས་ཀྱི་ཁྱད་པར། གཟའ། (Planet)

སྐར་མ། (Star)

• གཟའ་ནི་སྐར་མ་ལས་ཆུང་བ་ཡོད།

• སྤྱིར་སྐར་མ་ནི་གཟའ་ལས་ཆེ་བ་ཡོད།

• རང་བྱུང་གི་འོད་མེད།

• རང་བྱུང་གི་འོད་ཡོད།

• ཉི་མར་སྐོར་བ་འཁོར་གྱི་ཡོད། • འོད་ཆེམ་ཆེམ་བྱེད་ཀྱི་མེད།

26

• ཉི་མར་སྐོར་བ་རྒྱག་གི་མེད། • འོད་ཆེམ་ཆེམ་བྱེད་ཀྱི་ཡོད།


མིག་གིས་ཐད་ཀར་མཐོང་ཐུབ་པའི་གཟའ་གཉིས།

ང་ཚོའི་མིག་གིས་ཐད་ཀར་མཐོང་ཐུབ་པའི་གཟའ་གཉིས་ཡོད། དེ་གཉིས་ནི། པ་སངས་དང་མི​ིག་དམར་ཡིན། པ་ སངས་ནི་སྲོད་ལ་ནུབ་ཕྱོགས་དང་ཐོ་རེངས་ལ་ཤ ར་ཕྱོགས་ཀྱི་ནམ་མཁར་མཐོང་རྒྱུ་ཡོད། གཟའ་དེ་འཛམ་གླིང་ ལ་ཉེ་བས་འོད་མདངས་གཞན་ལས་ཆེ། ཡོངས་གྲགས་སུ་ཐོ་རེངས་སྐར་ཆེན་ཞེས་འབོད་སྲོལ་ཡོད།

དཔེ་རིས། ༣་༢

གཟའ་པ་སངས།

དཔེ་རིས། ༣་༣

གཟའ་མིག་དམར།

མིག་དམར་ནི་ང་ཚོས་མཚན་ལ་མཐོང་ཐུབ། དེའི་འོད་མདངས་ཅུང་ཟད་དམར་པོ་ཡོད། དེར་བརྟེན་གཟའ་དེ་ལ་ གཟའ་དམར་པོ་ཡང་ཟེར། གོང་གི་གཟའ་དེ་གཉིས་ང་ཚོ་དང་ཐག་ཉེ་པོ་ཡོད་སྟབས་མིག་གིས་ཐད་ཀར་མཐོང་ ཐུབ།

འོ་ན་ང་ཚོས་གཟའ་གཞན་རྣམས་མཐོང་བར་གང་བྱེད་དགོས་སམ།

གཟའ། (Planet)

ཉི་མའི་ཁྱིམ་རྒྱུད་ནང་གཟའ་བརྒྱད་ཡོད། གཟའ་ཚང་མས་་ཉི་མར་སྐོར་བ་རྒྱག་གི་ཡོད། འོན་ཀྱང་གཟའ་སོ་སོའ ི་

རང་འཁོར་དང་གཞན་འཁོར་གྱི་འགོར་ཡུན་ལ་ཁྱད་པར་ཡོད། གཟའ་བརྒྱད་པོ་སོ་སོ་ལ་འཁོར་ལམ་ངེས་ཅན་རེ་ ཡོད་སྟབས། ཕན་ཚུན་གདོང་ཐུག་རྒྱག་གི་མེད། གཟའ་ལ་རང་བྱུང་གི་འོད་མེད།

27


༡༽ ལྷག་པ། (Mercury)

ཉི་མ་དང་ཐག་ཉེ་ཤོས་ཡིན།

ཉི་མའི་ཁྱིམ་རྒྱུད་ནང་གི་གཟའ་ཆུང་ཤོས་ཡིན།

གཟའ་འདིའི་སྟེང་ཧ་ཅང་དྲོད་ཆེ་བས་ཚེ་སྲོག་གནས་མི་ཐུབ། ༢༽ པ་སངས། (Venus)

ཉི་མ་དང་རྒྱང་ཐག་ཉེ་ཤོས་གཉིས་པ་དེ་ཡིན། འཛམ་གླིང་དང་ཉེ་ཤོས་ཀྱི་གཟའ་ཡིན།

མཚོ་རྒྱལ།

Neptune

གནམ་རྒྱལ།

Uranus

Saturn

སྤེན་པ།

གཟའ་ཚང་མའི་ནང་ནས་འོད་མདངས་ཆེ་ཤོས་ཡིན།

གཟའ་འདི་ལ་སྔ་དྲོའ ི་སྐར་མ་དང་ཕྱི་དྲོའ ི་སྐར་མ་ཡང་ལབ་ སྲོལ་ཡོད། འོན་ཀྱང་དེ་སྐར་མ་མིན།

༣༽ སའི་གོ་ལ། (Earth)

ཉི་མ་དང་རྒྱང་ཐག་ཉེ་ཤོས་གསུམ་པ་ཡིན།

གཟའ་འདིའི་སྟེང་ཚེ་སྲོག་གནས་ཐུབ་པའི་ཆ་རྐྱེན་ཚང་ཡོད། འདི་ལ་གཟའ་སྔོན་པོ་ཡང་ཟེར་སྲོལ་ཡོད།

Jupiter

ཕུར་བུ།

མིག་དམར།

Mars

སའི་གོ་ལ།

Earth

པ་སངས།

ལྷག་པ།

28

དཔེ་རིས། ༣་༤

Venus Mercury


༤༽ མིག་དམར། (Mars)

ཉི་མ་དང་རྒྱང་ཐག་ཉེ་ཤོས་བཞི་པ་ཡིན།

སའི་གོ་ལ་དང་མཚུངས་པའི་ཁྱད་ཆོས་ཁ་ཤས་ཡོད། གཟའ་འདི་ལ་གཟའ་དམར་པོ་ཡང་ཟེར། ༥༽ ཕུར་བུ། (Jupiter)

ཉི་མའི་ཁྱིམ་རྒྱུད་ནང་གཟའ་ཆེ་ཤོས་དེ་ཡིན། ཉི་མ་ནས་རྒྱང་ཚད་ཉེ་ཤོས་ལྔ་པ་ཡིན།

ཉི་མར་གཞན་འཁོར་བྱེད་པར་ལོ་ ༡༢ འགོར་གྱི་ཡོད། ༦༽ སྤེན་པ། (Saturn)

ཉི་མའི་ཁྱིམ་རྒྱུད་ཀྱི་ནང་ནས་གཟའ་ཆེ་ཤོས་གཉིས་པ་འདི་ཡིན། ཉི་མ་དང་རྒྱང་ཐག་ཉེ་ཤོས་དྲུག་པ་ཡིན།

གཟའ་འདི་རླངས་གཟུགས་ཀྱིས་གྲུབ་པ་ཡིན། ༧༽ གནམ་རྒྱལ། (Uranus)

ཉི་མའི་ཁྱིམ་རྒྱུད་ཀྱི་ནང་ནས་གཟའ་ཆེ་ཤོས་གསུམ་པ་འདི་ཡིན། ཉི་མ་དང་རྒྱང་ཐག་ཉེ་ཤོས་བདུན་པ་ཡིན།

རྒྱང་ཤ ེལ་བརྒྱུད་ནས་རྙེད་པའི་གཟའ་དང་པོ་དེ་ཡིན།

29


༨༽ མཚོ་རྒྱལ། (Neptune)

ཉི་མ་ནས་རྒྱང་ཐག་ཉེ་ཤོས་བརྒྱད་པ་ཡིན།།

གཟའ་འདི་ཉི་མ་དང་རྒྱང་ཐག་རིང་བས་ཧ་ཅང་གྲང་མོ་ཡོད། སྦྱོང་ཚན། ཀ༽ གཤམ་གསལ་བརྗོད་པ་རྣམས་ལ་འགྲིག་རྟགས་དང། ནོར་རྟགས་གང་འོས་རྒྱོབ། ༡

༢ ༣ ༤

༥ ༦ ཁ༽

30

( )

གཟའ་མིག་དམར་ལ་གཟའ་དམར་པོ་ཡང་ལབ་སྲོལ་ཡོད།

( )

གཟའ་ཚང་མ་འཁོར་ལམ་གཅིག་ནང་འཁོར་གྱི་ཡོད།

( )

རྒྱང་ཤེལ་ནི་གཟའ་སྐར་དཔྱད་ཞིབ་པའི་ཡོ་ཆས་གཙོ་བོ་ཞིག་ཡིན། ( )

རྒྱུ་མཚན་བྲིས།

( )

གཟའ་ཚང་མ་ལ་རང་བྱུང་གི་འོད་མེད།

ཉི་མས་འཛམ་གླིང་ལ་སྐོར་བ་རྒྱག་གི་ཡོད།

ཉི་མ་ནི་འཛམ་གླིང་དང་ཐག་ཉེ་ཤོས་ཀྱི་སྐར་མ་ཡིན།

ང་ཚོས་ཉིན་མོ་སྐར་མ་མཐོང་མི་ཐུབ། གཟའ་ལྷག་པ་ནི་ཚ་དྲོད་ཆེན་པོ་ཡོད།

སའི་གོ་ལའི་ཐོག་སྐྱེ་དངོས་འཚོ་གནས་ཐུབ།

( )


ག༽

བར་སྟོང་སྐོངས།

གཟའ་ཚང་མའི་ནང་ནས་ཆེ་ཤོས་ནི་......................................................རེད།

སའི་གོ་ལའི་མདོག་................................................................................ཡོད།

གཟའ་པ་སངས་ལ་.......................................................................སྐར་མ་ལབ་སྲོལ་ཡོད། སྐྱེ་དངོས་གནས་ཐུབ་པའི་གཟའ་ནི་.....................................................................རེད།

............................................................................. ནི་ཉི་མའི་ཁྱིམ་རྒྱུད་ཀྱི་དཀྱིལ་དུ་ཡོད།

ང ༽ ལན་བྲིས།

ཉི་མའི་ཁྱིམ་རྒྱུད་ནང་གང་དང་གང་ཚུད་ཀྱི་ཡོད་དམ།

གཟའ་དང་སྐར་མ་གཉིས་ལ་ཁྱད་པར་གང་ཡོད་དམ།

༢ ༤

གཟའ་བརྒྱད་ཀྱི་མིང་ཉི་མ་དང་ཉེ་ལོས་ལྟར་གོ་རིམ་བཞིན་བྲིས། ང་ཚོའི་མིག་གིས་ཐད་ཀར་མཐོང་ཐུབ་པའི་གཟའ་གཉིས་པོ་དེ་གང་དང་གང་ཡིན།

ལས་འཆར།

༡) སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས། རིན་ཐང་ཆུང་བ་དང་རག་སླ་བའི་དངོས་པོ་བེད་སྤྱོད་གྱིས། ཉི་ མའི་ཁྱིམ་རྒྱུད་ཀྱི་དཔེ་གཟུགས་(Model) ཤིག་བཟོས་ནས་འཛིན་གྲྭའི་ནང་འགྲེམས་སྟོན་བྱེད་དགོས།

31


༢) སྡེ་ཚན་བྱེད་སྒོ།

རྒན་ལགས། གཤམ་གྱི་ཤོག་བྱང་དེ་པར་ལོག་རྒྱོབ། རེའུ་མིག་རྣམས་ལོགས་སུ་བཏུབ་ནས་སྡེ་ཚན་སོ་སོར་ སྤྲོད། དེ་རྗེས་སློབ་མ་ཚོར་གནད་དོན་རྣམས་མཐུན་པར་སྒྲིག་ཏུ་འཇུག་དགོས། ཉི་མ།

ཟླ་བ།

པ་སངས།

སའི་གོ་ལ།

འོད་མེད།

Venus

རི་མོ་

སྐར་མ།

Sun

དྲོད་ཀྱི་འབྱུང་ཁུངས།

འཁོར་སྐར།

ཉི་མར་ཉེ་ཤོས་གཉིས་པ།

རི་མོ་

སྐྱེ་དངོས་གནས་ས།

Earth

རི་མོ་

ཐོ་རེངས་སྐར་ཆེན།

རི་མོ་

ཆུ་ཡོད།

Moon

32


རྒན་ལགས།

ན་ཚ་དང་འཕྲོད་བསྟེན།

གལ་ཆེའི་གནད་དོན་ཁག

མི་ཐང་པོ་ཞེས་པའི་གོ་དོན་འགྲེལ་བརྗོད།

ཟས་བཅུད་སྙོམས་པའི་ཟ་མ་གལ་ཆེན་པོ་ཡིན་ཚུལ།

• • •

སློབ་ཚན། ༤ སློབ་མ།

གལ་ཆེའི་ཚིག

• སྔོན་འགོག་སྨན་ཁབ།

འཕྲོད་བསྟེན་ལ་གནོད་པའི་རྒྱུ་རྐྱེན།

• ཟས་བཅུད་སྙོམས་པའི་ཟ་མ། • སྤྲིན་སྐྱིའི་ཚད་ནད།

འགོས་ནད་དང་འགོས་ནད་མ་ཡིན་པའི་སྐོར།

ཡོངས་ཁྱབ་ཀྱི་ན་ཚ་ཁ་ཤ ས་ངོ་སྤྲོད།

འགོས་ནད།

ཊི་བི།

མཆིན་པའི་གཉན་ཚད།

འགོས་ནད་མ་ཡིན་པ།

འཕྲོད་བསྟེན་ཡག་པོ་བྱེད་དགོས་ཞེས་པའི་བསླབ་བྱ་དེ་ང་ཚོས་དུས་རྟག་ཏུ་གོ་བཞིན་ཡོད། གཟུགས་པོར་ན་ཚ་མེད་པ་ དང་གོས་གཙང་མ་གྱོན་པ་ཙམ་ལ་འཕྲོད་བསྟེན་ཡག་པོ་ཟེར་གྱི་མེད། འོ་ན་གང་འདྲ་ཞིག་ལ་འཕྲོད་བསྟེན་ཡག་པོ་ཟེར། སློབ་མ་གཉིས་རེ་གྲོས་བསྡུར་བྱས་ནས་བསམ་ཚུལ་ཤ ོད།

དཔེ་རིས། ༤་༡

འཕྲོད་བསྟེན་ནི་གལ་འགངས་ཆེན་པོ་ཡིན། དེ་རང་ཉིད་སོ་སོས་བསྒྲུབ་དགོས་པ་ལས་མི་གཞན་ནས་གཡར་ བ་དང་ཉོ་བ་སོགས་བྱེད་རྒྱུ་མེད། འཕྲོད་བསྟེན་གྱི་སྐོར་ལ་ལེགས་པོ་ཤ ེས་པར་ཐོག་མར་སོ་སོའ ི་གཟུགས་པོའ ི་ གནས་ལུགས་ལེགས་པོ་ཤེས་དགོས།

33


ང་ཚོའི་གཟུགས་པོ།

ང་ཚོའི་གཟུགས་པོར་འཕྲོད་བསྟེན་ཡག་པོ་དགོས་པར། ཟས་བཅུད་དང་ལུས་རྩལ་འདྲ་མིན་དགོས། ཕྱོགས་ གཅིག་ནས་ང་ཚོའི་གཟུགས་པོ་དང་འཕྲུལ་འཁོར་གཉིས་འདྲ་པོ་ཡོད། དཔེར་ན། ང་ཚོའི་གཟུགས་པོ་ལ་ཡན་ ལག་མང་པོ་ཡོད་པ་བཞིན་འཕྲུལ་འཁོར་ལ་ཡང་ལྷུ་ལག་མང་པོ་ཡོད། སློབ་མ་སོ་སོའ ི་སྡོད་རོགས་དང་མཉམ་དུ་ གཤམ་གྱི་དཔེ་རིས་མཐུན་སྦྱོར་བྱོས།

ང་ཚོའི་གཟུགས་པོ་ལ་ཡན་ལག་མང་པོ་ཡོད།

འཕྲུལ་འཁོར་ལ་ཆ་ཤས་མང་པོ་ཡོད།

སྐབས་རེ་འཕྲུལ་འཁོར་ལ་སྐྱོན་ཆག་ཡོང།

ང་ཚོའི་གཟུགས་པོ་ལ་ཟས་ཀྱིས་ནུས་པ་སྤྲོད་ཀྱི་ཡོད།

གཟུགས་པོར་མི་དགོས་པ་རྣམས་ཕྱིར་གཏོང་བ།

འཕྲུལ་འཁོར་གྱིས་ལས་ཀ་བྱེད་ཀྱི་ཡོད།

འཕྲུལ་འཁོར་ལ་རྡོ་སྣུམ་གྱིས་ནུས་པ་སྤྲོད་ཀྱི་ཡོད།

ང་ཚོས་ལས་ཀ་བྱེད་ཀྱི་ཡོད།

སྐབས་རེ་གཟུགས་པོར་སྐྱོན་ཆག་ཡོང།

34

དཔེ་རིས། ༤་༢

འཕྲུལ་འཁོར་གྱིས་དུ་བ་ཕྱིར་གཏོང་བ།


ཡང། ང་ཚོའི་གཟུགས་པོ་དང་འཕྲུལ་འཁོར་གཉིས་དབར་ལ་མི་འདྲ་བའི་ཁྱད་པར་མང་པོ་ཡོད། དཔེར་ན་འཕྲུལ་ འཁོར་ལ་དཀའ་ལས་ཁག་རྒྱུ་མེད་ཀྱང་། མི་ལ་དཀའ་ལས་ཁག་རྒྱུ་ཡོད།

མིའི་གཟུགས་པོ་ལའང་སྐྱོན་ཤོར་རྒྱུ་ཡོད།

སྤྱིར་བཏང་ང་ཚོའི་གཟུགས་པོ་དེ་ཡ་མཚན་ཅན་གྱི་འཕྲུལ་འཁོར་ལྟ་བུ་ཞིག་ཡིན་ཡང་། དེ་ལ་སྐྱོན་ཆག་ཀྱང་མང་ པོ་ཡོང་གི་ཡོད། ང་ཚོའི་གཟུགས་པོས་ཕྱིའི་གནོད་འཚེ་འགོག་ཐབས་ལ་རང་གིས་རང་སྐྱོབ་ཐུབ་པའི་ནུས་པ་ ཡང་ཡོད། གཟུགས་པོ་བདེ་ཐང་ཡོང་ཐབས།

འཕྲུལ་འཁོར་ལ་སྐྱོན་ཆག་སྣ་ཚོགས་ཤོར་རྒྱུ་ཡོད་པ་ལྟར་ང་ཚོའི་གཟུགས་པོ་ལ་ཡང་ན་ཚ་འདྲ་མིན་སྣ་ཚོགས་ ཡོང་རྒྱུ་ཡོད། དེར་བརྟེན་ང་ཚོས་སོ་སོའ ི་གཟུགས་པོ་ལ་དུས་རྟག་ཏུ་དོ་སྣང་བྱེད་དགོས།

གཙང་སྦྲ་དགོས་པ།

དུས་རྟག་ཏུ་རང་གི་གཟུགས་པོ་ཙམ་མིན་པར་སྡོད་སའི་ཁོར་ཡུག་ཀྱང་གཙང་མ་དགོས་པ་ནི་ཧ་ཅང་གི་གལ་ ཆེན་པོ་རེད། འོ་ན་ཉིན་ལྟར་གཙང་སྦྲ་ཇི་ལྟར་འདྲ་བྱེད་ དགོས་སམ། • སྔ་དགོང་གཉིས་ལ་ངེས་པར་དུ་སོ་བཀྲུ་དགོས། • བཟའ་བཏུང་མ་བྱས་སྔོན་ལ་ལག་པ་གཙང་མ་བཀྲུ་ དགོས། • ཆབ་གསང་བཏང་རྗེས་ལག་པ་གཙང་མ་བཀྲུ་ དགོས། • གཟུགས་པོ་ཡང་ཡང་བཀྲུ་དགོས།

• སོ་སོའ ི་ཁོར་ཡུག་གཙང་མ་ཉར་དགོས། • སེན་མོ་ཡང་ཡང་གཏུབ་དགོས།

དཔེ་རིས། ༤་༣

35


• དགོང་མོ་མ་ཉལ་གོང་རྐང་པ་ངེས་པར་བཀྲུ་དགོས།

• བཙོག་གཅིན་གང་སར་མི་བཏང་བར། གསང་སྤྱོད་བེད་སྤྱོད་ལེགས་པར་གཏོང་དགོས། ཟས་བཅུད་སྙོམས་པོ་དགོས་པ།

ང་ཚོས་གཟུགས་པོ་བདེ་ཐང་ངང་འཚར་ལོངས་ཡོང་བའི་ཆེད་དུ་བཅུད་ལྡན་གྱི་ཟས་རིགས་སྣ་ཚོགས་དགོས་ ཀྱི་ཡོད། དུས་རྒྱུན་དུ་ཟས་རིགས་སྣེ་ཁ་གཅིག་མ་ཡིན་པར་སྣ་ཚོགས་བཟའ་ན་ཕན་ཐོགས་ཆེན་པོ་ཡོད། དེ་ བས་ཀྱང་ཚལ་དང་ཤིང་ཏོག་རིགས་གང་མང་བཟའ་དགོས། ཚལ་དང་ཤ ིང་ཏོག་གི་ནང་ལ་ང་ཚོའི་གཟུགས་

པོར་དགོས་པའི་ཟས་བཅུད་སྣ་ཚོགས་ཡོད། དེ་དག་མ་བཟའ་གོང་ལ་གཙང་མ་བཀྲུ་དགོས། དེ་བཞིན་ང་ཚོའི་ གཟུགས་པོར་ཆུ་མང་པོ་དགོས་པས། རྒྱུན་དུ་ཆུ་གང་མང་འཐུང་དགོས། ནུས་ཤུགས་སྤྲོད་མཁན་གྱི་ཟས།

ཚལ་དང་ཤ ིང་ཏོག་གི་རིགས།

འོ་མ་ནས་བཟོས་པའི་ཟས་རིགས། འཚར་ལོངས་ཀྱི་ཟས།

ཞག་ཚིལ་མང་བའི་ཟས།

36


ལས་འཆར།

གཟའ་འཁོར་གཅིག་གི་ཁ་ཟས།

མིང།/སྡེ་ཚན། .................................................

ཟླ་ཚེས། ..............................

རང་གི་ཁྱིམ་ཚང་དུ་བཟའ་བཏུང་གང་བྱུང་བའི་མིང་གཤམ་འཁོད་རེའུ་མིག་ནང་ཡོད་ན། འགྲིག་རྟགས་དང། མེད་ ན་ནོར་རྟགས་རྒྱོབ། གཟའ།

ཟླ་བ།

འབྲུ་རིགས། ཚལ་རིགས། ཤིང་ཏོག ཤ།

སྒོ་ང།

འོ་མ།

སྲན་མ།

སྣུམ།

མིག་དམར། ལྷག་པ། ཕུར་བུ། པ་སངས། སྤེན་པ། ཉི་མ།

གོང་གི་རེའུ་མིག་དེ་བསྐངས་རྗེས་དགེ་རྒན་དང་སློབ་མ་མཉམ་དུ་གོང་གི་ཟས་རིགས་དེ་དག་ང་ཚོའི་གཟུགས་ པོར་མང་ཉུང་ཇི་དགོས་གོ་བསྡུར་བྱེད་དགོས།

37


ལུས་རྩལ་དགོས་པ།

ཟས་བཅུད་རག་པ་དང་གཙང་སྦྲ་ཡག་པོ་བྱས་པ་ཙམ་ གྱིས་གཟུགས་པོ་བདེ་ཐང་ཡོང་གི་མེད། གཟུགས་

པོ་བདེ་ཐང་ཡོང་བ་ལ་ལུས་རྩལ་ངེས་པར་དུ་དགོས། ལུས་རྩལ་མེད་ན་གཟུགས་པོ་རྒྱགས་པ་ཆགས་པ་

དཔེ་རིས། ༤་༥

དང། སྙིང་དང་ཁྲག་ཤེད་གྱི་ནད་རིགས་སོགས་ཡོང་གི་ཡོད། དེ་ལྟར་མི་ཡོང་བའི་ཆེད་དུ་ལུས་ལ་འགུལ་སྐྱོད་ མང་པོ་ཐེབས་པའི་ལུས་རྩལ་སྣ་ཚོགས་རྩེད་དགོས།

སེམས་སྐྱིད་པོ་དགོས་པ།

སེམས་སྐྱིད་པོ་མེད་ན། ལུས་ཀྱི་བྱེད་ལས་ཉམས་པར་མ་ཟད། ཁ་ལག་གི་དང་ག་ཡང་བརླགས་ནས་གཟུགས་པོ་

སྐྱོ་པོ་ཆགས་སྲིད། དེ་ལ་བརྟེན་ནས་ལུས་ལ་ན་ཚ་འདྲ་མིན་ཡོང། དེ་འདྲ་མི་ཡོང་བར་ནམ་ཞག་རྒྱུན་དུ་གཞན་ལ་ ཁོང་ཁྲོ་དང། ང་རྒྱལ། འགྲན་སེམས་སོགས་མི་བྱེད་པར། གང་ཐུབ་ཀྱིས་སེམས་བཟང་པོ་དང་གཞན་ལ་མཐུན་ ལམ་བྱེད་དགོས། དེ་ལྟར་བྱས་ན་སོ་སོའ ི་ལུས་སེམས་བདེ་བར་གནས་ཐུབ། སེམས་པ་སྐྱིད་པོ་ཡོད་ན་སློབ་

སྦྱོང་ཡང་ཤ ེས་སླ་བ་ཡོད་པ་དང། ཡང་སེམས་ངལ་ཡོད་ན་བརྩོན་འགྲུས་བྱས་ཀྱང་སློབ་སྦྱོང་ཤ ེས་ཁག་པོ་ཡོད་ པས། རྒྱུན་དུ་སྤྲོ་སྣང་ངང་གནས་དགོས།

༸གོང་ས་མཆོག་གི་བཀའ་སློབ། “འཛམ་བུ་གླིང་འདིའི་སྒང་ལ་ལེགས་ཉེས་སྣ་ཚོགས་ཡོད། ང་རང་ཚོས་མི་ལེགས་པ་ལ་དཔེ་བལྟ་དགོས་པ་ མ་གཏོགས། མི་སྡུག་པ་ལ་དཔེ་ལྟ་མི་རུང། མི་ཡ་རབས་བྱེད་དགོས། བཟང་པོ་བྱེད་དགོས། མི་བཟང་པོ་ དང་མི་ཡ་རབས་གཞན་ཕན་གྱི་ལྷག་བསམ་ཡོད་པ་ཞིག་བྱེད་ཀྱི་ཡིན་ན། སོ་སོ་སྐྱིད་པ། རོགས་པ་སྐྱིད་པ། སྤྱི་པ་ལ་ཕན་པ། སྒེར་ལ་ཕན་པ། གང་ལྟར་འཕྲལ་ཕུགས་གཉིས་ཕན་ཞིག་ཆགས་ཡོང་གི་རེད། བཟང་པོའ ི་ སྤྱོད་པ་ཞིག་འཇགས་པ་ཞིག་བྱེད་དགོས་པ་དང། ངན་པའི་སྤྱོད་པ་མ་འགོས་པ་བྱེད་དགོས།

38


ལུས་སེམས་ལ་ངལ་གསོ་དགོས།

ང་ཚོ་ལ་ངལ་གསོ་དང་གཉིད་མེད་ན་ལུས་སྟོབས་ཤ ོར་བ་དང། ནད་གཞི་སྣ་ཚོགས་ཡོང་གི་ཡོད། དེར་བརྟེན་

གཟུགས་པོ་བདེ་ཐང་ཡོང་ཆེད་ངལ་གསོ་རྒྱག་པ་དང་། ཉུང་མཐར་ཆུ་ཚོད་བརྒྱད་ཙམ་གཉིད་ཉལ་དགོས། ཡང་ སེམས་ཞི་བདེ་ཡོང་ཆེད་སྔ་དགོང་སྒོམ་ཕྲན་བུ་བརྒྱབ་ཐུབ་ན་ཕན་ཐོགས་ཆེ།

ང་ཚོའི་གཟུགས་པོར་ཕྱིའི་གནོད་པ་གང་འདྲ་བྱས་ནས་ཡོང་གི་ཡོད་དམ།

ང་ཚོའི་གཟུགས་པོ་ནི་ཕྱི་ནང་གི་རྒྱུ་རྐྱེན་མང་པོ་ཞིག་ལ་བརྟེན་ཡོད། དཔེར་ན་ཕྱིའི་རྒྱུ་རྐྱེན་ཟས་དང་། རླུང་། ཆུ་ སོགས་བརྒྱུད་ནས་ང་ཚོར་ནད་རིགས་སྣ་ཚོགས་ཡོང་གི་ཡོད། ནད་རིགས་རྣམས་འགོས་ནད་དང་འགོས་ནད་ མ་ཡིན་པ་གཉིས་སུ་དབྱེ་ཆོག།

འགོས་ནད། (Communicable Disease)

འགོས་ནད་ནི་མི་དང་སྲོག་ཆགས་སོགས་གཅིག་ནས་གཞན་ལ་ཁྱབ་པའི་ནད་རིགས་ལ་ཟེར། དེའི་དཔེ་མཚོན་ཁ་ ཤས་ཤ ིག་གཤམ་གྱི་རེའུ་མིག་ནང་གསལ་ཡོད། སིབ་བེ།

ན་ཚ།

Measles

མིག་ནད། Conjunctivitis

གློ་ནད་ཊི་བེ། TB

ཆམ་པ། Common cold

ཁྱབ་སྟངས།

ནད་པ་དང་ཐད་ཀར་འབྲེལ་ཐུག

ཧབ་སྦྲིད་དང་། གློ་བརྒྱབ་པ།

ཁ་ལུད་གཡུགས་པའི་ནད་འབུ་ རྣམས་རླུང་བརྒྱུད་ནས་ཁྱབ་ཀྱི་ཡོད།

དཔེ་རིས།

སྔོན་འགོག

ནད་པ་དང་ཐད་ཀར་འབྲེལ་ཐུག་སྤང་ དགོས།

ནད་པའི་ཕོར་པ་དང་ཨ་ཅོར་སོགས་ མཉམ་དུ་བེད་སྤྱོད་བྱེད་མི་རུང།

ཧབ་སྦྲིད་དང་གློ་རྒྱག་སྐབས་རང་གི་ཁ་ འགོག་དགོས་པ་དང། ཁ་ལུད་གང་བྱུང་ དུ་གཡུག་མི་རུང།

39


བཤལ་ནད། Diarrhoea མཁྲིས་ནད། Jaundice

འདར་ཚད། Malaria རུས་ཚད། Dengue fever

སྣོད་དང་བཟའ་བཏུང་མི་གཙང་བ།

རྒྱུན་དུ་བཟའ་བཏུང་མ་བྱས་གོ ང ་དང། ཆབ་གསང་བཏང་རྗེ ས ་ཡི ་ ཙི ་ བེ ད ་སྤྱོ ད ་ བྱས་ནས་ལག་པ་གཙང་མ་བཀྲུ་དགོས།

འཐུང་ཆུ་བསྐོ ལ ་བའམ་བཙགས་ནས་

དུག་སྦྲང་མོས་སོ་བརྒྱབ་པ།

སྤྱོད། སོ་སོའ ི་ཁྱིམ་དང་ཉེ་འཁོར་རྣམས་ གཙང་མ་དང་སྐམ་པོ་ཉར་དགོས།

སྔོན་འགོག་གི་ཁབ་ (Vaccination) དུས་ཐོག་ཏུ་བརྒྱབ་ན། འགོས་ནད་ཀྱི་རིགས་མང་པོ་ཞིག་འགོག་ཐུབ། སྤྲིན་སྐྱིའི་གཉན་ཚད། (Conjunctivitis)

ན་ཚ་འདིའི་ནད་རྟགས་ནི་མིག་དམར་པོ་ཆགས་པ་དང། ན་ཟུག་གཏོང་བ། ཟ་ཕྲུག་ལང་བ། མིག་ཆུ་ཐོན་པ།

མིག་ལྤགས་བསྐྲངས་ཏེ་མིག་ནས་མིག་ཆུ་ཐོན་པ་བཅས་ཡིན། ནད་འདི་ཡོད་པའི་མི་ཡི་ཨ་ཅོར་དང་། གྱོན་ཆས། མལ་ཆས། ལག་པ་སོགས་བརྒྱུད་ནས་ན་ཚ་འདི་འགོ་བ་ཡིན། མི་སྒེར་གྱི་གཙང་སྦྲ་དང་འཕྲོད་བསྟེན་ཡག་པོ་ བྱས་ན། ན་ཚ་འདི་ལས་སྲུང་སྐྱོབ་བྱེད་ཐུབ།

40

དཔེ་རིས། ༤་༧


ཊི་བི།(Tuberculosis)

གང་འདྲ་ཞིག་ལ་ཊི་བིའི་ནད་གཞི་ཟེར།

ཊི་བིའི་ནད་གཞི་ནི་མིག་གིས་མཐོང་མི་ཐུབ་པའི་ནད་འབུ་ཕྲ་

མོས་ཟོས་པའི་འགོས་ནད་ཞིག་ཡིན། སྤྱིར་ཊི་བི་ནད་གཞི་ཕལ་ མོ་ཆེ་གློ་བར་འཕོག་གི་ཡོད། འོན་ཀྱང་སྐབས་རེ་གྲོད་པ་དང།

རུས་པ། སྒལ་ཚིགས་སོགས་གཟུགས་པོའ ི་ཆ་ཤ ས་གང་ལའང་ འཕོག་སྲིད།

ཊི་བིའི་ནད་རྟགས་ནི།

ཚ་བ་འབར་བ།

གྲང་ཤུམ་རྒྱག་པ།

བྲང་ཁོག་བསྡམ་པ།

ལུད་པའི་ནང་ཁྲག་འཐོན་པ།

ཊི་བི་ནད་གཞི་ཁྱབ་གདལ་འགྲོ་ཚུལ།

ཊི་བི།

ཊི་བིའི་ནད་བུ་ལྡན་པའི་་གློ་བ།

དཔེ་རིས། ༤་༨

ཉོབ་སྣང།

གློ་བསྟུད་མར་རྒྱག་པ།

དབུགས་བསགས་པ།

ཟས་ཀྱི་དང་ག་བརླག་པ།

ལུས་ཀྱི་ལྗིད་ཚད་ཆག་པ།

ཊི་བི་ནད་འབུ་ཡོད་མཁན་གྱི་ནད་པ་ཞིག་གིས་ཁ་མ་

བཀབ་པར་གློ་རྒྱག་པ་དང། ཧབ་སྤྲིད་རྒྱག་པ། ཁ་ལུད་ གང་བྱུང་གཡུག་ཚེ་རང་གི་གློ་བའི་ནང་ཡོད་པའི་ཊི་བི་

ནད་འབུ་དེ་ཁ་རླང་བརྒྱུད་ཉེ་འགྲམ་དུ་ཡོད་པའི་མི་གཞན་ གྱི་ཁ་རླུང་ནང་འགྲོ་ཡི་ཡོད། སྤྱིར་ཊི་བི་ནད་འབུ་དེ་ཁང་ པའི་ནང་དང། ལྷག་པར་དུ་རླུང་འགྲོ་མེད་པའི་ཁང་པའི་ ནང་ཁྱབ་གདལ་འགྲོ་སླ་བ་ཡོད།

དཔེ་རིས། ༤་༩

ཊི་བི་ནད་པས་གློ་རྒྱག་པའམ་ཧབ་སྦྲིད་རྒྱག་པ།

41


མཆིན་པའི་གཉན་ཚད། (Hepatitis)

མཆིན་པའི་གཉན་ཚད་ནི་ཉེན་ཚབས་ཆེ་བའི་མཆིན་པའི་ནད་ཞིག་རེད། ནད་

འདི་སུ་ལའང་ཕོག་ཉེན་ཡོད་པར་མ་ཟད་མིའི་ཚེ་སྲོག་ཀྱང་ཤ ོར་སྲིད། ང་ཚོའི་སྤྱི་ ཚོགས་ནང་མཆིན་པའི་གཉན་ཚད་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད།

གལ་ཏེ་སུ་ཞིག་ལ་གཤམ་གསལ་ནད་རྟགས་ཡོད་ན་མཆིན་པའི་གཉན་ཚད་ཡོད་ སྲིད།

༡)

༢)

མིག་དང་པགས་པ་སེར་པོ་ཆགས་པ།

དཔེ་རིས། ༤་༡༠

ཚ་བ་འབར་བ།

༣) ཟས་ཀྱི་དང་ག་བརླགས་པ།

༤) ཞེར་མེར་དང་སྐྱུག་པ་སྐྱུག་པ། ༥) ཐང་ཆད་པ་དང་ཚིགས་ན་བ། ༦) ཆབ་ཆེན་ཐལ་མདོག་ཐོན་པ།

དཔེ་རིས། ༤་༡༡

ཁྱེད་ལ་ཉེན་ཚབས་ཆེ་བའི་བྱ་སྤྱོད་ཁག་ནི། ༡) འགོག་སྲུང་མེད་པར་ལུས་འབྲེལ་བྱེད་པ། ༢) གཟི་སྨན་གྱི་ཁབ་མཉམ་སྤྱོད་བྱེད་པ།

༣) ངེས་གཏན་མེད་པའི་ཁུངས་ནས་ཁྲག་གསབ་བྱེད་པ།

42

དཔེ་རིས། ༤་༡༢


རང་ཉིད་མཆིན་པའི་གཉན་ཚད་ལས་འགོག་སྲུང་བྱེད་པའི་ཐབས་ གལ་ཆེ་ཁག་ནི། ༡) མཆིན་པའི་གཉན་ཚད་ཀྱི་སྔོན་འགོག་ཁབ་རྒྱག་དགོས།

༢) སོ་འཁྲུད་དང། སྐྲ་གྲི། སེན་གཏུབ་སོགས་མཉམ་སྤྱོད་བྱེད་མི་རུང། ༣) བཟི་སྨན་དང་ཁབ་མཉམ་སྤྱོད་བྱ་མི་རུང།

༤) ཁྲག་གསབ་བྱེད་སྐབས་གཟབ་གཟབ་བྱེད་དགོས།

འགོས་ནད་མ་ཡིན་པ། (Non-communicable Disease)

དཔེ་རིས། ༤་༡༣

ནད་དིའི་རིགས་ནི་མི་དང་སྲོག་ཆགས་གཅིག་ནས་གཞན་ལ་ཁྱབ་ཀྱི་མེད། དེ་འདྲ་སོང་ཙང་ན་ཚ་གང་ཞིག་

འགོས་ནད་ཡིན་མིན་ཤེས་རྒྱུ་དེ་གལ་ཆེན་པོ་རེད། འགོས་ནད་མིན་པའི་ནད་གཞིའི་དཔེ་མཚོན་ཁ་ཤ ས་ནི།

ཁྲག་ཤ ེད། (Blood Pressure) གྲུམ་བུ། (Arthritis) ཕོ་བའི་ནད། (Gastritis) དབུགས་བསགས། (Asthma) སྐྲན་ནད། (Cancer) ལྟ་བུའོ།

ཁྲག་ཤེད། (Blood Pressure)

གྲུམ་བུ། (Arthritis) ཕོ་བའི་ནད། (Gastritis)

དབུགས་བསགས། (Asthma)

དཔེ་རིས། ༤་༡༤

སྐྲན་ནད། (Cancer)

43


ཀ༽

བྱེད་སྒོ།

སྦྱོང་ཚན།

སློབ་ཚན་འདི་ནས་སློབ་ཕྲུག་སོ་སོས་དྲན་གསོ་བའི་གནད་དོན་༣ དང་། བློ་བསྐྱེད་གསར་པ་བྱུང་བའི་གནད་ དོན་༢ དོགས་པའམ་དྲི་བ་༡ བཅས་བྲིས་ནས། འཛིན་གྲྭའི་ནང་གྲོས་བསྡུར་བྱོས།

དཔེར་ན།

དྲན་གསོ།

• བཤལ་ནད་མི་ཡོང་བའི་ཆེད་ལག་པ་གཙང་མ་བཀྲུ་དགོས། • •

བློ་བསྐྱེད།

• ན་ཚ་བཅོས་པ་ལས་སྔོན་འགོག་བྱེད་རྒྱུ་གལ་ཆེ། •

དོགས་པ།

• ངའི་གཟུགས་པོ་ལ་དམིགས་བསལ་ན་ཟུག་མེད་ཀྱང་ན་ཚ་ཡོད་སྲིད་དམ། ཁ༽

གཤམ་གསལ་བརྗོད་པ་སོ་སོའ་ི བར་སྟོང་ནང་ལ་འགྲིག་རྟགས་དང། ནོར་རྟགས་གང་འོས་རྒྱོབ།

ཆམ་པ་ནི་འགོས་ནད་ཅིག་རེད།

44

མེ་ལྕེ་འཁོར་ལོ་ (Ringworm) ནི་འགོས་ནད་མིན།

(

(

)

)


ཊི་བི་ནི་འགོས་ནད་མ་རེད།

དུག་སྦྲང་ཕོས་སོ་བརྒྱབ་ན་འདར་ཚད་ན་ཡི་རེད།

༤ ༦

༧ ༨

ཁ༽

(

རླུང་བརྒྱུད་ནས་འགོས་ནད་ཁྱབ་ཀྱི་ཡོད།

(

)

སེམས་སྐྱིད་པོ་མེད་ན་གཟུགས་པོ་སྐྱོ་པོ་ཆགས་ཉེན་ཡོད།

(

)

གཟུགས་པོ་བདེ་ཐང་ཡོང་བ་ལ་གཙང་སྦྲ་ཡག་པོ་བྱ་དགོས། ལུས་ལ་ན་ཚ་མེད་ན་མི་དེ་བདེ་ཐང་ཡིན། ལན་འབྲི་དགོས།

( ( (

གང་འདྲ་ཞིག་ལ་མི་ཐང་པོ་ཟེར།

གཟུགས་པོ་བདེ་ཐང་ཡོང་བའི་ཆ་རྐྱེན་གཙོ་བོ་གང་དང་གང་རེད།

)

༢ ༤

) ) )

འགོས་ནད་དང་འགོས་ནད་མིན་པའི་ནད་ལ་ཁྱད་པར་གང་ཡོད། དཔེ་མཚོན་གཉིས་རེ་བྲིས། གཙང་སྦྲ་འཕྲོད་བསྟེན་ཡག་པོ་བྱས་པའི་ཕན་ཡོན་གསུམ་བྲིས། ཊི་བི་སྔོན་འགོག་བྱེད་པར་ཐབས་ཤ ེས་གང་ཡོད།

ག༽ རྒྱུ་མཚན་བྲིས།

གློ་ནད་ཊི་བི་ཡོད་པའི་ནད་པས་གློ་རྒྱག་སྐབས་ཁ་རས་འགེབས་དགོས། ང་ཚོའི་གཟུགས་པོར་གཉིད་དང་ངལ་གསོ་ངེས་པར་དུ་དགོས།

45


ང༽ ཨང་གྲངས་བཀོད་པའི་དཔེ་རིས་ནང་བསྟན་པའི་གོམས་གཤིས་ཁ་ཤ ས་ནི་འཕྲོད་བསྟེན་ལ་ཕན་པ་

དང། ཁ་ཤ ས་ནི་འཕྲོད་བསྟེན་ལ་གནོད་པའི་རིགས་ཡིན་པས་སོ་སོར་དབྱེ་འབྱེད་བྱས་ནས་འོས་འཚམ་ གྱི་འགྲེལ་བཤད་ཐུང་ངུ་རེ་རྒྱོབ། ༡

༡ ................................................................................................................................. ༢ ................................................................................................................................

༣ ................................................................................................................................. ༤ .................................................................................................................................

༥ ................................................................................................................................. ༦ .................................................................................................................................

46


ལས་འཆར།

སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས་གཤམ་འོག་ཏུ་ཡོད་པའི་ནད་རིགས་རྣམས་ཀྱི་འབྱུང་རྐྱེན་དང། འགོས་ ནད་ཡིན་མིན། ནད་རྟགས། སྔོན་འགོག་དང་བཅོས་ཐབས་བཅས་བཙལ་ནས་གྱང་སྦྱར་སྟེང་རེའུ་མིག་བཟོས་ ནས་སྐོངས།

ནད་རིགས། ཆམ་པ།

འབྱུང་རྐྱེན། འགོས་ནད་ཡིན་མིན།

ནད་རྟགས།

སྔོན་འགོག།

བཅོས་ཐབས།

བཤལ་ནད། འདར་ཚད།

ཕོ་བའི་ནད། མིག་ནད།

སེམས་ནད།

རྒན་ལགས། དམིགས་བསལ་ཐུགས་སྣང་དགོས་པ་ཞིག་ལ།

༡ སློབ་ཕྲུག་ཚོར་གོང་གི་ལས་འཆར་ནང་ཡོད་པའི་ནད་གཞིར་ལམ་སྟོན་གནང་རྒྱུ་དང། སྨན་ཁང་དུ་ གཟིགས་ཞིབ། འཕྲོད་བསྟེན་དང་འབྲེལ་བའི་འཁྲབ་སྟོན་བཅས་བྱེད་དགོས།

༢ སློབ་ཚན་དེ་མཇུག་བསྡུས་རྗེས་ངེས་པར་དུ་སློབ་གྲྭའི་ཨེམ་རྗེའམ་སྨན་ཞབས་གང་རུང་གདན་ཞུ་གནང་ ནས་འཕྲོད་བསྟེན་ལམ་སྟོབ་བཀའ་སློབ་ཞུ་དགོས།

ཡར་ལངས་ནས་སོ་ཁྲུས།

དེ་ནས། གསོལ་ཇ་མཆོད།..............”

ཡར་ལངས་ནས་གསོལ་ཇ་མཆོད།

དེ་ནས། སོ་ཁྲུས།

47


ཤུགས་དང་སྟབས་བདེའི་འཕྲུལ་ཆས། རྒན་ལགས།

• ཤུགས།

གལ་ཆེའི་གནད་དོན།

• ཤུགས་ཀྱི་དབྱེ་བ།

• སྟབས་བདེའི་ཡོ་ཆས།

• སྟབས་བདེའི་ཡོ་ཆས་ལ་དབྱེ་ཚུལ།

བྱེད་སྒོ། ༡

སློབ་ཚན། ༥ སློབ་མ།

གལ་ཆེའི་ཚིག

• ཤ་གནད་ཀྱི་ཤུགས། • འཐེན་ཤུགས

ཁབ་ལེན་ཤུགས།

• སྟབས་བདེའི་ཡོ་ཆས། • ཐག་འདྲེན་འཁོར་ལོ། ཁྱེའུ/རྩབས།

བརྡར་ཤུགས། འདེགས་འཇའ།

གསེག་ངོས་སྙོམས་པོ།

གཅུས་སྒྲིམ་ཡོ་ཆས།

• འཁོར་ལོ་དང་སྲོག་ཤ ིང།

༡ རྒན་ལགས་ཀྱིས་འཛིན་གྲྭའི་ནང་གི་སློབ་མ་ཞིག་མདུན་ལ་བོས་ནས་ཅོག་ཙེ་ཚུར་འཐེན་དུ་འཇུག་ དགོས།

༢ ཡང་ཕྲུ་གུ་གཞན་ཞིག་ལ་རྒན་ལགས་ཀྱིས་སྐུབ་བཀྱག་ཞིག་ཕར་འབུད་རྒྱག་གཏོང་དུ་འཇུག་དགོས། ༣ དེ་ནས་རྒན་ལགས་ཀྱིས་དེ་དང་འདྲ་བའི་ཕར་འཐེན་ཚུར་འཐེན་གྱི་བྱ་བ་འགའ་ཤས་དཔེ་མཚོན་དུ་ སྤེལ་ཏེ་དྲི་བ་དྲིས་ལན་བརྒྱུད་ནས་ཤུགས་ཀྱི་གོ་དོན་དེ་ངོ་སྤྲོད་གནང་རྒྱུ།

ཤུགས། (Force)

དངོས་པོ་གང་ཡང་རུང་བ་ཞིག་ཕུད་པའམ། འཐེན་པའི་བྱ་བ་དེ་ལ་ཤུགས་ཟེར།

48


གཤམ་གྱི་དཔེ་རིས་བཞིན་འབུད་པ་དང་། འཐེན་པ། འབུད་འཐེན་གཉིས་ཀ་ཡིན་པ་བཅས་དཔེ་མཚོན་ལྟར་བྲིས། སིལ་པོལ་བརྡབ།

འབུད།

སོག་ལེ་བརྒྱབ།

ཐག་འཐེན།

འཐེན།

རྒན་ལགས། སློབ་ཕྲུག་རྣམས་སྡེ་ཚན་དུ་བགོས་ནས་གཤམ་གསལ་དཔེ་རིས་དང་ཤུགས་ཀྱི་བྱེད་ལས་ རྣམས་མཐུན་སྦྱོར་བྱེད་དུ་འཇུག་དགོས།

• སོར་གནས་དངོས་པོ་འགུལ་དུ་འཇུག་པ། • འགུལ་བཞིན་པའི་དངོས་པོའ ི་མྱུར་ཚད་སྒྱུར་བ། • འགུལ་བཞིན་པའི་དངོས་པོའ ི་ཁ་ཕྱོགས་སྒྱུར་བ། • འགུལ་བཞིན་པའི་དངོས་པོ་འགོག་པ། • དངོས་པོའ ི་བཟོ་དབྱིབས་སྒྱུར་བ། དཔེ་རིས། ༥་༡

49


ཤུགས་ཀྱི་དབྱེ་བ། (Types of force )

སིྤར་བཏང་ཤུགས་ལ་དབྱེ་བ་གཉིས་སུ་འབྱེད་ཆོག། རེག་ཤུགས་(Contact force) དང་། རྒྱང་ཤུགས་ (Non-

contact force)

གཉིས་ཡིན།

རེག་ཤུགས་ནི་དངོས་པོ་གཉིས་འབྲེལ་ཐུག་བྱས་ནས་བྱུང་བའི་ཤུགས་ལ་ཟེར། དཔེར་ན། ཀ༽ ཤ་གནད་ཀྱི་ཤུགས། (Muscular force)

མི་དང་སྲོག་ཆགས་རྣམས་ཀྱིས་འགུལ་སྐྱོད་བྱེད་པ་དང་ཅ་ལག་འདེགས་འབུད་བྱེད་སྐབས་ལུས་ཀྱི་ཤ ་གནད་ ནས་བྱུང་བའི་ཤུགས་བེད་སྤྱོད་བྱེད་ཀྱི་ཡོད། དེ་ལ་ཤ ་གནད་ཀྱི་ཤུགས་ཟེར། ཁྱེད་རང་གི་ཞོགས་པ་ཡར་ལངས་ པ་ནས་གོང་མོ་མ་ཉལ་བར་ལུས་ཀྱི་ལས་ཀ་གང་བྱས་པ་རྣམས་ཤ ་གནད་ཀྱི་ཤུགས་ལས་བྱུང། ཁ༽ བརྡར་ཤུགས། (Frictional force)

དངོས་པོ་གཉིས་ཀྱི་ངོས་ཕན་ཚུན་འཕྲད་པའི་དབང་གི་དངོས་པོ་གཅིག་གི་དངོས་པོ་གཞན་དེ་ཡི་འགུལ་སྐྱོད་

འགོ​ོག་པའི་ནུས་ཤུགས་དེ་ལ་བརྡར་ཤུགས་ཟེར།

རྒྱང་ཤུགས་ནི་དངོས་པོ་གཉིས་འབྲེལ་ཐུག་མི་དགོས་པར་བྱུང་བའི་ཤུགས་ལ་ཟེར། དཔེར་ན། ཀ༽ འཐེན་ཤུགས། (Gravitational force)

ཁ༽ སོར་གནས་གློག་ཟུངས་ཀྱི་ཤུགས། (Electrostatic force) ག༽ ཁབ་ལེན་ཤུགས། (Magnetic force)

གལ་ཏེ་ཁྱེད་ཀྱི་སྨྱུ་གུ་ཞིག་ཡར་གཡུག་པ་ཡིན་ན། དེ་མར་ཟགས་ཡོང་། དེ་ནི་སྨྱུ་གུ་དང་ས་གཞི་གཉིས་ཕན་ ཚུན་འཐེན་པའི་ཤུགས་ལས་བྱུང་བ་ཡིན། དེ་ལ་འཐེན་ཤུགས་(Gravitational force) ཟེར།

50


བྱེད་སྒོ།

འགྱིག་རྩི་ལས་བཟོས་པའི་ཐིག་ཤ ིང་ངམ་སྐྲ་ཤ ད་ཅིག་རང་གི་སྐྲ་སྐམ་པོ་ལ་མང་ཙམ་བརྡར་དགོས། ཤོག་ཧྲུག་ཆུང་ཆུང་འགའ་ཞིག་གི་འཁྲིས་ལ་བཞག་ནས་དོ་སྣང་བྱོས། བསྡོམས་རྒྱོབ། དེ་རྗེས་དགེ་རྒན་མཉམ་དུ་གྲོས་བསྡུར་བྱེད་དགོས། བྱེད་སྒོ།

དེ་ནས་

རང་གི་མཐོང་ཚུལ་གང་བྱུང་བར་མཐའ་

དཔེ་རིས་ནང་བསྟན་པ་བཞིན་རྩེད་ཆས་མོ་ཊ་གཉིས་འཁྱེར་ཡོང་ནས་དེའི་སྒང་ལ་ཁབ་ལེན་ནར་མོ་གཉིས་ འདོགས་དགོས། དེ་ནས་མོ་ཊ་གཉིས་འཁྲིས་ལ་བཞག་ན་ཁྱེད་ཚོས་གང་མཐོང་ངམ།

ཡང་མོ་ཊ་གཅིག་རྒྱབ་

བསྒྱུར་ན་འགྱུར་བ་གང་བྱུང་སོང་ངམ། དགེ་རྒན་དང་མཉམ་དུ་གྲོས་བསྡུར་བྱོས། (གལ་ཏེ་རྩེད་ཆས་མོ་ཊ་མེད་ ན། འཁོར་ལོ་ཡོད་པའི་མོ་ཊ་འདྲ་བའི་རྩེད་ཆས་གཉིས་བཟོས་ནས་བྱེད་སྒོ་འདི་སྤེལ་དགོས།)

བྱེད་སྒོ། ༣

དཔེ་རིས། ༥་༢

སློབ་མ་རྣམས་སྡེ་ཚན་གཉིས་སུ་བགོས་ཏེ། སྡེ་ཚན་གཅིག་ལ་སྟབས་བདེའི་ཡོ་ཆས་སྤྲད་པ་དང་། གཅིག་ལ་མ་ སྤྲད་པར་གཤམ་གསལ་བྱེད་སྒོ་སྤེལ་ཏེ། ཁྱད་པར་གང་ཡོད་ཤ ེས་ཚོར་ཐུབ་པ་གྱིས།

༡ རས་བྲེགས་པ།

༢ སེན་མོ་བཏུབ། ༣ ཙོང་པགས་པ་བཤུ་བ།

༤ ཤིང་ལ་གཟེར་བརྒྱབ་པ།

51


སྟབས་བདེའི་ཡོ་ཆས།

( Simple Machine )

ང་ཚོའི་རྒྱུན་གཏན་མི་ཚེའི་ནང་སྐབས་རེ་ལག་པ་གཅིག་པུས་ལས་ཀ་བྱེད་ཁག་པོ་ཡོད་པས་སྟབས་བདེའི་ཡོ་ ཆས་འདྲ་མིན་བེད་སྤྱོད་བྱས་ནས་ལས་ཀ་བྱེད་བདེ་བ་ཡོད།

དཔེར་ན། ༡) གཅུས་གཟེར་སྒྲིམ་བྱེད་ཀྱིས་གཅུ་གཟེར་གྱང་དང་ཤ ིང་སྟེང་ལས་སླ་ བོར་འཇོག་པ།

༢)

༣)

ཐོ་བ་བེད་སྤྱོད་བྱས་ནས་ལྩགས་གཟེར་འདེ​ེད་ཐུབ་པ།

གྲི་བེད་སྤྱོད་བྱས་ནས་ཚལ་དང་ཤིང་ཏོག་དུམ་བུར་གཏུབ་པ་ལྟ་བུའོ།

དེར་བརྟེན་ལག་ཆ་འདྲ་མིན་བེད་སྤྱོད་བྱས་ནས་ང་ཚོའི་ལས་ཀ་སྟབས་བདེ་རུ་བཟོ་ ཐུབ། ཡོ་ཆས་དེའི་རིགས་ལ་ཆ་ཤས་མང་པོ་མེད་པ་དང་ནེད་སྤྱོད་བྱེད་པར་སྟབས་

དཔེ་རིས། ༥་༣

དཔེ་རིས། ༥་༤

བདེ་པོ་ཡོད་པས་ཡོ་ཆས་དེ་ཚོར་སྟབས་བདེའི་ཡོ་ཆས་ཟེར།

སྟབས་བདེའི་ཡོ་ཆས་ལ་དབྱེ་ཚུལ། (Types of simple machines) ༡) འདེགས་འཇའ། (Lever)

འདེགས་འཇའ་ནི་དུས་རྒྱུན་དངོས་པོ་འདེགས་པ་དང་འགུལ་བའི་སྐབས་ལ་

བེད་སྤྱོད་བྱེད་རྒྱུའི་སྟབས་བདེའི་འཕྲུལ་ཆས་ཞིག་ཡིན། དཔེར་ན། སྐམ་པ་ དང་ཕྱགས་མ་སོགས་ནི་འདེགས་འཇའི་ཡོ་ཆས་ཀྱི་དཔེ་མཚོན་ཡིན།

དཔེ་རིས། ༥་༥

དཔེ་རིས། ༥་༦

༢) ཐག་འདྲེན་འཁོར་ལོ། (Pulley)

ཐག་འདྲེན་འཁོར་ལོ་ནི་འཁོར་ལོ་དང་ཐག་པས་སྒྲུབ་པའི་སྟབས་བདེའི་ཡོ་ཆས་ཞིག་

ཡིན། དོ་པོ་དང་རྡོག་ཕྲེས་རྣམས་ཡར་འདེགས་པ་དང་དམའ་སར་འབེབ་པ། ཡང་ དོ་པོ་ལྗིད་པོ་ཕར་ཚུར་འགུལ་བར་བེད་སྤྱོད་བྱེད་ཀྱི་ཡོད། ཐག་འདྲེན་འཁོར་ལོ་དུས་

52

དཔེ་རིས། ༥་༧


རྒྱུན་ཁྲོན་པ་ནས་ཆུ་འདྲེན་བྱེད་བེད་སྤྱོད་གཏོང་བ་དང། དར་ཆ་སྒྲེང་བ། ལྗིད་འདེགས་འཕྲུལ་འཁོར་སོགས་ལ་ བེད་སྤྱོད་བྱེད་ཀྱི་ཡོད།

༣) འཁོར་ལོ་དང་སྲོག་ཤིང། (Wheel and Axle)

འཁོ ར ་ལོ ་ དང་སྲོ ག ་ཤི ང ་གཉི ས ་པོ ་ སྒོ ར ་དབྱི བ ས་ཅན་ལས་གྲུབ་པ་ ཡིན་པ་དང་སྒོར་སྒོར་གཅིག་ཆེ་བ་དང་གཞན་དེ་ཆུང་བ་ཡོད། དབྱིབས་གཅིག་འཁོར་ལོ་དང་གཞན་དེ་སྲོག་ཤ ིང་ཡིན།

སྒོར་

དཔེར་ན།

རྐང་འཁོར་ནི་འཁོར་ལོ་དང་སྲོག་ཤིང་ལས་གྲུབ་པའི་འཕྲུལ་ཆས་ཞིག་ ཡིན།

དཔེ་རིས། ༥་༨

༤) ཁྱེའུ/རྩབས། (Wedge)

ཁྱེའུ་འམ་རྩབས་རྣམས་ཀྱི་ངོས་གཅིག་ལ་རྩེ་རྣོ་བ་དང་ངོས་གཞན་ལ་ རྩེ་རྡུམ་ཡིན། ཡོ་ཆས་དེ་དུས་རྒྱུན་དངོས་པོ་གཏུབ་པ་དང་ཁ་ཤ གས་ པར་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། གྲི་དང་སྟ་རི་ལྟ་བུའོ།

དཔེ་རིས། ༥་༩

༥) གསེག་ངོས་སྙོམས་མོ། (Inclined plane)

གསེག་ངོས་སྙོམས་མོའ ི་སྟབས་བདེའི་ཡོ་ཆས་ནི་དངོས་པོ་ལྗིད་པོ་ཡར་ འདེགས་པ་དང་ཕར་ཚུར་གཡོ་འགུལ་བྱེད་སྐབས་བེད་སྤྱོད་ཧ་ཅང་ཆེན་

པོ་ཡོད། ཡོ་ཆས་འདི་ནི་ལེབ་ངོས་གསེག་ལ་ཉལ་བ་ལྟ་བུ་ཡིན་བཞིན་ དངོས་པོ་ལྗིད་པོ་གྱེན་ལ་འབུད་ཐུབ་པའི་ཡོ་ཆས་ཞིག་ཡིན།

ཁྱེད་

ཚོས་དུས་རྒྱུན་དོ་སྣང་བྱེད་ཡོད་ཤག་རེད། དངོས་པོ་འམ་དོ་པོ་ལྗིད་པོ་

དཔེ་རིས། ༥་༡༠

རྣམས་སྐྱེལ་འདྲེན་རླངས་འཁོར་ནང་བླུགས་སྐབས་གསེག་ངོས་སྙོམས་ པའི་ཡོ་ཆས་བེད་སྤྱོད་བཏང་ནས་དོ་བོ་ལྗིད་པོ་རྣམས་ལས་སླ་པོའ ི་ངང་ རླང་འཁོར་ནང་འདེགས་ཐུབ།

དཔེ་རིས། ༥་༡༡

53


༦) གཅུས་སྒྲིམ་ཡོ་ཆས། (Screw)

གཅུས་སྒྲིམ་ཡོ་ཆས་ནི་གཅུས་སྒྲིམ་ཅན་ཞིག་ཡིན་པ་དང།

ཡོ་ཆས་འདིས་

དངོས་པོ་འདེགས་པའམ་དངོས་པོ་གཉིས་མཉམ་དུ་འཛིན་པར་བེད་སྤྱོད་བྱེད་

ཀྱི་ཡོད། ཁྱེད་ཀྱིས་དོ་སྣང་བྱུང་ངམ། གྱིག་དམ་ནང་ཡོད་པའི་ཆུ་འཐུང་སྐབས་ ཐོག་མར་གྱིག་དམ་གྱི་ཁེབས་གཅོད་ཁ་ཕྱེ་གི་ཡོད།

ཆུ་འཐུང་ཚར་རྗེས་

ཁེབས་གཅོད་ཕྱོགས་གཞན་ནས་སྐོར་བས་ཁ་རྒྱབ་ཐུབ། དེར་བརྟེན་ཁེབས་ གཅོད་དེ་གཅུས་སྒྲིམ་གྱི་སྟབས་བདེའི་ཡོ་ཆས་ཞིག་ཡིན།

དཔེ་རིས། ༥་༡༢

༼ལས་འཆར།༽

རྒན་ལགས། འཛིན་གྲྭའི་སློབ་མ་རྣམས་སྡེ་ཚན་ཁག་ལ་བགོས་ནས་སྟབས་བདེའི་འཕྲུལ་ཆས་རེ་བཟོ་རུ་བཅུག་ སྟེ།

སྡེ་ཚན་སོ་སོས་བཟོས་པའི་འཕྲུལ་ཆས་དེ་དག་གིས་ལས་ཀ་ལས་སླ་རུ་ཇི་ལྟར་གཏོང་གི་ཡོད་པ་ཁུངས་

སྐྱེལ་བྱེད་དུ་ཆུག།

ཀ) གཤམ་གྱི་དྲི་བ་རྣམས་ལ་ལན་རྒྱོབ།

སྦྱོང་ཚན།

༡) ཤུགས་ཀྱི་གོ་དོན་བྲིས།

༢) རེག་ཤུགས་དང་རྒྱང་ཤུགས་གཉིས་ལ་ཁྱད་པར་གང་དང་གང་ཡོད་དམ།

༣) གང་འདྲ་ཞིག་ལ་འཐེན་ཤུགས་ཟེར། དཔེ་མཚོན་བཞག་ནས་འགྲེལ་བརྗོད་གྱིས། ༤) གང་འདྲ་ཞིག་ལ་སྟབས་བདེའི་ཡོ་ཆས་ཟེར། ༥) སྟབས་བདེའི་ཡོ་ཆས་ལ་དབྱེ་ཚུལ་བྲིས།

54


ཁ) སློབ་ཕྲུག་ཚོས་འཛིན་གྲྭ་དང་སློབ་གྲྭའི་གཡས་གཡོན་ལ་དོ་སྣང་བྱས་ནས་སྟབས་བདེའི་འཕྲུལ་ཆས གང བེད་སྤྱོད་བྱེད་བཞིན་ཡོད་པ་རྣམས་ཐོ་འགོད་གྱིས།

ག) གཤམ་དུ་ཡོད་པའི་དཔེ་རིས་རྣམས་ལ་ཚོན་བཏང་ནས་དཔེ་རིས་དེ་དག་སྟབས་བདེའི་ཡོ་ཆས་གང་ཡིན་ ངོས་བཟུང་ནས་མིང་བྲིས།

ཀ)

ང)

ཁ)

ཅ)

ག)

ཆ)

55


ང) གཡོན་གྱི་ལས་ཀ་རྣམས་ལས་སླ་རུ་གཏོང་བར་སྟབས་བདེའི་ཡོ་ཆས་གང་དགོས་གཡས་ཀྱི་རེའུ་མིག་ནང་ སྐོངས། ལས་ཀ།

ཡོ་ཆས།

ཤིང་བཤགས་པ། གཟེར་བཀོག་པ།

སེན་མོ་བཏུབ་པ།

ཅ་ལག་འདེགས་པ།

ཁྲོན་པ་ནས་ཆུ་འདྲེན་པ། ཅ) དངོས་པོ་ཞིག་གི་སྟེང་ཤུགས་བརྒྱབ་ན་འགྱུར་བ་གང་དང་གང་འགྲོ་བ་རྣམས་ཉ་རུས་དཔེ་རིས་ནང་ བྲིས།

སོར་གནས་དངོས་པོ་ འགུལ་ཐུབ།

དཔེར་ན།

ཤུགས་ཀྱིས་

གང་བྱེད་ཐུབ།

56

༡ ཅོག་ཙེ་འབུད་པ།


འོད་དང་གྲིབ་གཟུགས།

རྒན་ལགས།

གལ་ཆེའི་གནད་དོན།

སློབ་ཚན། ༦ སློབ་མ།

གལ་ཆེའི་ཚིག

• དངོས་པོ་མཐོང་ཕྱིར་འོད་དགོས་པ།

• དྭངས་གསལ།

• འོད་དངོས་པོ་བརྒྱུད་འགྲོ་ཐུབ་མིན།

• ཕྱི་ནང་མི་གསལ་བ།

• འོད་ཀྱི་འབྱུང་ཁུངས།

• འོད་དང་གྲིབ་གཟུགས།

• གྲིབ་གཟུགས་ལས་དུས་ཚོད་སྔ་ཕྱི་ཤ ེས་ཐུབ། • གཟའ་འཛིན།

ཉི་མ་གཟའ་འཛིན།

ཟླ་བ་གཟའ་འཛིན།

• ཕྱེད་དྭངས་གསལ།

• གྲིབ་གཟུགས།

• ཉི་འཛིན།

• ཟླ་འཛིན།

སློབ་ཚན་དངོས་གཞི་འགོ་འཛུགས་མ་གནང་བའི་སྔོན་རྒན་ལགས་ནས་དཔེ་མཚོན་གྱི་ཚུལ་དུ་གཤམ་གྱི་དཔེ་ རིས་ལྟར་སྒམ་ཆུང་གཅིག་བཟོས། དེ་ནས་སློབ་མ་རྣམས་སྡེ་ཚན་ཁག་ཏུ་བགོས་ཏེ་སྒམ་ཆུང་རེ་བཟོས་ནས་བྱེད་སྒོ་ འདི་སྤེལ་དུ་འཇུག་དགོས།

༡ ༢

དཀར་ཁུང་གཉིས་ཀ་བརྒྱབ། དཀར་ཁུང་གཅིག་ཕྱེ།

༣ དཀར་ཁུང་གཉིས་ཀ་ཕྱེ། དཔེ་རིས། ༦་༡

57


བྱེད་སྒོ། ༡

མིང།/སྡེ་ཚན།.................................................. དམིགས་ཡུལ། དགོས་མཁོ། ཐབས་ལམ། ༡

ཟླ་ཚེས། .........................................

དངོས་པོ་མཐོང་ཕྱིར་འོད་དགོས་མིན་བརྟག་རྒྱུ།

ཤོག་སྒམ་གཅིག ལྟེབས་གྲི་གཅིག པར་རིས་ཆུང་ཆུང་གཅིག སྦྱར་རྩི།

གོང་གི་དཔེ་རིས་ལ་བལྟས་ནས་བརྟག་དཔྱད་བྱེད་རྒྱུའི་ཤ ོག་སྒམ་ཞིག་བཟོ་དགོས།

རྒན་ལགས་ནས་སྡེ་ཚན་དུ་བགོས་པའི་སློབ་ཕྲུག་རྣམས་ལ་ཚོད་དཔག་བྱེད་རུ་འཇུག་དགོས།

སྒམ་ཆུང་གི་དཀར་ཆ་ཡོང་སའི་དཀར་ཁུང་གཉིས་ཀ་ཁ་བརྒྱབ་ནས་མིག་ལྟ་སའི་ཨི་ཁུང་ནས་བལྟས་ན།

ཚོད་དཔག

པར་རིས་དེ་མཐོང་ཐུབ་བམ།

ལན། .............................................................................................................. ཚོད་དཔག ༢

གལ་ཏེ་སྒམ་ཆུང་གི་སྐར་ཁུང་གཅིག་ཕྱེ་ན། པར་རིས་དེ་མཐོང་ཐུབ་བམ།

ལན། .............................................................................................................. ཚོད་དཔག ༣

ཡང་གལ་ཏེ་སྒམ་ཆུང་གི་དཀར་ཁུང་གཉིས་ཀ་ཕྱེ་ནས་བལྟས་ན། པར་རིས་དེ་གསལ་ལོས་ལ་ཁྱད་པར་

ལན། .............................................................................................................

58

ཡོང་ངམ།


བརྟག་དཔྱད་བྱས་ནས་གཤམ་གྱི་ལྟ་ཞིབ་རེའུ་མིག་འགེངས་དགོས། ཨང། ༡

༢ ༣

གནས་སྟངས།

སྒམ་ཆུང་གི་དཀར་ཁུང་གཉིས་ཀ་བརྒྱབ་ནས་ལྟ་སྐབས།

ལྟ་ཞིབ།

དཀར་ཁུང་གཅིག་ཕྱེ་ནས་ལྟ་སྐབས།

དཀར་ཁུང་གཉིས་ཀ་ཕྱེ་ནས་ལྟ་སྐབས།

ལྟ་ཞིབ་གང་བྱུང་བ་རྣམས་ལེགས་པར་དཔྱད་དེ་མཐའ་སྡོམ་རྒྱོབ།

...............................................................................................................

................................................................................................................

................................................................................................................

འོད་ཀྱི་འབྱུང་ཁུངས།

ཉིན་མོ་ང་ཚོས་ཉི་མའི་འོད་ལ་བརྟེན་ནས་འགྲོ་སའི་ལམ་དང་དངོས་པོ་རྣམས་གསལ་པོ་མཐོང་གི་ཡོད། འོན་ཀྱང་ དགོང་མོ་ཉི་མ་ནུབ་པའི་རྗེས་ལ་འོད་ཀྱི་འབྱུང་ཁུངས་གཞན་མེད་ན། ཉིན་མོ་ལྟར་གསལ་པོ་མཐོང་ཐུབ་ཀྱི་མེད། དངོས་གཟུགས་མཐོང་བ་ལ་འོད་ནི་མེད་དུ་མི་རུང་བ་ཞིག་ཡིན། འོད་ནི་དངོས་པོ་གསལ་བར་བྱེད་པའི་ནུས་པ་ ཞིག་ཡིན། འཛམ་གླིང་འདིར་འོད་ཀྱི་འབྱུང་ཁུངས་གཙོ་བོ་ནི། ཉི་མ་དང། མེ། གློག་བཅས་ཡིན།

59


བྱེད་སྒོ། ༢

དམིགས་ཡུལ། དགོས་མཁོ།

འོད་ཁ་ཐུག་འཕྲོ་ཡི་ཡོད་མེད་ང་ཚོས་འཚོལ་ཞིབ་བྱེད་རྒྱུ།

གློག་བཞུའམ། ཡང་ལཱ། ཤོག་བྱང་ཆེ་ཆུང་གཅིག་པ་གསུམ། ཨི་ཁུང་འབིགས་བྱེད་གཅིག།

ཐབས་ལམ། ༡

ཤོག་བྱང་གསུམ་པོ་དེ་དག་གི་དཀྱིལ་ལ་ཨི་ཁུང་རེ་རེ་འབིག་དགོས།

ཤོག་བྱང་དང་པོའ ི་ཨི་ཁུང་གི་མདུན་ལ་ཡང་ལཱ་སྤར་ནས་ཞོག

༤ ༥ ༦

ཤོག་བྱང་དེ་དག་ཅོག་ཙེ་ཁོད་སྙོམས་པོ་ཞིག་གི་སྒང་ལ་ཐད་ཀར་བང་རིམ་བྱས་ནས་གཞག་དགོས། དེ་ནས་ཁྱེད་ཀྱིས་ཤོག་བྱང་གསུམ་པའི་ཨི་ཁུང་ནས་ལྟ་སྐབས་གང་མཐོང་བྱུང།

དེ་རྗེས་ཤོག་བྱང་གསུམ་པོ་དེ་ནས་གང་རུང་ཞིག་ཟུར་ལ་ཏོག་ཙམ་འཐེན་ནས་ལྟོས། ཁྱེད་ཀྱིས་གང་མཐོང་བྱུང་།

མཐའ་མ་ཤོག་བྱང་དེ་ཕྱིར་ཡོངས་སུ་འཐེན་ནས་ལྟོས་དང་། ཁྱེད་ཀྱིས་གང་མཐོང་བྱུང་།

རང་ལ་ལྟ་ཞིབ་གང་བྱུང་བ་རྣམས་ལྟ་ཞིབ་རེའུ་མིག་ནང་བྲིས་ནས་འཛིན་གྲོགས་དང་མཉམ་དུ་གྲོས་ སྡུར་བྱེད་དགོས།

60


ལྟ་ཞིབ་རེའུ་མིག་གི་འགེངས་ཤ ོག

ཐབས་ལམ་བཞི་པའི་ལན། .............................................................................

ཐབས་ལམ་ལྔ་པའི་ལན། .............................................................................

ཐབས་ལམ་དྲུག་པའི་ལན། .............................................................................

མཐའ་བསྡོམ། .........................................................................................................

དངོས་པོ་ཇི་ལྟར་མཐོང་ངམ།

དཔེ་རིས། ༦་༢

གཤམ་གྱི་དཔེ་རིས་གསུམ་ནས་གཅིག་གིས་ང་ཚོས་དངོས་པོ་མཐོང་སྟངས་བསྟན་ཡོད། དཔེ་རིས་ནང་དུ་ཡོད་ པའི་མདའ་ཡིས་འོད་འཕྲོ་སྟངས་བསྟན་པ་ཡིན། རང་གི་སྡོད་རོགས་དང་མཉམ་དུ་དཔེ་རིས་གང་འགྲིག་མིན་ཐོག་ གོ་སྡུར་བྱས་ནས་མཐའ་སྡོམ་རྒྱོབ།

61


བྱེད་སྒོ། ༣

དཔེ་རིས། ༦་༣

དམིགས་ཡུལ། འོད་དངོས་པོ་བརྒྱུད་ནས་འགྲོ་ཐུབ་མིན་ལྟ་ཞིབ་བྱེད་རྒྱུ། དགོས་མཁོ། ཅ་དངོས་གང་མང་མཁོ་སྒྲུབ་བྱེད་རྒྱུ། ཐབས་ལམ། ༡

སློབ་ཕྲུག་རྣམས་སྡེ་ཁག་ལ་བགོ་དགོས།

དངོས་པོ་མཁོ་སྒྲུབ་བྱས་པ་རྣམས་སྡེ་ཚན་ཁག་ལ་ཆ་སྙོམས་བགོ་བཤའ་རྒྱོབ།

༣ སྡེ་ཚན་རེ་རེ་ལ་གཤམ་གྱི་ལྟ་ཞིབ་རེའུ་མིག་གི་ཤ ོག་བུ་རེ་རེ་སྤྲོད།

༤ སློབ་མ་རྣམས་ནས་དངོས་པོ་རེ་རེ་བཞིན་བརྟག་དཔྱད་བྱས་ནས་གཤམ་གྱི་རེའུ་མིག་སྐོངས།

62


ལྟ་ཞིབ་རེའུ་མིག

མིང།/སྡེ་ཚན། .........................................................

ཅ་དངོས། ལྕགས།

གསལ་པོ་མཐོང་ཐུབ།

ཟླ་ཚེས། .........................................

གསལ་པོ་ཞེ་དྲག་མི་མཐོང་།

མཐོང་མི་ཐུབ། 

འོད་ཀྱི་བརྒྱུད་ལམ་བྱེད་ཐུབ་མིན་ལ་ལྟོས་ནས་དངོས་པོ་ལ་དབྱེ་བ་གསུམ་ཡོད།

༡ འོད་ཀྱི་བརྒྱུད་ལམ་ལེགས་པོ་བྱེད་ཐུབ་མཁན་གྱི་དངོས་པོའ ི་རིགས་ལ་དྭངས་གསལ་(Transparent) གྱི་ དངོས་པོ་ཟེར།

༢ འོད་ཀྱི་བརྒྱུད་ལམ་ཆ་ཙམ་བྱེད་ཐུབ་པའི་དངོས་པོའ ི་རིགས་ལ་ཕྱེད་དྭངས་གསལ་(Translucent) གྱི་ དངོས་པོ་ཟེར།

༣ འོད་ཀྱི་བརྒྱུད་ལམ་བྱེད་མི་ཐུབ་མཁན་གྱི་དངོས་པོའ ི་རིགས་ལ་ཕྱི་ནང་མི་གསལ་བའི་(Opaque) དངོས་པོ་ ཟེར།

63


སྤྲོ་སྣང་གི་གདམ་ཀ།

གལ་ཏེ་ཁྱེད་རང་དྭངས་གསལ་གྱི་ཅ་དངོས་དང་། ཕྱེད་དྭངས་གསལ་གྱི་ཅ་དངོས། ཕྱི་ནང་མི་གསལ་བའི་

ཅ་དངོས་གང་རུང་ཞིག་ཏུ་བསྒྱུར་དགོས་ན། དེ་གསུམ་ནས་གང་ལ་བསྒྱུར་འདོད་དམ། རྒྱུ་མཚན་གང་མང་ ཤོད།

དཔེར་ན།

གདམ་ཀ

ང་དྭངས་གསལ་གྱི་ཅ་དངོས་ལ་བསྒྱུར་འདོད་ཡོད། ང་ཕྱེད་དྭངས་གསལ་གྱི་ཅ་དངོས་ལ་བསྒྱུར་འདོད་ ཡོད།

ང་ཕྱི་ནང་མི་གསལ་བའི་ཅ་དངོས་ལ་བསྒྱུར་འདོད་ ཡོད།

རྒྱུ་མཚན།

ང་མེད་ན་ཁང་པའི་སྒེའུ་ཁུང་བཟོ་ཐབས་མེད། ངས་འོད་བཏང་འཛིན་ཐུབ་ཀྱི་ཡོད། ངས་ཉི་འོད་བཀག་ཐུབ་ཀྱི་ཡོད།

འོད་དང་གྲིབ་གཟུགས། (Light and Shadow)

བྱེད་སྒོ། ༤

དམིགས་ཡུལ།

གྲིབ་གཟུགས་གང་འདྲ་བྱས་ནས་ཆགས་ཀྱི་ཡོད་མེད་ཤ ེས་ཐབས་བྱེད་རྒྱུ།

དགོས་མཁོ། གློག་བཞུ། དྭངས་གསལ་གྱི་ཅ་དངོས་དང་། ཕྱེད་དྭངས་གསལ་གྱི་ཅ་དངོས། ཕྱི་ནང་མི་ གསལ་བའི་ཅ་དངོས་ཁ་ཤས།

64


ཐབས་ལམ།

༡ སློབ་ཕྲུག་རྣམས་སྡེ་ཚན་དུ་དབྱེ་དགོས།

༢ སྡེ་ཚན་སོ་སོར་གློག་བཞུ་རེ་རེ་དང་དངོས་པ་ོགང་ཡོད་ཆ་སྙོམས་བགོ་བཤའ་རྒྱག་དགོས། ༣ སློབ་མ་ཚོས་ཅ་དངོས་རེ་རེ་བཞིན་བརྟག་དཔྱད་བྱས་ནས་རེའུ་མིག་འགེངས་དགོས།

༤ ལྟ་ཞིབ་བྱེད་སྐབས་གློག་བཞུ་དང་། ཅ་དངོས། གྲིབ་གཟུགས་འཆར་སའི་ངོས་བཅས་ཀྱི་བར་ཐག་རང་སོར་ འཇོག་དགོས།

ལྟ་ཞིབ་རེའུ་མིག་གི་འགེངས་ཤོག

མིང། / སྡེ་ཚན། ..............................

ཅ་དངོས།

གྲིབ་གཟུགས་གསལ་པོ་ ཆགས་ཐུབ།

ཟླ་ཚེས། ...........................

གྲིབ་གཟུགས་དེ་ཙམ་ གསལ་པོ་མེད།

གྲིབ་གཟུགས་ ཆགས་མི་ཐུབ།

འོད་ཀྱི་བརྒྱུད་ལམ་བྱེད་མི་ཐུབ་པའི་ཅ་དངོས་ལ་ཉི་འོད་སོགས་ཕོག་ན། དེར་གྲིབ་གཟུགས་ཆགས་ཀྱི་ཡོད།

གྲིབ་གཟུགས་ནི་ག་དུས་ཡིན་ཡང་དངོས་པོའ ི་དབྱིབས་དང་འདྲ་བར་མ་ཟད། འོད་ཕོག་སའི་ལྡོག་ཕྱོགས་སུ་ ཆགས་ཀྱི་ཡོད། གཤམ་གྱི་དཔེ་རིས་ནང་སྟན་པ་བཞིན་ནོ།

65


བྱེད་སྒོ། ༥

དཔེ་རིས། ༦་༤

འོད་ཤུགས་ཆེ་ཆུང་ལ་ལྟོས་ནས་གྲིབ་གཟུགས་གསལ་ལོས་ལ་ཡང་ཁྱད་པར་ཡོད་དམ།

ཁྱེད་ཚོས་འོག་གི་དཔེ་རིས་གཉིས་ལ་བལྟས་ནས་རིམ་པས་འོད་ཀྱི་འབྱུང་ཁུངས་དང། གྲིབ་གཟུགས་ཕོག་སའི་

ཡུལ་བར་དངོས་པོའམ་རང་གི་ལག་པ་གང་རུང་བཞག་ནས་གྲིབ་གཟུགས་འགྱུར་བ་གང་འདྲ་འགྲོ་ཡི་ཡོད་མེད་ བརྟག་དཔྱད་བྱེད་དགོས།

66

དཔེ་རིས། ༦་༥


གྲིབ་གཟུགས་ལས་དུས་ཚོད་སྔ་ཕྱི་ཤེས་ཐུབ།

ཉིན་གཅིག་གི་དུས་ཚོད་སྔ་དྲོ་དང། ཉིན་གུང། ཕྱི་དྲོ་གསུམ་ཤ ེས་ཆེད་ཉི་འོད་ཕོག་པའི་དངོས་པོ་ཞིག་གི་གྲིབ་

གཟུགས་ཀྱི་ཕྱོགས་དང་རིང་ཐུང་ལ་བལྟས་ནས་ཤ ེས་ཐུབ། དེ་ཡང་སྔ་དྲོ་དང་ཕྱི་དྲོའ ི་གྲིབ་གཟུགས་ནི་ཉིན་གུང་གི་ གྲིབ་གཟུགས་ལས་རིང་བ་ཡོད།

གོང་གི་གནས་ལུགས་དེ་ནས་སྔ་མོའ་ི མིས་ཉི་འོད་ཀྱི་གྲིབ་གཟུགས་ལ་བརྟེན་པའི་ རྡོའ ི་ཆུ་ཚོད་ཆེན་པོ་དེ་འདྲ་བཟོས་ཡོད། ཡར་རྒྱས་ཕྱིན་པ་ལ་བརྟེན་ནས།

རིམ་བཞིན་མིའི་བསམ་བློའ ི་གནས་ཚད་

ད་ཆ་གྲིབ་གཟུགས་ལ་བརྟེན་མི་དགོས་པར་ཆུ་

ཚོད་ཆེ་ཆུང་དང་བཟོ་ལྟ་འདྲ་མིན་སྣ་ཚོགས་བཟོས་ཡོད།

གཟའ་འཛིན།

(Eclipse)

དཔེ་རིས། ༦་༦

སྔ་མོའ་ིཤ ོད་སྲོལ་ལྟར་ན་ཉི་འཛིན་དང་ཟླ་འཛིན་སྐབས་ཉི་ཟླ་གཉིས་གཟའ་བདུད་ཀྱིས་འཛིན་གྱི་ཡོད་པར་ངོས་ འཛིན་བྱེད། འོན་ཀྱང་ཚན་རིག་པས་ལྟ་ཞིབ་བྱེད་སྐབས་དེ་ནི་ཟླ་བ་དང་སའི་གོ་ལའི་གྲིབ་གཟུགས་ཕོག་སྟངས་ ལ་བརྟེན་ནས་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་ཡོད།

དུས་རྒྱུན་སའི་གོ་ལར་ཉི་འོད་ཕོག་པར་བརྟེན་གྲིབ་གཟུགས་ཆགས་ པ་མང་པོ་མཐོང་རྒྱུ་ཡོད། མཁའ་དབྱིངས་སུ་རྒྱུ་བའི་ཉི་མའི་ཁྱིམ་རྒྱུད་ ཀྱི་གཟའ་དང་ཟླ་བ་ལྟ་བུར་འོད་ཕོག་སྐབས་གྲིབ་གཟུགས་ཆགས་ཀྱི་ ཡོད། དེ་འདྲའི་གྲིབ་གཟུགས་ལ་ང་ཚོས་གཟའ་འཛིན་ཟེར་གྱི་ཡོད།

གཟའ་འཛིན་ལ་དབྱེ་ན། ཟླ་འཛིན་དང། ཉི་འཛིན་བཅས་ཡིན།

དཔེ་རིས། ༦་༧

67


གལ་ཏེ་སའི་གོ་ལའི་གྲིབ་གཟུགས་དེ་ཟླ་བར་ཕོག་ན་ཟླ་འཛིན་དང། ཡང་ཟླ་བའི་གྲིབ་གཟུགས་དེ་འཛམ་གླིང་ལ་ ཕོག་ན་དེར་ཉི་འཛིན་ཆགས་ཀྱི་ཡོད།

ཉི་འཛིན། (Solar Eclipse)

ཉི ་ འཛི ན ་ནི ་ བོ ད ་ཚེ ས ་སུམ་ཅུའམ་གནམ་གང་ ཉིན་མོར་ཆགས་ཀྱི་ཡོད།

འོན་ཀྱང་གནམ་གང་

ནམ་ཡིན་ལ་ཉི་འཛིན་ཡོང་བའི་ངེས་པ་མེད།

ཉི་

འཛིན་སྐབས་ཉི་མ་དང། ཟླ་བ། སའི་གོ་ལ་བཅས་

དྲང་ཐིག་གཅིག་གི་སྟེང་ཁེལ་སྐབས་ཟླ་བའི་གྲིབ་

གཟུགས་ཀྱིས་སའི་གོ་ལའི་ཆ་ཤ ས་ཤིག་འགྲིབ་ཀྱི་ ཡོད།

ཟླ་འཛིན།

(Lunar Eclipse)

ཟླ་འཛི ན ་ནི ་ བོ ད ་ཚེ ས ་བཅོ ་ ལྔ་ཟླ་བ་ཉ་གང་བའི ་

མཚན་མོར་ཆགས་ཀྱི་ཡོད། འོན་ཀྱང་ཚེས་བཅོ་ལྔ་ ནམ་ཡིན་ལ་ཟླ་འཛིན་ཡོང་བའི་ངེས་པ་མེད།

དཔེ་རིས། ༦་༨

ཟླ་འཛིན་སྐབས་ཉི་མ་དང། སའི་གོ་ལ། ཟླ་བ་བཅས་དྲང་ཐིག་

གཅིག་སྟེང་ཁེལ་སྐབས་སའི་གོ་ལའི་གྲིབ་གཟུགས་ཀྱིས་ཟླ་བ་འགྲིབ་ཀྱི་ཡོད།

སློབ་མ་ཚོ།

ཐུགས་སྣང་དགོས་པ།

ཉི་འཛིན་སྐབས་ཉི་མར་མིག་གིས་ཐད་ཀར་བལྟ་མི་རུང་།

ལགས་ཀྱིས་སློབ་མ་ཚོར་ལམ་སྟོན་ངེས་པར་དུ་གནང་དགོས།

68

རྒན་ དཔེ་རིས། ༦་༩


སྦྱོང་ཚན།

ཀ༽

གཤམ་གསལ་མིང་ཚིག་གང་འོས་བར་སྟོང་ནང་ལ་རྒྱོངས།

འོད་ནི་..................... འགྲོ་ཡི་ཡོད།

གྲིབ་གཟུགས།

༤ ༥

ཁ༽

ཕྱེད་དྭངས་གསལ།

རང་བྱུང།

ཁ་ཐུག

ཉི་འོད།

ཟླ་བ་ལ་..................... གི་འོད་མེད།

དྭངས་ཤེལ་བརྒྱུད་ནས་..................... འགྲོ་ཐུབ་ཀྱི་ཡོད། སྣུམ་ཤ ོག་ནི་..................... གྱི་དངོས་པོ་རེད།

དྭངས་གསལ་དངོས་པོར་..................... ཆགས་མི་ཐུབ། ལན་བྲིས།

ཉི་མ་དང་། གློག མེ་བཅས་ཕུད་པའི་འོད་ཀྱི་འབྱུང་ཁུངས་གཉིས་བྲིས།

ཟླ་འཛིན་སྐབས་ཟླ་བ་དང། ཉི་མ། འཛམ་གླིང་བཅས་ཀྱི་བང་རིམ་གང་འདྲ་ཡོད་དམ།

ག༽

གྲིབ་གཟུགས་ཆགས་པ་ལ་ཆ་རྐྱེན་གང་དང་གང་དགོས་སམ། རྒྱུ་མཚན་བྲིས།

ཉིན་གུང་གྲིབ་གཟུགས་ཐུང་ཤོས་ཡོད།

སྦུ་གུ་ཀྱོག་ཀྱོག་བརྒྱུད་ནས་བལྟས་ན་ཕ་རོལ་གྱི་དངོས་པོ་མཐོང་མི་ཐུབ།

ཕྱེད་དྭངས་གསལ་གྱི་དངོས་པོ་ལས་དྭངས་གསལ་གྱི་དངོས་པོ་བརྒྱུད་ནས་གསལ་བ་མཐོང་ཐུབ།

69


ང༽

དཔེ་རིས་ནང་གི་ཉི་མའི་གནས་སྟངས་མི་འདྲ་བར་བལྟས་ནས་འོས་འཚམ་གྱི་གྲིབ་གཟུགས་འབྲི་ དགོས། དངོས་པོ།

སྔ་དྲོའ ི་གྲིབ་གཟུགས།

ཉིན་གུང་གི་གྲིབ་གཟུགས།

ཕྱི་དྲོའ ི་གྲིབ་གཟུགས།

ཤིང་སྡོང།

དོམ་ཁྲ། དཔེ་རིས། ༦་༡༠

ཅ༽

གཤམ་དུ་གྲིབ་གཟུགས་ལས་བཟོས་པའི་སྲོག་ཆགས་ཀྱི་གཟུགས་བརྙན་མི་འདྲ་བ་རྣམས་ལ་དོ་སྣང་བྱེད་

དགོས། དེ་རྗེས་རང་ངོས་ནས་ཀྱང་དགོང་མོ་གློག་གི་མདངས་ལ་དེ་ལྟ་བུའི་སྲོག་ཆགས་སམ་དངོས་པོ་ གཞན་གྱི་གཟུགས་བརྙན་བཟོ་ཐབས་གྱིས།

70

དཔེ་རིས། ༦་༡༡


• སྒྲའི་ངོ་སྤྲོད།

དགེ་རྒན།

གལ་ཆེའི་གནད་དོན།

• སྒྲ་བསྐྱོ​ོད་ཆེ​ེད་བརྒྱུ​ུད་ལམ་ཞི​ིག་ངེ​ེས་པར་དུ​ུ་དགོ​ོས།

སྒྲ།

• སྒྲའི​ི་མྱུ​ུར་ཚད་དངོ​ོས་པོ​ོའ་ི​ི གནས་བབས་ལ་རག་ལུ​ུས་ཀྱི​ི་ཡོ​ོད་ ཚུ​ུལ།

• སྒྲའི​ི་བྲག་ཅའི​ི་བེ​ེ​ེད་སྤྱོ​ོ​ོད།

• སྐད་ཅོ​ོར་འབགས་བཙོ​ོག་གི​ི་གནོ​ོད་རྐྱེ​ེན།

སློབ་ཚན། ༧ སློབ་མ།

གལ་ཆེའི་ཚིག

སྒྲ།

སྒྲའི་བརྒྱུད་ལམ།

སྒྲའི་བྲག་ཆ།

སྒྲའི་མྱུར་ཚད།

སྐད་ཅོར་འབགས་གཙོག།

བྱེད་སྒོ། ༡

སློབ་ཕྲུག་རྣམས་ཁ་ཁུ་སིམ་པོ་ཡོད་པའི་གནས་ཤ ིག་ཏུ་ཁྲིད་ནས་རང་ཉིད་ཀྱི་འདོད་མོས་ལྟར་ས་ཆ་གང་རུང་

ཞིག་ཏུ་སྡོད་དུ་བཅུག དེ་ནས་སྐར་མ་ཁ་ཤས་རིང་མིག་བཙུམ་སྟེ་གཡས་གཡོན་ལ་ཡག་པོ་ཉན་དུ་བཅུག་ནས་

སློབ་ཕྲུག་སོ་སོས་གོ་བའི་སྒྲ་དང་དེའི་འབྱུང་ཁུངས་གང་ཡིན་རང་ཉིད་ཀྱི་དེབ་ནང་འབྲི་རུ་བཅུག སློབ་ཕྲུག་ཚོར་ རང་གི་མྱོང་ཚོར་རྣམས་ཤོད་དུ་བཅུག་ནས་གོ་བསྡུར་བྱེད་དགོས།

སྒྲ་ཟེར་ན་གང་རེད། སྒྲ་ནི་དངོས་པོ་འདར་འགུལ་བྱས་པ་ལ་བརྟེན་ནས་བྱུང་། དངོས་པོ་གང་ཞིག་ཕར་ཚུར་ ཡང་ཡང་འགུལ་བསྐྱོད་བྱེད་པ་ལ་འདར་འགུལ་ཟེར། ང་ཚོའི་ཁོར་ཡུག་ལ་སྒྲ་སྣ་

ཚོགས་གོ་རྒྱུ་ཡོད། སྒྲ་ཁ་ཤས་ཆེ་བ་དང་ཁ་ཤ ས་ཆུང་བ་ཡོད། དཔེར་ན། ནམ་ མཁར་གནམ་གྲུ་འཕུར་སྐབས་སྒྲ་ཆེན་པོ་ཐོན་གྱི་ཡོད། ཡང་འབུ་ཆུང་ཆུང་གི་

འཕུར་སྒྲ་ཤ ིན་ཏུ་ཆུང་ཆུང་ཡིན་སྟབས་ང་ཚོའི་རྣ་བས་གོ་མི་ཐུབ། སྒྲ་དེ་རིགས་ ཉན་པར་དམིགས་བསལ་འཕྲུལ་ཆས་བེད་སྤྱོད་བྱེད་དགོས། སྒྲ་ཆེ་ཆུང་གང་ འདྲ་ཞིག་ཡིན་རུང་བརྒྱུད་ལམ་ཞིག་བརྒྱུད་ནས་ཡོང་དགོས།

དཔེ་རིས། ༧་༡

71


སྒྲའི་བརྒྱུད་ལམ།

སྒྲ་བསྐྱོད་ཆེད་བརྒྱུད་ལམ་ངེས་པར་དུ་དགོས། ང་ཚོས་གོ་བའི་སྒྲ་མང་ཆེ་བ་རླུང་བརྒྱུད་ཡོང་གི་ཡོད། འོན་ཀྱང་ སྒྲ་ཁ་ཤ ས་བརྒྱུད་ལམ་གཞན་ནས་གོ་ཐུབ། དཔེར་ན། སྲ་གཟུགས་དང་གཤེར་གཟུགས་བརྒྱུད་ནས་ཀྱང་སྒྲ་འགྲོ་ ཐུབ། བརྒྱུད་ལམ་གང་ཡང་མེད་པར་སྒྲ་འགྲོ་མི་ཐུབ།

སྒྲ་ནི་སྲ་གཟུགས་དང་གཤེར་གཟུགས། རླང་གཟུགས་

མི་ཁ་ཤ ས་ཐོག་མར་སྐྱེ་དུས་ནས་རྣ་བ་འོན་པ་ཡིན།

དེ་བཞིན་མི་ཁ་ཤ ས་རྣ་བའི་དབང་པོར་ན་ཚ་དང་སྐྱོན་

གསུམ་ལས་སྲ་གཟུགས་ནང་ཡག་ཤོས་བསྐྱོད་ཐུབ་ཀྱི་ཡོད།

ཆག་བྱུང་བ། ལོ་ན་རྒས་པ་སོགས་ཀྱིས་རྣ་ཤ ེས་ཀྱི་ནུས་པ་ཉམས་ནས་སྒྲ་གོ་བར་དཀའ་ངལ་འཕྲད་ཀྱི་ཡོད། དེར་བརྟེན་སློབ་ཕྲུག་ཚོས་སོ་སོའ ི་རྣ་བའི་དབང་པོར་གཅེས་སྤྲས་གང་ལེགས་བྱེད་དགོས།

སྒྲ་གསལ་མིན་ནི་བརྒྱུད་ལམ་གྱི་གནས་བབས་ལ་རག་ལུ​ུས་ཡོད། བྱེ​ེད་སྒོ​ོ​ོ། ༢

དམི​ིགས་ཡུ​ུལ། རླུང་དང། ཆུ​ུ། སྲ་གཟུ​ུགས་གང་གི​ི་ནང་སྒྲ་ཡག་ཤོ​ོས་འགྲོ་ཐུ​ུབ་པ་གསལ་སྟོ​ོན་བྱ་རྒྱུ​ུ།

དགོ​ོས་མཁོ​ོ། ཕུས་རྒྱབ་པའི་འགྱི​ིག་ཤ ོ​ོ​ོག་ཁུག་མ། ཆུ་རྒྱང་པའི་འགྱི​ིག་ཤ ོ​ོ​ོག་ཁུག་མ། རྒྱུག་པ་། ཞ་སྨྱུ​ུག ཐབས་ལམ། ༡

འཛི​ིན་གྲྭའི​ི་སློ​ོ​ོབ་མ་རྣམས་སྡེ​ེ​ེ་ཚན་དུ​ུ་བགོ​ོས།

དངོ​ོས་གཞི​ི་བྱེ​ེ​ེད་སྒོ​ོ​ོ་མ་བརྩམས་གོ​ོ​ོང་གཤམ་གྱི​ི་སྔོ​ོ​ོན་དཔག་རེ​ེའུ​ུ་མི​ི​ིག་རྒྱོ​ོ​ོངས།

72

སྡེ​ེ་ཚན་སོ​ོ་སོ​ོ​ོར་གོ​ོ​ོང་གི​ི་དགོ​ོ​ོས་མཁོ​ོ་རྣམས་སྤྲོ​ོད།


སྔོ​ོན་དཔག་རེ​ེའུ​ུ་མི​ིག་གི​ི་འགེ​ེངས་ཤོ​ོག། བརྒྱུ​ུད་ལམ།

རླུང་ཡོ​ོད་པའི​ི་འགྱི​ིག་ཤ ོ​ོག་གི​ི་ཁུ​ུག་མ། (རླངས་གཟུགས།)

སྒྲ་གསལ་པོ་གོ་ཡི་རེ​ེ​ེད།

སྒྲ་གསལ་པོ་གོ་ཡི་མ་རེད།

ཆུ​ུ་ཡོ​ོད་པའི​ི་འགྱི​ིག་ཤ ོ​ོག་གི​ི་ཁུ​ུག་མ།(གཤེར་གཟུགས།) རྒྱུག་པ། (སྲ་གཟུགས།)

གོ​ོང་གི​ི་རེ​ེ​ེའུ​ུ་མི​ིག་བཀང་རྗེ​ེས་བྱེ​ེད་སྒོ​ོ​ོ་དེ​ེ​ེ་གཤམ་གྱི​ི་རི​ི​ིམ་པ་ལྟར་བྱོ​ོས།

༡ འགྱིག་ཤ ོག་གི་ཁུག་མ་ཞིག་ནང་ཕུ​ུ་བཏབ་ནས་དེ​ེའི​ི​ི་ཁ་དམ་པོ​ོར་རྒྱོབ།

༢ ཁུ​ུག་མ་དེ​ེ་རང་གི​ི་རྣ་བར་སྦྱར་ནས་རྣ་མཆོ​ོག་གཞན་པ་དེ​ེ་ལག་པས་ཁོ​ོབ།

༣ རང་གི​ི་རོ​ོ​ོགས་པ་ལ་ཞ་སྨྱུ​ུག་ཅིག་ཁུ​ུག་མར་ཐུག་སྟེ། ཞ་སྨྱུག་གཞན་ཞིག་གིས་དེ​ེར་ ཐུ​ུག་ཐུ​ུག་གཞུ​ུ་རུ​ུ་ཆུག

༤ དེ​ེ​ེ་བཞི​ིན་དུ​ུ་ཆུ​ུ་ཡོ​ོད་པའི​ི་ཁུ​ུག་མ་དང་ཤི​ིང་གི​ི་དུ​ུམ་བུ​ུ་ལ་ཡང་གོ​ོང་གསལ་ལྟར་ བརྟག་དཔྱད་བྱས་ནས་ལྟ་ཞིབ་རེ​ེའུ​ུ་མི​ིག་སྐོངས། སྒྲ་

རླངས་གཟུགས། (རླུང་།)

ལྟ་ཞིབ་

གཤེར་གཟུགས། (ཆུ།)

སྲ་གཟུ​ུགས། (རྒྱུག་པ། )

མཐའ་སྡོམ་རྒྱོབ།

༡ རླངས་གཟུགས་དང་། གཤེར་གཟུགས། སྲ་གཟུ​ུགས་གསུམ་བརྒྱུད་སྒྲ་འགྲོ་ཐུ​ུབ།

༢ རླངས་གཟུགས་དང་། གཤེར་གཟུགས། སྲ་གཟུ​ུགས་གསུམ་གང་བརྒྱུད་སྒྲ་ཡག་ ཤོས་འགྲོ་ཐུ​ུབ།

དཔེ་རིས། ༧་༢

73


བྱེ​ེད་སྒོ​ོ​ོ། ༣

དམིགས་ཡུལ། རྩེད་ཆས་ཁ་པར་བཟོས་ནས་བེད་སྤྱོད་གཏོང་རྒྱུ། དགོ​ོས་མཁོ​ོ། ལྕགས་ཀྲིན་གཉིས། སྐུད་པ།

ཐབས་ལམ། དཔེ་རིས་ནང་བསྟན་པ་བཞིན་སློབ་ཕྲུག་གཉིས་ རེས་རྩེད་ཆས་ཁ་པར་རེ་བཟོས།

སློབ་མ་རྣམས་འཛིན་གྲྭའི་ཕྱི་ལ་འཁྲིད་ནས་རང་གིས་བཟོས་པའི་ ཁ་པར་བེད་སྤྱོད་བཏང་ནས་ལྟ་ཞིབ་བྱོས།

མཐའ་བསྡོམས་རྒྱོབ།

གོང་གི་བྱེད་སྒོ་དེ་ནས་ཁྱེད་ཀྱིས་སྒྲ་དང་འབྲེལ་བའི་གནད་དོན་གང་ཤ ེས་སོང་ངམ།

དཔེ་རིས། ༧་༣

སྒྲའི​ི་བྲག་ཅ། (Echo)

འོད་དེ་དངོས་པོར་ཕོག་ནས་ལྡོག་འཕྲོ་བྱེད་པ་བཞིན། སྒྲ་ཡང་དངོ​ོས་པོར་ཕོག་ནས་ལྡོག་འཕྲོ་བྱེད་ཐུབ་ཀྱི་ཡོད། དེ་ལྟར་ཕྱི​ིར་ལྡོ​ོག་ཡོ​ོང་བའི​ི་སྒྲ་ལ་བྲག་ཅ་ཟེར།

ཁང་སྟོང་ཆེན་པོའ ི་ནང་དང་བྲག་རི་སོགས་ཀྱི་འཁྲིས་ནས་སྐད་

བརྒྱབ་ན་བྲག་ཅ་གོ​ོ་ཐུ​ུབ་ཀྱི​ི་རེ​ེ​ེད། སྲོག་ཆགས་ཁ་ཤ ས་བྲག་ཅ་ལ་བརྟེ​ེན་ནས་ཕན་ཚུ​ུན་འབྲེ​ེལ་བ་དང་ཟས་འཚོ​ོལ་ གྱི​ི་ཡོ​ོ​ོད། དཔེ​ེ​ེར་ན། ཌོ​ོལ་ཕི​ིན་དང་ཕ་ཝང་ལྟ་བུའོ། ། སྲོག་ཆགས་དེ་དག་རང་གིས་

འདོན་པའི་སྒྲ་དེ་ཉ་དང་འབུ་སྲིན་སོགས་ལ་ཕོག་རྗེས་རང་ངོས་སུ་ལྡོག་ཡོང་བ་དེ་ལ་ བརྟེན་ནས། རང་གི་ཟས་དེ་གང་དུ་ཡོད་མེད་ཤ ེས་ཐུབ།

ཚན་རིག་པས་སྒྲའི་བྲག་ཅ་བེད་སྤྱོད་བྱས་ནས་རྒྱ་མཚོའི་གཏིང་ཚད་འཇལ་རྒྱུ་དང་ མཚོའི་ནང་དངོས་པོ་འཚོལ་ཐབས་བྱེད་ཀྱི་ཡོད།

74

དཔེ་རིས། ༧་༤


སྐད་ཅོ​ོར་གྱི​ི་འབག་བཙོ​ོག། (Noise Pollution)

སློ​ོབ་མ་ཚོ​ོ། དོ​ོན་མེ​ེད་རྒྱང་བསྒྲགས་བེ​ེད་སྤྱོ​ོད་བྱེ​ེ​ེད་པ་དང། ཤོ​ོག་པག་སྤར་བ། དེ​ེ་བཞི​ིན་མོ​ོ་ཊའི​ི་དུ​ུང་སྒྲ་སོ​ོགས་མི​ི་ སྙན་པའི​ི་སྒྲ་སྣ་ཚོགས་ལ་བརྟེ​ེན་ནས་ཁོ​ོར་ཡུ​ུག་ནང་སྐད་ཅོ​ོར་གྱིས་ཁེ​ེངས་ཀྱི​ི་ ཡོ​ོ​ོད། དེ​ེ་ལ་སྐད་ཅོ​ོར་གྱི​ི་འབག་བཙོ​ོག་ཀྱང་ཟེ​ེར། སྐད་ཅོ​ོར་དེ​ེ་རི​ི​ིགས་ཀྱི​ིས་ང་

ཚོ​ོའི​ི​ི་རྣ་བའི​ི་གོ​ོ​ོ་ཐོ​ོ​ོས་ཀྱི​ི་ནུ​ུས་པ་ཉམས་རྒུ​ུད་གཏོ​ོང་བར་མ་ཟད། སུན་པོ་བཟོ་ བ་དང་། རྣ་བ་འོ​ོན་པ་བཟོ​ོ་སྲི​ིད་པས། སྐད་ཅོ​ོར་དེ​ེ་རི​ི​ིགས་ངེ​ེས་པར་དུ​ུ་སྤོ​ོང་ དགོ​ོས། དེ​ེར་བརྟེ​ེན་ང་ཚོ​ོས་དུ​ུས་རྟག་ཏུ​ུ་གཞན་ལ་འབྲེ​ེལ་བ་བྱེ​ེད་སྐབས་ཞི​ི་ འཇམ་ངང་སྐད་ཆ་ཤ ོ​ོད་དགོ​ོས།

དཔེ་རིས། ༧་༥

སྡེ་ཚན་བྱེད་སྒོ།

སློབ་མ་རྣམས་ཉུང་མཐར་སྡེ་ཚན་བཞི་ལ་བགོས་ནས། སྡེ་ཚན་རེ་ལ་གཤམ་གྱི་ལས་གནས་རེ་སྤྲོད།

སྡེ་ཚན་སོ་སོས་རང་གི་ལས་གནས་དང་འབྲེལ་ནས་སྐད་ཅོར་གྱི་འབག་བཙོག་ཉུང་དུ་གཏོང་བའི་ཐབས་ལམ་ གང་མང་ཐོ་འགོད་གྱིས། འཛིན་གྲྭའི་ནང་གྲོས་བསྡུར་བྱོས། ལས་གནས། ཁ་ལོ་བ།

ཉེན་རྟོག་པ། དགེ་ཆེ།

སློབ་མ།

ཐབས་ལམ།

• དཔེར་ན། དོན་མེད་དུང་སྒྲ་མ་བརྒྱབ། •

འབག་བཙོག་འགོག་པའི་མཚོན་རྟགས།

• • • • • •

75


ཀ༽ གཤམ་གྱི​ི་དྲི​ི​ི་བ་རྣམས་ལ་ལན་རྒྱོ​ོབ།

སྦྱོ​ོང་ཚན།

སྒྲ་གང་འདྲ་བྱས་ནས་ཐོན་གྱི་ཡོད།

རླུང་དང་། ཆུ​ུ། སྲ་གཟུ​ུགས་གསུ​ུམ་ལས་གང་གི​ི་ནང་སྒྲ་ཡག་ཤོ​ོས་བསྐྱོ​ོད་ཐུ​ུབ་བམ།

སྒྲ་ཡི་བྲག་ཅ་ཟེར་ན་གང་ཡིན།

སྒྲ་གོ་ཐུབ་པར་ཆ་རྐྱེན་གང་དགོས།

ཁ༽ རྒྱུ​ུ་མཚན་བྲི​ིས། ༡

གལ་ཏེ་ང་ཚོ​ོས་ཟླ་བའི​ི་སྟེང་གཞས་བཏང་ན་གོ​ོ་མི​ི་ཐུ​ུབ།

སྨན་ཁང་དང་སློ​ོབ་གྲྭའི​ི་ཉེ​ེ​ེ་འགྲམ་དུ​ུ་མོ་ཊའི་དུ​ུང་བརྡ་རྒྱག་མི​ི་ཆོ​ོག

རི་བོང་སོགས་སྲོག་ཆགས་འགའ་ཤས་ལ་རྣ་མཆོ​ོག་ཆེ​ེན་པོ​ོ་ཡོ​ོ​ོད།

མཚུངས་དཔེའི་བྱེད་སྒོ། སྒྲ་ནི་འོད་དང་འདྲ་བ་ཡིན།

76

དཔེར་ན། འོད་དང་སྒྲ་གཉིས་ཀར་འབྱུང་ཁུངས་ཡོད།


ང་ཚོའི་ཉེ་འཁོར་གྱི་འགྱུར་ལྡོག་ཁག།

དགེ་རྒན།

སློབ་ཚན། ༨

སློབ་མ།

གལ་ཆེའི་གནད་དོན་ཁག

གལ་ཆེའི་ཚིག

• མགྱོགས་འགྱུར།

• ཉེ་འཁོར་འགྱུར་ལྡོག་གྱི་ངོ་སྤྲོད།

• མགྱོགས་འགྱུར་དང་དལ་འགྱུར།

• བསྐྱར་ལོག་ཐུབ་པ་དང་བསྐྱར་ལོག་མི་ཐུབ་པའི་འགྱུར་བ། • འདོད་པའི་འགྱུར་བ་དང་མི་འདོད་པའི་འགྱུར་བ། • གཟུགས་འགྱུར་དང་རྫས་འགྱུར།

• དལ་འགྱུར།

• བསྐྱར་ལོག་ཐུབ་པའི་འགྱུར་བ།

• བསྐྱར་ལོག་མི་ཐུབ་པའི་འགྱུར་བ། • འདོད་པའི་འགྱུར་བ།

• དུས་ངེས་པ་དང་དུས་མ་ངེས་པའི་འགྱུར་བ།

• མི་འདོད་པའི་འགྱུར་བ།

གལ་སྲིད་ཁྱེད་ཚོར་གཡས་གཡོན་གྱི་དངོས་པོ་རྣམས་དངོས་པོ་གཞན་ལ་བསྒྱུར་ཐུབ་པའི་དམིགས་བསལ་གྱི་ ནུས་པ་ཡོད་ན་ཁྱེད་ཀྱིས་གང་དང་གང་འགྱུར་འདོད་དམ།

ང་ཚོར་དངོས་པོ་ཐམས་ཅད་རང་གི་འདོད་པ་ལྟར་བསྒྱུར་ཐུབ་པའི་ནུས་པ་མེད་ཀྱང་ཉེ་འཁོར་ལ་ཡོད་པའི་དངོས་

དཔེ་རིས། ༨་༡

77


པོ་ཁ་ཤ ས་ལ་འགྱུར་བ་གཏོང་ཐུབ།

དེ་བཞིན་རང་བྱུང་ཁམས་ནང་འགྱུར་བ་མང་དག་ཞིག་འགྲོ་བཞིན་ཡོད།

དཔེར་ན། ཉིན་མོ་མཚན་མོར་འགྱུར་བ་དང་ལོ་གཅིག་གི་ནམ་དུས་རྣམས་གཅིག་ནས་གཞན་དུ་འགྱུར་བ་ལྟ་བུ་ ཡིན། དེ་དང་འདྲ་བའི་འགྱུར་བ་མང་པོ་ཞིག་ཡོད་པ་དེ་དག་སློབ་ཕྲུག་ཚོས་སྡེ་ཚན་སོ་སོར་བགོས་ནས་གཤམ་ འོག་གི་རེའུ་མིག་ནང་སྐོངས། གནད་དོན།

མིའི་གཟུགས་པོའ ི་འགྱུར་བ།

དཔེར་ན། ༡) མགོ་བོའ ི་སྐྲ་དང་སེན་མོ་རིང་དུ་སྐྱེ་བ། ༢)

༡)

གྲོང་ཁྱེར་ནང་གི་འགྱུར་བ།

༢)

ནགས་ཚལ་ནང་གི་འགྱུར་བ།

༢)

སློབ་གྲྭའི་ནང་གི་འགྱུར་བ།

འགྱུར་བ།

༡)

༡)

༢)

རང་བྱུང་ཁམས་ནང་འགྲོ་བཞིན་པའི་འགྱུར་བ་རྣམས་སྡེ་ཚན་མི་འདྲ་བ་མང་པོ་ཡོད་པ་ལས། གཤམ་གསལ་སྡེ་ཚན་ཁག་སྐོར་རགས་ཙམ་སྦྱང་རྒྱུ་ཡིན།

༡)

༢)

(Slow and Fast change)

བསྐྱར་ལོག་ཐུབ་པའི་འགྱུར་བ་དང་བསྐྱར་ལོག་མི་ཐུབ་པའི་འགྱུར་བ། (Reversible

change)

78

མགྱོགས་འགྱུར་དང་དལ་འགྱུར་།

འདིར་ང་ཚོས་

and irreversible


༣) ༤)

འདོད་པའི་འགྱུར་བ་དང་མི་འདོད་པའི་འགྱུར་བ་ (Desirable and

undesirable change)

དུས་ངེས་པའི་འགྱུར་བ་དང་དུས་མ་ངེས་པའི་འགྱུར་བ་(Periodic

and non-periodic change)

༥) གཟུགས་འགྱུར་དང་རྫས་འགྱུར་(Physical and Chemical change)

ཀ) མགྱོགས་འགྱུར་དང་དལ་འགྱུར།

(Slow and fast change)

སློབ་ཕྲུག་ཚོ། ཁྱེད་ཚོས་ཤོག་བུ་ཞིག་བཟུང་ནས། ཡང་ལའི་མེ་ལྕེ་སྟེང་དུ་བཟུང་དང་།

དཔེ་རིས། ༨་༢

བུ་དེ་ལམ་སེང་མེས་འཚིགས་ཏེ་དུས་ཚོད་ཐུང་ཐུང་ཞིག་གི་ནང་གོ་ཐལ་ལ་འགྱུར་འགྲོ་ཡི་རེད།

ཤོ ག ་

འགྱུར་བ་དེའི་

རིགས་ལ་མགྱོགས་འགྱུར་ཟེར། ཡང་ལྕགས་ལ་བཙའ་རྒྱག་པ་དང་འོ་མ་ནས་ཞོ་ཆགས་པ་སོགས་ལ་དུས་ཚོད་ རིང་ཙམ་འགོར་བས། འགྱུར་བ་དེ་དག་ལ་དལ་འགྱུར་ཟེར།

བྱེད་སྒོ། ༡

སློབ་གྲྭའི་ནང་འགྲོ་བའི་འགྱུར་བ་གང་མང་ལ་དོ་སྣང་གིས། དེ་དག་མགྱོགས་འགྱུར་དང་དལ་འགྱུར་གང་ཡིན་ ངོས་འཛིན་གྱིས་གཤམ་གྱི་རེའུ་མིག་ནང་སྐོངས། མགྱོགས་འགྱུར།

དལ་འགྱུར།

ང་ཚོས་རང་གི་དགོས་མཁོ་ལ་བརྟེན་ནས་འགྱུར་བ་རྣམས་མགྱོགས་སུ་གཏོང་བའམ། ཡང་ན་དལ་དུ་གཏོང་

ཐབས་བྱེད་ཐུབ། དཔེར་ན། ལྕགས་ལ་བཙའ་བརྒྱབ་པ་དེ་དལ་འགྱུར་ཡིན་ཡང་། དེ་ད་དུང་དལ་དུ་གཏོང་འདོད་ ན་སྣུམ་དང་རྩི་སོགས་བྱུགས་དགོས། ཁ་ལག་མགྱོགས་པོ་བཙོ་བའི་ཆེད་རླངས་བཀག་བྱེད་ཐུབ།

79


ཁ༽བསྐྱར་ལོག་ཐུབ་པའི་འགྱུར་བ། (Reversible change)

བསྐྱར་ལོག་ཐུབ་པའི་འགྱུར་བ་ནི་ཐོག་མའི་རང་གཟུགས་ལ་བསྐྱར་དུ་ལོག་

ཐུབ་པའི་ནུས་པ་ལྡན་པའི་འགྱུར་བ་ལ་ཟེར། དཔེར་ན། འཁྱགས་པ་བཞུར་བ་ ལྟ་བུའོ།

བསྐྱར་ལོག་མི་ཐུབ་པའི་འགྱུར་བ། (Irreversible change)

དཔེ་རིས། ༨་༣

བསྐྱར་ལོག་མི་ཐུབ་པའི་འགྱུར་བ་ནི་ཐོག་མའི་རང་གཟུགས་ལ་བསྐྱར་དུ་ ལོག་མི་ཐུབ་པའི་འགྱུར་བ་ལ་ཟེར། བ་ལྟ་བུའོ། །

འགྱུར་བ།

གྲོ་ནས་གྲོ་ཞིབ།

བྱིས་པ་ནས་རྒན་པོ། སོན་ནས་རྩི་ཤ ིང་།

ཤེལ་ཕོར་ཆག་པ།

ཆུ་ནས་འཁྱགས་པ།

80

འོ་མ་ནས་ཞོ་བཟོ་

གཤམ་གསལ་རེའུ་མིག་ཁ་རྒྱོངས།

གོས་རློན་སྐམ་པ། དཔེར་ན། བལ་ནས་སྐུད་པ།

དཔེར་ན།

ཐུབ།

བསྐྱར་ལོག་ཐུབ་བམ་མི་ཐུབ།

དཔེ་རིས། ༨་༤


ཤིག་ཏོག་སྨིན་པ། སྒོ་ང་བཙོས་པ།

ཤིང་ནས་སོལ་བ།

༣༽ འདོད་པའི་འགྱུར་བ་དང་མི་འདོད་པའི་འགྱུར་བ། (Desirable and undesirable change )

ང་ཚོའི་ཉེ་འཁོར་ལ་འགྲོ་བཞིན་པའི་འགྱུར་བ་གང་ཞིག་ང་ཚོར་ཕན་ཐོགས་ཅན་གྱི་འགྱུར་བ་ཡིན་ན་དེ་འདོད་པའི་ འགྱུར་བ་ཡིན།

ཚལ་དང་གྲོ་ཞིབ་ནས་ཁ་ལག་བཟོས་བ། འོ་མ་ཞོར་འགྱུར་བ།

རྩི་ཤིང་སྐྱེ་འཕེལ་བྱེད་པ། ནམ་དུས་འགྱུར་བ།

ཆུ་དང་རླུང་ནས་གློག་འདོན་པ།

ང་ཚོའི་གཡས་གཡོན་དུ་འགྲོ་བཞིན་པའི་འགྱུར་བ་གང་ཞིག་ང་ཚོར་གནོད་འཚེ་ཡོད་ན་ འགྱུར་བ་དེ་མི་འདོད་པའི་འགྱུར་བ་ཡིན། ཁ་ལག་སོགས་རུལ་བ།

ཚལ་དང་ཤིང་ཏོག་རྣམས་བེད་མེད་དུ་འགྱུར་བ།

གྱོན་ཆས་ཚོན་མདོག་ལོགས་པ།

རང་འབྱུང་གི་ཆུ་ལོག་དང་ས་ཡོམ་གྱི་བར་ཆད་བྱུང་བ། ཅ་ལག་གས་ཆག་ཕྱིན་པ།

དཔེ་རིས། ༨་༥

81


བྱེད་སྒོ། ༢

དཔེ་རིས། ༨་༧

དཔེ་རིས། ༨་༦

སློབ་ཕྲུག་ཚོ། ང་ཚོའི་ཉིན་རེའི་འཚོ་བའི་ནང་འདོད་པ་ཡོད་པ་དང་འདོད་པ་མེད་པའི་འགྱུར་བ་མང་པོ་ཞིག་

འབྱུང་གི་ཡོད། ཁྱེད་ཀྱིས་དེ་ཚོ་རེ་རེའི་དཔེར་བརྗོད་དྲན་གསོས་པ་གནང་སྟེ་རེའུ་མིག་ནང་ཐོ་འགོད་བྱེད་ཐུབ་ བམ། ༡

༢ ༣ ༤

འདོད་པའི་འགྱུར་བ།

ལྕི་བ་ལུད་དུ་བསྒྱུར་བ།

མི་འདོད་པའི་འགྱུར་བ།

ཆར་དུས་སྐབས་གཙང་ཆུ་ནས་ཆུ་ལོག་བྱུང་བ།

༣ ༤

ང་ཚོས་རྟག་ཏུ་འདོད་པའི་འགྱུར་བ་དེ་མགྱོགས་པོར་འོང་བར་འབད་བརྩོན་དང་ཐབས་ཤ ེས་བྱེད་ཀྱི་ཡོད།

དཔེར་ན། ཤིང་སྡོང་བཅད་ན་ཁོར་ཡུག་དང་གནམ་གཤིས་ལ་གནོད་འཚེ་ཤུགས་ཆེན་པོ་ཡོང་གི་ཡོད་པར་བརྟེན་ ཤིང་སྡོང་གཅོད་རྒྱུར་འགག་པ་དང་རྩི་ཤིང་འདེབས་འཛུགས་བྱེད་པར་རྒྱབ་སྐྱོར་དང་སྐུལ་མ་བྱེད་ཀྱི་ཡོད། དེ་བཞིན་མཚོ་ཆུང་ནང་ཉ་འཕེལ་རྒྱུ་དེ་འདོད་པའི་འགྱུར་བ་ཞིག་ཡིན། ཉ་པ་ཚོས་ཉ་གྲངས་མང་པོ་འཕེལ་

ཕྱིར་ཐབས་བྱུས་སྣ་ཚོགས་གཏོང་གི་ཡོད། ཤིང་ཏོག་སྨིན་པ་ཡང་འདོད་པའི་འགྱུར་བ་ཞིག་ཡིན། དེང་སྐབས་ཤིང་

82


ཏོག་རྣམས་རང་བྱུང་སྨིན་དུས་ལས་སྔོན་དུ་སྨིན་ཆེད་ཚན་རིག་བེད་སྤྱོད་ཀྱི་ཡོད། ལག་ལེན་འདིས་ཐོན་སྐྱེད་ལ་ ཁེ་བཟང་ཡག་པོ་ཡོང་གི་ཡོད། ༣༽ དུས་ངེས་པའི་འགྱུར་བ་དང་དུས་མ་ངེས་པའི་འགྱུར་བ། (Periodic and Non-periodic change)

འགྱུར་བ་གང་ཞིག་དུས་ཡུན་ངེས་གཏན་ཞིག་གི་རྗེས་སུ་བསྐྱར་དུ་ཡོང་བ་དེ་ལ་དུས་ངེས་པའི་འགྱུར་བ་

(Periodic change) ཟེར།

དཔེར་ན།

• ཉིན་གཅིག་ནང་ཞོགས་པ་དང་ཉིན་གུང། དགོང་མོ་བཅས་དུས་ཚོད་འགྱུར་བ། • ཟླ་བ་གཅིག་ནང་གནམ་གང་དང་ཚེས་བཅོ་ལྔ་རེས་མོས་ཀྱིས་ཡོང་བ།

ཡང་དྲག་རླུང་(Hurrican) དང་ས་ཡོམ་ལྟ་བུའི་འགྱུར་བ་ལ་བསམ་བློ་ཐོངས་དང། དེ་ ཚོ་ག་དུས་ཡིན་ཡང་ཡོང་སྲིད།

འགྱུར་བ་འདི་དག་འོང་བ་ལ་དུས་ཚོད་ངེས་གཏན་

དཔེ་རིས། ༨་༨

གང་ཡང་མེད། དེར་བརྟེན་འགྱུར་བ་དེ་ཚོ་དུས་མ་ངེས་པའི་འགྱུར་བ་(Non-periodic change)

ཡིན། ཤིང་སྡོང་ནས་ཤིང་ཏོག་སྨིན་ནས་སར་ལྷུང་བ་དང། ཧབ་སྦྲིད་རྒྱབ་པ། གློག་ཤ ི་བ། ཆར་པ་བབས་པ་ལྟ་ བུ་ནི་དུས་མ་ངེས་པའི་འགྱུར་བ་ཡིན། བྱེད་སྒོ། ༣

གཤམ་གྱི་རེའུ་མིག་ནང་དུས་ངེས་པའི་འགྱུར་བ་དང་དུས་མ་ངེས་པའི་འགྱུར་བ་གསུམ་རེ་རང་ངོས་ནས་བྲིས། དུས་ངེས་པའི་འགྱུར་བ།

དུས་མ་ངེས་པའི་འགྱུར་བ།

83


དུས་ངེས་པའི་འགྱུར་བ་ནི་དུས་ཡུན་ངེས་ཅན་ཞིག་གི་རྗེས་སུ་བསྐྱར་དུ་ཡོང་གི་ཡོད། དེར་བརྟེན་འགྱུར་པ་དེ་

དག་ག་དུས་ཡོང་མིན་ཚོད་དཔག་བྱེད་ཐུབ་པ་དང་དེའི་འབྲས་བུ་ཇི་ལྟར་བྱུང་བའི་ཐད་གདོང་ལེན་གྲ་སྒྲིག་སྔོན་ ཚུད་ནས་བྱེད་ཐུབ།

དཔེར་ན། དགུན་ཁ་སླེབས་པར་ལུས་མི་གྲང་བའི་གདོང་ལེན་བྱ་ཆེད་ང་ཚོས་བལ་གོས་ཉོས་ཏེ་གྲ་སྒྲིག་བྱེད་པ་ ལྟ་བུའོ། །

དུས་མ་ངེས་པའི་འགྱུར་བར་ཚོད་དཔག་བྱ་རྒྱུ་ཁག་པོ་ཡོད། ཡིན་ནའང་འགྱུར་བ་དེའི་རིགས་ཀྱིས་འགྲོ་བ་མི་ རྣམས་ལ་གནོད་པ་ཆེན་པོ་སྐྱལ་གྱི་ཡོད་པས་ག་དུས་ཡིན་ཡང་སྔོན་འགོག་གྲ་སྒྲིག་དགོས།

དཔེར་ན།

ང་ཚོས་གནམ་གཤིས་སྔོན་དཔག་བྱ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད། ཆར་ཞོད་ཆེན་པོ་དང། ཆུ་

ལོག་ལྟ་བུ་ཡོང་བ་ཤེས་ན་ང་ཚོས་དེའི་རྐྱེན་ལས་བྱུང་བའི་ཆག་སྒོ་ལས་སྐྱོབ་ཕྱིར་གྲ་སྒྲིག་དང་འཆར་གཞི་བཟོ་ ཐུབ།

༥༽གཟུགས་འགྱུར་དང་རྫས་འགྱུར། (Physical and Chemical change)

སློབ་ཕྲུག་ཚོ། ད་བར་ང་ཚོས་རང་གི་ཉེ་འཁོར་ནང་ཡོད་པའི་འགྱུར་བའི་དབྱེ་བ་འབྱེད་ཐབས་མང་དག་ཅིང་

སྦྱངས་ཡོད་མོད། འོན་ཀྱང་ང་ཚོས་རྫས་ཀྱི་རང་བཞིན་ལ་འགྱུར་བ་ཕྱིན་ཡོད་མེད་བསམ་བློ་བཏང་མེད། འགྱུ​ུར་ བ་ཁ་ཤ ས་སྐབས་དངོས་པོ་དེ་སྒྲུབ་བྱ་རྫས་སྦྱོར་ལ་འགྱུར་བ་འབྱུང་གི་ཡོད།

རྫས་ལ་དམིགས་བསལ་ཁྱད་ཆོས་མང་པོ་ཡོད། འགྱུར་རྫས་ཀྱི་དམིགས་བསལ་ཁྱད་ནུས་དང་དེ་ལས་བྱུང་

བའི་གྲུབ་རྫས་ལ་ཞིབ་བལྟ་བྱས་རྗེས། ང་ཚོས་འགྱུར་བ་དེས་རྫས་གསར་པ་ཞིག་བསྐྲུན་ཡོད་མེད་ཤ ེས་ཐུབ། བྱ་ རིམ་གང་གི་ནང་དུ་ཐོག་མའི་རྫས་རྣམས་རྫས་གསར་པ་ཞིག་ཏུ་འགྱུར་ཡོད་པ་དེ་ལ་རྫས་འགྱུར་(Chemical

reaction) ཟེར། རྫས་འགྱུར་སྔོན་གྱི་རྫས་རྣམས་ལ་འགྱུར་རྫས་(Reactant) དང་། རྫས་འགྱུར་རྗེས་གྱི་རྫས་

གསར་པ་ལ་གྲུབ་རྫས་(Product) ཟེར། འགྱུར་རྫས་དང་གྲུབ་རྫས་གཉིས་ཀྱི་ཁྱད་ཆོས་མི་འདྲ་བ་ཡོད།

84


ཁྱེད་ཚོས་ཤ ེས་གསལ་ལྟར་ཁྱགས་པ་ཆུར་བསྒྱུར་ཐུབ་ཅིང། ཆུ་ནི་རླངས་པར་བསྒྱུར་ཐུབ། ཆུ་ནི་སྲ་གཟུགས་ ནས་གཤེར་གཟུགས་དང། གཤེར་གཟུགས་ནས་རླངས་གཟུགས་སུ་བསྒྱུར་ཐུབ། བྱ་རིམ་འདི་ཚོའི་ནང་རྫས་

གསར་པ་གྲུབ་མེད། འགྱུར་བ་གང་ཞིག་དངོས་པོའ ི་རྣམ་པ་འགྱུར་བ་ཙམ་ལས་རྫས་གསར་པ་མ་གྲུབ་པ་དེ་ལ་

གཟུགས་ཀྱི་འགྱུར་བ་ཟེར། ཤོག་བུ་དབྲལ་བ་དང། རྫས་ཕྱེ་མར་བཟོས་པ། ཚྭ་དང་བྱེ་མ་ཀ་ར་ཆུ་ནང་བཞུ་འདྲེས་ བྱེད་པ། ནམ་དུས་ཀྱི་འགྱུར་བ་བཅས་ནི་གཟུགས་འགྱུར་བའི་དཔེ་མཚོན་ཡིན།

བྱེད་སྒོ། ༤

དཔེ་རིས། ༨་༩

ལྕགས་ཕོར་ཞིག་གི་ནང་བྱེ་མ་ཀ་ར་ཏོག་ཙམ་བླུགས་ཏེ། མེའི་སྟེང་བཞག་སྟེ་ཚ་པོ​ོ་བཟོས། བྱེ་མ་ཀ་ར་ལ་འགྱུར་བ་ཇི་ལྟར་འབྱུང་བ་ལྟོས་དང།

བྱེ་མ་ཀ་ར་ཚ་པོ་ཆགས་པ་དང་བཞུ་འགོ་ཚུགས་པ་ཁྱེད་

ཀྱིས་མཐོངཐུབ། བྱེ་མ་ཀ་ར་ཞུན་མ་དེ་སྨུག་པོར་གྱུར་ཏེ་མཐར་ནག་པོར་ཆགས། བྱེ་མ་ཀ་ར་དེ་མུ་མཐུད་ནས་ ཚ་པོ​ོ་བཟོས་ཏེ་དེ་ཤེལ་ལེབ་ཅིག་གི་སྟེང་བཞག་པ་ཡིན་ན། ཆུ་རླངས་ཀྱི་རྐྱེན་བྱས་ཏེ་དེ་དག་རླངས་པར་འགྱུར་

བ་ཁྱེད་ཀྱིས་མཐོང་ཐུབ། མཐའ་མ་རྫས་ནག་པོ་ཞིག་ལྷག་ཡོད་པ་དེ་ནི་སོལ་བ་ཡིན། བྱ་ཐབས་འདི་ལ་བྱེ་ཀར་ སོལ་འགྱུར་(Charring of sugar ) ཡང་ཟེར།

ང་ཚོས་བྱེ་ཀར་ཚ་པོ​ོ་བཟོས་པའི་འབྲས་བུར་རྫས་གསར་ཆུ་དང་སོལ་བར་གྲུབ་པ་མཐོང།

དེ་ཚོར་བྱེ་ཀར་དང་

ཐ་དད་པའི་ཁྱད་ཅོས་མང་པོ་ཡོད། རྫས་གསར་དེ་དག་ནས་སླར་ཡང་བྱེ་མ་ཀ་ར་རག་མི་ཐུབ། འགྱུར་བ་གང་གི་ ནང་དུ་རྫས་གསར་གྲུབ་པ་དེ་ལ་རྫས་ཀྱི་འགྱུར་བ་ཟེར། ཟས་འཇུ་བ་དང། ཤིང་ཏོག་སྨིན་པ་བཅས་ནི་དེའི་དཔེ་ མཚོན་ཁ་ཤ ས་ཡིན།

85


དཔེ་རིས། ༨་༡༠

ཀ) དྲི་བ་རྣམས་ལ་ལན་ཐོབ།

སྦྱོང་ཚན།

༡)

དལ་འགྱུར་དང་མགྱོགས་འགྱུར་གྱི་གོ་དོན་བྲིས།

༣)

ཁྱེད་ཀྱི་རྩེད་ཆས་ཤིག་དུམ་བུར་ཆག་ན། དེ་ལྟ་བུའི་འགྱུར་བ་གང་ཡིན་འགྲེལ་བརྗོད་གྱིས།

༢)

༤)

བསྐྱར་ལོག་ཐུབ་པའི་འགྱུར་བ་དང་བསྐྱར་ལོག་མི་ཐུབ་པའི་འགྱུར་བའི་དབར་གྱི་ཁྱད་པར་བྲིས། ལྕགས་ལ་སྣུམ་དང་རྩི་བྱུག་དགོས་དོན་གང་ཡིན་ནམ།

༥)

མེ་སྤར་བ་ནི་དུས་རྟག་ཏུ་འདོད་པའི་འགྱུར་བ་ཞིག་ཡིན་ནམ། འགྲེལ་བརྗོད་གྱིས།

༧)

གཟུགས་པོ་འཚར་ལོངས་བྱུང་བ་དེ་འདོད་པའི་འགྱུར་བའམ་མི་འདོད་པའི་འགྱུར་བ་གང་ཡིན་རྒྱུ་མཚན་

༦)

86

སའི་གོ་ལའི་དྲོད་ཚད་མཐོ་རུ་འགྲོ་བ་དེ་དལ་འགྱུར་རམ་མགྱོགས་འགྱུར་གང་རེད། བྲིས།


༨)

༩)

ཤིང་སྡོང་གཅོད་བྲེག་རྟག་ཏུ་མི་འདོད་པའི་འགྱུར་བ་ཞིག་ཡིན་ནམ། རྒྱུ་མཚན་སྨྲོས། ཤོག་སྦག་འབར་བ་དེ་འགྱུར་བ་གང་གི་ཁོངས་སུ་གཏོགས།

• བསྐྱར་ལོག་ཐུབ་པའི་འགྱུར་བ།

• བསྐྱར་ལོག་མི་ཐུབ་པའི་འགྱུར་བ།

• བསྐྱར་ལོག་ཐུབ་པ་དང་མི་ཐུབ་པ་གཉིས་ཀ་ཡིན། • གང་ཡང་མ་ཡིན།

ཁ) གཤམ་གསལ་རྣམས་འགྱུར་བ་གང་ཡིན་ངོས་འཛིན་བྱས་ནས་འགྲིག་རྟགས་རྒྱོབ། གནད་དོན།

ཀྲིང་མོག་བཙོས་པ།

མགྱོགས་ འགྱུར།

འདོད་པའི་ མི་འདོད་པའི་ དལ་འགྱུར། འགྱུར་བ། འགྱུར་བ།

བསྐྱར་ལོག་ བསྐྱར་ལོག་ ཐུབ་པའི་ མི་ཐུབ་པའི་ འགྱུར་བ། འགྱུར་བ།

ཁང་པ་ནག་ཁུང་ནང་གློག་ སྤར་བ།

རྡོ་སྣུམ་ཆགས་རིམ། ལྒང་ཕུག་གས་པ།

ལྕོང་མོ་སྦལ་པར་འགྱུར་བ།

སྟོད་ཐུང་གི་གོང་བར་དྲེགས་ པ་ཆགས་པ།

87


དགེ་རྒན།

ཚོར་བའི་དབང་པོ་ལྔ་།

གལ་ཆེའི་གནད་དོན • ང་ཆོའ ི་ཚོར་ཤེས་དབང་པོ།

• གཟུགས།

• སྒྲ།

• སྣ་ཡི་བྱེད་ལས་དང་བདག་གཅེས།

• རོ།

• ལྕེ་ཡི་བྱེད་ལས་དང་བདག་གཅེས།

• ལུས་ཀྱི་བྱེད་ལས་དང་བདག་གཅེས།

སློབ་ཕྲུག།

གལ་ཆེའི་ཚིག

• མིག་གིས་བྱེད་ལས་དང་བདག་གཅེས། • རྣའི་བྱེད་ལས་དང་བདག་གཅེས།

སློབ་ཚན། ༩

• དྲི།

• རེག་བྱ།

འཛམ་གླིང་འདིའི་ནང་སྲོག་ཆགས་འདྲ་མིན་སྣ་ཚོགས་ཡོད། སྲོག་ཆགས་ཚང་མ་ལ་གཟུགས་པོ་རེ་དང།

གཟུགས་པོ་སོ་སོར་ཆ་ཤས་མི་འདྲ་བ་ཡོད་པ་བཞིན། ང་ཚོ་མིའི་གཟུགས་པོ་ལའང་ཕྱིའི་ཆ་ཤ ས་མི་འདྲ་བ་ལག་

པ་དང་། རྐང་པ། མིག། སྣ། རྣ་མཆོག་སོགས་དང་། ནང་གི་ཆ་ཤ ས་སྙིང། གློ་བ། ཀླད་པ། མཆིན་པ། མཁལ་མ་ སོགས་ཡོད་པ་རེད།

སློབ་མ་ཚོ། སྐུ་ཁམས་བཟང། ངའི་མིང་ལ་དོམ་ཁྲ་ཟེར། ང་བོད་ནས་ཡོང་བ་ཡིན། ང་ནི་ཤིང་ནགས་ནང་འཚོ་གནས་བྱེད་མཁན་གྱི་སྲོག་ཆགས་ཞིག་ཡིན། ངས་ཁྱེད་ཚོར་ངའི་གཟུགས་པོའ ི་ཁྱད་ཆོས་ངོ་སྤྲོད་བྱེད་ཀྱི་ཡིན།

དེ་རིང་

ངའི་གཟུགས་པོ་

དང་འཕྲུལ་འཁོར་གཉིས་དབར་ལ་འདྲ་བའི་ཆ་མང་པོ་ཡོད། དཔེར་ན་འཕྲུལ་འཁོར་གྱིས་ཕར་ཚུར་འགྲུལ་བཞུད་

བྱེད་ཐུབ་པ་བཞིན། ངས་གོམ་པ་བརྒྱབ་ནས་ཕར་ཚུར་འགྲོ་ཐུབ་ཀྱི་ཡོད། འཕྲུལ་འཁོར་གྱིས་དུང་བརྡ་གཏོང་ཐུབ་ པ་བཞིན་ངའི་ཁ་ནས་སྒྲ་འདོན་ཐུབ་ཀྱི་ཡོད། འོན་ཀྱང་འཕྲུལ་འཁོར་གྱིས་བྱེད་མི་ཐུབ་པའི་ལས་ཀ་མང་པོ་ཞིག་

ངའི་གཟུགས་པོས་བྱེད་ཐུབ་ཀྱི་ཡོད། དཔེར་ན། ངའི་མིག་ལ་དངོས་པོ་སྣ་ཚོགས་མཐོང་བའི་ནུས་པ་ཡོད་ཀྱང་ འཕྲུལ་འཁོར་ལ་དེ་འདྲའི་ནུས་པ་མེད།

88


གཞན་ཡང་ངའི་ཡ་མཚན་ཅན་གྱི་ཚོར་ཤེས་དབང་པོ་གཞན་རྣམས་ཀྱི་བྱེད་ལས་དང་འཕྲུལ་འཁོར་གྱི་བྱེད་ལས་ དབར་ཁྱད་པར་གང་འདུག་ལྟོས་དང་། དོམ་ཁྲ།

འཕྲུལ་འཁོར།

དཔེར་ན། ངའི་མིག་གིས་མཐོང་ཐུབ།

འཕྲུལ་འཁོར་གྱིས་མཐོང་མི་ཐུབ།

ངའི་རྣ་མཆོག་གིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

འཕྲུལ་འཁོར་གྱིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

ངའི་སྣ་ཡིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

འཕྲུལ་འཁོར་གྱིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

ངའི་ལྕེས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

འཕྲུལ་འཁོར་གྱིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

ངའི་ལུས་ཀྱིས་(པགས་པ་) ༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

འཕྲུལ་འཁོར་གྱིས་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

ད་ཁྱེད་ཚོས་ངའི་གཟུགས་པོ་འདི་ཡ་མཚན་ཅན་གྱི་འཕྲུལ་འཁོར་ལྟ་བུ་ཞིག་ཡིན་པ་ཁས་ལེན་བྱེད་ཐུབ་བམ། གཤམ་དུ་ང་ཚོས་ཚོར་ཤེས་དབང་པོ་ལྔའི་སྐོར་གོ་སྡུར་དང་བརྟག་དཔྱད་བརྒྱུད་ནས་སྦྱང་རྒྱུ་ཡིན།

89


ང་ཚོའི་ཚོར་ཤེས་དབང་པོ། ང་ཚོར་ཚོར་ཤ ེས་དབང་པོ་ལྔ་ཡོད་ཅིང་། དེ་དག་ནི་མིག་དང། རྣ་ བ། སྣ། ལྕེ། ལུས་བཅས་ཡིན། ཚོར་ཤེས་དབང་པོ་དེ་དག་གིས་

གཟུགས་དང་། སྒྲ། དྲི། རོ། རེག་བྱ་བཅས་མྱོང་གི་ཡོད། ཚོར་ཤ ེས་

དབང་པོ་དེ་དག་ལ་བརྟེན་ནས་ང་ཚོས་ཉེ་འཁོར་གྱི་འགྱུར་བ་རྣམས་ ཤེས་ཐུབ་ཀྱི་ཡོད།

༡༽ མིག།

མིག་ནི་ཚོར་བའི་དབང་པོ་གལ་ཆེ་ཤོས་ཤིག་ཡིན།

དཔེ་རིས། ༩་༡

མིག་མ་ཡིན་པའི་

དབང་པོ་གང་གིས་ཀྱང་མཐོང་མི་ཐུབ། ང་ཚོའི་མིག་གིས་གཡས་གཡོན་ གྱི་དངོས་པོའ ི་ཁ་དོག་དང་། ཆེ་ཆུང་། བཟོ་ལྟ་སོགས་མཐོང་ཐུབ་ཀྱི་ཡོད། སྲོག་ཆགས་རིགས་མི་འདྲ་བ་རྣམས་ལ་མིག་གི་བཟོ་ལྟ་དང་ཆེ་ཆུང་ཡང་

དཔེ་རིས། ༩་༢

མི་འདྲ་བ་སྣ་ཚོགས་ཡོད། བྱེད་སྒོ། ༡

དམིགས་ཡུལ། དགོས་མཁོ།

མིག་ཇི་ཙམ་གལ་ཆེན་པོ་ཡིན་མིན་ལྟ་རྒྱུ།

མཇུག་མ་མེད་པའི་རྟའི་རི་མོའ ི་གྱང་སྦྱར།

ཞྭ་སྨྱུག འགྱིག་སུབ། ཁ་དཀྲིས་སམ་རས།

90

དཔེ་རིས། ༩་༣


བྱེད་སྟངས།

༡) རྒན་ལགས་ཀྱིས་གྱང་སྦྱར་དེ་ནག་པང་ངམ་སྦྱར་པང་ཐོག་སྦྱོར།

༢) ཁ་དཀྲིས་ཀྱིས་སློབ་མ་ཞིག་གི་མིག་བཀབ་ནས་གྱང་སྦྱར་ཐོག་གི་རྟའི་མཇུག་མ་འབྲི་ཆུག ༣) སློབ་མ་ཁ་ཤས་ལ་གོང་མཚུངས་ཀྱི་བྱེད་སྒོ་སྤེལ་དགོས། མཐའ་བསྡོམས་རྒྱོབ།

མིག་མེད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ བྱེད་སྒོ།

གཤམ་གྱི་རྣམ་འགྱུར་དང་དེ་དག་མཚོན་པའི་མིག་སོ་སོར་མ་ནོར་བར་མཐུན་སྦྱོར་བྱོས། • དགའ་བའི་མིག་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ • སྐྱོ་བའི་མིག་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌ • ཁྲོ་བའི་མིག་༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌༌

གོང་གི་བྱེད་སྒོ་ལས་ང་ཚོའི་མིག་གིས་རྣམ་འགྱུར་མི་འདྲ་བ་སྟོན་ཐུབ་ཀྱི་ཡོད་པ་ཤ ེས་ཐུབ།

91


བྱེད་སྒོ།

གཡས་ཀྱི་དཔར་རིས་ཀ་པའི་ནང་བསྟན་པའི་སྲོག་ཆགས་སོ་སོའ་ི མིག་པར་རིས་ཁ་པ་ནས་ངོས་འཛིན་བྱས་ཏེ་ མཐུན་སྦྱོར་བྱོས།

ཀ།

རྒན་ལགས།

གོང་གི་བྱེད་སྒོ་ལས་སློབ་མ་ཚོས་སྲོག་ཆགས་མི་འདྲ་བ་ལ་མིག་མི་འདྲ་བ་ཡོད་པ་ཤ ེས་ཐུབ་པ་

བཟོ་དགོས།

ཁ།

མིག་ལ་བདག་གཅེས་བྱེད་སྟངས།

• ཉིན་ལྟར་ཆུ་གྲང་མོས་མིག་བཀྲུ་དགོས།

• ལག་པ་འཛོར་པོས་མིག་ལ་འཆང་བ་དང་ཕུར་མི་རུང།

• བརྙན་འཕྲིན་དང་ཀམ་པུ་ཊར་ལ་ལྟ་སྐབས་བར་ཐག་རིང་ཙམ་སྡོད།

92

དཔེ་རིས། ༩་༤


• ལམ་བདེ་པོ་མེད་སར་མོ་ཊའི་ནང་དེབ་བཀླག་མི་རུང།

• དེབ་ཀློག་སྐབས་མིག་དང་དེབ་དབར་བར་ཐག་རིང་ཙམ་འཇོག་དགོས།

དཔེ་རིས། ༩་༥

༢༽ རྣ་མཆོག།

ང་ཚོར་སྒྲ་གོ་ཐུབ་པར་རྣ་མཆོག་དགོས། ང་ཚོ་ལ་རྣ་མཆོག་གཉིས་ཡོད། ང་ཚོའི་རྣ་

མཆོག་གིས་སྙན་པའི་སྒྲ་དང་། མི་སྙན་པའི་སྒྲའི་དབར་དབྱེ་བ་འབྱེད་ཐུབ་ཀྱི་ཡོད། ང་ ཚོ་མི་ནང་བཞིན་སྲོག་ཆགས་ཕལ་ཆེ་བ་ལ་རྣ་མཆོག་ཡོད་ཀྱང་། ཚོགས་ཡོད། དེ་བཞིན་སྒྲ་ཆེ་ཆུང་ཡང་དབྱེ་ཐུབ།

བཟོ་ལྟ་འདྲ་མིན་སྣ་

བྱེད་སྒོ། ༤

དཔེ་རིས། ༩་༦

ང་ཚོས་སྒྲ་ཉན་ནས་དངོས་པོ་གང་ཡིན་ངོས་འཛིན་བྱེད་ཐུབ་ཀྱི་རེད་དམ། འཚོལ་ཞིབ་བྱ་རྒྱུ། དམིགས་ཡུལ། དགོས་མཁོ།

སྒྲ་ཉན་ནས་དངོས་པོ་གང་ཡིན་ངོས་འཛིན་ཐུབ་པ་བྱ་རྒྱུ།

སྒྲ་ཡག་པོ་ཐོན་མཁན་གྱི་དངོས་པོ་རོལ་ཆ་ལྟ་བུ་གང་མང།

དཔེ་རིས། ༩་༧

93


བྱེད་སྟངས།

རོལ་ཆ་མི་འདྲ་བ་ཁ་ཤས་ཁྱེར་ཡོང་ནས་ཅོག་ཙེའི་སྒང་ལ་སྒྲིགས། སློབ་མ་རྣམས་མིག་བཙུམ་ནས་སྡོད་དུ་

འཇུག་དགོས། རོལ་ཆ་རྣམས་རེས་མོས་ཀྱིས་དཀྲོལ་ནས་དེའི་སྒྲ་གདངས་ལས་དངོས་པོ་གང་ཡིན་ངོས་འཛིན་ བྱེད་དུ་ཆུག སྒྲ།

དངོས་པོ།

༢ ༣ ༤

དངོས་ཡོད་གནས་ཚུལ། མི་རྒན་པ་ལས་ཕྲུ་གུ་རྣམས་ལ་མིག་ཤེས་དང་རྣ་ཤེས་ཀྱི་ཚོར་བ་རྣོ་བ་ཡོད།

བྱེད་སྒོ། ༥

འོག་གི་པར་རིས་ཀ་པའི་ནང་བསྟན་པའི་སྲོག་ཆགས་སོ་སོའ་ི རྣ་མཆོག་པར་རིས་ཁ་པ་ནས་ངོས་འཛིན་བྱས་ཏེ་ མཐུན་སྦྱོར་གྱིས།

94

ཀ་པ།

དཔེ་རིས། ༩་༨

ཁ་པ།


རྣ་མཆོག་ལ་བདག་གཅེས་བྱེད་སྟངས།

• རྒྱུན་དུ་རྣ་མཆོག་སྐམ་པོ་དང་གཙང་མ་ཉར་དགོས།

• ཙག་སྒྲ་དང་། ཕྱགས་མ། སྨྱུ་གུ གཟེར། ཁབ་སོགས་ཀྱིས་རྣ་མཆོག་གཙང་མ་མི་བཟོ་བར། སྲིང་བལ་གྱིས་ གཙང་མ་བཟོ་དགོས།

• སྐད་ཅོར་དང་སྒྲ་ཆེན་པོ་གོ་དུས་ལག་མཐིལ་གྱིས་རྣ་མཆོག་བཀབ་དགོས།

དཔེ་རིས། ༩་༩

༣༽ སྣ།

ང་ཚོས་སྣ་བུག་བརྒྱུད་ནས་དབུགས་གཏོང་ལེན་བྱེད་ཀྱང་དེའི་བྱས་ལས་གཙོ་བོ་ ནི། དྲི་སྣོམ་བྱེད་ཡིན། སྣ་ཡིས་དྲི་མ་ཞིམ་པོ་དང་འཛོར་པོ་སོགས་སྣ་ཚོགས་ངོས་ འཛིན་བྱེད་ཐུབ།

དཔེ་རིས། ༩་༡༠

བྱེད་སྒོ། ༦

རྒན་ལགས། བྱེད་སྒོ་འདིའི་སྐབས་ཀྱི་རྒྱུ་ཆ་རྣམས་ཉིན་གཅིག་སྔོན་ནས་གྲ་སྒྲིག་གནང་དགོས།

དམིགས་ཡུལ། དགོས་མཁོ།

དྲི་མ་བསྣམས་ནས་དངོས་པོ་གང་ཡིན་ངོས་འཛིན་ཐུབ་པ་བྱེད་རྒྱུ།

རས་ཀྱི་ཁུག་མ་གསུམ། དྲི་མ་ཅན་གྱི་དངོས་པོ། དཔེར་ན། བཙོང་། སྒོག་པ། ཚ་ལུ་མ།

ཉུང་མ་སྐམ་པོ། སྤོས་ལྟ་བུ།

95


བྱེད་སྟངས།

• རས་ཁུག་གསུམ་པོ་བང་རིམ་བྱས་ནས་ཅོག་ཙེའི་སྒང་ལ་སྒྲིགས། • རས་ཁུག་ཕན་ཚུན་མི་ནོར་བའི་ཆེད་དུ་ཨང་རྟགས་རྒྱོབ། • རས་ཁུག་སོ་སོའ ི་ནང་དངོས་པོ་མི་འདྲ་བ་རེ་བླུགས།

• སློབ་མ་ཚོར་རས་ཁུག་རྣམས་རེ་རེ་བྱས་ནས་དྲི་མ་སྣོམ་དུ་བཅུག

• རང་གིས་དྲི་གང་ཚོར་བ་དེ་གཞན་ལ་མ་བཤད་པར། འོག་གི་རེའུ་མིག་སྐོངས། ལྟ་ཞིབ་རེའུ་མིག་གི་འགེངས་ཤོག། ༡

རས་ཁུག།

དངོས་པོ།

༢ ༣

མཐའ་བསྡོམས་རྒྱོབ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ • རྒྱུན་དུ་སྣ་གཙང་མ་ཉར་དགོས།

སྣ་ལ་བདག་གཅེས་བྱེད་སྟངས།

• སྣའི་ནང་མཛུབ་མོ་དང་ཞ་སྨྱུག་སོགས་བཙུག་མི་རུང་། • སྣས་མེ་ཏོག་སོགས་ཀྱི་དྲི་མ་ཐད་ཀར་སྣོམ་མི་རུང་། • སྣབས་འཕྱི་དུས་ཤུགས་རྒྱག་མི་རུང།

• ཁོར་ཡུག་གཙང་མ་མེད་སར་ཁ་རས་རྒྱོབ།

96


ལྕེ།

ལྕེས་སྐད་ཆ་བཤད་རྒྱུ་དང་། ཁ་ལག་བྲོ་བ་མྱོང་རྒྱུ་སོགས་ལ་ཕན་ཐོགས་ཀྱི་ཡོད།

ང་ཚོའི་ལྕེའི་སྟེང་མངར་མོ་དང་། སྐྱུར་མོ། ཁ་ཏིག་སོགས་ཀྱི་བྲོ་བ་གང་ཡིན་ངོས་ འཛིན་བྱེད་ཐུབ་པའི་ནུས་པ་སྣ་ཚོགས་ཡོད།

དཔེ་རིས། ༩་༡༡

རྒན་ལགས་ཀྱིས་ཉིན་གཅིག་སྔོན་ནས་སྐྱུར་འབྲས་དང་། བྱེ་མ་ཀ་ར། ཚྭ། ཚལ་ཁ་ཏིག་བཅས་ཀྱི་དངོས་ པོའ ི་བཞུ་འདྲེས་གྲ་སྒྲིག་གནང་དགོས། བྱེད་སྒོ། ༧

དམིགས་ཡུལ། དགོས་མཁོ། བྱེད་སྟངས།

ལྕེས་བྲོ་བ་མྱངས་ནས་བཞུ་འདྲེས་རྣམས་ངོས་འཛིན་བྱེད་རྒྱུ།

སྡེ་ཚན་རེར་སྣོད་ཆུང་ཆུང་བཞི་རེ་དང་ཐུར་མ་བཞི་རེ།

• འཛིན་གྲྭའི་སློབ་མ་རྣམས་སྡེ་ཚན་བཞི་ལ་བགོས། • སྡེ་ཚན་རེ་ལ་སྣོད་དང་ཐུར་མ་བཞི་རེ་སྤྲོད།

• སྣོད་ཕན་ཚུན་མི་ནོར་བའི་ཆེད་དུ་ཨང་རྟགས་རྒྱོབ།

• དགེ་རྒན་གྱིས་དངོས་པོའ ི་བཞུ་འདྲེས་མི་འདྲ་བ་རྣམས་སྡེ་ཚན་སོ་སོའ ི་སྣོད་ནང་བླུག་དགོས།

• མཐར་སྡེ་ཚན་སོ་སོས་སྣོད་ནང་གི་བཞུ་འདྲེས་རེ་རེའི་བྲོ་བ་མྱངས་ཏེ་འོག་གི་རེའུ་མིག་སྐོངས།

97


སྣོད། ༡

མངར་མོ། སྐྱུར་མོ། ཚྭ། ཁ་ཏིག་

རོ་གང་ཡིན།

དངོས་པོ། ....................................

མངར་མོ་ སྐྱུར་མོ་ ཚྭ་ ཁ་ཏིག་

.....................................

མངར་མོ་ སྐྱུར་མོ་ ཚྭ་

.....................................

ཁ་ཏིག་

མངར་མོ་ སྐྱུར་མོ་ ཚྭ་ ཁ་ཏིག་

.....................................

སྲོག་ཆགས་མི་འདྲ་བ་ལ་ལྕེ་ཡང་མི་འདྲ་བ་ཡོད་པ་གཤམ་གྱི་པར་རིས་ནང་གཟིགས་དང། མི།

རྩངས་པ་མདོག་འགྱུར།

སྦལ་པ།

དཔེ་རིས། ༩་༡༢

ཁྱི།

གྲོག་ཟན།

སྦྲུལ།

དངོས་ཡོད་གནས་ཚུལ། ཉས་ཁ་དང་གཤོག་པ། མཇུག་མ་གསུམ་གས་བྲོ་བ་མྱོང་ཐུབ་ཀྱི་ཡོད་པ་ཁྱེད་ཀྱིས་ཤེས་སམ།

98


ལྕེ་ལ་བདག་གཅེས་བྱེད་སྟངས།

• རྒྱུན་དུ་ལྕེ་གཙང་མ་ཉར་དགོས།

• བཟའ་བཏུང་གང་ཡིན་ཡང་ཧ་ཅང་ཚ་མི་རུང་།

• ཁ་ལག་བཟས་རྗེས་ཁ་དང་ལྕེ་ལེགས་པར་ཆུས་བཤལ་དགོས།

༥ ལུས། (པགས་པ།)

དཔེ་རིས། ༩་༡༣

པགས་པ་ནི་ལུས་པོའ ི་ཆ་ཤས་གལ་ཆེན་པོ་ཞིག་རེད། པགས་པ་ནི་ལུས་པོའ ི་ཕྱི་ ངོས་ཙམ་མིན་པར་ནང་ངོས་ལའང་ཡོད། པགས་པས་ཚ་གྲང་དང་། འཇམ་རྩུབ། ན་ཟུག གནོན་ཤུགས་སོགས་ཚོར་ཐུབ། པགས་པ་ནི་ལུས་པོ་སྲུང་སྐྱོབ་བྱེད་པར་ གལ་ཆེ་ཤ ོས་ཤ ིག་ཡིན། བྱེད་སྒོ། ༨

དམིགས་ཡུལ། རེག་བྱས་དངོས་པོ་ངོས་འཛིན་བྱེད་རྒྱུ།

དཔེ་རིས། ༩་༡༤

དགོས་མཁོ། དངོས་པོ་སྣ་ཚོགས་ཡོད་པའི་ལྟོ་ཕད་ཅིག བྱེད་སྟངས།

• དངོས་པོ་སྣ་ཚོགས་ཡོད་པའི་ལྟོ་ཕད་དེ་ཅོག་ཙེའི་སྒང་ལ་ཞོག། • སློབ་མ་འགའ་ཤས་མིག་བཀབ་དུ་ཆུག་

• དེ་ནས་སློབ་མ་རེས་མོས་བཞིན་ལྟོ་ཕད་ནང་གི་དངོས་པོར་ལག་པ་ འཆང་ནས་ངོས་འཛིན་བྱེད་དུ་འཇུག་དགོས།

དཔེ་རིས། ༩་༡༥

99


བྱེད་སྒོ། ༩

དམིགས་ཡུལ། དངོས་པོའ ི་རེག་བྱ་གང་ཡིན་ཤ ེས་པ་བྱེད་རྒྱུ།

རྒན་ལགས། སློབ་མ་རྣམས་སྐར་མ་ལྔའི​ི་རིང་འཛིན་ཁང་ནང་གི་ཅོག་ཙེ་དང་།

ནག་པང་། སྒེའུ་ཁུང་སོགས་

དངོས་པོ་གང་མང་གི་རེག་བྱ་ཚོར་དུ་ཆུག དེ་རྗེས་རང་གི་སྡོད་རོགས་དང་གོ་སྡུར་བྱས་ཏེ་འོག་གི་རེའུ་མིག་དེ་ བསྐང་དགོས།

རེག་བྱ།

འཛིན་ཁང་ནང་གི་དངོས་པོ།

འཇམ་པོ། རྩུབ་པོ།

མཁྲེགས་པོ། སོབ་སོབ།

ལུས་(པགས་པ་) ལ་བདག་གཅེས་བྱེད་སྟངས།

• དུས་རྒྱུན་དུ་གཟུགས་པོ་ཡང་ཡང་བཀྲུ་དགོས།

• དངོས་པོ་ཚ་པོ་དང་སྐྱུར། རྣོ་པོའ ི་རིགས་ལ་ལག་པ་འཆང་སྐབས་གཟབ་ནན་བྱེད་དགོས། • པགས་པའི་ནད་རིགས་བྱུང་ཚེ་སྨན་ཁང་བསྟེན་དགོས།

100

དཔེ་རིས། ༩་༡༦

དཔེ་རིས། ༩་༡༧

དཔེ་རིས། ༩་༡༨


ཀ) དྲི་བར་ལན་རྒྱོབ།

སྦྱོང་ཚན།

༡) ང་ཚོ་ལ་ཚོར་ཤེས་དབང་པོ་ག་ཚོད་ཡོད་དམ། དེ་དག་གང་དང་གང་ཡིན། ༢) ཚོར་ཤེས་དབང་པོ་ལྔ་སོ་སོའ ི་བྱེད་ལས་གང་དང་གང་ཡིན་བྲིས།

༣) ཚོར་ཤེས་དབང་པོ་གང་གིས་དངོས་པོ་འཇམ་རྩུབ་དབྱེ་བ་འབྱེད་ཐུབ་བམ།

༤) ང་ཚོས་ཚོར་ཤེས་དབང་པོ་ལྔ་པོར་བདག་གཅེས་བྱེད་དགོས་དོན་གང་ཡིན་ནམ།

ཁ ) གཡོན་གྱི་ཚོར་ཤེས་དབང་པོ་དང་གཡས་ཀྱི་པར་རིས་ཕན་ཚུན་མཐུན་སྦྱོར་བྱོས། མིག་ སྣ། ལྕེ། ལུས། ( པགས་པ་ ) རྣ་མཆོག། དཔེ་རིས། ༩་༡༩

101


ལས་འཆར།

• འཛིན་ཁང་གི་ཕྱོགས་བཞི་ལ་རྣ་བ་དང་། སྣ། ལྕེ། ལུས་བཅས་ཀྱི་མིང་སྦྱར་དགོས།

• སློབ་ཕྲུག་རྣམས་སོ་སོས་གལ་ཆེ་ཤོས་སུ་འཛིན་པའི་དབང་པོའ ི་ཕྱོགས་སུ་འགྲོ་དགོས།

• སྡེ་ཚན་གྱི་སློབ་མ་རྣམས་སོ་སོས་འདམ་པའི་དབང་པོ་དེ་གལ་ཆེ་ཤ ོས་ཡིན་པའི་རྒྱུ་མཚན་གྲོས་བསྡུར་བྱས་ ནས་ཐོ་འགོད་གྱིས།

• སྡེ་ཚན་སོ་སོས་རེས་མོས་བཞིན་འཛིན་གྲྭའི་ནང་སྤྱན་བསྟར་ཞུ་དགོས།

ལྕེ།

སྣ།

102

རྣ་བ།

ལུས།


སློབ་ཚན་དང་པོའ་ི ཚིག་གནད་ཁག། སྲོག་ཤིང་

བོད་ཀྱི་ཐ་སྙད།

རང་འཁོར།

Axis

ཨིན་ཇིའི་ཐ་སྙད།

Rotation

གཞན་འཁོར། སའི་བསིལ་རླུང།

Revolution

དྲོད་ཚད་འཇལ་ཆས།

Thermometer

མཚོའི་བསིལ་རླུང།

Land breeze Sea breeze

སློབ་ཚན་གཉིས་པའི་ཚིག་གནད་ཁག། སྐྱེ་ལྡན།

བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

Living things

ཁོར་ཡུག།

Environment

ཐང་ཤིང།

Pine tree

ཆོས་ཅན་སྡོང་པོ།

Deciduous plant

ཀླུ་ཤིང།

Cactus

འདམ་སྐྱེས།

Marshy plant

མཚོ་ཁའི་ཆུ་ཤིང།

Mangrove

མེ་ཏོག་བུང་འཛིན།

Venusfly trap

གསོམ་ཤིང།

Fir tree

ཐང་ཁྲག།

Cedar tree

ཤིང་ནྱ་གྲོ་ད།

Banyan tree

ཁ་སུར་སྡོང་པོ།

Date palm

འབུ་ཟན་རྩི་ཤིང།

Insectivorous plants

ཤིང་བུམ་ལོ།

Pitcher plant

103


སྔོ་རྟག་ངུ།

Sundew

མེ་ཏོག་པདྨ།

Lotus Flower

རྔ་མོང།

Camel

བྱི་ལོང།

Mole

རླུང་སྦུག། རྨིག་པ། དབྱར་ཉལ།

Spiracle

གནས་སྤོས་བྱ།

Migrating Bird

མེ་ཏོག་ཀུ་མུ་ད།

Lily plant

དབུགས་དབྱིན་རྔུབ་ཀྱི་རྩ་བ།

Breathing root

བྱང་སྣེའི་དོམ་དཀར།

Polar Bear

རི་བོང།

Rabbit Hoof Aestivation

དགུན་ཉལ།

Hibernation

སློབ་ཚན་གསུམ་པའི་ཚིག་གནད་ཁག། སྐར་མ།

བོད་ཀྱི་ཐ་སྙད།

Star

ཉི་མ།

Sun

གཟའ།

planet

འཁོར་སྐར།

Satellite

གཟའ་པ་སངས།

Venus

གཟའ་མིག་དམར།

Mars

ཟླ་བ།

Moon

རྒྱང་ཤེལ།

Telescope

གཟའ་ལྷག་པ།

Mercury

སའི་གོ་ལ།

Earth

གཟའ་ཕུར་བུ།

Jupiter

ཨིན་ཇིའི་ཐ་སྙད།

104


གཟའ་སྤེན་པ།

Saturn

གཟའ་མཚོ་རྒྱལ།

Neptune

གཟའ་གནམ་རྒྱལ།

Uranus

སློབ་ཚན་བཞི་པའི་ཚིག་གནད་ཁག། བོད་ཀྱི་ཐ་སྙད།

ཨིན་ཇིའི་ཐ་སྙད།

སྔོན་འགོག་སྨན་ཁབ།

Vaccination

སྤྲིན་སྐྱིད་ཚད་ནད།

Conjunctivitis

འགོས་ནད་མ་ཡིན་པ།

Non-communicable disease

སིབ་བེ།

Measles

ཆམ་པ།

Common cold

མཁྲིས་ནད།

Jaundice

སྙོམས་ཟས།

Balance diet

འགོས་ནད།

Communicable disease

མཆིན་པའི་གཉན་ཚད།

Hepatitis

ཊི་བི།

Tuberculosis (TB)

བཤལ་ནད།

Diarrhoea

འདར་ཚད།

Malaria

ཁྲག་ཤེད།

གྲུམ་བུ།

Blood pressure Arthritis

ཕོ་བའི་ནད།

Gastritis

སྐྲན་ནད།

Cancer

དབུགས་བསགས།

Asthma

105


སློབ་ཚན་ལྔ་པའི་ཚིག་གནད་ཁག། ཤུགས།

བོད་ཀྱི་ཐ་སྙད།

Force

ཨིན་ཇིའི་ཐ་སྙད།

ཤ་གནད་ཀྱི་ཤུགས།

Muscular force

འཐེན་ཤུགས།

Gravitational force

སྟབས་བདེའི་ཡོ་ཆས།

Simple machine

ཐག་འདྲེན་འཁོར་ལོ།

Pulley

ཁྱེའུ/རྩབས།

Wedge

གཅུས་སྒྲིམ་ཡོ་ཆས།

Screw

བརྡར་ཤུགས།

Frictional force

ཁབ་ལེན་ཤུགས།

Magnetic force

འདེགས་འཇའ།

Lever

འཁོར་ལོ་དང་སྲོག་ཤིང།

Wheel and axle

གསེག་ངོས་སྙོམས་མོ།

Inclined plane

སློབ་ཚན་དྲུག་པའི་ཚིག་གནད་ཁག། བོད་ཀྱི་ཐ་སྙད།

དྭངས་གསལ།

ཕྱེད་དྭངས་གསལ།

ཨིན་ཇིའི་ཐ་སྙད།

Transparent Translucent

ཕྱི་ནང་མི་གསལ།

Opaque

ཉི་འཛིན།

Solar Eclipse

གཟའ་འཛིན།

Eclipse

ཟླ་འཛིན།

Lunar Eclipse

106


སློབ་ཚན་བདུན་པའི་ཚིག་གནད་ཁག། སྒྲ།

བོད་ཀྱི་ཐ་སྙད།

Sound

སྒྲའི་བྲག་ཆ།

Echo

བརྒྱུད་ལམ།

Medium

ཨིན་ཇིའི་ཐ་སྙད།

སྐད་ཅོར་འབགས་བཙོག།

Noice pollution

འདར་འགུལ།

Vibration

སློབ་ཚན་བརྒྱད་པའི་ཚིག་གནད་ཁག འགྱུར་བ།

བོད་ཀྱི་ཐ་སྙད།

Changes

ཨིན་ཇིའི་ཐ་སྙད།

མགྱོགས་འགྱུར།

Slow change

བསྐྱར་ལོག་ཐུབ་པའི་འགྱུར་བ།

Reversible change

འདོད་པའི་འགྱུར་བ།

Desirable change

གཟུགས་འགྱུར།

Physical change

དུས་ངེས་པའི་འགྱུར་བ།

Periodic change

དྲག་རླུང།

Hurrican

དལ་འགྱུར།

Fast change

བསྐྱར་ལོག་མི་ཐུབ་པའི་འགྱུར་བ།

Non-reversible change

མི་འདོད་པའི་འགྱུར་བ།

Undesirable change

རྫས་འགྱུར།

Chemical change (Reaction)

དུས་མ་ངེས་པའི་འགྱུར་བ།

Non-periodic change

107


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.