གངས་ལྗོངས། འདོན་ཐེངས། ༢༧

Page 1


བོད་ལ་འགྲོ་བ་ ཆོས་ཉི​ིད་སྒྲོ​ོ​ོལ་མས་བརྩམས་

ཤེས་རི​ིག་ལས་ཁུངས་ནས་དཔར་འགྲེམས་ཞུ​ུས་


གངས་ལྗོ​ོངས་བྱི​ིས་པའི​ི་བརྙན་དེ​ེབ་

སྤྱི་ཁྱབ་འགན་འཛིན།

བསྟན་འཛིན་པདྨ།

རྩོམ་སྒྲིག་འགན་ཁུར་བ། ངག་དབང་བསྟན་འཛིན། རྩོམ་སྒྲིག་པ།

ཆོས་ཉིད་སྒྲོལ་མ།

རི་མོ་བ།

རྒྱལ་མཚན་དཔལ་འབྱོར།

དཔར་ལོ།

༢༠༢༡

ཇུས་འགོད་པ།

ཆོས་ཉིད་སྒྲོལ་མ།

Published by: Department of Education, CTA Gangchen Kyishong Dharamshala-176215 Distt. Kangra (H.P.) INDIA E-mail: education@tibet.net doe.educouncil@tibet.net

Printed by: Sherig Parkhang Trust E-mail: shepardelhi@gmail.com

Acknowledgement

Financial support from Danish International Development Assistance (DANIDA) through Centre for International Cooperation and Education (CICED)


བུ་མོ་སྒྲོ​ོལ་མའི​ི་ཕ་མ་གཉིས་ཕྱི​ི་ལ་ལས་དོ​ོན་སྒྲུབ་ཏུ​ུ་ཕྱིན་པས་ ཁྱིམ་དུ​ུ་མོ​ོ་དང་སྤོ​ོ་བོ​ོ་བསོ​ོ​ོད་ནམས་ལགས་མ་གཏོགས་མེད་།

1


སྤོ​ོ་བོ​ོ​ོ་བསོ​ོ​ོད་ནམས་ལགས་ཀྱིས་ཕྱག་གིས་མ་ཎི​ི་འཁོ​ོ​ོར་ལོ​ོ​ོ་སྐོ​ོ​ོར་བཞི​ིན་ ཞལ་ནས་མ་ཎི་ཡི​ི​ིག་དྲུ​ུག་བར་མེ​ེད་དུ་འདོ​ོན་བཞི​ིན་ཡོ​ོ​ོད་ ཚ་མོ་སྒྲོ​ོལ་མས་སྤོ​ོ་བོ​ོའི​ི​ི་པང་དུ་འབྱར་ནས་ཅི་ཞི​ི​ིག་ཐོ​ོ​ོབ་འདོ​ོད་ཀྱི​ི་རྣམ་འགྱུར་བསྟན་།

2


སྤོ་བོ​ོ་ལགས་ཀྱིས་ སྒྲོ​ོལ་མ་ རང་ལ་ག་རེ་དགོ​ོས་འདུག་ ཡང་མིན་ན་ བརྙན་འཕྲིན་ལྟ་ཡི​ི་ཡི​ི​ིན་ནམ་ ཞེས་བཀའ་འདྲི་གནང་།

3


སྒྲོལ་མས་ མིན་ ང་བརྙན་འཕྲིན་ལྟ་ཡི​ི་མི​ི​ིན་ དེ​ེ་མི​ི​ིག་ལ་གནོ​ོད་པོ​ོ​ོ་ཞེ​ེ​ེ་དྲག་འདུག་ དེ་ལས་སྤོ​ོ་བོ​ོ​ོ་ལགས་ཁྱེད་ཀྱི​ིས་ང་ལ་བོ​ོད་ཀྱི​ི​ི་སྐོ​ོ​ོར་ གསུངས་ནས་ང་བོད་ལ་འཁྲི​ིད་གནང་དང་ དགའ་པོ་ཞེ​ེ་དྲག་ཡོ​ོང་བ་འདུག་ ཅ ེས་ཞུས་།

4


སྤོ་བོ​ོ​ོ་ལགས་ཀྱིས་སྤྱན་ཟུ​ུམ་ཟུ​ུམ་དང་དབུ​ུ་ལྕོག་ལྕོ​ོག་གནང་ནས་ བྱས་ན་དེ་རི​ི​ིང་ང་གཉི​ིས་བོ​ོད་ལ་འགྲོ་གསུངས་ཏེ་ སྒྲུ​ུང་འགོ་བཙུ​ུགས་ བོད་ནི​ི་མཐའ་བཞི་གངས་རིས་བསྐོ​ོར་ཞི​ིང་ དེ​ེ​ེ་དག་ལས་དྭངས་ཤིང་བསི​ིལ་བའི​ི་གཙང་ཆུ་ལྷུ​ུང་ལྷུ​ུང་དུ​ུ་བབ་པ་དང་

རྩྭ་ཆུ​ུ་འཛོམས་པའི​ི་རྩྭ་ཐང་ཐོག་མེ​ེ་ཏོ​ོ​ོག་ཁྲ་ལམ་མེར་བཞད་པ་མ་ཟད་ རྟ་ནོ​ོར་ལུག་གིས་ཁེ​ེངས་ཡོ​ོ​ོད་ ཅ ེ​ེས་མཚར་སྣང་ངང་གསུངས་།

5


རྩྭ་ཐང་གི་རྟ་རྣམས་ལུས་སྟོབས་རྒྱས་ཤིང་གོ​ོ​ོམ་འགྲོ​ོས་བཟང་བ་དང་ ཁ་མདོག་དཀར་པོ་དང་ ནག་པོ་ སྨུག་པོ་སོ​ོ​ོགས་སྣ་ཚ ོགས་ཡོ​ོད་ ལོ​ོ་ལྟར་རྟ་རྒྱུག་ཐང་ཆེན་དུ་རྟ་རྒྱུ​ུག་འགྲན་སྡུར་ཆེན་མོ​ོ་ཡང་ཚོ​ོགས་སྲོ​ོལ་ཡོ​ོད་ ཅེས་གསུངས་།

6


སྒྲོལ་མས་ སྤོ་བོ​ོ་ལགས་ རྟ་རྒྱུག་འགྲན་སྡུར་ལ་

མི​ི་མང་པོ​ོ་འཛོ​ོམས་ཀྱི​ི་རེ​ེ​ེད་པས་

ལྟད་མོ་ཆེ​ེ་ལོ​ོ​ོས་ཡོ​ོད་དམ་ ཞེ​ེས་བཀའ་འདྲི​ི་ཞུ​ུས་།

7


སྤོ་བོ​ོ་ལགས་ཀྱིས་ རྟ་རྒྱུག་འགྲན་སྡུར་ཉིན་མི​ི་མང་པོ​ོ་འཛོ​ོ​ོམས་པ་དང་ བཟའ་བཏུང་ཡང་འབེལ་པོ​ོ་ཞེ​ེ​ེ་དྲག་ཡོ​ོད་ རྟ་པ་ཚོས་ལུས་ལ་ ཆས་གོས་སྤུས་ལེགས་གྱོན་ཞི​ིང་ རྟ་ལ་ཡང་རྒྱན་ཆ་སྤྲས་ཏེ་རྟ་རྩལ་ངོམས་པས་ལྟད་མོ་ཧ་ཅང་ཆ ེན་པོ​ོ​ོ་ཡོ​ོ​ོད་ ཅེ​ེས་གསུང་གི​ིན་ ཕ་ཡུ​ུལ་དྲན་ནས་དབུགས་རིང་ཞི​ི​ིག་བཏང་།

8


སྒྲོལ་མས་ སྤོ་བོ​ོ་ལགས་ བོད་ལ་རྟ་མ་གཏོགས་སེ​ེམས་ཅན་

གཞན་རྒྱུག་སྲོལ་ཡོ​ོད་དམ་ ཞེས་བཀའ་འདྲི​ི་ཞུས་།

9


སྤོ​ོ་བོ​ོ​ོ་ལགས་ཀྱིས་ ད་དུང་གཡག་རྒྱུག་གཏོང་སྲོ​ོལ་ཡོ​ོད་ གཡག་རྒྱུག་ནི་གཙ ོ​ོ་བོ​ོ​ོ་འབྲོ​ོ​ོག་ཁུལ་དུ​ུ་གཏོང་གི​ི​ི་རེ​ེ​ེད་ བོ​ོད་ཀྱི​ི​ི་གཡག་མང་ཆེ་བ་ནག་པོ་ཡི​ི​ིན་ཡང་ གཡག་དཀར་པོ་དང་ཁམ་པ་ཡང་ཡོད་ གཡག་གི་རྩི​ི​ིད་པ་རི​ིང་ཞི​ི​ིང་མཁྲེ​ེགས་པོ​ོ་ཡོ​ོད་པས་སྦྲ་གུ​ུར་བཟོ་ཡི​ི​ི་ཡོ​ོ​ོད་ ཅེ​ེས་གསུངས་།

10


སྒྲོལ་མས་ སྤོ་བོ​ོ​ོ་ལགས་ འབྲོག་པ་དེ་ཚོ​ོ​ོ་འཚོ​ོ​ོ་བ་གང་འདྲ་སྐྱེལ་གྱི​ི་ཡོ​ོ​ོད་ ཡང་སྦྲ་གུར་ཟེར་ན་ག་རེ་རེ​ེ​ེད་དམ་ ཞེས་བཀའ་འདྲི་ཞུས་།

11


སྤོ​ོ་བོ​ོ​ོ་ལགས་ཀྱིས་ བུ​ུ་མོ་ འབྲོ​ོག་པ་ནི​ི་འབྲི​ི​ི་དང་ གཡག་ ལུ​ུག་ ར་ རྟ་བཅས་འཚོ་སྐྱོ​ོ​ོང་བྱས་ཏེ​ེ་ དེ​ེ​ེ་དག་གི​ི་ཐོ​ོ​ོན་ཁུངས་ལ་བརྟེན་ནས་འཚོ​ོ་བ་སྐྱེ​ེལ་གྱི​ི་ཡོ​ོ​ོད་ འབྲོ​ོག་པ་རྣམས་ང་ཚོ་ནང་བཞི​ིན་ས་ཆ་གཅིག་ལ་ཁང་པའི་ནང་མ་བསྡད་པར་ རྩྭ་ཆུ་བཟང་ས་གང་ཡོད་ལ་རུ་སྤོས་ནས་འགྲོ་ཡི​ི​ི་ཡོ​ོ​ོད་ གཡག་གི་རྩི​ི​ིད་པས་བཟོས་པའི​ི་གུར་ལ་སྦྲ་གུར་ཟེར་ དེ​ེ་ནི​ི​ི་ཁོ​ོ​ོ་ཚོ​ོའི​ི​ི་ནང་ལྟ་བུ​ུ་ཡིན་ ཞེ​ེས་གསུངས་།

12


སྒྲོལ་མས་ སྤོ་བོ​ོ་ལགས་ བོད་ལ་ད་དུང་སེམས་ཅན་ག་རེ་ཡོ​ོ​ོད་རེ​ེ​ེད་ ཅེ​ེས་བཀའ་འདྲི་ཞུས་།

13


སྤོ་བོ​ོ་ལགས་ཀྱིས་ ད་དུང་རྐྱང་དང་ དགོ་བ་ གཙོད་ གནའ་བ་ གླ་བ་ གཟི​ིག་ འབྲོ​ོང་སོ​ོ​ོགས་མང་པོ་ཡོ​ོ​ོད་ འབྲོ​ོང་ཟེ​ེ​ེར་བའི​ི་སེ​ེ​ེམས་ཅན་དེ་

གཟུགས་རིས་གཡག་དང་འདྲ་ཡང་ གཡག་ལས་གཟུགས་སྟོབས་དང་རྭ་ཅོ་ཆེ​ེ་བ་ཡོ​ོ​ོད་ འབྲོ​ོང་གི​ི​ིས་རྭ་ཅོ​ོ་བཙུགས་རེས་རྩེ​ེད་ནས་རང་གི་

སྟོ​ོ​ོབས་ཤུགས་ངོམ་རེ​ེས་བྱེ​ེད་ཀྱི​ི​ི་ཡོ​ོ​ོད་ ཅེ​ེས་གསུངས་།

14


སྒྲོལ་མས་ སྤོ་བོ​ོ་ལགས་ དེ་འདྲའི​ི་ཞེ​ེ​ེད་སྣང་ལ་ རྭ་ཅོ་བཙུགས་རེས་ བྱས་ན་རྨ་བཟོ་ཡི​ི​ི་རེ​ེ​ེད་པཱ་ ཞེ​ེས་ དངངས་སྐྲག་ཆེན་པོ​ོས་ལབ་།

15


སྤོ​ོ་བོ​ོ​ོ་ལགས་ཀྱི​ིས་ རེ​ེད་ དེ​ེ་དངོ​ོ​ོས་གནས་ཞེ​ེད་སྣང་ཡོ​ོད་རེ​ེད་ མི​ི་ཚོ​ོ​ོས་ཐག་རི​ིང་ས་ནས་ལྟ་བ་མ་གཏོགས་འབྲོ​ོང་གི​ི​ི་འཁྲི​ི​ིས་ལ་འགྲོ​ོ་ཕོ​ོ​ོད་ཀྱི​ི​ི་མ་རེ​ེད་

ཅེ​ེས་གསུངས་།

16


སྒྲོལ་མས་ སྤོ་བོ​ོ​ོ་ལགས་ ད་དུང་མུ​ུ་མཐུ​ུད་གསུ​ུངས་གནང་དང་ སྙན་པོ་ཞེ​ེ​ེ་དྲག་འདུག་ ཅེས་ཞུས་།

17


སྤོ་བོ​ོ་ལགས་ཀྱིས་མུ་མཐུ​ུད་དེ་ བོ​ོད་ལ་འདོ​ོགས་ཁྱི​ི་ཞེ​ེ​ེས་པའི​ི་ཁྱི​ི​ི་ཆེ​ེ​ེན་པོ​ོ​ོ་གཏུ​ུམ་དྲག་ལྡན་པ་ཞིག་ཡོ​ོད་ དེ​ེའི​ི​ི་མི​ི​ིང་ལ་འབྲོ​ོག་ཁྱི​ི་ཡང་ཟེ​ེར་

གང་ཡིན་ཟེ​ེ​ེར་ན་ ཁྱི​ི་དེ​ེ​ེ་རི​ི​ིགས་ཕལ་ཆེ་བ་འབྲོ​ོག་པ་རྣམས་ཀྱིས་ཉར་གྱི​ི་ཡོ​ོ​ོད་ འབྲོ​ོག་པར་འབྲི་གཡག་དང་ནོར་ལུག་མང་བས་ སྤྱང་ཀི་དང་ རྐུན་མ་སོགས་ཀྱི​ིས་དཀའ་ངལ་བཟོ་ཡི​ི​ི་ཡོ​ོ​ོད་པར་བརྟེ​ེན་ འབྲོ​ོག་ཁྱི​ིས་སྲུང་སྐྱོ​ོབ་བྱེ​ེད་ཀྱི​ི​ི་ཡོ​ོ​ོད་ ཅེ​ེས་གསུངས་།

18


སྒྲོལ་མས་ སྤོ་བོ​ོ་ལགས་ སྤོ་བོ​ོ་ལགས་ བྱས་ན་འབྲོག་ཁྱི​ི་དེ​ེ​ེ་ཁྱི​ི​ི་དངོ​ོ​ོས་གནས་རེད་པས་ ཅེས་བཀའ་འདྲི་ཞུས་།

19


སྤོ​ོ་བོ​ོ​ོ་ལགས་ཀྱིས་ རེ​ེད་ དེ​ེ་ཚོ​ོ་ཁྱི​ི​ི་དངོ​ོ​ོས་གནས་རེད་ འོ​ོན་ཀྱང་ཁྱི​ི་གཞན་དག་ལས་གཟུགས་སྟོབས་ཆེ་ཞི​ི​ིང་དོ​ོ​ོམ་འདྲ་པོ་ཡོ​ོད་ ལུས་པོ​ོ་ཡོ​ོ​ོངས་རྫོ​ོ​ོགས་ལ་ སྤུ་ཟི​ིང་ཟི​ི​ིང་སྐྱེ​ེ​ེས་ཡོ​ོ​ོད་པ་དང་ སྐད་སྒྲ་ཡང་སྦོམ་པོ​ོ་ཞེ​ེ་དྲག་ཡོ​ོད་ དེ​ེར་བརྟེ​ེན་ཁྱི​ི་དེ​ེ​ེ་མཐོ​ོང་བ་ཙམ་གྱིས་ཞེ​ེད་སྣང་ཚ་པོ་ཡོ​ོད་པས་ སྦྱིན་བདག་མེད་ན་དེ​ེའི​ི​ི་ ཉེ​ེ​ེ་སར་འགྲོ​ོ་ཕོ​ོད་ཀྱི​ི་མ་རེ​ེད་ འོ​ོ​ོན་ཀྱང་དེ​ེང་སང་རྒྱ་མི​ིས་འབྲོ​ོག་ཁྱི​ིར་སྡུག་སྦྱོ​ོང་བཏང་ནས་ ཁྲོམ་གཞུང་དུ​ུ་འཁྲབ་སྟོན་བྱེ​ེད་ཆ ེ​ེད་དུ་བེ​ེད་སྤྱོ​ོ​ོད་ གཏོ​ོང་གི​ི་འདུག་ ཅེས་གསུངས་།

20


སྒྲོལ་མས་ འབྲོག་ཁྱི​ི་མཐོ​ོང་མྱོ​ོ​ོང་མེ​ེད་པས་ དེ​ེ་ནི​ི​ི་སྤྱན་གཟན་ཁང་གི་དོ​ོ​ོམ་ནང་བཞིན་ ཡོ​ོད་ཀྱི​ི་རེ​ེ​ེད་བསམས་ མོ་སྤོ​ོ་བོ​ོའི​ི​ི་སྒྲུང་ཉན་རྒྱུར་འདོད་མོ​ོས་ཆེ་རུ་ཕྱི​ིན་ནས་ སྤོ་བོ​ོ​ོ་ལགས་ ད་དུང་ཏོག་ཙམ་གསུངས་རོགས་གནང་ ཞེས་ཞུས་།

21


སྤོ​ོ་བོ​ོ​ོ་ལགས་ཀྱི​ིས་མ་ཎི​ི​ི་འཁོ​ོ​ོར་ལོ​ོ​ོ་ཅོ​ོ​ོག་རྩེ​ེའི​ི​ི་སྟེ​ེ​ེང་དུ་བཞག་སྟེ​ེ་ སྒྲོ​ོལ་མའི​ི་མགོ​ོ་ལ་བྱི​ིལ་བྱི​ིལ་བྱས་པ་དང་ བོ​ོད་ལ་ད་དུང་ཁྲུ​ུང་ཁྲུ​ུང་དཀར་མོ་ཟེ​ེར་བའི​ི་བྱ་ཧ་ཅང་

སྙི​ིང་རྗེ​ེ་པོ​ོ​ོ་ཞི​ི​ིག་ཡོ​ོད་ དེ​ེའི​ི​ི་ལུས་པོ​ོ་དཀར་ཞིང་སྐེ​ེ་དང་རྐང་པ་ མཇུག་སྒྲོ་བཅས་ནག་པས་ ཁྲུང་ཁྲུ​ུང་སྐེ་ནག་ཡང་འབོ​ོད་སྲོ​ོལ་ཡོ​ོད་ དེ​ེ་ཆུ་ལ་ཧ་ཅང་དགའ་པོ་ཡོ​ོད་ ཅེ​ེས་གསུངས།

22


སྒྲོལ་མས་ སྤོ་བོ​ོ་ལགས་ བྱས་ན་ཁྲུང་ཁྲུ​ུང་དཀར་མོ་བོ​ོད་ལ་མ་གཏོགས་ མཐོང་རྒྱུ་མེ​ེད་དམ་ ཞེས་བཀའ་འདྲི་ཞུས་།

23


སྤོ​ོ་བོ​ོ​ོ་ལགས་ཀྱི​ིས་ བྱ་ཁྲུང་ཁྲུ​ུང་དཀར་མོ་ནི​ི​ི་བོ​ོ​ོད་མཐོ​ོ་སྒང་གི​ི་མཛེ​ེས་རྒྱན་རེད་ གནམ་གཤིས་ཧ་ཅང་གྲང་མོ་ཆགས་དུས་རྟ་དབང་སོགས་ ཧི​ི་མ་ལ་ཡའི་ས་ཁུལ་དྲོ​ོ་ཁུ​ུལ་ཁག་ལ་འཕུ​ུར་འགྲོ་ཡི​ི​ི་ཡོ​ོ​ོད་ཀྱང་ གནམ་གཤིས་དྲོ​ོ་རུ་འགྲོ་སྐབས་བོད་ལ་ལོག་འགྲོ་ཡི​ི​ི་རེ​ེ​ེད་ དེ​ེས་བྱ་ཁྲུང་ཁྲུ​ུང་དཀར་མོའི​ི​ི་ཕ་ཡུ​ུལ་བོད་ཡི​ི​ིན་པ་སྟོ​ོན་གྱི​ི་ཡོ​ོ​ོད་ ཅེ​ེས་གསུངས་།

24


སྒྲོལ་མའི​ི་སེ​ེ​ེམས་ནང་གནམ་གཤིས་དྲོ​ོ་རུ​ུ་འགྲོ​ོ་སྐབས་

བོད་མི​ི་རྣམས་ཀྱང་ཕ་

ཡུལ་བོད་ལ་ལོག་རྒྱུ་བྱུ​ུང་ན་དགའ་བ་ལ་ཨང་སྙམ་ དེ་ནས་མོས་ སྤོ​ོ་བོ​ོ་ལགས་ ཁྱེད་རང་ཆུང་དུ​ུས་སྐབས་མཉེས་ཤོ​ོས་གནང་ས་དེ་ག་རེ​ེ་རེ​ེ​ེད་པས་ ཅེས་བཀའ་འདྲི་ཞུས་།

25


སྤོ​ོ་བོ​ོ​ོ་ལགས་ཀྱིས་ ང་རང་ཆུང་དུ​ུས་སྐབས་ཨ་མ་ལགས་ལ་ཕྱག་རོགས་ཞུས་ཏེ་ བ་རའི​ི་ནང་འོ​ོ་མ་འཇོ​ོ་སར་འགྲོ་རྒྱུ་དེ​ེ་ཡི​ི​ིན་ ཨ་མ་ལགས་ཀྱིས་བ་ཕྱུགས་ལ་གཟན་རྩྭ་མང་པོ་སྟེ​ེར་བས་ བ་མོས་ཀྱང་དེ​ེ་བཞི​ིན་འོ​ོ​ོ་མ་མང་པོ་འཇོ​ོ་འཇུག་གི་རེ​ེ​ེད་།

26


ཨ་མ་ལགས་ཀྱིས་འོ​ོ་ཟོ​ོ​ོམ་ནང་ཆུ་ཏོག་ཙམ་བསྣམས་ནས་ བ་མོའི​ི​ི་འགྲམ་དུ་ཙ ོ​ོག་པུར་བསྡད་རྗེས་བ་མོའི​ི​ི་འོ​ོ​ོ་མར་ཆུ་ཏོག་ཙམ་ བྱུགས་ནས་གཙང་མ་བཟོ་ཡི​ི​ི་ཡོ​ོ​ོད་ དེ​ེ་ནས་བདེ​ེ་ལྕག་འཁྱུག་པོའི​ི​ི་ངང་ བྱར་ བྱར་ བྱར་...ཞེས་འོ​ོ་མ་འཇོ་ཡི​ི་ཡོ​ོ​ོད་།

27


སྐབས་རེ་འོ​ོ​ོ་མ་བཞོས་མ་ཚར་གོང་བ་ཡི​ིས་གཟན་རྩྭ་བཟས་ཚར་ནས་ཡག་པོ་མ་སྡོ​ོད་པའི​ི་སྐབས་

ངས་ལམ་སང་བ་ལ་གཟན་རྩྭ་སྤྲད་དེ་མགོ​ོ་སྐོ​ོར་རོ​ོགས་བྱེ​ེད་ཀྱི​ི​ི་ཡོ​ོ​ོད་ དེ​ེ་དུས་ཨ་མ་ལགས་ཐུགས་མཉེས་པོ​ོ་ཞེ​ེ​ེ་དྲག་གནང་ནས་ འོ​ོ་མ་བཞོ​ོས་ཚར་རྗེས་ང་ལ་བྱི​ི་རི​ི​ིལ་ཁ་ཤས་གནང་གི་རེ​ེ​ེད་ ཅེ​ེས་གསུངས་། 28


སྒྲོ​ོལ་མས་ སྤོ་བོ​ོ་ལགས་ བྱས་ན་ཁྱེད་རང་ཆུང་དུ​ུས་སྐབས་ང་དང་འདྲ་བར་ བྱི​ི་རི​ི​ིལ་ལ་མཉེས་པོ​ོ་གནང་མཁན་ཞིག་རེ​ེད་འདུག་ ཅེ​ེས་བཤད་མ་ཐག་ ཨ་མ་བདེ་ཆེ​ེན་ལགས་དང་

པཱ་བསྟན་འཛིན་ལགས་ཅ་ལག་མང་པོ​ོ་བསྣམས་ནས་ལོག་ཕེ​ེབས་།

29


ཨ་མ་ལགས་ཀྱིས་ བུ་མོ​ོ་སྒྲོ​ོལ་མ་སྤོ་བོ​ོའི​ི​ི་འགྲམ་དུ་གྲུ​ུང་ཤ་དོད་པོ​ོའི​ི​ི་ངང་བསྡད་ཡོད་པ་མཐོང་མ་ཐག་ ཁྱེད་རང་གཉིས་ག་རེ​ེ་བྱེ​ེ​ེད་ཀྱི​ི​ི་ཡོ​ོ​ོད་ ཅེ​ེས་བཀའ་འདྲི​ི་གནང་བར་ སྒྲོལ་མས་འཛུམ་དམུལ་དམུ​ུལ་ངང་ སྤོ་བོ​ོ་ལགས་ང་གཉིས་བོ​ོད་ལ་འགྲོ་ཡི​ི​ི་ཡོ​ོ​ོད་ སྐྱི​ིད་པོ​ོ​ོ་ཞེ​ེ​ེ་དྲག་འདུག་

ཅེ​ེས་ཞུས་པས་ ཨ་མ་བདེ་ཆེ​ེན་ལགས་ཀྱིས་བུ་མོ​ོའི​ི​ི་སྐད་ཆའི​ི་དོ​ོ​ོན་དག་ཧ་མ་གོ་བས་ བྱས་ན་ང་ཡང་བོད་ལ་འགྲོ་ཡི​ི​ི་ཡི​ི​ིན་ ཞེ​ེས་གསུངས་ཏེ​ེ་

ལག་པ་བརྐྱངས་ནས་གནམ་གྲུ་འཕུ​ུར་བ་ལྟར་གཡས་སྐོར་གཡོ​ོན་སྐོ​ོར་བྱས་པས་ ནང་མི་ཚང་མ་གད་མོ་ཤོ​ོར་ཏེ​ེ་ཁྱི​ི​ིམ་ཚང་དགོད་སྒྲས་ཁེངས་སོ​ོ་ །།

30


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.