ཀུན་ལེགས་དབང་ཕྱུག། རིག་གཞུང་མཐོ་རིམ་སོབ་གྲྭ། གནམ་ལོ་༢༠༢༠།
1
༼དཀར་ཆག།༽ གོ་རིམ།
༼རྩ་དོན།༽
ཤོག་གྲངས།
༡
དཀར་ཆག།
༢-༣
༢
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་མདོར་
༤-༡༢
༣
གཏེར་སོན་པདྨ་གླིང་པ་ཀྱི་རྣམ་ཐར།།
༡༣-༡༨
༤
སོབ་དཔོན་སོན་ལམ་རབ་བཟང་།
༡༩-༢༣
༥
སྡེ་སྲིད་ཁྲི་རབས་མཐའ་མ་ང་དགུ་པ་ས་སྐྱོང་མི་དབང་
༢༤-༢༩
བསྡུས་བཞུགས་སོ།།
གསུང་སྤྲུལ་ཕོགས་ལས་སྐུ་འཕྲེང་ལྔ་པ་ཡེ་ཤེས་དངོས་གྲུབ་ མཆོག་གི་མཛད་རྣམ།
2
༦
རྗེ་མཁན་ཁྲི་རབས་༦༨ པ་ རྗེ་བཙུན་བསན་འཛིན་དོན་
༣༠-༣༣
༧
གྲུབ་དབང་མཁས་གྲུབ་བསན་འཛིན་རྒྱ་མཚོ་གི་རྣམ་ཐར།
༣༤-༣༨
༨
གྲུབ་དབང་བསོད་ནམས་བཟང་པོའི་རྣམ་ཐར།
༣༩-༤༣
༩
དཔལ་ལྡན་བླ་མའི་མཛད་པ་མཐོང་ཐོས་དད་པའི་ས་བོན།
༤༤-༤༧
༡༠
སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལོ་རྒྱུས།།
༤༨-༥༢
༡༡
ཆོས་རྒྱལ་མི་འགྱུར་བརྟན་པ།
༥༣-༥༥
གྲུབ་མཆོག་གི་རྣམ་ཐར།
3
༡༢
ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་དད་པའི་ས་
༥༦-༥༩
༡༣
རྗེ་འབངས་ཉེར་ལྔ་ལོ་རྒྱུས།
༦༠-༧༨
༡༤
ཨོན་པདྨ་གླིང་པའི་རྣམ་ཐར་བཞུགས་སོ།།
༧༩-༨༣
༡༥
གཏེར་སོན་བརྒྱ་རྩའི་གཙོ་བོ་གཏེར་ཆེན་རོ་རྗེ་གླིང་པའི་རྣམ་
༨༤-༨༨
༡༦
ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་བསྡུས།
༨༩-༩༥
༡༧
ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་ཤིག་
༩༦-༡༠༥
༡༨
སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་དགེ་འདུན་རིན་ཆེན་
༡༠༦-༡༠༨
༡༩
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་མཚན་དོན།
༡༠༩-༡༡༢
༢༠
མི་ཕམ་རིན་པོ་ཆེའི་རྣམ་ཐར་བསྡུས་པ་བཞུགས་སོ།།
༡༡༣-༡༢༢
བོན།
ཐར་བསྡུས་པ་བཞུགས་སོ།།
ཡིན་མིན་ལ་དཔྱད་པ། མཆོག་གི་རྣམ་ཐར།
༡༽ ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་ཐར་མདོར་བསྡུས་ བཞུགས་སོ།།
4
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ཞུ་བ་ནི། རབ་བྱུང་ལྔ་པའི་ས་ཕོ་
སྤྲེལ་ལམ་ཕྱི་ལོ༡༣༠༨ལོར། གཡོ་རུ་གྲའི་ཆ་སོད་དུ་ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་ རུས་རྒྱུད་ཡབ་སྔགས་འཆང་བསན་པ་སྲུང་དང་ཡུམ་འབོམ་བཟའ་བསོད་ནམས་རྒྱན་
གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་གྲངས་ལྔ་བཞེས་པའི་ཐོག་ནས་ཡི་གེའི་སོར་ཀློག་ ཐམས་ཅད་ཚེགས་མེད་དུ་མཁྱེན་ཅིང་། དགུང་གྲངས་བདུན་བཞེས་ཐོག་ཡབ་ཀྱི་མདུན་ ནས་གུ་རུ་ཞི་དྲག་སོགས་ཀྱི་དབང་ལུང་མན་ངག་དང་བཅས་པ་གསན་བཞེས་མཛད།
དགུང་གྲངས་དགུའི་ཐོག་ནས་འཕགས་པ་བརྒྱད་སོང་པ་སོགས་མདོ་སྔགས་ཀྱི་བཀའ་
བསན་ཐམས་ཅད་ངག་ནས་ཆུ་བཞུར་བཞུར་དུ་གསུངས་ཤིང་ཐུགས་ལ་ཆུད་པར་གྱུར། དགུང་གྲངས་བཅུ་གཉིས་བཞེས་ཐོག་བསམ་ཡས་སུ་བཅར་ཏེ་མཁན་པོ་བསམ་འགྲུབ་
རིན་ཆེན་དང་སོབ་དཔོན་ཀུན་དགའ་འོད་ཟེར་དག་གི་མདུན་ནས་རབ་ཏུ་བྱུང་སྟེ་མཚན་ ལ་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ།
དེ་རྗེས་རིམ་གྱིས་གསང་ཕུའི་ཆོས་གྲྭ་སོགས་སུ་གྲལ་ཞུགས་མཛད་དེ་གཞུང་ཆེན་བཀའ་ པོད་ལྔ་སོགས་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ཐམས་ཅད་ལ་སངས་པ་མཐར་
སོན་པ་བྱས། དཔང་ལོ་ཆེན་མོ་ལས་ཆོས་མངོན་པ་མཛོད་སོགས་བསབ་ཅིང་། སོབ་ དཔོན་ཆེན་མོ་བཙན་དགོན་པ་དང་གཞོན་ནུ་རིན་ཆེན་དག་གི་མདུན་ནས་ཚད་མ་དང་
ཕར་ཕྱིན་བསབ། གཞན་ཡང་སོབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ་སོགས་གསན་ བསམ་མཛད་དེ། དབུས་གཙང་ཕོགས་ཀྱི་ཆོས་སྡེ་ཕལ་མོ་ཆེར་གྲྭ་སྐོར་དུ་བྱོན་པ་དང་། རྒྱ་གར་འཕགས་པའི་ཡུལ་གྱི་དཔལ་ཆུ་བོ་རི་དང་ཨོ་རྒྱན་ཡུལ་སོགས་སུ་ཞབས་ཀྱིས་
བཅགས་ཏེ་འཆད་རྩོད་རྩོམ་པའི་ལས་ལ་ཞུགས་ནས་མཁས་པའི་སྙན་པ་ཡོངས་ལ་ཁྱབ། སྔ་གཞུག་ཀུན་དུ་ཀརྨ་པ་རང་བྱུང་རོ་རྗེ་དང་། ས་སྐྱ་བདག་ཆེན། བླ་མ་འཇམ་དབྱངས་ 5
པ་སོགས་དམ་པའི་ སྐྱེས་བུ་གང་མང་
བསྟེན་ཏེ་ཆོས་མདོ་ རྒྱུད་མན་ངག་དང་ བཅས་པར་གསན་ བཞེས་རྒྱ་ཆེན་
མཛད། ད་དུང་སོབ་
དཔོན་ཆེན་མོ་བཀྲ་ཤིས་རིན་ཆེན་ལས་ལམ་འབས་དང་། ཞི་བྱེད། རོགས་ཆེན་སོགས་
མན་ངག་གི་བཅུད་ཐམས་ཅད་མནོས་ཤིང་། སོབ་དཔོན་གཞོན་ནུ་དོན་འགྲུབ་ལས་མདོ་ སྒྱུ་སེམས་གསུམ་གྱི་གདམས་པ་ལྷག་ལུས་མེད་པར་སངས་པ་བྱས། ཁྱད་པར་དུ་རིག་ འཛིན་ཆེན་མོ་ཀུ་མཱ་རཱ་ཛའི་ཞབས་ལ་བཏུད་དེ་གསང་སྔགས་སྔ་འགྱུར་གྱི་གདམས་པ་ མཐའ་དག་གི་ཉམས་ཁྲིད་ལ་གསན་བསམ་ནན་ཏན་མཛད་དེ་རིག་སོང་ཀ་དག་ལྷུན་ གྲུབ་ཆེན་པོའི་རང་གཤིས་མངོན་སུམ་དུ་གཟིགས། གཡག་སྡེ་པཎ་ཆེན་སོགས་ཀྱི་ མདུན་དུ་དོགས་བཀྲོལ་ཡང་མང་དུ་མཛད་རབས་མཆིས།
དེ་རྗེས་གཞན་གྱིས་བསན་བཅོས་རྩོམ་པར་བསྐུལ་བ་ལྟར《ཀློང་ཆེན་མཛོད་
བདུན》སོགས་མདོ་སྔགས་རིག་གནས་དང་བཅས་པའི་གླེགས་བམ་དཔག་བསམ་གྱི་
འཁྲི་ཤིང་བཞིན་བཞེངས་ནས་གསང་ཆེན་སྔ་འགྱུར་གྱི་བསན་པ་རྨང་ནས་བསྐྱངས་པར་ མཛད། བོད་དུ་སངས་རྒྱས་ཀྱི་བསན་པའི་བསན་བཅོས་ཐོག་མར་མཛད་མཁན་ཡང་
ཁོང་ཡིན་པར་འདོད། གངས་རི་ཐོད་དཀར་ཨོ་རྒྱན་རོང་དང་། ཀུ་རེ་སོད་ཀུན་བཟང་
གླིང་། མེ་ལོག་ཀུན་བཟང་གླིང་། ཤིང་མཁར་བདེ་ཆེན་གླིང་། མོན་ཡུལ་བབ་རོན་ཐར་ 6
བ་གླིང་། སྤ་གྲོ་བསམ་གཏན་གླིང་། སྔན་ལུང་འབས་བཅགས་གླིང་། སང་ཨོ་རྒྱན་ཆོས་ གླིང་། ཁོ་ཐང་རིན་ཆེན་གླིང་བཅས་གླིང་བརྒྱད་དུ་གྲགས་པའི་གདན་ས་བསྐྱངས་ཤིང་། གདུལ་བྱ་དཔག་གིས་མི་ལངས་པ་གསོ་བར་མཛད། ཁོང་གི་སོབ་མ་ལས། འགྲོ་དོན་
ནུས་པའི་སོབ་མ་སུམ་ཅུ། འགྲོ་ཕན་ཆེ་བ་བཅུ་གཅིག ཁྱད་པར་ཅན་དགུ་སོགས་སྲས་
རྒྱུད་དང་སོབ་རྒྱུད་ཀྱིས་བསན་འགྲོའི་དོན་ཆེན་དཔག་མེད་མཛད། དེ་ལྟར་ཀུན་མཁྱེན་ ཀློང་ཆེན་རབ་འབྱམས་ཞུ་བས་མཛད་པ་མཐའ་ཡས་པ་བསྐྱངས་ཏེ་དགུང་ལོ་ལྔ་བཅུ་ང་ དྲུག་པ་བཞེས་པ་རབ་བྱུང་དྲུག་པའི་ཆུ་ཡོས་ཕྱི་ལོ༡༣༦༣ལོར་དཔལ་བསམ་ཡས་
མཆིམས་ཕུ་རུ་དགོངས་པ་ཆོས་དབྱིངས་སུ་བསྡུས་སོ། །ཁོང་གི་གསུང་རྩོམ་གྱི་སྐོར། ཁམས་པ་ཆོས་གྲགས་བཟང་པོའི་མཛད་པའི《ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་ མཐོང་བ་དོན་ལྡན》དུ། ཕྱིའི་གནས་ཐུན་མོང་གི་སྐོར་བསན་བཅོས་དགུ་བཅུ་གོ་ལྔ། ནང་གི་གནས་རྒྱ་ཆེར་བཤད་པའི་བསན་བཅོས་ཆིག་བརྒྱ་ཉེར་བརྒྱད། གསང་བའི་
གནས་དེ་ཁོ་ན་ཉིད་སོན་པའི་བསན་བཅོས་སུམ་ཅུ་སྟེ་བརྩམས་ཆོས་ཉིས་བརྒྱ་ལྔ་བཅུ་རྩ་ གསུམ་ཡོད་པར་གསུངས། ཡོངས་གྲགས་སུ། 《མཛོད་བདུན།》《སྙིང་ཏིག་ཡ་
བཞི།》《ངལ་གསོ་སྐོར་གསུམ།》《རང་གྲོལ་སྐོར་གསུམ།》《མུན་སེལ་སྐོར་ གསུམ།》《ཡང་ཏིག་སྐོར་གསུམ》སོགས་བསོམས་པོད་ཆེན་བཅུ་བདུན་བཞུགས། ཁོང་གི་མཚན་གྱི་རྣམ་གྲངས། ཀློང་ཆེན་རབ་འབྱམས། ཀློང་གསལ་དྲི་མེད། རོ་རྗེ་
གཟི་བརྗིད། རོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་ བློ་གྲོས། ངག་གི་དབང་པོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ།
ཀུན་མཁྱེན་ཆོས་རྗེ། ཕན་པ་བཟང་པོ། པདྨ་ལས་འབྲེལ་རྩལ། ནམ་མཁའི་རྣལ་འབྱོར།
7
གུ་ཡངས་བློ་བདེ། མདོ་ཁམས་པ་འཇིགས་མེད་འཕྲིན་ལས་འོད་ཟེར། རྒྱལ་བའི་མྱུ་གུ། མཁྱེན་བརྩེའི་ལྷ་སོགས་སུ་གྲགས།
- འབྲུག་ལུ་བྱིན་རླབས་ཅན་གྱི་གནས་༢ པ།
ཀུན་མཁྱེན་ཀློང་ཆེན་པོས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། ། སོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། ། རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། ། ཐར་ལམ་བགྲོད་པའི་གཅེས་པའི་རྣམ་གསུམ་ཡིན། །ཟེར་གསུངས་དོ་བཟུམ་དགེ་བའི་ ལཱ་ག་ཅི་ར་འབད་རུང་དང་པོ་སོར་བ་སེམས་བསྐྱེད་དམ་པ། གཉིས་པ་དངོས་གཞི་ དམིགས་མེད་དམ་པ། གསུམ་པ་རྗེས་བསྔོ་བ་དམ་པ་ཟེར་དམ་པ་གསུམ་གྱི་ཐོག་ལས་ འབད་དགོབ་འདི་གལ་ཆེ། མཆོདཔ་ཕུལ་ཚུལ་སྐོར་འདུག་ཚར་གཅིག་གཟིགས་གནང་ ལགས།
8
9
10
11
12
༢༽ གཏེར་སོན་པདྨ་གླིང་པ་ཀྱི་རྣམ་ཐར།།
13
གཏེར་སོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་རིག་འཛིན་པདྨ་གླིང་པ་ནི། ལུང་བསན་ གསལ་བའི་སྒྲོན་མེ་ལས། བུམ་ཐང་དབུས་ཀྱི་ཆལ་ལུང་ཞེསཿ ལུང་ཕུ་ནུབ་བྱང་
མཚམས་སུ་བསནཿ ལུང་མདའ་ཤར་ལྷོ་མཚམས་སུ་བསནཿ ཆུ་བོ་རྒྱ་མདུད་འཁྱིལ་ འདྲ་ཞིང་ཿ ལུང་པ་ཐལ་སར་འདྲ་བའི་ནང་ཿ དབེན་གནས་གདུགས་ཀྱི་ཤམ་བུར་
མཚུངསཿ ནགས་མ་ཆེན་པོས་བསྐོར་བའི་དབུསཿ ཧོམ་ཁུང་འདྲ་བའི་ཡུལ་ནང་དུཿ ཡབ་ནི་དོན་གྲུབ་ཅེས་བྱ་དང་ཿ ཡུམ་ནི་པདྨའི་མིང་ཅན་གཉིསཿ ལྕགས་ཁམས་རྟ་སྦྲུལ་ ལོ་པ་ཡིཿ པདྨའི་མིང་ཅན་གཅིག་ཏུ་འཁྲུངསཿ ཞེས་བསླུ་མེད་རོ་རྗེའི་གསུང་གིས་ལུང་ བསན་པ་བཞིན་བུམ་ཐང་ཆལ་བ་རི་བང་དུ། ཡབ་སོས་སོན་དོན་གྲུབ་བཟང་པོ་དང་ ཡུམ་འབོག་མོ་པདྨ་སྒྲོལ་མ་གཉིས་ཀྱི་སྲས་སུ།
སྤྱི་ལོ་ ༡༤༥༠ རབ་བྱུང་བརྒྱད་པའི་ལྕགས་རྟ་ལོ་ དཔྱིད་ཟླ་ར་བ་སག་ཟླའི་ཚེས་བཅོ་ ལྔ་ཉིན་སྐུ་བལྟམ་ནས་དགུང་གྲངས་བདུན་ཅུ་དོན་གཉིས་ཀྱི་རིང་ལས་བཞིའི་ཕྲིན་ལས་
འབྲེལ་ཚད་དོན་ལྡན་གཡེལ་བ་མེད་པའི་ངང་ནས་ཞིང་འདིའི་གདུལ་བྱ་རྟག་འཛིན་ཅན་ རྣམས་ལ་སྒྱུ་མའི་རྣམ་ཐར་བསན་པའི་ཕྱིར་བུམ་ཐང་གཏམ་ཞིང་ལྷུན་གྲུབ་ཆོས་གླིང་དུ་
སྤྱི་ལོ་ ༡༥༢༡ རབ་བྱུང་དགུ་པའི་ལྕགས་སྦྲུལ་ཟླ་དང་པོའི་ཚེས་གསུམ་གྱི་སྔ་དྲོ་སྐུ་དྲང་ པོར་བསྲང་ཞིང་ཨ་ཨ་ཨ་ཞེས་སྐྱེ་མེད་ཀྱི་སྒྲ་དང་བཅས་ནང་དབྱིངས་གདོད་མའི་ཟད་ས་ ཆེན་པོར་ངོ་མཚར་བའི་རྟགས་དང་ཅས་གཤེགས་སོ།།
གུ་རུ་པདྨའི་བཀའ་ཐང་ལས། ང་ཡི་ཐུགས་སྲས་པདྨ་གླིང་པ་ལཿ དད་ཅིང་གུས་པའི་ སེམས་ཅན་ཨ་རེ་སྐྱིདཿ ལོག་ལྟ་ཅན་ཡང་འཁོར་བ་མཐའ་ཅན་འགྱུརཿ སེམས་ཅན་སེ་ གུ་ཙམ་ཡང་ལམ་སྣ་འདྲེནཿ
14
ཨོ་རྒྱན་པདྨ་གླིང་པ། ༈ ཡང༌། འགོས་ཀྱི་ཕག་རིར་གནས་གཞི་རོངས་ལ་འགེབ༔ ལ་ སོད་སག་གྲུར་དུག་གི་ཚོང་དུས་འོང༔ མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔ མི་ བཞག་འདོན་པའི་རྟགས་དེ་བསན་ནས་འབྱུང༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང༔
ཞེས་པའི་གཏེར་སོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་ཨོ་རྒྱན་པདྨ་གླིང་པ་ནི། མངའ་ བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་མོན་བུམ་ཐང་དུ་
མོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང༌། ཡུམ་གྲོང་མོ་དཔལ་འཛོམ་གཉིས་ཀྱི་ སྲས་སུ་ལྕགས་ཕོ་ཁྱིའི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཀུན་ མཁྱེན་དྲི་མེད་འོད་ཟེར་གྱི་སྐྱེ་བ་དེ་མ་ཐག་པར་གྱུར་པས་ཆུང་ངུ་ནས་དམ་པའི་རིགས་ སད། ཡིག་རིགས་དང་བཟོ་གནས་སོགས་མ་བསབ་པར་མཁྱེན། ཁྱད་པར་སྤྲེལ་ལོ་
སོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་ བསན་ནས་བྱིན་གྱིས་བརླབས། གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕག་ཏུ་
བསྩལ་པ་ལྟར་དགུང་ལོ་ཉེར་བདུན་པར། ཟབ་གཏེར་ཐམས་ཅད་ཀྱི་ཐོག་མ་རོགས་ཆེན་ ཀློང་གསལ་གྱི་སྐོར་རྣམས་སྣ་རིང་བག་གི་ཉེ་ལོགས་སང་ཆུ་རྒྱ་མདུད་དུ་འཁྱིལ་བའི་མེ་ འབར་མཚོར་གྲགས་པ་ནས། ཁྲོམ་ཚོགས་མང་པོའི་དབུས་སུ་ཕག་ན་སྒྲོན་མེ་ཞིག་ བསྣམས་ནས་མཚོ་ནང་ཐོགས་མེད་དུ་གཤེགས།
སར་ཕག་གི་སྒྲོན་མེའང་མ་ཤི་བར་གཏེར་སྒྲོམ་ཆེན་པོ་ར་མ་ཙམ་ཞིག་མཆན་ཏུ་བཅུག་
ནས་ཕེབ་པས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་དད་པར་བཀོད་པ་ལ་བརྟེན་རྩོད་པ་དང་ བལ་བའི་སྙན་གྲགས་ཀྱིས་ས་སྟེང་ཉི་ཟླ་ལྟར་ཁྱབ་པར་གྱུར། དེས་མཚོན་ཏེ་བསམ་ཡས་ མཆིམས་ཕུ་ནས་རོགས་ཆེན་ཀུན་བཟང་དགོངས་འདུས། གཞན་ཡང་གཏེར་གནས་སོ་ སོ་ནས་རོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་དང༌། བླ་མ་ནོར་བུ་རྒྱ་མཚོ། 15
ཐུགས་རྗེ་ཆེན་པོ་མུན་སེལ་ སྒྲོན་མེ། བཀའ་བརྒྱད་
ཐུགས་ཀྱི་མེ་ལོང༌། ཕུར་པ་ སྤུ་གྲི། བདུད་རྩི་སན་སྒྲུབ་ ཀྱི་སྐོར་ཏེ་བཀའ་ཕུར་སན་ གསུམ། ཕག་རོར་དྲེགས་ འདུལ་དང་གཏུམ་ཆུང༌།
དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རོ་རྗེ་ཕྲེང་བ། ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་ སྐོར་གསུམ། ལས་ཕྲན་གྱི་སྐོར་སོགས་མང་དུ་གཏེར་ནས་བཞེས་ཤིང་དེ་དང་མཚུངས་ པར་མོང་གྲོལ་སྐྱེ་བདུན་སྐུ་ཚབ་པདྨ་གུ་རུ་སོགས་དམ་རས་རྟེན་གསུམ་གྱི་རིགས་ཀྱང་
བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་ལྷོ་སྐྱེར་ཆུའི་ལྷ་ཁང་དཔལ་ཚ་བ་གསུམ་པའི་ལྷ་ ཁང་དང་མཚུངས་པ་དེ་ཉིད་སྔོན་མི་སྣང་བ་ལ་གཏེར་སོན་འདིས་རི་སུལ་ཞིག་ནས་ས་རོ་ རྣམས་བསལ་ནས་ལྷ་ཁང་དེང་སང་ཀུན་གྱིས་མཇལ་དུ་ཡོད་པར་མཛད། ནོར་གཏེར་ ཀྱང་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་གཡུ་སོང་རི་འོད་འབར།
བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང༌། མེ་ལོང་རྒྱང་
གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོའང་གཏེར་ནས་བཞེས།
གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕག་ཏུ་བྱུང་ནའང་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སོན་སྐུ་གཤེགས་ཁར་སྲས་ཀྱིས་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་
ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང༌། དམ་ཚིག་གཙང་མར་བསྲུང་ཤིང་བདག་རང་ལ་
གསོལ་བ་བཏབ་ན་ཕྲན་ཚེགས་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ 16
ཀྱང་གཏེར་ཁ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་ཡ་མཚན་ཆེ་བའི་མཛད་
པ་བསམ་གྱིས་མི་ཁྱབ་ཅིང༌། མ་འོངས་པ་ན་པདྨ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་ རོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསན་དང༌། ད་ལྟའི་འབྲེལ་ཐོགས་རྣམས་
ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ།། ཐུགས་ སྲས་སོབ་མའི་ཚོགས་ཀྱང་གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔སོན་ ལམ་འབྲེལ་བ་སོང་རྩ་གཉིས༔ ཟབ་མོའི་གནད་ཀྱིས་འབྲེལ་བཅུ་གཅིག༔ དཀྱིལ་
འཁོར་འཛིན་པའི་བུ་བདུན་དང༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང༔ ཞེས་གསུངས་ པ་དང་མཐུན་པར་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཙོ་བོར་གྱུར་པ་སྤྲུལ་ པའི་གཏེར་སོན་དྲུག གྲུབ་ཐོབ་ཆེན་པོ་དྲུག གྲུབ་རྟགས་མངོན་སུམ་ཐོན་པའི་བུ་ཆེན་ དྲུག གཏེར་སོན་ཉིད་དང་དགོངས་པ་མཉམ་པའི་ཇོ་གདན་མཁན་ཆེན་ཚུལ་ཁྲིམས་ དཔལ་འབྱོར། ནང་སོ་རྒྱལ་བ་དོན་འགྲུབ།
སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྟེ་ཐུགས་སྲས་གསུམ། རིགས་གསུམ་མགོན་པོའི་སྤྲུལ་པ་ སྐུའི་སྲས་མཆེད་བཞི་སོགས་བྱོན་ཅིང༌། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་
ཐུགས་སྲས་ཟླ་བ་བྱིན་རླབས་དང་ནུས་རྩལ་བསམ་གྱིས་མི་ཁྱབ་ཅིང་ཡབ་ཀྱི་དགོངས་པ་ ལོན་པ་ལ་བརྟེན་ཕྲིན་ལས་རྒྱ་ཆེ་བས་ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས།
ཞྭ་དམར་དཀོན་མཆོག་ཡན་ལག དཔའ་པོ་ཆོས་རྒྱལ་དོན་འགྲུབ་སོགས་ཀྱིས་སྐྱེས་ཆེན་ དམ་པར་བསྔགས་ཤིང་བླ་མར་བཀུར། དབུས་གཙང་ལྷོ་མོན་གྱི་མི་ཆེན་ཆེ་དགུས་ཀྱང་
ཞབས་ནས་བཏེགས་པས་གཞན་ཕན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་སྦས་པའི་རྣལ་
འབྱོར་གྱི་ཚུལ་མཛད་པས་ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང༌། བསན་པའི་རྒྱུན་སྤྲུལ་སྐུ་ སྣ་ཚོགས་རང་གྲོལ་དང༌། དབུ་མཛད་དོན་གྲུབ་དཔལ་འབར་ཏེ་མཚུངས་མེད་ཆོས་རྗེ་ 17
རྣམ་གཉིས་སུ་གྲགས་པ་དང༌། པད་གླིང་ཉིད་ཀྱི་གསུང་སྤྲུལ་དང་ཐུགས་སྲས་སྤྲུལ་པའི་
སྐུ་འཁྲུལ་མེད་རིང་བསྲེལ་བདུན་རྒྱུད་ནས་བཟུང་ད་ལྟའི་བར་ལྷོ་མོན་དབུས་གཙང་མདོ་ ཁམས་ཡུལ་གྱི་མཐར་ཐུག་པར་ཁྱབ་ཅིང༌། དབང་ལུང་ཁྲིད་རྒྱུན་མ་ཉམས་པར་
བཞུགས་པ་ལས་ཁོ་བོས་ཀྱང་བླ་རོགས་ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བག ཕག་ རོར་གཏུམ་པོ་ཆེ་ཆུང༌། ཚེ་སྒྲུབ་དང་དྲག་དམར་སྐོར། ནག་པོ་སྐོར་གསུམ་དང་ལས་ ཕྲན་ཅི་རིགས་པ་དང་བཅས་ནོས་ཤིང་འཆད་སྤེལ་ཡང་ཅི་ནུས་སུ་བགྱིས་པ་ཡིན་ནོ།། ཀོང་སྤྲུལ་གཏེར་སོན་བརྒྱ་རྩའི་རྣམ་ཐར་ལས་དྲངས། - འབྲུག་ལུ་བྱིན་རླབས་ཅན་གྱི་གནས་༢ པ།
18
༣༽ སོབ་དཔོན་སོན་ལམ་རབ་བཟང་།
༈ སོབ་དཔོན་སོན་ལམ་རབ་བཟང་ནི། འབྲུག་ཀྲོང་གསར་མང་སྡེ་སང་སྦིས་ཚང་ཁ་ ཞེས་པར། རབ་བྱུང་བཅོ་ལྔ་པ་ས་སག་༼༡༨༧༨༽ལོར་འཁྲུངས། སོབ་དཔོན་ཚུལ་
ཁྲིམས་མཐར་ཕྱིན་གྱི་སྐྱེ་བར་གྲགས། ཞབས་དྲུང་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་ རྒྱལ་ནས་ཆོས་མིང་སོན་ལམ་རབ་བཟང་ཞེས་བཏགས། སྐུ་ན་ཕྲ་དུས་ནས་ཀྲོང་གསར་ གྲྭ་ཚང་དང༌། དབང་འདུས་གྲྭ་ཚང་གཉིས་སུ་རེ་མོས་སུ་བཞུགས་ཏེ། གར་ཐིག་
དབྱངས་གསུམ་སོགས་གྲྭ་ཚང་གི་སོབ་གཉེར་སྤྱི་དང༌། ཁྱད་པར་ལྷ་བྲིས་པ་བསན་
འཛིན་དབང་དྲག་བསྟེན་ནས་ལྷ་བྲིས་དང་འཇིམ་བཟོ་སོགས་ལ་སོང་བརྩོན་མཐར་ཕྱིན་ 19
མཛད་དེ་མཁས་པར་གྱུར། ཀྲོང་གསར་རོང་གི་སྒྲོལ་མ་ལྷ་ཁང་ནང་གི་ལྡེབས་རིས་སྒྲོལ་ མ་ཉེར་གཅིག་དང་རྣམ་རྒྱལ་མ་དང༌། ཕག་ན་རོ་རྗེའི་འཇིམ་སྐུ་སོགས་སྐུ་བརྙན་མང་པོ་ ཞིག་རྗེ་འདིའི་ཕག་རྩལ་ལས་གྲུབ་པ་ཡིན་འདུག །གཞན་ཡང་ཁྱད་ཆོས་དུ་མས་ཕྱུག་
པའི་སོར་མོའི་སྒྱུ་རྩལ་གྱི་ཕག་ཤུལ་ཧ་ཅང་མང༌། རྗེ་མཁན་རབས་ཞེ་གསུམ་པ་བསན་ འཛིན་ལྷུན་གྲུབ་སོགས་ལས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་མང་པོ་གསན། རིག་
གནས་སྐོར་མང་པོ་ཞིག་ནི་གསན་མ་དགོས་པར་གཟིགས་པ་ཙམ་གྱིས་མཁྱེན་པའང་ བྱུང༌།
དེ་ནས་གོང་ས་ཨོ་རྒྱན་དབང་ཕྱུག་གིས་ཤིང་རྟ་༼༡༨༩༤༽ལོར་བུམ་ཐང་སྐུ་རྗེ་ལྷ་ཁང་ གསར་བཞེངས་མཛད་སྐབས་སུ་ཁོང་ལྷ་བཟོའི་ཁྲོད་ན་ཡོད་པས། གོང་ས་རྒྱལ་བཙུན་
ཟུང་གི་ཐུགས་ལ་མ་བབ་པའི་རྐྱེན་ཞིག་གིས་བསྐུལ་ཏེ། བུམ་ཐང་མཚམས་པ་ལ་དང༌།
མོན་ལ་དཀར་ཆུང་རྣམས་བརྒལ་ནས་བོད་ཕོགས་སུ་བྱོན། ཐོག་མར་ལྷ་སར་ལོ་གཅིག་ ཙམ་རིང་གནས་སྐོར་དང་ལྷ་བྲི་བ་སོགས་མཛད་ཅིང་བཞུགས། སྐབས་དེ་དུས་མདོ་
ཁམས་ཕོགས་ན་གྲུབ་དབང་ཤཱཀྱ་ཤྲཱི་མཚན་གྲགས་ཤིན་ཏུ་ཆེ་བར་བརྟེན། ཞབས་དྲུང་དུ་ བཅར་འདོད་ཆེན་པོ་བྱུང་ཏེ། ལྷ་ཡོན་ཅུང་ཟད་བྱུང་བ་རྣམས་བསྣམས་ནས་ཁམས་སུ་
ཕེབས། སྔ་མའི་ལས་འཕྲོ་བཟང་པོ་དུས་སུ་སྨིན་ཏེ་ཞལ་མཇལ་བ་ཙམ་གྱིས་དད་པ་ཐོབ་ ཅིང༌། རིམ་བཞིན་གདམས་ངག་བཀའ་རྒྱ་ལྔ་དང༌། སྙན་རྒྱུད་ཟབ་པའི་མཐར་ཐུག་ སོགས་སྨིན་གྲོལ་རྒྱབ་རྟེན་དང་བཅས་པ་ཚང་རོགས་སུ་གསན་བསམ་ལྷུར་བཞེས།
ལྷག་པར་ཆོས་དྲུག་ལ་བཀའ་བབ་ཅིང་ཉམས་བཞེས་རྩལ་དུ་བཏོན་པས། ནམ་ཐོ་རངས་ ཙམ་ནས་ནམ་ལང་བར་ཆུ་རས་བཅུ་དྲུག་ཙམ་བསྐམས་ནུས་པ་དང༌། དབྱར་དགུན་
མེད་པར་རས་རྐྱང་ཐུབ་པ། ཐུར་མའི་ཕག་བཞེས་ལ་རྟགས་དངོས་སུ་ཐོན་པ་སོགས་ 20
ཉམས་རྟོགས་བཟང་པོ་འཁྲུངས། གྲུབ་དབང་གི་རྣམ་ཐར་དུའང་སྒོམ་པ་ནཱ་རོ ་ཆོས་དྲུག་ ཉམས་སུ་ལེན་པའི་སོབ་གྲས་སུ་བཞག་པར་མཛད་དོ། །ཆོས་མགོན་བརྒྱད་པ་མཐུ་
སོབས་ཆོས་ཀྱི་རྒྱ་མཚོ་ལས་ཀྱང་སྔ་རྗེས་སུ་འབྲུག་ལུགས་ཀྱི་དབང་ལུང་དཔག་མེད་
གསན་པས་གདམས་པའི་མཛོད་དུ་གྱུར། དེ་ནས་གྲུབ་དབང་རིན་པོ་ཆེ་ཙ་རི་སྐྱིད་ཕུག་
ཏུ་ཕེབས་པའི་སྐབས་ཕག་ཕྱི་མཛད་ཅིང༌། གནས་དེར་ལོ་ངོ་གསུམ་ཙམ་ལ་དཔོན་སོབ་ འབལ་མེད་དུ་བཞུགས་པའི་མཐར། སོ་བཞི་ལྕགས་ཕག་ལོར་འབྲུག་ཏུ་འབྱོན་ཁར་བླ་ མས་སྐུ་རྟེན་གསེར་ཟངས་ཀྱི་ཚེ་དཔག་མེད། གསུང་རྟེན་རོར་གཅོད་གསེར་བྲིས། ཐུགས་རྟེན་རོར་དྲིལ་དང་གནས་ཀྱི་ལུང་བསན་བཅས་གནང་ནས།
ཐོག་མར་བུམ་ཐང་ཐར་པ་གླིང་གི་ལྟག་ཆོས་བག་དབེན་གནས་སུ་བྱོན་ནས་ཐུགས་དམ་ ལ་རེ་ཞིག་བཞུགས། དེར་སྔར་ནས་ཞལ་ཤེས་ཟིན་བྲིས་བཏབ་པ་རྣམས་ཕོགས་
བསྒྲིགས་ཀྱིས་ཟབ་ལམ་ནཱ་རོ་ཆོས་དྲུག་གི་ཁྲིད་ཡིག་སོགས་བརྩམས། དེ་ནས་བླ་མའི་ ལུང་བསན་བཞིན་འབྲུག་ཤར་ཕོགས་བཀྲ་ཤིས་སྒང་དུ་མཁའ་གླིང་དགེ་བགྲེས་བཀྲ་ ཤིས་ཚེ་རིང་གིས་གདན་ཞུས་ལྟར་ཕེབས་ཤིང༌། ལས་དང་སོན་ལམ་གྱི་མཐུས་རོང་
དཔོན་སྲས་རོ་པོའམ་ཕྲིན་ལས་སོབས་རྒྱལ་གྱིས་དབུ་བླར་བཟུང་ནས་མཆོད་ཡོན་ཐུགས་ ནང་གཤིན་པ་ཞིག་ཏུ་གྱུར། ཕྱིས་དགོན་གནས་འདེབས་པ་རྣམས་ཀྱི་མཐུན་འགྱུར་
རོགས་རམ་ཐམས་ཅད་འདིས་གནང་བ་ཡིན། རོང་དཔོན་འདིས་སྦྱིན་བདག་མཛད་ནས་ རོང་ཐུང་ཡུལ་སོད་མོང་ལེན་ཟེར་བའི་དབེན་རིར་སྒྲུབ་པ་མཛད་ཅིང་བཞུགས། བར་
སྐབས་ཤིག་ལ་གྲུབ་དབང་ཞི་བར་གཤེགས་པའི་ཚེ་སར་ཙ་རི་བྱར་སྐྱིད་ཕུག་ཏུ་སྐོར་ཙམ་ ཕེབས་ནས་དགོངས་རོགས་མཆོད་འབུལ་དང་གདུང་རྟེན་བཅས་བཞེངས་པའི་ཕག་ རོགས་ཞུས། གཙོ་བོར་བཞུགས་གནས་སྔར་བཞིན་རོང་ཐུང་མོང་ལེན་དུ་མཛད། 21
གནས་དེ་ཡང་དབེན་ཞིང་ཉམས་དགའ་ལ་དགེ་སོར་ཡང་འཕེལ་བར་བྱུང་བས། མཚན་ ཡང་བཀྲ་ཤིས་ཆོས་དུང་དགོན་ཞེས་གསོལ་ཅིང༌། སྐལ་ལྡན་གྱི་ཨ་ནི་དད་པ་ཅན་
སོགས་སྒྲུབ་པ་བ་ཕོ་མོ་མང་ཙམ་འདུས། གསུང་སྐད་ཤིན་ཏུ་སྙན་པས་དགྱེས་པའི་ ཉམས་མགུར་དང་ཆོས་གཞས་མང་པོ་གསུངས། གནས་དེར་ལོ་བཅུ་གཉིས་ཙམ་
བཞུགས་པར་བཤད། གཞན་ཡང་ཤིང་ཅན་དགོན་པ་དང༌། མཁའ་གླིང་བར་གཤོང་ དགོན་པ་རྣམས་སུ་བར་འགའ་བཞུགས་པའི་མཐར། རྐང་པར་དགོན་པར་བྱོན་ནས་ལྷ་ ཁང་གསར་བཞེངས་ལ་རབ་གནས་དང་སྨྱུང་གནས་དཀར་པོ་ཆ་བརྒྱད་ཅིག་བཙུགས་
ཤིང༌། སྐྱ་སེར་མང་དུ་འདུས་པ་རྣམས་ལ་གསེར་ཕྲེང་གི་ལུང་ཡང་བསྩལ། སྔ་ཕྱི་དགོན་ གནས་ཐམས་ཅད་དུ་ལོ་ལྟར་ཆོ་འཕྲུལ་ཟླ་བ་ལ་དཀར་པོ་ཆ་བརྒྱད་དང་མ་ཎི་འདྲེན་པའི་ སྲོལ་བཟང་པོ་བཙུགས་པས། ད་ལྟ་ཡང་སྲོལ་མ་ཉམས་པར་ཡོད།
དེ་ནས་བླ་མས་ལུང་བསན་པའི་གནས་བཙལ་བའི་ཕྱིར་ས་ཕོགས་གང་སར་བྱོན་ བཞུགས་མཛད་དེ། བཀྲ་ཤིས་སྒང་རྐང་པར་ཡུར་གནས་ཚེ་ཕུ་ཟེར་བར་མཚན་བཀྲ་
ལེགས་པ་དང་རྟེན་འབྲེལ་འགྲིག་པ་བྱུང་བས་ལུང་བསན་པའི་གནས་སུ་དགོངས་ནས།
དགུང་ལོ་ང་གཅིག་ས་འབྲུག་༼༡༩༢༨༽ལོར་གནས་དེར་བླ་མ་དགོན་པའི་གཙུག་ལག་ ཁང་བཞེངས་པའི་དབུ་བཙུགས། མཐུ་ཆེན་ཆོས་མགོན་བརྒྱད་པ་ནས་དགོན་པའི་
མཚན་བྱང་ལྷུན་གྲུབ་བསམ་གཏན་ཆོས་གླིང་ཞེས་བསྩལ། རིམ་པས་འགལ་རྐྱེན་བར་
ཆད་ཅི་ཡང་མེད་པར་ཕྱི་ནང་རྟེན་དང་བརྟེན་པ་བཅས་ལེགས་གྲུབ་བྱུང༌། ཞོར་དུ་བཀྲ་ ཤིས་སྒང་རོང་ཉམས་གསོ་དང་རྒྱ་བསྐྱེད་ཀྱི་བཀོད་རྒྱ་སོགས་ཀྱི་ཐུགས་འགན་བཞེས།
རང་གི་གདན་སར་ལོ་གསུམ་ཕོགས་གསུམ་ལ་སྐུ་མཚམས་བཞུགས་ཤིང༌། བཅད་རྒྱ་
གྲོལ་རྗེས་དད་ཅན་ཨ་ནི་སྒོམ་ཆེན་མ་སོགས་འདུས་པ་རྣམས་ལ་ཕག་ཆེན་སྔོན་འགྲོ་ནས་ 22
བཟུང་ཟབ་ཆོས་ཀྱི་ཆར་པ་ཕབ་ཅིང་ཉམས་རྟོགས་ཀྱི་མྱུ་གུ་ཁ་འབུས་པར་མཛད། ཨ་སྦི་
སྤང་སྐྱིད་ཞུ་བའི་ཉ་མ་དད་པ་ཤིན་ཏུ་ཆེ་བ་ཞིག་ཡོད་པ་དེས། ཕག་འཚལ་བའི་པང་ལེབ་ ངོས་སུ་འདམ་ལ་རྫིས་པ་ལྟ་བུའི་ཞབས་རྗེས་བཞི་ཙམ་གསལ་བར་བྱུང་འདུག་པ་ད་
ལྟའང་དངོས་སུ་མཇལ་རྒྱུ་ཡོད། བླ་སོབ་ཐམས་ཅད་ཉིན་ལྟར་རྟེན་གསུམ་མཆོད་འབུལ་ ལ་ཞིབ་པར་བརྩོན་ཅིང༌། མཆོད་པ་འབུལ་ལུགས་ཀྱི་ཕག་སྲོལ་དེ་ཤིན་ཏུ་ངོ་མཚར་བ་ ཡོད་སྐད། གཞན་ཡང་བྱར་སྐྱིད་ཕུག་གི་གདན་སའི་རྟེན་གསུམ་ཉམས་གསོའི་མཐུན་
རྐྱེན་ཕུལ་བ་སོགས་རྣམ་དཀར་གྱི་ཕག་རྗེས་རྒྱ་ཆེར་གནང་བ་དང༌། བོད་དང་བལ་ཡུལ་ སོགས་ཡུལ་རིས་དུ་མར་ཞབས་ཀྱིས་བཅགས་ནས་གང་ལ་གང་འདུལ་གྱི་བསན་འགྲོའི་ དོན་ཅི་ཡང་མཛད་ཅིང༌།
ཞབས་དྲུང་ཐུགས་སྤྲུལ་བདུན་པ་འཇིགས་མེད་བསན་འཛིན་གྱི་ཡོངས་འཛིན་ཡང་རེ་
ཞིག་གནང་བའི་མཐར། དགུང་ལོ་རེ་བརྒྱད་ཤིང་བྱ་༼༡༩༤༥༽ལོའི་བོད་ཟླ་དང་པོའི་ ཚེས་ལྔ་ལ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསན་ཏོ། །གསུང་རྩོམ་ནི་ཕག་
ཆེན། ཆོས་དྲུག །ཉམས་མགུར། ཆོས་གཞས། ཞུ་འཕྲིན། གསོལ་མཆོད་སོགས་མང་ པོ་ཞིག་བཞུགས་པ་ལས། ད་ལྟ་ཕྲིན་ལས་རྒྱས་པར་གྱུར་པ་ནི་ཆོས་དྲུག་གི་ཁྲིད་ཡིག་
ཞལ་ཤེས་ཟབ་མོ་འདི་ཉིད་ཡིན་ནོ། །ཡང་སྲིད་ཀརྨ་བསན་འཛིན་ཆོས་ཀྱི་སྙིང་པོ་ཞེས་པ་ བྱོན་ཡང་ཁྲིར་མ་ཕེབས་ཤིང་བསན་དོན་ཆེར་མ་དམིགས། གདན་སར་བླ་ཚབ་དང་པོ་
བསོད་ནམས་སོབས་རྒྱལ་གྱིས་ལོ་བཅུ་གཉིས་དང༌། བླ་ཚབ་གཉིས་པ་དཀོན་མཆོག་རོ་ རྗེས་ལོ་ངོ་ཉེར་གཅིག་དང༌། ད་ལྟར་བླ་ཚབ་གསུམ་པ་རྒྱལ་མཚན་སྤྲུལ་སྐུ་ཀུན་བཟང་ བསན་པའི་རྒྱལ་མཚན་རིན་པོ་ཆེས་གནང་བཞིན་པའོ། །
འབྲི་མི: གཞོན་ཕན་ཟླ་བ། གདོང་དེབ།
23
༤༽
སྡེ་སྲིད་ཁྲི་རབས་མཐའ་མ་ང་དགུ་པ་ས་སྐྱོང་མི་དབང་གསུང་སྤྲུལ་
ཕོགས་ལས་སྐུ་འཕྲེང་ལྔ་པ་ཡེ་ཤེས་དངོས་གྲུབ་མཆོག་གི་མཛད་རྣམ།
24
སྡེ་སྲིད་མ་མཛད་གོང་གི་མཛད་པ། ༡. སྐུ་འཁྲུངས་ཤིང་མཚན་གསོལ་བ།
ཞབས་དྲུང་གསུང་སྤྲུལ་སྐུ་འཕྲེང་ལྔ་པ་ཕོགས་ལས་ཡེ་ཤེས་དངོས་གྲུབ་བམ་ རིག་ འཛིན་༼༡༽རྒྱ་མཚོ་འདི་ བུམ་ཐང་སང་ཆུ་སོད་ལུ་སྤྱི་ལོ་ ༡༨༥༡ ལྕགས་ཕག་ ༼༢༽ལོ་ལུ་སྐུ་འཁྲུངས། མཚན་
རིག་འཛིན་རྒྱ་མཚོ་ཟེར་གསོལ་ཡོདཔ་ཨིན་རུང་ ཤུལ་ལས་བླམ་ཁྲི་པའི་ཁྲི་ཐོག་ལུ་ མངའ་གསོལཝ་ད་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་གྱིས་ཡེ་ཤེས་དངོས་གྲུབ་ཟེར་
གསོལཝ་ལས་ དེ་ལས་ཚུར་ཕོགས་ལས་ཡེ་ཤེས་དངོས་གྲུབ་ཟེར་ཞུ་གསོལ་དར་ནུག། ༢. སྐུ་ཡོན་བཞེས་ཤིང་བླམ་ཁྲི་པར་མངའ་གསོལ་བ།
སྐུ་ན་ཆུང་ཀུ་ལས་ ཞབས་དྲུང་གསུང་སྤྲུལ་ཕོགས་ལས་བཞི་པ་འཇིགས་མེད་རོ་རྗེའི་སྐུ་ སྐྱེ་གསལ་ཏོག་ཏོ་སྦེ་གསུངས་ཏེ་ སྐུ་ཆས་དང་ ཞབས་ཕྱི་ཚུ་ག་ར་ངོ་མཁྱེནམ་ལས་ དགུང་ལོ་ཆུང་ཀུ་ལས་ གདན་ས་གསང་སྔགས་ཆོས་འཁོར་ལུ་གདན་འདྲེན་ཞུ་སྟེ་ སྤྲུལ་སྐུའི་ངོས་འཛིན་དང་ཁྲི་མངའ་༼༣༽གསོལ་ཞུ་ནུག།
མཁན་ཆེན་ཁྲི་རབས་ ༣༡ པ་ཡོན་ཏན་རྒྱལ་མཚན་དང་ ཡོངས་འཛིན་ངག་དབང་ དོན་ལྡན་ལས་ སྐུ་ཡོན་དང་དབང་ལུང་ཁྲིད་གསུམ་གསན་ཏེ་ དགུང་ལོ་ ༡༤
བཞེས་པའི་ སྤྱི་ལོ་ ༡༨༦༥ ཤིང་གླང་ལོར་ བླམ་ཁྲི་པ་བཅོ་ལྔ་པའི་ཁྲི་ལུ་མངའ་ གསོལ་སྐབས་ རྗེ་ཁྲི་ཟུར་ཡོན་ཏན་རྒྱལ་མཚན་གྱིས་མཚན་ཡང་༼༤༽ཡེ་ཤེས་དངོས་ གྲུབ་ཟེར་གསོལ་ནུག།
༣. ཇི་ལྟ་ཇི་སྙེད་མཁྱེན་པའི་བདག་ཉིད་དུ་གྱུར་པ།
25
སྤྱི་ལོ་ ༡༨༦༩འི་ལོ་མཇུག་གསོལ་ཐབ་སྤུ་ན་ཁ་ལུ་ཕེབས་ཅིག་ བླམ་ཁྲི་པ་བཅུ་དྲུག་ པའི་ཁྲི་ལུ་ ཞབས་དྲུང་ཐུགས་སྤྲུལ་ལྔ་པ་འཇིགས་མེད་ཆོས་རྒྱལ་(༡༨༦༢-
༡༩༠༤)ཕེབས་ཞིནམ་ལས་ གསུང་སྤྲུལ་ཕོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་
གདན་ས་གསང་ཆེན་ཆོས་འཁོར་ལུ་ཕེབས་ཏེ་ རིམ་གཉིས་བསྐྱེད་རོགས་ཀྱི་རྣལ་འབྱོར་
ལ་གནད་དུ་བསྣུན་པས་ རྟོགས་པས་དག་རྒྱུད་གལ་ཞིང་ཐུགས་རྗེས་གཞན་ ྲྲོརྒྱུད་ འགྲོལ་བའི་བདག་ཉིད་ཅན་ཞིག་ཏུ་གྱུར་ནས་ འདས་པའི་རིང་ལ་བྱུང་མ་མོང་བའི་
དཔལ་ལྡན་འབྲུག་པའི་ཆོས་སྐོར་ ཁྲིད་ཐེངས་ལན་ཐེངས་བཅུ་གསུམ་གྱི་བར་དུ་གནང་ ༼༥༽ནས་ཆོས་རྒྱུན་གངྒའི་ཆུ་ལས་རིང་པར་མཛད། དེ་མ་ཚད་ རིག་པའི་གནས་ལུ་
ཤིན་ཏུ་མཁས་ཤིང་ལྷག་པར་ཕག་བཟོའི་འདུ་བྱེད་ ཞབས་དྲུང་སྐུ་གོང་མ་དང་མི་གཉིས་ པའི་རྩལ་བརྙེས་ཏེ་ ནས་རོག་གཅིག་ལུ་བཅུ་གཅིག་ཞལ་རྒྱན་ཆ་ལུགས་ཡོངས་རོགས་ བརྐོས་པ་དང་ གདན་ས་ཕན་ཚུན་གཉིས་ལུ་ལྷ་མགོན་ སྒྲུབ་ཆེན་གྱི་གར་འཆམ་དོན་ ལུ་ལྷ་མོ་
རེ་མ་ཏིའི་ཞལ་འབགཔ་བྱིན་རླབས་ཤིན་ཏུ་ཆེ་བས་གཙོས་ རྒྱལ་བའི་སྐུ་བརྙན་མང་
རབས་བཞེངས་པ་རྣམས་ རོང་ཁག་དང་དགོན་སྡེ་སོ་སོར་འགྲོ་བའི་བསོད་ནམས་ཀྱི་ རྟེན་དུ་༼༦༽བཞུགས།
༤. སྤྱི་ལོ་ ༡༨༧༨ སྐོར་ཆ་ ཐིམ་རོང་པ་དངོས་གྲུབ་ཀྱིས་ སྡེ་སྲིད་ཁྲི་ཟུར་མི་རྗེ་
འཇིགས་མེད་རྣམ་རྒྱལ་ལུ་ངོ་རྒོལ་སྐབས་ སྡེ་སྲིད་ཀྱི་ཁྲི་ལུ་སྐྱིད་ཚལ་པ་རོ་རྗེ་རྣམ་རྒྱལ་ ཡོད་རུང་ དེ་ལུ་མིག་ཚོད་མ་བལྟ་
བར་ ཕོགས་ལས་ཡེ་ཤེས་དངོས་གྲུབ་སྤུ་ན་ཁ་ལུ་སྦེ་སྡེ་ཁྲིར་བཏོན་ཡོད་རུང་ ཟླཝ་མ་ ལངམ་ལས་ སྤུངས་རོང་པ་ཕམ་སྟེ་བོས་ཟུར་སོངམ་ད་ ཕོགས་ལས་ཡེ་ཤེས་དངོས་ 26
གྲུབ་མཆོག་ སྡེ་ཁྲི་ལས་ཟུར་ཏེ་ཁོ་རའི་གདན་ས་གསང་ཆེན་ཆོས་འཁོར་ལུ་བྱོན་ཏེ་ བཞུགས་ནུག།
༢༽ སྡེ་སྲིད་ཀྱི་ཁྲི་ལུ་བསྐོ་བཞག་གི་མཛད་སྒོ།
སྤྱི་ལོ་ ༡༩༠༣ ཆུ་ཡོས་ལོ་ལུ་ སྡེ་སྲིད་ཁྲི་རབས་ང་བརྒྱད་པ་ དབྱངས་སོབ་སངས་ རྒྱས་རོ་རྗེ་མཆོག་ སྡེ་སྲིད་ཁྲི་ཐོག་ལུ་དགོངས་པ་རོགས་ཡོདཔ་ལས་ གཞུང་ལྷན་རྒྱས་ ཚོགས་ཀྱི་ཁྲི་འཛིན་ ཀྲོང་གསར་དཔོན་སོབ་ཨོ་རྒྱན་དབང་ཕྱུག་གིས་ ཕོགས་ལས་ཡེ་ ཤེས་དངོས་གྲུབ་མཆོག་ དགུང་ལོ་ ༥༣ པའི་ཐོག་ལུ་ སྡེ་སྲིད་ཁྲི་རབས་ལྔ་བཅུ་ང་
དགུ་པའི་ཁྲི་ལུ་མངའ་ ༼༧༽ གསོལ་ཞུ་མི་འདི་ སྡེ་སྲིད་ཁྲི་རབས་ཀྱི་མཐའ་མ་ཨིན་ མས།༣༽ སྡེ་སྲིད་ཁྲི་ཐོག་གི་མཛད་ཤུལ།༡. མཁན་ཆེན་ཁྲི་རབས་ ༤༩ པའི་མངའ་ གསོལ།
སྤྱི་ལོ་ ༡༩༠༣ ལུ་མཁན་ཆེན་ཁྲི་རབས་ ༤༨ པ་འཇམ་དབྱངས་རིན་ཆེན་མཆོག་
དགོངས་ཞུ་བྱོནམ་ལས་ གྲུབ་དབང་རིག་འཛིན་སྙིང་པོ་མཆོག་ མཁན་ཆེན་ཁྲི་རབས་ ༤༩ པའི་ཆོས་ཀྱི་ཁྲི་ལུ་མངའ་༼༨༽ གསོལ་མཛད་གནང་ནུག། ༢. སྤ་རོ་ཀུན་དགའ་ཆོས་གླིང་གདན་ས་བཅགས་པ།
སྤྱི་ལོ་ ༡༩༠༤ ལུ་ གདན་ས་གསང་ཆེན་ཆོས་འཁོར་གྱི་ཞོལ་ལུ་ ཀུན་དགའ་ཆོས་ གླིང་གི་གདན་ས་ ག་ནི་ལས་མཛེས་ཆོས་དང་ བཀོད་པ་ཕུལ་དུ་ཕྱིན་པའི་གདན་ས་ འདི་ཡང་བཅགས་ཏེ་གནང་ ༼༩༽ནུག།
༤༽ སྡེ་སྲིད་ཁྲི་ཐོག་གི་མཛད་པ་མཐའ་མ།
27
ཕོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ སྡེ་སྲིད་ཁྲི་ཐོག་ལུ་བཞུགས་པའི་མཛད་པ་
མཐའ་མ་རང་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོར་ མངའ་གསོལ་ཞུ་ནི་ལུ་ རྒྱབ་སྐྱོར་མཛད་༼༡༠༽དེ་ མ་འོངས་འབྲུག་རྒྱལ་ཁབ་ཀྱི་ཕན་ བདེ་བླ་ན་མེད་པའི་རྩ་བར་མཛད་གནང་ཞིནམ་
ལས་ སྤྱི་ལོ་ ༡༩༠༦ མེ་རྟ་ལོར་སྡེ་ཁྲི་ལས་དགོངས་ ༡༠ ཞུ་མཛད་དེ་ གདན་ས་ གསང་ཆེན་ཆོས་འཁོར་ལུ་བྱོན་ཏེ་བཞུགས་ནུག། ༥༽ སྡེ་ཁྲི་ལས་དགོངས་ཞུའི་རྗེས་ཀྱི་མཛད་པ།
མཁན་ཆེན་ཁྲི་རབས་ ༥༣ པའི་ཁྲི་ཐོག་ལུ་བྱོན་པ།ཞབས་དྲུང་གསུང་སྤྲུལ་ཕོགས་ལས་ ཡེ་ཤེས་དངོས་གྲུབ་མཆོག་ སྡེ་ཁྲི་ལས་དགོངས་པ་ཞུས་ཏེ་ གདན་ས་གསང་ཆེན་ཆོས་
འཁོར་ལུ་བསན་འགའི་དོན་ཆེན་བླ་ན་མེད་པ་མཛད་དེ་ལོ་ངོ་ ༩ དེ་ཅིག་འགྱོཝ་ད་ སྤྱི་
ལོ་ ༡༩༡༥ ཤིང་ཡོས་ལོ་ལུ་ མཁན་ཆེན་ཁྲི་རབས་ ༥༢ པ་དཔལ་ལྡན་སེངྒེ་དགོངས་ ཞུས་བྱོནམ་ལས་ མི་དབང་འབྲུག་རྒྱལ་དང་པ་གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་གིས་
ཕོགས་ལས་ཡེ་ཤེས་དངོས་གྲུབ་མཆོག་ མཁན་ཆེན་ཁྲི་རབས་ ༥༣ པའི་ཁྲི་ལུ་མངའ་ ༼༡༡༽གསོལ་ཞུ་སྟེ་ལོ་ངོ་ ༢ ཀྱི་རིང་ དཔལ་ལྡན་འབྲུག་པའི་ཆོས་ཀྱི་དབུ་ཁྲིད་
མཛད་གནང་ནུག། དེའི་སྐབས་ལུ་ འབྲུག་རྒྱལ་ཁབ་ཀྱི་ནང་རྟེན་གཙོ་བོ་ཞབས་དྲུང་མ་ ཆེན་གྱི་བཞུགས་ཁང་རྣམ་རྒྱལ་ཁང་བཟང་གསར་བཞེངས་གནང་སྟེ་ཕུལཝ་ད་ སྐུ་ དམར་གདུང་གཉེན་པོ་ཞལ་ཕྱེ་བའི་རྐྱེན་བཟུམ་ཅིག་གིས་ སྤྱི་ལོ་ ༡༩༡༧ མེ་ ༼༡༢༽སྦྲུལ་ལོ་ལུ་མཁན་པོའི་ཁྲི་ཐོག་ལས་ཞིང་བྱོན་སོ་ནུག། ༦༽ དོགས་སེལ།
28
སྡེ་སྲིད་ཁྲི་རབས་ ༥༩ པའི་ལོ་ཚིགས་འདི་ འབྲུག་གི་ཆོས་འབྱུང་རྒྱལ་རབས་ཚུ་ནང་
༡༩༠༣-༡༩༠༦ དང་ ༡༩༠༣-༡༩༠༧ སྦེ་བཀོད་དེ་ཡོད་རུང་ སྤྱི་ལོ་ ༡༩༠༣ ཆུ་ཡོས་ ལོ་ལུ་ སྡེ་ཁྲིར་བྱོན་ཞིནམ་ལས་༡༨༠༦ མེ་རྟ་ཚུན་ ལོ་ངོ་ ༣ གྱི་རིང་སྡེ་ཁྲིར་
བཞུགས་ཞིནམ་ལས་ གོང་གཟིམ་ཨོ་རྒྱན་རོ་རྗེ་གིས་ འབྲུག་གཞུང་ལྷན་རྒྱས་ཀྱི་
ཚོགས་ལུ་ གོང་ས་ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་བརྒྱུད་འཛིན་གྱི་རྒྱལ་པོར་མངའ་ གསོལ་རྒྱུའི་གྲོས་འཆར་ སྤྱི་ལོ་ ༡༩༠༦ མེ་རྟ་ཟླ་ ༧ པའི་ཚེས་ ༡༠ ལུ་ཕུལ་ཡོད་ མི་དང་འཁྲིལ་ཏེ་ རྒྱལ་པོ་ཁྲི་མངའ་གསོལ་གྱི་ལོ་ ༡ གི་སྔ་གོང་ལས་སྡེ་ཁྲི་ལས་
དགོངས་ཞུས་གནང་ཡོདཔ་སྦེ་གསལ་བར་བརྟེན་ ༡༩༠༣-༡༩༠༦ འདི་ངེས་གཏན་ ཨིན།
-འབྲུག་ལུ་བྱིན་རླབས་ཅན་གྱི་གནས་༢ པ།
29
༥༽ རྗེ་མཁན་ཁྲི་རབས་༦༨ པ་ རྗེ་བཙུན་བསན་འཛིན་དོན་གྲུབ་མཆོག་ གི་རྣམ་ཐར།
30
༄།།དབང་འདུས་རོང་ཁག་ཆུ་ཆེན་དྭང་ཆུ་བལ་ཆུ་དབུས།།རྒེད་འོག་བཅོ་ལྔ་ཡོད་པའི་
ནང་གསེས་ཉི་གཤོང་དུ།།ཡུལ་གྱི་མིང་ལ་ཡོངས་གྲགས་ཕ་ལྡིང་ཞེས་པ་འདིར།།འཕགས་ བཞི་སྐྱེས་པའི་ཡུམ་ཆེན་ཚུལ་ཁྲིམས་བཟང་མོ་ཡིས།།གདན་ས་ལྟེ་བ་སྤུང་ཐང་བདེ་བ་
ཆེན་པོའི་ནང་།།འཕགས་ཚོགས་འདུས་པ་རྒྱ་མཚོའི་སྤྱན་སྔར་སོན་ལམ་གྱིས།།ལེགས་
པར་འཁྲུངས་པའི་སྲས་མཆོག་ཤར་ཅུང་ཀུན་ལེགས་ཞེས།།།ཡབ་ཆེན་ཨོན་མཧཱ་གུ་རུའི་ མཚན་འཛིན་གྱིས།།བསྐྱངས་པའི་བསན་པའི་བདག་པོར་གྱུར་པ་གང་ཉིད་ཀྱིས།།སྐུ་ན་ ཆུང་ཡང་འཁྲུངས་རབས་སྔོན་ནས་དམ་བཅས་པའི།།བསན་པ་སྤྱི་དང་བྱེ་བག་དཔལ་
འབྲུག་ག་ལ་བར།།བསམ་བཞིན་མི་ཡི་སྲིད་པ་བཟུང་སྟེ་སེམས་ཅན་རྣམས།།འཁོར་བའི་ མཚོ་ལས་བཏོན་ཏེ་རྣམ་མཁྱེན་བྱང་ཆུབ་ལ།།བགྲོད་པའི་ཆེད་དུ་དགོངས་ཏེ་དཀའ་སྤྱད་
ངལ་བ་དང་བླངས་ནས།།ཐོས་བསམ་སྒོམ་པའི་རྩེར་སོན་རྒྱལ་བའི་སྲས་པོ་ཡིས།།མཐོང་ བ་བརྒྱུད་པའི་ལག་ལེན་དང་བཅས་བཤད་སྒྲུབ་ཀྱི།།ལུང་རྟོགས་འབྱུང་གནས་རྟ་མགོ་
མཐོ་རིམ་བཤད་གྲྭ་དང་།།ལྕགས་རི་སྒྲུབ་སྡེ་ལྟེ་བས་གཙོས་ཏེ་གྲངས་འདས་ཞིག།གསར་ དུ་བཙུགས་ནས་མཁས་གྲུབ་སོབ་མ་དུ་མ་བྱུང་།།
གཞན་ཡང་བླ་སོབ་རྣམས་ལ་ཟླ་རིམས་སྡུག་འཐུས་སོགས།།སྔོན་དུ་ཐོབ་ཐང་མེད་ཀྱང་ དམ་པ་མཆོག་ཉིད་ཀྱིས།།བཀའ་དྲིན་ཁོ་ནས་འཚོ་བས་དུས་རབས་ཉེར་གཅིག་
པར།།འགྲན་པའི་ཟླ་མེད་བླ་མ་མཆོག་གི་བཀའ་དྲིན་དྲན།།རང་གིས་ལྕོག་ན་ཚེ་གཅིག་
ལུས་གཅིག་ལུས་པོ་འདི་ཉིད་ལ།།འཚང་ཆེན་རྒྱ་བའི་ཕག་ཆེན་ཆོས་དྲུག་གདམས་ངག་ རྣམས།།རིན་མེད་དབུལ་པོའི་ལག་ཏུ་ནོར་བུ་རྙེད་པ་ལྟར།།ཀུན་ལ་བསྩལ་ཀྱང་བག་མེད་ ལེ་ལོའི་དབང་དུ་ཤོར།།དེ་བཞིན་འཕོ་ཆེན་འཇའ་ལུས་རོ་རྗེའི་ལུས་ལ་ཡང་།།རང་དབང་
ཐོབ་པའི་རོགས་ཆེན་ཆོས་འཁོར་བསྐོར་གནང་ཡོད།།དུས་གསུམ་རྒྱལ་བའི་མཛད་པ་མ་ 31
ལུས་མཐར་ཕྱིན་ཏེ།།ཕྲིན་ལས་ནམ་མཁའི་མཐའ་ལས་འདས་པས་བརྗོད་མ་ནུས།།མདོར་ ན་ཕན་བདེ་འབྱུང་གནས་རྒྱལ་བསན་རིན་པོ་ཆེ།།དམ་པའི་ཚུལ་དགུའི་སྒོ་ནས་སྤེལ་བ་ མཛད་པ་པོ།།བླ་མ་རོ་རྗེ་འཆང་ཆེན་ཁྱེད་གཅིག་མ་གཏོགས་པར།།གཞན་དུ་མ་མཆིས་
འབྲུག་ཡུལ་མུན་པའི་སག་རུམ་དུ།།དེ་ལྟར་བཀའ་དྲིན་དྲན་པས་འདྲེན་མཆོག་མཚུངས་ མེད་ཀྱི།།རང་བཞིན་བརྗོད་དེ་བསོད་པའི་དགེ་བས་འགྲོ་དྲུག་རྣམས།།འོག་མིན་ཞིང་དུ་
ཁྱེད་བཞིན་ཚེ་འདིར་འབད་མེད་དུ།།རང་བཞིན་ལྷུན་གྲུབ་ས་ལ་ཕྱིནཔའི་་སྐལ་བ་འཐོབ་ པར་ཤོག།༄།།དབང་འདུས་རོང་ཁག་ཆུ་ཆེན་དྭང་ཆུ་བལ་ཆུ་དབུས།།རྒེད་འོག་བཅོ་ལྔ་ ཡོད་པའི་ནང་གསེས་ཉི་གཤོང་དུ།།ཡུལ་གྱི་མིང་ལ་ཡོངས་གྲགས་ཕ་ལྡིང་ཞེས་པ་
འདིར།།འཕགས་བཞི་སྐྱེས་པའི་ཡུམ་ཆེན་ཚུལ་ཁྲིམས་བཟང་མོ་ཡིས།།གདན་ས་ལྟེ་བ་
སྤུང་ཐང་བདེ་བ་ཆེན་པོའི་ནང་།།འཕགས་ཚོགས་འདུས་པ་རྒྱ་མཚོའི་སྤྱན་སྔར་སོན་ལམ་
གྱིས།།ལེགས་པར་འཁྲུངས་པའི་སྲས་མཆོག་ཤར་ཅུང་ཀུན་ལེགས་ཞེས།།།ཡབ་ཆེན་ཨོན་ མཧཱ་གུ་རུའི་མཚན་འཛིན་གྱིས།།བསྐྱངས་པའི་བསན་པའི་བདག་པོར་གྱུར་པ་གང་ཉིད་
ཀྱིས།།སྐུ་ན་ཆུང་ཡང་འཁྲུངས་རབས་སྔོན་ནས་དམ་བཅས་པའི།།བསན་པ་སྤྱི་དང་བྱེ་བག་ དཔལ་འབྲུག་ག་ལ་བར།།བསམ་བཞིན་མི་ཡི་སྲིད་པ་བཟུང་སྟེ་སེམས་ཅན་
རྣམས།།འཁོར་བའི་མཚོ་ལས་བཏོན་ཏེ་རྣམ་མཁྱེན་བྱང་ཆུབ་ལ།།བགྲོད་པའི་ཆེད་དུ་
དགོངས་ཏེ་དཀའ་སྤྱད་ངལ་བ་དང་བླངས་ནས།།ཐོས་བསམ་སྒོམ་པའི་རྩེར་སོན་རྒྱལ་
བའི་སྲས་པོ་ཡིས།།མཐོང་བ་བརྒྱུད་པའི་ལག་ལེན་དང་བཅས་བཤད་སྒྲུབ་ཀྱི།།ལུང་རྟོགས་ འབྱུང་གནས་རྟ་མགོ་མཐོ་རིམ་བཤད་གྲྭ་དང་།།ལྕགས་རི་སྒྲུབ་སྡེ་ལྟེ་བས་གཙོས་ཏེ་ གྲངས་འདས་ཞིག།གསར་དུ་བཙུགས་ནས་མཁས་གྲུབ་སོབ་མ་དུ་མ་བྱུང་།།
32
གཞན་ཡང་བླ་སོབ་རྣམས་ལ་ཟླ་རིམས་སྡུག་འཐུས་སོགས།།སྔོན་དུ་ཐོབ་ཐང་མེད་ཀྱང་ དམ་པ་མཆོག་ཉིད་ཀྱིས།།བཀའ་དྲིན་ཁོ་ནས་འཚོ་བས་དུས་རབས་ཉེར་གཅིག་
པར།།འགྲན་པའི་ཟླ་མེད་བླ་མ་མཆོག་གི་བཀའ་དྲིན་དྲན།།རང་གིས་ལྕོག་ན་ཚེ་གཅིག་
ལུས་གཅིག་ལུས་པོ་འདི་ཉིད་ལ།།འཚང་ཆེན་རྒྱ་བའི་ཕག་ཆེན་ཆོས་དྲུག་གདམས་ངག་
རྣམས།།རིན་མེད་དབུལ་པོའི་ལག་ཏུ་ནོར་བུ་རྙེད་པ་ལྟར།།ཀུན་ལ་བསྩལ་ཀྱང་བག་མེད་ ལེ་ལོའི་དབང་དུ་ཤོར།།དེ་བཞིན་འཕོ་ཆེན་འཇའ་ལུས་རོ་རྗེའི་ལུས་ལ་ཡང་།།རང་དབང་
ཐོབ་པའི་རོགས་ཆེན་ཆོས་འཁོར་བསྐོར་གནང་ཡོད།།དུས་གསུམ་རྒྱལ་བའི་མཛད་པ་མ་
ལུས་མཐར་ཕྱིན་ཏེ།།ཕྲིན་ལས་ནམ་མཁའི་མཐའ་ལས་འདས་པས་བརྗོད་མ་ནུས།།མདོར་ ན་ཕན་བདེ་འབྱུང་གནས་རྒྱལ་བསན་རིན་པོ་ཆེ།།དམ་པའི་ཚུལ་དགུའི་སྒོ་ནས་སྤེལ་བ་ མཛད་པ་པོ།།བླ་མ་རོ་རྗེ་འཆང་ཆེན་ཁྱེད་གཅིག་མ་གཏོགས་པར།།གཞན་དུ་མ་མཆིས་
འབྲུག་ཡུལ་མུན་པའི་སག་རུམ་དུ།།དེ་ལྟར་བཀའ་དྲིན་དྲན་པས་འདྲེན་མཆོག་མཚུངས་ མེད་ཀྱི།།རང་བཞིན་བརྗོད་དེ་བསོད་པའི་དགེ་བས་འགྲོ་དྲུག་རྣམས།།འོག་མིན་ཞིང་དུ་
ཁྱེད་བཞིན་ཚེ་འདིར་འབད་མེད་དུ།།རང་བཞིན་ལྷུན་གྲུབ་ས་ལ་ཕྱིནཔའི་་སྐལ་བ་འཐོབ་ པར་ཤོག།
Source: Phub Dorji FB
33
༦༽ གྲུབ་དབང་མཁས་གྲུབ་བསན་འཛིན་རྒྱ་མཚོ་གི་རྣམ་ཐར།
34
༈ལྷོ་འབྲུག་མཁས་གྲུབ་བསན་འཛིན་རྒྱ་མཚོ་ནི།ལྷོ་ཁ་བཞི་སན་ལྗོངས་ཀྱི་ཤར་སོད་ཀྱི་ ཡུལ་ཀ་བཞི་ལུང་ཆེན་དུ།ཡབ་བསོད་ནམས་དོན་གྲུབ་དང་ཡུམ་བཀྲ་ཤིས་དཔལ་མོའི་
སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་ལུག་༼༡༨༨༣༽ལོར་སྐུ་བལྟམས།ཡབ་ཀྱིས་སངས་རྒྱས་ ནོར་བུར་བཏགས།དགུང་གྲངས་བདུན་པར་སྤུངས་ཐང་བདེ་བ་ཅན་དུ།མཁན་དམ་ཆོས་ རྒྱལ་མཚན་གྱི་དྲུང་དུ་གཙུག་ཕུད་ཕུལ་ཏེ།ཚངས་སྤྱོད་དགེ་བསྙེན་གྱི་སོམ་པ་
མནོས།མཚན་ངག་དབང་བསན་འཛིན་རྒྱ་མཚོར་གསོལ།བཅུ་གཅིག་པར་མཁན་འཇམ་
དབྱངས་རིན་ཆེན་ལ་དགེ་ཚུལ་གྱི་སོམ་པ་ཞུས།སྐྱབས་མགོན་འཇིགས་མེད་ཆོས་རྒྱལ་གྱི་ ཞབས་དྲུང་ནས་འབྲུག་ལུགས་བསྐྱེད་རོགས་ཀྱི་ཆོས་སྐོར་མང་པོ་གསན།བཅུ་དྲུག་ནས་ འབྲི་གུང་རོར་འཛིན་ལྔ་རིག་སྨྲ་བའི་དབང་ཕྱུག་གི་ཞབས་གཏུགས་ཏེ་སྒྲ་དང་དབུ་མའི་ སྐོར་སོགས་གཙུག་ལག་རིག་གཞུང་མང་པོ་གསན་སོང་གནང་བཞིན་པའི་སྐབས། གྲུབ་དབང་ཤཱཀྱ་ཤྲཱིའི་སྙན་པ་ཐོས་པའི་མོད་ལ་སྐུ་ལུས་བ་སྤུ་ལྡང་བའི་དད་པ་བྱུང་
ཞིང༌།ཆོས་རྒྱལ་རིན་པོ་ཆེར་ཁམས་ལ་འགྲོ་འདུན་ཡོད་པའི་སྙན་འབུལ་ཞུས་པ་ལྟར་
བཀའི་གནང་བ་ཐོབ།བཅོ་བརྒྱད་པར་ཨ་རྩ་བླ་མ་དང་གྲྭ་མཆེད་དངོས་གྲུབ་ལྷན་ར་ལུང་
བརྒྱུད་རིམ་བཞིན་ལྷ་སར་ཕེབས།དེར་གནས་མཇལ་དང༌།གོང་ས་བཅུ་གསུམ་པ་རྒྱལ་བ་ ཐུབ་བསན་རྒྱ་མཚོའི་ཞལ་སྔ་ནས་བསྙེན་པར་རོགས།དེ་ནས་བཟུང་སྐུ་ཚེར་འདུལ་བ་ འཛིན་པའི་མཆོག་ཏུ་བཞུགས།དེ་ནས་ཨ་རྩ་བླ་མའི་ཞབས་རྗེས་བསྙེགས་ཏེ་བྱང་ཐང་
དང་ལ་ལུང་མང་པོ་དཀའ་ངལ་བརྒྱ་སོང་གིས་བསྒྲོད་དེ་མདོ་ཁམས་གྲུ་གུའི་རི་ཁྲོད་དུ་ ཕེབས།གྲུབ་དབང་རིན་པོ་ཆེ་ཤཱཀྱ་ཤྲཱིའི་ཞལ་མཇལ།ཐུགས་བརྩེ་བ་ཆེན་པོའི་སྒོ་ནས།ཐོག་
མར་ལམ་ཟབ་བླ་མཆོད་ཀྱི་བཀའ་དབང་བསྩལ་ཅིང༌།ཕག་རྒྱ་ཆེན་པོ་དང་ནཱ་རོ་ཆོས་དྲུག་
སོགས་ཉམས་ཁྲིད་དུ་བསྩལ།གཞན་ཡང་བདེ་མཆོག་པདྨ་བཛྲ་གྱི་དབང་དང་བདེ་མཆོག་ 35
བཅུ་གསུམ་མ་སོགས་གསར་རྙིང་དབང་ཆོས་གང་གནང་བ་ཐམས་ཅད་གསན།དབྱར་
སོན་ཟླ་རེར་བསོད་སྙོམས་མཛད་དེ་གང་བྱུང་དེས་ཆོག་གིས་དཀའ་སྤྱད་ཆེན་པོས་གསན་ སྒོམ་ཕྲུགས་མར་མཛད་བཞིན་བཞུགས།སྐབས་དེར་གཏུམ་མོའི་དྲོད་ཀྱི་བོགས་འདོན་ཆུ་ རས་གཏོང་ཉིན་ཐོ་རངས་ནས་ནམ་ལངས་ཀྱི་བར་དུ་ཆུ་རས་ཐེངས་བཅུ་དྲུག་རེ་སྐེམ་པ་
དང༌།ཉེ་འགྲམ་གྱི་འཁྱག་རོམ་ཆུར་ཞུ་བ་དང༌།དབྱར་དགུན་མེད་པར་རས་གོས་རྐྱང་པས་ ཆོག་པ་སོགས་བདེ་དྲོད་ཀྱི་རྟགས་དང༌།ཐུར་མའི་ཕག་ལེན་མཛད་དུས་འདྲེན་ཐེངས་རེས་ ཆུ་ཐོད་ཕོར་གང་ལྷག་ཙམ་རེ་དྲངས་ཐུབ་པ་སོགས་རྩ་ཐིག་རླུང་གསུམ་འབྱོངས་པའི་ ལམ་རྟགས་ཀྱི་ཡོན་ཏན་བརྗོད་ལས་འདས་པ་འཁྲུངས།
འཇམ་མགོན་མི་ཕམ་རིན་པོ་ཆེ་ལས་ཀྱང༌།ཚིག་བདུན་རྣམ་བཤད་དང་རྟོགས་ལྡན་རྒན་
པོའི་མཛུབ་ཁྲིད་སོགས་ཐོབ།དེ་ནས་ཉམས་ཁྲིད་ཕལ་ཆེར་ཚར་བ་རྣམས་རི་ཁྲོད་སོ་སོར་ གཏོང་མཛད་པར་བརྟེན།བླ་མ་དང་འབལ་མི་ཕོད་བཞིན་དུ་རིམ་པར་མདོ་དབུས་བརྒྱུད་ འབྲུག་བུམ་ཐང་དུ་ཕེབས།ཆོས་རྒྱལ་ཆེན་པོས་དགྱེས་འཛུམ་དང་བཅས་ལེགས་སོའི་
གནང་ཆ་བསྩལ།བོད་དུ་ལོ་བཅུ་གྲངས་འགོར་བའི་རིང་ཡབ་དང་མིང་སྲིང་འགའ་ཞིག་མི་ རྟག་པར་གྱུར་པ་དང༌།ཡུལ་དུས་གནས་སྐབས་ཀྱང་སྔར་ལས་གཞན་དུ་འགྱུར་བའི་སྣང་ ཚུལ་རྣམས་གཟིགས་རྐྱེན་གྱིས་ངེས་འབྱུང་གི་གསོས་སུ་སྨིན་ཏེ།ཟླ་ཤས་ནས་སྦས་ཡུལ་
གླང་མོ་བག་ཏུ།དགུང་གྲངས་སོ་གཉིས་ནས་བཟུང་ལོ་གསུམ་གྱི་བཅད་རྒྱར་གཞོལ།ཐོག་ མར་ལམ་ཟབ་བླ་སྒྲུབ་དང༌།དེ་རྗེས་བདེ་ཕག་གི་ལྗགས་བསྙེན།མཐར་མཚན་བཅས་
མཚན་མེད་རོགས་རིམ་རྣམས་ཐུགས་ཉམས་སུ་བསར་ཞིང༌།དབུ་སྔས་ལ་མི་འཇོག་པར་
སྒོམ་སྒྲུབ་རྩེ་གཅིག་ཏུ་མཛད།དབྱར་དགུན་མེད་པར་ན་བཟའ་རས་རྐྱང་ཁོ་ན་དང༌།ཟླ་རེ་
བཞིན་འབྲུ་དང་སན་གྱི་བཅུད་ལེན་ཕག་ལེན་དུ་བསར་བ་སོགས་སྔོན་བྱོན་དཀར་བརྒྱུད་ 36
གོང་མའི་རྣམ་ཐར་རྗེས་སུ་བསྐྱངས།རྗེ་གྲུབ་དབང་ཤཱཀྱ་ཤྲཱི་ཙ་རི་སྐྱིད་ཕུག་ཏུ་ཞབས་སོར་ འཁོད་སྐབས།སར་ཡང་ཞབས་པད་དུ་བཅར་ནས།གྲུབ་རྗེ་ཉིད་ཀྱི་དགོངས་གཏེར་དང་
སྙན་བརྒྱུད་གསང་བའི་མཐར་ཐུག་གི་ཆོས་སྐོར་དང༌།གཞན་ཡང་གསང་སྔགས་གསར་ རྙིང་གི་དབང་དང་མན་ངག་ཟབ་ཁྲིད་དཔག་མེད་གནང་བ་ཐམས་ཅད་གསན།སྐུ་
གཤེགས་རྗེས་སུའང་དགོངས་རོགས་གང་དགོས་སྒྲུབ་པའི་མཐར་ལྷོ་ལྗོངས་སུ་ཕེབས།ཞེ་ གསུམ་སྐབས་སྦས་ཡུལ་གླང་མོ་བག་ཏུ་ལོ་གསུམ་ཐེངས་གཉིས་པ་དང༌།གཞན་ཡང་
ཀུར་སོད་སེང་གེ་རོང་སོགས་དབེན་གནས་ངེས་མེད་དུ་བཞུགས་ཤིང་སྒྲུབ་པའི་རྒྱལ་
མཚན་བཙུགས།བྱ་བཏང་གི་བརྟུལ་ཞུགས་བདག་གིར་མཛད་ནས་རྒྱ་གར་སོགས་གནས་ ཆེན་གང་སར་ཞབས་ཀྱིས་བཅགས།
སྤུངས་ཐང་བདེ་བ་ཅན་གྱི་ཆོས་སྡེར་རོ་རྗེའི་སོབ་དཔོན་གྱི་ཐུགས་འགན་ལོ་མང་
བཞེས།དད་ལྡན་གྱི་སོབ་མ་པདྨའི་མཚོ་ལ་ངང་པ་འདུ་བ་བཞིན་དུ་ལྷགས་པ་རྣམས་ ལ།གང་ལ་གང་འོས་ཀྱི་ཆོས་ཀྱི་བདུད་རྩི་ཆར་དུ་བསྙིལ་བས་ཉམས་རྟོགས་ཀྱི་མྱུ་གུ་
འཁྲུངས་པ་མང་དུ་བྱུང༌།རོར་སོབ་ཀྱི་ཁྲི་ཐོག་ལས་དགོངས་ཞུ་མཛད་ནས་ཤར་བདེ་ཆེན་ ཆོས་གླིང་དབེན་པར་གཞོལ་ནས་སྒྲུབ་པའི་སྡེ་འཛུགས།དད་ལྡན་སོབ་མ་མང་རབ་ཞིག་ ལ་འབྲུག་ལུགས་ཀྱི་དབང་ཡོངས་རོགས།སྔོན་འགྲོ།ལྟ་བ་ཕག་རྒྱ་ཆེན་པོ།སྒོམ་པ་ནཱ་རོ་
ཆོས་དྲུག།སྤྱོད་པ་རོ་སྙོམས་སྐོར་དྲུག།འབས་བུ་རྟན་འབྲེལ་རབ་བདུན།ལམ་ཟབ་བླ་མ་ སྒྲུབས་པའི་ཁྲིད་དང་གདམས་སྔགས་ཡོངས་རྗོགས།ཕག་ཆེན་རྒྱ་གཞུང་།དྭགས་པོའི་
བཀའ་འབུམ།རྒྱལ་བ་གོང་མའི་རྣམ་མར་མཐར།གཅོད་ཚོགས་རིན་ཆེན་འཕྲེང་བ་བཅས་ གནང་བསན་འགྲོའི་དོན་རྒྱ་ཆེར་མཛད་པའི་མཐར་དགུང་ལོ་གྱ་བཞི་པ་མེ་རྟ་
༼༡༩༦༦༽ལོར་མཁའ་འགྲོ་མའི་བསུ་བར་བྱོན་ནས་མངོན་དགའི་ཞིང་ཁམས་སུ་ 37
གཤེགས་སོ།སོབ་མའི་གཙོ་བོ་ནི། མཁན་ཆེན་ཁྲི་བས་༦༢་ནཱ་རོའི་རྒྱལ་ཚབ་རྗེ་ཡོན་ཏན་ བརྩོན་འགྲུས།མཁན་ཆེན་༦༥་རོར་གླིང་གདུང་འཛིན་རྗེ་ཡེེ་ཤེས་སེངྒེ།མཁན་ཆེན་༦༧་
པདྨའི་རྒྱལ་ཚབ་རྗེ་ཉི་སྤྲུལ་ཕྲིན་ལས་ལྷུན་གྲུབ།མཚམས་སྒྲུབ་པའམ་གྲུབ་ཐོབ་རིན་པོ་ཆེ་ ཡེ་ཤེས་ཕུན་ཚོགས། མཁན་ཆེན་༦༨་འོད་གསལ་མཛོད་མངའ་རྗེ་བསན་འཛིན་དོན་
གྲུབ། སྤྱན་རས་གཟིགས་དབང་སྒྲུབ་སོབ་ཆེན་པོ་མ་གཟིམ་དཀར་མདོག །གྲུབ་དབང་ ཆོས་ཀྱི་དབང་ཕྱུག་གམ་སོབ་ཕན་མདོག །གྱད་གླིང་པ་སངས་རྒྱས་རོ་རྗེ། ལུང་ནག་པ་ རིན་ཆེན་གྲགས། སོད་པ་རིན་ཆེན་དར་རྒྱས་སོགས་མཁས་གྲུབ་མང་དུ་བྱུང་ངོ༌།། འབྲི་མི- གཞོན་ཕན་ཟླ་བ། FB
38
༧༽ གྲུབ་དབང་བསོད་ནམས་བཟང་པོའི་རྣམ་ཐར།
Biography of Drubwang Lam Sonam Zangpo
39
༈ གྲུབ་དབང་བསོད་ནམས་བཟང་པོ་ནི། ཤར་ཕོགས་ཀུར་སོད་དུང་དཀར་ཉེ་འདབས་ གླིང་བྱ་བར།ཡབ་ལྷུན་རོང་པ་ཕུན་ཚོགས་དབང་འདུས་དང༌།ཡུམ་བསོད་ནམས་སྒྲོལ་ མའི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་སྦྲུལ་༼༡༨༩༣༽ལོར་འཁྲུངས།དགུང་གྲངས་
གསུམ་ཙམ་ལ་ཞབས་དྲུང་སྐུ་ཕྲེང་ལྔ་པ་འཇིགས་མེད་ཆོས་རྒྱལ་ལ་གཙུག་ཕུད་ཕུལ་
ཏེ།མཚན་བསོད་ནམས་བཟང་པོར་བཏགས།བདུན་པར་ཀུར་སོད་ལྷུན་གྲུབ་རྩེ་རབ་སྡེར་ ཆོས་སྒོར་ཞུགས།རིམ་བཞིན་གནས་བརྟན་པད་དཀར་དང་དོན་ཡོད་རོ་རྗེ་ལས་ཡི་གེ་
འབྲི་ཀློག་དང༌།འབྲུག་ལུགས་ཆོས་སྤྱོད་རིམ་པ་ལ་སངས་གོམས་ཕུལ་དུ་གྱུར།དབུ་ཅན་
དབུ་མེད་སོགས་ཡིག་རིགས།གསེར་བཟོ་ཤིང་བཟོ་སོགས་བཟོ་རིགས།མཆོད་རྟེན་ཐིག་ རྩ་དང་དཀྱིལ་འཁོར་བྲི་ཐིག་སོགས་ལས་རབ་འབྱམས་ཀུན་ཐོགས་པ་མེད་པར་མཁྱེན། བཅུ་དྲུག་ལ་འབྲུག་རྒྱལ་དང་པོ་ཨོ་རྒྱན་དབང་ཕྱུག་གི་བཀའ་ལྟར་ངལ་བ་ཁྱད་བསད་
ཀྱིས་བོད་ཁམས་ཆབ་མདོ་གྲུ་གུ་གསོལ་སྡེར་ཁར་གྲུབ་དབང་ཤཱཀྱ་ཤྲཱིའི་ཞབས་དྲུང་དུ་ ཕེབས་ནས།ཕག་ཆེན།ཆོས་དྲུག།རོ་སྙོམས་སོགས་དང༌།ཁྱད་པར་ཐུན་མིན་སྙན་བརྒྱུད་ཀྱི་
ཆོས་སྐོར་རྣམས་གསན་བསམ་མཐར་ཕྱིན་མཛད་དེ།གྲུབ་དབང་མཆོག་ཞི་བར་གཤེགས་ ཀྱི་བར་ཕལ་ཆེར་འབལ་མེད་དུ་བཞུགས་ནས་ཚུལ་བཞིན་བསྙེན།རྟོགས་ལྡན་སྨིན་གྲོལ་ ལས་ལུས་སོང་འཁྲུལ་འཁོར་སྐོར་དང༌།རོ་སྙོམས་དང་བླ་སྒྲུབ་ཀྱང་གསན་པར་
མཛད།གཞན་ཡང་རྒྱལ་དབང་འབྲུག་ཆེན་བཅུ་པ་མི་ཕམ་ཆོས་ཀྱི་དབང་པོ།འཛི་སྒར་
བདུན་པ་བསན་འཛིན་དཔལ་བཟང༌།གྲུབ་སྲས་འཕགས་མཆོག་རོ་རྗེ།ལྷོ་འབྲུག་རྗེ་མཁན་ པོ་སྲིད་ཞི་རྣམ་རྒྱལ།སྤ་གྲོ་རྗེ་ཤེས་རབ་རྒྱལ་མཚན་གྱི་སྐུ་སྐྱེ་གནས་བརྟན་ཤེས་རབ་རྣམ་
རྒྱལ་སོགས་ལས་འབྲུག་ལུགས་ཀྱི་དབང་ལུང་ཁྲིད་གསུམ་དང༌།ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་ མཚོ།མཁྱེན་བརྩེ་ཆོས་ཀྱི་བློ་གྲོས།གཏེར་ཆེན་མཆོག་གླིང་གི་སྲས་མོའི་སྲས་བསམ་ 40
གཏན།བདུད་འཇོམས་ཡེ་ཤེས་རོ་རྗེ་སོགས་ལས་རྙིང་མའི་དབང་ལུང་ཁྲིད་མན་ངག་
བཅས་གསན་བསམ་རྒྱ་ཆེར་མཛད།ལྷོ་བག་མཁར་ཆུར་ལོ་གསུམ་དང༌།སྦས་ཡུལ་འཁན་ པ་ལྗོངས་སུ་ལོ་གསུམ་བཅད་རྒྱར་བཞུགས།སྐབས་དེར་གྲུབ་ཆེན་ངག་དབང་བསམ་ གཏན་གྱི་སྐྱེས་རབས་རྨི་ལམ་དུ་གསལ།
གཞན་བོད་ཁམས་དང་དབུས་གཙང༌།འབྲུག་ཤར་ནུབ་སོགས་ངེས་མེད་ཀྱི་དབེན་གནས་ རྣམས་སུ་སྤོང་བའི་བརྟུལ་ཞུགས་ལྷུར་བཞེས་ཏེ་རིམ་གཉིས་ལ་བརྩོན་པས་ཉམས་
རྟོགས་མཐོན་པོར་ཕེབས་ཤིང༌།སྐྱེས་ཆེན་དུ་མས་བསྔགས་པའི་ཡུལ་དུ་གྱུར།གསང་བའི་ ལས་རྒྱར་པདྨ་ལྷ་སྒྲོན་དང་དོན་གྲུབ་པདྨོ་གཉིས་བཞེས་པ་ལས་སྲས་མོ་གཉིས་
འཁྲུངས།ཕོགས་མཐར་བསན་འགྲོའི་དོན་རྒྱ་ཆེར་མཛད་པ་ལས།བོད་ཙ་རི་སྐྱིད་ཕུག་གི་ གདན་སར་གུ་རུ་ལྷ་ཁང་དང་སྒྲུབ་སྡེ།དེ་བཞིན་བལ་ཡུལ་འཕགས་ཤིང་ཉམས་གསོའི་
འགན་བཞེས།གཞན་ཡང་རོར་གླིང་ཁར་ཤང་རི་ཁྲོད་ཀྱི་ཁང་བཟང་མཆོད་རྟེན།ཀུར་སོད་ གསེར་གཞོང་ལྷ་ཁང༌།ཕ་ཇོ་སྡིངས་ལྷ་ཁང་དང་འབྲེལ་སྒྲུབ་སྡེ།ལྷོང་མཚོ་བཀྲ་ཤིས་སྒང་
དུ་སྒྲུབ་སྡེ།རླུང་ཅུ་ཟེ་ལྷ་ཁང་ཉམས་གསོ།སྤུང་ཐིམ་རོང་ནང་མགོན་མང་ཡོངས་རོགས་ཀྱི་ ཐང་ནག་གསར་བཞེངས་སོགས་འབྲུག་ཡུལ་གཙོ་བོར་གྱུར་པའི་རྒྱ་བོད་རྣམས་སུ་སྒྲུབ་
སྡེ།ལྷ་ཁང༌།མཆོད་རྟེན།གསུང་རབ་སོགས་གསར་བཞེངས་དང་ཉམས་གསོ་ཞལ་བཀོད་ བསམ་གྱིས་མི་ཁྱབ་པ་མཛད།ཁྱད་པར་འཁན་པ་ལྗོངས་སུ་སྒྲུབ་པ་དང་འབྲེལ་ཟངས་
མདོག་དཔལ་རིའི་བློས་བསངས་རྟེན་དང་བརྟེན་པ་བཅས་བཞེངས་པའི་མཛད་པ་ནི།རིག་ འཛིན་པད་གླིང་གཏེར་བྱོན་སྦས་ཡུལ་འཁན་པ་ལུང་གི་གནས་ཡིག་ལས།བསོད་ནམས་ མིང་ཅན་བྱང་གི་ཕོགས་ནས་ཡོང༌།།ཞེས་ལུང་བསན་པ་དང་མཐུན་པའོ།།དེ་དག་ཀྱང་
41
བསོད་ནམས་གསོག་པའི་ཆེད་ཙམ་ལས།རང་དོན་སྐད་གྲགས་དང་ཡོང་སྒོ་བསྡུ་ཐབས་ སོགས་མི་ཆོས་ཀྱི་བདག་འཛིན་གདན་སྐྱོང་གནང་སྲོལ་མེད།
ལོ་བསར་བཞིན་གཤིན་གསོན་གྱི་འབུལ་དངོས་ཅི་འབྱོར་སྤོང་དག་གནང་སྟེ།སྒྲུབ་ཆེན་ དང་ཚོགས་མཆོད་བཅས་རང་གཞན་བསོད་ནམས་སྤེལ་བའི་གཞིར་སྨིན་པར་
མཛད།གདན་ས་དཔལ་སེང་ཕུག།སྐུར་སོད་གསེར་གཞོང༌།ལྷ་རོང་དགོན།དཔལ་འབྱོར་ ཆོས་གླིང་དགོན་གཙོ་བོར་གྱུར་པའི་ཡུལ་ཕོགས་གང་སར་ཕེབས་བཞུགས་གནང་
སྟེ།ཟབ་ཆོས་དོན་གཉེར་ཅན་རྣམས་ལ་ཕག་རོགས་ཀྱི་ཁྲིད་སྤྱི་དང༌།བྱེ་བག་ཏུ་སྐལ་ལྡན་
རྣམས་ལ་སྙན་རྒྱུད་ཀྱི་ཕ་ཕོགས་ཡིད་བཞིན་དུ་བསྩལ་བ་སོགས་གང་ལ་གང་འཚམས་ཀྱི་ སྨིན་གྲོལ་རྒྱབ་རྟེན་བཅས་པའི་ཆོས་འཁོར་ཡང་ཡང་བསྐོར་བས།ཞལ་སོབ་བསན་པ་
འཛིན་སྐྱོང་ནུས་པ་མང་པོ་ཞིག་བྱུང༌།དམ་པའི་སྐྱེ་སྤྲུལ་དུ་མ་ཞིག་ཀྱང་ངོས་འཛིན་གནང་
ཞིང་རྗེས་སུ་བཟུང་བའི་མཐར།དགུང་ལོ་དགུ་བཅུ་ཐམ་པ་ཆུ་ཁྱི་༼༡༩༨༢༽ལོའི་བོད་ཟླ་ གསུམ་པའི་ཚེས་བཅོ་ལྔ་ལ་ཞི་བར་གཤེགས་སོ།།སྐུ་གདུང་ལ་རིང་བསྲེལ་ངོ་མཚར་ཅན་ བྱོན་ཅིང༌།ཞལ་གདམས་དང་གསུང་མགུར་སྐོར་འགའ་ཙམ་བཞུགས།ཕག་རོགས་ཀྱི་ བཀའ་ཆོས་གསན་པའི་ཞལ་སོབ་གཙོ་བོ་ནི།
བདུད་འཇོམས་གདུང་སྲས་ཕྲིན་ལས་ནོར་བུ།སྲས་མོ་འཇམ་དབྱངས་ཆོས་སྒྲོན་གྱི་སྲས་ རོང་སར་མཁྱེན་སྤྲུལ།གཏེར་སོན་ངག་དབང་ཕུན་ཚོགས།རྗེ་མཁན་པོ་ཉི་ཟེར་སྤྲུལ་སྐུ་ ཕྲིན་ལས་ལྷུན་གྲུབ།རྗེ་དགེ་འདུན་རིན་ཆེན།རྗེ་ཡོན་ཏན་འོད།རྗེ་སྤྲུལ་སྐུ་འཇིགས་མེད་
ཆོས་གྲགས།སྒྲུབ་པའི་སོབ་དཔོན་ཆེན་པོ་མ་གཟིམ་དཀར་མདོག།སྐྱབས་རྗེ་ཐུགས་སྲས་ རིན་པོ་ཆེ་ངག་དབང་འགྱུར་མེད།གྲུབ་སྲས་ངག་དབང་ཡེ་ཤེས་རང་གྲོལ།རྒྱལ་མཚན་
སྤྲུལ་སྐུ་ཀུན་བཟང་བསན་པའི་རྒྱལ་མཚན།སྲས་རིན་པོ་ཆེ་དགེ་ལེགས་རྣམ་རྒྱལ།འཛི་ 42
སྒར་མཁན་ཆེན་ནོར་གཡང༌།བླ་མ་རིན་པོ་ཆེ་ཕྲིན་ལས་རྣམ་རྒྱལ།ཡོ་བག་རིག་འཛིན་རོ་
རྗེའི་སྤྲུལ་སྐུ།སེ་བ་ལ་བྱམས་སྤྲུལ།བལ་པོ་ཤེར་རོར་སྤྲུལ་སྐུ།སྒྲུབ་པའི་སོབ་དཔོན་ཆེན་པོ་ རྟ་མགྲིན་དཔལ་འབྱོར།རྩེ་གཟིམ་སོབ་ཟླ་ཝ་རྒྱལ་མཚན།གྲུབ་བརྙེས་རྒྱལ་མཚན།གྲུབ་
དབང་བསམ་གཏན་བཟང་པོའམ་སོབ་དཔོན་ཀརྨ་འགྱུར་མེད།སྐུ་མཚམས་བཅོ་ལྔ་ལ།ཉེ་ གནས་བསོད་ནམས་ཆོས་འཕེལ་སོགས་མཁས་གྲུབ་མང་དུ་བྱུང་ངོ།།
Source: Zhenphen FB
43
༨༽ ༼ དཔལ་ལྡན་བླ་མའི་མཛད་པ་མཐོང་ཐོས་དད་པའི་ས་བོན ༽ ༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག །བཅོམ་ལྡན་རྒྱལ་བ་ཚེ་དཔག་མེད་ཀྱི་
མགོན། །ཐུགས་རྗེའི་མངའ་བདག་འཕགས་པ་འཇིག་རྟེན་དབང་། །ཕོགས་མེད་འགྲོ་ བའི་དོན་མཛད་ཡན་ལག་འབྱུང་། །གྲུབ་པའི་རིག་འཛིན་ངག་དབང་པད་དཀར་
གྱི། །སྐུ་གསུང་ཐུགས་ཀྱི་རྣམ་རོལ་༧ གྲུབ་པའི་དབང་། །ཀརྨ་འགྱུར་མེད་ཞབས་ཀྱི་ རྣམ་པ་ཐར། །གཏིང་མཐའ་མི་མངོན་དཔོག་པར་དཀའ་ན་ཡང་། །རང་དང་མཉམ་པའི་ སྐྱེས་བོ་དེ་དག་གི། །དད་པའི་ས་བོན་བཞག་པའི་ཕྱིར་དུ་སོ།།
དེ་ཡང༧ གྲུབ་དབང་ཀརྨ་འགྱུར་མེད་མཆོག །ཕྱི་ལོ་ཅིག་སོང་དགུ་བརྒྱ་ང་བཞི་ འམ། །གནམ་ལོ་ཤིང་ཕོ་རྟ་ཡི་ལོ་འདི་རུ། །དཔལ་འབྲུག་ས་ཡི་ལྟེ་བ་ཀྲོང་གསར་
གྱི། །སད་ཀྱི་གཡུས་ཚན་སྦྱིས་རྒྱས་ཟེར་ས་ལུ། །ཡབ་ནི་ཆོས་སྒྲོན་བགྲང་ཅུང་ཟེར་བ་
དང་། །ཡུམ་ཆེན་ཆོས་མཛོད་པདྨ་བུ་དར་གྱི། །སྲས་སུ་རབ་འབྱུང་བཅུ་དྲུག་སྐུ་འཁྲུངས་ པའམ། །མཚན་པད་གསར་དུ་བཞེད་པའི་མཛད་པའོ།།
སྐུ་ན་ཆུང་དུས་སྔོན་མའི་བགས་ཆགས་སད། །ཅི་མཛད་ཆོས་དང་འབྲེལ་བའི་ལས་སྣ་ ལ། །སོ་བ་དང་བཅས་དགུང་ལོ་དྲུག་ལས་རང་། །ཆོས་འཁོར་རབ་བརྟན་རྩེ་ཡི་སྡེ་རུ་ ཞུགས། །གར་ཐིག་དབྱངས་གསུམ་སོགས་ལ་སང་པ་ཕྱིན། །དེ་དག་སྐུ་ཡོན་གསན་
སང་བྱེད་པ་དག །སྐུ་ན་ཕྲ་ཡང་འཚེར་མེན་དྭངས་བླང་མཛད། །དེ་ནི་ཆོས་སྒོར་ཞུགས་ པའི་ཚུལ་མཛད་པའོ།།
དེ་ནས་རིམ་བཞིན་ལྷ་སྐལ་དུས་སུ་བབས། །དགེ་བའི་བཤེས་གཉེན་དག་གིས་རྗེས་
བཟུང་ཤིང་། །སྒོ་གསུམ་དྭང་བས་མོས་གུས་རབ་བསྟེན་ནས། །སྤ་གྲོ་སག་ཚང་གནས་
སུ་༧ སྐྱབས་ཀྱི་རྗེ། །དོལ་མགོན་མཁྱེན་བརྩེ་མཆོག་ནས་རིན་ཆེན་གྱི། །གཏེར་མཛོད་ 44
བཀའ་དབང་ལུང་གི་འབོགས་འདོན་མཛད། །ལྷག་པར་ལྗོངས་འདིར་རྒྱལ་བའི་བསན་ པ་ལ། །རྒྱལ་བ་སྐུ་དངོས་༧ བསན་འཛིན་དོན་གྲུབ་མཆོག །མཉེས་པ་གསུམ་གྱི་སྒོ་
ནས་རབ་བསྟེན་ནས། །གདམས་ངག་སོང་པོ་གསུལ་དྲིལ་ཆ་ལག་བཅས། །ཞུས་ཤིང་ ཉིད་ཀྱི་ཕག་ཞུས་བལ་པོ་ལུ། །བྱོན་ཏེ་སར་ཡང་ཆ་དཔེ་འཕྲོ་མཐུད་མཛད། །དོན་སྤྱིའི་ གོོ༵་བ་མ་ལུས་ངང་གིས་ཆགས། །བློ་ཕུགས་ཆོས་ལ་གཏད་པའི་ཚུལ་མཛད་པའོ།།
ད་རུང་འབྲུག་ལུ་ཕེབས་ནས་སྔགས་ཀྱི་བདག །གྲུབ་དབང་བསོན་ནམས་བཟང་པོའི་
ཞབས་དྲུང་དུ། །དབེན་པ་གསུམ་ལ་ལོ་ངོ་བཅུ་ཕྲག་བཞུགས། །ཤར་ཕོགས་བདེ་ཐང་ རླུང་མཚོ་རོ་རང་ཐག །ཕག་རོགས་བཀའ་ཁྲིད་གདམས་ངག་ནོན་པ་དང་། །གསན་ ཙམ་མི་འཇོག་མོངོ༵་བས་ཚད་དུ་ཕྱིན། །ཉམས་ལེན་མཐའ་རུ་ཕྱིན་པའི་རྒྱལ་ས་ ཟིན། །ཆོས་ཕུགས་སང་ལ་གཏད་པའི་ཚུལ་མཛད་པའོ།།
རིམ་བཞིན་བླ་མ་དགོངས་པ་མ་རོགས་བར། །ཅི་གསུང་བཀའ་བཞིན་དྭང་དུ་བླངས་ ནས་སུ། །བླ་མའི་གདན་ས་བསེ་ལ་རོར་གདན་དུ། །དབེན་སར་སྒྲུབ་པ་དམ་པོར་མཛད་ པའི་མཐར། །རྩ་བའི་བླ་མ་དགོངས་པ་ཆོས་དབྱིངས་སུ། །གཤེགས་ནས་སར་ཡང་དམ་
པ་དགེ་བའི་བཤེས། །རྗེ་བཙུན་༧ བསན་འཛིན་དོན་ཀུན་གྲུབ་པ་ལས། །ཐར་ལམ་ཟབ་ པའི་ཆོས་འཁོར་ཡོངས་རོགས་གསན། །དེ་དག་མོང་བ་ཙམ་ལ་མི་འབད་པར། །རྟོགོ༵ས་ པས་བདག་རྒྱུད་གྲོལ་བར་མཛད་པའི་ཕྱིར། །ལུས་ཕུང་མ་གཞིག་བར་དུ་འགྲོ་བའི་
དོན། །ཐུགས་དམ་མི་གཞིག་བརྟན་པོར་མཛད་པ་ནི། །སང་ཕུགས་ཤི་ལ་གཏད་པའི་ ཚུལ་མཛད་པའོ།།
དེ་ནས་རིམ་བཞིན་གོང་པའི་གདན་ས་ཞེས། །དབེན་པའི་གནས་སུ་རྟག་ཏུ་རི་ཁྲོད་
འགྲིམ། །རྟོགས་པ་སྐྱོང་བཞིན་སོན་ལམ་འདེབས་པ་དང་། །དགྱེས་པའི་ཕག་བཞེས་ 45
ཉམས་སུ་བསར་བའི་ཕྱིར། །སན་རྩི་ཕུག་དང་གླིང་བཞི་ཐང་ཀར་ཕུག །མིང་ཆེན་དབེན་ དང་མིང་མེད་བརྒྱ་དང་སོང་། །རི་མཐོ་རྣམས་སུ་ལོ་ངོ་མང་ཙམ་དུ། །ཉིན་མཚན་ཕག་ རོགས་རྩེ་གཅིག་བསྟེན་པ་རྣམས། །ཤི་ཕུགས་བག་ལ་གཏད་པའི་ཚུལ་མཛད་པའོ།།
དེ་དག་ཡན་ཆད་རང་དོན་ཆོས་སྐུར་རྟོགས། །མཉམ་ཉིད་ཁྱབ་གདལ་མོས་གུས་ཆེན་པོ་ ཡིས། །ལམ་ཟབ་བླ་མའི་སྒྲུབ་པ་མཐར་ཕྱིན་ནས། །རང་དོན་ཁ་སོར་ཡན་ལག་བདུན་
ལྡན་པའི། །རོ་རྗེ་འཆང་ཆེན་གོ་འཕང་ཚེ་འདི་རུ། །ཐོབ་པར་མཛད་པའི་ཚུལ་ལ་སུ་ཡིས་
ནི། །ཡིད་རྟོད་པ་ནི་ཟླ་བ་སྤྲིན་བལ་འོད། །གདུལ་བྱ་ཚོགས་ལ་འཕྲོ་བར་རྗེས་ཡི་རངས།། ད་ནི་གཞན་དོན་བརྩེ་བས་མི་འདོར་བར། །གདུལ་བྱ་རང་སོའི་ཁམས་དབང་བསམ་པ་ དང་། །བསྟུན་ནས་ཅིག་སོང་དགུ་བརྒྱ་གོ་གསུམ་ལུ། །དགུང་གྲངས་བཞི་བཅུའམ་ཁེ་ གཉིས་བཞེད་པའི་དུས། །མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ངག་གི་དབང་། །རྣམ་པར་རྒྱལ་
བའི་ཐུགས་སྤྲུལ་རིམ་བྱོན་གྱི། །གདན་ས་སྤུངས་ཐང་ཆ་འདུས་རྟ་ལོག་གི །ཆ་ཤས་སྤང་ དཀར་རྣམ་རྒྱལ་ཆོས་གླིང་གི །སྒྲུབ་པའི་སྡེ་འདིར་སྒྲུབ་དཔོན་བདག་གིར་
བཞེས། །གང་ལ་གང་གདུལ་ཆོས་ཀྱི་འཁོར་ལོ་བསྐོར། །གཞན་ཡང་ཡངས་པའི་དགོན་ དང་བུམ་པ་སྒང་། །སྨིན་གྲོལ་ཐར་ལམ་འདྲེན་པའི་སྒྲུབ་སྡེ་བཙུགས། །ལོ་གསུམ་ནས་ བཟུང་ལོ་དྲུག་བར་དུ་དེར། །གདུལ་བྱ་རྣམས་ལ་ཐུགས་རྗེ་བརྩེ་བས་བསྐྱང་། །དབང་
ལུང་ཁྲིད་དང་མན་ངག་རྒྱུན་དུ་བསྩལ། །འཚོ་ཞིང་གཞེས་ཏེ་བཞུགས་པར་གསོལ་བར་ འདེབས།།
ཁྱད་པར་བསན་པ་སྤྱི་དང་བྱེད་བག་ཏུ། །བཀའ་བརྒྱུད་གོང་མའི་ཕག་བཞེས་ཆུ་ཡི་
རྒྱུན། །ཆད་པ་མེད་པར་སྐྱོང་བའི་མགོན་པོ་གང་། །སྐུ་ཚེ་བརྟན་ཅིང་མཛད་པ་རྒྱས་པའི་ ཕྱིར། །ཞབས་པད་རབ་ཏུ་བརྟན་པའི་གསོལ་འདེབས་ཞུ།། 46
ཨོཾ་སྭ་སྟི། །ངེས་གསང་སྨིན་གྲོལ་གདམས་པའི་རིན་ཆེན་མཛོད། །རིམ་གཉིས་མངོན་
རྟོགས་ཡོན་ཏན་གཏིང་མཐའ་ཟབ། །བསན་འགྲོའི་འཕྲིན་ལས་བཟང་པོའི་རླབས་ཕྲེང་ ཅན། །གྲུབ་པའི་སོབ་དཔོན་མཆོག་ལ་ཞབས་བརྟན་གསོལ། །བསོ༵མ་བཞིན་རང་ གཞན་གཏནོ༵་བདེར་འགོད་པའི་སད། །ཆོས་ཕྱིར་དཀའ་སྤྱད་བཟོད་པའི་གོ་ཆ་
བགོས། །གཅིག་ཏུ་སྒྲུབ་པའི་ལམ་བཟོ༵ང་ལ་བརྩོན་པའི། །དོན་བརྒྱུད་བསན་པའི་བདག་ པོོ༵ར་འཚོ་གཞེས་གསོལ། །དཀོན་མཆོག་རྩ་གསུམ་ལྷ་ཡི་བྱིན་རླབས་དང་། །ཟོལ་མེད་ དད་དང་གདུང་བས་གསོལ་བཏབ་མཐུས། །དམ་པ་ཁྱོད་ནི་བསྐལ་པ་རྒྱ་མཚོའི་ བར། །ཞབས་པད་རབ་བརྟན་འཕྲིན་ལས་རྒྱས་གྱུར་ཅིག།
བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་
འདེབས། །འཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབལ་བ་
མེད་པར་བྱིན་གྱིས་རློབས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབལ་མེད་ཆོས་ཀྱི་ དཔལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རོགས་ནས། །རོ་རྗེ་འཆང་གི་
གོ་འཕང་མྱུར་ཐོབ་ཤོག། །།ཅེས་པ་དེ་ཡང་་་རང་ཟླ༧ པའི་ཡར་ཚེས་༡༠་ལུ་ བླ་མ་ཨོ་
རྒྱན་རིན་པོ་ཆེའི་དུས་བཟང་དང་བསྟུན་ རང་ཉིད་་་ལམ་ཟབ་བླ་མ་སྒྲུབ་པའི་སྐབས་སུ་་་ རང་གི་སེམས་སུ་་་་བླ་མ་དང་སྐད་ཅིག་ཀྱང་འབལ་མེད་ངང་་་ཐུན་མཚམས་སུ་་བྲིས་པར་ བགྱིས་པའི་དགེ་བའི་རྩ་བ་ཅུང་ཟད་མཆིས་པ་དེ་ལ་བརྟེན་ནས་་་མ་གྱུར་འགྲོ་བ་རྣམས་ ཆམ་ཅིག་་་དཔལ་ལྡན་བླ་མས་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དེ་སྲིད་དུ་རྗེས་སུ་ བཟུང་བར་བསྩལ་དུ་གསོལ་བར་འདེབས་པ་དགེ་ལེགས་སུ་གྱུར་ཅིག་གུ། མཚམས་མིང་འཛིན་པ།
ཚེ་དབང་རོ་རྗེ། སྤང་དཀར་པོ། 47
༩༽ ༄༅སྤྲུལ་པའི་གུ་རུ་མཚན་བརྒྱད་ཀྱི་ལོ་རྒྱུས།། Eight Manifestation of Guru Rinpoche
གུ་རུ་མཚན་བརྒྱད།། གུ་རུ་མཚན་བརྒྱད་ནི་གསང་སྔགས་སྔ་འགྱུར་གྱི་ལོ་རྒྱུས་ནང་
གསུངས་པ་ལྟར་ན།། སོབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་སྤྲུལ་པའི་བཀོད་པ་མི་
འདྲ་བ་བརྒྱད་ལ་མཚན་མི་འདྲ་བ་བརྒྱད་འཐོགས་པའི་ལོ་རྒྱུས་ཡོད་པ་སྟེ།། རིན་ཆེན་ གཏེར་མཛོད།། ཀྱི་གཏེར་སོན་བརྒྱ་རྩའི་རྣམ་ཐར་ལས་གསུངས་པ་ལྟར་ལགས་སོ།། དང་པ་གུ་རུ་མཚོ་སྐྱེས་རོ་རྗེ།
གུ་རུ་མཚོ་སྐྱེས་རོ་རྗེ།། གུ་རུ་མཚོ་ སྐྱེས་རོ་རྗེ་ནི་ནུབ་ཕོགས་ཨོ་རྒྱན་གྱི་
ཡུལ་དུ་ཤར་དང་།། ལྷོ་བྱང་གསུམ་ དུ་མཚོ་རེ་རེ་ཡོད་པའི་ལྷོ་ཕོགས་ཀྱི་ རྒྱ་མཚོའི་གླིང་དུ་པདྨའི་སོང་པོ་ཁ་
དོག་སྣ་ཚོགས་ཡོད་པའི་སྦུགས་སུ་
དགོན་པོ་འོད་དཔག་མེད་ཀྱི་ཐུགས་ ཀ་ནས་གསེར་རོ་རྗེ་ཡི་གེ་ཧྲཱིས་མཚན་ པ་ཞིག་སོས་པ་ལས་ཁྱིའུ་ལོ་བརྒྱད་ པའི་ཚོད་ཙམ་ཞིག་འཁྲུངས་ཏེ་ལྷ་
དང་མཚོ་གླིང་གི་མཁའ་འགྲོ་རྣམས་
ལ་ཆོས་གསུངས་ཏེ་བཞུགས།། ཡུལ་ དེའི་རྒྱ་པོ་ཨིནྡྲ་བོདྷི་ལ་སྲས་མེད་ 48
སབས་སྲས་ཚབ་ཏུ་གདན་དྲངས་ནས་མཚན་ལ་པདྨ་བྱུང་གནས་སམ་མཚོ་སྐྱེས་རོ་རྗེ་ ཞེས་གསོལ།།
གཉིས་པ་གུ་རུ་རོ་རྗེ་གྲོ་ལོད།།
རོ་རྗེ་དྲག་པོ་བརྩལ།། རོ་རྗེ་དྲག་པོ་ བརྩལ་ནི་ཨོ་རྒྱན་གྱི་རྒྱལ་པོའི་ཁབ་ ཏུ་བཞེས་ནས་རྒྱལ་སྲིད་བསྐྱངས།།
དེ་ནས་རྒྱལ་སྲིད་སྤངས་པར་བཞེས་ ཀྱང་ཡབ་རྒྱལ་པོས་གནང་མ་མ་
ཐོབ་པར་བརྟེན་རྩེད་མོའི་ཚུལ་གྱིས་ བློན་པོ་ཏྲི་ནུའི་བུ་ལ་མདུང་རྩེ་
གསུམ་པ་ཁ་ཤོར་བ་ལྟར་མཛད་ ནས་བུ་བསད།། དེའི་རྐྱེན་ནི་གྱིས་དུར་ཁྲོད་དུ་རྒྱང་འཕུད་བཏང་བས་དུར་ཁྲོད་སྣ་ ཚོགས་སུ་བཞུགས་ནས་མཁའ་འགྲོ་མ་
རྣམས་དབང་དུ་བསྡུས་པ་སོགས་མཛད་ པས་མཚོན་ལ་རོ་རྗེ་དྲག་པོ་བརྩལ་ཞེས་ གསོལ།།
གསུམ་པ་་་་གུ་རུ་ཤཀྱཱ་སེངྒེ། གུ་རུ་ཤཀྱཱ་སེང་གེ་ནི་དེ་ནས་རོ་རྗེ་གདན་ དུ་ཕེབས་ནས་སྤྲུལ་པ་སྣ་ཚོགས་བསན་ པས་མི་རྣམས་ཀྱིས་ཁྱོད་སུ་ཡིན་དྲིས་ 49
པར་ང་ནི་རང་བྱུང་གི་སངས་རྒྱས་ཡིན་ཞེས་གསུངས་པས་མི་རྣམས་ཀྱིས་ཡིད་མ་ཆེས་ པར་ཀུར་པ་བཏབ་པར་བརྟེན།། ཟ་ཧོར་ཡུལ (བྷརྒངྷ) དུ་བྱོན་ཏེ་སོབ་དཔོན་པྲ་བྷ་ ཧསྟི་ལས་རབ་བྱུང་ཞུས་པའི་མཚན་ལ་གུ་རུ་ཤཀྱཱ་སེངྒེ་ཞེས་གསོལ།། བཞི་པ་་བླ་ལྡན་མཆོག་སྲེད།། གུ་རུ་བློ་ལྡན་མཆོག་སྲེད་ནི་
གོང་གསལ་སླིབ་དཔོན་པྲ་བྷི་
ཧསྟི་ལས་ཡོ་གའི་རྒྱུད་རྣམས་ ཚར་མཅོབརྒྱད་བསན།། ཡེ་
ཤེས་ཀྱི་མཁའ་འགྲོ་མ་གསང་
བ་ཡེ་ཤེས་དགེ་སོང་མར་སྤྲུལ་ པ་ཀུན་དགའ་མོལ་གསང་ སྔགས་ཀྱི་དབང་གསན།།
རིག་འཛིན་ཆེན་པོ་བརྒྱད་
ལས་སྒྲུབ་པ་སྡེ་བརྒྱད་ཀྱི་སྐོར།། སོབ་དཔོན་སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ་གྱི་ སྐོར།། སོབ་དཔོན་ཤྲཱི་སིང་ཧ་ལས་རོགས་ཆེན་གྱི་སྐོར་བཅས་ཡོངས་སུ་རོགས་པར་
གསན་ནས་གང་གསན་པ་ཐམས་ཅད་ཚར་རེ་མཁས་པར་མཁྱེན་པས་མཚན་གུ་རུ་བློ་ ལྡན་མཆོག་སྲེད་དུ་གསོལ།།
50
ལྔ་པ་་་གུ་རུ་པདྨ་རྒྱལ་པོ།།
གུ་རུ་པདྨ་རྒྱལ་པོ་ནས་ནི་དེ་ནས་ཨོ་ རྒྱན་གི་ཡུལ་དུ་ལོ་བཅུ་གསུམ་གྱི་རིང་
རྒྱལ་པོའི་མཆོད་གནས་ས་བཞུགས་ཏེ་
རྒྱལ་བློ་བཙུན་མོ་དང་བཅས་པར་བཀའ་ བདུས་ཀྱི་རྒྱ་མཚོའི་ཆོན་བསན་ནས་
སྨིན་གྲོལ་ལ་བཀོད་པས་མཚམ་གུ་རུ་ པདྨ་རྒྱལ་པོ་ཞེས་གསོལ།།།
{དྲུག་པ་་་གུ་རུ་ཉི་མ་འོད་ཟེར།།}
གུ་རུ་ཉི་མ་འོད་ཟེར་ནི་རྒྱལ་པོམ་ངན་
མེད་བདུལ་བའི་དོན་དུ་དགེ་སོང་དབང་ པོའི་སྡེར་སྤྲུལ་ནས་ཆོས་བསན་ཏེར་
ཕྱིར་མི་ལྡོག་པའི་དད་པ་ལ་བཀོད།། འཛམ་བུའི་གླིང་དུ་ནུབ་གཅིག་ལ་སངས་རྒྱས་ཀྱི་
རིམ་བསྲེལ་བཞུགས་པའི་མཆོད་ན་བྱེ་བ་གཅིག་བཞེངས་སུ་འཇུག་པ་དང་།། ནང་བའི་ བསན་པ་ལ་སང་བའི་མུ་སྟེགས་ཀྱི་རྒྱལ་པོ་བཏུལ།། དུར་ཁྲོད་ཆེན་པོ་རྣམས་སུ་བྱོན་
ནས་མཁའ་འགྲོ་རྣམས་ལ་ཆོས་བསན།། ལྷ་འདྲེ་བདུག་པ་ཅན་རྣམས་ཀྱི་སྲོག་གི་སྙིང་པོ་ བཞེས་ཏེ་བསན་སྲུང་དུ་བཀོད་པར་མཛད་པའི་མཚན་གུ་རུ་ཉི་མ་འོད་ཟེར་ཞེས་གསོལ།། {བདུན་པ་་་་གུ་རུ་པདྨ་སཾབྷ།།}
པདྨ་ཐོད་ཕྲེང་བརྩལ།། པདྨ་ཐོད་ཕྲེང་བརྩལ་ནི།། དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་
ལག་འཛིན་གྱི་སྲས་མོ་མནྡྷེ་ར་བ་བཞེས།། བ་ཕུག་མ་ཏི་ཀར་ཟླ་བ་གསུམ་གྱི་རིམ་ཚེ་ 51
སྒྲུབ་བཛད་ཅིང་།། ཚེ་དཔག་མེད་ཀྱིས་དངོས་སུ་དབང་བསྐུར་ཏེ་ཚེ་ཡི་རུག་འཛིན་
བརྙེས།། ཟ་ཧོར་གྱི་རྒྱལ་པོས་སྐུ་གསོན་པོར་མེར་བསྲེགས་བཏང་སྐབས་སོབ་དཔོན་ ཡབ་ཡུམ་གཉིས་ཀ་མ་ཚིགས་པར་མཚོ་མཁྱིལ་བའི་དབུས་སུ་པདྨའི་སོང་པོ་སྐྱེས་པའི་
ཡབ་ཡུམ་གཉིས་ཀ་ལྷན་གཅིག་ཏུ་བཞུགས་པའི་སྤྲུལ་པབསན་ཅིང་།། སར་ཡང་ཨོ་རྒྱན་ ཡུལ་དུ་ཕེབས་པ་ན།། དེར་ཡང་བློན་པོ་ངན་པ་ཚོས་ངོ་ཤེས་ཏེ་ཙནྡ་མིའི་ནང་དུ་བསྲེགས་ ཀྱང་སྔར་བཞིན་པདྨའི་སོང་པོའི་རྩེར་ཡབ་ཡུམ་གཉིས་ཀྱིས་ཐོད་ཕྲེང་སྐུ་ལ་གསོལ་བའི་ རྫུ་འཕྲུལ་མཛད་པས་མཚན་ལ་པདྨ་ཐོད་ཕྲེང་རྩལ་ཞེས་གསོལ།། {བརྒྱད་པ་་་གུ་རུ་སེངྒེ་སྒྲ་སྒྲོག།}
གུ་རུ་སེང་གེ་སྒྲ་སྒྲོག་ནི་རྒྱ་གར་རོ་རྗེ་གདན་དུ་མུ་སྟེགས་པའི་སོན་པ་ལྔ་བརྒྱས་ནང་པའི་ ཆོས་ངོ་རྒོལ་རྩོད་པ་དང་མཐུ་ནུས་འགྲན་པས་སོབ་དཔོན་རྒྱལ།། མུ་སྟེགས་པས་ངན་
སྔགས་བཏབ་ནས་མཐུ་བཏང་བ་དྲག་སྔགས་ཀྱིས་ཕྱིར་ལོག་ཏེ་མུ་སྟེགས་པའི་གྲོང་ཁྱེར་ མེས་བསྲེགས།། ལྷག་མ་རྣམས་ནང་པའི་ཆོས་ལ་བཀོད་པས་མཚན་གུ་རུ་སེང་གེ་སྒྲ་
སྒྲོག་བཅེས་གསོལ་བ་སྟེ།། སངས་རྒྱས་ཀུན་གྱིས་ངོ་བོ་ཉིད།། སྤྲུལ་བའི་གུ་རུ་མཚན་ བརྒྱད་ལ།། སྙིང་ནས་དད་པ་བྱས་རྒྱུར་ན།། སམས་དོན་གྲུབ་ཅིང་ཤེས་རབ་འཕེལ།། འབྲི་མི་ - ཤེས་རབ་ཀུན་དགའ་དབང་པོ།
52
༡༠༽ ཆོས་རྒྱལ་མི་འགྱུར་བརྟན་པ།
Short Biography of Chogyal Minjur Tenpa first Trongsa Penlop
53
ཀྲོང་གསར་དཔོན་སོབ་དང་པ་ ཆོས་རྒྱལ་མི་འགྱུར་བརྟན་པ་འདི་ སྤྱི་ལོ་ ༡༦༡༣
ལོ་ལུ་སྐུ་འཁྲུངས། སྐུ་ན་ཆུང་ཀུ་ལས་སྐྱབས་མགོན་གོང་མ་ ཞབས་དྲུང་རིན་པོ་ཆེའི་ ཞབས་སར་བཅར་ཏེ་སྒྲིག་རྒྱུག་སྟེ་བཞུགས་པའི་སྐབས་ ངག་དབང་གྲགས་པའི་གདན་ ས་ ཤར་ དར་རྒྱས་དགོན་པའི་བླམ་སྦེ་བསྐོ་བཞག་གནང་ནུག།
དེ་གི་ཤུལ་ལས་ འབྲུག་ཤར་ཕོགས་ཁ་ཐུག་ལུ་དཔལ་ལྡན་འབྲུག་པའི་བསན་པ་འགོ་ བཙུགས་མི་གི་ལུང་བསན་ཁོ་ལུ་བབས་ཏེ་ སྐྱབས་མགོན་གོང་མ་ཞབས་དྲུང་ངག་དབང་ རྣམ་རྒྱལ་གྱིས་ ཀྲོང་
གསར་དཔོན་སོབ་སྦེ་བསྐོ་བཞག་མཛད་གནང་ནུག། ཞབས་དྲུང་རིན་པོ་ཆེ་གིས་ ཀྲོང་ གསར་དཔོན་སོབ་འགོ་ཐོག་བཀལ་བའི་ལོ་ཚིགས་འདི་ དཔེ་དེབ་ཚུ་ནང་མ་འདྲཝ་ལེ་
ཤ་བཀོད་དེ་ཡོད་རུང་ དཔལ་ལྡན་འབྲུག་པའི་བསན་པའི་རིང་ལུགས་ཉི་མ་ཤར་ཕོགས་ ལུ་བྱུང་ཞིང་རྒྱས་པའི་ལོ་རྒྱུས་གསལ་བའི་མེ་ལོང་ལས། དུས་རབས
་༡༧ པའི་ཕྱེད་ཀ་དེ་ཅིག་ཁར་ ཁ་གླིང་རྒྱལ་པོ་ བདེ་བ་དང་འབྲུག་རྒྱལ་གཉིས་མ་ འགྲིགས་པར་ཡོད་པའི་བར་ན་ ཁ་སབ་མི་ བླམ་རྣམ་སྲས་རོ་རྗེའི་མཛད་རྣམ་དང་ འཁྲིལ་བ་ཅིན་ སྤྱི་ལོ་ ༡༦༤༣ དེ་ཅིག་ཁར་ཕོགཔ་ཨིན་མས།
ཆོས་རྒྱལ་མི་འགྱུར་བརྟན་པ་གིས་ བུམ་ཐང་ལས་འགོ་བཙུགས་ཏེ་ ཤར་ཕོགས་འཁོར་ ལོ་རྩིབས་བརྒྱད་མངའ་འོག་ལུ་བཙུགས། ཡོངས་འཛིན་ངག་གི་དབང་ཕྱུག་གི་གདན་ས་ ཀྲོང་གསར་ཆོས་འཁོར་རབ་བརྟན་རྩེ་ལུ་ རོང་བཞེངས་ཏེ་རོང་གི་མཚན་ལུ་ཡང་ འབྲུག་མི་འགྱུར་ཆོས་འཁོར་རབ་བརྟན་རྩེ་ཟེར་གསོལ་བ་མ་ཚད་ཕོགས་
བཞིའི་དགྲ་བཏུལ་ནིའི་དོན་ལུ་ ལྟ་རོང་དེ་ཡང་བཞེངས་ཏེ་ ཆོས་སྲིད་ལུགས་གཉིས་ བསན་པའི་ཕྲིན་ལས་སྐྱོང་སྟེ་བཞུགས་ནུག། 54
སྤྱི་ལོ་ ༡༦༦༧ ལུ་ འབྲུག་གི་ས་སྐྱོང་མི་དབང་སྡེ་སྲིད་གཉིས་པ་ ལ་སྔོན་ཆོས་རྗེ་
བསན་འཛིན་འབྲུག་སྒྲ་ སྡེ་སྲིད་ཁྲི་ཐོག་ལུ་དགོངམ་རོགས་སོངམ་ལས་ ཀྲོང་གསར་ དཔོན་སོབ་ཆོས་རྒྱལ་མི་འགྱུར་བརྟན་པ་འདི་ འབྲུག་གི་སྡེ་སྲིད་གསུམ་པའི་ཁྲི་ཐོག་ལུ་ མངའ་གསོལ་ཞུ་ནུག།
-འབྲུག་ལུ་བྱིན་རླབས་ཅན་གྱི་གནས་༢ པ།
55
༡༡༽ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་རྣམ་ཐར་དད་པའི་ས་བོན། Biography of Paldan Drukpa Zhabdrung
Ngawang Namgyal (Founding father of nation)
56
དཔལ་ལྡན་འབྲུག་པ་ཞབས་དྲུང་རིན་པོ་མཆོག་ནི་ ཡབ་མི་ཕམ་བསན་པའི་ཉི་མ་
དང༌། ཡུམ་བསོད་ནམས་དཔལ་གཉིས་ཀྱི་སྲས་སུ། རབ་བྱུང་བཅུ་པའི་ཤིང་རྟ་༡༥༩༤་ ལོར་སྐུ་འཁྲུངས། གཞོན་ནུ་ནས་སྐྱེས་སང་གི་བག་ཆགས་སད། དགུང་ལོ་བརྒྱད་ལ་མི་ ཕམ་ཆོས་རྒྱལ་གྱི་སྤྱན་སྔར་གཙུག་ཕུད་ཕུལ་ཏེ། དགེ་བསྙེན་བཞེས། མཚན་ངག་གི་ དབང་པོ་རྣམ་པར་རྒྱལ་བའི་སྡེར་གསོལ། དེ་ནས་བཟུང་ཡབ་མེས་གཉིས་དང༌།
མཁས་གྲུབ་ལྷ་དབང་བློ་གྲོས། རྗེ་སྤྲུལ་སྐུ་པད་དཀར་དབང་པོ། ཀོང་པོ་རིག་འཛིན་
སྙིང་པོ་སོགས་ཡོངས་འཛིན་མང་དུ་བསྙེན་ཏེ། གསར་རྙིང་གི་ཆོས་ཚུལ་རབ་འབྱམས་ མཐའ་དག་གསན། བཅུ་གསུམ་པར་གདན་ས་ར་ལུང་དུ་ཁྲིར་མངའ་གསོལ་མཛད།
དཔལ་འབྲུག་པ་ངག་དབང་བསན་འཛིན་རྣམ་པར་རྒྱལ་བ་འཇིགས་མེད་གྲགས་པའི་སྡེ་
ཞེས་མཚན་བསོད་ཞུས། ཀུན་མཁྱེན་པད་དཀར་གྱི་སྤྲུལ་སྐུ་ཡིན་གསུངས་པས། རྒྱལ་ བ་དཔག་བསམ་དབང་པོ་གཉིས་ཐ་དད་དུ་གྱུར་པར་བརྟེན། གདན་ས་གཞུང་དང་ཕན་
ཚུན་འཁོན་སེལ་ཆེན་པོར་སོང༌། སྡེ་སྲིད་གཙང་པས་ཁྲིམས་ལུགས་ཕོགས་ཕུལ་དུ་གྱུར་ པར་ཐུགས་ཁྲོས་ཏེ།
ཉེར་གསུམ་མེ་འབྲུག་ ༡༦༡༦ ལོར། ཁ་བཞི་ལྷོའི་རྒྱལ་ཁབ་ཏུ་ཆིབས་བསྒྱུར་གནང༌། ཉེར་བདུན་ལ་ལྕགས་རི་རོ་རྗེ་གདན་གྱི་གཙུག་ལག་ཁང་བཞེངས་ཤིང༌། སུམ་ཅུ་ནས་
ལྕགས་རིའི་ཡང་དབེན་དུ་བཅུད་ལེན་དང་། འདག་སར་ལོ་གསུམ་བཞུགས། རྟགས་
བཅུ་ཡོན་ཏན་བརྒྱད་སོགས་ཀྱི་རྟོགས་གྲོལ་བརྙེས། ཆོས་སྐྱོང་དམ་ཅན་རྣམས་བན་དུ་ འཁོལ་ཅིང༌། དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མངའ་བརྙེས་པས། མཚན་མཐུ་ཆེན་ངག་ དབང་བདུད་འཇོམས་རོ་རྗེར་གྲགས། སོ་དྲུག་ལ་ཐེད་ཐིམ་གྱི་ཡུལ་དབུས་སུ་གསང་
57
སྔགས་ཟབ་དོན་ཕོ་བང་བཞེངས། བཞི་བཅུ་ལ་ལྕགས་རིའི་གདན་སར་ཡོངས་འཛིན་ལྷ་ དབང་བློ་གྲོས་ཀྱི་དྲུང་དུ་བསྙེན་པར་རོགས།
ཞེ་བཞི་པ་རབ་བྱུང་བཅུ་གཅིག་པའི་མེ་གླང་ཕྱི་ལོ་ ༡༦༣༧ ལོར་དཔལ་སྤུངས་ཐང་བདེ་ བ་ཆེན་པོའི་གནོ་ལ་ཕག་བཏབ་ཅིང༌། ལུགས་གཉིས་གསེར་གྱི་འཁོར་ལོའི་ཁྲིམས་ དབང་བཟུང༌ནས།
ཞེ་ལྔ་ལ་དབང་འདུས་ཆོས་ཀྱི་ཕོ་
བང་བཞེངས་པས་མཚོན་གཙུག་ ལག་ཁང་དང༌། གནས། རོང་ ཆོས་སྡེ་མང་དུ་བཏབ་ཅིང༌།
བསན་པའི་གཞི་མ་དགེ་འདུན་ གྱི་སྡེ་དུ་མ་བཙུགས། མདོ་
སྔགས་རིག་གནས་དང་བཅས་པའི་སྤྱི་བྱེ་བག་གི་བསན་པ་རྒྱས་པར་མཛད། ཆོས་སྲིད་
གཉིས་ལྡན་གྱི་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཅེས། འཛམ་གླིང་ཡོངས་ལ་གྲགས་པ་
འདི་བྱུང༌། བསྙེན་པར་མ་རོགས་པའི་གོང་དུ་སྐུའི་སྲས་འཇམ་དཔལ་རོ་རྗེ་ཞེས་པ་ཞིག་ འཁྲུངས་ཀྱང༌། སྤྲུལ་བརྒྱུད་ལས་གདུང་རྒྱུད་མ་འཕེལ། ང་བརྒྱད་པ་ལྕགས་ཡོས་ ༡༦༥༡ ལོའི་བོད་ཟླ་གསུམ་པའི་ཚེས་བཅུའི་ཉིན་གཟུགས་སྐུ་བསྡུས། སོབ་མ་ནི།
མཁན་ཆེན་པད་དཀར་འབྱུང་གནས་སོགས་བརྒྱུད་འཛིན་བཞི་དང༌། དྲུང་དམ་ཆོས་ རྒྱལ་མཚན། མཁན་བསོད་ནམས་འོད་ཟེར། ཤཱཀྱ་འོད་ཟེར། ཕྲིན་ལས་འབྲུག་རྒྱལ་ཏེ།
རིང་ལུགས་འཛིན་པ་བཞི་དང༌། ཐུགས་སྲས་གཙོ་བོ་རྒྱལ་སྲས་ངག་དབང་བསན་འཛིན་ རབ་རྒྱས། གཞན་ཡང་འགྲོ་ཕན་ནུས་པའི་སྤྲུལ་སྐུ་ཕྲིན་ལས་དཔལ་འབར་དང༌། སྤྲུལ་ 58
སྐུ་ཤེས་རབ་རྒྱལ་མཚན་ཏེ། སྤྲུལ་སྐུ་རྣམ་གཉིས། གྲུབ་ཆེན་ངག་དབང་བསམ་གཏན་ ལ་སོགས་པ་དབང་ཆོས་འབྲེལ་བའི་ཞལ་སོབ། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ མཆོག་མང་དུ་བྱོན་པའོ། །
འབྲི་མི་: Bumthab Tashi FB
འབྲུག་ལུ་བྱིན་རླབས་ཅན་གྱི་གནས་ ༢ པ།
59
༡༡༽ རྗེ་འབངས་ཉེར་ལྔ་ལོ་རྒྱུས།
60
"king & 24 vassals, padmasambhava's 25 disciples" images and history in Tibetan. གུ་རུ་རིན་པོ་ཆེའི་སྐུ་བརྙན།
སོབ་དཔོན་ཆེན་པོ་གུ་རུ་རིན་པོ་ཆེའི་ཞལ་སོབ་རིག་འཛིན་རྗེ་འབངས་ཉེར་ལྔ་ནི། སྤྱིར་
བོད་གངས་རིའི་ལྗོངས་སུ་དར་བའི་ནང་པ་སངས་རྒྱས་པའི་བསན་པ་སྤྱི་དང་། བྱེ་བག་
དཔལ་གསང་ཆེན་སྔ་འགྱུར་པའི་བསན་པ་ལ་མཛད་རྗེས་བླ་ན་མེད་པའི་སྐྱེས་ཆེན་འབའ་ ཞིག་ཡིན་པས། ཁོང་རྣམས་ངོ་སོད་མདོར་བསྡུས་ཙམ་ཞུས་ན། དེ་ཡང་ལྷ་སྲས་མུ་ཏིག་ བཙན་པོ་དང་། སད་ན་ལེགས་མཇིང་ཡོན་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཅིང་།
འདི་སྐབས་ཆོས་འབྱུང་རྣམས་སུ་ཞལ་མི་མཚུངས་པ་དང་། ཁྲི་སྲོང་ལ་སྲས་བཞི་ཡོད་ པར་འདོད་པ་སོགས་སྣ་ཚོགས་ཤིག་འདུག་ཀྱང་། ཐམས་ཅད་མཁྱེན་པ་ལྔ་པ་རིན་པོ་ ཆེས། མུ་ནི་བཙན་པོ། མུ་རུབ་བཙན་པོ། མུ་ཏིག་བཙན་པོ་སྟེ་གསུམ་དུ་ཞལ་ཚོན་
གཅོད་པར་གནང་བ་དོན་ལའང་གནས་ཤིང་། དེ་བཞིན་མུ་ཏིག་སྲས་ལའང་གཙང་མ།
དར་མ། རལ་པ་ཅན། ལྷ་རྗེ། ལྷུན་འགྲུབ་ལྔར་བཞེད་པ་དོན་ལ་གནས་སོ། །དེ་ནས་ སོབ་དཔོན་ཉིད་སྲིན་ཡུལ་གླིང་དགུའི་དབུས་ན་མཁའ་སྤྱོད་ཟངས་མདོག་དཔལ་རིའི་
རྩེར་ཡེ་ཤེས་རང་རྩལ་གྱི་གདངས་ལས་ཤར་བའི་པདྨ་འོད་ཀྱི་གཞལ་ཡས་ཁང་དུ་སྐྱེ་ཤི་ བགྲེས་རྒུད་སྤངས་པའི་རོ་རྗེའི་སྐུས་འཁོར་བ་མ་སོངས་ཀྱི་བར་དུ་བཞུགས་ཏེ་གསང་
གསུམ་སྒྱུ་འཕྲུལ་རོ་རྗེའི་རོལ་པ་མཐའ་ཡས་པའི་རྫུ་འཕྲུལ་གྱིས་སྲིན་པོ་རྣམས་ཆོས་ལ་ འཛུད་པ་དང་། གདུལ་བྱ་རྣམས་རྗེས་སུ་འཛིན་པའི་ཕྲིན་ལས་ཀྱི་འཇུག་པ་མི་བརྟུལ་
བས་བོད་ཡུལ་ཁ་བ་ཅན་གྱི་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་རྗེ་གཞན་ལས་འཕགས་ པར་ཞལ་གྱིས་བཞེས་པ་བཞིན་དུ་ཡེ་ཤེས་ཀྱི་གཟིགས་པ་དུས་ལས་མི་ཡོལ་བས་ 61
བསྐྱངས་ཏེ་བཞུགས་སོ། །སོབ་དཔོན་རིན་པོ་ཆེ་འདི་རྒྱ་གར་འཕགས་པའི་ཡུལ་སོགས་ དང་། བོད་ཡུལ་དུ་ཇི་ཙམ་བཞུགས་པའི་ལོ་ཟླའི་གྲངས་ངེས་ཐང་ཡིག་ཏུ་རྒྱས་པར་
གསུངས་ཀྱང་འདིར་ཡི་གེ་མང་གིས་དོགས་ནས་མ་བྲིས། དེ་མཚུངས་ཞལ་སོབ་ཀྱང་
བསམ་གྱིས་མི་ཁྱབ་པ་བྱོན་ཡང་རེ་རེ་ནས་བགྲང་བར་མི་ནུས་མོད། འོན་ཀྱང་འཁོར་གྱི་ གཙོ་བོ་ཐུགས་སྲས་རྗེ་འབངས་ཉེར་ལྔའི་ལོ་རྒྱུས་ཅུང་ཟད་གླེང་བར་བྱ་སྟེ། དེ་ཡང་གོང་ དུ་སོས་པ་ལྟར་དཔལ་གྱི་བསམ་ཡས་མཆིམས་ཕུའི་ཡང་དབེན་དུ་བཀའ་བརྒྱད་བདེ་
གཤེགས་འདུས་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་རྗེ་འབངས་རྣམས་ལ་དབང་བསྐུར་
བའི་ཚེ་གསེར་སྲང་བཅུ་རེ་ལ་མེ་ཏོག་བྱས་ཏེ་དཀྱིལ་འཁོར་ལ་ཕུལ་བས་གང་དུ་མེ་ཏོག་ ཕོག་པའི་ལྷ་སོ་སོར་བཀའ་བབས་ཏེ་གྲུབ་པ་ཐོབ་པས་རྗེ་འབངས་ཉེར་ལྔར་གྲགས་པ་
བྱུང་སྟེ། འདི་དུས་ལྷ་སྲིན་རྣམས་ཀྱིས་སོབ་དཔོན་ལ་མཐོ་འཚམས་ཕྱིར་ཀླད་ཀྱི་ར་མོ་ སྙིལ་བ་སོབ་དཔོན་གྱིས་ཧཱུཾ་ཞེས་གསུངས་པས་ར་མོ་ཉིལ་བ་ཡར་ལོག་སྟེ་ཡི་གེ་ཧཱུཾ་གི་ གཟུགས་སུ་གནས་པར་དེང་སང་ར་མོ་ཧཱུཾ་འདྲ་མར་གྲགས་སོ། །འདིར་ཁྲི་སྲོང་རྣམ་
འཕྲུལ་དབང་པོའི་སྡེས། ཐུགས་སྲས་མི་རྗེ་འབངས་རིགས་ཉེར་ལྔ། ཞེས་གསུངས་པའི། མི་རྗེ་ཁྲི་སྲོང་ལྡེའུ་བཙན་ནི་ལོ་རྒྱུས་རྒྱས་པ་བཤད་མ་ཐག་པ་དེ་ལྟར་ལས། དབང་སྐུར་ ཞུ་བའི་དུས་མེ་ཏོག་དབུས་སུ་བབས་པས། སོབ་དཔོན་གྱིས་གསང་མཚན་ཚངས་པ་
ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ། ཏིང་ ངེ་འཛིན་ལས་མི་གཡོ་བར་ལྷུན་འགྲུབ་ཀྱི་དགོངས་པ་སྐྱེས། མཁན་པོ་བོ་དྷི་ས་ཏྭ་ལས་ མདོ་ཕོགས་གསན་པས་ཤེར་ཕྱིན་གྱི་རྟོགས་པ་འཁྲུངས་ནས་བཀའ་ཡང་དག་པའི་ཚད་ མ་ཞེས་པའི་བསན་བཅོས་དང་། འབུམ་གྱི་ཊི་ཀ་སོགས་བསན་བཅོས་མང་པོ་མཛད། སྤྲུལ་པའི་དམག་བྱེ་བ་ཕྲག་བཅུ་བཞིས་རྒྱ་གར་མཆོད་རྟེན་པདྨ་ཅན་ནས་དེ་བཞིན་ 62
གཤེགས་པའི་རིང་བསྲེལ་ལེན་པ་དང། གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པར་
མཛད་དེ། ཆོས་ཀྱི་རྒྱལ་པོ་འདི་བསིལ་ལྡན་ཁ་བའི་ལྗོངས་འདིར་རྒྱལ་བསན་ཉིན་བྱེད་ འདྲེན་པའི་ཤིང་རྟ་གཅིག་ཏུ་གྱུར་བ་དེའོ། །དེའང་རྗེ་འབངས་ཉེར་ལྔ་ལས། ༡༽ གནུབས་སངས་རྒྱས་ཡེ་ཤེས།
གནུབས་ཆེན་སངས་རྒྱས་ཡེ་ཤེས་ནི། གནུབས་ཀྱི་ཡུལ་རོང་དུ་འཁྲུངས། མེ་ཏོག་སྐུ་ གཤིན་རྗེར་ཕོག་པས་ལྷ་ཚོགས་ཐམས་ཅད་ཀྱིས་ཞལ་གཟིགས། བག་ལ་ཕུར་པ་བཏབ་
པ་དང་། ཉི་ཟླ་གདན་དུ་བཏིང་བ་སོགས་གྲུབ་པའི་རྟགས་མཚན་མངོན་སྣང་དུ་སོན་པར་
ནུས། རྒྱ་གར་དང་བལ་ཡུལ་དུ་ལན་བདུན་བྱོན། བལ་པོ་བྷ་སུ་དྷ་ར་ལས་མངོན་སྤྱོད་ཀྱི་ ལས་མང་དུ་ཞུས་ཤིང་དྲག་པོའི་ཕྲིན་ལས་མང་དུ་མཛད། ཁྱད་པར་དུ་རྒྱལ་པོ་གླང་དར་ མས་སངས་རྒྱས་ཀྱི་བསན་པ་བཤིག་པའི་དུས་སོབ་དཔོན་འདིས་རྒྱལ་པོ་སྡིག་ཅན་སྐྲག་
པར་མཛད་དེ། རྒྱལ་པོས་ཁྱོད་ལ་ནུས་པ་ཅི་ཡོད་ཟེར་བས་ངས་སྔགས་ཙམ་བཟླས་པའི་ ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕར་བས་སྡིགས་མཛུབ་ཀྱི་
སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་ཙམ་དགུ་བརྩེགས་སུ་འདུག་པ་མཐོང་བས་རྒྱལ་ པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བསོ་འོ། ཆོས་མཛོད་ཅིག་ཟེར། ད་དུང་
ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བག་ལ་
བསྣུན་པས་ཚལ་བར་སོང་། དེར་རྒྱལ་པོ་འཇིགས་ཤིང་སྐྲག་ནས་ཁྱེད་འཁོར་བཅས་ལ་ གནོད་པ་མི་བྱེད་དོ་ཟེར་ནས་བཏང་སྟེ། སྔགས་འཆང་གོས་དཀར་ལྕང་ལོ་ཅན་རྣམས་
ལ་གནོད་པ་མ་བྱུང་བ་ཁོང་གི་དྲིན་དུ་མངོན་ཏེ་སངས་རྒྱས་ཀྱི་བསན་པ་སྤྱི་ལའང་ཕན་པ་ ཆེར་བྱུང་ངོ་། །འདིའི་སྒྲུབ་གནས་སྒྲགས་ཡངས་རོང་ཡིན་པས། ཆོས་འབྱུང་མཁན་
63
རྣམས། སྒྲགས་པ་དང་། གནུབས་པ་གཉིས་སུ་འཁྲུལ་བ་དེས་ཡིན་པ་འདྲའོ། །ཚེ་ཡི་ རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་བཞུགས་སོ། ། ༢༽ ངན་ལམ་རྒྱལ་བ་མཆོག་དབྱངས།
ངན་ལམ་རྒྱལ་བ་མཆོག་དབྱངས་ནི། དབུ་རུ་འཕན་གྱི་ཡུལ་དུ་སྐུ་འཁྲུངས། རུས་ངན་
ལམ། མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་སྟེ་བོད་འདིར་རབ་བྱུང་གི་སྔ་བ་སད་མི་མི་ བདུན་གྱི་གྲས་ཡིན། སྐུ་ཤིན་ཏུ་བཙུན་པར་གྲགས་ཏེ། སྦ་བཞེད་ཀྱི་ལོ་རྒྱུས་ལས་རབ་ ཀྱི་མི་དགུ་འདྲེན་པ་ན། བཙུན་པའི་རབ་ནི་ངན་ལམ་ལྷ་ལུང་གཉིས། ཞེས་འབྱུང་
ངོ་། །མེ་ཏོག་གསུང་རྟ་མགྲིན་ལ་ཕོག། དབེན་རྩར་སྒྲུབ་པ་མཛད་པས་ཡུལ་གསུམ་གྱད་ དུ་གྱུར་ཏེ་དབུ་གཙུག་ནས་རྟ་མགོ་ཐོན་ཞིང་རྟ་སྐད་འཚེར་བ་བྱུང་། ཚེ་ཡི་རིག་འཛིན་
བརྙེས་པས། མངའ་བདག་དཔལ་འཁོར་བཙན་གྱི་དུས་རྨ་བན་བྱང་ཆུབ་བློ་གྲོས་སོད་དུ་ འབོ་རྣམས་ཀྱིས་མི་ཤ་ལ་བཀུམ་པ་རྒྱལ་པོར་སྐྱེས་ཏེ་མངའ་བདག་ལ་གནོད་པ་ལ།
རྒྱལ་བ་མཆོག་དབྱངས་ཀྱིས་རྒྱལ་པོ་རྩེ་མདོས་མཛད་ནས། བཙན་པོ་སྙུང་ལས་གྲོལ་
བར་མཛད། མདོས་དེའི་སྨྲེང་མཁར་ཆུར་གཏེར་དུ་སྦས་པས། དུས་ཕྱིས་ཁམས་པ་དར་ བེར་ཅན་གྱིས་བཏོན་པར་གྲགས་སོ། ། ༣༽ དགེ་སོང་ནམ་མཁའི་སྙིང་པོ།
དགེ་སོང་ནམ་མཁའི་སྙིང་པོ་ནི། རུས་གནུབས། འཁྲུངས་ཡུལ་གཉལ་སད་ཉང་དཀར་ མདའ་ཤམ་བུར་འཁྲུངས། མཁན་པོ་ལས་རབ་ཏུ་བྱུང་། རྟེན་དགེ་སོང་། སོབ་དཔོན་ ཆེན་པོས་དབང་བསྐུར་དུས་མེ་ཏོག་ཡང་དག་ཐུགས་ལ་ཕོག་པས་གྲུབ་པའི་མཚན་མ་
བརྙེས་ཏེ་ཉི་ཟེར་ལས་གཤེགས་བཞུད་མཛད། ལོ་ཙཱ་ལེགས་པར་སངས་ནས་རྒྱ་གར་ལ་ བྱོན། སོབ་དཔོན་ཧཱུཾ་ཀ་ར་སོགས་པཎ་གྲུབ་མང་པོ་དང་མཇལ། དབང་དང་གདམས་པ་ 64
མང་པོ་གསན་ནས་བོད་དུ་བྱོན། བོན་བློན་རྣམས་ཀྱི་ཕྲ་མར་རེ་ཞིག་ལྷོ་བག་མཁར་ཆུར་ བྱོན། སྐབས་ཤིག་འཁྲུངས་ཡུལ་གྱི་ཉེ་འཁོར། བག་དམར་ཞེས་བྱ་བའི་ཕུག་པར་
བཞུགས་པ་ན། གཅུང་པོ་འཇིག་རྟེན་འཛིན་པ་ཞིག་ཡོད་པ་དེ། ཞིང་ལ་འདེབས་རྒྱུའི་ས་ བོན་མེད་དེ། སོབ་དཔོན་ལ་ཞུ་བར་ཕྱིན་པས། ཁྱོད་འཇིག་རྟེན་པ་ལ་ས་བོན་མེད་ན།
ང་རི་ཁྲོད་འགྲིམ་པ་ལ་ས་བོན་གང་ལས་འོང་། འོན་ཀྱང་འདི་གཏོར་ལ་སོ་ནམ་བྱེད་པ་ བཞིན་གྱིས། མི་ལ་ངོ་ཚ་གསུངས་ནས་ལྡེའུ་ཕང་བུ་གང་གནང་བ་དེ། གཅུང་པོས་ཀྱང་
བཀའ་བཞིན་བྱས་པས། ཡུལ་མི་གཞན་ལས་ལྷག་པའི་ལོ་ཐོག་སྐྱེས། ཡང་ལན་གཅིག་ གནས་དེ་ནས། གཉལ་སད་ཀྱི་དགྱེ་རིའི་རྩེར་ནས་མཁའ་ལ་འཕུར་ནས་བྱོན་པ་ན།
ལམ་དུ་ཕག་ཕྲེང་ཟགས་པ་ཉང་སད་འཁོར་ཐང་དཀྱིལ་དུ་ལྷུང་བ། ནམ་མཁའ་ནས་རྫུ་
འཕྲུལ་གྱི་ཕག་བརྐྱངས་ནས་བླངས་པས། ས་ལ་ཕག་སོར་ལྔའི་རྗེས་བྱུང་བ་ལ་མེ་ཏོག་ལྔ་ སྐྱེས། དེ་ལ་མཁའ་འགྲོ་སྡེ་ལྔ་དང་། འབྱུང་བ་བཞིའི་ལྷ་མོས་མཆོད་རྟེན་ལྔ་བཞེངས་པ་
ད་ལྟ་ཡང་ཡོད། དགྱེ་རི་སྤྱང་དམར་ཕུག་པར་བཞུགས་སྐབས། དགྱེ་རིའི་འདབས་དཔེ་ སྤེ་དྲིལ་གྱི་གཞོན་པ་མང་པོས་བཟའ་བཅའ་སྣ་ཚོགས་ཁྱེར་ནས་རི་ལྟས་ལ་ཕྱིན་པ་ན།
དགེ་སོང་དང་མཇལ། ཁོང་ཚོས་ཚོགས་འཁོར་ཞུས་པས། འགྲོ་ཁར་བྱིན་རླབས་ཡིན་ གསུངས་ནས། མི་རེ་ལ་རྡེའུ་དམར་པོ་འགའ་རེ་གནང་བས། ཕལ་ཆེར་གྱིས་ཕོས།
གཅིག་གིས་མདའ་དོང་དུ་བླུག་ནས་འོང་། ཕྱིས་མདའ་བཏོན་པ་ན། གཡུ་ཐོན། སྔར་ སོབ་དཔོན་གྱིས་རྡེའུ་གནང་བ་དེ་དངོས་གྲུབ་ཡིན་པར་ཤེས་ནས་གཞན་ཚོ་ལ་བཤད་ པས། རྡེའུ་ཕོས་པར་འགྱོད་ནས། སར་སོབ་དཔོན་ལ་དངོས་གྲུབ་ཞུ་བར་ཕྱིན་པས།
ཕུག་པའི་ནང་ན་སོབ་དཔོན་ནི་མེད་པར་སྤྱང་ཀི་དམར་པོ་ཞིག་མཐོང་བས། སྤྱང་དམར་ ཕུག་པར་གྲགས། སྔར་གྱི་གཡུ་དེ་རྣམས་ལ། ཐོད་པ་དྲུག་དམར། བཙད་པོ་བརྒྱད་ 65
དཀར། སྐར་མ་མིག་བཞི་སོགས་གཡུ་མིང་ཅན་འགའ་བྱུང་བར་གྲགས། ཡང་ལོ་རྒྱུས་
གཞན་ཞིག་ན། སོབ་དཔོན་ལ་བུད་མེད་ཅིག་གིས་ནངས་རེ་བཞིན་ཞོ་རྡེའུ་རེ་ཕུལ་བས་ སྐབས་ཤིགསོབ་དཔོན་གྱིས་ཞོ་སྣོད་རྡེའུས་བཀང་ནས་གནང་བས་མོས་ཀྱང་དངོས་གྲུབ་ ཡིན་པར་ཤེས་ནས་ཁྱིམ་དུ་ཁྱེར་ཏེ་ཞག་འགའ་ཞིག་ནས་བལྟས་པས་རྡེའུ་ཐམས་ཅད་
གཡུ་རུ་སོང་འདུག་ཟེར་བའང་སྣང་། ལྷོ་བག་མཁར་ཆུར་དཔལ་གྱི་ཕུག་རིང་ལ་སོགས་ པར་སྒྲུབ་པ་མཛད་པས་ཡི་དམ་མང་པོའི་ཞལ་གཟིགས་ཤིང་། ཕག་རྒྱ་ཆེན་པོའི་རིག་
འཛིན་བརྙེས་ནས། ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་ཏེ། རྒྱལ་པོའི་བསྙུང་ བསལ་ཚུལ་སོགས་ཐང་ཡིག་བཞིན་དང་། ཤེལ་དཀར་བཟའ་རོ་རྗེ་མཚོ་དང་མཇལ་ ཚུལ་གཞན་དུ་ཤེས་སོ། །
༤༽ གཉགས་ཛྙཱ་ན་ཀུ་མཱ་ར།
གཉགས་ལོ་ཡེ་ཤེས་གཞོན་ནུའམ་ཛྙཱ་ན་ཀུ་མཱ་ར་ནི། གདུང་རུས་གཉགས། རྟེན་དགེ་ སོང་། ལོ་ཙཱ་མཁས་པར་མཁྱེན་ཏེ་རྨ་གཉགས་གཉིས་སུ་གྲགས་པའི་ཡ་གྱལ་ཡིན།
སོབ་དཔོན་གྱིས་དབང་བསྐུར་དུས་མེ་ཏོག་རྒྱལ་པོ་དང་ལྷན་ཅིག་དབུས་ཀྱི་ཆེ་མཆོག་ལ་ ཕོག་པས། གསང་མཚན་དྲི་མེད་ཟླ་ཤར་ཏེ་བདུད་རྩི་སན་གྱི་བཀའ་བབས། སྒྲུབ་
གནས་ཡར་ཀླུང་ཤེལ་བག་ནས་རྫུ་འཕྲུལ་གྱིས་སྒྲུབ་ཆུ་བཏོན་པ་ད་ལྟའང་ཡོད། ཡང་ ངན་ལམ་རྒྱལ་བ་མཆོག་དབྱངས་དང་ལྷན་ཅིག་ཡེར་པར་སྒྲུབ་པ་མཛད་པས་གྲུབ་པ་
ཐོབ་སྟེ་བྱ་རོག་ཅིག་ཏུ་བརྫུས་ནས་གྲོགས་པོའི་རྩར་བྱོན་པས་རྒྱལ་བ་མཆོག་དབྱངས་ལ་ རབ་བྱུང་གསུངས་སྐད་དེ། དབེན་པ་དེར་དེང་སང་ཡང་བྱ་རོག་རོང་དུ་གྲགས། བཀའ་ བབ་མི་བརྒྱད་ཀྱི་དུས་གཉགས་མི་བགྲང་བའང་འདུག་སྟེ། དབང་པོའི་སྡེས་ཀྱང་བགྲང་ བར་མ་གནང་ཡང་། འདིར་བཀའ་བརྒྱད་བདེ་འདུས་ལྟར་བྲིས་པ་ཡིན་ནོ། ། 66
༥༽ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ།
དབྱངས་ཅན་སྤྲུལ་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནི། འདིའི་འཁྲུངས་ཡུལ་དང་། ཡབ་ཡུམ་གྱི་མཚན་སོགས་ལ་མི་འདྲ་མང་དུ་སྣང་ཡང་ཐང་ཡིག་ལྟར་ན། ཡབ་ནམ་
མཁའ་ཡེ་ཤེས་དང་། ཡུམ་གནུབས་མོ་དགེ་བ་འབུམ་གྱི་སྲས་སུ་སྒྲགས་ཀྱི་གྲོང་མོ་ཆེར་ འཁྲུངས། རུས་མཁར་ཆེན་ཏེ། འཁྲུངས་ཡུལ་དེར་སྐུ་གཞོན་ནུའི་དུས་ཀྱི་ཞབས་རྗེས་
དང་། བླ་མཚོ་ཆུང་ངུ་ཞིག་ཀྱང་ཡོད། སྔོན་རྒྱལ་པོའི་བཙུན་མོ་ཡིན་ཡང་སོབ་དཔོན་ལ་
དབང་ཡོན་དུ་ཕུལ་བས་གུ་རུའི་ཐུགས་ཀྱི་བཟུང་མར་གྱུར། སོབ་དཔོན་དང་མཇལ་ཚུལ་ ལ་ཡང་མི་འདྲ་བ་སྣ་ཚོགས་ཡོད་མོད། མེ་ཏོག་ཕུར་པའི་དཀྱིལ་འཁོར་ལ་ཕོག་པས་རོ་ རྗེ་ཕུར་པའི་ལྷ་ཚོགས་རྣམས་ཀྱི་ཞལ་གཟིགས་ཤིང་གྲུབ་པ་བརྙེས་པས་ཕ་མེས་ཀྱི་འདྲེ་
བཏུལ། བསད་གསོ་གྲུབ་པས། མཚོན་གྱིས་བསད་པའི་མི་རོ་གསོན་པོར་བླངས་ནུས།
སྐུ་གཞོན་དུས་ཆོས་ལ་བར་ཆད་བྱེད་པའི་བདུད་བློན་ཤ་ཏ་ཟེར་བ་དམལ་བར་སོང་བས་ དེ་འདྲེན་ཕྱིར་དམལ་བའི་ཡུལ་དུ་བྱོན་ནས་དམལ་བའི་ལྕགས་ཁང་གི་རྩར་ཞི་ཁྲོ་ན་རག་ དོང་སྤྲུགས་ཀྱི་དཀྱིལ་འཁོར་བཞེངས་པས་ལྕགས་ཁང་སིལ་གྱིས་ཞིག་ནས་ཤ་ཏས་
གཙོས་པའི་དམལ་བའི་སེམས་ཅན་ཐམས་ཅད་དྲོངས་ཏེ་དམལ་ཁམས་ལན་གཅིག་སོང་ པར་མཛད། སོབ་དཔོན་ཆེན་པོའི་གསུང་གསང་བ་བསམ་མི་ཁྱབ་པའི་ཆོས་སོ་ཅོག་གི་ བཀའ་བསྡུ་བ་མཛད་ཅིང་། བོད་ཡུལ་དུ་ལོ་ཉིས་བརྒྱར་འགྲོ་དོན་བསྐྱངས་ནས་སྐུ་དེ་
ཉིད་མ་སྤངས་པར་མཁའ་སྤྱོད་ཟངས་མདོག་དཔལ་རིར་གཤེགས་ཏེ་གུ་རུའི་ཐུགས་ཀྱི་ གཟུངས་མར་བཞུགས་ཤིང་བོད་ཡུལ་འགྲོ་ལ་བཀའ་དྲིན་འགྲན་ཟླ་མེད་པའི་མ་གཅིག་ ཡིད་བཞིན་ནོར་བུ་དེའོ། །གཤེགས་ལོ་སོགས་ལའང་སྣ་ཚོགས་སྨྲ་བ་སྣང་ཡང་འདིར་ ཡོངས་གྲགས་ལྟར་བྱས་པའོ། ། 67
༦༽ འབོག་མི་དཔལ་གྱི་ཡེ་ཤེས།
སོབ་དཔོན་འབོག་མི་དཔལ་གྱི་ཡེ་ཤེས་ནི། གདུང་རུས་འབོག་མི་ཡིན། ལོ་ཙཱ་མཁས་ པར་མཁྱེན་པས་མ་མོའི་རྒྱུད་སོགས་མདོ་སྔགས་མང་དུ་བསྒྱུར། སོབ་དཔོན་ཆེན་པོས་ དབང་བསྐུར་གནང་དུས་མེ་ཏོག་བླ་མེད་ཧེ་རུ་ཀའི་དཀྱིལ་འཁོར་ལ་ཕོག་སྟེ་སྲིད་པ་མ་ མོའི་བཀའ་བབས། སྲིད་པ་བདེ་འགྲོའི་དཀྱིལ་འཁོར་མངོན་གསུམ་དུ་གཟིགས་ཤིང་
སྣང་སྲིད་མ་མོ་ཐམས་ཅད་བན་དུ་འཁོལ། ཡར་སོད་ཤམ་པོ་གངས་རིར་སྒྲུབ་གནས་
མཛད་པས། ལྷ་ཆེན་ཤམ་པོས་སྲོག་གི་བླ་རོ་ལྷ་ཀླུ་མིའི་རིན་པོ་ཆེ་བཅོ་ལྔའི་རྒྱུ་ལས་གྲུབ་ པ་དྲོད་རྟ་རྔ་ཙམ་རྒྱུན་དུ་ཡོད་པ་ཞིག་ཕུལ་བ་གཏེར་དུ་བཅོལ་བ་ཕྱིས་སུ་སྐལ་ལྡན་རོ་
རྗེས་བཏོན་པར་གྲགས། སྐུ་རྟེན་རིག་སྔགས་འཆང་བ་ཆེན་པོའི་ཚུལ་དུ་བཞུགས་པ་ཡིན་ ནོ། །
༧༽ རླངས་དཔལ་གྱི་སེང་གེ། རླངས་དཔལ་གྱི་སེང་གེ་ནི། ལྷ་གཟིགས་རླངས་ཀྱི་གདུང་ལས། ཡབ་ཨ་མེས་བྱང་ཆུབ་ འདྲེ་ཁོལ་ཞེས་ལོ་བརྒྱད་ནས་ཨོ་རྒྱན་དུ་བྱོན་པ་དང་། སྲིན་མོ་བཏུལ་བ་དང་། གླིང་རྗེ་
གེ་སར་གྱིས་གླིང་ཡུལ་དུ་གདན་ལན་གཉིས་དྲངས་ནས་ཕོགས་བཞིའི་འདྲེ་ཆེན་པོ་བཞི་ བཏུལ་བ་དང་། ལྷ་སྲིན་བན་དུ་འཁོལ་བ་དེ་དང་། ཡུལ་ཇོ་མོ་སྐལ་ལྡན་མ་གཉིས་ལ་ སྲས་གསུམ་ཡོད་པའི་ཆེ་བར་འཁྲུངས། རྫུ་འཕྲུལ་དང་ནུས་པ་བསམ་གྱིས་མི་ཁྱབ་པ་
མངའ། ཁྱད་པར་སོབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར། དབང་བསྐུར་ཞུས་དུས་མེ་ ཏོག་འཇིག་རྟེན་མཆོད་བསོད་ཀྱི་དཀྱིལ་འཁོར་ལ་ཕོག་པས་དྲེགས་པའི་བཀའ་བབས།
དྲེགས་ཚོགས་ལྷ་སྲིན་ཐམས་ཅད་བན་དང་གཡོག་ཏུ་བཀོལ་ནུས། སྒྲུབ་གནས་སྤ་གྲོ་
སག་ཚང་དུ་བཅོམ་ལྡན་དྲེགས་པ་ཀུན་འདུལ་གྱི་ཞལ་གཟིགས་ཤིང་དངོས་གྲུབ་རྣམ་པ་ 68
གཉིས་ཐོབ་པ་ཡིན་ནོ། །རླངས་ལྷ་གཟིགས་ཀྱི་གདུང་ལས་སྡེ་སྲིད་ཕག་མོ་གྲུབ་པ་ཞེས་ སྣེའུ་གདོང་པ་རྣམས་བྱུང་བའོ། ། ༨༽ ལོ་ཆེན་བཻ་རོ་ཙ་ན།
ལོ་ཆེན་བཻ་རོ་ཙ་ན་ནི། གདུང་པ་གོར། འཁྲུངས་ཡུལ་ཕོགས་གཉིས་སྣང་སྟེ་ཐང་ཡིག་ ལས་སྙེ་མོར་བཤད་ཀྱང་བཻ་རོ་ཉིད་ཀྱི་འདྲ་འབག་ལས། ཉང་ཆུ་གཙང་ཆུ་འདྲེས་ཞེས་
འབྱུང་བས། ད་ལྟ་ཕོ་བང་ཆེན་པོ་བསམ་འགྲུབ་རྩེའི་ཆུའི་ཤར་ཁ། ཟངས་དཀར་ཟེར་
བའི་གྲོང་ཡོད་པ་དེ་ཉིད་དང་ཉེ་བའི་ཐང་དུ་འཁྲུངས་པར་གསལ་ཞིང་། གནས་དེ་ཉིད་
ན། ལོ་ཆེན་བྱིས་པའི་དུས་ཀྱི་ཞབས་རྗེས་ཀྱང་རོ་ལ་གསལ་བར་ཡོད་དོ་ཟེར། ཡབ་པ་ གོར་རོ་རྗེ་རྒྱལ་པོ་པ་གོར་ཧེ་འདོད་ཁུ་བོ་ཡིན་པར་བཞེད། ཐང་ཡིག་ལས་ཡབ་ཡིན་པར་ གསུངས། ཡུམ་བན་ཀ་བཟའ་སྒྲོན་སྐྱིད་ཀྱི་སྲས་སུ་འཁྲུངས། སྐུ་གཞོན་ནུའི་དུས་
འཁྲུངས་ཡུལ་བག་པོ་ཆེའི་རི་ཕན་ཚུན་དུ་འཕུར་ནས་རྫུ་འཕྲུལ་གྱིས་གཤེགས་བཞུད་ མཛད། སད་མི་མི་བདུན་གྱི་ནང་ཚན་དུ་མཁན་པོ་ལས་རབ་ཏུ་བྱུང་ཞིང་། མཚན་བཻ་རོ་ ཙ་ན་རཀྵི་ཏ་སྟེ་རྣམ་པར་སྣང་མཛད་བསྲུང་བ་ཞེས་བཏགས། སྒྲ་སྐད་ལོ་ཙཱ་ལ་མཁས་ པའི་ཕུལ་དུ་ཕྱིན་ཏེ་བསིལ་ལྡན་མྱུ་གུས་དཀྲིགས་པའི་ལྗོངས་འདི་ན་སྔ་ཕྱིར་བྱོན་པའི་
མཁས་པ་སུས་ཀྱང་འགྲན་བཟོད་པ་མེད། རྒྱ་གར་དུ་བྱོན་ཚུལ་ལོ་རྒྱུས་རྒྱས་པ་གཞན་ ལས་ཤེས། སོབ་དཔོན་ལས་བཀའ་བརྒྱད་ཀྱི་དབང་མནོས་ཚེ་མེ་ཏོག་དམོད་པ་དྲག་
སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་པས། སྔགས་བདག་དྲེགས་པའི་བཀའ་བབས་སོབས་ ལྡན་ནག་པོའི་ཞལ་གཟིགས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པའི་དངོས་གྲུབ་བརྙེས། དྲག་
སྔགས་ཀྱི་དམོད་པས་བསན་པའི་དགྲ་བོ་བསྒྲལ། ཁྱད་པར་རྒྱལ་པོའི་བཙུན་མོ་དམར་ རྒྱན་མར་མཛེ་ཐོད་རྒལ་བཏང་། སོབ་དཔོན་པདྨའི་ཐུགས་རྗེས་གསོས་པའི་ལོ་རྒྱུས་ 69
ཡོད་ལ། དེ་དུས་བཻ་རོས་བཙུན་མོར་རྦད་རྒྱུའི་ཀླུ་དེ་དེང་སང་མི་ལ་ཁོག་ཞུགས་འབྱུང་ ཡང་བཙུན་མོའི་གྲིབ་ཀྱིས་ངག་ལྐུགས་ནས་བླང་དོར་སྨྲ་རུ་མེད་པས་མཆོད་པ་བཞེས་
ལུགས་ལ་པྲ་བརྟག་བྱེད་པ་ཡོད། བཻ་རོ་ཡན་ཆད་འདི་དག་ལ་བཀའ་བབས་མི་དགུ་ཞེས་ ཟེར་རོ། །
༩༽ གཡུ་སྒྲ་སྙིང་པོ། རྒྱལ་མོ་གཡུ་སྒྲ་སྙིང་པོ་ནི། གཙང་ལེགས་གྲུབ་ཀྱི་སྐྱེ་བ་སྟེ། མདོ་གཞེར་རྒྱལ་ཁབ་རྒྱལ་ མོ་ཚ་བའི་རོང་དུ་འཁྲུངས། ལོ་ཆེན་བཻ་རོས་རྗེས་སུ་བཟུང་ཞིང་། མཁས་པ་དང་གྲུབ་
པའི་ཕུལ་དུ་ཕྱིན། ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་གྲངས་སུ་བྱོན་ཞིང་། སོབ་དཔོན་ཆེན་པོའི་ དྲུང་དུ་མན་ངག་ལྟ་བའི་ཕྲེང་བ་ལ་སོགས་མནོས་ཤིང་། སྐུ་གསེར་གྱི་རོ་རྗེར་སྤྲུལ་པ་
སོགས་རྫུ་འཕྲུལ་སྣ་ཚོགས་སོན་ནུས། ཐེག་མཆོག་རོགས་པ་ཆེན་པོའི་ལྟ་དགོངས་ཀློང་ དུ་གྱུར་པ་སྟེ། རྣམ་ཐར་ཞིབ་རྒྱས་གཞན་དུ་ཤེས་པར་བྱའོ། ། ༡༠༽ སྣ་ནམ་རོ་རྗེ་བདུད་འཇོམས།
སྣ་ནམ་རོ་རྗེ་བདུད་འཇོམས་ནི། རུས་སྣ་ནམ་སྟེ་གཞོན་དུས། ཆོས་རྒྱལ་ཁྲི་སྲོང་གི་ཆོས་ བློན་མཛད། ཕྱིས་སོབ་དཔོན་ཆེན་པོ་ལས་སྔགས་ཀྱི་སྒོར་ཞུགས་ཕྱིན་ཆད་ནས་སྔགས་
འཆང་ཆེན་པོར་བཞུགས་པ་ལ། རོ་རྗེ་ཕུར་པའི་སྒོ་ནས་གྲུབ་པ་བརྙེས་པ་ཞིག་སྟེ། ཧས་ པོ་རིའི་ཡང་གོང་དུ་བག་ལ་ཕུར་པ་བཏབ་པའི་རྗེས་ད་ལྟ་ཡང་ཡོད། བསམ་ཡས་མཁན་ སོབ་ཆོས་གསུམ་གྱི་རབ་གནས་སྐབས་སུ་རོ་རྗེ་བདུད་འཇོམས་ཀྱིས་ཡེ་ཤེས་ཀྱིས་
གཟིགས་པའི་མགུལ་ཕུར་བག་ལ་གཟིར། རླུང་སེམས་ལ་དབང་འབྱོར་བས་བག་ཁོང་
གསེང་ཆུང་ངུ་ཞིག་ནས་ཟང་ཐལ་གྱིས་དོན་ཏེ་ཤར་མར་བསམ་ཡས་སུ་ཕེབས་ཤུལ་བག་ ཁོང་གསེང་ནི་དེང་སང་ཡང་ངོ་འཕྲོད་པ་ཡོད། རྫུ་འཕྲུལ་གྱིས་བར་སྣང་ཁམས་ལ་ 70
ཐོགས་པ་མེད་པར་གླིང་བཞི་སྐད་ཅིག་ལ་བསྐོར་ནུས་པ་སོགས་ངོ་མཚར་བའི་མཛད་པ་
མཐའ་ཡས། འདིའི་སྒྲུབ་གནས་རོང་གསུམ་འདུས་པའི་བག་དམར་ཀེའུ་ཚང་ངམ་རི་མོ་ ཅན་དུ་གྲགས་པ་ནི། གྲུ་ཤུལ་རོང་གི་བུམ་ཐང་མཁར་དུ་གྲགས་པ་འདི་ཡིན་ཏེ། དེས་ན་ འཁྲུངས་ཡུལ་ཡང་གྲུ་ཤུལ་བ་ཞིག་གོ། ཞེས་ཤ་གཟུགས་པ་ངག་དབང་བཀྲ་ཤིས་རྣམ་
རྒྱལ་གྱིས་བཞེད་ཀྱང་། རོང་གི་བག་དམར་ཀེའུ་ཚང་ཞེས་པ་དངོས་ནི་གཙང་རོང་ཆེན་ དང་ཡར་འབོག་དཔལ་དེའི་མཚམས་སུ་ཡོད་པ་རོ་བག་པད་ཕྲིན་རྣམ་ཐར་ན་སྣང་ངོ་། ། ༡༡༽ སོབ་དཔོན་ཡེ་ཤེས་དབྱངས།
སོབ་དཔོན་ཡེ་ཤེས་དབྱངས་ནི། ཨོ་རྒྱན་ཆེན་པོའི་ཟབ་གཏེར་རྣམས་ཀྱི་གཏེར་ཡིག་འབྲི་ མཁན་གསལ་དག་མཁས་པའི་ཡིག་མཁན་མི་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། ཇི་སྐད་ དུ། གསལ་ལ་དག་པ་ལྡན་མ་རྩེ་མང་ཡིན། །ཨ་ཙར་ཡེ་ཤེས་སྦམ་རགས་བདེ་བ་
སྟེ། །ཀློག་ཁར་བདེ་བ་ཤེལ་དཀར་མགོན་སྐྱིད་ཡིན། །ཞེས་སོགས་གསུངས་པ་ལས་ ཤེས་སོ། །གང་ལྟར་ཡང་མཁའ་སྤྱོད་ཀྱི་ཞིང་བགྲོད་ནུས་པའི་རྫུ་འཕྲུལ་དང་དངོས་གྲུབ་ བརྙེས་པ་ཞིག་གོ། འདི་ལ་སྦ་ཡེ་ཤེས་དབྱངས་ཟེར་བ་སྣང་ཡང་། ཨ་ཙར་ཡེ་ཤེས་ དབྱངས་སུ་ངེས་ཏེ་ཨ་ཙ་རའི་ཆ་བྱད་དུ་བྲིས་པའང་སྣང་སྟེ། རྟེན་རབ་བྱུང་ཡིན། ༡༢༽ སོག་པོ་ལྷ་དཔལ།
གྲུབ་ཆེན་སོག་པོ་ལྷ་དཔལ་ནི། མགར་བའི་མིང་ལ་སྔོན་དུས་སོག་པོར་འབོད་དེ། རྟེན་
ཁྱིམ་པ། བརྟུལ་ཞུགས་ཀྱིས་གཅན་གཟན་གདུག་པ་ཅན་ཡང་གཉའ་བ་ནས་འཛིན་པར་ ནུས་པ་ཞིག་སྟེ། ལོ་རྒྱུས་རྒྱས་པ་གཞན་ལས་ཤེས་སོ། ། ༡༣༽ སྣ་ནམ་ཡེ་ཤེས།
71
སྣ་ནམ་ཡེ་ཤེས་ནི། སྐ་ཅོག་ཞང་གསུམ་དུ་གྲགས་པའི་ནང་གསེས་ཞང་གི་བནྡེ་ཡེ་ཤེས་
སྡེ་ཡིན་པར་བཞེད་དེ་ལོ་ཙཱ་མཁས་པའི་ཕུལ་དུ་ཕྱིན་ཞིང་། ནམ་མཁའ་ལ་བྱ་ལྟར་འཕུར་ བར་ནུས་པའི་རྫུ་འཕྲུལ་ལ་མངའ་དབང་འབྱོར་བའི་གྲུབ་ཐོབ་ཆེན་པོ་སྟེ་མཁས་གྲུབ་ གཉིས་ཀ་དང་ལྡན་པ་ཡིན་ཞིང་རྟེན་རབ་བྱུང་ཡིན་པར་སྣང་ངོ་། ། ༡༤༽ མཁར་ཆེན་དཔལ་གྱི་དབང་ཕྱུག
མཁར་ཆེན་དཔལ་གྱི་དབང་ཕྱུག་ནི། མཁར་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མིང་པོ་ཡིན་ཏེ།
གུ་རུ་རིན་པོ་ཆེས་རྗེས་སུ་བཟུང་བའི་ཐུགས་སྲས་སུ་གྱུར། ཕག་གིས་ཕུར་པ་གདེངས་པ་ ཙམ་གྱིས་གཟས་པ་པོ་ཇི་ཙམ་ཡང་བསྒྲལ་ནས་འགུམ་པར་བྱེད་ནུས་ཏེ། རྒྱལ་པོ་ཤེལ་
གིང་བསྒྲལ་ཚུལ་དང་རོ་རྗེ་ཕུར་པ་ལས་དངོས་གྲུབ་བརྙེས་ཚུལ་སོགས་ལོ་རྒྱུས་རྒྱས་པ་ གཞན་དུ་ཤེས་པར་བྱའོ། །རྟེན་ཁྱིམ་པར་བཞུགས་ཏེ་མངོན་སྤྱོད་ཀྱི་ལས་ལ་མངའ་ དབང་འབྱོར་བའི་རིག་སྔགས་འཆང་བའི་དབང་ཕྱུག་ཅིག་གོ། ༡༥༽ ལྡན་མ་རྩེ་མང་།
ལྡན་མ་རྩེ་མང་ནི། ཁམས་ལྡན་གྱི་ཡུལ་དུ་འཁྲུངས་པས་ལྡན་མར་གྲགས་ཏེ་མཚན་
དངོས་རྩེ་མང་ངོ་། ཡི་གེ་འབྲི་བ་ལ་མཁས་པའི་ཕུལ་དུ་གྱུར་པས་ལག་རྒྱུན་མ་ཉམས་ པའི་ཁྲིད་སྲོལ་ད་ལྟའང་ཡོད་པར་སྣང་། ལོ་ཙཱ་ཡང་མཁྱེན་ཏེ་ལོ་ཙཱ་ཆེ་གསུམ་ཆུང་
གསུམ་དུ་གྲགས་པའི་ནང་ཚན་མཆན་བུའི་ལོ་ཙཱ་ཡི། སོབ་དཔོན་ཆེན་པོ་ལས་གསང་
སྔགས་ཀྱི་ཆོས་མང་པོ་ཐོབ་སྟེ། རྟོགས་པ་ཤར་ནས་ཆོས་ཐམས་ཅད་ལ་མི་བརྗེད་པའི་ གཟུངས་ཐོབ། བཀའ་བརྒྱད་བདེར་འདུས་སོགས་གཏེར་ཡིག་ཕལ་ཆེར་འབྲི་བ་པོ་ཡང་ འདི་ཡིན་པར་བཤད་དེ་གུ་རུ་བཀྲ་ཤིས་ཀྱིས་ཀྱང་བདེ་འདུས་ཀྱི་གཏེར་ཡིག་གྲུབ་ཆེན་ འདིའི་ཕག་བྲིས་དངོས་སུ་མཇལ་བའི་སྐལ་བཟང་ཐོབ་བོ་ཞེས་གསུངས། ། 72
༡༦༽ ཀ་བ་དཔལ་བརྩེགས།
ལོ་ཆེན་ཀ་བ་དཔལ་བརྩེགས་ནི། ཀ་ཅོག་ཞང་གསུམ་དུ་གྲགས་པའི་ནང་ཚན་ཏེ། དབུ་ རུ་འཕན་ཡུལ་ཀ་བ་ཞེས་པའི་སར་འཁྲུངས། སོབ་དཔོན་ཆེན་པོས་སྤྲུལ་པའི་ལོ་ཙཱར་ ལུང་བསན་པ་བཞིན་སྒྲ་སྐད་ལོ་ཙཱ་ལ་མཁས་པའི་ཕུལ་དུ་ཕྱིན། མཁན་པོ་བོ་དྷི་ས་ཏྭ་
ལས་རབ་ཏུ་བྱུང་སྟེ། སད་མི་མི་བདུན་གྱི་ནང་ཚན་ཡིན། སོབ་དཔོན་རིན་པོ་ཆེ་ལས་ གསང་སྔགས་ཀྱི་ཆོས་ཞུས་པས། མངོན་པར་ཤེས་པ་ཕོགས་མེད་དུ་ཤར་ཏེ་གཞན་
སེམས་ཐོགས་མེད་དུ་མཁྱེན་པའི་དངོས་གྲུབ་བརྙེས། བོད་ཀྱི་ཡི་གེ་འབྲི་བ་པོ་ཐམས་
ཅད་ཀྱི་ཕྱི་མོ་ཡིན་ཏེ་ཁྲིད་རྒྱུན་མ་ཉམས་པ་དེང་སང་ཡང་ཁམས་དབུས་གཉིས་ཀར་དར་ རྒྱས་ཆེ་གསུངས། རིན་པོ་ཆེའི་གཏམ་ལ་སོགས་པའི་བསན་བཅོས་ཀྱང་མང་དུ་མཛད་ དོ། །
༡༧༽ ཤུད་བུ་དཔལ་སེང་། ཤུད་བུ་དཔལ་གྱི་སེང་གེ་ནི། གདུང་རུས་ཆོས་རྒྱལ་དང་གཅིག་ཀྱང་བོན་དང་སྒྲུང་དང་
ལྡེའུ་གསུམ་ལ་མཁས་པ་ཞིག་ལ་བོན་ཀྱིས་ཤུད་བུར་མཚན་གསོལ་བས་དེ་ལྟར་གྲགས་
ཀྱང་ཟེར། སྔོན་རྒྱལ་པོའི་ནང་བློན་ཡིན། ཤུད་བུ་ཁྲི་འབྲིང་ཁོང་བཙན་ཡང་ཟེར། སོབ་ དཔོན་སྤྱན་འདྲེན་པའི་ཕོ་ཉ་ཡང་མཛད། གུ་རུ་པདྨའི་དྲུང་དུ་ལོ་ཙཱ་མཁས་པར་སངས་ཏེ། མ་གཤིན་ཕུར་གསུམ་གྱི་གདམས་པ་དང་རྙིང་མའི་ཆོས་བཀའ་མང་དུ་བསྒྱུར། བོད་ཀྱི་
མཁས་པ་ཆེན་པོ་བརྒྱད་ཀྱི་ནང་ཚན་དུ་གཏོགས་ཤིང་། རོ་རྗེ་ཕུར་པ་དང་མ་མོའི་སྒོ་ནས་ གྲུབ་རྟགས་ཕུར་པ་ངམ་ཤོད་ཀྱི་ཆུ་ལ་བཏབ་པས། ཆུ་ཡན་མན་དུ་ཆད་པ་དང་། བག་
ལ་བཏབ་པས་བག་རལ་བ་ལ་སོགས་བྱུང་། མཆིམས་ཕུར་ཆུ་བོ་གྱེན་ལ་ཟློག་པའི་རྗེས་ ཀྱང་ཡོད། ཡང་ཁོང་རང་གི་གསུང་ལས། མི་རྒྱུད་ལྷ་ལས་འཆད་པས་རྗེ་དང་ཏྲི་ལེར་ 73
མཉམ། ཞང་པོ་དམུ་ནས་འཆད་པས་རྗེ་དང་ཏྲི་ལེར་མཉམ། དབུ་རྩེ་རིགས་གསུམ་གྱི་ ཤར་ལོགས་བཞེངས་པས་རྗེ་དང་ཏྲི་ལེར་མཉམ། ཞེས་གསུངས་ཤིང་མར་ཁུ་ཝ་ལས་
དྲངས་པས་རྗེ་ལས་ལྷག་པར་བྱུང་། ཞེས་ཟེར་ཏེ། བསམ་ཡས་གྲུབ་པའི་དགའ་སོན་གྱི་
ལྟད་མོའི་སྐབས་སུ་མར་ཁུ་ཝ་ལས་དྲངས་པ་ཡིན་པར་གྲགས། སྒྲུབ་གནས་ནི་སྤང་ཆུང་ པདྨ་གླིང་སོགས་ཡིན་པར་སྣང་ངོ་། ། ༡༨༽ རྒྱལ་བའི་བློ་གྲོས།
འབྲི་རྒྱལ་བའི་བློ་གྲོས་ནི། སྔོན་རྒྱལ་པོའི་ནང་མི་ཡིན་པ་ལ་མིང་མགོན་པོ་ཟེར། ཕྱིས་ རབ་ཏུ་བྱུང་བས་མཚན་རྒྱལ་བའི་བློ་གྲོས་སུ་གྲགས། ལོ་ཙཱ་མཁས་པར་མཁྱེན། རྒྱ་
གར་དུ་བྱོན་ནས་སོབ་དཔོན་ཧཱུཾ་ཀ་ར་ལས་ཡང་དག་གི་ཆོས་སྐོར་ཞུས་པས་གྲུབ་པ་ཐོབ། གཤིན་ཡུལ་དུ་རྫུ་འཕྲུལ་གྱིས་དམག་དྲངས་ནས་མ་དམལ་བ་ནས་མངོན་གསུམ་དུ་
བཏོན། སྤྲུལ་པའི་དམག་གིས་གཤིན་རྗེའི་སྐྱེས་བུ་རྣམས་འཇིགས་ཤིང་སྐྲག་པར་མཛད། སོབ་དཔོན་པདྨའི་དྲུང་དུ་ཆོས་ལ་སངས་པས་རྫུ་འཕྲུལ་གྱིས་རོ་ལངས་གསེར་དུ་བསྒྱུར་
ནུས་པའི་དངོས་གྲུབ་བརྙེས། སོབ་དཔོན་འདིས་མི་རོ་གསེར་དུ་བསྒྱུར་བའི་གསེར་མང་ པོ་ཕྱིས་ཀྱི་གཏེར་སོན་འགའ་ཞིག་གིས་གཏེར་ཁ་ནས་བྱོན་པར་སྣང་ངོ་། །ཚེ་ཡི་རིག་
འཛིན་བརྙེས་པས་སྐུ་ཚེ་རིང་པོར་བཞུགས་ཏེ། རོང་ཟོམ་གྱི་དུས་བར་དུ་བཞུགས་པར་ སྣང་སྟེ་རོང་ཟོམ་གྱིས་ཆོས་གསན་པའི་ལོ་རྒྱུས་ཡོད་དོ། ། ༡༩༽ ཁྱེའུ་ཆུང་ལོ་ཙཱ།
གྲུབ་ཆེན་ཁྱེའུ་ཆུང་ལོ་ཙཱ་ནི། གདུང་རུས་འབོག་མི་སྟེ། སྐུ་གཞོན་ནུའི་དུས་ནས་ལོ་ཙཱ་
མཁྱེན་པས་མཚན་ཡང་དེ་ལྟར་དུ་གྲགས། སོབ་དཔོན་གྱི་དྲུང་དུ་གསང་སྔགས་ཀྱི་ཆོས་ ཐམས་ཅད་ལ་མཁས་པར་བསབས། རྫུ་འཕྲུལ་གྱིས་ནམ་མཁའི་བྱ་རྣམས་ལྟ་སངས་ 74
དང་སྡིགས་མཛུབ་ཀྱིས་འགུགས་པར་ནུས། རྟེན་ཁྱིམ་པ་སྟེ་སྔགས་འཆང་གོས་དཀར་ ལྕང་ལོ་ཅན་ནོ། །
༢༠༽ དྲན་པ་ནམ་མཁའ།
དྲན་པ་ནམ་མཁའ་ནི། ཐོག་མར་བོན་གྱི་གྱེར་གཤེན་ཆེན་པོ་ཡིན་ཡང་། ཕྱིས་སོབ་
དཔོན་གྱི་དྲུང་དུ་ཆོས་ལ་སངས། ལོ་ཙཱ་ཡང་མཁྱེན། རྫུ་འཕྲུལ་གྱིས་བྱང་གི་གཡག་རྒོད་ སྡིགས་མཛུབ་མཛད་པ་ཙམ་གྱིས་འགུགས། འདིས་བོན་གྱི་མན་ངག་མང་པོ་སོབ་དཔོན་ ལ་ཕུལ་བ་སོབ་དཔོན་གྱིས་གཏེར་དུ་སྦས་པས་ཕྱིས་གཏེར་ཁ་འགའ་རེ་ནས་མན་ངག་ཅི་ རིགས་འབྱུང་བ་མཐོང་ལ། སོབ་དཔོན་ལས་རབ་བྱུང་ཞུས་ཤིང་དབུ་ཞྭ་དམར་པོ་ཞིག་ བཞེས་པས། འཕུང་བོན་མགོ་དམར་ཡང་གྲགས་སོ། །དེ་ལྟ་ན་བྲིས་ཆ་འགའ་ཞིག་ཏུ་ བོན་ཞྭ་ཅན་བྲིས་པར་སྣང་ཡང་དགོས་པ་མེད་དམ་སྙམ་མོ། ། ༢༡༽ འོ་བན་དབང་ཕྱུག
འོ་བན་དབང་ཕྱུག་ནི། འོ་བན་དཔལ་གྱི་འབྱུང་གནས་ཀྱི་སྲས་སུ་འཁྲུངས། སོབ་དཔོན་ པདྨའི་ཐུགས་སྲས་ཏེ། གསང་སྔགས་ཀྱི་ཚུལ་ཀུན་ལ་མཁས་ཤིང་གྲུབ་པའི་མཚན་མ་
མངོན་དུ་བརྙེས་པས་ཆུ་བོ་ཆེན་པོ་ལ་འཇིགས་པ་མེད་པ་ཉ་ལྟར་རྒྱུ་བར་ནུས། འོ་བན་ ལུགས་ལ་གུར་དྲག་བཀའ་མ་སོགས་ཆོས་ཚུལ་མང་དུ་ཡོད་པ་ཕལ་ཆེར་དེང་སང་ཡང་
དབང་ལུང་གི་རྒྱུན་མ་ཆད་པར་སྣང་ཞིང་གདུང་རྒྱུད་ཀྱང་དུས་ཕྱི་མོ་བར་དུ་བྱུང་བར་སྣང་ སྟེ། རྟེན་ཁྱིམ་པ་ཡིན་ནོ། ། ༢༢༽ རྨ་རིན་ཆེན་མཆོག
རྨ་རིན་ཆེན་མཆོག་ནི། འཁྲུངས་ཡུལ་དབུ་རུ་འཕན་ཡུལ་གྱི་རྨ་ཅོ་ཞེས་བྱ་བར་འཁྲུངས།
བློན་རྣོ་རབ་མཆོག་རྨ་བན་རིན་ཆེན་མཆོག། ཅེས་བོད་ཡུལ་རབ་ཀྱི་མི་དགུའི་གྲས་ཡིན། 75
ལྷ་བཙན་པོ་ཁྲི་སོང་ལྡེའུ་བཙན་གྱི་དུས། རབ་བྱུང་སྔ་བ་སད་མི་མི་བདུན་དུ་གྲགས་པའི་ ནང་ཚན་ཏེ། མཁན་རིན་པོ་ཆེ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། ལྟ་བ་ཀླུ་གྲུབ་ཀྱི་དགོངས་
པ་བཞིན་རྟོགས་པས་ཧ་ཤང་སུན་ཕྱུང་བ་ཡང་མཛད། མདོ་སྔགས་ཀྱི་ཆོས་རྒྱ་མཚོ་ལྟ་བུ་
བསྒྱུར་བའི་ལོ་ཙཱ་ཡིན། སོབ་དཔོན་རིན་པོ་ཆེའི་དྲུང་དུ་དབང་དང་གདམས་པ་ཞུས་པས་ དངོས་གྲུབ་བརྙེས་ཏེ་སྲ་མཁྲེགས་ཀྱི་རོ་ཡང་ཟན་ལྟར་བཅད་ནས་གསོལ་བའི་རྫུ་འཕྲུལ་ བསན་ཏེ་རིག་པ་འཛིན་པའི་ས་ལ་བཞུགས་སོ། ། ༢༣༽ ལྷ་ལུང་དཔལ་གྱི་རོ་རྗེ།
ལྷ་ལུང་དཔལ་གྱི་རོ་རྗེ་ནི། འབོམ་སོད་གུང་མོ་ཆེར་འཁྲུངས། སྐྱེ་མིང་སག་ཉ་བཟང་ ཟེར། རྒྱ་བོད་ཀྱི་མཚམས་བསྲུངས་ཏེ་རྒྱ་རྣམས་བཏུལ། དེནས་ཐུགས་ངེས་འབྱུང་གིས་
བསྐུལ་ནས་མཆེད་གཉིས་དང་ལྷན་ཅིག་ཏུ་གསུམ་ཀ་སོབ་དཔོན་བི་མ་ལ་མི་ཏྲ་ལས་རབ་ ཏུ་བྱུང་། པདྨ་སམྦྷ་ཝ་ལས་བྱང་ཆུབ་སེམས་དཔའི་སོམ་པ་བླངས། སྔགས་ཀྱི་དབང་
དང་གདམས་ངག་ཐམས་ཅད་ཐོབ། གྲིབ་ཀྱི་དཀར་མོ་རོང་དུ་བསྒོམས་པས་ཆོས་གོས་
རླུང་གིས་ཁྱེར་བ་ཡེར་པར་བྱུང་བས་ས་དཔྱད་ལེགས་པར་གཟིགས་ནས་དེར་སྒྲུབ་པ་ལ་
བཞུགས་པས་རི་བག་ལ་ཐོགས་པ་མེད་པ་ཟང་ཐལ་དུ་གཤེགས་པར་ནུས་པའི་རྫུ་འཕྲུལ་ དང་དངོས་གྲུབ་བརྙེས། ཕྱིས་རྒྱལ་པོ་སྡིག་ཅན་བསྒྲལ་ནས་སངས་རྒྱས་ཀྱི་བསན་པ་ ལའང་ཕན་ཆེར་བཏགས་ཏེ་ཁམས་ལྡན་ཡུལ་དུ་བྱོན་ནས་ཡུན་རིང་དུ་བཞུགས་ཞེས་ གྲགས་སོ། །
༢༤༽ ལང་གྲོ་དཀོན་མཆོག་འབྱུང་གནས།
ལང་གྲོ་དཀོན་མཆོག་འབྱུང་གནས་ནི། སྔོན་ཆོས་རྒྱལ་གྱི་ནང་བློན་ཆེན་པོ་ཞིག་ཡིན་ཏེ་
ལང་གྲོ་སྣང་བཞེད་ཟེར་ཡང་ཕྱིས་རབ་ཏུ་བྱུང་བའི་མཚན་དཀོན་མཆོག་འབྱུང་གནས་སུ་ 76
གྲགས། ལོ་ཙཱ་མཁས་པར་མཁྱེན་ནས་ཆོས་བསྒྱུར་བའི་ལོ་ཙཱ་ཡང་མཛད། སོབ་དཔོན་ ཆེན་པོ་ལས་དབང་དང་གདམས་པ་ཞུས་ནས་ཉམས་སུ་བླངས་པས་གྲུབ་པའི་རྟགས་
མངོན་དུ་སོན་པར་ནུས་ཏེ། རྟེན་སྔགས་འཆང་ཡིན་པར་རོ་བག་པད་ཕྲིན་གྱིས་བཞེད།
དགོངས་པ་གཏད་པ་ཙམ་གྱིས་ཀྱང་གནམ་ལྕགས་དྲག་པོའི་ཐོག་ཆེན་མདའ་ལྟར་འཕེན་
པའི་རྫུ་འཕྲུལ་དང་ལྡན། སོབ་དཔོན་ཆེན་པོའི་ཐུགས་སྲས་ཀྱི་དངས་མར་གྱུར་ཏེ་གསང་ སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་ཙམ་ལ་མངའ་དབང་འབྱོར་བའི་རྣལ་འབྱོར་གྱི་དབང་ཕྱུག་ ཆེན་པོ་ཞིག་གོ། གདུང་རྒྱུད་རྟ་ནག་སྒྲོལ་མ་སྟེ་དེང་སང་ཡང་ཡོད་དོ། ། ༢༥༽ ལ་སུམ་རྒྱལ་བ་བྱང་ཆུབ།
ལ་སུམ་རྒྱལ་བ་བྱང་ཆུབ་ནི། སད་མི་མི་བདུན་དུ་གྲགས་པའི་ནང་ཚན་ཏེ་མཁན་ཆེན་ཞི་
བ་འཚོ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རོགས། ལོ་ཙཱ་མཁྱེན་པས་རྒྱ་གར་དུ་ཡང་ལན་
མང་དུ་བྱོན་ཞིང་མདོ་སྔགས་ཀྱི་ཆོས་ཀྱང་བསྒྱུར། ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ པའི་མཁས་པ་ཆེན་པོ་སྟེ། ལོ་རྒྱུས་ཆེན་མོ་ལས། ཐོས་པ་ཆེ་རབ་ལ་སུམ་བྱང་ཆུབ་རྒྱལ། ཞེས་ཟེར་ཏེ་རབ་ཀྱི་མི་དགུའི་གྲས་སུའང་བགྲང་བར་སྣང་། སོབ་དཔོན་ཆེན་པོ་ལས་
དབང་དང་གདམས་ངག་ཞུས་པས། རྟེན་མེད་ཀྱི་མཁའ་ལ་སྐྱིལ་ཀྲུང་གིས་བཞུགས་པ་ སོགས་རྫུ་འཕྲུལ་སོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞིག་གོ། དེ་ལྟར་དེ་དག་ལ་ རྗེ་འབངས་ཉེར་ལྔར་ཡོངས་སུ་གྲགས་ནའང་སྔོན་ཆད་ངོས་འཛིན་ཚུལ་མི་འདྲ་བ་འགའ་ ཞིག་བྱུང་བའི་མ་དག་པའི་རྙོག་མ་དག་བྱང་བདག་དབང་པོའི་སྡེས་མཁྱེན་དཔྱོད་ཀྱི་ཀེ་ ཏ་ཀས་རྣམ་པར་བགྲུངས་པར་མཛད་མོད། འོན་ཀྱང་རྟེན་གྱི་དབྱེ་བ་ཕྱེད་དཀའ་བར་
སྣང་ཡང་ཡོངས་གྲགས་རྣམས་ནི་དེ་བཞིན་ལས་བརྗོད་མ་དགོས་ཀྱང་། འགའ་ཞིག་ལ་ ལོ་རྒྱུས་དང་བྲིས་ཆ་སོགས་མཐུན་མིན་སྣ་ཚོགས་བྱུང་འདིར་མཐུན་ཤས་གང་ཆེ་གཙོ་ 77
བོར་གཟུང་ཡང་ད་དུང་ཁ་ཅིག་སོམ་ཉིར་ལུས་པས་དཔྱད་པར་འོས་སོ། །གོང་གསལ་ རིག་འཛིན་རྗེ་འབངས་ཉེར་ལྔའི་ངོ་སོད་མདོར་བསྡུས་འདི་ཉིད་གུ་བཀྲའི་ཆོས་འབྱུང་ ལས་སྔ་འགྱུར་རིག་འཛིན་རྩོམ་སྒྲིག་ཁང་གིས་བསྡུ་སྒྲིག་ཞུས། རྩོམ་སྒྲིག་པའི་མཆན།
རྗེ་འབངས་འདི་དག་གི་འཁྲུངས་འདས་ཀྱི་ལོ་ཚིགས་གཏན་ཁེལ་བ་ཞིག་རྙེད་དཀའ་བ་ དང་། རེ་ཟུང་ལ་མི་འདྲ་བ་མང་ཙམ་མཆིས་པས་རེ་རེ་བཞིན་ཁ་ཚོན་གཅོད་མ་ཕོད་པར་ མ་ཕྱི་སོར་འཇོག་བྱས་ཡོད། དུས་ཚོད་དང་ལོ་རྒྱུས་ཀྱི་རྒྱུ་ཆ་ངེས་ཅན་ཞིག་ལག་སོན་
བྱུང་ན། སྔ་འགྱུར་རྙིང་མ་པའི་ངོས་ནས་གནད་དོན་འདི་ལྟ་བུ་སོགས་ལ་ངེས་པར་དུ་ ཞིབ་འཇུག་ནན་པོ་ཞིག་གནང་རྒྱུར་ཐུགས་སྣང་དགོས་སུ་མཐོང་། །
78
༡༢༽ ཨོན་པདྨ་གླིང་པའི་རྣམ་ཐར་བཞུགས་སོ།།
79
ཨོ་རྒྱན་པདྨ་གླིང་པ། ༈ ཡང་།
འགོས་ཀྱི་ཕག་རིར་གནས་གཞི་རོངས་ལ་འགེབ༔ ལ་སོད་སག་གྲུར་དུག་གི་ཚོང་དུས་འོང༔
མེ་འབར་མཚོ་ལ་སྦས་པའི་གཏེར་ཁ་འདི༔
མི་བཞག་འདོན་པའི་རྟགས་དེ་བསན་ནས་འབྱུང༔ ཨོ་རྒྱན་པདྨ་གླིང་པ་ཞེས་བྱ་འབྱུང༔
ཞེས་པའི་གཏེར་སོན་རྒྱལ་པོ་ལྔའི་བཞི་པར་བསྔགས་པ་ཨོ་རྒྱན་པདྨ་གླིང་པ་ནི། མངའ་ བདག་གི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་དག་པའི་སྐྱེ་བ་ལྔའི་མཐའ་མ་མོན་བུམ་ཐང་དུ་
མོས་ཀྱི་རིགས་ལས་ཡབ་དོན་གྲུབ་བཟང་པོ་དང་། ཡུམ་གྲོང་མོ་དཔལ་འཛོམ་གཉིས་ཀྱི་ སྲས་སུ་ལྕགས་ཕོ་ཁྱིའི་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་སྐུ་བལྟམས། ཀུན་ མཁྱེན་དྲི་མེད་འོད་ཟེར་གྱི་སྐྱེ་བ་དེ་མ་ཐག་པར་གྱུར་པས་ཆུང་ངུ་ནས་དམ་པའི་རིགས་ སད། ཡིག་རིགས་དང་བཟོ་གནས་སོགས་མ་བསབ་པར་མཁྱེན། ཁྱད་པར་སྤྲེལ་ལོ་
སོན་རའི་ཚེས་བཅུའི་ཉིན་ཡི་གེ་དྲུག་མའི་གནས་སུ་ཨོ་རྒྱན་རིན་པོ་ཆེས་ཞལ་དངོས་སུ་ བསན་ནས་བྱིན་གྱིས་བརླབས།
གཏེར་ཁ་ཆེན་པོ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕག་ཏུ་བསྩལ་པ་ལྟར་དགུང་ལོ་ཉེར་བདུན་
པར། ཟབ་གཏེར་ཐམས་ཅད་ཀྱི་ཐོག་མ་རོགས་ཆེན་ཀློང་གསལ་གྱི་སྐོར་རྣམས་སྣ་རིང་
བག་གི་ཉེ་ལོགས་སང་ཆུ་རྒྱ་མདུད་དུ་འཁྱིལ་བའི་མེ་འབར་མཚོར་གྲགས་པ་ནས། ཁྲོམ་ ཚོགས་མང་པོའི་དབུས་སུ་ཕག་ན་སྒྲོན་མེ་ཞིག་བསྣམས་ནས་མཚོ་ནང་ཐོགས་མེད་དུ་
གཤེགས། སར་ཕག་གི་སྒྲོན་མེའང་མ་ཤི་བར་གཏེར་སྒྲོམ་ཆེན་པོ་ར་མ་ཙམ་ཞིག་མཆན་
80
ཏུ་བཅུག་ནས་ཕེབ་པས་ཐམས་ཅད་ངོ་མཚར་ཡིད་ཆེས་ཀྱི་དད་པར་བཀོད་པ་ལ་བརྟེན་ རྩོད་པ་དང་བལ་བའི་སྙན་གྲགས་ཀྱིས་ས་སྟེང་ཉི་ཟླ་ལྟར་ཁྱབ་པར་གྱུར།
དེས་མཚོན་ཏེ་བསམ་ཡས་མཆིམས་ཕུ་ནས་རོགས་ཆེན་ཀུན་བཟང་དགོངས་འདུས།
གཞན་ཡང་གཏེར་གནས་སོ་སོ་ནས་རོགས་ཆེན་གཉིས་མེད་རྒྱུད་བུ་ཆུང་གི་སྐོར་དང༌།
བླ་མ་ནོར་བུ་རྒྱ་མཚོ། ཐུགས་རྗེ་ཆེན་པོ་མུན་སེལ་སྒྲོན་མེ། བཀའ་བརྒྱད་ཐུགས་ཀྱི་མེ་ ལོང༌། ཕུར་པ་སྤུ་གྲི། བདུད་རྩི་སན་སྒྲུབ་ཀྱི་སྐོར་ཏེ་བཀའ་ཕུར་སན་གསུམ། ཕག་རོར་ དྲེགས་འདུལ་དང་གཏུམ་ཆུང༌། དྲག་པོ་ཆེ་འབྲིང་ཆུང་གསུམ། ཚེ་ཁྲིད་རོ་རྗེ་ཕྲེང་བ།
ཚེ་སྒྲུབ་ནོར་བུ་ལམ་ཁྱེར། ནག་པོ་སྐོར་གསུམ། ལས་ཕྲན་གྱི་སྐོར་སོགས་མང་དུ་གཏེར་ ནས་བཞེས་ཤིང་དེ་དང་མཚུངས་པར་མོང་གྲོལ་སྐྱེ་བདུན་སྐུ་ཚབ་པདྨ་གུ་རུ་སོགས་དམ་ རས་རྟེན་གསུམ་གྱི་རིགས་ཀྱང་བསམ་གྱིས་མི་ཁྱབ་པ་དང༌། ཁྱད་པར་ལྷོ་སྐྱེར་ཆུའི་ལྷ་ ཁང་དཔལ་ཚ་བ་གསུམ་པའི་ལྷ་ཁང་དང་མཚུངས་པ་དེ་ཉིད་སྔོན་མི་སྣང་བ་ལ་གཏེར་
སོན་འདིས་རི་སུལ་ཞིག་ནས་ས་རོ་རྣམས་བསལ་ནས་ལྷ་ཁང་དེང་སང་ཀུན་གྱིས་མཇལ་ དུ་ཡོད་པར་མཛད། ནོར་གཏེར་ཀྱང་ཆོས་རྒྱལ་གྱི་བླ་གཡུ་རིན་པོ་ཆེ་འོད་འབར། བླ་ གཡུ་སོང་རི་འོད་འབར།
བླ་གཡུ་སྒང་རི་ཁང་དམར། ལྷ་ལྕམ་གྱི་ན་བཟའ་སྲུབ་མེད་པ་དང༌། མེ་ལོང་རྒྱང་
གསལ་ལ་སོགས་རྒྱལ་རྒྱུད་ཀྱི་ནོར་སྣ་ཁྱད་འཕགས་མང་པོའང་གཏེར་ནས་བཞེས།
གཏེར་ཁ་བརྒྱ་རྩ་བརྒྱད་ཀྱི་ཁ་བྱང་ཕག་ཏུ་བྱུང་ནའང་ཕྱེད་ཙམ་ལས་བཞེས་མ་ཐུབ། ཕྱིས་གཏེར་སོན་སྐུ་གཤེགས་ཁར་སྲས་ཀྱིས་འདོན་ཆོག་པར་གསོལ་བ་བཏབ་པས་ཁྱོད་
ཀྱིས་གཏེར་ཆོས་ཐོན་པར་དཀའ་ཡང༌། དམ་ཚིག་གཙང་མར་བསྲུང་ཤིང་བདག་རང་ལ་
གསོལ་བ་བཏབ་ན་ཕྲན་ཚེགས་རྙེད་པའང་སྲིད་གསུངས་པ་བཞིན། ཐུགས་སྲས་ཟླ་བས་ 81
ཀྱང་གཏེར་ཁ་འགའ་ཞིག་སྤྱན་དྲངས་པར་གྲགས། གཞན་ཡང་ཡ་མཚན་ཆེ་བའི་མཛད་
པ་བསམ་གྱིས་མི་ཁྱབ་ཅིང༌། མ་འོངས་པ་ན་པདྨ་བཀོད་པའི་ཞིང་ཁམས་སུ་སངས་རྒྱས་ རོ་རྗེ་སྙིང་པོ་ཞེས་བྱ་བར་འགྱུར་བའི་ལུང་བསན་དང༌། ད་ལྟའི་འབྲེལ་ཐོགས་རྣམས་ ཀྱང་ཞིང་དེར་སྐྱེས་ནས་སངས་རྒྱས་དེའི་གདུལ་བྱར་འགྱུར་བར་གསུངས་སོ།། ཐུགས་སྲས་སོབ་མའི་ཚོགས་ཀྱང་གཏེར་ལུང་ལས། ལས་ཀྱིས་འབྲེལ་པ་ཁྲི་ཕྲག་གཅིག༔ སོན་ལམ་འབྲེལ་བ་སོང་རྩ་གཉིས༔
ཟབ་མོའི་གནད་ཀྱིས་འབྲེལ་བཅུ་གཅིག༔ དཀྱིལ་འཁོར་འཛིན་པའི་བུ་བདུན་དང༔ ཐུགས་ཀྱི་སྙིང་སྲས་གསུམ་དུ་འབྱུང༔
ཞེས་གསུངས་པ་དང་མཐུན་པར་བསམ་གྱིས་མི་ཁྱབ་པར་བྱོན་པའི་ནང་ནས། གཙོ་བོར་ གྱུར་པ་སྤྲུལ་པའི་གཏེར་སོན་དྲུག གྲུབ་ཐོབ་ཆེན་པོ་དྲུག གྲུབ་རྟགས་མངོན་སུམ་ཐོན་
པའི་བུ་ཆེན་དྲུག གཏེར་སོན་ཉིད་དང་དགོངས་པ་མཉམ་པའི་ཇོ་གདན་མཁན་ཆེན་ཚུལ་ ཁྲིམས་དཔལ་འབྱོར། ནང་སོ་རྒྱལ་བ་དོན་འགྲུབ། སྤྲུལ་སྐུ་མཆོག་ལྡན་མགོན་པོ་སྟེ་
ཐུགས་སྲས་གསུམ། རིགས་གསུམ་མགོན་པོའི་སྤྲུལ་པ་སྐུའི་སྲས་མཆེད་བཞི་སོགས་
བྱོན་ཅིང༌། དེའི་ནང་ནས་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཐུགས་སྲས་ཟླ་བ་བྱིན་རླབས་
དང་ནུས་རྩལ་བསམ་གྱིས་མི་ཁྱབ་ཅིང་ཡབ་ཀྱི་དགོངས་པ་ལོན་པ་ལ་བརྟེན་ཕྲིན་ལས་རྒྱ་ ཆེ་བས་ས་སྐྱ་བདག་ཆེན། འབྲི་གུང་རིན་ཆེན་ཕུན་ཚོགས། ཞྭ་དམར་དཀོན་མཆོག་ཡན་ ལག དཔའ་པོ་ཆོས་རྒྱལ་དོན་འགྲུབ་སོགས་ཀྱིས་སྐྱེས་ཆེན་དམ་པར་བསྔགས་ཤིང་བླ་
མར་བཀུར། དབུས་གཙང་ལྷོ་མོན་གྱི་མི་ཆེན་ཆེ་དགུས་ཀྱང་ཞབས་ནས་བཏེགས་པས་ 82
གཞན་ཕན་ཕྲིན་ལས་བསམ་གྱིས་མི་ཁྱབ་ཀྱང་སྦས་པའི་རྣལ་འབྱོར་གྱི་ཚུལ་མཛད་པས་ ཆོས་བརྒྱུད་ཆེར་འཕེལ་བ་མ་བྱུང༌། བསན་པའི་རྒྱུན་སྤྲུལ་སྐུ་སྣ་ཚོགས་རང་གྲོལ་དང༌།
དབུ་མཛད་དོན་གྲུབ་དཔལ་འབར་ཏེ་མཚུངས་མེད་ཆོས་རྗེ་རྣམ་གཉིས་སུ་གྲགས་པ་དང༌། པད་གླིང་ཉིད་ཀྱི་གསུང་སྤྲུལ་དང་ཐུགས་སྲས་སྤྲུལ་པའི་སྐུ་འཁྲུལ་མེད་རིང་བསྲེལ་བདུན་ རྒྱུད་ནས་བཟུང་ད་ལྟའི་བར་ལྷོ་མོན་དབུས་གཙང་མདོ་ཁམས་ཡུལ་གྱི་མཐར་ཐུག་པར་
ཁྱབ་ཅིང༌། དབང་ལུང་ཁྲིད་རྒྱུན་མ་ཉམས་པར་བཞུགས་པ་ལས་ཁོ་བོས་ཀྱང་བླ་རོགས་ ཐུགས་གསུམ། བཀའ་བརྒྱད་སྤྱི་བྱེ་བག ཕག་རོར་གཏུམ་པོ་ཆེ་ཆུང༌། ཚེ་སྒྲུབ་དང་
དྲག་དམར་སྐོར། ནག་པོ་སྐོར་གསུམ་དང་ལས་ཕྲན་ཅི་རིགས་པ་དང་བཅས་ནོས་ཤིང་ འཆད་སྤེལ་ཡང་ཅི་ནུས་སུ་བགྱིས་པ་ཡིན་ནོ།།
Source:#ཀོང་སྤྲུལ་གཏེར་སོན་བརྒྱ་རྩའི་རྣམ་ཐར་ལས་དྲངས།
83
༡༣༽ གཏེར་སོན་བརྒྱ་རྩའི་གཙོ་བོ་གཏེར་ཆེན་རོ་རྗེ་གླིང་པའི་རྣམ་ཐར་ བསྡུས་པ་བཞུགས་སོ།།
84
༈ གཏེར་སོན་རྒྱལ་པོ་གསུམ་པ་ལོ་ཆེན་བཻ་རོ་དངོས་བྱོན་རོ་རྗེ་གླིང་པ་ནི། དབུས་ཀྱི་གྲ་ ནང་དབེན་རྩ་ཞེས་པར་སྔགས་པ་རོ་རྗེ་འཛིན་པའི་བརྒྱུད་ཡབ་ཁུ་སོན་བསོད་ནམས་རྒྱལ་ མཚན་དང༌། ཡུམ་དཀར་མོ་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་དྲུག་པའི་མེ་ཕོ་ཁྱིའི་ལོར་ འཁྲུངས། མཚན་ཨོ་རྒྱན་བཟང་པོར་གསོལ། དམ་པའི་རིགས་སད་པའི་རྟགས་དང་ངོ་ མཚར་བསམ་གྱིས་མི་ཁྱབ། དགུང་ལོ་བདུན་པར་སྤང་གཤོང་ལྷ་རི་ཁར་ཀུན་མཁྱེན་ ཁྲབ་པ་ཤཱཀྱའི་མཚན་ཅན་ལས་དགེ་ཚུལ་གསན། དེ་ཉིད་དང་གཞན་ཡང་བླ་མ་རྣམས་ ལས་མདོ་སྔགས་གསར་རྙིང་གི་གསན་པ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་གསུམ་པར་ཨོ་རྒྱན་རིན་པོ་ཆེ་ཞལ་ལན་བདུན་མཇལ། གུ་རུ་ཆོས་དབང་ གི་གཏེར་ལས་ཁ་བྱང་བྱུང་བ་ལྟར་ཁྲ་འབྲུག་ཇོ་མོའི་སྐུ་རྒྱབ་ནས་གཏེར་ཁ་དང་པོ་རྩ་ གསུམ་སྒྲུབ་ཐབས་དང༌། སྒྲུབ་ཕྲན། ཁ་བྱང༌། ཡང་བྱང༌། དྲག་སྔགས། བཅུད་ལེན་ རྣམས་ལ་བརྒྱ་རྩ་བརྒྱད་རེ། སྒོས་ལུང་དང་བཅས་པ་བྱོན། དགུང་ལོ་བཅོ་ལྔ་པར་བྱིང་ མདའ་ཨོ་དཀར་བག་གི་གཏེར་སྒོ་ཕྱེས་པའི་ཚེ། སྒྲུབ་ཕུག་ཤིན་ཏུ་ཡངས་པའི་ནང་དུ་གུ་ རུ་རིན་པོ་ཆེ་དངོས་སུ་བྱོན་ནས་དཀྱིལ་འཁོར་བཀོད་པ་ལས་དབང་བསྐུར། ཤོག་སེར་ རེ་རེའི་དབུ་ནས་ལུང་དང་གཏེར་རས་རྣམས་གནང༌། དེའང་སྐུ་ཚབ། བླ་དཔེ་པུསྟི་བཞི། ཤོག་དྲིལ་བརྒྱ་ཐམ་པ། ཚེ་ཆུ་བུམ་པ་བཞི། དམ་ རས་ཀྱི་གྭའུ་སོགས་སྤྱན་དྲངས་པ་ལས། ཆོས་སྡེ་རྣམ་ཐར་ཐང་ཡིག་ལེའུ་བརྒྱད་པ། རོགས་ཆེན་ཕ་རྒྱུད་ལྟ་བ་ཀློང་ཡངས། མ་རྒྱུད་ཀློང་གསལ་ཉི་མ། མཁའ་འགྲོ་ཡང་ཏིག་ ཉི་ཟླ་ཁ་སོར། བུ་རྒྱུད་སྙིང་ཐིག་སྐོར་བཅུ། འདུས་པ་སྐོར་བཞི། ཟུར་པ་བརྒྱད་རྣམས་ 85
བྱོན། དེ་ནས་རིམ་པར་མུ་ཏིག་ཤེལ་གྱི་སྦམ་གོང་ནས་ཉམས་ལེན་ཁྲིད་སྐོར་བཅུ་སོགས་ སྤྱན་དྲངས་པ་ནས་བཟུང༌། བུམ་ཐང་བྱམས་པ་ལྷ་ཁང་གི་ཚེ་ཕུག་ཏུ་ཡེ་ཤེས་མཚོ་རྒྱལ་ དངོས་སུ་བྱོན་ནས་ཚེ་ཆུ། ཡང་ལེ་ཤོད་དུ་བསྒྲུབས་པའི་ཆོས་སན། ཆོས་རྒྱལ་དང་མཚོ་ རྒྱལ་ཉིད་ཀྱི་བླ་གཡུ། ནོར་བུ་བསམ་འཕེལ། ཆོས་སྐོར་དང་དྲག་སྔགས་མང་པོ་གནང་ བའི་བར་གཏེར་གནས་སོ་སོ་ནས་གཏེར་ཁ་ཆེན་པོ་བཞི་བཅུ་རྩ་གསུམ། ཕྲ་མོ་དང་ནང་གསེས་གཏེར་གནས་ཀྱི་དབྱེ་བས་བརྒྱ་དང་བརྒྱད་བཞེས། མཆིམས་ཕུའི་ གཏེར་བཞེས་པའི་སྐབས་ཨོ་རྒྱན་དང་ལན་བཅུ་གསུམ་མཇལ། ཆུ་བོ་རིར་སྐུའི་སྤྲུལ་པ་ གཉིས་མཛད་ནས་ཕོགས་གཉིས་ནས་ཁྲོམ་གཏེར་བླངས་ཤིང་ཞབས་རྗེས་ཁྲུ་གང་པ་ བཞག ཟབ་ལུང་མེ་ཚོར་གཉན་གྱི་ཕུག་པར་ཐང་ལྷ་དང་གངས་དཀར་ཤ་མེད་གཉིས་ ཀྱིས་སྦྱིན་བདག་བྱས། གངས་ཅན་གྱི་ལྷ་འདྲེ་ཆེ་རྒུ་རྣམས་འདུས་ནས་བཀའ་བརྒྱད་ཀྱི་ སྒྲུབ་ཆེན་བཙུགས། དེ་ཐམས་ཅད་ལ་དབང་བསྐུར། དུར་ཁྲོད་ཆེན་པོ་བརྒྱད་དུ་སྤྲུལ་པས་བྱོན་ནས་རིག་ འཛིན་བརྒྱད་དང་མཇལ་ཏེ་གདིང་བརྒྱད་ཀྱི་གདམས་པ་གསན། གཏེར་ཁ་སྤྱན་དྲངས་ པའི་ཚེ་གུ་རུ་རིན་པོ་ཆེ་དང་མཚོ་རྒྱལ་བཻ་རོ་སོགས་དངོས་སུ་བྱོན་ནས་དབང་དང་ གདམས་པ་སྩལ་བ་དང༌། རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་བ་བསན་པས་ཐམས་ཅད་ཐེ་ ཚོམ་གྱི་སྒྲོག་བཀྲོལ་ནས་ཕྱིར་མི་ལྡོག་པའི་དད་པ་ལ་བཀོད། སྐུ་དང་ཕག་ཞབས་ཀྱི་ རྗེས་ཀྱང་མང་དུ་བཞག ཟབ་ལུང༌། མཁར་ཆུ། གཞོ་སོད་ཏི་སྒྲོ་རྣམས་སུ། དབང༌། རབ་གནས། སྐོང་བཤགས། སྦྱིན་སྲེག མནན་པ་བཅས་བརྒྱ་རྩ་བརྒྱད་རེས་མཚོན་ 86
བོད་ཁམས་བདེ་ཐབས་ཀྱི་རིམ་གྲོ་རླབས་ཆེན་མཛད། ཆོས་གཏེར་བླ་རོགས་ཐུགས་ གསུམ་གཙོ་བོར་གྱུར་པའི་ཟབ་ཅིང་རྒྱ་ཆེ་ལ་མཐའ་ཡས་པ་རྣམས་དང༌། ཕུང་པོ་རི་བོ་ཆེ་ ནས་རོ་རྗེ་སེམས་དཔའི་སྐུ། ལྷ་སའི་ཀ་བ་བུམ་པ་ཅན་ནས་བཅུ་གཅིག་ཞལ་དང་ཙན་དན་གྱི་སྒྲོལ་མ་སོགས་སྐུ་རྟེན་ ངོ་མཚར་ཅན། སྐྱེ་བདུན་དང་ཆོས་སན་སོགས་དམ་རས། ཡིད་བཞིན་ནོར་བུ་སོགས་ ནོར་གཏེར། རོགས་ཆེན་གསེར་ཐུར་དང་ཏ་བི་ཧྲི་ཙའི་སྙན་བརྒྱུད་ཆེ་འབྲིང་ཆུང་གསུམ་ སོགས་བོན་སྡེ། གཞན་ཡང་གསོ་རིག་དང་རྩིས་སྐོར་སོགས་རྒྱ་ཆེར་སྤྱན་དྲངས་ཤིང་ ཕྲིན་ལས་ཀྱང་རྒྱས། སྐུའི་སྲས་གནུབས་ཆེན་རྣམ་འཕྲུལ་ཆོས་དབྱིངས་པ་སོགས་ལས་ དེང་སང་བར་དུ་མོན་ཕོགས་སུ་གདུང་བརྒྱུད་ཀྱང་ཡོད། རྒྱལ་དབང་བཞི་པ་རོལ་པའི་རོ་ རྗེ་ལའང་གཤེད་སྐོར་དང་ཛམ་ལྷ་རིགས་ལྔའི་སྐོར་རྣམས་ཕུལ་བར་བཤད། གདན་སའི་ མཐིལ་གླིང་མོ་ཁར་མཛད་ཅིང༌། གཞན་ཡང་ལྷོ་བག མོན་སྤ་གྲོ། གཟད་འུག་རྐད་ དགོན་སོགས་བཟུང་ནས་འགྲོ་དོན་རྒྱ་ཆེར་བསྐྱངས། ཡོངས་སུ་གྲགས་པའི་མཚན་རོ་རྗེ་གླིང་པ། པདྨ་གླིང་པ། ཀུན་སྐྱོང་གླིང་པ། གཡུང་ དྲུང་གླིང་པ། འཇམ་དཔལ་ཆོས་ཀྱི་བཤེས་གཉེན་དུ་གྲགས་པ་དེ་ཉིད་ཀྱིས་བསན་འགྲོའི་ དོན་མཐར་ཕྱིན་ནས་དགུང་ལོ་དྲུག་ཅུ་པ་ལ་ཞལ་ཆེམས་ལུང་བསན་ཆེན་མོ་སྩལ་ཏེ་ངོ་ མཚར་བའི་ལྟས་དང་བཅས་བག་ལོང་དུ་གཤེགས་པའི་ཚུལ་བསན། པུར་ལོ་གསུམ་གྱི་ བར་དུ་བཞུགས་ནས་སྐབས་སུ་གསུང་འབྱོན་པ་དང་བསྔོ་བ་ཚིག་བཞི་རེ་གནང་ནས་ འགྲོ་དོན་མཛད། མཐར་གདུང་ཞུགས་འབུལ་བྱས་པས་ལྷ་སྐུ་རིང་བསྲེལ་དུ་མ་བྱོན། 87
ཞབས་གཡས་ཐུགས་སྲས་བཀྲ་ཤིས་འབྱུང་གནས་དང༌། གཡོན་ཐོགས་མེད་རྒྱ་གར་བ་ གཉིས་ཀྱི་རྟེན་སྐལ་དུ་པུར་ཁང་ནས་མེའི་སྒྲ་དང་བཅས་ཏེ་བྱོན་པ་ལས་རིང་བསྲེལ་མང་ དུ་འཕེལ་བ་ཕྱིས་ཚོད་བར་དུ་བཞུགས་པར་སྣང༌། གདན་ས་མོན་བུམ་ཐང་ཨོ་རྒྱན་ཆོས་ གླིང་དུ་གདུང་བརྒྱུད་ཕྱིས་ཀྱིས་བར་དུ་ཡོད་ཅིང༌། ཟབ་ཆོས་ཀྱི་རྒྱུན་ད་ལྟའི་བར་རིང་ བརྒྱུད་ཀྱི་བཀའ་སྲོལ་མ་ཉམས་ཤིང༌། ཁ་ཅིག་རྗེ་མཁྱེན་བརྩེའི་དབང་པོར་བྱིན་རླབས་ ཉེ་བརྒྱུད་ཀྱི་བཀའ་བབས་པ་བཅས་ལེགས་པར་བཞུགས་སོ། །
མཛད་པ་པོ =བདུད་འཇོམས་འཇིགས་བལ་ཡེ་ཤེས་རོ་རྗེས་གསུངས་སོ།། Repost:ཁྱུང་ཆེན་ནོར་བུའི་Dharma Post.
88
༡༤༽ ཀུན་མཁྱེན་འཇིགས་མེད་གླིང་པའི་རྣམ་ཐར་བསྡུས་པ་བཞུགས་སོ།
89
རིག་འཛིན་འཇིགས་མེད་གླིང་པ་ནི་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ (༡༧༢༩)
ལོར་ཡབ་ཆོས་རྗེ་སོན་ལམ་བཟང་པོ་དང་། ཡུམ་མདོ་སྲིབ་སྟེང་ཁང་པའི་རིགས་སུ་ལྷོ་ ཁ་འཕོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས། ཁོ་བོའི་གཙུག་ན་དྲི་
མེད་འོད་ཟེར་བཞུགས། །བརྒྱུད་པ་ཐག་ཧྲུལ་འབྲེང་ཧྲུལ་ལ་མི་ལྟོས། ཞེས་གསུངས་པ་ དེ་ལྟར་ལགས་ཀྱང་། རྒྱ་ཆེན་བཀའ་ཡི་ཆུ་བོའི་བརྒྱུད་པ་མི་ནུབ་པའི་ཆེད། སྨིན་གླིང་ རབ་འབྱམས་པ་ཨོ་རྒྱན་དཔལ་མགོན་གྱི་སྐུ་མདུན་ནས་སྙིང་ཐིག་ཡ་བཞི་དང་། རྒྱུད་ བཅུ་བདུན། སྒྱུ་འཕྲུལ་གསང་བ་སྙིང་པོ་སོགས་དང་། མོན་བླ་ཀུན་བཟང་ལས་ངལ་
གསོ་སྐོར་གསུམ། གཞན་ཡང་ཐང་འབོག་པདྨ་རིག་འཛིན་སྐུ་མཆེད་དང་། ཀུན་བཟང་ གྲོལ་མཆོག་ལ་སོགས་དགེ་བའི་བཤེས་གཉེན་དུ་མ་ལས་མདོ་སྒྱུ་སེམས་གསུམ་གྱི་ཆོས་
བཀའ་སྤྱི་དང་། གཏེར་ཆེན་ཤེས་རབ་འོད་ཟེར་གྱི་གཏེར་བྱོན་གྲོལ་ཐིག་དགོངས་པ་རང་ གྲོལ་གྱི་ཆོས་སྐོར་ཡོངས་རོགས་སོགས། གསང་སྔགས་གསར་རྙིང་གི་རྒྱུད་ལུང་མན་
ངག་ཤིན་ཏུ་མང་པོ་ཞུས་ཚུལ་གསན་ཡིག་ཉི་ཟླའི་རྣ་ཆ་ལས་བྱུང་བ་ལྟར་དང་། དེ་དག་
ཀྱང་དབང་ལུང་ཁྲིད་ཀྱི་རྣམ་པ་ཙམ་ཞིག་ལས། ཐོས་བསམ་པ་དཀྱུས་མའི་སོབ་གཉེར་ ལྟ་བུ་ནི་ཉིན་གཅིག་ཀྱང་མ་མཛད་པར། རང་བྱུང་དགོངས་པའི་ཀློང་བརོལ་བ་ཡིན་ཏེ། གསུང་ལས་ཀྱང་། དགེ་བའི་བཤེས་གཉེན་དང་ཉིན་གཅིག་ཀྱང་འགྲོགས་ནས་སངས་
སོབས་ཀྱི་བློ་གྲོས་འཕེལ་བའི་གནས་སུ་མ་གྱུར་མོད། དཔལ་གྱི་བསམ་ཡས་མཆིམས་ ཕུར་རྒྱལ་བ་ཀློང་ཆེན་པའི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་དུ་མཇལ་ཞིང་། བར་ཐབས་ རྟེན་འབྲེལ་དུ་མས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཁོ་བོའི་ལས་འབྲེལ་རོགས་པ་ ཆེན་པོ་ནས་སད་པ་ཡིན་ནོ། །ཞེས་གསུངས་སོ། །
90
སྤྱིར་སྐུ་ཚེ་གང་པོར་གཞན་ལ་སྨིན་གྲོལ་འབོགས་པ་དང་། རིན་ཐང་གཞལ་དུ་མེད་པའི་ བསན་བཅོས་རྩོམ་པ། ལྷག་པའི་ལྟར་བ་འབྱམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་ནས་རིག་
འཛིན་གྱི་སར་གཤེགས་པ་དང་། གཏེར་རྙིང་རྣམས་ཀྱི་བསན་པའི་མེ་རོ་གསོས་པ། ལྷ་ ས་དང་བསམ་ཡས་ལ་སོགས་པར་རྟེན་བཞེངས་རྒྱ་ཆེན་གནང་བ་སོགས་ཚོགས་གསོག་
མཐའ་ཡས་པ་དང་། གཙང་འུག་པ་ལུང་དང་། ཀོང་པོ་ཐང་འབོག་དང་། ལྷུན་གྲུབ་ཕོ་ བང་རྣམས་སུ་བཞུགས་པའི་རྒྱུད་འབུམ་རྣམས་གདན་དྲངས་ཏེ། དཔེ་བསྡུར་དང་ཞུས་ དག་བཅས་སྔ་འགྱུར་རྒྱུད་འབུམ་ཆེན་མོ་གསར་བཞེངས་མཛད་པ་དང་། མགོན་མེད་ པའི་སེམས་ཅན་དཔག་ཏུ་མེད་པ་ལ་མི་འཇིགས་པ་སྲོག་གི་སྦྱིན་པ་གནང་བ་དང་།
གོརྵའི་དཔུང་ཆེན་བོད་དུ་ཡོང་པའི་སྐབས་དམག་ཟློག་རྟགས་ཐོན་མཛད་པ་དང་། ལྷོ་ཁ་ འཕོང་རྒྱས་དོན་མཁར་ལུང་པའི་ཕུར་གདན་ས་ཚེ་རིང་ལྗོངས་ཕག་བཏབ་པ་སོགས་ བསན་འགྲོ་ལ་གཅིག་དུ་སན་པའི་སྐུ་དྲིན་བློ་ལས་འདས་པ་མཛད་ཅིང་།
ཞལ་སོབ་ཀྱང་ས་སྐྱའི་བདག་ཆེན་ངག་དབང་དཔལ་ལྡན་ཆོས་སྐྱོང་སྐུ་མཆེད། དགའ་
ལྡན་ཤར་བྱང་གི་མཁན་པོ་རྣམ་གཉིས། ཀཿཐོག་དགེ་རྩེ་པཎ་ཆེན། རོགས་ཆེན་རིན་པོ་ སྐུ་ཕྲེང་གསུམ་པ་ངེས་དོན་བསན་འཛིན་བཟང་པོ། ས་སྐྱོང་སྡེ་དགེའི་རྒྱལ་པོ་ཡུམ་སྲས། ཁྱད་པར་དུ་ཐུགས་སྲས་ཡོངས་ཀྱི་ཐུ་བོ་རོ་གྲུབ་འཇིགས་མེད་ཕྲིན་ལས་འོད་ཟེར་དང་།
འཇིགས་མེད་རྒྱལ་བའི་མྱུ་གུ། མོན་བླ་འཇིགས་མེད་ཀུན་གྲོལ། དགེ་རྩེ་འཇིགས་མེད་ ངོ་མཚར་སྟེ་ཐུགས་སྲས་འཇིགས་མེད་རྣམ་བཞི་ཞེས་ཡོངས་གྲགས་པ་སོགས་དང་། གཞན་ཡང་འབྲི་གུང་དང་། ཞ་ལུ། ཀོང་པོ། ལྷོ་བག འཕོངས་རྒྱས་ལ་སོགས་པ།
མདོར་ན་སོད་ལྷོ་འབྲུག་ནས་བཟུང་སྟེ་སད་མདོ་ཁམས་ཡན་ཆད་ནས་ལས་ཅན་གྱི་སོབ་ མ་ཤིན་ཏུ་མང་པོ་བྱུང་ངོ་། ། 91
བྱེ་བག་མཛད་པ་ཐམས་ཅད་ཀྱི་གཙོ་བོ་ཀློང་ཆེན་སྙིང་གི་ཐིག་ལེའི་དགོངས་གཏེར་ཆེན་ མོ་གཏན་ལ་ཕབ་ཚུལ་ནི། དགུང་ལོ་ཉེར་དགུ་པ་མེ་གླང་ལོའི་ཟླ་བ་བཅུ་པའི་མར་ངོའི་ ཚེས་བཅུའི་ནུབ་དག་པའི་སྣང་བར་སེང་གེ་དཀར་མོ་ཞིག་ལ་ཞོན་ནས། བལ་ཡུལ་
མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་གྱི་སྐོར་ལམ་དུ་ཕེབས་པས། ཆོས་སྐུ་ཡེ་ཤེས་མཁའ་
འགྲོ་མའི་ཞལ་མངོན་སུམ་དུ་མཇལ་ནས། དག་པའི་འཁོར་གྱི་སྣང་བ་ལ། །ཁྱོད་ནི་ཁྲི་ སྲོང་ལྡེའུ་བཙན། །མ་དག་གདུལ་བྱའི་སྣང་ངོ་རུ། །ཁྱོད་ནི་སེང་གེ་རས་པ་ཡིན། །ཀུན་ ཏུ་བཟང་པོའི་ཐུགས་ཀྱི་གཏེར། །རིག་འཛིན་པདྨའི་ཀློང་ཆེན་བར། །མཁའ་འགྲོའི་
གསང་མཛོད་ཆེན་མོ་ཡིན། །བར་ཐིམ། ཞེས་གསུངས་ནས་ཀློང་ཆེན་སྙིང་གི་ཐིག་ལེའི་ སྒྲོམ་བུ་ཐོག་མར་གཏད་པ་དང་། སར་དགུང་གྲངས་སོ་གཅིག་པ་མེ་མོ་ཡོས་ཀྱི་ལོ་ནས། དཔལ་གྱི་བསམ་ཡས་མཆིམས་ཕུར་ལོ་གསུམ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་སྐབས་ སུ། ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཡེ་ཤེས་སྒྱུ་མའི་སྐུས་ཞལ་གསུམ་དུ་གཟིགས་ཤིང་།
དེ་ཡང་ཞལ་གཟིགས་དང་པོའི་སྐབས་སུ། ཆོས་རྗེ་ཀུན་མཁྱེན་པོ་སྐུ་ལ་ཆོས་གོས་རྣམ་ གསུམ་གསོལ་བ། སྐུ་ན་ཅུང་བགྲེས་པའི་ཉམས་ཅན་གྱི་ཞལ་ནས། བརྗོད་བྱ་དོན་གྱི་ ཐུགས་རྒྱུད་འཕོ་བར་གྱུར་ཅིག འཕོ་བར་གྱུར་ཅིག བརྗོད་བྱེད་ཚིག་གི་བརྒྱུད་པ་
རོགས་པར་གྱུར་ཅིག རོགས་པར་གྱུར་ཅིག ཅེས་གསུང་སྒྲ་ལྷང་ལྷང་བསྒྲགས་ཤིང་།
སར་ཞུས་ལན་འགའི་རྗེས་སུ། སྤྱན་ཧུར་གྱིས་གཟིགས་ནས། རིགས་ཀྱི་བུ་ཁྱོད་ལ་ད་ ཅི་སོན་ལམ་གཏད་རྒྱའི་སྒོ་ནས་དོན་བརྒྱུད་ཀྱི་དགོངས་པ་འཕོས་པ་ཡིན་པས། སྒྲུབ་
པའི་སྲོག་མཁར་ཚུགས་ལ་སྐལ་ལྡན་ལ་རྒྱ་ཆེར་སོན་ཅིག་གསུངས་པ་ནི་སྐུ་ཡི་བྱིན་གྱིས་ བརླབས་པ་དང་། ཞལ་གཟིགས་གཉིས་པའི་སྐབས་སུ་དཔེ་ཆ་བམ་པོ་ཞིག་གནང་ནས། འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད་ཅེས་དང་། 92
གསང་མཛོད་ཆེན་མོའི་བར་འགྲོལ་གྱི་སྐོར་རྣམས་གསུངས་པ་ནི་གསུང་གིས་བྱིན་གྱིས་ བརླབས་པ་དང་། ཞལ་གཟིགས་གསུམ་པའི་སྐབས་སུ། ཀུན་མཁྱེན་ཆེན་པོ་སྐུ་ན་ཧ་
ཅང་གཞོན་པ་དགུང་ལོ་ཉི་ཤུ་རྩ་གྲངས་ཀྱི་རྣམ་པ་ལ། པཎྜི་ཏའི་ཆ་བྱད་དང་དབུ་ལ་པཎ་ ཞྭ་ྲརྣ་རིང་མནབས་པ་ཞིག་བྱོན་ཏེ། ཞལ་ནས་ཅི་ཡང་མི་གསུངས་པར་ཤིན་ཏུ་དགྱེས་ པ་ཆེན་པོའི་ངང་། ཞལ་རས་འཛུམ་མུལ་ལེར་གཟིགས་ནས་ག་ལེར་དབྱིངས་སུ་དེང་
ཤིང་། འདིའི་སྐབས་སུ་ཐུགས་དག་པ་རབ་འབྱམས་ཀྱི་དོན་དབང་བསྐུར་བས་ཐུགས་ དགོངས་དབྱེར་མེད་དུ་གྱུར་པ་ནི་ཐུགས་ཀྱི་བྱིན་གྱིས་བརླབས་པ་ཡིན་ནོ། །
དེ་ལྟར་ཆོས་རྗེ་ཀུན་མཁྱེན་ཆེན་པོས་ཞལ་ལན་གསུམ་དུ་གཟིགས་ཤིང་། སྐུ་གསུང་ ཐུགས་ཀྱི་བྱིན་གྱིས་བརླབས་ཏེ། དགོངས་གཏེར་ཆེན་མོའི་བར་དཀྲོལ་གྱི་གནང་བ་ཐོབ་ པ་ནས་བཟུང་། སྙིང་ཐིག་གཉན་པོའི་ཆོས་བཀའ་རིམ་གྱིས་གཏན་ལ་ཕབ་པའི་དབུ་
བཙུགས་ཤིང་། མཚན་ལ་ཡང་ཀློང་ཆེན་སྙིང་གི་ཐིག་ལེ་ཞེས་སུ་གསོལ་བ་དང་། གནད་ བྱང་ཐུགས་ཀྱི་སྒྲོམ་བུ་ལསཿ
ལོ་བདུན་སྦིར་གྱི་ཁ་བཞིན་སོམསཿ སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལཿ པདྨ་ང་དང་དངོས་ཞལ་མཇལཿ
བར་ཆད་སེལ་ཞིང་བྱིན་གྱིས་རློབསཿ དེ་ཚེ་གདམས་པ་གསང་ཞིང་སྤེལཿ
ཞེས་གསུངས་པ་ལྟར། དགུང་ལོ་ཉེར་དགུ་པར་བྱ་རུང་ཁ་ཤོར་དུ་མཁའ་འགྲོས་བར་
སྒྲོམ་ཐོག་མར་གནང་བ་ནས་བཟུང་ལོ་བདུན་ལྷག་གི་བར་དུ་གསང་སྟེ། དགུང་ལོ་སོ་ དྲུག་པ་ཤིང་ཕོ་སྤྲེལ་གྱི་ལོའི་སྤྲེལ་ཟླའི་ཚེས་བཅུའི་ཉིན་ཀོང་སོན་སྦས་པའི་རྣལ་འབྱོར་ 93
སོགས། འདུས་པ་དང་པོའི་འཁོར་བཅོ་ལྔ་ཙམ་ལ་སྨིན་གྲོལ་གྱི་སྒོ་ཐོག་མར་ཕྱེས་ཤིང་།
རིམ་གྱིས་ཐུགས་སྲས་འཇིགས་མེད་རྣམ་བཞི་སོགས་ཀྱིས་བསན་པ་མཐའ་རྒྱས་སུ་སྤེལ་ བ་ཡིན་ནོ། །
དེ་ཡང་དིལ་མཁྱེན་རོ་རྗེ་འཆང་ཆེན་པོས། རིག་འཛིན་འཇིགས་གླིང་རྟོགས་པ་ནམ་
མཁའ་དང་མཉམ་པའི་རྒྱུ་མཚན་གྱིས། འཇིགས་མེད་གླིང་པའི་དགོངས་གཏེར་ཀློང་ཆེན་ སྙིང་གི་ཐིག་ལེ་འདྲ་བའི་ཆོས་བཀའ་བྱིན་རླབས་ཆེན་པོ་ཅན་དེ་འདྲ་ཞིག བོད་གངས་
ཅན་གྱི་ལྗོངས་ལ་ད་སྔ་ཡན་ཆོད་ལ་བྱུང་མ་མོང་བ་ལྟ་བུ་ཡིན་ཞེས་གསུངས་པ་ལྟར། སྔ་ འགྱུར་རྙིང་མའི་ཕ་ཆོས་ཤིག་ལ་མཚོན་ན། སྔོན་མཁན་སོབ་ཆོས་གསུམ་བོད་དུ་གདན་ འཛོམས་ཏེ་སངས་རྒྱས་ཀྱི་བསན་པ་ཐོག་མར་སྤེལ་བའི་དུས་ནས་ད་ལྟའི་བར་དུ།
མཁས་གྲུབ་ཆེ་དགུ་གསེར་གྱི་རི་བོ་མཆོག་རབ་ལྟ་བུ་དག་ནས་བཟུང་། དམ་པའི་ཆོས་ ཀྱི་ཉམས་ལེན་ལ་བློ་ཁ་ཐོག་མར་ཕོགས་པའི་ལས་དང་པོ་པ་ཡན་ཆད་སྤྱི་ལ་ཁྱབ་ཅིང་།
ཁྱབ་ཚུལ་དེ་ཡང་སྔོན་འགྲོ་དང་དངོས་གཞི། རྒྱ་ཆེ་བའི་རྒྱུད་དང་ཟབ་པའི་མན་ངག རྩ་
བ་གསུམ་གྱི་བསྙེན་སྒྲུབ་ཕྱི་ནང་གསང་བ་ཡང་གསང་སོགས་ཀྱི་ཆ་ལག་ཡོངས་སུ་རོ གས་ པ། ད་ལྟའི་སྐབས་སུ་ཡང་ཕོགས་བཞིའི་རྒྱ་མཚོ་ཆེན་པོ་དག་གི་མུ་ཁྱུད་ཀྱི་མཐའ་ལས་ རབ་ཏུ་བརྒལ་ནས། འཛམ་གླིང་ཤར་ནུབ་ཀྱི་ཆོས་མཛད་སྐྱེ་བོ་ས་ཡ་དུ་མའི་ཉིན་རེའི་ ཉམས་ལེན་དང་འབལ་ཐབས་མེད་པ། ཀློང་ཆེན་སྙིང་གི་ཐིག་ལེ་འདི་ལས་ལྷག་པའི་
འགྲོ་དོན་དང་ཕྲིན་ལས་ཅན་གྱི་ཟབ་ཆོས་ཤིག་གཏན་ནས་མ་བྱུང་བ་ཡིན་ལ། ཀློང་ཆེན་ སྙིང་གི་ཐིག་ལེའི་ཟབ་ཆོས་ལ་བརྟེན་ནས་བོད་གངས་རིའི་ལྗོངས་སུ་མཁས་གྲུབ་ཀྱི་ཚང་
ཇི་ལྟར་བརོལ་བ་དང་། བརྒྱུད་པ་ཅི་ཙམ་བྱོན་ཚུལ་ནི་སྙིང་ཐིག་རང་གི་གཏམ་གྱི་སྐབས་ སུ་རྒྱས་པར་བཤད་ཟིན་པས་དེར་བལྟ་བར་བྱ་ཞིང་། ཇི་སྐད་དུ། སངས་རྒྱས་མ་ངན་ 94
ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །ཞེས་གསུངས་པ་ལྟར། སྤྱིར་ཡང་ ངེས་པའི་དོན་དུ་ན་རྒྱལ་བ་རྣམས་ནི་ཡོངས་སུ་མ་ངན་ལས་འདའ་བའི་གནས་མེད་པར་ མ་ཟད། ལས་དང་སོན་ལམ་དག་པའི་བུ་སོབ་རྣམས་ལ་ད་ལྟའང་ཡེ་ཤེས་སྒྱུ་མའི་སྐུས་
རྗེས་སུ་བཟུང་ནས་བསན་པའི་སྙིང་པོ་གཏད་བཞིན་པ་ཉིད་ཀྱི་ཕྱིར། བྱིས་པའི་བློ་ཅན་གྱི་ སྐྱེ་བོ་ཐུན་མོང་པ་རྣམས་ཀྱི་ངོར་ཐ་མའི་མཛད་པ་ཇི་ལྟར་བསན་ཚུལ་ནི་འདིར་མ་སྨྲོས་ སོ། ། གཞན་ལས་བཤུས།
95
༡༥༽ ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་ཤིག་ཡིན་ མིན་ལ་དཔྱད་པ། Biography of Lhalung pelgyi Dorje
96
བོད་བཙན་པོའི་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་ཞེ་གཅིག་པ་ལྷ་སྲས་དར་མ་ནི་བོད་
ཀྱི་ལོ་རྒྱུས་ཁྲོད་དུ་གྲགས་སྐད་ཆེ་བའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཁོང་གིས་སངས་རྒྱས་ ཀྱི་བསན་པ་བསྣུབས་པར་གྲགས་པ་དེའི་དབང་གིས་ཡིན་ངེས་མོད། དེང་སང་ང་ཚོར་
ཐོབ་པའི་ཏུན་ཧོང་ཡིག་ཆ་ལྟར་ན་ཁོང་ནི་བོད་ཀྱི་ཆོས་འབྱུང་ཁག་ཏུ་གསལ་བ་ཇི་བཞིན་ ཐུགས་སུ་གདོན་གསོལ་བའི་སྐྱེ་བོ་བླུན་པོ་ཞིག་མིན་པར་སྙམ། རྒྱལ་པོ་ལྷ་སྲས་དར་
མས་བསན་པ་བསྣུབས་ཚུལ་གྱི་ཡིག་ཆ་འཁོད་སྔ་ཤོས་ཀྱི་གྲས་ནི“སྦ་བཞེད”སད་ཅན་དུ་ གྲགས་པའི་ཆོས་འབྱུང་གི་ཡི་གེ་ཞིབ་མོ་དང་སྦ་བཞེད་ཞབས་བཏགས་མ་ཡེར་པའི་
དཀར་ཆག་སོགས་ཡིན་ལ། ལོ་རྒྱུས་འདི་དག་ལ་བརྟེན་ནས་བསན་པ་ཕྱི་དར་གྱི་རྗེས་ སུ་བྱུང་བའི་ཆོས་འབྱུང་ཕལ་མོ་ཆེར་རྒྱལ་པོ་ཁོང་ནི་སྐྱེ་བོ་སྡིག་ཅན་ཞིག་ཡིན་ཚུལ་བྲིས་ པ་རེད། ཏུན་ཧོང་ཡིག་རྙིང་དུ‘‘ལྷ་སྲས་དར་མ་མན་ཅད་དང་། འོད་སུས(སྲུང)དབོན་
སྲས་མན་ཅད་དུ’’ཞེས་རྒྱལ་པོའི་མཚན་ལ‘‘ལྷ་སྲས་དར་མ’’ཞེས་འབྱུང་ནའང་། «ལྡེའུ་ ཆོས་འབྱུང»ནང‘‘དེ་ནས་ནག་པོ་ཕོགས་ཅན་གླང་དར་མ་བྱོན’’ཞེས་དང་། དེའི་རྗེས་
ཙམ་གྱི«ས་སྐྱ་བཀའ་འབུམ»དུའང‘‘རལ་པ་ཅན་གྱི་གཅེན་པོ་གླང་དར་ཆུ་མོ་ལུག་ལོ་ལ་ སྐྱེས། སུམ་ཅུ་རྩ་དགུ་ལྕགས་མོ་བྱའི་ལོ་གཞུག་ལ་རྒྱལ་སར་བཏོན’’ཞེས་བྲིས་འདུག་
པས། ཕྲན་གྱིས་ཞིབ་ཏུ་མ་བཙལ་ཀྱང་ཕལ་ཆེར‘‘གླང་དར་མ’’ཞེས་པའི་མིང་འདི་ཉིད་ དུས་རབས་བཅུ་གཅིག་དང་བཅུ་གཉིས་ཀྱི་སྐབས་དེ་ཤེད་ཅིག་ནས་དར་བ་གསལ་པོ་
རེད། སྐབས་དེའི་ཆོས་འབྱུང་རྩོམ་མཁན་དག་ནི་ནང་པའི་ཆོས་ལུགས་ལ་དད་ཞེན་ཆེ་ བའི་སྐྱེ་བོ་ཤ་སག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྩམས་པ་ཞིག་རེད་སྙམ་མོད། འོན་ ཀྱང་རྒྱལ་པོ་དེ་ཉིད་བཀྲོངས་མཁན་ལྷ་ལུང་དཔལ་གྱི་རོ་རྗེར་ལོ་རྒྱུས་ཀྱི་ནག་ཉེས་ཡོད་
97
མེད་ལ་དེ་ཙམ་མ་གཟིགས་པར་རྒྱལ་པོ་དེའི་ལོ་རྒྱུས་ཀྱང་རབ་རིབ་དང་གབ་སྦས་ལྟ་བུ་ བྱས་འདུག
ལོ་ཤས་ཀྱི་སྔོན་ལ་ཕྲན་གྱིས་ལྷ་ལུང་དཔལ་གྱི་རོ་རྗེའི་སྐོར་ལ་ཞིབ་འཇུག་ཕྲན་བུ་བྱས་ པའི་སོམ་ཚིག་ཅིག་འདིར་དྲངས་ན‘‘ཀ་ཐོག་ཚང་གིས་གསུངས་པའི་ལོ་ཚིགས་དེའི་
དབང་དུ་བྱས་ན། ལྷ་ལུང་དཔལ་གྱི་རོ་རྗེ་ནི་སྤྱི་ལོ་༧༨༤ལོར་འཁྲུངས་པའམ་ཡང་ན་སྤྱི་ ལོ་༧༨༦ལོར་གང་རུང་ཞིག་ཏུ་སྐུ་འཁྲུངས་པ་རེད། ང་ཚོས་ཁོང་གི་གཤེགས་ལོ་མི་ཤེས་ ཀྱང་། བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རོགས་སྐབས་ཁོང་མདོ་སད་དུ་
བཞུགས་ཡོད་པ་ལ་དོགས་པ་རྣམ་རྟོག་མེད། སྤྱིར་བླ་ཆེན་པོའི་འཁྲུངས་འདས་ཀྱི་ལོ་ ཚིགས་སྐོར་ལ་བཞེད་པ་མང་ནའང་། སྐབས་འདིར་རྒྱལ་པོ་ཁྲི་རལ་པ་ཅན་གྱི་སྐྱིད་རྟག་ ཅེས་པར་བསྟུན་ནས་བཤད་པའི་བླ་ཆེན་པོའི་འཁྲུངས་ལོ་དེ་སྤྱི་ལོ་༨༩༢ དང་འདས་ལོ་
སྤྱི་ལོ་༩༧༥ལ་ངོས་འཛིན་བྱེད་རྒྱུ་ཡིན། དེར་བརྟེན་བླ་ཆེན་པོ་བསྙེན་པར་རོགས་དུས་ནི་ སྤྱི་ལོ་༩༤༡རེད། དེས་ན་བླ་ཆེན་པོ་བསྙེན་པར་རོགས་སྐབས་ལྷ་ལུང་དཔལ་གྱི་རོ་རྗེ་
དགུང་ལོ་༡༥༧ཡས་མས་ལ་ཕེབས་ཡོད་པ་དང་། སྐབས་དེར་ཁོང་དན་ཏིན་ཕོགས་ན་
བཞུགས་ཤིང་། དེ་ནས་ཁམས་ཀློང་ཐང་ཕོགས་སུ་ཕེབས་པ་སོགས་ལ་རོབ་རྩིས་ཤིག་ བརྒྱབ་ན་ལྷ་ལུང་དཔལ་གྱི་རོ་རྗེ་དགུང་ལོ་བརྒྱ་དང་དྲུག་ཅུའམ་ཡང་ན་བརྒྱ་དང་བདུན་ ཅུ་ལྷག་ལ་བཞུགས་པ་འདྲ་བས། འདི་ན་གསང་བ་ཆེན་པོ་ཞིག་འདུག་ལ། ཕྲན་གྱིས་
གོང་དུ་གླེང་ཟིན་པའི་ལྷ་ལུང་དཔལ་གྱི་རོ་རྗེའི་སྐུ་ཚེའི་ལོ་རྒྱུས་འདི་ནི་གང་ཟག་གཅིག་གི་ ལོ་རྒྱུས་སམ། ཡང་ན་གང་ཟག་གཉིས་ཀྱི་ལོ་རྒྱུས་ཡིན་མིན་གསལ་པོ་མི་ཤེས་པས་
དོགས་པ་ཞིག་རང་ཤུགས་སུ་སྐྱེས་བྱུང་། དོགས་པ་ནི་དོགས་པ་རང་ཡིན་ལ། དོགས་ པ་དེ་སེལ་བར་ད་དུང་དཔྱད་གཞིའི་ཡིག་ཆ་ཁུངས་བཙན་མ་རྙེད་པར་བརྟེན་རེ་ཞིག་ 98
རྩོམ་ཡིག་འདིའི་མཇུག་བསྡུས་པ་ཡིན་ནོ།’’ཞེས་པ་འདི་ཡིན་ལ། ཁོང་གི་ལོ་རྒྱུས་རྒྱས་པ་ དེ‘‘ལྷ་ལུང་དཔལ་གྱི་རོ་རྗེའི་སྐུ་ཚེའི་ལོ་རྒྱུས་འཚོལ་ཞིབ’’ཅེས་པའི་རྩོམ་ཡིག་དེའི་ནང་ བྲིས་ཡོད་པས་བསྐྱར་ཟློས་མ་བྱས་སོ།
དེ་ལ་འདིར་རྩོམ་ཡིག་འདིའི་ནང་ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་
ཞིག་ཡིན་མིན་གྱི་སྐོར་ཏུན་ཧོང་ཡིག་ཆ་ཞིག་ལ་རྐྱེན་བྱས་ཏེ་ཉུང་བསྡུས་ཤིག་གླེང་བར་ འདོད། སྤྱིར་བཏང་ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་ཚུལ་ལོ་ རྒྱུས་རྙིང་པ«སྦ་བཞེད»དང་། «ཡེར་པའི་དཀར་ཆག»གཙོས་པའི་ཕྱིས་བྱུང་གི་བོད་ཀྱི་ ཆོས་འབྱུང་ལོ་རྒྱུས་ཁག་ཏུ་མི་གསལ་མོད། མཁས་དབང་མཁར་རྨེའུ་བསམ་གཏན་
ལགས་ཀྱིས‘‘ལྷ་ལུང་དཔལ་གྱི་རོ་རྗེའི་སྐོར་ཆོས་འབྱུང་སོ་སོ་ནས་བཤད་སངས་མི་འདྲ་
བ་ཡོད། འགའ་ཤས་ནས་གྲུབ་ཐོབ་ལྟ་བུ་དང་ཡང་འགའ་ཤས་ནས་སྔགས་བཙུན་ལྟ་བུ་ ཞིག་ཡིན་པར་བཤད་མོད། ཁོང་ནི་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་ཞིག་ཡིན་པར་མ་
ཟད་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་པ་གནའ་རབས་ཀྱི་ཡིག་ཆ་ཏུན་ཧོང་ཡིག་ རྙིང་མའི་གྲས་ནས་བདག་གིས་རྙེད་བྱུང་།’’ཞེས་དང་། ཁོང་གི་རྩོམ་ཡིག་གཞན་ཞིག་
ཏུའང‘‘གནའ་བོའི་དཔྱད་ཡིག་ཅིག་ནང་དུ་སྦ་གསལ་སྣང་གིས་གཙོས་པའི་བསམ་ཡས་ དགོན་གྱི་མཁན་པོའི་མིང་ཐོ་ཞིག་འདུག་པ་དེའི་ཁྲོད་དུ་ལྷ་ལུང་དཔལ་རོར་ཞེས་པའི་
མིང་དེ་ཨང་དགུ་པར་བཞག་འདུག་པ་ལས་དེ་པ་ནི་བསམ་ཡས་དགོན་གྱི་མཁན་པོ་སྐུ་
ཐོག་དགུ་པ་དེ་ཡིན་ཚུལ་བསན་ཡོད་དོ།’’ཞེས་གསུངས་ཡོད། གསུང་བབ་འདི་ལ་བརྟེན་ ནས་དེང་སང་ང་ཚོས་ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པར་
མ་ཟད་མཁན་རབས་དགུ་པ་ཡིན་པར་འདོད་ཀྱིན་ཡོད་ལ། ཏུན་ཧོང་ཡིག་ཆའི་སྐོར་ལ་
ཞིབ་འཇུག་གནང་མཁན་ཕྱི་གླིང་གི་བོད་པ་བ་ Sam Van Schaik ལགས་ཀྱིས་ 99
ཀྱང་ལྷ་ལུང་དཔལ་གྱི་རོ་རྗེ་ནི་བསམ་ཡས་ཀྱི་མཁན་རབས་དགུ་པ་ཡིན་ཚུལ་འདི་ལྟར“
Lhalung Palgyi Dorjee was the ninth abbot of Samye, the great temple built in the reign of Trisong
Detsen.” ཞེས་གསུངས་འདུག ད་དུང་དུས་དེབ་དང་དྲྲྭ་ལམ་ཁག་ཏུ་འདི་འབྲེལ་གྱི་ རྩོམ་ཡིག་གང་མང་བྲིས་ཡོད་པ་མཐོང་ནའང་། དེ་དག་གིས་བཤད་པའི་ཁུངས་ལུང་ནི་ གོང་དུ་དྲངས་པའི་ཚིག་དུམ་འདི་དག་ལ་བཅོལ་ཡོད་པས་འདིར་ལུང་ཚིག་གང་མང་ འདྲེན་པའི་དགོས་པ་མ་མཆིས།
དེས་ན། མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གཟིགས་མོང་བའི་ཏུན་ ཧོང་ཡིག་ཆ་ནི‘‘ཏུན་ཧོང་ཡིག་ཆ། (ལ་ཝ་ལེ་པུ་སན་1962,No.689/2)’’ཞེས་པ་འདི་ ཡིན་པ་འདྲ་ནའང་། ཁོང་གིས་སྤྱི་བམ་ཙམ་གྱིས་ཆོག་པར་གནང་སྟེ་ཏུན་ཧོང་ཡིག་ཆ་
དེའི་ཚིག་དུམ་དེ་དག་དངོས་སུ་རྩོམ་ཡིག་ནང་དྲངས་མེད་སབས། ང་ཚོས་དོན་དངོས་ སུ་ཏུན་ཧོང་ཡིག་ཆ་དེའི་ནང་ག་རེ་བཤད་ཡོད་མེད་ཤེས་ནུས་བལ། ཕྲན་གྱིས་ལྷ་ལུང་
དཔལ་རོར་སྐོར་གྱི་རྩོམ་ཡིག་ཅིག་འབྲི་སྐབས་ཡིག་ཆ་དེར་མཇལ་འདོད་ཤིན་ཏུ་ཆེ་ཡང་ མ་ཐོབ་ཀྱང་། དེ་ནས་བཟུང་ཡིག་ཆ་དེ་བཙལ་འཚོལ་བྱས་པ་ཡིན། སབས་ལེགས་པ་ ཞིག་ལ་ཕྲན་ལ་ཐོབ་པའི་ཏུན་ཧོང་ཡིག་ཆ་དེའི་ཚིག་དུམ་དེ་དག་གསལ་པོར་དྲངས་ན་ འདི་ལྟར། ‘‘བོད་ཡུལ་དུ་བྱུང་བའི་དགེ་བའི་བཤེསཉེན་གི་རྒྱུདཀྱི་རྣམ་གྲངས་ལ། རྒྱ་ གར་གི་མཁན་པོ་བོ་དེ་སྦོ་དེ་སྦ་དྦ་ལས་བསྦོགས་པའི་སོབ་མ་ནི། དབའ་བཙུན་བ་ཡེ་
ཤེས་དབང་པོ། དབའ་དཔལ་དབྱངས། ངན་ལམ་རྒྱལ་མཆོག་དབྱངས། འགོ་འབློམ་རོ་ རྗེ་རྒྱལ་པོ། ཇེང་གསལ་རབ་རིན་པོ་ཆེ། མང་མཆོག་རབ་གཞོན་ནུ་མང་གཞག་མྱི་གོ་ཆ། གླེའུ་གཞོན་ནུ་སྙིང་པོ། ལྷ་ལུང་དཔལ་གི་རོ་རྗེ། ཆོག་རོ་དཔལ་གི་སེང་གེ། བོག་རོ་ 100
བྱམས་པའི་སེང་གེ། ཅོག་རོ་བྱམས་པའི་སེང་གེ། བོག་རོ་འཆོས་ཀྱི་བཤེས་ཉེས། དེ་ ལས་བསོགས་པ་ནི་བསམ་ཡས་དང་འཕྲུལ་སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་
འལ་སོ(ལགས་སོ)། །’’ཞེས་པ་འདི་རེད། ཕྲན་གྱིས་ཚོད་དཔག་བྱས་པ་ལྟར་ན་ཕལ་
ཆེར་མཁས་དབང་མཁར་རྨེའུ་བསམ་གཏན་ལགས་ཀྱིས་གོང་དུ་གསལ་བའི་མཁན་ཆེན་ བོ་ངྷྷི་ས་ཏྭའི་སོབ་མ་དང་དགེ་བའི་བཤེས་གཉེན་འདི་དག་ནི་བསམ་ཡས་ཀྱི་མཁན་པོ་
ཡིན་པ་དང་། ལྷ་ལུང་དཔལ་གྱི་རོ་རྗེ་ནི་ཡར་ནས་མར་བརྩིས་ན་དགུ་པར་(མཁན་ཆེན་ ཞི་བོ་འཚོ་བསྣན་ན་དགུ་པ་དང་། དེ་མིན་བརྒྱད་པ་རེད)འཁེལ་འདུག་པས་མཁན་ རབས་དགུ་པར་དགོངས་པར་སྙམ་མོད། འོན་ཀྱང་། འདི་དག་ནི་བསམ་ཡས་ཀྱི་ མཁན་རབས་མ་ཡིན་ཚུལ་གཤམ་དུ་འཆད་པར་འགྱུར་རོ། །
གོང་གི་ཏུན་ཧོང་ཡིག་ཆ་འདི་ལ་མཇལ་ན་ལྷ་ལུང་དཔལ་གྱི་རོ་རྗེ་རབ་ཏུ་བྱུང་བའི་དགེ་
སོང་ཞིག་ཡིན་པ་ཤེས་ནའང་། བོད་ཀྱི་ཆོས་འབྱུང་དཔེར་ན«སྦ་བཞེད།»དང་། «ལྡེའུ་ ཆོས་འབྱུང་།» «མང་ཆོས་འབྱུང་།» « བུ་སོན་ཆོས་འབྱུང་།» «ཡར་ལུང་ཇོ་བོའི་
ཆོས་འབྱུང་།» མདོར་ན«དེབ་སྔོན»སོགས་ཀྱི་ནང་སད་མི་བདུན་གྱི་མཚན་སྣ་ཚོགས་ མཆིས་པ་དེ་དག་གི་ནང་དུ་ལྷ་ལུང་དཔལ་གྱི་རོ་རྗེ་རབ་ཏུ་བྱུང་བའི་ལོ་རྒྱུས་མི་གསལ་
བར་མ་ཟད། ཁོང་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་ཡོད་མེད་ཀྱི་ལོ་རྒྱུས་ཀྱང་མི་
གསལ། མཁན་ཆེན་ཞི་བ་འཚོར་མཚོན་ནའང་ཁོང་གི་སྐུ་ཚེའི་སད་དུ་བོད་ཀྱི་ཁྱིམ་པ་བ་ ཚོར་རབ་བྱུང་གི་སོམ་པ་མནོས་པའི་ལོ་རྒྱུས་མཇལ་རྒྱུ་མེད་ལ། ཇོ་མོ་གཅེན་ཁྲི་རྒྱལ་མོ་ བཙན་དང་སྲུ་བཙན་མོ་རྒྱལ་ལ་སོགས་པའི་མི་བརྒྱ་ལྷག་མཁན་པོ་སྦ་རཏྣ་ལས་རབ་ཏུ་ བྱུང་བའི་ལོ་རྒྱུས་ཡོད། ཕོགས་གཞན་ཞིག་ནས་བཤད་ན། «སྔོན་གྱི་གཏམ་མེ་ཏོག་
ཕྲེང་བ»རུ“རྦ་གསལ་སྣང་དང་བདུན། མཁན་པོ་བོ་ངྷྷི་སཏྭ་ལས་རབ་ཏུ་བྱུང་ལ་ཤིན་ཏུ་ 101
བཟང་བར་བྱུང་སྟེ་རད་ན་ལས་སང་མི་གྲགས་སོ། དེ་ལས་གྱེས་ནས་བཙུན་མོ་གསུམ་ གྱིས་དབུ་བྱས་པའི་འབངས་རལ་བ་ཅན་སུམ་བརྒྱ་དུས་གཅིག་ལ་རབ་ཏུ་བྱུང་།”ཞེས་
བོད་མི་སུམ་བརྒྱ་ལྷག་སྡེབས་གཅིག་ལ་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད་པས། དུས་ཚོད་
ཀྱི་ཆ་ནས་བཤད་ན་ལྷ་ལུང་དཔལ་གྱི་རོ་རྗེ་སྐབས་དེ་འདྲ་ཞིག་ལ་རབ་ཏུ་བྱུང་དགོས་པ་
འདྲ་ནའང་ད་དུང་ཁ་ཚོན་གཅོད་ཐུབ་པའི་སྤོབས་པ་མ་རྙེད། ལྡེའུ་ཆོས་འབྱུང་ནང‘‘སད་ མི་མི་བཅུ་གསུམ་རབ་ཏུ་བྱུང་།’’ཞེས་འབྱུང་བར་བརྟགས་ན། གོང་གི་ཏུན་ཧོང་ཡིག་ཆར་ གསལ་བའི་དགེ་བའི་བཤེས་གཉེན་འདི་དག་གི་གྲངས་ཀ་དང་ཏག་ཏག་མཐུན་པས་འདི་ ལའང་བརྟག་དཔྱད་ཅིག་གནང་དགོས་པར་སྙམ། གང་ལྟར། བསམ་ཡས་དང་འཕྲུལ་
སྣང་ཡན་བར་གྱི་དགེ་བའི་བཤེས་གཉེན་འདི་དག་གི་མཚན་རེ་ཟུང་སད་མི་བདུན་དང་རྗེ་ འབངས་ཉེར་ལྔའི་གྲས་སུའང་མཇལ་རྒྱུ་འདུག
ད་ཕན་བོད་ཀྱི་ཡིག་རྙིང་དང་ཆོས་འབྱུང་ཁག་ཏུ་བསམ་ཡས་ཀྱི་མཁན་རབས་རིམ་བྱོན་ གྱི་མཚན་ཐོ་མཇལ་རྒྱུ་མེད་པས། བསམ་ཡས་ཀྱི་མཁན་རབས་རེ་རེ་ངོས་འཛིན་རྒྱུ་དེ་
ལས་ས་པོ་ཞིག་མ་ཡིན། འོན་ཀྱང་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་སྦ་གསལ་སྣང་རབ་བྱུང་ བསྒྲུབས་ནས་བསམ་ཡས་ཀྱི་མཁན་པོར་བཞུགས་ཤིང་། མཁན་པོ་གཉིས་པོ་ནི་དབའ་ དཔལ་དབྱངས་ཡིན་པའི་ལོ་རྒྱུས་ཀྱི་དཔེ་མཚོན་ཞིག་དྲངས་ན«སྦ་བཞེད»དུ‘‘དེ་དུས་ རིང་ཞིག་ན་མཁན་པོ་བོབྷི་སཏྭ་ཕོ་བང་རིམ་དགུའི་འོག་ཁང་དུ་རྟས་ཕྲབ་(ཕྲ)རྒྱབ་སྟེ་
ལམ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་ཏེ་སྐུ་གཤེགས། དེའི་སྤུར་ཁང་ཧས་པོ་རིའི་རྒྱབ་ ཏུ་བཞེངས་ནས་མཆོད་རྟེན་ཅིག་ཀྱང་བཞེངས། དེར་བཙན་པོས་ཡེ་ཤེས་དབང་པོ་རིང་ ལུགས་སུ་བསྐོས་སོ།’’ཞེས་དང་། ‘‘དེ་ནས་པྲ་ཏི་ཧ་ཏི་མཆོད་པ་བྱས་པའི་དུས་སུ་ཇོ་མོ་
བཙན་ཁྲི་རྒྱལ་མོ་བཙན་དང་། སྲུ་བཙན་མོ་རྒྱལ་ལ་སོགས་པ་རྒྱ(བརྒྱ)རབ་ཏུ་བྱུང་བའི་ 102
མཁན་པོ་སྦ་རཎས་བགྱིས།’’[ཞེས་ཀྱང་འབྱུང་ལ། ‘‘དེ་ནས་ཉང་ལ་སོགས་པས་སྡིག་
བསགས་པ་དེས་ཡེ་ཤེས་དབང་པོ་སྒོམ་པར་གསོལ་ཏེ་ཁྲོས་ནས་དབེན་ས་ལྷོ་བག་མཁར་ ཆུ་བཙན་གྱི་བག་ཕུག་ཏུ་མཆིས་པའི་སད་ན། ཤུལ་དུ་སྦ་དཔལ་དབྱངས་རིང་ལུགས་སུ་ བསྐོས།’’ཞེས་པ་འདི་དག་ལ་བསམ་ན་ང་ཚོས་བསམ་ཡས་ཀྱི་མཁན་རབས་དང་པོ་དང་ གཉིས་པ་གཉིས་སུ་ཡིན་ཤེས་ཐུབ་མོད། དེའི་ཕྱིས་ཀྱི་མཁན་པོ་རིམ་བྱོན་གྱི་སྐོར་མི་ གསལ། ཕྲན་གྱིས་སྦ་བཞེད་མི་འདྲ་བ་ཁག་ལ་ཞིབ་ཏུ་མཇལ་སྐབས། སྦ་ཡེ་ཤེས་
དབང་པོ་དང་སྦ་དཔལ་དབྱངས་གཉིས་མཁན་པོར་བཞུགས་སྐབས་ཀྱང‘‘མཁན་པོ’’མིང་
ཅན་གྱི་མི་ཡོད་པ་དཔེར་ན‘‘དབའ་བན་མཁན་པོ་མཉྫུས་ཤེས་རབ་འབུམ་ལྷ་སྲས་ཁྲི་སྲོང་ ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ།’’ཞེས་སྦ་བཞེད་དུ་འབྱུང་ལ། ཁོང་ནི་བསམ་ཡས་ སྒྲ་བསྒྱུར་གླིང་དུ་ཆོས་ཀྱི་གླེགས་བམ་མང་པོ་བོད་ཡིག་ཏུ་སྒྱུར་མཁན་དེ་དག་གི་ཁྲོད་ཀྱི་ གཅིག་རེད། སྐབས་དེར་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་
བཞུགས་གནང་བཞིན་པའི་དུས་སྐབས་ཡིན་སབས། ‘‘དབའ་བན་མཁན་པོ་མཉྫུས’’ཞུ་ བ་ནི་བསམ་ཡས་ཀྱི་མཁན་པོར་བཞུགས་སྲོལ་མེད་པ་ལྟ་བུ་ཆགས་ཡོད། འོན་ཀྱང་།
སྦ་དཔལ་དབྱངས་སྐུ་གཤེགས་རྗེས་མཁན་པོ་མཚན་ཅན་གྱི་མིང་ཞིག«སྦ་བཞེད»དུ་ འབྱུང་བ་ནི་‘“མཁན་པོ་ཤཱནྟི་དང་། སྦ་བཟའ་དགེ་ལྡམ་ལ་སོགས་པས་མངོན་པར་བྱང་ ཆུབ་པར་སྔ་བཞིན་བཙུགས་སོ།”ཞེས་པ་འདི་རེད་ལ། ཁོ་བོའི་བསམ་ཚུལ་ལྟར་ན་ བསམ་ཡས་ཀྱི་མཁན་རབས་གསུམ་པ་ནི་མཁན་པོ་ཤཱནྟི་ཞུ་བ་འདི་མིན་ནམ་སྙམ།
གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་མི་བཅུ་གཉིས་སམ་ཡང་ན་མི་བཅུ་གསུམ་འདི་ དག་བསམ་ཡས་ཀྱི་མཁན་པོར་བཞུགས་ཡོད་ཚེ། ངན་ལམ་རྒྱལ་མཆོག་དབྱངས་ནི་
བསམ་ཡས་ཀྱི་མཁན་རབས་གསུམ་པ་ཡིན་དགོས་ཤིང་། ཁོང་གི་རབ་བྱུང་གི་མཚན་ལ་ 103
གླང་ཁམས་པ་སུ་གྷ་ཏ་ཝརྨ་རཀྴི་ཏ་ཞེས་གསོལ་ཡོད་པས། སྦ་དཔལ་དབྱངས་སྐུ་
གཤེགས་རྗེས་བསམ་ཡས་ཀྱི་མཁན་པོ་དེ་ཁོང་ཡིན་དགོས་ནའང་། ཁོང་ལ་མཁན་པོ་ ཞེས་པའི་མིང་སར་ཡོད་པ་མ་མཐོང་། དེ་བཞིན་དུ་ཏུན་ཧོང་ཡིག་ཆར་གསལ་བའི‘‘ཆོག་
རོ་དཔལ་གི་སེང་གེ’’ཞུ་བ་འདི«སྦ་བཞེད»དུ་“བླའི་བཀའ་ལུང་བཞིན་དུ། སུམ་པ་ཁྲི་ལྡེ་ བཞི་དགེ་བ་བཙུད། སོབ་མ་ཡང་བཎྡྷེ་གླང་སུ་ཀ་ངྷ་དང་། དཔལ་གྱི་སེང་གེ་དང་། ཨཱ་
ཙརྱ་ལ་སོགས་པ་ལགས་ཏེ”ཞེས་འབྱུང་བའི“དཔལ་གྱི་སེང་གེ”ཞུ་བ་དེ་ཡིན་ཚེ། དཔལ་ གྱི་སེང་གེ་འདི་ཉིད་ཀྱང་སྦ་དཔལ་དབྱངས་སྐབས་ཀྱི་མི་ཞིག་རེད་ལ། དུས་ཚིགས་དེད་ ན་ཁོང་ནི་ལྷ་ལུང་དཔལ་གྱི་རོ་རྗེའི་རྗེས་ཀྱི་བསམ་ཡས་ཀྱི་མཁན་པོ་ཞིག་ཡིན་པ་དང་།
ལྷ་ལུང་དཔལ་གྱི་རོ་རྗེ་ནི་ཅོག་རོ་དཔལ་གྱི་སེང་གེའི་གོང་རོལ་གྱི་མཁན་པོ་ཡིན་དགོས་ པས། དེ་ལྟར་བྱས་ན་སྦ་ཡེ་ཤེས་དབང་པོ་དང་སྦ་དཔལ་དབྱངས་གཉིས་སྐུ་འཚོ་
བཞུགས་གནང་བའི་སྐབས་སུ་ལྷ་ལུང་དཔལ་གྱི་རོ་རྗེ་བསམ་ཡས་ཀྱི་མཁན་པོ་བཞུགས་ པ་ལྟ་བུ་ཆགས་ཡོད་པས། འདི་ལ་རྒྱུ་མཚན་ཆེན་པོ་ཡོད་པར་མ་མཐོང་། ཕྲན་གྱི་
བསམ་ཚུལ་ལྟར་ན། གོང་གི་ཏུན་ཧོང་ཡིག་ཆར་གསལ་བའི་སྐྱེ་བོ་འདི་དག་ནི་བསམ་
ཡས་ཀྱི་མཁན་པོ་མིན་པར་སྙམ་ལ། ཏུན་ཧོང་ཡིག་ཆར‘‘མཁན་པོ”ཞེས་པའི་མིང་ཟུར་ ཙམ་ཡང་སར་མེད་པ་རེད། ཕལ་ཆེར་སྐྱེ་བོ་འདི་དག་ནི་མཁན་ཆེན་ཞི་བ་འཚོའི་རིང་ ལུགས་འཛིན་མཁན་གྱི་དགེ་སོང་ཁ་ཤས་ཡིན་པ་ཙམ་རེད། སྤྱིར་བཏང་ཞི་འཚོ་ཡབ་
སྲས་གཉིས་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལུགས་འཛིན་མཁན་ཡིན་པ་ དང་། སོབ་དཔོན་ཆེན་པོ་པདྨ་སམ་བྷ་བ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་མཁན་ ཡིན་པ་ཡོངས་གྲགས་ལྟ་བུ་ཡིན་པ་གང་ལྟར་ཡང་། ད་དུང་བརྗོད་གཞི་འདིའི་སྐོར་ལ་ དཔྱད་པ་ནན་མོ་གཏོང་འདོད་ཀྱི་འདུན་པ་བརྟས་ནའང་། གནས་སྐབས་རིང་བསམ་ 104
ཡས་ཀྱི་མཁན་རབས་དག་དང་འབྲེལ་བའི་དཔྱད་ཡིག་མ་རྙེད་པས་རེ་ཞིག་བཞག་པ་ ཙམ་མོ། །
Source :Naljodor FB
105
༡༦༽ སྐྱབས་རྗེ་ཞིང་གཤེགས་དམ་པ་ རྗེ་དགེ་འདུན་རིན་ཆེན་མཆོག་གི་ རྣམ་ཐར། Short Biography of 69th Je khenpo Geshe Geduen Rinchen.
106
སྐྱབས་རྗེ་ཞིང་གཤེགས་མཆོག་ སྤྱི་ལོ་༡༩༢༦ ལུ་ སྤ་རོ་སག་ཚང་སེངྒེ་བསམ་གྲུབ་
གནས་ཆེན་གྱི་ ཉེ་འདབས་ལུ་ སག་ཚང་འོད་གསལ་སྒང་གི་ དཀོན་གཉེར་མཛད་མི་ ཡབ་ཀུན་བཟང་རོ་རྗེ་དང་ ཡུབ་བཀྲ་ཤིས་ཆོས་སྐྱིད་༢ ཀྱི་སྲས་སུ་ བག་ཕུག་ཅིག་ནང་ སྐུ་འཁྲུངས་ནུག།
དེ་ལས་ དགུང་ལོ་༨ བཞེསཔ་ད་ སྤུངས་ཐིམ་དགེ་འདུན་གྲྭ་ཚང་གི་སྡེ་ནང་ རབ་ཏུ་ བྱུང་སྟེ་ རྗེ་མཁན་ཁྲི་རབས་༥༩ པ་ ཆོས་སྐྱིད་དབང་ཕྱུག་གི་ཞབས་ལས་ དགེ་
བསྙེན་དང་ དགེ་ཚུལ་གྱི་སོམ་པ་ཞུ་སྟེ་ དགུང་ལོ་༢༧ ཚུན་ རྗེ་མཁན་ཁྲི་རབ་༦༠
པ་ ཆོས་རྗེ་ངག་དབང་འཕྲིན་ལས་མཆོག་དང་ རྗེ་མཁན་ཁྲི་རབས་༦༡ པ་ བསམ་ གཏན་རྒྱ་མཚོ་ དེ་ལས་ བུམ་ཐང་ཉི་མ་ལུང་གྲྭ་ཚང་ནང་ དགེ་བཤེས་པདྨ་ཚེ་རིང་ལ་ སོགས་པ་ཚུ་ལས་ ཆོས་གསན་སང་མཛད་པའི་ཁར་ དབང་ལུང་ཁྲི་ལུང་མང་རབས་ ཅིག་ ཞུ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ དགུང་ལོ་༢༧ བཞེསཔ་ད་ བོད་གངས་ཅན་ལྗོངས་ནང་བྱོན་ཏེ་ དང་ པ་ར་ བོད་ལྷ་ལུང་ལུ་ ཀཿཐོག་མཁན་ངག་དབང་འཕྲིན་ལས་ཞབས་སར་ ལོ་༣
ཐོས་བསམ་མཛད་སྐབས་ སྒྲ་འགྱུར་མར་པའི་གདན་ས་ ལྷོ་གྲོ་བོ་ལུང་དང་ རྗེ་བཙུན་ མི་ལ་རས་པས་བཞེངས་པའི་ གུ་རུ་སྲས་མཁར་དགུ་ཐོག་ཚལ་ ཐུགས་མོས་གུས་ གདུང་བའི་སྒོ་ནས་མཇལ་ དེ་ལས་ སྔགས་ལ་མཁས་པ་ སྐྱབས་རྗེ་ར་ཧོར་ཆོས་
གྲགས་རིན་པོ་ཆེ་དང་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ལས་ ལོ་༥ འི་རིང་ ཆོས་ཐོས་བསམ་དང ་དབང་ལུང་ཁྲིད་གསུམ་ མང་རབས་ཅིག་ ཞུ་བའི་ཤུལ་ལས་
བོད་ལུ་ཆོས་ཞུ་སྐབས་ཀྱི་སྦྱིན་བདག་ རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་གི་བཀའ་ བཞིན་ ལོག་འབྲུག་ལུ་ཕེབས་ནུག། 107
དེ་ལས་ སྤ་རོ་སག་ཚང་དཔལ་ཕུག་གནས་པོའི་ ལྷ་ཁང་གི་ཐོག་ཁར་ ལོ་༣ གྱི་སྒྲུབ་ པ་གནང་པ འི་ཤུལ་ལས་ སྤུངས་ཐིམ་གྲྭ་ཚང་ནང་ བཤད་གྲྭའི་སོབ་དཔོན་མཛད་པའི་ ཁར་ སྤ་རོ་ཀུན་དགའ་ཆོས་གླིང་ལུ་ ད་རུང་ ལོ་གསུམ་སྐུ་མཚམས་བཞུགས་པའི་ ཤུལ་ལས་ བཀའ་ཆོས་ཚུ་གནང་ནུག།
སྐྱབས་རྗེ་མཆོག་གི་ མཛད་རྒྱ་ཁག་ཆེ་ཤོས་ ལེ་ཤ་ཡོད་པའི་གྲས་ལས་ རྟ་མགོ་དང་ ཕ་ཇོ་སྡིངས་བཤད་གྲྭའི་ དབུ་འཛིན་ཚུ་ མཛད་ཡོདཔ་བཞིན་དུ་ རྟ་མགོ་ལུ་
བཞུགས་པའི་སྐབས་ ལུང་བསན་དང་འཁྲིལ་ ཕ་མར་པའི་གདན་ས་ ལྷོ་གྲོ་བོ་ལུང་༢ པ་ཡང་ རྟ་མགོའི་ཉེ་འདབས་ལུ་ གནས་སྒོ་ཕྱེ་གནང་ནུག།
སྐྱབས་རྗེ་མཆོག་ ཁྲི་ཐོག་བྱོན་པའི་ཤུལ་ལས་ བུམ་ཐང་སྐུ་རྗེས་དང་ ལྷུན་རྩེ་རབ་སྡེ་
མོང་སྒར་ བཀྲ་ཤིས་སྒང་ བཀྲ་ཤིས་གཡང་རྩེ་ ཝམ་རོང་ པདྨ་དགའ་ཚལ་ བསམ་ གྲུབ་ལྗོངས་མཁར་ དགེ་ལེགས་ཕུག་དང་ གཞལམ་སྒང་རོང་ཁག་ཚུ་དང་ སན་ཁང་ ཚུ་ནང་ ཆོས་དོན་གཟིགས་སྐོར་དང་ ཐུགས་སོན་ འཕྲིན་ལས་རྣམ་བཞིའི་ འགྲོ་ དོན་མཛད་ཡོདཔ་ཨིན་པས།
དེ་ལས་ རྗེའི་ཐུགས་སྲས་ རོ་རྗེ་སོབ་དཔོན་ རྗེ་མཁན་ཁྲི་རབས་བདུན་བཅུ་པ་ སྤྲུལ་ སྐུ་འཇིགས་མེད་ཆོས་གྲགས་མཆོག་ ཁྲི་ཐོག་ལུ་ མངའ་གསོལ་མཛད་པའི་ཤུལ་ལས་
བྱང་ཆུབ་སྡིངས་ཀྱི་གཟིམ་ཁང་དུ་ སྐུ་ངལ་གནང་བཞུགས་ཏེ་ སྤྱི་ལོ་༡༩༩༧ རང་ཟླ་༣ པའི་ཚེས་༡༠ ལུ་ དགུང་ལོ་༧༢ བཞེསཔ་ད་ ཞིང་ལུ་ཕེབས་པའི་ཤུལ་ལས་ ནང་
རྟེན་བྱིན་ཅན་སྐུ་གདུང་བཞག་གནང་མི་འདི་ ད་རེས་ནངས་པར་ བཀྲ་ཤིས་ཆོས་རོང་ ནང་ བཞུགས་སུ་གསོལ་ཏེ་ཡོདཔ་ཨིན་པས།-ཀུན་གསལ། – རྒྱལ་ཡོངས་ཉིན་བསར་ གསར་ཤོག། 108
༡༧༽ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་མཚན་དོན།
ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་སྙིང་པོ་འདི་ནི་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ ལས་ཀྱང་ཆེས་སྙིང་པོར་གྱུར་བའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ངེས་འབྱུང་བསྐུལ་བའི་སྙིང་ པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་དད་མོས་བསྐྲུན་པའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་
དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་པའི་ཐབས་ཀྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ལས་ངན་སོང་ བའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ཚོགས་སོག་པའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཕ་ རོལ་ཏུ་ཕྱིན་པ་དགུའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་བླ་མ་ཐམས་ཅད་བསྙེན་པའི་
སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའོ༔ ཨོཾ་མ་ཎི་ པདྨེ་ཧཱུཾ་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་དང་།
གསང་སྔགས་རིགས་སྔགས་ཀུན་གྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་འདི་ནི་འཕགས་ མཆོག་ཐུགས་རྗེ་ཆེན་པོའི་མཚན་སྔགས་དང་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་སངས་
རྒྱས་ཐམས་ཅད་ཀྱི་འཕྲིན་ལས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྔགས་སོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདིས་ནི་ཉོན་མོངས་པ་ལྔ་དང་བདག་ཏུ་འཛིན་པ་རྣམ་པར་འཇོམས་མོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདིས་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མངོན་དུ་བྱེད་ དོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདིས་ནི་རང་ཉིད་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་ བཅས་པ་སོང་ཞིང་༔ གཞན་ཡང་རིགས་དྲུག་གནས་ནས་འདྲེན་ཅིང་བླ་ན་མེད་པའི་
བྱང་ཆུབ་ལ་འགོད་དོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ཉིད་དང་པོ་པས་སངས་རྒྱས་དང་བྱང་ཆུབ་
སེམས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྤྱི་གཟུགས་ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་བླ་མ་གཉིས་སུ་མེད་པ་ལ་བློ་ལིང་འགེལ་གྱི་དད་ 109
མོས་དང་སེམས་ཅན་ཀུན་ལ་སྙིང་རྗེའི་ཤུགས་དྲག་པོས་བཟླའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་
ཉིད་བཟླས་པའི་སོབས་ཀྱིས་གོང་གི་ཡོན་ཏན་རྣམས་མངོན་དུ་འགྱུར་ཞིང་། ཁྱད་པར་ ཤེས་རབ་ཀྱི་མཆོག་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ཤིང་༔ ཐབས་ཀྱི་མཆོག་སྙིང་རྗེ་དང་ བྱམས་པས་ཕ་རོལ་ཏུ་ཕྱིན་པ་ལ་བབས་ཀྱིས་འཇུག་པ་འོང་ཞིང་༔ འབྲུ་བཅུ་དང་བདུན་ དྲུག་སོགས་ཀྱི་དོན་ཀྱང་ཤེས་འོང་ཞིང་དེ་དག་གང་གིས་ཀྱང་ཡིད་ལ་བྱེད་པའི་གྲུབ་པ་
མངོན་དུ་བྱེད་དོ༔ ཤེས་རབ་ཀྱི་སྒྲོན་མེ་མི་གསལ་ཞིང་ཆོས་རྣམས་ཀྱི་དོན་དང་ཁྱད་པར་ འདིའི་དོན་ལ་དཔྱོད་པའི་བློ་གྲོས་རྣོན་པོའི་ཚད་ལ་མ་ཕེབས་པའི་གང་ཟག་རྣམས་ཀྱིས་
ནི་རྟོག་དཔྱོད་མི་གཞུག་ཅིང་ཐེ་ཚོམ་མེད་པར་ཁ་ཏོན་དུ་བྱེད་པ་ལ་ནན་ཏན་དུ་བྱའོ༔ ཨོཾ་ ཨཱཿཧྲཱི་ཧཱུཾ་ནི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ལ་འཕགས་མཆོག་ ཕག་ན་པདྨོའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་ནི་འཕགས་པ་པདྨ་ནོར་བུ་འཛིན་པའི་
མཚན་སྔགས་དང་བསྙེན་སྒྲུབ་ཀྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་འཕགས་པའི་ལས་ སྔགས་སོ༔ ཧྲཱི་ནི་འཕགས་པའི་སྙིང་པོའི་ཡང་སྙིང་ངོ་༔ ལས་སྔགས་ལའང་ཡང་སྙིང་
བཏགས་པ་ནི་ལས་སྔགས་འབྲུ་དྲུག་པོ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་སངས་ རྗེས་འཕགས་པའི་གསང་གསུམ་དུ་འཕོས་པའི་ང་རྒྱལ་ནན་ཏན་དུ་བྱེད་པའོ༔ ཨོཾ་མ་ཎི་
པདྨེ་ཧཱུཾ་ཧྲཱི༔ ཅེས་པའང་ཚུལ་ཁྲིམས་ནོར་བུ་ཞུ་བས་དྲིས་པ་བཞིན། བཀའ་ལན་མདོར་ བསྡུས་ཤིག་ཕུལ་ཞིང་། དགོངས་མོའི་ཆ་ལ་འདི་ལྟར་ཡིད་ངོར་འཆར་བ་བཞིན་བརོལ་
ཐབས་སུ་མ་ཎི་འབྲེལ་བ་དོན་བསྡུས་མ་འདི་དོལ་པོ་གྲུབ་ཆེན་སྤྲུལ་སྐུ་སྒོམ་ཆེན་དུ་འབོད་ པས་ལེགས་པར་གཏན་ལ་ཕབ་པ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ།།ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་པའི་སྙིང་པོ་འདི་ནི་མདོ་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ལས་ཀྱང་ཆེས་སྙིང་
པོར་གྱུར་བའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ངེས་འབྱུང་བསྐུལ་བའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ 110
ཧཱུཾ་འདི་ནི་དད་མོས་བསྐྲུན་པའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་དཀོན་མཆོག་གསུམ་ ལ་སྐྱབས་སུ་འགྲོ་བའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་བྱང་ཆུབ་མཆོག་ཏུ་སེམས་
བསྐྱེད་པའི་ཐབས་ཀྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ལས་ངན་སོང་བའི་སྙིང་པོའོ༔
ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ཚོགས་སོག་པའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཕ་རོལ་ཏུ་ཕྱིན་པ་
དགུའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་བླ་མ་ཐམས་ཅད་བསྙེན་པའི་སྙིང་པོའོ༔ ཨོཾ་ མ་ཎི་པདྨེ་ཧཱུཾ་འདི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་ སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྙིང་པོ་དང་། གསང་སྔགས་
རིགས་སྔགས་ཀུན་གྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་འདི་ནི་འཕགས་མཆོག་ཐུགས་རྗེ་ ཆེན་པོའི་མཚན་སྔགས་དང་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་སངས་རྒྱས་ཐམས་ཅད་ ཀྱི་འཕྲིན་ལས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལས་ཀྱི་སྔགས་སོ༔ ཨོཾ་མ་ཎི་པདྨེ་ ཧཱུཾ་འདིས་ནི་ཉོན་མོངས་པ་ལྔ་དང་བདག་ཏུ་འཛིན་པ་རྣམ་པར་འཇོམས་མོ༔ ཨོཾ་མ་ཎི་
པདྨེ་ཧཱུཾ་འདིས་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་མངོན་དུ་བྱེད་དོ༔ ཨོཾ་
མ་ཎི་པདྨེ་ཧཱུཾ་འདིས་ནི་རང་ཉིད་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་དང་བཅས་པ་ སོང་ཞིང་༔ གཞན་ཡང་རིགས་དྲུག་གནས་ནས་འདྲེན་ཅིང་བླ་ན་མེད་པའི་བྱང་ཆུབ་ལ་ འགོད་དོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ཉིད་དང་པོ་པས་སངས་རྒྱས་དང་བྱང་ཆུབ་སེམས་པ་
ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྤྱི་གཟུགས་འཕགས་ མཆོག་ཐུགས་རྗེ་ཆེན་པོ་དང་བླ་མ་གཉིས་སུ་མེད་པ་ལ་བློ་ལིང་འགེལ་གྱི་དད་མོས་དང་
སེམས་ཅན་ཀུན་ལ་སྙིང་རྗེའི་ཤུགས་དྲག་པོས་བཟླའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ཉིད་བཟླས་ པའི་སོབས་ཀྱིས་གོང་གི་ཡོན་ཏན་རྣམས་མངོན་དུ་འགྱུར་ཞིང་། ཁྱད་པར་ཤེས་རབ་ཀྱི་ མཆོག་ཆོས་ཀྱི་དབྱིངས་ཀྱི་དོན་རྟོགས་ཤིང་༔ ཐབས་ཀྱི་མཆོག་སྙིང་རྗེ་དང་བྱམས་པས་ 111
ཕ་རོལ་ཏུ་ཕྱིན་པ་ལ་བབས་ཀྱིས་འཇུག་པ་འོང་ཞིང་༔ འབྲུ་བཅུ་དང་བདུན་དྲུག་སོགས་ ཀྱི་དོན་ཀྱང་ཤེས་འོང་ཞིང་དེ་དག་གང་གིས་ཀྱང་ཡིད་ལ་བྱེད་པའི་གྲུབ་པ་མངོན་དུ་བྱེད་
དོ༔ ཤེས་རབ་ཀྱི་སྒྲོན་མེ་མི་གསལ་ཞིང་ཆོས་རྣམས་ཀྱི་དོན་དང་ཁྱད་པར་འདིའི་དོན་ལ་ དཔྱོད་པའི་བློ་གྲོས་རྣོན་པོའི་ཚད་ལ་མ་ཕེབས་པའི་གང་ཟག་རྣམས་ཀྱིས་ནི་རྟོག་དཔྱོད་ མི་གཞུག་ཅིང་ཐེ་ཚོམ་མེད་པར་ཁ་ཏོན་དུ་བྱེད་པ་ལ་ནན་ཏན་དུ་བྱའོ༔ ཨོཾ་ཨཱཿཧྲཱི་ཧཱུཾ་ནི་
རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་སྙིང་པོ་ཡིན་ལ་འཕགས་མཆོག་ཕག་ན་པདྨོའི་ སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི་ནི་འཕགས་པ་པདྨ་ནོར་བུ་འཛིན་པའི་མཚན་སྔགས་དང་
བསྙེན་སྒྲུབ་ཀྱི་སྙིང་པོའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་འདི་ནི་འཕགས་པའི་ལས་སྔགས་སོ༔ ཧྲཱི་ནི་ འཕགས་པའི་སྙིང་པོའི་ཡང་སྙིང་ངོ་༔ ལས་སྔགས་ལའང་ཡང་སྙིང་བཏགས་པ་ནི་ལས་
སྔགས་འབྲུ་དྲུག་པོ་རིགས་དྲུག་ཏུ་སྐྱེ་བའི་ས་བོན་བག་ཆགས་སངས་རྗེས་འཕགས་པའི་ གསང་གསུམ་དུ་འཕོས་པའི་ང་རྒྱལ་ནན་ཏན་དུ་བྱེད་པའོ༔ ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཅེས་
པའང་ཚུལ་ཁྲིམས་ནོར་བུ་ཞུ་བས་དྲིས་པ་བཞིན། བཀའ་ལན་མདོར་བསྡུས་ཤིག་ཕུལ་ ཞིང་། དགོངས་མོའི་ཆ་ལ་འདི་ལྟར་ཡིད་ངོར་འཆར་བ་བཞིན་བརོལ་ཐབས་སུ་མ་ཎི་
འབྲེལ་བ་དོན་བསྡུས་མ་འདི་དོལ་པོ་གྲུབ་ཆེན་སྤྲུལ་སྐུ་སྒོམ་ཆེན་དུ་འབོད་པས་ལེགས་ པར་གཏན་ལ་ཕབ་པ་དགེ་ལེགས་སུ་གྱུར་ཅིག། མངྒ་ལཾ།།
112
༡༨༽ མི་ཕམ་རིན་པོ་ཆེའི་རྣམ་ཐར་བསྡུས་པ་བཞུགས་སོ།།
113
༆རིག་སོང་འཇམ་དཔལ་གཞོན་ནུའི་བྱིན་རླབས་ལས།།
དགོངས་པའི་ཀློང་ལས་སྤོབས་པའི་གཏེར་བརྒྱད་གྲོལ།།
ལུང་རྟོགས་ཆོས་མཛོད་རྒྱ་མཚོའི་མངའ་བདག་མཆོག།
མི་ཕམ་འཇམ་དབྱངས་རྣམ་རྒྱལ་ལ་གསོལ་བ་འདེབས།། ཨོཾ་གུ་རུ་ཨ་ཛི་ཏ་སརྦ་སིདྡྷི་ཧཱུྃ།
འཇམ་མགོན་འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་མེ་རྟ་སྤྱི་ལོ་
༡༨༤༦ ལོར་ཡབ་འཇུ་མགོན་པོ་དར་རྒྱས་དང་། ཡུམ་དཔོན་རུ་ཆོས་དར་གྱི་བུ་མོ་སྲིང་ ཆུང་གཉིས་ཀྱི་སྲས་སུ་ཡུལ་མདོ་ཁམས་སྡེ་དགེ་ཟླ་ཆུའི་ཡུལ་སྐྱོང་དགེ་བསྙེན་ཆེན་པོ་ཟླ་ རྒྱལ་རོ་རྗེ་འཕེན་ཕྱུག་གིས་བདག་ཏུ་བཟུང་བའི་གནས་ཡ་ཆུའི་དིང་ཆུང་ཞེས་པར་སྐུ་
འཁྲུངས། ཁུ་བོ་པདྨ་དར་རྒྱས་ཀྱིས་མི་ཕམ་རྒྱ་མཚོ་ཞེས་མཚན་གསོལ། ཆུང་ངུའི་དུས་ ནས་ཡི་དམ་འཇམ་དཔལ་ཞི་དྲག་དང་། ཆོས་སྐྱོང་གེ་སར་གཉིས་ཁོ་ན་ལ་དད་པ་ཞིག་ བྱུང་། དགུང་གྲངས་དྲུག་བདུན་ནས་སོམ་གསུམ་རྣམ་ངེས་དང་། རྩིས་དཀར་ནག་གི་
སྔོན་འགྲོ་ཐུགས་འཛིན་མཛད། དགུང་གྲངས་བཅུ་སྐོར་ནས་འབྲི་ཀློག་ལ་ཐོགས་པ་མེད་ ཅིང་ལྗགས་རྩོམ་ཡང་ཅི་རིགས་གནང་།
དགུང་གྲངས་བཅུ་གཉིས་པའི་ཐོག་ཡུལ་དེའི་དགོན་པ་འཇུ་མོ་ཧོར་གསང་སྔགས་ཆོས་
གླིང་དུ་གྲྭ་པ་བྱས་པར་བཙུན་ཆུང་མཁས་པ་ཞེས་ཀུན་གྱིས་བསྔགས་པའི་གནས་སུ་གྱུར། དགུང་གྲངས་བཅོ་ལྔ་དྲུག་སྐོར་ཞིག་ན་དབྱངས་འཆར་གྱི་དཔེ་རྙིང་ཞིག་ལ་ཞག་ཤས་ གཟིགས་ཏེ་འཇམ་དཔལ་ལ་གསོལ་བ་བཏབ་པས་མ་ལུས་པ་མཁྱེན། དགུང་ལོ་བཅུ་ བདུན་སྐབས་ཉོག་ཟིང་གིས་འབོག་སྡེ་མཐའ་དག་མགོ་ལོག་ཏུ་སོང་བས་རྗེ་ཉིད་ཀྱང་ དེར་བྱོན། དགུང་གྲངས་བཅོ་བརྒྱད་བཅུ་དགུའི་སྐོར་ནས་སྐུ་ཞང་འགྱུར་བཟང་དང་ 114
ལྷན་དུ་ལྷ་སར་ཕེབས། དེ་ནས་ལྷོ་གནས་རྒྱས་པར་བྱོན་ཞོར་ལྷོ་བག་མཁར་ཆུར་ཕེབས་ པའི་ཚེ་ཐ་མལ་གྱི་སྣང་བ་འགྱུར། བདེ་དྲོད་ཀྱི་ཉམས་འབར་བ་སོགས་གནས་ཀྱི་བྱིན་
རླབས་ཐོབ། ཕྱིར་རང་ཡུལ་དུ་ལོག་རྗེས་ལབ་སྐྱབས་མགོན་དབང་ཆེན་དགྱེས་རབ་རོ་ རྗེའི་མདུན་ནས་མ་ཏི་འཇམ་དཀར་གྱི་རྗེས་གནང་དང་། ཆོས་སྐྱོང་གི་སྲོག་གཏད་ སོགས་གསན།
དཔལ་སྤྲུལ་རིན་པོ་ཆེ་ལས་སྤྱོད་འཇུག་ཤེས་རབ་ལེའུ་སོགས་རྒྱུད་ལུང་མན་ངག་མང་པོ་ གསན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་ལས། ཐུན་མོང་དང་ཐུན་མིན་གྱི་གཞུང་ ལུགས་དུ་མ་དང་། གསང་ཆེན་རོ་རྗེ་ཐེག་པའི་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ ཁྲིད། རྒྱབ་རྟེན་གྱི་བཤད་པ་སོགས་མན་ངག་ཕག་བཞེས་དམར་ཁྲིད་མང་པོ་ཞུས།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་ལས། སྒྲ་ཙནྡྲ་པ་དང་། དངུལ་ཆུ་བཙོ་བཀྲུའི་ལག་ལེན་
སོགས་ཐུན་མོང་རིག་གནས་དང་། འཇམ་དཔལ་ཚེ་བདག་སོགས་ཐུན་མོང་མ་ཡིན་པའི་ སྨིན་གྲོལ་གྱི་རིགས་མཐའ་ཡས་པ་གསན།
འཇུ་དབོན་འཇིགས་མེད་རོ་རྗེ་ལས་མདོ་སྡུད་པའི་བཤད་པ། འབུམ་གསར་དགེ་བཤེས་ ངག་དབང་འབྱུང་གནས་ལས་དབུ་མ་འཇུག་པ། འཇམ་དབྱངས་བློ་གཏེར་དབང་པོ་
ལས་ཚད་མ་རིགས་གཏེར། སེར་ཤུལ་དགེ་བཤེས་ལྷ་རམས་པའི་མདུན་ནས་མཛོད་ཀྱི་ བཤད་ལུང་སོགས་མདོར་ན་རིས་མེད་ཀྱི་མཁས་གྲུབ་དུ་མའི་མདུན་ནས་མདོ་སྔགས་
རིག་གནས་དང་བཅས་པ་ཐམས་ཅད་མ་མཁྱེན་པ་མེད་པར་བསབས། རོགས་ཆེན་ཤྲཱི་ སེང་དུ་སྔ་འགྱུར་རྙིང་མའི་ཆོས་སྐོར་དང་། དཔལ་སྤུངས་ལྔ་རིག་སོབ་གླིང་ནས་གསོ་བ་ རིག་པ་དང་། རྩིས་དཀར་ནག་སོགས་རིག་གནས་ཀྱི་སྐོར་རྣམས་མཐར་ཕྱིན་པར་
བསབས། སྐུ་ཚེ་ཕལ་ཆེར་ཕོགས་མེད་རིས་མེད་ཀྱི་དབེན་གནས་རྣམས་སུ་སྒྲུབ་པ་ 115
ཉམས་ལེན་ཁོ་ན་མཛད་ཅིང་རྨེ་ཤོད་དཀར་མོ་སག་ཚང་དུའང་ལོ་བཅུ་གསུམ་དུ་ བཞུགས་ནས་བསྙེན་སྒྲུབ་མཐར་ཕྱིན་པར་མཛད།
རི་བོ་དགེ་ལྡན་པའི་མཁས་པ་ཆེན་པོ་དཔའ་རིས་རབ་གསལ་དང་རྩོད་ཡིག་འགའ་ཞིག་ བཏང་རེས་བྱས་པ་ཡང་དོན་དུ་བསན་པ་བྱི་དོར་གྱི་ཆེད་དུ་ཡིན་པའི་ཚུལ་བཀྲས་མཐོང་ དྲུང་ཡིག་རྒྱ་མཚོས་བྲིས་པའི་«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་
མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ཞེས་པའི་ནང་རྗེ་ཉིད་ཀྱི་ཞལ་
གསུང་ལུང་དྲངས་པ་ལས། “སྐབས་དེར་སྐྱབས་མགོན་རོ་རྗེ་འཆང་མཁྱེན་བརྩེ་རིན་པོ་
ཆེས་རང་ལུགས་ཀྱི་ཡིག་ཆ་རེ་ཡང་གྱིས་ཞེས་བཀའ་ཕེབས་པས། བླ་མའི་བཀའ་སྒྲུབ་པ་ དང་། རང་གི་བློ་གྲོས་གོམས་ཆེད་རྒྱལ་བསན་རིན་པོ་ཆེ་འབའ་ཞིག་སྙིང་ལ་བཅངས་
ནས་མདོ་སྐོར་སོགས་ཀྱི་ཡིག་ཆ་རེ་ཡང་བྲིས་ཤིང་དེ་དག་གི་སྐབས་སུ་རང་ལུགས་ཀྱི་
འདོད་པ་རྩལ་དུ་བཏོན་ནས་ཅུང་ཟད་རེ་བཤད་པས་གྲུབ་མཐའ་གཞན་གྱིས་འགོག་བྱེད་ ལྟ་བུར་གོ་ནས། ཕྱིས་འདིར་ཕོགས་ཐ་དད་ནས་རྩོད་ཡིག་སོགས་མང་དུ་བྱུང་མོད།
དོན་དུ་རང་གི་ཀུན་སོང་ལ་ནི་བླ་མའི་བཀའ་ལུང་སྒྲུབ་པ་དང་། དེང་སང་སྔ་འགྱུར་གྱི་
བསན་པ་ཉམས་རྒུད་ཆེ་བས་ཐམས་ཅད་ཀྱིས་གཞན་ལུགས་ཀྱི་ལད་མོ་ཙམ་ལས། རང་ ལུགས་ཀྱི་གྲུབ་མཐའི་གནད་ཅི་ཡིན་ཙམ་ཡང་ཤེས་འདོད་བྱེད་ནས་འདྲི་མཁན་ཡང་
དཀོན་པས། དོན་དེ་ལ་ཅུང་ཟད་ཕན་དུ་རེ་ནས་བྲིས་པ་མ་གཏོགས་གཞན་ལུགས་ལ་
སང་ཞེན་དང་། རང་བསོད་ཀྱི་སྙེམས་པ་སོགས་ཀྱི་ཀུན་སོང་ནི་རྨི་ལམ་ཙམ་དུའང་སྐྱེས་ མ་མོང་བ་ནི་ཡེ་ཤེས་ཀྱི་ཐུན་དང་ལྡན་པ་རྣམས་ཀྱིས་གཟིགས་ཀྱང་མི་ཁྲེལ་བ་ཡོད།
རྩོད་ལན་འགའ་ཞིག་བྲིས་པ་རྣམས་ཀྱང་རང་གཞན་ཐམས་ཅད་ཀྱིས་རྒྱལ་བའི་གསུང་
116
རབ་ཀྱི་དགོངས་དོན་རྨ་མེད་དུ་རྟོགས་པའི་ཆེད་དུ་གཟུ་བོའི་བློས་བགྲོ་གླེང་ཅུང་ཟད་ བགྱིས་པ་ཡིན།”ཞེས་གསུངས།
ཡང་«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་མཚོའི་རྣམ་
ཐར་སྙིང་པོ་བསྡུས་པ་»ཞེས་པའི་ནང་རྗེ་ཉིད་ཀྱི་ཞལ་གསུང་ལུང་དྲངས་པ་ལས། “སྤྱིར་ ཚད་མའི་རིགས་པ་ལ་སྔོན་གོམས་འགོག་མེད་སྣང་ཞིང་ཚད་མ་རྣམ་འགྲེལ་གཟིགས་ སྐབས་ནུབ་གཅིག་མནལ་ལམ་དུ། ངོ་བོ་ས་པཎ་ཡིན་པ་ལ། རྣམ་པ་རྒྱ་གར་གྱི་པཎ་
གྲུབ་ཀྱི་ཆས་ཅན་ཤངས་རྩེ་ཅུང་ཟད་གུག་པ་ཞིག་གིས་ཚད་མ་རྣམ་འགྲེལ་ལ་མི་ཤེས་རྒྱུ་ ཅི་ཡོད། དགག་སྒྲུབ་གཉིས་རེད་གསུངས་ནས་ཚད་མའི་འགྲེལ་པའི་དཔེ་ཆ་ཞིག་དུམ་ བུ་གཉིས་སུ་བྱས་ཏེ་ཉིད་ཀྱི་ཕག་ཏུ་བཞག་ནས་འདི་གཉིས་མཉམ་དུ་སོམས་གསུངས་
པས། དེ་ལྟར་བསམས་མ་ཐག་རལ་གྲི་ཞིག་ཏུ་གྱུར་ཏེ་ཉིད་ཀྱི་མདུན་ན་ཤེས་བྱའི་ཆོས་ ཐམས་ཅད་ཡོད་སྣང་ཤར་བ་ལ། རལ་གྲི་དེ་གཅིག་གཡུགས་པས་ཐོགས་པ་མེད་པར་
ཐམས་ཅད་དུས་གཅིག་ལ་ཆོད་པའི་ཐུགས་སྣང་གསལ་བར་བྱུང་བས་ཕྱིར་ནང་ནས་རྣམ་ འགྲེལ་ལ་མི་ཤེས་པ་གཅིག་ཀྱང་མ་བྱུང་། ཞེས་གསོལ་དཔོན་པདྨ་ལ་གསུངས།
འདུལ་བ་མདོ་རྩ་ལ་ཐོག་མར་ལན་གཅིག་གཟིགས་པས་ཅུང་ཟད་གོ་དཀའ་བ་འདྲ་ཞིག་ བྱུང་ཀྱང་། དེ་རྗེས་བཀའ་འགྱུར་ཚར་གཅིག་དཔེ་བལྟས་བྱས་སྐབས་འདུལ་བའི་པོད་ བཅུ་གསུམ་པོ་ཚར་གཅིག་གཟིགས་པས་དེས་མདོ་རྩ་ལ་མི་ཤེས་རྒྱུ་གཅིག་ཀྱང་མི་
འདུག་གསུངས།”ཡང་དེ་ཉིད་ལས། “ དེ་ནས་སྔ་རྗེས་སུ་བཀའ་འགྱུར་ཚར་བདུན་དཔེ་ ཀློག་གནང་བ་དང་། གྲེ་ཐོག་སྙུང་སྐབས་དཔལ་འཛིང་དགོན་དུ་བསན་འགྱུར་གྱི་དཔེ་ཆ་ གཡར་ཏེ་པོད་བཅུ་ཙམ་དཔེ་གཟིགས་གནང་། ཁོང་གི་ལྗགས་རྩོམ་མདོ་སྔགས་རིག་
གནས་དང་བཅས་པའི་སྐོར་པུ་སྟི་སུམ་ཅུ་ལྷག་བརྩམས་ཡོད་པ་དེ་དག་སྔར་གཟིགས་རྒྱ་ 117
ཆེ་བའི་སབས་ཀྱི་རིག་པའི་ཀློང་བརོལ་ནས་རྩོམ་པ་ཤ་སག་ཡིན་པའི་ཚུལ་ཉིད་ཀྱི་
གསུངས་ལས། དེ་ཡང་བོད་སྔ་རྗེས་ཀྱི་ཁྱད་པ་སོགས་ཟབ་གནད་ཐུན་མིན་རྣམས་ནི་ དཔེ་སོགས་བལྟས་པ་མིན་པར། བསྙེན་སྒྲུབ་ལ་བཞུགས་དུས་རིག་པའི་རྩ་ཁ་ཕྱེ་བ་དང་། བླ་མ་དང་ལྷག་པའི་ལྷའི་བྱིན་རླབས་ལས་རང་བབ་ཀྱིས་ཐུགས་ལ་ཤར་ཏེ་མ་བྲིས་ཐབས་ མེད་བྱུང་བ་འབའ་ཞིག་ཡིན་ཞེས་གསུངས།”
འཇམ་དབྱངས་མཁྱེན་བརྩེ་དབང་པོས།མི་ཕམ་མགོན་པོའི་དགོངས་དོན་ཇི་བཞིན་
རྟོགས།།འཇམ་པའི་དབྱངས་བཞིན་ཤེས་བྱ་ཀུན་ལ་མཁས།།ཕོགས་ལས་རྣམ་རྒྱལ་ཆོས་ ཀྱི་གྲགས་པ་ལྟར།།སྙན་པས་རྒྱ་མཚོའི་གོས་ཅན་ཁྱབ་གྱུར་ཅིག།ཅེས་པའི་བསྔགས་ བརྗོད་དང་། སྐུ་གསུང་ཐུགས་རྟེན་གལ་འགངས་ཆེ་བ་འགའ་ཞིག་དང་།རྗེ་ཉིད་ཀྱི་
དབང་རྟགས་སུ་བཞེས་པའི་པཎ་ཞུ་རྣ་རིང་བཅས་གནང་སྟེ་དོན་གྱི་རྒྱལ་ཚབ་ཏུ་མངའ་ གསོལ།ཁོང་གི་བསྙེན་སྒྲུབ་གང་གནང་ལ་གཞུང་མཐུན་གྱི་རྟགས་ཚད་ལྡན་མ་བྱུང་བ་
མེད་པ་ཁོ་ན་སྟེ། «གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་མགོན་མི་ཕམ་རྒྱ་ མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ལས། “སག་ཚང་དུ་རྟ་ནག་གི་སྒྲུབ་པ་ཞག་བཞི་ མཛད་དེ་གཏོར་རྒྱག་གནང་སྐབས་བག་རི་ཕྱེ་མར་ཞིག་པ་དང་། སྡེ་དགེའི་སྲས་མོ་
བསྙུན་སྐབས་བླ་བསླུ་ཞུས་པས། བླ་ལུག་ལ་ཐུགས་གཏད་པ་ཙམ་གྱིས་རང་བཞིན་གྱིས་ ཁ་བསྐོར་བ་ཀུན་གྱིས་མཐོང་།
ལྡན་ཁོག་དིས་མགོ་རི་ཁྲོད་དུ་བཞུགས་སྐབས། ཉིན་གཅིག་འབྲི་ཀླུང་གི་འགྲམ་དུ་བྱོན་ ཏེ། བོད་ཁམས་བདེ་བའི་སོན་ལམ་དང་། ས་བཅུད་གསོ་བའི་རྟེན་འབྲེལ་དུ་རིན་ཆེན་
འབྲུ་སན་ཅན་གྱི་ཀླུ་བུམ་གཏེར་དུ་སྦས་རྗེས། ཕག་ན་མདའ་དར་ཞིག་བསྣམས་ཡོད་པ་ དེ་འབྲི་ཆུའི་ཆུ་དཀྱིལ་དུ་འཕངས་མཛད་པས། མདའ་ཡི་རྩ་བ་ཆུའི་གཏིང་དུ་ཟུག་ཅིང་ 118
རྩེ་མོ་གྱེན་དུ་བསན་དེ་དར་ཚོན་རླུང་གིས་སྐྱོད་བཞིན་བརྟན་པར་གནས་སོང་ཞིང་། དེ་
ནས་རྗེ་ཉིད་ཆུ་འགྲམ་ནས་གྱེན་དུ་སོན་ལམ་ཤིས་བརྗོད་གསུང་བཞིན་ཞབས་གོམས་པ་ བརྒྱད་དགུ་ཙམ་དུ་དལ་བུས་ཕེབས་པར། མདའ་དར་ཡང་སྔ་མ་ལྟར་གྱིས་ཆུ་བོའི་
གཞུང་ནས་གྱེན་ལ་འགྲོ་བ་དེར་འཁོད་ཐམས་ཅད་ཀྱིས་མཐོང་བ་དང་། ཆབ་མདོར་
བཞུགས་སྐབས་རྒྱ་ནག་གི་འུར་ཟིང་ཆེ་བས་ཉེ་གནས་བླ་མ་དམ་པ་འོད་གསལ་ཐུགས་ གཟན་ཆེ་བར་བྱུང་ཚེ། ཁོང་གི་ཞལ་ལས། ཀླ་ཀློ་འཇོམས་པའི་གཤེད་མ་རིགས་ལྡན་
དྲག་པོ་ལྕགས་འཁོར་ཅན་ཡིན། བདག་ཀྱང་དེའི་དམག་དཔོན་ཆེ་ཤོས་ཞིག་ཡིན་པས། དེ་དག་གིས་འཚེ་ག་ལ་ནུས། ཨའུ་ཙི་གསུངས།
དེ་བཞིན་སྒ་སོད་དུ་བཞུགས་དུས་ཕྱི་གླིང་གི་འགྲུལ་པ་སོང་བའང་རྗེ་བླ་མ་ཉིད་བཞུགས་ པའི་ས་ཕོགས་དེ་གཞུང་ལམ་དུ་ཁེལ་ཡང་འགྲོ་མ་ནུས་པར། དེ་ལས་གཞན་དུ་བྱོལ་ཏེ་ སོང་བ་དང༌། བར་སྐབས་འཇུ་ཉུང་མ་ཀླུང་རྟ་གུད་ཅིང་ར་མདའ་སོགས་མི་ཕོད་པར་
ཤིན་དུ་ཁས་དམན་དགྲ་ཇག་གིས་འཚེར་བའི་སྐབས། རྗེ་ཉིད་ཀྱིས་འཕྲིན་བཅོལ་གནང་ བས། མནལ་ལམ་དུ་འབྲུ་སྒ་བདེ་ཆོས་སྐྱོང་བེར་ནག་དེ་རྟ་ནག་པོ་ཞིག་བཅིབས་ནས།
ཕག་ན་མདུང་ཞིག་བཟུང་སྟེ་དེས་འཇུ་ཉུང་མའི་སྟེང་ནས་རེ་བ་ནག་པོ་ཞིག་བླངས་ཏེ་ཕ་ ཚད་གཞན་ཞིག་ཏུ་འཕངས་སོང་བ་རྨིས་པས་དེ་ཕྱིན་ཆད་འཇུ་པ་ཀླུང་རྟ་དར། དགྲ་
ཤེད་ཇེ་ཆེར་སོང་བ་འདི་ཁོ་བོའི་མཐུ་ཡིན་ཡང་སུས་ཀྱང་ཤེས་པ་མི་འདུག་གསུངས་པས་ མཚོན་དེ་རིགས་འགའ་ཞིག་ཐོས།”ཞེས་སོགས་གསུངས་སོ།།
མདོར་ན་རྗེ་ཉིད་སྐུ་ཚེའི་གང་པོར་གྲུབ་མཐའ་རིས་མེད་ཀྱི་མཁས་གྲུབ་དུ་མར་བསྟེན་
ཞིང་མདོ་སྔགས་རིག་གནས་དང་བཅས་པ་ལ་སོང་པ་མཐར་མ་ཕྱིན་པ་མེད་པ་དང་། སྐུ་ ཚེ་བསྙེན་སྒྲུབ་མཛད་པས་ཡི་དམ་ལྷ་ཐམས་ཅད་ཀྱིས་ཞལ་མ་གཟིགས་པ་མེད་པ། རྩ་ 119
ཐིག་རླུང་གསུམ་ཐམས་ཅད་རོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ལས་རླུང་གི་རྒྱུ་བ་ཕལ་ ཆེར་དབུ་མའི་དབྱིངས་སུ་དག་སྟེ་དགའ་བཞིའི་བདེ་བ་ཆེན་པོ་སྐུ་ཉམས་སུ་བསར་བ།
ཟབ་དོན་མཐའ་དག་དགོངས་པའི་ཀློང་ནས་རང་བརོལ་དུ་བྱུང་བའི་གསུང་རབ་བསན་ བཅོས་པུ་སྟི་སུམ་ཅུ་ལྷག་ཙམ་བཞུགས་པ། དངོས་པོ་གང་ལའང་ཞེན་འཛིན་མེད་པ་
ཕོགས་མེད་རྒྱལ་ཁམས་འགྲིམས་པའི་རིས་མེད་ཀྱི་རྣལ་འབྱོར་པ་ཆེན་པོར་གྱུར་པ་དེ་ ཉིད་ཀྱི་ཞལ་སོབ་གཙོ་བོར། རོ་གྲུབ་ཆེན་རིན་པོ་ཆེ།གཏེར་སོན་བསོད་རྒྱལ། རོགས་
སྤྲུལ་ལྔ་པ། དགེ་མང་སྐྱབས་མགོན།མཁན་པོ་པད་རོར། ཀཿཐོག་སི་ཏུ་རིན་པོ་ཆེ།ཞེ་
ཆེན་རྒྱལ་ཚབ་སྤྲུལ་སྐུ། ཞེ་ཆེན་རབ་འབྱམས།དཔལ་ཡུལ་རྒྱ་སྤྲུལ། དཔལ་ཡུལ་ཀརྨ་ ཡང་སྤྲུལ། དཔལ་སྤུངས་སི་ཏུ་པདྨ་དབང་མཆོགགླིང་རྗེ་དྲུང་། དགེ་མང་དབོན་བསན་ འཛིན་ནོར་བུ། ར་མུ་ར་སྤྲུལ་སྐུ།མཁན་ཡོན་ཏན་རྒྱ་མཚོ།བླ་མ་ལུང་རྟོགས།ཨ་འཛོམས་
འབྲུག་སྤྲུལ།རྟོགས་ལྡན་ཤཱཀྱ་ཤྲཱི།ངོར་དཔོན་སོབ།དགུ་རོང་སྤྲུལ་སྐུ་སོགས་ས་དགེ་བཀའ་ རྙིང་གི་མཁས་ཆེན་དམ་པ་རྣམས་དང་། ས་སྐྱོང་སྡེ་དགེ་རྒྱལ་པོ་དང་། གླིང་ཚང་རྒྱལ་
པོ་སོགས་བོད་ཀྱི་དཔོན་རིགས་རྣམས་དང་། འབྱོར་ལྡན་བསན་པའི་སྦྱིན་བདག་མང་པོ་ རྣམས་ཀྱི་བླ་མར་གྱུར་པ་རེད།
དེ་ནས་སྐུ་གཤེགས་པའི་ཚུལ་ནི«གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་གཅིག་པུ་འཇམ་
མགོན་མི་ཕམ་རྒྱ་མཚོའི་རྣམ་ཐར་སྙིང་པོ་བསྡུས་པ་»ལས།“ དགུང་ལོ་རེ་བདུན་པ་རབ་ བྱུང་བཅོ་ལྔ་པའི་ཆུ་བྱི་ལོའི་ཟླ་བ་དང་པོའི་ཚེས་བཅུ་གསུམ་ལ་སྐུ་མཚམས་གྲོལ། ཚེས་
བཅོ་བརྒྱད་ཉིན་འགྲུལ་པ་འགའ་ཞིག་གིས་གདོན་ནད་ལྟ་བུ་ཞིག་གིས་སྙུང་གཞི་བཞེས་
པ་དང་། ཚེས་ཉེར་གཅིག་ཉིན་མཐའ་མའི་ཞལ་ཆེམས་ཕག་བྲིས་མཛད་ནས་གསང་ཉར་ མཛད་། ཟླ་བ་བཞི་པའི་ཚེས་བཅོ་བརྒྱད་ཉིན་མཁན་པོ་ཀུན་དཔལ་འབྱོར་བ་དང་། ཀ༔་ 120
ཐོག་ནས་དུས་འཁོར་སྤར་པོད་གཅིག་འབྱོར་བས། ཁོང་གི་ཞལ་སོབ་བླ་མ་འོད་གསལ་ ལ། དེང་སང་སྤྱིར་བདེན་པར་བཤད་ན་ཉན་མཁན་ནི་མེད། རྫུན་པར་བཤད་ན་ཐམས་ ཅད་བདེན་པར་འཛིན་པས། དེ་སྔོན་སུ་ལའང་མ་སྨྲས། ཕྲན་སོ་སྐྱེ་ཐ་མ་བ་ཞིག་མིན། བྱང་ཆུབ་སེམས་དཔའ་སོན་ལམ་གྱི་དབང་གིས་སྐྱེ་བ་བླངས་པ་ཞིག་ཡིན།
ད་རེས་ཀྱི་རྟེན་འདིར་ན་ཟུག་ཆེར་བྱུང་བ་འདི་ལས་ཀྱི་ལྷག་མ་ཡིན། ད་ཕན་ཆད་ལས་ སྒྲིབ་གཏན་ནས་མོང་མི་དགོས། ད་རེས་རྟེན་འབྲེལ་གྱི་ཁྱད་ཆེན་པོ་ཡོད་པས་མཁན་
ཀུན་དཔལ་ལ་དེ་རིང་ནས་དབུ་ཚུགས་ལ་དུས་འཁོར་གྱི་བཤད་ལུང་གྱིས། སྤྱིར་རྒྱུད་
བཤད་ལ་མ་མཐའ་ཡང་ཞག་བཅུ་དགོས་པ་སོགས་གཞུང་དུ་གསལ་ཡང་། ད་རེས་ཉིན་ བརྒྱད་ཀྱི་ཁོངས་སུ་འགྲུབ་པར་གྱིས་ལ་ཚེས་ཉེར་ལྔ་གཟའ་ཟླ་བ་གྲོ་བཞིན་འཕྲོད་སོར་ དགེ་བར་འགྲུབ་ངེས་གྱིས། སྤར་ཡིག་བརྐོ་བཅུགས་ཞིབ་ཆ་མ་གྲུབ་སབས་ཅུང་ཟད་
གསལ་མིན་ཡོད་འདུག་ཀྱང་བདག་ལ་བྱིན་རླབས་ནུས་པའི་མཐུ་ཡོད་པས་ཁྱོད་གཉིས་ བྱིན་གྱིས་བརླབ་པ་ཡིན་གསུངས།” ཞེས་དང་།
ཡང་དེ་ཉིད་ལས། “ཉི་ཤུ་གཉིས་གསུམ་སྐོར་ནས་བཟུང་། ད་ནི་འདུ་འཁྲུགས་ཀྱི་ནད་ སོགས་གཏན་ནས་དྲག་ཟིན། ད་ཕན་སྡུག་བསྔལ་གྱི་ཚོར་བ་གཏན་ནས་མེད། ཉིན་
མཚན་ཐམས་ཅད་ཐོད་རྒལ་གྱི་སྣང་བ་འཇའ་ཟེར་ཐིག་ལེ་སྐུ་དང་ཞིང་ཁམས་ཀྱི་སྣང་བ་
འབའ་ཞིག་རྟག་པར་ཁོར་ཡུག་ཏུ་ཤར་འདུག་གསུངས། ཉེར་ལྔའི་ཉིན་རྒྱུད་ཞག་འཕྲལ།
ད་ནི་དིལ་མགོ་ཚང་སོགས་ཡོན་བདག་དང་། རྡི་སྤྲུལ་སོགས་ཕོགས་ཀྱི་མཇལ་མི་ཐམས་ ཅད་ཤོག་གསུངས། སྐུ་མདུན་དུ་བཅར་ཏེ་སོན་ལམ་མཛད།
དེ་སྐབས་རྡི་སྤྲུལ་སོགས་ནས་བཞུགས་ཞུ་ཕུལ་བར་ད་ནི་མི་སོད་ངེས་ཅན་ཡིན། སྐྱེ་བ་
ཡང་མི་ལེན་བྱང་ཤམ་བྷ་ལར་ཕེབས་རྒྱུ་ཡིན་གསུངས་ཐག་བཅད་གནང་། དེ་རྗེས་བླ་མ་ 121
འོད་གསལ། མཁན་ཡོན་དགའ། ཀུན་དཔལ་གསུམ་གྱིས་གསོལ་བ་བཏབ་ངོར་སྐུ་ཚེའི་ འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་བྱིན་གྱིས་བརླབས་ཏེ་ཚེས་ཉེར་དགུའི་ཉིན་གཟའ་ པ་སངས་དང་སྐར་མ་སྣར་མ་འཆར་གྱི་བར་བཞུགས་ཏེ། དེ་བར་གསུང་འཕྲོས་ཅི་
རིགས་དང་། ལྷག་པར་ནམ་མཁའི་ཁམས་ཐམས་ཅད་ཡིག་འབྲུ་འབའ་ཞིག་གིས་གང་ འདུག་གསུངས། ཕག་བྲིས་བར་ཡིག་སོགས་སྣ་ཚོགས་གནང་ཡོད་འདུག་ཀྱང་འཇམ་
དཔལ་གྱི་གཟུངས་གཞུག་ཕུལ་ཟིན་སབས་གསལ་བར་འགོད་མ་ནུས། ”ཞེས་སོགས་ གསུངས་པ་ལྟར་རོ། །དེ་ལྟར་དགུང་ལོ་རེ་བདུན་པའི་སྤྱི་ལོ༡༩༡༢ པའི་ཆུ་བྱི་ཟླ་བ་༤ པའི་ཚེས་༢༩ ཉིན་སྐུ་གཤེགས་སོ།།
ཨེ་མ་ཧོ།།
ཤེས་བྱ་ཀུན་གཟིགས་ཀུན་མཁྱེན་མི་ཕམ་པའི།།
ཟབ་རྒྱས་གདམས་པའི་གནང་ཀུན་ཇི་བཞིན་རྟོགས།། བཤད་སྒྲུབ་བསན་པའི་རྒྱལ་མཚན་རིན་པོ་ཆེ།། སྲིད་མཐའི་བར་དུ་འཛིན་སྐྱོང་སྤེལ་གྱུར་ཅིག།།
ཅེས་པ་རབ་རྒྱན་ཤིང་རྟའི་ས་ག་ཟླ་བའི་སོང་པ་གསུམ་པར་འཇམ་མགོན་མི་ཕམ་པའི་ འདས་མཆོད་སྐབས་སུ་སྡེ་དགེ་བ་ཐུབ་བསན་ཕུན་ཚོགས་ཀྱིས་གསུང་པ་ཡང་སྐྱར་དྲ་ གྲོགས་ཚོར་སྤྱན་ལམ་དུ་གུས་པས་ཕུལ་བར་དགེའོ།། འདྲ་བཤུས། བརྒྱུད་ལམ་ནས་བྱེད/ Media.
122