བྱིས་པ་དག་ཡིག

Page 1

རྩོམ་པ་པོ་ངོ་སྤྲོད། རྩོམ་པ་པོ་ལྟ་གྲུབ་སློབ་དཔོན་མཁན་སྤྲུལ་ཐུབ་བསྟན་ཆོས་འཕེལ་མཆོག་ནི་སྤྱི་ལོ་༡༩༨༠ལོར་བོད་མདོ་ཁམས་གསེར་ རྟ་ཆུ་སྟོད་དཀྱིལ་རི་མགོའི་སྡེ་བའི་དཔོན་ཚང་དུ་སྐུ་འཁྲུངས་ཤིང་། རང་ལོ་བརྒྱད་ཀྱི་ སྐབས་སྐྱབས་རྗེ་སྤྲུལ་སྐུ་རིན་ཆེན་ཕྲེང་བ་མཆོག་གི་མདུན་ནས་རབ་ཏུ་བྱུང་སྟེ་གཞིས་ དགོན་སེ་ར་དགོན་གྱི་ཆོས་སྒོར་ཞུགས། དགོན་དེའི་བླ་རྒྱ་མཁན་པོ་ཀར་ཆོས་ཀྱི་ཡང་ སྲིད་དུ་ངོས་འཛིན་བྱས་པ་དང་། སྐྱབས་རྗེ་རིན་ཕྲེང་རིན་པོ་ཆེ་དང་མཁན་ཆེན་རྗེ་ གྲགས་པ་རྒྱ་མཚོ་རྣམ་གཉིས་ཀྱི་དྲུང་ནས་བྱང་ཆུབ་ལམ་རིམ་ཆེན་མོ་སོགས་བློ་སྦྱོང་

བླ་གསལ་བྱི ོ ས་པའི་བརྡ་དག་གངས་ལྗོངས་ སྤྱི་སྐད་གསལ་བའི་མེ་ལ ོང་།

སྐོར་ལ་གསན་བསམ་སློབ་གཉེར་མཛད། ཕྱི་ལོ་ ༡༩༩༨ ལོར་འཕགས་ཡུལ་དུ་ཕེབས་ ནས་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་གསེར་ཞལ་མཇལ་རྗེས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ ཕེབས་ནས་སྐྱབས་གནས་མཁན་རིན་པོ་ཆེ་རྗེ་བཙུན་བློ་བཟང་རྒྱལ་མཚན་སོགས་དགེ་བའི་བཤེས་གཉེན་དུ་མར་ མཉེས་པ་གསུམ་གྱིས་བསྟེན་གནང་མཛད་དེ་བསྡུས་རྟགས་བློ་གསུམ་དང། ས་ལམ་གྲུབ་དོན་གསུམ། དབུ་ཕར་ཚད་ གསུམ་རྣམས་ལ་སྦྱངས་པ་མཐར་སོན་དང་རྩེ་ཕུད་དང་པོ་སོགས་ཀྱི་བྱ་དགའ་གང་མང་བཞེས་པ་མ་ཟད་གདན་ས་ ཆེན་པོ་དེ་ནས་དགེ་བཤེས་རྡོ་རམས་པའི་མཚན་རྟགས་བཞེས། ཞོར་དུ་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོས་ གཙོས་རིས་མེད་བླ་ཆེན་དུ་མའི་དྲུང་ནས་བཀའ་གདམས་གཞུང་དྲུག་དང་། དཔལ་སྤྲུལ་སྔོན་འགྲོ དྭགས་པོ་ཐར་ རྒྱན། ལམ་འབྲས་སློབ་བཤད་སོགས་ཀྱི་གཙོས་དབང་ལུང་ཁྲིད་གསུམ་དུ་མ་གསན་པའི་སྐལ་བཟང་གི་གོ་སྐབས་ བདག་གིར་བཞེས། ཕྱི་ལོ་ ༢༠༡༠ལོར་རང་གཞུང་ཤེས་རིག་ལས་ཁུངས་ནས་ཆེད་བཏང་ལྟར་བལ་ཡུལ་ལེགས་བཤད་ ཚལ་སློབ་གྲྭའི་ཆོས་དགེ་དང་བོད་དགེ་གཅིག་ལྕོགས་མཛད་ཞོར་ལེགས་བཤད་ལྗོན་དབང་གི་ཚིག་འགྲེལ་བློ་གསལ་ དགའ་བསྐྱེད་རྩོམ་བྲིས་གནང་། ཕྱི་ལོ་ ༢༠༡༤ ལོ་གནས་སྤོར་གྱིས་དཔེ་སྟོན་སློབ་གྲྭའི་ལྟ་གྲུབ་སློབ་དཔོན་གནང་མུས་ སུ་ཤེས་རིག་ལས་ཁུངས་ནས་བོད་ཀྱི་བྱིས་སྒྲུང་རྩོམ་པ་པོ་འདེམས་ཐོན་གྱིས་བོད་ཀྱི་བྱིས་སྒྲུང་རྩོམ་པ་པོའི་མཚན་ གནས་བཞེས། ཕྱི་ལོ་༢༠༡༥ལོ་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་སྤྱི་ནོར་༸གོང་ས་སྐྱབས་ མགོན་ཆེན་པོའི་སྐུ་ཡི་གྱ་སྟོན་སྐབས་བཀའ་དྲིན་རྗེས་དྲན་གྱི་སྙན་རྩོམ་འགྲན་སྡུར་ཁྲོད་ཨང་གསུམ་པ་དང་། དཔེ་ སྟོན་ན་ཆུང་གཞས་དེབ་ཕ་སྐད་གཙང་མའི་སྒྲ་དབྱངས་རྩོམ་བྲིས་གནང་། ཕྱི་ལོ་ ༢༠༡༦ ལོར་ཤེས་རིག་ལས་ཁུངས་ ནས་བོད་མིའ་ི ངོ་བོ་ཞེས་བརྗོད་གཞིའ་ི ཐོག་རྩོམ་ཡིག་འདེམས་སྒྲུག་ཁྲོད་ཕུལ་བྱུང་རྩོམ་པ་པོའ་ི མཚན་གནས་བཞེས་ ལོ་འདིར་ཡང་གསར་གཏོད་ཀྱི་རང་བཞིན་ལྡན་ལ་བྱིས་པའི་བློ་དང་འཚམ་ཞིང་འཇུག་པ་བདེ་བའི། བློ་གསལ་བྱིས་ པའི་བརྡ་དག་གངས་ལྗོངས་སྤྱི་སྐད་གསལ་བའི་མེ་ལོང་། འདི་ཉིད་བརྩམས་པ་བཅས་ཀྱི་ངོ་སྤྲོད་མདོར་བསྡུས་སུ། ཀཿཐོག་རྒྱ་ཤོད་སྐྱབས་སྤྲུལ་པདྨ་ཆོས་དབྱིངས་བཞད་པ་འབོད་པས་ཕྱི་ལོ། ༢༠༡༧/༤/༢༦ ཕུལ་བ་དགེ། །

རྩོམ་པ་པོ་ཐུབ་བསྟན་ཆོས་འཕེལ།


Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.
བྱིས་པ་དག་ཡིག by DoE Webmaster - Issuu