ང་དོམ་ཡིན།

Page 1

ང་དོམ་ཡིན། bear that wasnt.indd 1 9/24/16 2:17:12 PM

Author: Frank Tashlin

Tibetan Translation: Rigzin Lhundup

Edited & designed by Sonam Sangpo

First published by E.P. Dutton & Co.,1946

Tibetan edition first Published, with permission, by Department of Education, Central Tibetan Administration, Dharamsala in 2016

Printed by Tibetan Cultural & Religious Publication Centre, Delhi

This Children’s story book translation is made possible by the support of the American people through the United States Agency for International Development (USAID). The contents of this book are the sole responsibility of Department of Education, Central Tibetan Administration and do not necessarily reflect the views of USAID or the United States Government.

bear that wasnt.indd 2 9/24/16 2:17:12 PM
ང་ དོམ་ ཡིན། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་དཔར་འགྲེམས་བྱས། རྩོམ་པ་པོ། ཏ་ཤི་ལིན། bear that wasnt.indd 1 9/24/16 2:17:12 PM
bear that wasnt.indd 2 9/24/16 2:17:12 PM
གནའ་སྔ་མོ། རེས་གཟའ་མིག་དམར་གྱི་ ཉིན་ཞིག་ལ་དོམ་ཞིག་ཧ་ཅང་སྟུག་པའི་ ནགས་ཚལ་གྱི་མཐའ་རུ་ཙོག་པུར་བསྡད་ དེ། ནམ་མཁའ་ལ་བལྟས་པར། ངང་པ་ ཁྱུ་ཞིག་ལྷོ་ཡི་ཕྱོགས་སུ་འཕུར་བཞིན་པ་ མཐོང་། bear that wasnt.indd 1 9/24/16 2:17:13 PM
2 ཁོས་ནགས་ཚལ་གྱི་སྡོང་པོ་དེ་ཚོ་ལ་ཡར་བལྟས་པར། ལོ་མ་རྣམས་སེར་པོ་དང་། སྨུག་པོར་གྱུར་ནས་མར་ལྷུང་ བཞིན་ཡོད། bear that wasnt.indd 2 9/24/16 2:17:13 PM
3 ངང་པ་ལྷོ་ལ་འཕུར་བ་དང་། ལོ་མ་ས་ལ་ལྷུང་བ་ནི། དགུན་ཁ་སླེབས་རན་ལ་ནགས་ཚལ་ གངས་ཀྱིས་བཀླུབ་ཉེ་བའི་རྟགས་ཡིན་པ་ཁོས་ཤེས་ཀྱི་ཡོད། ཁོ་ལ་མཚོན་ན་བྲག་ཕུག་ཅིག་ ནང་འཛུལ་ནས་དགུན་ཉལ་རྒྱག་པའི་དུས་ཚོད་ཡིན། bear that wasnt.indd 3 9/24/16 2:17:13 PM
4 ཁོས་བྲག་ཕུག་ཅིག་ནང་ དགུན་ཉལ་བརྒྱབ་ནས་བསྡད། bear that wasnt.indd 4 9/24/16 2:17:13 PM
5 དེ་ནས་ཡུན་རིང་མ་འགོར་བར། རེས་གཟའ་ལྷག་པའི་ཉིན། མི་མང་པོ་ཞིག་གིས་ཤོག་བུ་དང། ས་ཁྲ། བརྟག་དཔྱད་ཡོ་བྱད་སོགས་འཁྱེར་ནས་ཡོང་སྟེ། ཐིག་ཚད་རྒྱག་པ་དང་། ས་ཁྲ་འབྲི་བ། བརྟག་དཔྱད་བྱེད་པ་སོགས་བྱས། bear that wasnt.indd 5 9/24/16 2:17:13 PM
6 དེ་ནས་ཡུན་རིང་མ་འགོར་བར། རེས་གཟའ་ལྷག་པའི་ཉིན། མི་མང་པོ་ཞིག་གིས་ཤོག་བུ་དང། ས་ཁྲ། བརྟག་དཔྱད་ཡོ་བྱད་སོགས་འཁྱེར་ནས་ཡོང་སྟེ། ཐིག་ཚད་རྒྱག་པ་དང་། ས་ཁྲ་འབྲི་བ། བརྟག་དཔྱད་བྱེད་པ་སོགས་བྱས། bear that wasnt.indd 6 9/24/16 2:17:13 PM
7 ཁོ་ཚོས་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱས་ནས་་་ bear that wasnt.indd 7 9/24/16 2:17:13 PM
8 གཞི་རྒྱ་ཆེ་བའི་བཟོ་གྲྭ་ཧ་ཅང་ཆེན་པོ་ཞིག་བཙུགས་ཤིང་། དེ་ནི་ཏག་ཏག་དོམ་ཉལ་སའི་བྲག་ཕུག་དེའི་ཐོག་ཏུ་ཁེལ་ཡོད། bear that wasnt.indd 8 9/24/16 2:17:13 PM
9 བཟོ་གྲྭ་དེས་དགུན་ཧྲིལ་པོར་བཟོ་སྐྲུན་བྱས། bear that wasnt.indd 9 9/24/16 2:17:14 PM
དཔྱིད་ ཀ་ ཤར་ སོང་། bear that wasnt.indd 10 9/24/16 2:17:14 PM
bear that wasnt.indd 11 9/24/16 2:17:14 PM
12 བཟོ་གྲྭའི་འོག་ཏུ་ཉལ་བའི་དོམ་དེ་གཉིད་ ལས་སད། མིག་གདང་མ་འཚུམ་གྱིས་ཨ་ སྟོང་ཞིག་བརྒྱབ། དེ་ནས་ཐག་རིང་ན་འོད་ཅིག་མཐོང་བས། “ཡ། བྲག་ཕུག་གི་སྒོ་དེ་ཕ་གིར་འདུག” ཟེར་བཞིན། ཡང་བསྐྱར་ཨ་སྟོང་ཞིག་བརྒྱབ། དེ་ནས་ཁོས་གཉིད་སད་ལ་མ་སད་ངང་ཉེ་ འཁོར་དུ་བལྟས། དེ་ནི་ཧ་ཅང་ནག་ཁུང་ ཡིན་པས་ཁོས་གང་ཡང་མ་མཐོང་། bear that wasnt.indd 12 9/24/16 2:17:14 PM
13 ག་རེ་བྱུང་བ་ཡིན་ནམ། ཁོས་སྐས་འཛེགས་བརྒྱུད་ནས་སྒོ་འགྲམ་དུ་ཕྱིན། ཕྱི་ལོགས་ན་འོད་ཆེམ་ཆེམ་འཕྲོ་བའི་དཔྱིད་ཀའི་ ཉི་འོད་ཁྲོད་དུ་སླེབས། ཁོ་ད་དུང་གཉིད་ཡག་པོ་སད་མེད་ པས། མིག་ཕྱེད་ཙམ་ལས་གདང་ མེད། འོན་ཀྱང་། ཅུང་ཙམ་རྗེས་ལ་ གཉིད་ཡོངས་སུ་སད་དེ་མིག་ཆེན་ པོར་གདངས། མདུན་ཕྱོགས་སུ་ལྟ་ སྐབས། ནག་ཚལ་གང་དུ་འདུག རྩྭ་གང་དུ་འདུག ཤིང་སྡོང་གང་དུ་འདུག མེ་ཏོག་གང་དུ་འདུག ཁོ་གང་དུ་ཡོད་དམ། ཡ་མཚན་ཅན་གྱི་གནས་ཚུལ་དེའི་རྐྱེན་གྱིས། ཁོ་རང་གང་དུ་སླེབས་ པའང་ཤེས་ཀྱི་མེད། bear that wasnt.indd 13 9/24/16 2:17:14 PM
14 ཡིན་ནའང་། གནས་ཚུལ་དེ་ང་ཚོས་ཤེས་ཀྱི་ཡོད། རེད་པཱ། ཁོ་ཟང་ཟིང་ཆེ་བའི་བཟོ་གྲྭ་དེའི་དཀྱིལ་དུ་ཡོད་པ་ང་ཚོས་ཤེས་ཀྱི་ཡོད། bear that wasnt.indd 14 9/24/16 2:17:14 PM
ཁོས་ “འདི་རྨི་ལམ་ཡིན་གྱི་རེད། དེ་ག་རང་རེད། འདི་ངའི་རྨི་ལམ་རེད།” ཅེས་ཟེར་བཞིན། མིག་བཙུམས་ནས་སོ་སོས་སོ་སོར་སེན་འཐོག་བརྒྱབ། དེ་ནས། ཁོས་མིག་ག་ལེར་ཕྱེས་ནས་བལྟས་པས། ཁང་པ་ཆེན་པོ་དེ་ཚོ་ནི་དེ་ག་རང་ལ་ཡོད། འདི་ནི་རྨི་ལམ་མ་ཡིན་པར། དངོས་གནས་རེད། bear that wasnt.indd 15 9/24/16 2:17:14 PM
16 སྐབས་དེར་མི་ཞིག་སྒོའ་ཕྱི་ལ་ཐོན་ནས་ “ཝེ། ལས་ཀ་ བྱེད་པར་རྒྱུགས། ང་ལས་ཀའི་དོ་དམ་པ་ཡིན། ལས་ཀ་མ་ བྱེད་ན་ངས་དབུ་ཁྲིད་ལ་སྙན་གསེང་ཞུ་ཡི་ཡིན།” ཞེས་ བཤད་པར། དོམ་གྱིས་ “ང་འདིར་ལས་ཀ་བྱེད་ཀྱི་མེད། ང་དོམ་ཡིན།” ཞེས་ལན་བརྒྱབ། bear that wasnt.indd 16 9/24/16 2:17:14 PM
ལས་ཀའི་དོ་དམ་པ་དེ་གད་མོ་ཆེན་པོ་ཤོར། “ཁྱོད་དོམ་ཡིན་ཨེ། སྐད་ཆ་དེ་ལས་ཀ་བྱེད་མི་དགོས་པའི་ ཐབས་ཤེས་ཡག་པོ་ཞིག་རེད་དཱ།” ཞེས་བཤད་པར། དོམ་གྱིས་ “ཡིན་ནའང་། ང་དོམ་ཡིན།” ཟེར། ཧ ཧ ཧ ཧ ཧ ཧ ཧ ཧ bear that wasnt.indd 17 9/24/16 2:17:15 PM
ལས་ཀའི་དོ་དམ་པ་དེས་དགོད་མཚམས་བཞག ཁོ་ཁོང་ཁྲོ་ཆེན་པོ་ལངས་ཏེ། “ང་ལ་མགོ་སྐོར་མ་གཏོང། ཁྱོད་དོམ་མ་རེད། ཁྱོད་དོམ་ལྤགས་ གྱོན་པའི་མི་གླེན་པ་ཞིག་རེད། ངས་ཁྱོད་རང་སྤྱི་ཁྱབ་འགན་འཛིན་སར་འཁྲིད་ཀྱི་ཡིན།” ཟེར། དོམ་གྱིས་ “ཁྱེད་རང་ནོར་སོང་། ང་དོམ་ཡིན།” ཞེས་བཤད། bear that wasnt.indd 18 9/24/16 2:17:15 PM
སྤྱི་ཁྱབ་འགན་འཛིན་ཡང་ཁོང་ཁྲོ་ཆེན་པོ་ལངས་ནས་ “ཁྱོད་དོམ་མ་རེད། ཁྱོད་རང་དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་རེད། ངས་ཁྱོད་རང་ཚོགས་གཞོན་གསུམ་པའི་སར་འཁྲིད་ཀྱི་ཡིན།” ཟེར། དོམ་གྱིས་ “ཁྱེད་རང་གིས་གསུངས་པ་དེ་དངོས་གནས་མ་རེད། གཟིགས་དང་། ང་དོམ་ཡིན།” ཞེས་བཤད། bear that wasnt.indd 19 9/24/16 2:17:15 PM
20 ཚོགས་གཞོན་གསུམ་པ་ཡང་ཁོང་ཁྲོ་དེ་བས་ཆེ་བ་ལངས་ཏེ། “ཁྱོད་དོམ་མ་རེད། ཁྱོད་རང་དོམ་ལྤགས་གྱོན་པའི་མི་གླེན་ པ་ཞིག་རེད། ངས་ཁྱོད་རང་ཚོགས་གཞོན་གཉིས་པའི་སར་ འཁྲིད་ཀྱི་ཡིན།” ཟེར། དོམ་གྱིས་ “ཡིན་ནའང་དེ་བདེན་པ་མ་རེད། ང་དོམ་ཡིན། ང་དོམ་ཉམ་ཆུང་ཞིག་ཡིན།” ཞེས་བཤད། bear that wasnt.indd 20 9/24/16 2:17:15 PM
bear that wasnt.indd 21 9/24/16 2:17:15 PM
22 ཚོགས་གཞོན་གཉིས་པ་དེ་ལས་ཀྱང་ཁོང་ཁྲོ་ ཆེ་བ་ལངས་ཏེ། དོམ་ལ་མཛུབ་མོ་བཙུགས་ ནས་ “ཁྱོད་དོམ་མ་རེད། ཁྱོད་རང་དོམ་ལྤགས་ གྱོན་པའི་མི་གླེན་པ་ཞིག་རེད། ངས་ཁྱོད་རང་ ཚོགས་གཞོན་དང་པོའ་སར་འཁྲིད་ཀྱི་ཡིན།” ཟེར་བར། དོམ་གྱིས་ “སུ། ང་ཨེ། ང་དོམ་ཡིན་པ་ལ་ཁྱེད་ཀྱིས་དོམ་མ་རེད་ ཇི་ལྟར་གསུང་ཐུབ་བམ།” ཞེས་དྲིས། bear that wasnt.indd 22 9/24/16 2:17:15 PM
bear that wasnt.indd 23 9/24/16 2:17:15 PM
ཚོགས་གཞོན་དང་པོ་རབ་ཏུ་ཁྲོས་ནས་ “ཁྱོད་དོམ་མ་རེད། ཁྱོད་རང་དོམ་ལྤགས་གྱོན་པའི་མི་ གླེན་པ་ཞིག་རེད། ངས་ཁྱོད་རང་ཚོགས་གཙོའི་སར་འཁྲིད་ཀྱི་ཡིན།” ཟེར། bear that wasnt.indd 24 9/24/16 2:17:16 PM
དོམ་གྱིས་ “དེ་རྦད་དེ་ནོར་བ་རེད། ངས་ཐོག་མ་ནས་ང་རང་ དོམ་ཞིག་ཡིན་པ་ཤེས་ཀྱི་ཡོད།” ཞེས་ཞུ་བ་འཐེན། bear that wasnt.indd 25 9/24/16 2:17:16 PM
26 དོམ་གྱིས་ “ཚོགས་གཙོ་ལགས་གསན་དང་། ང་འདིར་ལས་ཀ་བྱེད་ཀྱི་མེད། ང་དོམ་ཡིན། ཐུགས་རྗེ་གཟིགས། ཁྱེད་ཀྱིས་ཀྱང། ང་དོམ་མ་རེད། དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་ རེད་མ་གསུང་རོགས། གང་ཡིན་ཟེར་ན། གོང་དུ་ཚོགས་གཞོན་དང་པོ་དང་། ཚོགས་གཞོན་ གཉིས་པ། ཚོགས་གཞོན་གསུམ་པ། སྤྱི་ཁྱབ་འགན་འཛིན། bear that wasnt.indd 26 9/24/16 2:17:16 PM
27 ལས་ཀའི་དོ་དམ་པ་བཅས་ཀྱིས་བཀའ་མོལ་དེ་གསུངས་ཚར་སོང།” ཞེས་ཞུས་པར། ཚོགས་ གཙོས་ “ཁྱོད་ཀྱིས་སྐད་ཆ་དེ་བཤད་པ་ཡག་བྱུང་། ངས་སྐད་ཆ་དེ་བཤད་ཀྱི་མིན། ཡིན་ ནའང། ངའི་བསམ་པ་ལའང་ཁྱོད་རང་དེ་ག་རང་རེད་བསམ་གྱི་འདུག” ཟེར། དོམ་གྱིས་ “ང་དོམ་ཡིན།” ཞེས་བཤད། bear that wasnt.indd 27 9/24/16 2:17:16 PM
28 ཚོགས་གཙོས་འཛུམ་ཙམ་བྱས་ནས་ “ཁྱོད་རང་དོམ་ཡིན་ དོགས་མེད། དོམ་ཡིན་ན་གཅན་གཟན་ཁང་དང་། སྒྱུ་རྩལ་ འཁྲབ་སྟོན་ཁང་ནང་སྡོད་ཀྱི་རེད། བཟོ་གྲྭའི་ནང་འཛུལ་ སྲིད་ཀྱི་མ་རེད། ཡིན་ནའང་། ཁྱོད་རང་བཟོ་གྲྭའི་ནང་ཡོད། བྱས་ཙང་ཁྱོད་རང་དོམ་ག་ལ་ཡིན།” ཟེར། དོམ་གྱིས་ “གང་ལྟར་ང་དོམ་ཡིན།” ཟེར། bear that wasnt.indd 28 9/24/16 2:17:16 PM
29 ཚོགས་གཙོས་ “ཁྱོད་རང་དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་ཡིན་པ་མ་ཟད། ལྐུགས་པ་ ཨུ་ཚུགས་ཅན་ཞིག་ཀྱང་རེད། ཁྱོད་རང་དོམ་མིན་པ་དེ་ངས་ར་སྤྲོད་གསལ་པོ་བྱེད་ཀྱི་ཡིན།” ཟེར་བར། དོམ་གྱིས་ “འོན་ཀྱང་། ང་དོམ་ཡིན།” ཟེར། bear that wasnt.indd 29 9/24/16 2:17:17 PM
དེ་ ནས་ ཁོ་ ཚོ་ ཚང་ མ་ ཚོགས་ གཙོའི་ སྣུམ་ འཁོར་ ལ་ བསྡད་ དེ་ གཅན་ གཟན་ ཁང་ དུ་ ཕྱིན། bear that wasnt.indd 30 9/24/16 2:17:17 PM
bear that wasnt.indd 31 9/24/16 2:17:17 PM
bear that wasnt.indd 32 9/24/16 2:17:17 PM
33 ཚོགས་གཙོས་ “ཁོ་དོམ་རེད་པས།” ཞེས་གཅན་གཟན་ཁང་ གི་དོམ་རྣམས་ལ་དྲིས། དོམ་དེ་ཚོས་ “མ་རེད། ཁོ་དོམ་མ་ རེད། གལ་ཏེ་ཁོ་དོམ་ཡིན་ན། ཁྱེད་དང་མཉམ་དུ་ལྕགས་དྲའི་ ཕྱི་ལོགས་ན་མེད་པར། ང་ཚོ་དང་མཉམ་དུ་ལྕགས་དྲའི་ནང་ ལོགས་ན་ཡོད་དགོས་རེད།” ཅེས་བཤད། དོམ་གྱིས་ “འོན་ཀྱང་། ང་དོམ་ཡིན།” ཟེར། bear that wasnt.indd 33 9/24/16 2:17:17 PM
34 ལྕགས་ཁྲའི་ནང་གི་དོམ་ཕྲུག་ཆུང་ཆུང་ཞིག་གིས་ “ཁོ་སུ་ཡིན་པ་ངས་ཤེས་ཀྱི་ཡོད། ཁོ་དོམ་ ལྤགས་གྱོན་པའི་མི་གླེན་པ་ཞིག་རེད།” ཅེས་བཤད་པར། གཅན་གཟན་ཁང་གི་དོམ་ཚང་མ་ གད་མོ་ཤོར། དོམ་གྱིས་ “འོན་ཀྱང་། ང་དོམ་ཡིན།” ཟེར། bear that wasnt.indd 34 9/24/16 2:17:17 PM
དེ་ ནས་ ཁོ་ ཚོ་ གཅན་ གཟན་ ཁང་ ནས་ ཐོན་ ཏེ། ལེ་ དབར་ དྲུག་ བརྒྱའི་ ས་ ན་ ཡོད་ པའི་ སྒྱུ་ རྩལ་ འཁྲབ་ སྟོན་ ཁང་ དུ་ ཕྱིན། bear that wasnt.indd 35 9/24/16 2:17:17 PM
bear that wasnt.indd 36 9/24/16 2:17:17 PM
37 ཚོགས་གཙོས་ “ཁོ་དོམ་རེད་པས།” ཞེས་སྒྱུ་རྩལ་ འཁྲབ་སྟོན་ཁང་གི་དོམ་རྣམས་ལ་དྲིས། དོམ་དེ་ཚོས་ “མ་རེད། ཁོ་དོམ་མ་རེད། གལ་ཏེ་ཁོ་དོམ་ཡིན་ན། ཁྱེད་དང་མཉམ་དུ་གཟིགས་མོ་བའི་ སྡོད་སར་མེད་པར། ང་ཚོ་དང་མཉམ་དུ་དར་འཆིང་སྒྲོག་པའི་ཞྭ་མོ་ཆུང་ཆུང་ཞིག་གྱོན་ པ་དང་། ལག་པར་ལྒང་ཕུག་བཟུང་ནས་རྐང་འཁོར་བཞོན་དགོས་རེད།” ཟེར། དོམ་གྱིས་ “འོན་ཀྱང་། ང་དོམ་ཡིན།” ཟེར། bear that wasnt.indd 37 9/24/16 2:17:17 PM
འཁྲབ་སྟོན་ཁང་གི་དོམ་ཕྲུག་ཆུང་ཆུང་ཞིག་ གིས་ “ཁོ་སུ་ཡིན་པ་ངས་ཤེས་ཀྱི་ཡོད། ཁོ་ དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་ རེད།” ཅེས་བཤད་པར། འཁྲབ་སྟོན་ཁང་གི་དོམ་ཚང་མ་གད་ མོ་ཤོར་ནས་རྐང་འཁོར་ལས་ལྷུང་ གྲབས་བྱས། དོམ་གྱིས་ “འོན་ཀྱང་ང་ དོམ་ཡིན།” ཟེར། bear that wasnt.indd 38 9/24/16 2:17:17 PM
ཁོ་ཚོ་འཁྲབ་སྟོན་ཁང་ནས་ཐོན་ཏེ། བཟོ་གྲྭར་ཕྱིར་ལོག bear that wasnt.indd 39 9/24/16 2:17:17 PM
40 དེ་ནས། ཁོ་ཚོས་དོམ་དེ་འཕྲུལ་ཆས་ཆེན་པོ་དང། མི་མང་པོ་ཡོད་པའི་བཟོ་གྲྭའི་ནང་དུ་ལས་བགོས་ བརྒྱབ། དོམ་གྱིས་བཟོ་གྲྭའི་ནང་དུ་ཟླ་བ་མང་པོ་ ལས་ཀ་བྱས། bear that wasnt.indd 40 9/24/16 2:17:17 PM
bear that wasnt.indd 41 9/24/16 2:17:18 PM
དུས་ཡུན་རིང་པོ་སོང་བའི་ཉིན་ཞིག་བཟོ་གྲྭ་སྒོ་བརྒྱབ། ལས་མི་ཚང་མ་ནང་དུ་ལོག དོམ་དེ་ས་ཐག་རིང་པོར་ཁོ་ཚོའི་རྗེས་སུ་ཕྱིན། ཁོ་ནི་གྲོགས་མེད་ཁེར་རྐྱང་ཡིན་ལ། ལོག་སའི་ནང་ཡང་མེད། bear that wasnt.indd 42 9/24/16 2:17:18 PM
ལམ་དུ་འགྲོ་སྐབས་ནམ་མཁའ་ལ་བལྟས་ པས། ངང་པ་ཁྱུ་ཞིག་ལྷོ་ཡི་ཕྱོགས་སུ་ འཕུར་བཞིན་པ་མཐོང་། bear that wasnt.indd 43 9/24/16 2:17:18 PM
ཁོས་སྡོང་པོ་དེ་ཚོ་ལ་ཡར་བལྟས་པར། ལོ་མ་རྣམས་སེར་པོ་དང་། སྨུག་པོར་གྱུར་ནས་མར་ལྷུང་བཞིན་ཡོད། bear that wasnt.indd 44 9/24/16 2:17:18 PM
ངང་པ་ལྷོ་ལ་འཕུར་བ་དང་། ལོ་མ་ས་ལ་ལྷུང་བ་དེ་ནི། དགུན་ཁ་སླེབས་རན་ལ། ནགས་ཚལ་ གངས་ཀྱིས་ བཀླུབ་ཉེ་བའི་ རྟགས་ཡིན་པ་ ཁོས་ཤེས་ཀྱི་ཡོད། ཁོ་ལ་མཚོན་ན་བྲག་ཕུག་ ཅིག་ནང་འཛུལ་ནས་དགུན་ ཉལ་རྒྱག་པའི་དུས་ཚོད་ཡིན། bear that wasnt.indd 45 9/24/16 2:17:18 PM
46 དེར་བརྟེན་ཁོ་ཤིང་སྡོང་ཆེན་པོ་ཞིག་ གི་ཕྱོགས་སུ་ཕྱིན། ཤིང་སྡོང་དེའི་རྩ་བའི་ འོག་ན་ས་ཕུག་ཅིག་ཡོད། ཁོ་ས་ཕུག་དེའི་ནང་ འཛུལ་གྲབས་བྱེད་སྐབས་བསམ་བློ་ཞིག་ འཁོར་བས། འཛུལ་མཚམས་བཞག་ཏེ་་་ bear that wasnt.indd 46 9/24/16 2:17:18 PM
47 “ངས་ས་ཕུག་ནང་འཛུལ་ནས་དགུན་ཉལ་རྒྱག་མི་རུང་། ང་དོམ་མིན། ང་དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་ཡིན།” ཟེར། bear that wasnt.indd 47 9/24/16 2:17:18 PM
48 དགུན་ཁ་ཤར་བ་དང་། གངས་བབས། ཤིང་ནགས་གངས་ཀྱིས་བཀླུབས། ཁོ་ཡང་གངས་ཀྱིས་ བཏུམས། གྲང་འདར་རྒྱག་བཞིན་ “གལ་ཏེ་ང་དོམ་ཞིག་ཡིན་ན་དགའ་བ་ལ་ཨང།” ཟེར། bear that wasnt.indd 48 9/24/16 2:17:18 PM
49 ཁོ་རང་གངས་ནང་དུ་ཇི་ཙམ་བསྡད་པ་དེ་ཙམ་གྱིས་གྲང་ནས་གྲང་དུ་ཕྱིན། རྐང་མཛུབ་དང་ཨ་ མཆོག་འཁྱགས་རེངས་ཐེབས། ཁ་འདར་ཤོར། སྣ་ཁུག་དང་མ་ལེ་ཁེངས། མི་ཚོས་ཁོ་རང་ལ་དོམ་ ལྤགས་གྱོན་པའི་མི་གླེན་པ་རེད་ཟེར་བ་དེ་བདེན་པ་རེད་འདུག་སྙམ། འཁྱག་ཤི་ཐེབས་གྲབས་ བྱེད་ནའང་། དོམ་ལྤགས་གྱོན་པའི་མི་གླེན་པ་ཞིག་གིས་ག་རེ་བྱེད་དགོས་མིན་མི་ཤེས་སྟབས། དེ་གར་བསྡད་པ་རེད། དོམ་དེ་གྲོགས་མེད་ཁེར་རྐྱང་ཡིན་ལ་སེམས་པ་ཧ་ཅང་སྐྱོ་པོ་བྱུང་། bear that wasnt.indd 49 9/24/16 2:17:19 PM
50 དེ་ནས་ཁོ་གློ་བུར་དུ་ཡར་ལངས་ཏེ་ ཁ་བ་སྟུག་པོའ་ཁྲོད་དུ་བྲག་ཕུག་གི་ ཕྱོགས་སུ་ཕྱིན། བྲག་ཕུག་ནང་གངས་དང་བུ་ཡུག་མེད་ ལ། དྲོ་སྐྱིད་ལྡན་པ་ཞིག་ཡིན་པས། ཁོ་དེར་དྲོ་སོབ་སོབ་ངང་བསྡད། bear that wasnt.indd 50 9/24/16 2:17:19 PM
51 ཁོ་ལོ་མའི་ཕུང་གསོག་སྟེང་དུ་ཉལ་བ་དང་ལམ་སང་གཉིད་ཤོར། དོམ་གཞན་ལྟར་ཁོ་ལའང་རྨི་ ལམ་སྐྱིད་པོ་ཞིག་རྨིས། ལས་ཀའི་དོ་དམ་པ་དང་། སྤྱི་ཁྱབ་འགན་འཛིན། ཚོགས་གཞོན་གསུམ་པ། ཚོགས་གཞོན་གཉིས་ པ། ཚོགས་གཞོན་དང་པོ། ཚོགས་གཙོ། གཅན་གཟན་ཁང་གི་དོམ། འཁྲབ་སྟོན་ཁང་གི་དོམ་ བཅས་ཀྱིས་ཁོ་ལ་དོམ་ལྤགས་གྱོན་པའི་མི་གླེན་པ་ཟེར་བ་དེར་། ཁོས་ངོས་ལེན་བྱས་ཡོད་དམ། ངས་བསམས་ན་ཁོས་ངོས་ལེན་བྱས་མེད། དོན་དངོས་སུ། དོམ་དེས་ཁོ་རང་མི་གླེན་པ་ཞིག་མིན་པ་ཤེས་ཀྱི་ཡོད་ལ། དོམ་གླེན་པ་ཞིག་མིན་པའང་ཤེས་ཀྱི་ཡོད་དོ། ། bear that wasnt.indd 51 9/24/16 2:17:19 PM
bear that wasnt.indd 52 9/24/16 2:17:19 PM

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.