རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
༄༅། །དད་འཇུག་གསལ་བའི་རྒྱན།
བདག་ལ་དངོས་སུ་འདོམས་པ་ཡི། །དྲིན་ཅན་རྩ་བའི་བླ་མ་དང༌། །འཇམ་
མགོན་བླ་མ་ཡབ་སྲས་སོགས། །དངོས་བརྒྱུད་བླ་མ་རྣམས་ཀྱིས་སྐྱོངས། ། རྣམ་ཐར་དད་པའི་འཇུག་ངོགས་འདི། །བདག་བློར་ངེས་པ་བདེ་བའི་ཕྱིར། ། ཚི ག ས་བཅད་བསྡེ བ ས་ནས་འབྲི ་ བ་ལ། །ཉེ ས ་པ་མེ ད ་པའི ་ གནང་བ་
སྩོལ། །༈ སྐུ་བལྟམས་གཞོན་ནུའི་གནས་སྐབས་ཀྱི། །ཚུལ་ནི་མདོར་ཙམ་ བརྗོད་པ་ན། །མདོ་སྨད་ཙོང་ཁའི་ཡུལ་དུ་ནི། །རིགས་རུས་ཕུན་སུམ་
ཚོགས་ཡི། །ཡབ་ནི་ད་ར་ཁ་ཆེ་དང་། །ཆོ་འབྲང་ཕུན་སུམ་ཚོགས་པ་ཡི། ། ཡུམ་ནི་ཤིང་མོ་ཨ་ཆོས་ཞེས། །གཉིས་ཀྱི་སྲས་སུ་མཚན་བཟང་གིས། །
མཛེ ས ་པའི ་ མི ག ་གི ་ བདུད་རྩི་ཞི ག །༼ས་བྱ་༡༣༥༧༽ངོ ་ མཚར་ལྟས་ བཅས་བལྟམས་པ་ནི། །ས་འདིའི་ནོར་བུའི་ཅོད་པན་གྱུར། །འོག་ནས་
འཆད་འགྱུར་དུས་ཚིགས་སུ། །ག་ཡིག་རྐྱང་པ་བྲིས་པ་འདི། །དགུང་ལོའི་
མིང་གི་ཚབ་ཡིན་པས། །བློ་ལྡན་རྣམས་ཀྱིས་ངེས་པར་མཛོད། །རྣམས་ མཚན་རབ་བྱུང་ལོ་གྲངས་མ་ལོན་གོང༌། །༼ག་༣ས་ཕག༡༣༥༩༽ཀརྨ་ 1
དད་འཇུག་གསལ་བའི་རྒྱན།
རོལ་པའི་རྡོ་རྗེ་ཡིས། །དགེ་བསྙེན་སྡོམ་པ་མནོས་བྱས་ཏེ། །མཚན་ལ་
ཀུན་དགའ་སྙིང་པོ་གསོལ། །དགུང་ལོ་གསུམ་དུ་ཕེབས་པའི་ཚེ། །ཆོས་རྗེ་
དོན་གྲུབ་རིན་ཆེན་གྱིས། །ཡབ་ལ་རྟ་ལུག་ཟང་ཟིང་བཅས། །གནང་སྟེ་བུ་
འདི་ང་ལ་དགོས། །གསུངས་པ་ལྟར་དུ་ཁོང་ལ་ཕུལ། །༼ག་༦ཆུ་ཡོས་
༡༣༦༣༽དགུང་ལོ ་ བདུན་དུ་ཉེ ་ བ་ན། །ཆོ ས ་རྗེ འི ་ དྲུང་དུ་ཕེ བ ས་པར་ མཛད། །རབ་ཏུ་མ་བྱུང་སྔ་རོལ་དུ། །འཁོར་ལོ་བདེ་མཆོག་དྲིལ་བུ་དང༌། ། ཀྱེ་རྡོར་ཕྱག་རྡོ ར་དཀྱིལ་འཁོར་དུ། །བཅུག་སྟེ་དབང་བསྐུར་ཟབ་རྒྱས་
མཛད། །གསང་མཚན་དོན་ཡོད་རྡོ་རྗེ་བཏགས། ། བདེ་མཆོག་ཀྱེ་རྡོར་
ཀུན་རིག་དང༌། །གཤིན་རྗེ་གཤེད་སོགས་དཀྱིལ་མཆོག་དང༌། །སྔགས་ རིགས་མང་པོ་ཐུགས་སྦྱངས་མཛད། །དེའི་སྐབས་ཕྱག་རྡོར་གཏུམ་པོ་
ཆེ ། །ཕྱག་གཉི ས ་པ་ཡི ་ རྣམ་པ་ཅན། །མནལ་ལམ་ནང་དུ་གསལ་པོ ་
རུ། །ཡུན་རིང་བར་དུ་འཆར་བ་དང༌། །ཁྱད་པར་ཇོ་བོ་ཆེན་པོ་ནི། ། རྒྱུན་
དུ་མནལ་ལམ་ནང་དུ་མཇལ། །ཕྱིས་ནི་དབུས་སུ་ཕེབས་པ་ན། །ཇོ་བོ་ དཔལ་ལྡན་ཨ་ཏི་ཤའི། །སྐུ་འདྲ་དངོས་སུ་གཟིགས་པ་ན། ། མནལ་ལམ་
གསལ་བཞིན་འདུག་གོ་གསུངས། །གཞོན་ནུའི་གནས་སྐབས་དེ་ཙམ་ 2
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
མོ ། ། ༈ ཁྱིམ་སྤངས་རབ་ཏུ་བྱུང་ཚུལ་ནི ། །ཁྱིམ་ནི ་ ཉེ ས ་པ་ཀུན་གྱི ་ གནས། །རབ་ཏུ་བྱུང་བ་དེ་ལས་ལྡོག །ཚུལ་རྣམས་ལེགས་པར་གཟིགས་
པ་ཡིས། །ཆོས་རྗེ་དོན་གྲུབ་རིན་ཆེན་དྲུང༌། ། ༼ཆུ་ཡོས་༡༣༦༣༽ དགུང་ ལོ་བདུན་སྐབས་རབ་ཏུ་བྱུང༌། །ཡོན་ཏན་ཚོགས་ཀྱིས་མཐོ་བ་ཡི། །བླ་མ་
དོན་གྲུབ་རིན་ཆེན་པས། །བསླབ་ཚིགས་སྔ་མའི་མཁན་པོར་མཛད། །ཏ་ དབོན་གཞོན་ནུའི་སེང་གེ་ཡི། །སློབ་མ་གཞོན་ནུ་བྱང་ཆུབ་དེས། །སློབ་
དཔོ ན ་མཛད་དེ ་ དགེ ་ ཚུལ་བསྒྲུབས། །མཚན་ལ་བློ་བཟང་གྲགས་པ་ གསོལ། །ཁྱིམ་ལ་ངེས་པར་འབྱུང་ཚུལ་ལོ། ། ༈ ཕར་ཕྱིན་ཐེག་པར་སློབ་ ཚུལ་ནི། །དགུང་ལོ་བཅུ་དྲུག་སླེབས་པའི་ཚེ། །༼ཆུ་བྱི་༡༣༧༢༽ བླ་མ་
དོན་གྲུབ་རིན་ཆེན་གྱི། །བཀའ་བཞིན་དབུས་གཙང་ཞིང་དུ་ཕེབས། །གླང་ ལོ ་ སྟོ ན ་གྱི ་ དུས་སུ་ནི ། །ཐོ ག ་མར་འབྲི ་ གུང་སྤྱན་ལྔ་བ། ། ༼ཆུ་གླང་ ༡༣༧༣༽ ཆོས་ཀྱི་རྒྱལ་པོའི་སྤྱན་སྔར་མཇལ། །ཐེག་ཆེན་སེམས་སྐྱེད་ཆོ་ ག་དང༌། །ཕྱག་ཆེན་ལྔ་ལྡན་ལ་སོགས་གསན། །དེ་ནས་སྨན་པ་དཀོན་
སྐྱབས་དྲུང༌། །གསོ་དཔྱད་གཞུང་ལ་སྦྱངས་པ་དང༌། །ཡན་ལག་བརྒྱད་པ་ ཐུགས་ལ་བཟུང༌། །དེ་ནས་བདེ་བ་ཅན་དུ་ཕེབས། །བདེ་བ་ཅན་པའི་རིན་ 3
དད་འཇུག་གསལ་བའི་རྒྱན།
པོ་ཆེ། །སྙེ་ཐང་བཀྲ་ཤིས་སེང་གེ་དང༌། །གདན་ས་པ་ཡི་དགེ་བསྐོངས་ པ། །གཉིས་ལ་ཆོས་འབྲེལ་གསན་པར་བྱེད། །ཀློག་པའི་སློབ་དཔོན་གཙོ་
བོ་ནི། །སློབ་དཔོན་ཡོན་ཏན་རྒྱ་མཚོ་དང༌། །ཞར་ཆོས་སློབ་དཔོན་ཨུ་རྒྱན་
སོགས། །ཕར་ཕྱིན་སློབ་དཔོན་རྣམ་བཞི་ཟེར། །འགའ་རེས་སློབ་དཔོན་ཨུ་ རྒྱན་དང༌། །སློབ་དཔོན་ཡོན་ཏན་རྒྱ་མཚོ་དང༌། །ཉ་དབོན་ཀུན་དགའ་
དཔལ་བ་དང༌། །རྗེ་བཙུན་རེད་མདའ་རྣམས་ལ་ནི། །ཕར་ཕྱིན་ཡོངས་
འཛིན་བཞི་ཞེས་འབོད། །ཤེས་རབ་ཕ་རོལ་ཕྱིན་པ་ཡི། །མན་ངག་བསྟན་ བཅོས་མངོན་རྟོགས་རྒྱན། །རྩ་འགྲེལ་བཅས་པ་ཐུགས་སྦྱོང་མཛད། །
འཇམ་སྐྱའི་ཊི་ཀའི་སྟེང་ནས་གསན། །བདེ་ཅན་འཇམ་རིན་བྱམས་ཆོས་
གསན། །བླ་མ་བསོད་ནམས་རྒྱལ་མཚན་ནི། །དབེན་གནས་ཆོས་རྫོང་
གནས་སུ་མཇལ། །འཇམ་དབྱངས་ཨ་ར་པ་ཙ་དང༌། །བདེ་མཆོག་དྲིལ་
བུའི་ལུས་དཀྱིལ་དབང༌། ། གུར་མགོན་རྗེས་གནང་ལ་སོགས་གསན། །
དགུང་ལོ་བཅུ་དགུར་གསང་ཕུ་དང༌། །བདེ་བ་ཅན་སོགས་གྲྭ་སྐོར་བྱོན། ། བློ་གྲོས་ཆོ ས ་སྐད་སྙན་པར་གྲགས། །དེ ་ ནས་རི ན ་སྤུངས་རྒྱང་མཁར་ དང༌། །ཉང་སྟོད་མཁར་ཁ་ལ་མཛད་ནས། །ཞ་ལུར་བུ་སྟོན་རིན་པོ་ཆེའི། ། 4
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཆོས་བརྒྱུད་འཛིན་པའི་གདན་ས་པ། །ལོ་ཙ་ཆེན་པོ་མཁན་ཆེན་བ། །རིན་
ཆེན་རྣམ་རྒྱལ་དྲུང་དུ་མཇལ། ། ༼ཤིང་ཡོས་༡༣༧༥༽ བདེ་མཆོག་མཻ་ཏྲི་
བཅུ་གསུམ་གྱི། །དབང་ཞིག་གསན་ནས་སྣར་ཐང་དང༌། །གདན་ས་ཆེན་
པོ་ས་སྐྱར་ཕེབས། །ས་སྐྱའི་དུས་ཆོས་མ་ཚུགས་རིང༌། །ས་བཟང་ཕེབས་
ནས་ས་བཟང་གི། པཎ་ཆེ ན་མ་ཏི་ པ་ཡི་ དྲུང༌། །ཆོ ས ་དཀའ་ཅི་ རིག ས་
གསན་པར་མཛད། །དེ་ནས་དུས་ཆོས་ཚུགས་སྐབས་སུ། །ས་སྐྱར་ཕར་ ཕྱིན་གྲྭ་སྐོར་མཛད། ། དེ་ནས་ལ་སྟོད་བྱང་ལ་བྱོན། །འདར་བཟང་ལྡན་དང་ ངམ་རིང་དང༌། །འགའ་རོང་ཆོས་སྡེ་རྣམས་སུ་ཡང༌། །གྲྭ་སྐོར་མཛད་ནས་
ཇོ་ནང་དུ། །ཆོས་རྗེ་ཕྱོགས་ལས་རྣམ་རྒྱལ་ལས། །སྦྱོར་བ་དྲུག་གི་འཁྲིད་
སོགས་གསན། །མར་རེས་སྤྱི་བོ་ལྷས་སུ་ཕེབས། ། དེ་ཡི་མཁན་ཆེན་པ་ ལས་ནི། །བཀའ་གདམས་ལམ་རིམ་ལུང་ཐོབ་མཛད། །ཆོས་གྲྭ་ཆེན་པོ་
ཨེར་ལ་ཡང༌། །གྲྭ་སྐོར་མཛད་དེ་སྣར་ཐང་ཕེབས། །སྣར་ཐང་ལོ་ཙཱ་དོན་
བཟང་ལས། །བསམ་བཟང་ཊི་ཀའི་སྟེང་ནས་ནི། །མཛོད་ཀྱི་བཤད་འཁྲིད་
ཚར་གཅི ག ་གསན། །དེ ་ ནས་ཉང་སྟོ ད ་དུ་ཕེ བ ས་ནས། །གནས་རྙི ང ་
གཟུངས་སྒྲུབ་སྟེང་དུ་ནི། །ཕར་ཕྱིན་གྲྭ་སྐོར་ཚར་གཅིག་མཛད། །དེ་ནས་ 5
དད་འཇུག་གསལ་བའི་རྒྱན།
དབྱར་ཆོས་རྩེ་ཆེན་དུ། །ཕེབས་ནས་མཁས་པའི་དབང་པོ་ཆེ། །ཉ་དཔོན་
ཀུན་དགའ་དཔལ་བའི ་ དྲུང༌། །ཕར་ཕྱི ན ་ཟབ་བཤད་ཚར་གཅི ག ་
གསན། །༼ག་༢༠མེ་འབྲུག་༡༣༧༦༽ མཁས་པའི་དབང་པོ་འདི་ཉིད་ལ། །
རྗེ་ཡི་ཐུགས་མཆོག་རངས་པར་གྱུར། །དེའི་ཚེའི་ཁོང་ལ་མངོན་པ་མཛོད། ། ལན་གཅིག་གསུང་རོགས་ཞུས་པ་ན། །ང་ཡིས་ལེགས་པོར་ཤོད་ཐུབ་
ཀྱང༌། །དོན་གཉེར་བྱེད་མཁན་མ་བྱུང་བས། །ལྟ་རྟོག་རེ་འགའ་དགོས་པ་
འདུག །ཁམས་ཀྱང་ཅུང་ཟད་མི་བདེ་ཞིང༌། །ཕར་ཚད་འཆད་ཀྱང་དགོས་ པ་འདིས། །འཕྲལ་ལ་འཆད་པ་མི་འགྲུབ་འདུག །དེས་ན་ངེད་ཀྱི་སློབ་མ་ ནི། །རེ ད ་མདའ་བ་འདི་ བློ་གྲོས་ཅན། །མངོ ན ་པ་ལ་མཁས་ཞིག ་ཡོ ད ་
པས། །ཁྱེད་རང་དེ་ལས་ཉན་ན་འཐད། །ཅེས་ལྟར་རྗེ་བཙུན་རེད་མདའ་ བ། །རྩེ་ཆེན་ཕེབས་པའི་སྐབས་སུ་མཇལ། །དེ་ལས་མཛོད་ཀྱི་རང་འགྲེལ་ སྟེང༌། །མཛུབ་འཁྲིད་མཛད་པས་ཚིག་དོན་ཀུན། །མཁྱེན་ནས་དད་པ་ཆེན་
པོ་འཁྲུངས། །དབུ་ཚད་རིགས་པའི་སྒོ་དང་པོ། །རྗེ་བཙུན་འདི་ཉིད་ལས་
རྙེད་པས། །འགྲན་མེད་བླ་མ་གཙོ་བོར་མཛད། །དེ་ནས་དཔོན་སློབ་ལྷན་ ཅིག་ཏུ། །ཉང་སྟོད་བསམ་གླིང་དུ་བྱོན་ནས། །རྗེ་བཙུན་བླ་མ་རེད་མདའ་ 6
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ལས། །དབུ་མ་འཇུག་པ་ཚར་གཅིག་གསན། །རྗེ་བཙུན་པས་ཀྱང་དབུ་མ་
ནི ། །གཞན་ལ་གསུང་བ་སྔ་ཤོ ས ་དེ ། །རེ ད ་ཅེ ས ་མཁས་གྲུབ་རྗེ ་ ཡི ས ་ གསུངས། །དེ་དུས་གྲུབ་པའི་རྣལ་འབྱོར་ཆེ། །གནས་ལྔ་རིག་པའི་མཁན་
ཆེན་པོ། །ལོ་ཙ་བྱང་ཆུབ་རྩེ་མོ་ནི། །དབུས་སུ་ཕེབས་ནས་དགུན་ཆོས་
སུ། ། པོ་ཏ་ལ་རུ་མངོན་པ་ཡི། །ཀུན་བཏུས་གསུང་བ་འདུག་ཅེས་གསན། ། མངོན་པའི་བདག་པོ་དེ་ལས་ནི། །ཀུན་བཏུས་ཚར་གཅིག་གསན་པར་ བཞེད། །དུས་དང་རྐྱེན་དབང་ཞིག་གིས་ནི། །མངོན་པའི་ཐུགས་བཞེད་མ་
འགྲུབ་ཀྱང༌། །ཆོས་འབྲེལ་ཞིག་ནི་གསན་པར་མཛད། །དེ་རྗེས་སྐྱོར་མོ་
ལུང་དུ་བྱོན། ། ༼ག་༢༡མེ་སྦྲུལ༡༣༧༧༽ བཀའ་བཞི་བློ་གསལ་ཞེས་ གྲགས་པ། །དགེ་བཤེས་ཐ་མག་བུ་ཆེན ་པོ། །སྦལ་ཏིའི་ བརྒྱུད་འཛིན་
གདན་ས་པ། །འདུལ་བར་ཤིན་ཏུ་མཁས་པ་ལས། །མདོ་རྩའི་འགྲེལ་བ་ཆ་
ལག་དང༌། །ཁོང་ལ་མངའ་བའི་འདུལ་བ་ཡི། །བཤད་སྲོལ་ལྷག་མེད་
ཐུགས་སུ་ཆུད། །དེའི་ཞོར་མདོ་རྩའི་རྒྱ་ཆེར་འགྲེལ། །དབུ་ནས་མདའ་ ཚད་བཅུ་བདུན་རེ། །ཉིན་རེར་ཆགས་མེད་ཐུགས་ལ་བཟུང༌། །དེ་དུས་
ཚོགས་སུ་མང་ཇའི་སྐབས། །དགེ་འདུན་གཞན་གྱིས་མདོ་འདོན་རིང༌། ། 7
དད་འཇུག་གསལ་བའི་རྒྱན།
ཤེར་ཕྱིན་ཞལ་ཏོན་དུ་མཛད་སྐབས་སུ། །ཕྱི་ནང་ཆོས་རྣམས་མ་ལུས་པ། ། སྣང་ལ་ངོས་བཟུང་མེད་པ་ཡི། །དོན་ལ་མཉམ་པར་བཞག་པ་ཡིས། །
གཞན་གྱི་ཆོས་སྤྱོད་བདུད་བཟློག་སོགས། །ཚིག་འབྲུ་ཙམ་ཡང་མི་ངེས་ པར། །རྣམ་རྟོག་རགས་པ་ཐམས་ཅད་ལོག། །གསལ་སྟོང་འཛིན་མེད་ངང་ ལ་ནི། །མང་ཇའི་མགོ་མཇུག་ཐམས་ཅད་ལ། །འབད་རྩོལ་མེད་པར་འཇུག་
པར་བྱུང༌། །བོད་ཀྱི་གྲུབ་ཐོབ་ཏུ་བྱེད་པའི། ། རྟོགས་པ་བཟང་ཤོས་མཐར་
ཐུག་པ། །དེ་ཉིད་ཐུགས་ལ་འཁྲུངས་འདུག་ཀྱང༌། །གསུང་རབ་གནད་ རྣམས་མ་ལུས་པ། །ཐུགས་སུ་ཆུད་པའི་བདག་ཉིད་ཆེ། །འདིས་ནི་དེ་འདྲ་
བ་ལ་ཡང༌། །ཐུན་མོང་ཏིང་འཛིན་ཁྱད་པར་ཙམ། །མ་གཏོགས་སྟོང་ཉིད་ རྟོགས་པ་ཡི ། །ཏི ང ་ངེ ་ འཛི ན ་དུ་འཁྲུལ་པ་ཡི ། །དྲི ་ མ་ཙམ་ཡང་མི ་ བྲོ ་
བས། །རྗེ་བཙུན་བླ་མ་འདི་འདྲ་ནི། །མཁས་པ་མགུ་བའི་ཡོན་ཏན་རྣམས། ། ཤིན་ཏུ་དཔག་པར་དཀའ་བ་ཡིན། །དེའི་སྐབས་བར་ཆོད་རྣམ་པ་ཡི། །སྐུ་
རྒྱབ་བསྙུང་བའི ་ ཚུལ་ཞི ག ་བསྟན། །ཐུགས་ཉམས་འགའ་རེ ས ་མ་ཕན་ ཡང༌། །མ་ནི ང ་ཧ་འདོ ན ་བྱས་པས་གྲོལ། །དེ འི ་ དགུན་གནས་རྙི ང ་དུ་
བཞུགས་ནས། །དེར་བཞུགས་དོན་གཉེར་ཅན་རྣམས་དང༌། །ཕྱག་ཕྱིར་ 8
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
བྱོན་པ་འགའ་ཞིག་གིས། ། ནན་ཆེར་གསོལ་བ་བཏབ་པར་བརྟེན། །མངོན་ པ་ཀུན་བཏུས་སྩལ་བཤད་མཛད། །ཡབ་རྗེ་བླ་མས་དམ་པའི་ཆོས། །
གཞན་ལ་འདོམས་པ་དང་པོ་དེ། །འདི་ཉིད་རེད་ཅེས་འགའ་རེས་གླེང༌། །
ས་སྐྱར་རྗེ་བཙུན་རེད་མདའ་ལས། ། ༼ག་༢༣ས་ལུག་༡༣༧༩༽ མངོན་
པ་ཀུན་བཏུས་ཟབ་བཤད་དང༌། །ཚད་མ་རྣམ་འགྲེལ་གཙོ་བོར་སྦྱངས། ། འཇུག་པ་འདུལ་བ་ལ་སོགས་པའི། །བཀའ་བསྟན་མང་པོའི་ལུང་ཡང་ གསན། །ལེགས་བཤད་གསེར་གྱི་ཕྲེང་བ་ལས། །དགེ་འདུན་འདི་དག་ཆེ་ ལོང་ཙམ། །རྒྱས་པར་ཡི་གེ་ལོགས་ཤིག་ཏུ། །བྲིས་ནས་ཡོད་པས་དེར་ལྟ་
འོ། །ཞེས་པའི་ཚིག་ལ་བརྟེན་ནས་ནི། །བློ་གསལ་བགྲོད་པའི་ཐེམ་སྐས་ ཀྱང༌། །འདི་སྐབས་ཤིག་ཏུ་མཛད་འདུག་ཅེས། །དཔྱོད་ལྡན་འགའ་རེས་
དྭོ ག ས་སློང་གནང༌། ། བླ་མ་རྡོ ་ རྗེ ་ རི ན ་ཆེ ན ་ལས། །བརྟག་གཉི ས ་ས་
ལུགས་བཤད་པ་གསན། །བླ་མ་རྗེ་བཙུན་རེད་མདའ་བས། །བརྩམས་པའི་
ཀུན་བཏུས་ཊི་ཀ་ཡང༌། །བརྩམས་རིམ་བཞིན་དུ་ཐུགས་སུ་ཆུད། །རྣམ་ འགྲེལ་རང་འགྲེལ་ཚར་གཅིག་གསན། །དེ་ཡི་སྟོན་དུས་འཁྲུངས་ཡུལ་ ནས། །ཡུམ་གྱིས་ཞུ་བ་ནན་ཆེར་བརྟེན། །ལན་གཅིག་མདོ་སྨད་འབྱོན་ 9
དད་འཇུག་གསལ་བའི་རྒྱན།
པར་བཞེད། །ལག་ལེན་འགའ་ཞིག་ཐུགས་སྦྱོང་དུ། །མཛད་པར་བརྩམས་ པའི་འཚམས་ཤིག་ན། །ཅི་བྱེད་དོན་ཆུང་དེ་འདྲ་ལ། །དགོས་པ་ཆེར་ནི་མི་ འདུག་པས། །ད་ནི་མདོ་ཁམས་ཡུལ་ཕྱོགས་སུ། །གཏན་ནས་མི་འགྲོ་སྙམ་
པ་ཡི། །ཐུགས་ཉམས་སྐྱོ་ཤས་ཅན་ཞིག་འཁྲུངས། །ཡུལ་དུ་མི་འགྲོའི་
ཐུགས་ཐག་བཅད། །གཞན་ཡང་ཡབ་རྗེ ་ ཙོ ང ་ཁ་པར། །སྐུ་ཚེ ་ འདི ་ ལ་ གསར་ཐོབ་ཀྱི། །སྦྱོར་བྱུང་ཡོན་ཏན་མ་ཡིན་པའི། །སྐྱེ་བས་ཐོབ་པའི་ལྷན་
སྐྱེས་ཀྱི། །ངོ་མཚར་ཡོན་ཏན་དུ་མ་ཡོད། །དེ་ཡང་ཁོ་བོར་གཞན་གྱིས་
ནི། །སྟན་བཟང་བཤམས་དང་གུས་པ་ཡི། །བསྙེན་བཀུར་ཅི་ཙམ་བྱས་པ་
ན། ། འདི་དག་ཐམས་ཅད་མི་རྟག་ཅིང༌། །མི་བརྟན་སྒྱུ་མའི་སླུ་བྲིད་དང༌། །
འདྲ་བོ་སྙམ་པའི་སྐྱོ་ཤས་ནི། །ཤུགས་དྲག་ངང་ནས་ཡིད་གཏིང་ནས། ། འགྱུར་བ་རྒྱུན་རིང་ཐོན་པ་ཞིག །དང་པོ་ཉིད་ནས་རང་ཆས་ཡོད། །ཅེས་
འདི་འཇམ་མགོན་བླ་མས་གསུངས། །དེ་ནས་མལ་གྲོ་ལྷ་ལུང་དུ། །བླ་མ་
བསོད་གྲགས་ཅེས་པ་ལས། །ཆོས་ལུང་མང་པོ་རབ་ཏུ་གསན། །དེའི་ སྐབས་སྐུ་མཚམས་བཞུགས་སྐབས་སུ། །རྣམ་འགྲེལ་ལེ་འུ་གཉིས་པ་
ཡིས། །ལམ་གྱི་རྣམ་གཞག་སྟོན་ཚུལ་ལ། །གཟིགས་ནས་དད་པས་སྤྱན་ 10
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཆབ་སིལ། །དེའི་དགུན་བདེ་བ་ཅན་དུ་བཞུགས། །དཔྱིད་ཆོས་གྲྭ་སྐོར་ མཛད་བཞེད་ནས། །པོ་ཏི་འགའ་ཡི་གཟིགས་རྟོག་མཛད། །དེ་ནས་གཙང་
ནས་སྣར་ཐང་ཕེབས། །༼ག༢༤ལྕགས་སྤྲེལ་༡༣༨༠༽ བླ་མ་ལོ་ཙཱ་དོན་
བཟང་བས། །མཛད་པའི་ཚད་མའི་ཊི་ཀ་དེ། །ཉོན་ཞེས་བཀའ་གནང་པ་ བཞིན་གསན། །དེ་རྗེས་དབྱར་ཆོས་སྣར་ཐང་དུ། །བཀའ་ཆེན་བཞི་ཡི་གྲྭ་
སྐོར་མཛད། །རྣམ་འགྲེལ་མངོན་པ་གོང་འོག་དང༌། །འདུལ་བ་མདོ་རྩ་
བཅས་བཞི་ལ། །བཀའ་ཆེན་ལྷག་མ་བཞི་ཞེས་ཟེར། །དེ་ཡི་སྟོན་ཆོས་
ཨེར་ལ་བྱོན། །ལོ་ཙཱ་ནམ་མཁའ་བཟང་པོ་ལས། ། སྙན་ངག་མེ་ལོང་བཤད་
པ་གསན། །གཙོ་བོར་བླ་མ་རྗེ་བཙུན་པ། །རེད་མདའ་གཞོན་ནུ་བློ་གྲོས་ ལས། །དབུ་ཚད་མངོན་པ་སོགས་གསན་ཅིང༌། །ཕར་ཕྱིན་འདུལ་བ་རང་
རེའི་དྲུང༌། །ཚར་རེ་ཉན་ན་རྟེན་འབྲེལ་གྱི། །ཁྱད་པར་འོང་དུ་རེ་བ་ཡིས། །
གསུང་འཚལ་ཞུས་ནས་ཚར་རེ་གསན། །འཇུག་པ་མ་གཏོགས་རྩ་ཤེ་ སོགས། །རིགས་ཚོགས་གཞན་གྱི་ལུང་རྣམས་ནི། །སྣར་ཐང་པ་ཡི་མཁན་
པོ་ཆེ། །ཀུན་དགའ་རྒྱལ་མཚན་པ་ལས་བླངས། །བླ་མ་རྗེ་བཙུན་རེད་
མདའ་བས། །དབུ་མ་རིག ས་ཚོ ག ས་རྣམས་ཀྱི་ ལུང༌། །བྲང་མོ ་ ཆེ ་ ཡི་ 11
དད་འཇུག་གསལ་བའི་རྒྱན།
གདན་ས་པ། །བླ་མ་ཆོས་བཤེས་པ་ལས་བླངས། །མདོར་ན་དེའི་ཚེའི་
དཔོན་སློབ་གཉིས། ། དབུ་མ་རིགས་ཚོགས་རྣམས་ཀྱི་ནི། །བཤད་པར་ལྟ་
ཞོག་ལུང་ཡང་ནི། ། ལེན་པའི་ཡུལ་ཡང་དཀའ་བར་བྱུང༌། །དེའི་ཚེའི་ས་ སྐྱར་གོང་སྨོས་ཀྱི། ། བཀའ་ཆེན་རྣམས་ཀྱི་གྲྭ་སྐོར་མཛད། །གཞན་ཡང་
པོ་ཏི་བཅུ་ལྷག་ཙམ། ། གྲྭ་སྐོར་མཛད་པ་ཆོག་མོད་ཀྱང༌། །དེ་དུས་གྲྭ་ས་ རྣམས་ལ་ནི། །པོ་ཏི་གཞན་པ་རྣམས་ཀྱི་ནི། །གྲྭ་སྐོར་མཛད་པའི་ལུགས་ སྲོལ་དེ། །མ་དར་འདུག་པས་མ་བྱས་གསུངས། །དེ་ནས་དེ་འཕྲལ་དབུས་
ལ་བྱོན། ། གུང་ཐང་ཚེས་བཅུའི་སྐབས་ནས་བརྩམས། །རིམ་བཞིན་གསང་ ཕུ་རྩེད་ཐང་སོགས། ། ༼ག༢༥ལྕགས་བྱ་༡༣༨༡༽གདན་ས་ཆེན་པོ་རྣམས་
ལ་ནི། །ཕར་ཕྱིན་སྔར་ནས་མཛད་ཚར་བས། །དཀའ་ཆེན་བཞི་ཡི་གྲྭ་སྐོར་
མཛད། །དེ་ནས་རྗེ་བཙུན་བླ་མ་ཡི། །མཁས་བཙུན་བཟང་གསུམ་ཡོན་ཏན་
གྱིས། ། འཇིག་རྟེན་མ་ལུས་ངོ་མཚར་བའི། །གཏམ་གྱི་དགའ་སྟོན་རོལ་ བར་བྱེད། ། ས་གསུམ་སྙན་པའི་བ་དན་བཙུགས། ། ༈ སྔགས་ཕྱོགས་མང་ ཐོས་བཙལ་བའི་ཚུལ། །རིམ་བཞིན་ཞུས་ན་འདི་ལྟར་ལགས། །བཀའ་བཞི་ ཚུལ་ཁྲིམས་རིན་ཆེན་ནི། །བསྙེན་པར་རྫོགས་པའི་མཁན་པོ་མཛད། ཤེར་ 12
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
མགོ ན ་ལས་ཀྱི ་ སློབ་དཔོ ན ་མཛད། །བསོ ད ་ནམས་རྡོ ་ རྗེ ་ གསང་སྟོ ན ་
མཛད། །གྲངས་ཚང་ཁ་སྐང་དགེ་འདུན་བཅས། །བསྙེན་རྫོགས་སྡོམ་པ་ ཡང་དག་བཞེས། །ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ། ། ཡོངས་རྫོགས་ལྷ་
ཡིས་ཆུ་བོ་ཡིས། ། ཐུགས་ཀྱི་བུམ་བཟང་ཡོངས་སུ་གཏམས། །ལྷ་དང་ བཅས་པའི་འཇིག་རྟེན་གྱི། ། མཆོད་པའི་ཡོན་གནས་གཅིག་པུར་གྱུར། །
དེའི་སྐབས་དགུང་ལོ་ཉེར་བཞི་ཞེས། ། ཐོས་ཀྱང་དེ་ལ་དཔྱད་པར་མཛོད། ། དེ་ནས་གདན་ས་ཐེལ་དུ་བྱོན། ། སྤྱན་སྔ་གྲགས་པ་བྱང་ཆུབ་ལས། །ལམ་ འབྲས་མན་ངག་ཡོངས་རྫོགས་དང༌། ། ན་རོ་པ་ཡི་ཆོས་དྲུག་དང༌། ། འཇིག་རྟེན་མགོན་དང་ཕག་གྲུ་ཡི། ། བཀའ་འབུམ་ལ་སོགས་གསན་པར་
བྱེད། ། དེ་ནས་ཀེ་རུང་ཆོས་བར་ཕེབས། །ཚ་ཁོ་དབོན་སོགས་སྡེ་སྣོད་
པ། ། མང་པོ ་ ཞི ག ་ལ་ཕར་ཚད་དང༌། །དབུ་མ་ལ་སོ ག ས་ཆོ ས ་མང་
གསུངས། །དེ་ནས་སྐྱིད་ཤོད་དུ་ཕེབས་ཏེ། །བཀའ་བསྟན་བོད་འགྱུར་
ཡོངས་རྫོགས་གཟིགས། །༼ག་༢༦ཆུ་ཁྱི་༡༣༨༢༽ འགྲན་མེད་རྣམ་དཔྱོད་ ཐུགས་ལ་འཁྲུངས༌། ། རྒྱན་འགྲེལ་རྣམ་བཤད་ཆེན་མོ་བརྩམས། །དེའི་ཚེ་
འཛི ན ་བཟང་སྐད་གྲགས་ཅན། གླིང་མཚུངས་མེ ད ་དང་མདོ ་ སྨད་པ། ། 13
དད་འཇུག་གསལ་བའི་རྒྱན།
འཇམ་དཔལ་བཀྲ་ཤིས་ཞེས་པ་དང༌། ། ཤཀྱཱ་གྲུབ་ཅེས་རྣམ་གསུམ་དང༌། །
འཛིན་གྱི་ཁྱད་པར་འགྲན་མཛད་པས། །རྗེ་འདིའི་ཚལ་དབུས་གླིང་གི་ནི། ། གཙུག་ལག་ཁང་གི་ཏོག་རྩེ་ལ། །ཉི་མ་ཤར་བ་མཉམ་དུ་ནི། །སྔོན་གཟིགས་ མ་མྱོང་མདའ་ཚད་མ། །ཡིག་ཕྲེང་དགུ་ཅན་ཤོག་ལྡེ་བཞི། །ཤིན་ཏུ་དག་
པར་ཐུགས་ལ་ཆུད། །གླིང་མཚུངས་མེད་ཀྱིས་ཕྱེད་དང་གསུམ། །ཐོ་རེ་བ་ དང་གཞན་གཉིས་ཀྱིས། ། རེ་རེ་མ་གཏོགས་མ་ཟིན་གསུངས། ། དེ་སྐབས་ ཤིག་ཏུ་ཚ་ཁོ་དབོན། །མཁན་ཆེན་ངག་དབང་གྲགས་པ་ལགས། །ཕྱག་ རོགས་ཁྲིད་ནས་ལྷ་ས་རུ། །ཇོ་བོ་ཐུགས་རྗེ་ཆེན་པོ་བ། །རང་བྱུང་ལྔ་ལྡན་ དྲུང་དུ་ནི། །སྨྱུང་གནས་མང་དུ་མཛད་པའི་སྐབས། །ནུབ་གཅིག་དཔོན་
སློབ་གཉིས་ཀ་ཡིས། །གསོལ་བ་དྲག་ཏུ་བཏབ་ནས་ནི། །མནལ་ལམ་ལྟས་
ནི་བརྟགས་པ་ན། །ཚ་ཁོ་བ་ལ་དུང་དཀར་གཉིས། །ནམ་མཁའ་ལས་ནི་ཐུ་
བར་ལྷུང༌། །དེ་མ་ཐག་ཏུ་དེ་གཉིས་ནི། །འདྲེས་ནས་གཅིག་ཏུ་གྱུར བ་
དེ། །ལག་ཏུ་བླངས་ནས་བུས་པ་ན། །སྒྲ་ནི་ཆེན་པོ་གྲགས་པ་རྨིས། །ཕྱིས་
སུ་ཁོང་ནི་རྒྱལ་རོང་དུ། །རྒྱལ་བསྟན་དར་རྒྱས་སྤེལ་མཛད་པའི། །འཕྲིན་
ལས་རྒྱ་ཆེན་བྱུང་འདུག་པ། །དེ་ཡི་ལྟས་ནི་ཡིན་པ་འདྲ། ། ཞེས་ནས་ 14
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
འཇམ་མགོན་བླ་མས་གསུངས། །ཡབ་རྗེ་བླ་མའི་མནལ་ལམ་དུ། །ཨུཏྤལ་
སྔན་པོ་ཁ་དོག་གསལ། །འདབ་རྙིང་ཡུ་བ་བཅས་པ་ཞིག །ཕྱག་ཏུ་བླངས་
རྨིས་སྒྲོལ་མ་ཡིས། །རྗེས་སུ་འཛིན་པའི་ལྟས་སུ་ནི། །དགོངས་ཀྱང་ཚེ་ ལྟས་ཡིན་པར་གསུངས༌། །དེ་ནས་དགུན་ཆོས་བདེ་ཅན་དུ། །སྡེ་སྣོད་ཆོས་
ནི་མང་དུ་གསུངས། །དཔྱིད་ཆོས་བྱ་ཡུལ་དུ་ཕེབས་ནས། ། ༼ག༣༠མེ་
སྟག་༡༣༨༦༽ དགེ་བཤེས་བདུན་ཅུ་ཙམ་ཞིག་ལ། ། ཕར་ཚད་དབུ་མ་ འཇུག་པ་དང༌། ། མངོན་པ་ཀུན་ལས་བཏུས་རྣམས་གསུངས། །དེ་ནས་
སླར་ཡང་ཚལ་དུ་བྱོན། །ཕར་ཕྱིན་རྣམ་བཤད་ཆེན་མོ་ཡི། ། འཕྲོས་རྣམས་
མུ་མཐུད་རྩོམ་མཛད་ནས། ། བདེ་བ་ཅན་དུ་རྫོགས་པར་མཛད། །མདོ་ རྒྱུད་གཞུང་ལུགས་དུ་མ་ལ། ། མཁས་པར་སྦྱངས་ཤིང་ཁྱད་པར་དུ། །དུས་ འཁོར་ཆ་ལག་བཅས་པ་ལ༌། ། མཁས་པར་གྲགས་པ་ཚལ་བ་ཡི། །རྟོགས་ ལྡན་ཡེ་ཤེས་རྒྱལ་མཚན་ལ། །དུས་འཁོར་གསུང་བར་ཞུས་པ་བཞིན། །
བླ་མས་ཀྱང་ནི་ཞལ་གྱིས་བཞེས། །དཔོན་སློབ་གཉིས་ཀ་སྐྱོར་ལུང་དུ། ། བཞུགས་ནས་དུས་ཀྱི ་ འཁོ ར ་ལོ ་ ཡི ། །འགྲེལ་ཆེ ན ་དྲི ་ མེ ད ་འོ ད ་ཀྱི ་
ནི། །བཤད་པ་ཞིབ་པར་གསན་པར་མཛད། །རྒྱུ་མཚན་རྩིས་དང་ལག་ 15
དད་འཇུག་གསལ་བའི་རྒྱན།
ལེན་རྣམས། །མཁས་པར་སྦྱངས་ནས་སྐྱོར་ལུང་དུ། །སྡེ་སྣོད་འཛིན་པ་
མང་པོ་ལ། །གཞུང་ལུགས་མང་པོའི་བཤད་པ་མཛད། ། ༼ག༣༡མེ་ཡོས་
༡༣༨༧རབ་བྱུང་༧༽ བློ་གསལ་འདུས་པའི་ཚོགས་རྣམས་ལ། །སྡེ་སྣོད་ བཤད་པ་མང་དུ་གནང༌། །དེ་ནས་དགུན་སྟོད་སྟོད་ལུང་དུ། །དུས་འཁོར་
ཐུགས་སྦྱོངས་ཤིན་ཏུ་ནི། །འགྲུས་པར་མཛད་ནས་བློ་གསལ་བ། །མང་
པོ ར ་སྡེ ་ སྣོད་མང་དུ་གསུངས། །རྗེ ་ ལ་མི ་ ཕྱེ ད ་དད་པ་ཅན། །རྫོ ང ་ཇི འི ་
གྲགས་པ་རིན་ཆེན་དང༌། །གོང་དཀར་སྒོམ་པ་ཆོས་རྒྱལ་གྱིས། །ཞུ་བ་
ནན་ཆེར་ཕུལ་བ་བཞིན། །དེ་དཔྱིད་རིགས་ལྔ་ལྷ་ཁང་དུ། །སྡེ་སྣོད་འཛིན་ པ་བདུན་ཅུ་ལྷག། །ཙམ་ལ་ཕར་ཚད་མངོན་པ་དང༌། །མདོ་རྩ་འཇུག་པ་ལ་
སོགས་གསུངས། །གོང་དཀར་པ་ཡིས་རྗེ་ཉིད་ལ། །བསྙེན་བཀུར་ཞབས་
ཏོག་ཚད་མེད་བྱས། །ཡར་ལུང་བྱོན་ནས་སྨོན་ཁར་བཞུགས། །སྡེ་སྣོད་
ཆོས་ནི་མང་དུ་གསུངས། །རྫོང་ཇིས་ཡོ་བྱད་མཁོ་དགུ་ཡིས། །གུས་པས་
མཆོད་ནས་རྗེ་བླ་མས། །སྡེ་སྣོད་དཔག་མེད་གསུངས་སྐབས་སུ། །རྒྱུད་ སྡེ་གོང་དང་འོག་མ་ཡི། །དཀྱིལ་འཁོར་ཆེན་པོ་རྣམས་སུ་ནི། །སྐལ་བ་
ལྡན་པའི་གདུལ་བྱ་རྣམས། །དབང་གིས་སྨིན་པར་མཛད་པ་དང༌། ། གཞན་ 16
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཡང་ལྷ་ནི་སོ་སོ་ཡི། །རྗེས་གནང་ལུང་དང་མན་ངག་སོགས། །གང་ལ་ གང་འཚམས་དམ་ཆོས་ཀྱིས། །གདུལ་བྱ་དཔག་ཏུ་མེད་པ་རྣམས། །སྨིན་
གྲོལ་ལམ་དུ་འགོ ད ་པར་མཛད། །དེ ་ དགུན་མོ ན ་མཁར་བཀྲ་གདོ ང ་ བཞུགས། །༼ག༣༢ས་འབྲུག་༡༣༨༨༽ དེ་དུས་ནུབ་གཅིག་བོད་པ་ཡི། །
མཁས་གྲུབ་རྣམས་ཀྱི་རྣམ་པར་ཐར། ། ཅི་རིགས་གསུངས་པའི་སྐབས་སུ་
ནི། །དཀའ་བཞི་ཤེར་སེང་ཆོས་ཐོག་གཅིག། པོ་ཏི་བཅུ་གཅིག་གསུངས་ འདུག་པས། །དུས་ཕྱིས་བོད་དུ་པོ་ཏི་རྣམས། །དུས་གཅིག་གསུངས་པ་
མང་ཤོས་དེ། །དེ་ཉིད་ཡིན་པ་འདྲ་ཞེས་གསུངས། །དགེ་བཤེས་ཤ་སྟོན་ ལ་སོགས་པས། །རྗེ་ཡིས་དེ་ལྟར་དུས་གཅིག་ཏུ། །གསུང་བ་འཚལ་ཞེས་
ཞུས་པ་ན། །རྩོལ་བ་བྱས་ན་དེ་ཙམ་ཞིག །འཆད་ནི་ཐུབ་པ་འདྲ་གསུངས་ པས། །འོ་ན་ཅིས་ཀྱང་གསུང་བར་འཚལ། །ཞེས་པའི་གསོལ་བ་བཏབ་པ་
ཡིས། །རྗེ་བཙུན་བླ་མས་ཞལ་གྱིས་བཞེས། །དེའི་ཚེས་བཅུ་ནས་གནམ་
གང་བར། །སྐུ་མཚམས་བཅད་ནས་གཟིགས་རྟོག་མཛད། །དེ་ནས་གནམ་
གང་ཉིན་མོ་ལ། །ཕྱག་དཔེ་རྣམས་ཀྱི་སྐུ་རགས་དཀྲོལ། །ཚེས་གཅིག་དབུ་ འཛུགས་བཞེད་པ་ལ། །གསང་ཕུ་སོགས་ནས་དོན་གཉེར་ཅན། །སྡེ་སྣོད་ 17
དད་འཇུག་གསལ་བའི་རྒྱན།
འཛིན་པ་མང་པོ་ཞིག །སྒུག་དགོས་བྱུང་བས་ཉིན་གསུམ་རིང༌། །མིད་ལ་
མར་པ་ལ་སོགས་པའི། །གསུང་རྒྱུན་ཐོར་བུ་འགའ་རེ་གསུངས། །དེ་ནས་ ཚེས་པ་ལྔ་ཉིན་ནས། །༼ག་༣༣ས་སྦྲུལ་༡༣༨༩༽ རྒྱ་གར་སྐད་དུ་ཞེས་པ་
ཡི། །ཕྱག་དཔེ་མི་འདྲ་བཅོ་ལྔ་ཡི། །དབུ་ནི་དུས་གཅིག་ཏུ་བཙུགས་ནས། ། ཐོ་རངས་ནས་ནི་སྲོད་ཀྱི་བར། །ཆོས་ཐུན་བཅོ་ལྔ་མ་ཆག་པར། །ཉིན་རེ་
བཞིན་དུ་ཐུགས་བཤད་མཛད། །དེ་ཡི་ནང་ནས་པོ་ཏི་ནི། །ཆུང་བ་གཉིས་
ནི་རྫོགས་པ་ན། །དེའི་དོད་སླར་ཡང་ཆུང་བ་གཉིས། །དབུ་བཙུགས་གནང་ ནས་བཤད་པ་མཛད། །རྣམ་འགྲེལ་ཕར་ཕྱིན་མངོན་གོང་འོག །མདོ་རྩ་
བྱམས་ཆོས་ཕྱི་མ་བཞི། །དབུ་མ་རིགས་ཚོགས་ལྔ་དང་ནི། །འཇུག་པ་ བཞི་བརྒྱ་སྤྱོད་འཇུག་སྟེ ། །བསྟན་བཅོས་བཅུ་བདུན་བཤད་པ་
མཛད། །དཀའ་ཆེན་འགའ་ཡི་བོད་འགྲེལ་གྱིས། །འཆད་ཚུལ་དུ་མ་དགག་ སྒྲུབ་དང༌། །བཅས་པའི་སྒོ་ནས་གཏན་ལ་ཕབ། །གཞན་རྣམས་ཕལ་ཆེར་
རང་རང་གི། །འགྲེལ་བའི་སྟེང་ནས་གཞུང་གི་དོན། །ཕྲ་རགས་མ་ལུས་
ཞིབ་བཤད་ནས། །ཟླ་བ་གསུམ་ལ་རྫོགས་པར་མཛད། །སྲིད་ཆོས་གྲོལ་
ནས་འཇིགས་བྱེད་ཀྱི། །བདག་འཇུག་ལ་སོགས་ཐུགས་དམ་གྱི། །རིམ་ 18
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
གཉིས་རྣལ་འབྱོར་མ་ཆག་མཛད། །སྐྱེ་བོ་ཀུན་གྱིས་རྗེ་འདི་ནི། །ལྷག་པའི་ ལྷ་ཡིས་དངོས་སུ་ནི། །བྱིན་གྱིས་བརླབས་སམ་གཟུངས་ཐོབ་པའི། །བྱང་
ཆུབ་སེམས་དཔའ་ཆེན་པོ་ཞིག །ཡིན་པར་ངེས་ཀྱི་གཞན་འདི་ལྟར། ། ཡོན་ཏན་འབྱུང་བ་མི་སྲིད་དོ། །ཞེས་ནས་ཀུན་གྱིས་མཐུན་པར་གླེང༌། །
དེའི་དབྱར་ཨོཾ་དཀར་བྲག་ཏུ་ནི། །བཞུགས་ནས་སྐུ་མཚམས་དམ་པོར་ མཛད། །བཅོམ་ལྡན་འཁོར་ལོ་བདེ་མཆོག་གི །སྒོམ་བཟླས་ཐུན་བཞིའི་
རྣལ་འབྱོར་དང༌། །བདག་འཇུག་ཤིན་ཏུ་མང་པོར་མཛད། །ནེ་གུ་ཆོས་ དྲུག་དམི ག ས་སྐོར་རྣམས། །ཐུགས་ཉམས་བསྟར་ནས་ལེ ག ས་པར་ སྦྱངས། །ཞག་རེར་གཏུམ་མོའི་རླུང་སྦྱོར་ཡང༌། །བརྒྱད་བརྒྱ་ཙམ་རེ་མཛད་
དོ་གསུངས། ། གཏུམ་མོ་ལ་སོགས་ཐུགས་དམ་གྱི། །ཉམས་རྟོགས་བཟང་
པོ་མང་དུ་འཁྲུངས། །དེའི་སྟོན་སྐྱིད་ཤོད་དུ་ཕེབས་ནས། །བླ་མ་རྗེ་བཙུན་ རེད་མདའ་ཡང༌། །དབུས་སུ་ཕེབས་པས་སྤྱན་སྔར་མཇལ། ། དཔོན་སློབ་
གཉིས་ཀ་པོ་ཏཱ་ལར། །བཞུགས་ནས་དམ་པའི་ཆོས་ཀྱི་ནི། ། བཀའ་བགྲོ་
མང་དུ་མཛད་པར་གནང༌། །གདུལ་བྱ་རྣམས་ལའང་ལེ ག ས་བཤད་ བསྩལ། །རྗེ་བཙུན་སླར་ཡང་གཙང་ལ་ཕེབས། །རྗེ་འདི་དེའི་དགུན་སྐྱོར་ 19
དད་འཇུག་གསལ་བའི་རྒྱན།
ལུང་དུ། བཞུགས་ནས་སྡེ་སྣོད་འཛིན་པ་ནི། །ཆེན་པོ་དུ་མར་དུས་འཁོར་
དང༌། ། ཕར་ཚད་མངོན་པ་མང་དུ་གསུངས། །དེ་ནས་དེ་དཔྱིད་རྟ་ལོ་ལ། ། རྒྱུད་སྡེ་ཆེན་པོ་རྣམས་ཀྱི་ནི། །བཤད་པ་དབང་དང་ལག་ལེན་དང༌། ། མན་ ངག་དང་བཅས་རྫོགས་པ་ཞིག །རྩད་གཅོད་མཛད་པར་བཞེད་པ་དང༌། །
བླ་མ་རྗེ་བཙུན་པ་དང་ནི། །གསུང་གླེང་མཛད་པའི་དགོས་པ་བཅས། །
འགའ་ཞི ག ་ཕྱི ར ་དུ་གཙང་ལ་བྱོན། །རང་གི ་ སྣུབས་ཆོ ས ་ལུང་དུ་
བཞུགས། །༼ག་༣༤ལྕགས་རྟ་༡༣༩༠༽ ཚོགས་པའི་མཁན་པོ་རིན་པོ་ ཆེ། ། གྲགས་པ་བཤེས་གཉེན་པ་ལས་ནི། །བཀའ་ལུང་ཅི་རིགས་གསན་
པར་མཛད། ། དེའི་སྐབས་རྗེ་འདིའི་ཞབས་འབྲིང་དུ། །ཡོད་པའི་བསོད་
ནམས་གྲགས་ཞེས་དང༌། །མདོ་སྨད་དགེ་བཤེས་ཤེས་རབ་གྲགས། །
གཉིས་ཀྱིས་བླ་མ་དབུ་མ་པ། །བརྩོན་འགྲུས་སེང་གེ༌བདེ་མཆོག་སྟེང༌། །
ཞེས་པའི་དབེན་གནས་ཤིག་ཏུ་མཇལ། །ཆོས་འབྲེལ་ཞུས་ནས་གསུང་
གླེང་མཛད། །དེ་ཚེ་བླ་མ་དབུ་པ་ལ། །དབྱངས་ཅན་མ་ཡི་རྗེས་གནང་
ཞིག །ཞུ་དགོས་གསུངས་ནས་རྗེས་གནང་ཞུས། །དེ་ཚེ་བླ་མ་དབུ་པ་ལ། །
མདོ་ཁམས་ཡུལ་ན་ཡོད་དུས་ནས། །འཇམ་པའི་དབྱངས་ཀྱི་སྐུ་གསུང་གི 20
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
།སྣང་བ་ནར་མར་འོང་ཚུལ་དང༌། །དེ་ལ་སྔ་ཕྱིར་བརྟག་པ་བཅས། །བྱས་
ཚུལ་ལ་སོགས་ཞིབ་པར་ཞུས། །ད་དུང་གཏིང་ནས་ངེས་པ་ཞིག །རྙེད་པ་ ཞིག་ནི་མ་བྱུང་བས། །འདི་ལ་བརྟག་དཔྱད་ཡང་དག་ཅིག །རྗེ་ཡིས་ཐུགས་ འདོགས་པར་ཞུ། ། ད་ལྟ་ཡང་ནི་རྗེ་བཙུན་གྱིས། །དབྱངས་ཅན་མ་ཡི་རྗེས་
གནང་ཞིག །རྗེ་ལ་ཞུ་བ་རྒྱུགས་ཤིག་ཅེས། །གསུངས་པ་བཞིན་དུ་འོ ངས་ པ་ཡིན། །ཞེས་ནས་བླ་མ་དབུ་པས་གསུངས། །དེ་ལ་རྗེ་བཙུན་ཙོང་ཁ་ པས། ། བཀའ་ལན་གནང་བ་འདི ་ ལྟ་སྟེ ། །དབུ་མའི ་ ལྟ་བ་ལ་སོ ག ས་
ཀྱི། །ཆོས་ཀྱི་ཟབ་གནད་རྣམས་ཀྱི་ནི། །དྲི་གཏུགས་མཛད་པའི་སྒོ་ནས་
སུ། །ལེགས་པར་བརྟག་ནི་ཐུབ་པ་འདུག །དེས་ན་ཡིད་གཉིས་མི་དགོས་ པར། །གསོལ་བ་དྲག་ཏུ་འདེབས་པར་མཛོད། །འོན་ཀྱང་རྗེ་བཙུན་སྐུ་
གསུང་རྣམས། ། རང་མཚན་ད་ལྟ་དབང་ཤེས་ལ། །སྣང་བ་མིན་ནོ་ཡི་དམ་ གྱི། །སྐུ་ཡི་རྣམ་པ་ཡིད་ཤེས་ལ། །དངོས་སུ་སྣང་བ་ཙམ་ཞིག་ཡིན། །
ཞེས་ནས་བླ་མ་དབུ་པས་གསུངས། །དེ་ཚེ་འཇམ་མགོན་བླ་མ་ཡིས། །ང་
ཡང་འཇམ་དབྱངས་སྒྲུབ་སྐོར་གྱི། །མན་ངག་སོགས་ལ་ཤེས་འདོད་ནི། །
ཆེན་པོ་ཡོད་ཀྱང་རྗེ་བཙུན་པ། །རེད་མདའ་བ་ནི་སྟག་ཚང་དུ། །དཔོན་སློབ་ 21
དད་འཇུག་གསལ་བའི་རྒྱན།
མཇལ་འཕྲད་དགོས་པ་ཡིས། །བྲེལ་ནས་འཕྲལ་ལ་མི་འགྲུབ་འདུག ། འོན་
ཀྱང་རྗེས་སུ་རྟེན་འབྲེལ་ཞིག། ཅིས་ཀྱང་ནས་ནི་སྒྲིག་པ་འཚལ། །ཞེས་
ནས་འཇམ་མགོན་བླ་མ་དང་། །དབུ་པ་བརྩོན་འགྲུས་སེང་གེ་གཉིས། ། ཕན་ཚུན་བླ་སློབ་ཅན་དུ་གྱུར། ། དེ་ནས་སྟག་ཚང་རྫོང་ཁར་བྱོན། །ལོ་ཙཱ་ གྲགས་པ་རྒྱལ་མཚན་དང༌། །རྗེ་བཙུན་དམ་པ་རེད་མདའ་བ། །བླ་མ་ལོ་ཙཱ་
དོན་བཟང་དང༌། །རྗེ་བཙུན་བླ་མ་ཙོང་ཁ་པ། །ལ་སོགས་ཞལ་ནི་འཛོམས་ པ་དང༌། །དེ་དག་ཞབས་འབྲིང་དུ་ལྷག་པའི། །བཤེས་གཉེན་སྡེ་སྡོད་འཛིན་
པ་ནི། །ཕུན་སུམ་ཚོགས་པ་དུ་མ་དང༌། །གཉུག་མར་གནས་པའི་དགེ་
འདུན་གྱི། ཚོགས་དང་བཅས་པའི་ཡུལ་མཆོག་ཏུ། ། རྒྱལ་བསྟན་འཛིན་ སྐྱོང་སྤེལ་གསུམ་གྱི། ཐུགས་ཁུར་རྒྱ་ནི་ཆེན་པོ་དག། ། ལོ་ཙཱ་སྐྱབས་
མཆོག་དཔལ་བཟང་བཞེས། ། ཁོང་གིས་མཚམས་སྦྱོར་མཛད་པ་བཞིན། ། མཁས་མཆོག་དེད་དཔོན་དག་གིས་ནི། །འབེལ་གཏམ་མགྲིན་པའི་སྒྲ་ སྒྲོགས་པས། །ཐུབ་བསྟན་པདྨོའི་མཚོ་ཆེན་ཡང། །སྐལ་བ་བཟང་པོ་ཉིད་
དུ་བྱས། །དེ་ཡི་ཚེ་ན་རིན་པོ་ཆེ། །གྲགས་པ་རྒྱལ་མཚན་ཕར་ཕྱིན་དང༌། ། སྐྱབས་མཆོག་པ་ཡིས་བརྟག་གཉིས་གསུང༌། །རྗེ་བཙུན་རེད་མདའི་ཞལ་ 22
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
སྔ་ནས། །རང་གིས་མཛད་པའི་རྣམ་འགྲེལ་གྱི། །འགྲེལ་བཤད་གསུངས་ པ་རྗེ་ཡིས་གསན། །དཔོན་སློབ་གཉིས་ཀྱིས་དཀའ་བའི་གནས། །གཏན་
ལ་འབེབས་པའི་རིགས་པ་ཡི། །བརྒལ་བརྟག་ཀྱང་ནི་མང་དུ་མཛད། །དེ་
ནས་དཔོན་སློབ་གཉིས་པོ་ནི། །འབའ་འུ་འབའ་གཉེར་ལ་ལ་བྱོན་ནས། ། རྗེ་ཡིས་བླ་མ་རེད་མདའ་ལས། །རྒྱུད་རྒྱལ་གསང་འདུས་རྩ་རྒྱུད་གསན། ། བླ་མ་ཆོས་རྗེའི་དཔལ་བའི་ལས། །དུས་འཁོར་གསན་དགོས་དགོངས་པ་
ཡི། །ནུབ་གཅིག་གཟིམ་པའི་མནལ་ལམ་དུ། །བླ་མ་ཆོས་ཀྱི་དཔལ་བ་
ཡིས། །བུ་སྟོན་རིན་པོ་ཆེ་ལས་ནི། །དུས་འཁོར་འགྲེལ་ཆེན་ཚར་བཅུ་ བདུན། །གསན་པ་ཡིན་ནོ་ཞེས་པ་རྨིས། ། ཕྱིས་ནི་ཁོང་དང་མཇལ་སྐབས་ སུ། །བུ་སྟོན་དྲུང་དུ་དུས་འཁོར་ཚར། །ག་ཚོད་གསན་ལགས་ཞུས་པ་
ན། །བཅུ་བདུན་མཉན་ཞེས་དངོས་སུ་གསུངས། །དེ་དུས་རྗེ་བཙུན་རེད་
མདའ་བས། །སྔགས་ཀྱི་རྩད་གཅོད་མཛད་པ་ལ། །དུས་ནི་ཡུན་རིང་འགྱང་ པ་དང༌། །ད་ལྟ་སྡེ་སྣོད་བཤད་པ་འདིས། །ཕན་ཐོགས་ཆེན་པོ་ཡོད་པའི་
ཕྱི ར ། །བཤད་པ་མཛད་པ་མི ་ འཐད་དམ། །ཞེ ས ་པའི ་ ལན་དུ་རྗེ ་ བླ་ མས། །བདག་ནི་སྔགས་ཀྱི་ཕྱོགས་སུ་ཡང༌། །འདུན་པ་ཡོད་པས་སྔོན་ལ་ 23
དད་འཇུག་གསལ་བའི་རྒྱན།
ནི། །སྔགས་ཕྱོགས་རྩད་གཅོད་བགྱིད་ལགས་ཞུས། །ད་ལྟའི་དུས་ཀྱི་ཐོས་
པ་འཚོལ་བ་རྣམས། ། མཚན་ཉིད་ཐེག་པའི་གཞུང་ལ་ཅུང་ཟད་ཀྱི། །བློ་ཁ་ ཕྱོ ག ས་པ་རྣམས་ནི ་ སྔགས་གཞུང་ལ། །འཇུག་མི ་ འདོ ད ་ཅི ང ་ཕྱི ར ་ནི ་
ཕྱོགས་པར་བྱེད། །ཁ་ཅིག་སྔགས་ཕྱོགས་མོས་པ་ལྟར་སྣང་ཞིག། སྐྱེས་ན་
དེ་ཉིད་རྒྱུ་མཚན་དུ་བྱས་ནས། །ཕར་ཕྱིན་སྡེ་སྣོད་ཆུང་ཞིང་དམན་པར་ ལྟ། །རང་གཞན་དེ་ཉིད་ལས་ནི་ཕྱིར་ཕྱོགས་བྱེད། །ཆོས་སྤོང་ལས་ཀྱི་སྒྲིབ་
པ་མི་བཟད་པའི། །རྣམ་སྨིན་ཤིན་ཏུ་ལྕི་བ་དེ་དག་ནི། །བློ་ནི་སྔོན་དུ་བཏང་ ནས་ལེན་པར་བྱེད། །རང་བཞིན་བཟང་བའི་ངང་ཚུལ་ཅན་དུ་ནི། །ཁས་
ལེན་པ་རྣམས་གཅིག་ཤོས་ཕྱོགས་སུ་ཡང༌། །འཇུག་པར་སྤྲོ་ཡང་ཅིག་
ཤོས་ཕྱོགས་སུ་ནི། །དང་དུ་མི་ལེན་པ་འདི་དེ་ཉིད་ལ། །དངོས་སུ་སྨོད་ པར་མི་བྱེད་ཙམ་ཞིག་ཉིད། །རྒྱལ་བསྟན་སྒོ་ནི་ཐམས་ཅད་ནས། །འཛིན་
པར་འདོད་པའི་ལས་བཟང་པོ། །ཡོངས་སུ་བསགས་པ་འདི་ལྟ་བུ། ། འགའ་ ཙམ་མཐོང་བ་དཀའ་བར་གྱུར། །སྔོན་དུས་ཁ་བ་ཅན་འདི་རུ། ། བཤེས་
གཉེན་ཆེན་པོ་དག་ལ་ཡང༌། །ཕྱོགས་རེར་མ་ཆད་ཆོས་ཀྱི་སྤྱན། ། མངའ་ བ་ཤིན་ཏུ་དཀོན་པར་སྣང༌། །དེ་ནས་བླ་མ་རེད་མདའ་བ། ། ས་སྐྱར་ཕྱག་ 24
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཕེབས་མཛད་པ་དང༌། །རྗེ་འདི་རོང་ཆོས་ལུང་དུ་བྱོན། །བླ་མ་དབུ་པ་ལྷན་
དུ་ནི། །འཇམ་དབྱངས་ཆོས་སྐོར་མང་དུ་གསན། །ཆོས་ཀྱི་གསུང་གླེང་
མང་དུ་མཛད། །དེ་ནས་སྔགས་ཕྱོགས་ཐུགས་བཞེད་བཞིན། །འདོམས་
པའི་བླ་མ་རྣམས་གསན་ཏེ། །སྒྲུབ་ལ་བྱོན་པའི་ཐུགས་ཐག་ཆོད། །དེ་ནས་ ཉང་སྟོད་རིན་པོ་ཆེ། །སྡེ་ཆེན་པ་ཡི་ཞབས་དྲུང་དུ། །འབྱོན་པར་བཞེད་
ཀྱང་ཕག་གྲུ་ཡི། །དམག་རྣམས་ལ་སྟོད་ས་ཆ་ནས། །ཕྱིར་ལོག་འོང་བ་ ཐོས་པ་ཡིས། །དམག་ཐག་མ་ཆོད་བར་དུ་ནི། །རོང་གི་རིང་ལུང་ཕུག་ཏུ་
བཞུགས། །དེ་ནས་སྟོན་འཇུག་ཉང་སྟོད་ཀྱི། །གོང་གསུམ་བདེ་ཆེན་དུ་ ཕེབས་ནས། །བླ་མ་ཆོས་རྗེ་དཔལ་བའི་དྲུང༌། །མཇལ་དར་ཁ་དོག་སེར་པོ་
དང༌། །ན་བཟའ་ནེ་ཙོའི་ཁ་ཡུག་བཅས། །ཕུལ་བས་བསྐྱེད་རྫོགས་ལམ་ གཉིས་པོ། །ཡོངས་སུ་རྫོགས་པའི་རྟེན་འབྲེལ་འགྲིགས། །དུས་འཁོར་
འགྲེལ་ཆེན་དྲི་མེད་གསན། ། དེ་མིན་རྒྱུད་འགྲེལ་མཛུབ་འཁྲིད་དང༌། །སྦྱོར་
དྲུག་ཉམས་རྟོགས་རྫོགས་པར་གསན། །དེ་ནས་ཡོ་གའི་བཀའ་ལུང་གི །བཤད་པ་མཐའ་དག་གསན་བཞེད་ནས། ། སྔོན་དུ་ཕྱག་ལེན་སྦྱང་པའི་
ཕྱིར། །བུ་སྟོན་རིན་པོ་ཆེ་ཡི་ནི། །མཆོད་གཡོག་ཚེ་དབང་ཞེས་པ་ཡི། ། 25
དད་འཇུག་གསལ་བའི་རྒྱན།
སློབ་མ་དྲག་གྲས་མགོན་བཟང་དང༌། །ལྷན་དུ་ཉང་གི་སྟོད་སྨད་མཚམས། ། འཁྲིས་རྩྭ་ཁང་ཞེས་བྱ་བ་དེར། ། ༼ག་༣༥ལྕགས་ལུག་༡༣༩༡༽ བཞུགས་
ནས་རྡོ་རྗེ་དབྱིངས་དང་ནི། །དཔལ་མཆོག་རྩེ་མོ་ལ་སོགས་པའི། །ཡོ་གའི་ དཀྱིལ་འཁོར་མཐའ་དག་ལ། བྲི་ཐིག་གར་དབྱངས་དཀྱིལ་ཆོག་གི། ཆོག་
ཁྲིགས་ཕྱག་རྒྱ་འཆིང་བ་སོགས། །ཤིན་ཏུ་སྦྱངས་པས་མཁས་པར་གྱུར། ། དེའི་ཚེ་ནུབ་གཅིག་མནལ་ལམ་དུ། ། ཁྲི་ནི་ཆེན་པོ་ཞིག་གི་སྟེང༌། ། ཁྱུང་
པོ་ལྷས་པ་ཡིན་ཟེར་བའི། །བླ་མ་བགྲེས་པོ་དབུ་རྒྱན་གསོལ། །རྡོ་དྲིལ་ ཕྱག་ཏུ་བཟུང་བ་ཞི ག །བཞུགས་པ་དེ ་ ཡི ་ དྲུང་དུ་ནི ། །རྗེ ་ ནི ་ རང་ཉི ད ་
བཞུགས་པ་ན། །བླ་མ་དེ་ནི་ཡར་བཞེངས་ནས། །རྡོ་རྗེའི་འགྲོས་དང་དྲིལ་ སྟབས་ཀྱིས། །རྗེ་ཉིད་གཡས་སྐོར་ལན་གསུམ་མཛད། །ཕྲེང་བ་ལས་ནི་
བྱུང་བ་ཡི། །ཨེ་ཀ་སུ་ཙི་ཀ་ཞེས་པའི། །སྒྲ་བཅས་རྗེ་ཉིད་དབུ་ཡི་སྟེང༌། །
རྡོ ་ རྗེ ་ དྲི ལ ་བུ་བཟུང་ནས་ནི ། །ཀརྨ་བཛྲ་ཞེ ས ་བྱ་འོ། །ཞེ ས ་ནས་ཁྲི ་ ལ་ བཞུགས་པར་རྨིས། །མནལ་ལམ་སད་ནས་བརྟག་པ་ན། །སྔར་ནས་
སྔགས་ཀྱི་གསང་མཚན་ནི། །དོན་ཡོད་རྡོ་རྗེ་ཡིན་པ་དང༌། །ཀརྨ་བཛྲ་ཞེས་ པ་ཡང༌། །དོན་གྲུབ་རིགས་ཀྱི་མིང་ཞིག་ནི། །ཡིན་པར་འདྲ་བ་དགོངས་པ་ 26
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཞིག། བྱུང་ཞེས་རྗེ་ཡི་ཞལ་ནས་གསུངས། །སླར་ཡང་དཔྱིད་སྨད་སྡེ་ཆེན་
དུ། ། བླ་མ་ཆོས་རྗེ་དཔལ་བའི་དྲུང༌། །རྡོ་རྗེ་ཕྲེང་བའི་དབང་ལུང་དང༌། །
མཛུབ་ཁྲིད་བཤད་པ་གར་ཐིག་དབྱངས། །གསུམ་གྱི་ཕྱག་ལེན་འཁྲིད་དང་ བཅས། །ཕྲེང་བ་སྐོར་གསུམ་སོགས་ལ་སྦྱོངས། །གཞན་ཡང་ཕྱག་རྡོར་
འཁོར་ཆེན་སོགས། །དབང་ལུང་མན་ངག་ལ་སོགས་པའི། །ཟབ་ཅིང་རྒྱ་ ཆེའི་ཆོས་མང་གསན། །དེ་ནས་ཞ་ལུར་རིན་པོ་ཆེ། །བླ་མ་ཁྱུང་པོ་ལྷས་པ་ ལས། །ཡོ་གའི་ཆོས་སྐོར་གསན་དགོངས་པའི། །ནུབ་གཅིག་ཉལ་བའི་
མནལ་ལམ་དུ། །ཁྲི་ནི་ཆེན་པོ་ཞིག་གི་སྟེང༌། །ཁྱུང་པོ་ལྷས་པ་ཡིན་ཟེར་
བའི། །བླ་མ་བགྲེས་པོ་རང་ཞིག་ནི། ། བཟང་པོའི་འདུག་སྟངས་མཛད་
ནས་བཞུགས། ། དེའི་དྲུང་རྗེ་ཉིད་ཡོད་པ་ལ། །བླ་མ་དེས་ནི་ཕྱག་གཉིས་ ཀྱིས། །ཐུགས་ཀའི་ན་བཟའ་བསལ་ནས་ནི། ། ཐུགས་ཀ་སྟོན་གྱི་འདུག་པ་
ལ། །རྗེ་ཡིས་གཟིགས་པས་བླ་མ་དེའི། །ཐུགས་ཀར་སྔགས་ཀྱི་ཕྲེང་བ་
ནི ། །རི ང ་པོ ་ རི མ ་པ་དུ་མ་ཡི ས ། ། བསྐོར་བའི ་ འཁོ ར ་ལོ འི ་ ཡི ག ་འབྲུ་ རྣམས། །གསལ་བར་གཟིགས་པས་སྔགས་རྣམས་ནི། །ཕལ་ཆེ ར ་བ་
རྣམས་བཀླགས་པར་རྨིས། །ཕྱིས་ནི་དངོས་སུ་མཇལ་བ་ན། །མནལ་ལམ་ 27
དད་འཇུག་གསལ་བའི་རྒྱན།
བཞིན་དུ་འདུག་ཅེས་གསུངས། །དེའི་སྟོན་ཕྱི་མ་དགུན་དཔྱིད་དབྱར། ། སྦྲེལ་ནས་ཞ་ལུར་བཞུགས་པར་མཛད། །སྔགས་འཆང་རྡོ་རྗེ་འཛིན་པ་
ཆེ ། །ཁྱུང་པོ ་ ལྷས་པའི ་ དྲུང་དུ་ནི ། །ཡོ ་ གའི ་ དཀྱི ལ ་འཁོ ར ་ཐོ ག ་དྲངས་
པའི ། །རྒྱུད་སྡེ ་ འོག ་མ་རྣམས་ཀྱི ་ བཀའ། །ད་ལྟ་བོ ད ་ན་དབང་རྒྱུན་
སོགས། །མ་ཆད་ཡོད་པ་ཕལ་ཆེར་གསན། །དེ་བཞིན་བདེ་མཆོག་ལུ་ཡི་ པ། །ནག་པོ་པ་སོགས་བླ་མེད་ཀྱི། །བཀའ་ལུང་དཔག་ཏུ་མེད་པ་གསན། ། ཁོང་ལ་མངའ་བའི་བཀའ་ལུང་རྣམས། །བུམ་པ་གང་བྱོའི་ཚུལ་དུ་གསན། ། དེའི་ཚེ་འབུལ་བ་ཚོགས་འཁོར་སོགས། །ཞབས་ཏོག་ནར་མར་སོགས་ཀྱི་
ནི། །བླ་མ་ལེགས་པར་མཉེས་མཛད་ནས། །དད་པ་གཙང་མའི་ལྕགས་ཀྱུ་
ཡི ས ། །ཐུགས་རྗེ འི ་ ཨ་ལོ ང ་དྲངས་པར་གྱུར། །དེ ་ ནས་བླ་མ་དམ་པ་
ཡིས། །དབང་ནི་རེ་རེ་གནང་བའི་མཇུག །ང་ལ་བླ་མ་འདི་ཞེས་པས། །
དགྱེས་བཞིན་གནང་བ་ཡིན་ཞེས་གསུང༌། །བཀའ་ལུང་རྣམས་ནི་རྫོགས་ པ་ན། །ཆོ ས ་ནི ་ བདག་པོ ་ ལ་འཕྲོད་པས། །ད་ནི ་ འགྱོ ད ་པ་མེ ད ་དོ ་
གསུངས། །དེ་ནས་ཕག་རིར་ཆོས་དཔལ་དྲུང༌། །རྡོ་རྗེ་སྙིང་འགྲེལ་ལ་ སོགས་པའི། །སྔགས་ཕྱོགས་ཆ་ལག་མང་པོ་གསན། །གཞན་ཡང་བུ་སྟོན་ 28
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
རིན་པོ་ཆེས། །མཛད་པའི་ཡིག་ཆའི་བཤད་ལུང་གསན། །དེ་ནས་ཁོང་པ་ སྡེ་ཆེན་ཕེབས། །སྡེ་སྣོད་འཛིན་པ་ཆེན་པོ་བ། །རྒྱལ་མཚན་གྲགས་པ་སྤྱན་
དྲངས་ནས། །ཡོ་གའི་གར་དབྱངས་བཅས་པ་ལ། །དག་ཐེར་མཛད་ནས་ ཆོས་དཀའ་ཡང༌། །ཅི་རིགས་གསན་ནས་ཁྱད་པར་དུ། །བུ་སྟོན་རིན་པོ་
ཆེས་མཛད་པའི། །རྡོར་འབྱུང་རྣམ་བཤད་ཆེན་མོ་གསན། ། ཡོ་གའི་རྩ་ རྒྱུད་དེ་ཉིད་བསྡུས། །བཤད་རྒྱུད་རྡོ་རྗེའི་རྩེ་མོ་དང༌། །དཔལ་མཆོག་ངན་
སོང་སྦྱོངས་བའི་རྒྱུད། །དེ་ཉིད་སྣང་དང་ཀོ་ས་ལའི། །རྒྱན་དང་དཔལ་
མཆོག་འགྲེལ་ཆེན་སོགས། །རྒྱུད་དང་འགྲེལ་པ་རྒྱ་གཞུང་གི། རིགས་ནི་ དཔག་ཏུ་མེད་པ་ཡི། །བཀའ་ལུང་ཡང་དག་གསན་པར་གྱུར། །དེ་ནས་
སྤྲེལ་ལོའི་སྟོན་དུས་སུ། །བླ་མ་དབུ་པ་ལྷན་ཅིག་ཏུ། །དབུས་ཀྱི་དགའ་བ་
གདོང་དུ་ཕེབས། ། ༼ག་༣༦ཆུ་སྤྲེལ་༡༣༩༢༽ ལྷ་སར་ཇོ་བོ་མཇལ་ནས་
ནི། །དཔོན་སློབ་གཉིས་ཀ་དགའ་གདོང་དུ། །སྐུ་མཚམས་ལེགས་པར་ བཅད་ནས་བཞུགས། །བླ་མ་དབུ་པའི་རྣམ་ཐར་ནི། །རྗེ་བཙུན་འཇམ་པའི་ དབྱངས་ཀྱིས་ནི། །དགེ་བའི་བཤེས་གཉེན་མཛད་པ་ཡིས། །ཉིན་རེར་
ཆོས་ནི་ཤོ་ལོ་ཀ། །རེ་རེར་མ་ཆག་གསུང་པ་ཡི། །ཞལ་བཞེས་ཡང་དག་ 29
དད་འཇུག་གསལ་བའི་རྒྱན།
གནང་བར་བྱས། །ངེས་འབྱུང་བྱང་སེམས་ལྟ་བ་རྣམས། །བསྒོམ་པའི་ དམིགས་རྣམ་སྐྱོང་ཚུལ་སོགས། །ལེགས་པར་འདོམས་པས་ཁོང་ཉིད་
ཀྱིས། །སྒོ་གསུམ་བྱ་བ་ཕལ་པ་དག། །འཇུག་ལྡོག་གང་དགོས་ཡི་དམ་ གྱིས། །སྟོན་པ་མ་གཏོགས་རང་འགར་ཏུ། །མི་འཇུག་ཐུགས་དམ་ལ་
བརྩོན་པའི། །བསམ་པར་དཀའ་བའི་དཔག་མེད་ཀྱི། །ཡོན་ཏན་ཚོགས་ ཀྱིས་མཐོ་བ་ཡི། །བླ་མ་དབུ་མ་པ་དང་ནི། །ལྷན་དུ་དགའ་བ་གདོང་དུ་
བཞུགས། །དེའི་རིང་རྗེ ་བཙུན་འཇམ་དབྱངས་ཀྱི། །ཆོས་སྐོར་མང་དུ་ གསན་མཛད་ནས། །བླ་མ་དང་ནི་ཡི་དམ་གཉིས། །ཐ་མི་དད་དུ་བྱས་ནས་
ནི ། །གསོ ལ ་བ་དྲག་ཏུ་འདེ བ ས་པ་དང༌། །ཡི ་ དམ་གྱི ་ ནི ་ བསྙེ ན ་སྒྲུབ་
ལ། །ཤིན་དུ་བརྩོན་པས་འགྲུས་པར་མཛད། །ཁྱད་པར་ཡབ་རྗེ་ བླ་མ་ འདི། །ཐོག་མ་མེད་པའི་དུས་སུ་ནི། །ལེགས་པར་སྦྱངས་པའི་རིགས་ཀྱི་
ནི། །ནུས་པ་ཡོངས་སུ་སྨིན་པ་ཡི། །དབང་གིས་གསུང་རབ་དགོངས་
འགྲེལ་དང༌། །བཅས་ལ་ཐོས་བསམ་སྒོམ་པ་སོགས། །ཅི་མཛད་ཐམས་ ཅད་ཚེ་འདི་ཡི། །རྙེད་བཀུར་སྙན་གྲགས་འཁོར་དང་ནི། །འདུ་འགོད་ཕུན་ སུམ་ཚོགས་པ་དང༌། །བདག་ཉིད་གཞན་ལས་ཁྱད་པར་དུ། །འཕགས་ 30
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
པར་གྱུར་ན་ཅི་མ་རུང༌། ། སྙམ་པའི་ཀུན་སློང་དྲི་མ་ཙམ། །མ་འདྲེས་ཐམས་
ཅད་མཁྱེན་པ་ཡི། །ཆེ ད ་དུ་དམིག ས་པ་འབའ་ཞིག ་གིས ། །ཐུགས་ནི་ ཡོངས་སུ་འཕྲོག་པ་ཡིས། །ཚིག་ལ་འགྲིག་འགྲིག་དོན་ལ་ཡང༌། །གཞན་
ལས་ཁྱད་དུ་ཐོན་པ་དང་ ། །མང་པོ་ཚོགས་པའི་དབུས་སུ་ནི། །རང་གི་ ལུགས་རྣམས་བཞག་པ་ན། །གཞན་གྱིས་རྒོལ་བར་མི་ནུས་ཤིང༌། །གཞན་
གྱི་འདོད་པ་ཐམས་ཅད་ཀྱང༌། །ཐབས་ཀྱིས་སྒོ་ནས་དགག་ནུས་པ། །དེ་
འདྲ་ཙམ་ལ་ལྷུར་མཛད་པའི། །དྲི་མ་ཙམ་ཡང་མི་མངའ་ཞིང༌། །དེ་ལྟར་
རྨད་བྱུང་མཛད་པ་ལ། །གཟུ་བོའི་བློ་ཡིས་བསམ་ན་ནི། ། རང་དབང་མེད་
པ་ཉིད་དུ་ནི། །དད་པ་ལྷག་པར་སྐྱེད་པ་ཡི། །སྐྱེས་བུ་དམ་པའི་རྣམ་ཐར་ ཡིན། ། དེའི་ཕྱིར་གསུང་རབ་དགོངས་འགྲེལ་དང༌། ། བཅས་པའི་དགོངས་ དོན་འཚོལ་བ་ནི། །ཐར་པ་ཐམས་ཅད་མཁྱེན་པ་ཡི། ། བགྲོད་པའི་ལམ་གྱི་ གོང་འོག་རྣམས། །རྒྱལ་བའི་དགོངས་པ་ཇི་བཞིན་དང༌། ། ཤིང་རྟ་ཆེན་པོ་
རྣམས་ཀྱི་ནི། །ལུགས་ནི་ཇི་ལྟ་བ་བཞིན་དུ། ། མ་ནོར་རྙེད་པར་འོང་ཞིག་
གུ །སྙམ་པའི ་ ཐུགས་ཀྱི ་ བཞད་པ་ནི ། ། སྐྱེ ས ་བུ་སྐོམ་པས་གདུང་བ་ ལ། །བཏུང་བ་དོན་དུ་གཉེར་བ་བཞིན། ། གསུང་རབ་དགོངས་དོན་འཚོལ་ 31
དད་འཇུག་གསལ་བའི་རྒྱན།
ལ་བརྩོན། །དེ་ཡང་རྗེ་ཉིད་ཞལ་སྔ་ལས། །ད་ལྟ་བོད་ན་ཤེས་རབ་ཀྱི། ། གོ་ བ་བཟང་བའི་མཐར་ཐུག་ཏུ། །བརྩི་བ་འདི་ཚོ་བཞིན་དུ་ནི། །གསུང་རབ་
དགོ ང ས་འགྲེལ་དང་བཅས་པའི ། །བསྟན་བཅོ ས ་དག་ལ་བལྟས་ཙམ་
ནས། །འདིའི་དོན་འདི་འོ་སྙམ་པ་ཡི། །འབད་མེད་ལམ་ལམ་འཆར་བ་
དང༌། །དེ་ཉིད་གཞན་ལ་བསྟན་པ་ན། །གོ་བ་ཆེན་པོ་བློ་ཡུལ་དུ། །བདེ་ བདེ་ སང་སང་འཆར་ཐུབ་པ། །ང་ལ་སྔ་མོ་ ནས་ཀྱང་ཡོད ། །འོན ་ཀྱང་ རིགས་པ་ཕྲ་མོ་ཡིས། །ལེགས་པར་བརྟག་ཅིང་དཔྱད་པ་ན། །དང་པོར་
ཡིན་ཡིན་འདྲ་བ་ཡི། །གོ་བར་རྙེད་པ་ཐམས་ཅད་ཀྱང༌། ། ཕལ་ཆེར་ཞིག་
ནས་འགྲོ་བ་གདའ། །དེས་ན་རིགས་པ་རྣམ་དག་པ། །ཕྲ་མོ་ཞིག་གིས་ ལེགས་དཔྱད་པའི། །དཔྱད་མ་རྫོགས་བར་དུ་ནི། །དོན་དེར་ཁ་ཚོན་བཅད་
ན་ཡང༌། །ཤབ་ཤོབ་ཅིག་ཏུ་འགྲོ་བ་ཡིན། །ཞེས་ནས་འཇམ་མགོན་བླ་ མས་གསུངས། ། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི༌། །དགོངས་པ་མཐར་
ཐུག་ལྟ་བ་དང༌། ། གསང་བ་འདུས་པའི་ལམ་རིམ་ལྔ༌། །དེ་ཡི་ནང་ནས་སྒྱུ་ ལུས་འདི། །ཤིན་དུ་རྟོགས་པར་དཀའ་བ་དང༌། །རྟོགས་ན་དོན་ཆེ་མ་ རྟོགས་ན༌། །ལོག་པར་ལྟུང་བའི་གཡང་ས་ལས། །ཐར་བར་མི་ནུས་ཙམ་ 32
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
མ་ཟད། །སྟོང་པ་ཉིད་ནི་བསྒོམ་པ་དང༌། །གསང་སྔགས་བླ་མེད་ལམ་ལ་
ནི། ། བརྟེན་ནས་སངས་རྒྱས་འཚོལ་བ་སོགས། །ཚིག་ཙམ་འགྱུར་བ་
དགོངས་པ་ཡིས། ། འདི་དག་ཀླུ་སྒྲུབ་ཡབ་སྲས་ཀྱི། །དགོངས་པ་ཇི་བཞིན་ འཁྲུལ་མེད་དུ། །སྟོན་པའི་བཤེས་གཉེན་དམ་པ་ཞིག །རྒྱ་བོད་བལ་གསུམ་
དབུས་གཙང་ཁམས། །གང་ན་ཡོད་ཀྱང་དེ་ཡི་ཁུངས། །འཚོལ་བའི་ཕྱིར་
དུ་ལུས་སྲོག་ཀྱང༌། །ཐེད་ལ་བོར་ནས་དཀའ་སྡུག་སོགས། །ཅི་བྱུང་དང་དུ་ ལེན་བྱས་ཏེ། །ད་ལྟ་ཉིད་དུ་འགྲོ་བསམ་པའི། །སེམས་ཤུགས་དྲག་པོ་ཡོད་
པ་ཡིན། །ཞེས་ནས་འཇམ་འགོན་བླ་མས་གསུངས། །དེ་ཡི་ཕྱིར་ན་དེ་དུས་
སུ། །བླ་མ་དབུ་པ་ལོ་ཙཱ་བྱས། །འཇམ་པའི་དབྱངས་ལ་དབུ་མ་ཡི། །ལྟ་ དང་སྔགས་མཚན་ཁྱད་པར་དང༌། །དེ ་ བཞི ན ་གསང་སྔགས་བླ་མེ ད ་
ཀྱི ། །ལམ་གྱི ་ གནད་ཆེ ་ ཤེ ས ་རྣམས་དང༌། །རི མ ་པ་ལྔ་ཡི ་ གོ ་ རི མ ་
དང༌། །དྲང་ངེས་ལ་སོགས་མཐའ་ཡས་པར། །དྲི་དང་དྭོགས་པ་གཅོད་
པའི་ཆེད། །བརྒལ་ཞིང་བརྟག་པའི་སྒོ་ནས་ནི། །འདྲི་བ་ལ་སོགས་གཙོ་
བོར་མཛད། །སྔགས་ཀྱི་གསན་བསམ་མཛད་ཚུལ་ནི། །རགས་བསྡུས་ ཙམ་ཞིག་བཤད་པ་ཡིན། །དེ་རྗེས་རྗེ་འདིའི་ཐུགས་ཡུལ་ན། ། ཁས་ལེན་ 33
དད་འཇུག་གསལ་བའི་རྒྱན།
ཅི་ཡང་མེད་པ་དང༌། །རང་ལུགས་བཞག་ས་མེད་པ་དང༌། །གཞན་ངོ་ འབའ་ཞིག་ལ་སྐྱེལ་བའི། །དབུ་མའི་ལྟ་དེ་ཅུང་བདེ་ཡང༌། །བདག་གི་དབུ་
མའི་ལྟ་བ་འདི། །ཐལ་རང་གང་གི་ལུགས་ཡིན་ཞེས། །དྲིས་ཚེ་གང་གི་ ལུགས་མིན་ཞེས། །འཇམ་པའི་དབྱངས་ཀྱིས་དངོས་སུ་གསུངས༌། །ཕྱིན་
ཆད་བླ་མ་ཡི་དམ་གཉིས། །ཐ་མི་དད་དུ་གསོལ་བ་ཐོབས། །སྡིག་སྦྱོང་
ཚོགས་རྫོགས་འབད་པ་དང༌། །ཤིང་རྟ་ཆེན་པོའི་རིགས་པ་ལ། །བརྟེན་ ནས་མདོ ་ རྒྱུད་དགོ ང ས་འགྲེལ་རྣམས། །ཞི བ ་ཏུ་དཔྱོད་ལ་ཉམས་སུ་
ལོངས། །རིང་པོ་མི་ཐོགས་ལྟ་བའི་གནད། །མཐར་ཐུག་པ་དང་མདོ་རྒྱུད་
དོན། ། མི་འཁྲུལ་ངེས་པ་རྙེད་པར་གྱུར། ། དེས་ན་རེ་ཞིག་བྱ་བྲལ་ཕེབས། ། དབེ ན ་པ་བརྟེན་ནས་སྙི ང ་པོ ར ་སྒྲུབས། །ཅེ ས ་སོ ག ས་རྗེ ་ བཙུན་འཇམ་
དབྱངས་ཀྱིས། །གདམས་ངག་བདུད་རྩི་ཟབ་མོ་བསྩལ། །སྔགས་ཕྱོགས་
མང་ཐོས་བཙལ་ཚུལ་ལོ། །ཆོས་ཀྱི་རྒྱལ་པོར་འགྱུར་ཚུལ་ནི། །དེ་ནས་བླ་
མ་དབུ་པ་དེ། །དེའི་སྟོན་ཁམས་ལ་འབྱོན་པར་ཆས། །རྗེ་ཡིས་ལྷ་སར་ སྐྱེལ་མར་མཛད། །ལྷ་སའི་གཙུག་ལག་ཁང་དུ་ནི། །ཟླ་མེད་བླ་མ་དབུ་མ་
པར། །རྗེ་འདིས་གསང་བ་འདུས་པ་ཡི། །དབང་བཞི་ཡོངས་སུ་རྫོགས་ 34
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
པར་གནང༌། །དེ་ནས་རྗེ་བཙུན་ཙོང་ཁ་པ། །སྐྱོར་མོ་ལུང་དུ་ཕེབས་པར་
མཛད། །སྟོན་འཇུག་དེ་རུ་ཆོས་མང་གསུངས། །དགུན་ལ་ཉེ་བ་སྤྲེལ་ལོ་ ཡི། ། ཟླ་བ་བཅུ་གཅིག་བབ་པ་དང༌། །དགུང་ལོ་སོ་དྲུག་བཞེས་པའི་
སྐབས། །སྐྱོ ར ་མོ ་ ལུང་ནས་ཕྱག་གཏེ ག ས་ཏེ ། ། ༼ག་༣༦ཆུ་སྤྲེ ལ ་ ༡༣༩༢༽ འཇམ་དཀར་དཔལ་ལྡན་བཟང་པོ་དང༌། །རྟོགས་ལྡན་བྱང་ སེང་བ་དང་ནི། །གནས་བརྟན་རིན་ཆེན་རྒྱལ་མཚན་པ། །གནས་བརྟན་
བཟང་སྐྱོང་དབུས་པ་བཞི། ། རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང༌། །
དགེ་བཤེས་ཤེས་རབ་གྲགས་པ་དང༌། །དགེ་བཤེས་འཇམ་དཔལ་བཀྲ་ ཤིས་དང༌། །དགེ་བཤེས་དཔལ་སྐྱོང་མདོ་སྨད་བཞི། ། འཁོར་ནི་དག་པ་
རྣམ་བརྒྱད་བཅས། །ཕྱག་ཕྱིར་འཁྲིད་ནས་བྱ་བྲལ་ཕེབས། །དེའི་དགུན་
དཔྱིད་ཀྱི་དུས་ཚིགས་སུ། །འོལ་ཁ་ཆོས་ལུང་དུ་བཞུགས་སོ། །དེ་ནས་
བཟུང་སྟེ་འོལ་ཁ་པས། །ཡབ་སྲས་རྣམས་ལ་སྦྱིན་བདག་མཛད། །ཞབས་ ཏོག་ཕུན་སུམ་ཚོགས་པ་བསྒྲུབས། །ཐོག་མར་དཔོན་སློབ་ཐམས་ཅད་
ཀྱིས། ། སྟོབས་བཞི་ཚང་བའི་བསགས་སྦྱངས་མཛད། །ཡབ་རྗེ་བླ་མ་ཙོང་ ཁ་པས། །ལྟུང་བཤགས་བརྒྱ་ཕྱག་དང་བཅས་པ། །ཕྱག་སོར་སེར་གས་ 35
དད་འཇུག་གསལ་བའི་རྒྱན།
སོང་གི་བར། །མནྜལ་འབུལ་སོགས་དཔག་དཀའ་བའི། །བརྩོན་པ་དྲག་ པོས་བསགས་སྦྱངས་མཛད། །རྒྱལ་སྲས་རྣམས་ཀྱི་སྙིང་སྟོབས་དང༌། །
སྤྱོད་པ་གང་རླབས་ཆེ ་ ཆེ ་ རྣམས། །རེ ་ རེ ར ་དམི ག ས་ཏེ ་ ཐུགས་སྦྱངས་
བས། །དམིགས་རྣམ་ནར་མར་བསྟེན་པས་ན། །དང་པོ་ཅུང་ཞིག་དཀའ་ན་
ཡང༌། །ཕྱིས་སུ་ལེགས་པར་གོམས་པས་ན། །འབད་རྩོལ་མི་དགོས་རང་
ཤུགས་ཀྱིས། །འབྱུང་ཞེས་རྗེ་ཉིད་ཞལ་ནས་ཐོས། །དེའི་དབྱར་དགུང་ལོ་
སོ་བདུན་སྐབས། །༼ག་༣༧ཆུ་བྱ་༡༣༩༣༽ རྫིང་ཕྱིའི་ཇོ་བོ་བྱམས་པ་
མཇལ། །མཆོད་དང་སྨོན་ལམ་ཆེས་མང་མཛད། །དེ་ཡི་དགུན་གྱི་དུས་
སྐབས་སུ། །དྭགས་པོ་སྨན་ལུང་རྒྱ་སོག་ཕུར། །བྱོན་ནས་ཐུགས་དམ་ཤིན་ ཏུ་འཕེལ། །སྦྱངས་པའི་ཡོན་ཏན་ཁྱད་པར་ཅན། །བསམ་གྱིས་མི་ཁྱབ་མང་
དུ་བརྙེས། །དེ་ནས་བཟུང་སྟེ་ད་བར་དུ། །རྡོ་རྗེ་འཇིགས་བྱེད་བཅུ་གསུམ་ མའི། །ཉིན་རེར་བདག་འཇུག་མ་ཆག་མཛད། །ཞེས་ནས་རྗེ་བཙུན་བླ་མས་
གསུངས། །དེ ་ ཡི ་ དཔྱིད་ཀྱི ་ དུས་སུ་ནི ། །སླར་ཡང་འོལ ་ཁར་བྱོན་པ་
ན། །གར་མིའི་ཡོན་ཏན་གཡུང་འབྲུང་གིས། །བཞེངས་པའི་བྱམས་སྐུ་ལི་ འདྲ་མ། །མི་ཚད་ཙམ་ཞིག་ཡོད་པ་དེ། །བྱིན་རླབས་ཆེ་ཞིང་ངོ་མཚར་ 36
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཡང༌། །ལྷ་རིས་ཉམས་ཤིང་ལེགས་པར་གོག །སྐུ་ལ་བྱ་ཐལ་ལ་སོགས་ པའི། །མི་གཙང་གོས་པར་གཟིགས་པ་ན། །ཐུགས་ཀྱིས་མ་བཟོད་སྤྱན་ ཆབ་སིལ། ། དེ་ཡི་ཞིག་གསོ་མཛད་དགོངས་ནས། ། འོལ་ཁ་སྟག་རྩེ་བ་
ལ་ནི ། །ཞལ་ཏ་གནང་སྟེ ་ རྩིག་པ་དང༌། །ཐོ ག ་དང་ཞལ་བ་ལ་སོ ག ས་
པ། །འཆོ ས་དགོ ས ་པ་རྣམས་ཁོ ང ་གིས ་ནི། །མཐུན་རྐྱེན་ལེ ག ས་པར་ བསྒྲུབས་པར་མཛད། །རི་མོ་པ་ཡི་འགྲོ་སོང་དེ། །དཔོན་སློབ་རྣམས་ཀྱིས་
བསྒྲུབ་དགོངས་ནས། །དཔོན་སློབ་བཅུ་གཉིས་པོ་ཡི་ནི། །ཕྱག་རྫས་གཏོར་ ཆ་གང་ཡོད་ལ། །རིན་ལ་བཏབ་པས་ཞོ་བཅུ་གཉིས། །ཙམ་ལས་མེད་པས་ ཇི་ལྟར་ཡང༌། །ཕན་ཐོགས་མེད་པར་དགོངས་ནས་ནི། ། རྣམ་ཐོས་སྲས་
ལ་འཛིན་གཏོར་ཞིག །འབུལ་བ་དགོངས་ཀྱང་མར་ནི་མེད། །དེ་ཚེ་བཙུན་ པ་ཞིག་གིས་ནི། །མར་ནི་གྲོད་པུ་གང་ཕུལ་བས། ། མར་གྱི་འཛིན་གཏོར་ བཅས་བྱས་ཏེ། །རྣམ་ཐོས་སྲས་ལ་ཕུལ་བ་ན། །དེ་ཡི་སང་ཉིན་རང་ལ་
ནི། །འབྲོག་པ་འགའ་ཡིས་མར་ཐུད་སོགས། །མང་པོ་ཕུལ་བ་དེ་ནས་ བཟུང༌། །འབུལ་བ་མང་པོ་རིམ་བཞིན་དུ། །བྱུང་བས་ཕྱིས་སུ་ཡོ་བྱད་ ཀྱིས། །མ་ཐོགས་བྱུང་བ་འདིར་མ་ཟད། །ཆོས་ལྡན་དགོས་པ་ཁྱད་པར་ 37
དད་འཇུག་གསལ་བའི་རྒྱན།
ཅན། །གཟིགས་པའི་སྐབས་ནི་གཞན་དུ་ཡང༌། །རྣམ་ཐོས་སྲས་ལ་མར་གྱི་ ནི། །གཏོར་མ་ཕུལ་ཏེ་འཕྲིན་ལས་སོགས། །བཅོལ་བས་ཡོ་བྱད་དཔག་ མེད་དུ། །གློ་བུར་བྱུང་བའི་ལོ་རྒྱུས་ཀྱང༌། །མང་དུ་ཡོད་དོ་དེ་ནས་ནི། །
ཡར་ཀླུང་ཕྱོགས་ནས་ལྷ་བཟོ་བ། །ཚོན་རྩི་ཁྱེར་ནས་རི་མོ་ལ། །དང་དུ་ བླངས་མཁན་མང་དུ་བྱུང༌། །དེ འི ་ ཚེ ་ ལྷ་བཟོ ་ བ་རྣམས་ཀྱང༌། །བསྙེ ན ་ གནས་དང་ནི་གསོ་སྦྱོང་གི། །སྡོམ་པར་བཀོད་ནས་བྲི་རུ་འཇུག། ལས་མི་ ཕལ་བ་དག་ཀྱང་ནི། །ཐ་མལ་པ་ཡི་ཚིག་སྤངས་ནས། །སྨོན་ཚིག་བཟང་
པོ་ཁ་ཏོན་དུ། །བྱེད་ནས་ལས་བསྒྲུབ་གཞོལ་བར་མཛད། །ཐོག་མར་རྗེ་ བཙུན་འཇམ་དབྱངས་ཀྱི། ། ཞིང་བཀོད་སྐྱ་རིས་བྲིས་གཏམ་མཛད། །དེ་ ལ་རབ་གནས་མཛད་ནས་ནི། ། ཀོང་བུ་ཆུང་ཆུང་ཞིག་གི་ནང༌། །སྲོད་ལ་
མར་མེ་ཕུལ་བ་ན། ། སང་ཉིན་ཉིན་ཕྱེད་བར་དུ་ནི། །མ་ཟད་པར་ནི་བསྡད་
པ་དང་། །ཉིན་གྱི་དུས ཙོད་རིང་བ་དང་། །འགའ་ཞིག་གི་ནི་རྨི་ལམ་ན། ། མཁའ་འགྲོ་རྣམས་ཀྱིས་རི་མོ་དག། །འབྲི་བ་དག་ཀྱང་མཐོང་བ་དང་། །ལྷོ་ བྲག་ཕྱག་རྡོར་གཟིགས་སྣང་ལ། །སངས་རྒྱས་རབ་བདུན་ནམ་མཁའ་
ལས། །བྱང་ཕྱོགས་ཕེབས་པར་གཟིགས་པ་དང་། །གང་དུ་བཞུད་ཅེས་ 38
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
དྲིས་པ་ན། །རྫིང་ཕྱིས་རབ་གནས་ཕེབས་དགོས་ཞེས། །ཨེ་མ་རྨད་བྱུང་ངོ་ མཚར་བའི། །རྟགས་དང་རྟེན་འབྲེལ་མང་པོ་འགྲིགས། །རྗེ་ཡིས་ཐབས་
ལམ་སྣ་ཚོ ག ས་ཀྱི ས ། །བྱམས་སྐུའི ་ ཞི ག ་གསོ ་ ལེ ག ས་པར་མཛད། །
བྱམས་བསྟོད་འདི་ཡང་དེ་དུས་མཛད། །འདི་ནི་མཛད་ཆེན་གཅིག་ཡིན་ ནོ། ། ༼ག་༤༠སྤྱི་ལོ་༡༣༩༦༽ གཉལ་སྨད་སེང་རྫོང་བཞུགས་སྐབས་
སུ། ། རྗེ་ཡི་ཞལ་ལས་འདི་སྐད་གསུངས༌། །ང་ལ་སོ་སོར་ཐར་པ་ཡི། ། ཕམ་ལྷག་སྦོམ་པོ་བྱུང་མ་མྱོང༌། །ལྟུང་བྱེད་དང་ནི་ཉེས་བྱེད་སོགས། ། འགའ་རེ་བྱུང་རྣམས་བཤགས་བསྡམ་བྱས། །ཅེས་འདི་འཇམ་མགོན་བླ་མ་
ཡིས། ། མི་འཇིགས་སེང་གེའི་ང་རོ་དེ། །རྗེས་འཇུག་རྣམས་ཀྱི་རྣ་བར་
བསྒྲགས། །དེ་ནས་གཉལ་སྒང་དུ་བཞུགས་ནས། །གཉལ་གྱི་ལུང་རྭ་ཆེན་ མོ་ཞེས། །མཛད་པ་ཆེ་བཞིའི་ནང་ཚན་ཏེ། །དགེ་འདུན་རྣམས་ལ་གསུང་
ཆོས་དང༌། །དད་ལྡན་སྐྱེ་བོ་དཔག་མེད་ལ། །བསྙེན་གནས་སྐྱབས་འགྲོ་ལ་
སོགས་བསྩལ། །ཐམས་ཅད་བསྐུལ་ནས་ཚ་ཚ་ཡང༌། །འབུམ་ཐེར་མང་པོ་ བཏབ་ནས་ནི། །འཕྲལ་ཡུན་ཕན་པའི་དགེ་བར་སྦྱར། །དེ་ནས་གཉལ་སྟོད་
རྭ་གྲོང་དུ། །རྒྱལ་ཚབ་དར་མ་རིན་ཆེན་མཇལ། །དེ་སྐབས་གཉལ་གྱི་སྡེ་ 39
དད་འཇུག་གསལ་བའི་རྒྱན།
བ་རྣམས། །ཕན་ཚུན་གྲལ་སོགས་མི་འཆམ་པས། །ལྷན་ཅིག་ཚོགས་པ་
མེད་པ་ན། །རྗེ་ཡི་ཐབས་མཁས་ཐུགས་རྗེ་ཡིས། །ཐམས་ཅད་རྩོད་མེད་
དམ་ཆོས་ཀྱི ། །དགའ་སྟོ ན ་དུས་ཤི ག ་འདའ་བར་གྱུར། ། ༼ག་
༤༡།༡༣༩༧༽དེ་ནས་དབེན་གནས་ལྷ་སྡིངས་སུ། །བཞུགས་སྐབས་དབུ་ མའི་ལྟ་བ་ལ། །སྒྲོ་འདོགས་ལྷག་མེད་དྲུང་ཕྱུངས་ཏེ། །སྟོན་པར་ཤེས་ནས་
དད་ཐོབ་པས། ། རྟེན་འབྲེལ་བསྟོད་པ་འདི་ཡང་མཛད། ། འཇམ་པའི་
དབྱངས་ཀྱི ས ་མངོ ན ་སུམ་དུ། །ཡང་ཡང་གཟི ག ས་ཤི ང ་དགེ ་ བའི ་ བཤེས། །མཛད་པའི་སྟོབས་ཀྱིས་གསུང་རབ་ལ། །ཇི་ལྟར་རྟོགས་དཀའ་
ཡིན་ན་ཡང༌། །ཞིབ་ཏུ་དཔྱད་པས་ཕལ་ཆེར་དགོངས། །འོན་ཀྱང་ངེས་ འདྲེན་མ་ཐུབ་ན། །བླ་མ་དང་ནི་རྗེ་བཙུན་གཉིས། །ཐ་མི་དད་པར་གསོལ་
བ་ནི། །དྲག་ཏུ་འདེབས་པར་བྱས་པ་དང༌། །མནྜལ་འཕུལ་བས་དེ་མ་
ཐག །འབད་མེད་དཔྱིས་ཕྱིན་དགོངས་འོང༌གསུངས། །གཞན་ཡང་རྗེ ་
བཙུན་འཇམ་དབྱངས་ཀྱི། །སྐུ་གསུང་སྣང་བའི་རྣམ་ཐར་རྣམས། །དངོས་ སུ་བརྗོད་པར་མི་ནུས་མོད། །འོན་ཀྱང་གསུང་རབ་ཚིག་དོན་ལ། །དཔྱོད་
ཚུལ་ཇི་ལྟར་ཡིན་མིན་དང༌། །དཔྱད་པ་རྫོགས་དང་མ་རྫོགས་པ། །ཉམས་ 40
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ལེ ན་གནད་རྣམས་ཇི་ ཡིན་དང༌། །གདུལ་བྱ་ཇི་ ལྟར་བཀྲི་བའི་ ཚུལ། །
འཁོར་ནི་ཇི་ལྟར་བུ་ལ་བསྟེན། །གནས་ནི་ཇི་ལྟར་བཞུགས་མིན་སོགས། ། འཇམ་པའི་དབྱངས་ལ་ཞུ་བ་ལས། །ཕལ་ཆེར་རང་བཟོ་མ་བྱས་ཞེས། །
འཇམ་མགོན་བླ་མས་དེ་ལྟར་གསུངས། །དེ་ནས་སྟོན་ཁ་འོལ་ཁར་བྱོན། ། དགུན་དཔྱིད་གཉིས་སུ་མགར་ཕུག་ཞུགས། །དགེ་འདུན་རྣམས་ལ་ཆོས་
མང་གསུངས། །དབྱེའི་སྟེའུ་ར་རུ་དབྱར་ཞུགས་མཛད། །དབྱེ་བའི་དགེ་ འདུན་རྣམ་པ་ལ། །ཆོས་མང་གསུངས་ཤིང་སྐྱེ་བོ་གཞན། །ཐམས་ཅད་
དགེ་བའི་ལམ་ལ་བཀོད། །དགུང་ལོ་ཞེ་གཉིས་ཙམ་ཞིག་ཏུ། །འོལ་ཁའི་ བྲག་གདང་དགུན་བཞུགས་མཛད། །ཉང་པོ་མདངས་མདོའི་དགོན་དུ་ནི། ། དབྱར་གྱི་རིང་ལ་བཞུགས་པར་མཛད། །དགེ་འདུན་རྣམས་ལ་ཆོས་མང་ དང༌། །སྐྱེ་བོ་རྣམས་ལ་ཕན་པར་མཛད། །དེ་ནས་དཔོན་ཆེན་ནམ་བཟང་
གིས། ། གདན་ཞུའི་གསོལ་འདེབས་སླེབས་པ་དང༌། །རྗེ་ཉིད་ཇོ་བོ་མཇལ་
འདོད་ཀྱིས། ། སྟོན་དུས་སྐྱིད་ཤོད་དུ་ཕེབས་ནས། །གསང་བདེ་གུང་དགའ་
སྐྱོར་ཟུལ་གྱི། ། གདན་ས་པ་རྣམས་གཙོར་བྱས་པའི། །སྡེ་སྣོད་འཛིན་པ་
བརྒྱ་ཕྲག་ལ། ། དབུ་མ་སྣང་བ་འདུལ་བ་དང༌། །ལམ་རིམ་ལ་སོགས་ཆོས་ 41
དད་འཇུག་གསལ་བའི་རྒྱན།
མང་གསུངས། །དེ་ནས་དགའ་བ་གདོང་དུ་བྱོན། །གདུལ་བྱ་རྣམས་ལ་ མདོ་སྔགས་ཀྱི། །ཉམས་ལེན་རིམ་པ་མང་པོ་འདོམས། ། ༼༡༤༠༢༽
དགུང་ལོ་ཞེ་དྲུག་རྭ་སྒྲེང་བྱོན། །བྲག་སེང་ཞོལ་དུ་དབེན་གནས་བཏབ། ། ཆོས་རྗེ་ལོ་ཙཱས་ནན་བསྐུལ་ཞིང༌། །གཞན་ཡང་གསོལ་འདེབས་དུ་མའི་ ངོར། །གསུང་རབ་མཐའ་དག་གནད་བསྡུས་པ། །ཤིང་རྟ་ཆེན་པོའི་ལམ་
སྲོལ་དང༌། །བྱང་ཆུབ་ལམ་གྱི་རིམ་པ་ཡི། །སྒོ་ནས་སྐལ་ལྡན་སངས་རྒྱས་
སར། །འཁྲིད་ཚུལ་རྒྱས་པར་སྟོན་པ་ཡི། །ལམ་རིམ་ཆེན་མོ་རྩོམ་པར་
མཛད། ། ༼ག་༤༧སྤྱི་ལོ་༡༤༠༣༽ བྱང་སའི་ཚུལ་ཁྲིམས་ལེའུ་ཡི། ། རྒྱ་
ཆེར་འགྲེལ་བའང་མཛད་པར་གནང༌། ། དོན་གཉེར་ཅན་གྱིས་གསོལ་
བཏབ་བརྟེན། ། བླ་མ་ལྔ་བཅུའི་འགྲེལ་བ་དང་། །སྔགས་ཀྱི་རྩ་ལྟུང་རྣམ་
བཤད་མཛད། ། ༼སྤྱི་ལོ་༡༤༠༤༽ རྗེ་ཡི་དགུང་ལོ་ཞེ་བརྒྱད་ལ། །འོལ་ཁ་
བྱམས་པ་གླིང་དུ་ནི། །རྣམ་གཞག་རིམ་པའི་རྣམ་བཤད་མཛད། ། ༼སྤྱི་ལོ་ ༡༤༠༥༽ རྗེ་ཡི་དགུང་ལོ་ཞེ་དགུའི་སྐབས། ། དམ་པ་མང་པོས་གསོལ་
བཏབ་བརྟེན། །རྒྱུད་སྡེ་བཞི་ཡི་ལམ་གྱི་ལུས། །ཡོངས་རྫོགས་བསྟན་པའི་
བསྟན་བཅོས་ཆེ། །གསང་ཆེན་ལམ་གྱི་རིམ་པ་མཛད། །ཕལ་ཆེར་དགུང་ 42
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
གྲངས་ལྔ་བཅུའི་སྐབས། ། ༼སྤྱི་ལོ་༡༤༠༦༽ རྡོ་རྗེ་འཇིགས་བྱེད་སྒྲུབ་
ཐབས་ཀྱི། །བདུད་ལས་རྒྱལ་བའི་སྦྱིན་སྲེག་གི །ཆོ་ག་རྒྱས་པར་རྩོམ་པར་
མཛད། ། ༼སྤྱི་ལོ་༡༤༠༧༽ ཁ་ཅིག་དགུང་ལོ་ང་གཅིག་སྐབས། །མཁས་ གྲུབ་རིན་པོ་ཆེ་དང་མཇལ། ། ༼སྤྱི་ལོ་༡༤༠༨༽ ཕལ་ཆེར་དགུང་ལོ་ང་
གཉིས་སྐབས། ། སེ་ར་ཆོས་སྡིངས་བཞུགས་སྐབས་སུ། །དྲང་ངེས་ལེགས་
བཤད་སྙིང་པོ་དང༌། །རྩ་ཤེས་རྣམ་བཤད་ཆེན་མོ་མཛད། ། སློབ་དཔོན་
རྣམས་གྱིས་སྦྱིན་བདག་མཛད། །དུང་དཀར་ཚིག་མཛོད་ཆེན་མོ་ལས། །རྩ་ ཤེ ས ་རྣམ་བཤད་སྔོན་ལ་དང་། །ལེ ག ས་བཤད་སྙི ང ་པོ་ཕྱི ས ་སུ་
ནི། །བརྩམས་པ་གསལ་ཡང་མི་འགྲིགས་སྙམ། །དེ་ཡང་ལེགས་བཤད་ སྙིང་པོ་ལས། །རྩ་བ་ཤེས་རབ་རྣམ་འགྲེལ་ཡང་། །བྱེད་པར་འདོད་པས་མ་
བྲིས་སོ། །ཞེས་དང་རྩ་ཤེས་ཊིཀ་ཆེན་ལས། །ལེགས་བཤད་སྙིང་པོ་ལ་
སོ ག ས་པར། །རྒྱས་པར་བཤད་ནི ་ ཟི ན ་པ་ལས། །ཤེ ས ་པར་བྱ་ཞེ ས ་
གསུངས་པའི་ཕྱིར། །རྩ་ཊིཀ་སྔོན་དང་ལེགས་སྙིང་ཕྱིས། །གོ་རིམ་རྡོ་རྗེའི་
ལུང་ལས་གྲུབ། །རྗེ་ཉིད་དགུང་ལོ་ང་གསུམ་དང༌། ། ༼སྤྱི་ལོ་༡༤༠༩༽ ཕྱི་ ལོ་བཞི་བརྒྱ་དགུ་ཡི་ལོ། །གླང་ལོའི་ཟླ་བ་དང་པོ་ཡི། །ཚེས་གཅིག་ནས་ནི་ 43
དད་འཇུག་གསལ་བའི་རྒྱན།
བཅོ་ལྔའི་བར། །ཆོ་འཕྲུལ་དུས་ཆེན་འཛུགས་པར་བྱེད། ། ཇོ་བོ་རིན་པོ་
ཆེའི་དྲུང་དུ། །དབུ་རྒྱན་གསེར་བཟང་འབའ་ཞིག་ལས། ། གྲུབ་པའི་རིན་ ཆེན་རྣམས་དང་ནི། །གཡུ་ལ་སོགས་པའི་ཕྲ་བཟང་གིས། ། བཀོད་པ་
མཛེས་པར་བྱས་པ་དང༌། །མི་བསྐྱོད་པ་དང་བཅུ་གཉིས་ཞལ། ། དངུལ་
ཟངས་ལས་བྱས་དབུ་ཡི་རྒྱན། །ཕུན་སུམ་ཚོགས་པ་བཅས་པ་ཕུལ། ། ཇོ་
བོའི་དྲུང་དུ་དངུལ་ལྷུང་གཟེད། །ཆེ་ཚད་ལོངས་པ་དེའི་ཁ་ལ། ། འཚམས་ པའི་དངུལ་གྱི་མནྜལ་དང༌། །ཇོ་ཤཀ་རྣམ་གཉིས་བཅུ་གཅིག་ཞལ། ། སྨོན་ ལམ་ཉིན་མ་རེ་རེ་བཞིན། །ཞལ་གསེར་འབུལ་དང་ཚེས་བརྒྱད་དང༌། །
བཅོ་ལྔ་ལ་སྐུ་ཡོངས་རྫོགས་ལ། །གསེར་ཆབ་དང་བཅས་འབུལ་བ་བྱེད། །
གཞན་ཡང་སྐུ་གསུང་ཐུགས་རྟེན་ལ། །ཞིག་གསོ་མཛད་དང་གོས་དར་ བཅས། ། ན་བཟའ་སོགས་ཀྱིས་མཛེས་པར་བརྒྱན། །འཁོར་ར་ཁོར་ཡུག་ ཀུན་ཏུ་ནི། ། མར་མེའི་ཕྲེང་བ་བཀོད་པ་ཡིས། །མཚན་དགུང་བབ་པའི་
མུན་པའི་ཚོགས། ། ཞུམ་སྟེ་ས་ཡི་འོག་ཏུ་ཐིམ། །རྒྱུ་སྐར་ཚོགས་ནི་མཚན་ ཕྱེད་ལ། །ནམ་མཁར་གཏོང་ནས་རྒྱ་མཚོར་གྲོས། །ཡོན་ཆབ་བརྒྱ་ཕྲག་
བརྒལ་བ་ནི། ། ཉིན་རེ་བཞིན་དུ་མངོན་པར་བཤམས། །དེ་ལ་ཁ་ཆེའི་གུར་ 44
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
གུམ་གྱིས། །ལེགས་པར་བསྒྱུར་བས་མདངས་ཀྱང་མཛེས། །དེ་བཞིན་
རྒྱལ་མཚན་གདུགས་དང་ནི། །སྤོས་སྣོད་ཐ་དད་དུ་བསྲེགས་པའི། །དྲི་མ་
བཟང་པོ་ཕྱི་རོལ་ཀུན། ། ཉིན་མཚན་གཉིས་ཀར་མངོན་པར་ཁྱབ། ། གཞན་ ཡང་གཙུག་ལག་ཁང་རྣམས་ཀྱི། ། ཏོག་དང་བྱ་འདབ་ལ་སོགས་དང༌། །
བ་དན་རྔ་ཡབ་དྲིལ་བུ་སོགས། ། བར་ཆད་མེད་པར་མཛེས་པར་བྱས། །
གཞན་ཡང་བསྟན་པའི་སྦྱིན་བདག་ནི། ། དཔོན་ཆེན་ནམ་བཟང་ཁུ་དབོན་ དང༌། །མི་དབང་གྲགས་པ་རྒྱལ་མཚན་སོགས། །དད་འབུལ་བསྙེན་བཀུར་ རྒྱ་ཆེར་བྱས། །མཛད་ཆེན་བཞི་ཡི་ཡ་གྱལ་ནི། །ལྷ་ལྡན་སྨོན་ལམ་ཆེན་མོ་
ཞེས། །ས་སྟེང་ཀུན་ཏུ་གྲགས་པ་འདིའི། །ཚུལ་ནི་མདོར་ཙམ་བརྗོད་པ་
ཡི། །གཞན་ཡང་སྲོང་བཙན་བཀའ་ཆེམས་ལས། །དེ་ནས་ཁྱད་པར་བསྙེན་
བཀུར་ཆེར་མཛད་པ། །དགེ་སློང་བྱང་སེམས་ཤར་ཕྱོགས་སྐུ་འཁྲུངས་ པ། །གསང་སྔགས་འཆང་ཞིང་རྣལ་འབྱོར་ཆེན་པོ་ནི། ། སྙིང་པོའི་མཐའ་ བསྟེན་སྐྱེས་ཆེན་དམ་པ་ནི། །ཞལ་ཡང་བསྒྱུར་ཞིང་བསྙེན་བཀུར་དམ་པ་ མཛད། །དེ་ལ་བསྙེན་བཀུར་ཆེར་བྱེད་དེ་དག་གི།འཕགས་པའི་གང་ཟག་
དགེ་སྦྱོང་ཤ་སྟག་གོ །ཞེས་པའི་ལུང་དུ་བསྟན་པ་ནི། །རྗེ་བཙུན་བླ་མ་འདི་ 45
དད་འཇུག་གསལ་བའི་རྒྱན།
ཉིད་ཅེས། །བོད་ཁམས་སྐྱེ་བོ་ཀུན་ལ་གྲགས། །དེ་ནས་ཡོན་བདག་བུ་སློབ་
ཀྱིས། ། དབེན་དགོན་ཞིག་ནི་འདིང་བར་ཞུ། ། ཞེས་ནས་དགོན་རྙིང་རྣམས་ ཕུལ་ཏེ། ། གསར་པ་འདིང་བའི་ བདག་རྐྱེན་བྱེད། །ཟེར་ནས་གསོལ ་
འདེབས་མང་དུ་བྱུང༌། ། དེ་ནས་གང་དུ་བཟང་མིན་ཆེད། །ཇོ་བོ་རིན་པོ་ ཆེའི་དྲུང་དུ། ། གསོལ་བ་བཏབ་ནས་མར་མེ་དང༌། །མནལ་ལམ་སོགས་
ཀྱིས་ལྟས་བརྟགས་པ། །འབྲོག་གི་རི་བོ་ཆེ་འདི་བཟང༌། །དེ་ནས་སྨོན་
ལམ་གྲོལ་བ་དང༌། ། རྗེ་ཉིད་ཀྱིས་ཀྱང་ཞབས་ཀྱིས་བཅགས། །རྗེ་ཡི་དགུང་ གྲངས་ང་གསུམ་ཙམ། །ཕྱི་ལོ་བཞི་བརྒྱ་དགུ་ཡི་ལོར། །སློབ་དཔོན་བཀའ་
བཅུ་ཞེས་པ་འམ། །རྒྱལ་ཚབ་དར་མ་རིན་ཆེན་དང༌། །སློབ་དཔོན་འདུལ་ འཛིན་ཞེས་པ་འམ། །གྲགས་པ་རྒྱལ་མཚན་རྣམས་ཀྱི་གཙོས། །ཐོག་མར་
འགོ་འཛུགས་གནང་བར་མཛད། །ཕྱོགས་བཅུའི་དགེ་འདུན་ཕལ་ཆེ་བ། ། འབྲོག་གི་རི་བོ་ཆེར་བྱོན་ཏེ། །དགེ་ལྡན་རྣམ་པར་རྒྱལ་བའི་གླིང༌། །རྗེ་
ཡིས་ཕྱག་འདེབས་གནང་བར་མཛད། །དེ་ནས་ཕྱོགས་ཀྱི་ཡོན་བདག་
དང༌། ། སྡེ་བ་རྣམས་ཀྱིས་དད་བསླངས་སོགས། །ཚད་མེད་དགའ་སྤྲོ་
བཅས་པས་བསྒྲུབས། །དེ་གའི་ལོ་ལ་གཟིམས་ཁང་གིས། །ཐོག་དྲངས་ 46
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
བྲང་ཁང་བདུན་ཅུ་ལྷག། ལེགས་པར་གྲུབ་ཅིང་དེ་ལས་གཞན། །གཞི་
བཏིང་བརྒྱ་ཕྲག་བརྒལ་བ་བྱུང༌། །བྲང་ཁང་སོ་སོ་ཕལ་ཆེར་བ། །འདུལ་བ་ ནས་གསུངས་ཇི་བཞིན་དུ། ། གཞི་བརྟགས་དགེ་འདུན་གསོལ་བ་དང༌། །
དགེ་འདུན་གནང་བ་སྦྱིན་པ་དང༌། །ལག་གི་བླ་སྐོ་བ་དང་ནི། །རྡོ་བཏེག་
མཐའ་ལས་བྱུང་བ་དང༌། ། རུང་ཁང་གཅོད་དང་ཁང་ཚད་ལས། ། མ་ལྷག་
རྩིག་སོགས་ཕྱག་ལེན་གྱིས། །བསྟན་པ་རིན་ཆེན་གསལ་བར་བྱེད། །རྗེ་
ཡི་དགུང་ལོ་ང་བཞི་ཙམ། ། ༼སྤྱི་ལོ་༡༤༡༠༽ ཕྱི་ལོ་སྟོང་དང་བཞི་བརྒྱ་ བཅུ། ། སྟག་ལོའི་ཟླ་བ་གཉིས་པ་ཡི། ། དགེ་ལྡན་རྣམ་པར་རྒྱལ་བ་ཡི། ། གླིང་དུ་ཕེབས་ནས་ལམ་རིམ་དང༌། ། གསང་འདུས་སྒྲོན་གསལ་རིམ་ལྔ་
དང༌། །མངོན་པ་ཀུན་བཏུས་ས་སྡེ་དང༌། ། ཚད་མའི་དཀའ་གནས་མང་དུ་ གསུངས། །དཔལ་ཆེན་གསང་བ་འདུས་པ་ཡི། །བཤད་རྒྱུད་ལྷ་མོ་བཞིས་
ཞུས་དང༌། །ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས། །གཉིས་ཀྱི་རྣམ་བཤད་རྒྱས་
རྩོམ་མཛད། ། ༼ག་༥༥སྤྱི་ལོ༡༤༡༡༽དེ་ཡི་ཕྱིས་ལོ་རིམ་པ་ལྔ༌། །རབ་ཏུ་
གསལ་བའི་སྒྲོན་མེ་ཞེས། ། ལེགས་བཤད་གཏེར་ཆེན་དེ་ཉིད་དང༌། །རིམ་
ལྔ་གདན་རྫོགས་ཁྲིད་ཡིག་མཛད། །དེ་ནས་དགུང་ལོ་ང་བདུན་སྟེང༌། །སྐུ་ 47
དད་འཇུག་གསལ་བའི་རྒྱན།
ཚེའི་བར་ཆད་ཡོད་པའི་ཚུལ། །དེ་ལོ་བཅུ་བཞིའི་གོང་དུ་ནི། །རྗེ་བཙུན་བླ་
མ་རང་ཉིད་ཀྱིས། །ཇི་ལྟར་དགོངས་པ་ཇི་བཞིན་དུ། །འཁོར་འགའ་ཞིག་ ལ་ཞལ་ཏ་གནང༌། །༼༡༤༡༢༽ཕྱི་ལོ་ཆིག་སྟོང་བཞི་བརྒྱ་དང༌། །བཅུ་
གཉིས་ཡོས་བུའི་ལོ་ཁམས་དང༌། །རྗེ་ཡི་དགུང་ལོ་ང་དྲུག་སྐབས། །རྗེ་
བཙུན་བླ་མ་རང་ཉིད་ཀྱིས། །གཙོ་མཛད་སློབ་དཔོན་སུམ་ཅུ་ཡིས། ། སྐུ་
ཚེའི་བར་ཆད་བཟློག་ཐབས་སུ། ། དཔལ་ཆེན་རྡོ་རྗེ་འཇིགས་བྱེད་ཀྱི། །
རྒྱས་པའི་འཁྲུལ་འཁོར་མང་དུ་མཛད། །སྐུ་མཚམས་དམ་པར་བཅད་ནས་ ནི། །བཟློག་ཐབས་སྣ་མང་མཛད་ན་ཡང༌། །བར་ཆད་བཟློག་པའི་མཚན་ མ་ནི། །གསལ་པོ་རང་ནི་མ་བྱུང་གསུངས། ། ༼༡༤༡༣༽ཕྱི་ལོ་གཅིག་ བཞིའི་བཅུ་གསུམ་དང༌། །རྗེ་ཡི་དགུང་ལོ་ང་བདུན་དང༌། །འབྲུག་ལོ་ཟླ་བ་
བརྒྱད་པ་ཡི། །ཚེས་བདུན་ཉིན་མོ་རྗེ་རང་ཉིད། །གཙོ་མཛད་སློབ་དཔོན་ སུམ་ཅུའི་གྲངས། །སྐུ་མཚམས་བཞུགས་ཤིང་དྲག་ཤོས་རྣམས། །རིམ་ གྱི ས ་སྐུ་མཚམས་ལ་བཞུགས་ནས། །སྔར་བཞི ན ་སྐུ་རི མ ་བསྒྲུབས་ན་ ཡང༌། ། ཟླ་བ་བཅུ་གཅིག་པ་ཡི་ནང༌། །སྐུ་ཁམས་ཅུང་མི་བདེ་བ་བྱུང༌། །
དེ་ནས་དགུང་ལོ་ང་བདུན་སྟེང༌། །སྐུ་སྨད་ཆ་ལ་སྙུང་ཟུག་སོགས། །བསྙུང་ 48
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
གཞི་བཞེས་པའི་ཚུལ་བསྟན་ཀྱང༌། །ཐུགས་དམ་ཟབ་མོར་མངའ་བརྙེས་ པའི། །ཏིང་འཛིན་ལས་གཡོ་མི་མངའ་བས། །ཕྱི་ནས་མངོན་པའི་མི་བདེ་ བ། །གང་ཡང་མེད་པ་དེའི་སྐབས་སུ། །སློབ་དཔོན་བཀའ་བཅུ་ཞེས་པ་
འམ། ། རྒྱལ་ཚབ་དར་མ་རིན་ཆེན་གྱིས། །གཙོར་མཛད་དགེ་འདུན་བྱིངས་
རྣམས་དང༌། །ནང་དུ་སྐུ་ལ་ཉེར་གནས་པ། །བཅས་པས་ལོ་ངོ་སྦྲེལ་གྱི་
བར། །ཅུང་ཟད་ཙམ་ཡང་གཡེལ་མེད་པར། །སྐུ་ཡི་རིམ་གྲོ་ཉིན་མཚན་
ཀུན། ། བསྒྲུབས་པ་བསམ་གྱིས་མི་ཁྱབ་ཅིང༌། །སྡོན་ཆད་གངས་རིའི་ཁྲོད་
འདི་རུ། ། བླ་མའི་སྐུ་ཡི་རིམ་གྲོ་ནི། །འདི་འདྲ་བསྒྲུབས་པ་མ་བྱུང་ཞེས། །
སྐྱེ་བོ་ཀུན་གྱིས་མཐུན་པར་གླེང༌། ། དེ་ལྟར་ཐུགས་དམ་བཞུགས་པ་དང༌། ། སྐུ་ཡི ་ རི མ ་གྲོ་ལེ ག ས་བསྒྲུབས་པས། །བར་དུ་གཅོ ད ་པའི ་ མཚན་མ་
རྣམས། ། བཟློགས་སྟེ་སྐུ་ཁམས་ལེགས་པར་དྭངས། །ལྷ་དང་བཅས་པའི་
འགྲོ་བ་ཀུན། ། དབུགས་ཕྱིན་པ་ནི་ཐོབ་པར་གྱུར། །ཕྱི་ལོ་གཅིག་བཞི་བཅུ་
བཞི་དང༌། ། ༼སྤྱི་ལོ་༡༤༡༤༽རྗེ་ཡི་དགུང་ལོ་ང་བརྒྱད་སྟེང༌། །མི་དབང་ གྲགས་རྒྱལ་གསོལ་བཏབ་བཞིན། །འོན་ནི་བཀྲ་ཤིས་དོ་ཁར་ཕེབས། ། སྡེ་ སྣོད་འཛིན་པ་དུ་མ་ལ། །དབུ་ཚད་ལམ་རིམ་ལ་སོགས་པའི། །ཆོས་མང་ 49
དད་འཇུག་གསལ་བའི་རྒྱན།
གསུངས་ཤིང་གདན་ས་ཡི། །སྤྱན་སྔ་བ་ཡིས་ཆོས་ཐོག་དྲངས། །སླར་
ཡང་དགེ་ལྡན་གླིང་དུ་ཕེབས། །དེ་ནས་བརྩམས་ཏེ་རིམ་པ་བཞིན། ། དཔལ་
ཆེན་འཁོར་ལོ་བདེ་མཆོག་གི །ལུ་པའི་ཊི་ཀྐ་ཆེན་མོ་དང༌། །རྫོགས་རིམ་
རྣལ་འབྱོར་བཞི་ལྡན་གྱི། །ཁྲིད་ཡིག་ཆེ་ཆུང་སྒྲུབ་ཐབས་དང༌། །གསང་བ་ འདུས་པའི་རྩ་རྒྱུད་ཀྱི། །འགྲེལ་བ་སྒྲོན་གསལ་ཞུ་དག་དང༌། །དག་ཐེར་ མཛད་ནས་ཚིག་དོན་རྣམས། །ཞིབ་པར་འཆད་པའི་མཆན་བུ་དང༌། །ལེའུ་ སོ་སོ་དང་ནི་སྤྱིའི། ། དཀའ་བའི་གནད་དང་རྣམ་པ་རྣམས། །གཏན་ལ་
འབེ བ ས་པའི ་ མཐའ་གཅོ ད ་དང༌། །དོ ན ་ཚན་སོ ་ སོ འི ་ དམི ག ས་འབྱེད་ པ། །བསྡུས་དོན་དང་བཅས་མཛད་གནང་ཞིང༌། །རྒྱུད་སྡེ་བཞི་དང་འབྲེལ་
བ་ཡི། །བཤད་རྒྱུན་མ་ཆད་གསུངས་པ་ཡི། །རྒྱལ་བའི་བསྟན་པ་རིན་པོ་ ཆེའི། ། སྙིང་པོ་མཐའ་དག་ཡོངས་ཉམས་ནས། །མིང་ཙམ་མེད་པར་གྱུར་ བ་འདི། ། གཞི་ནས་བསླངས་ཏེ་ལེགས་པ་རུ། ། གསལ་བར་མཛད་པས་
རྒྱལ་ལས་ཀྱང༌། །བཀའ་དྲི ན ་ཆེ ་ བ་གྱུར་པ་ཡི ན ། །༼༡༤༡༥༽ཕྱི ་ ལོ ་ གཅིག་བཞི་བཅོ་ལྔ་དང༌། །རྗེ་ཡི་དགུང་ལོ་ང་དགུའི་ཐོག། མཛད་པ་ཆེ་
བཞིའི་ཡ་གྱལ་ཏེ། །སྒྲུབ་མཆོད་ཆེན་མོ་བྱུང་ཚུལ་ནི། །རྗེ་བཙུན་ཉིད་ཀྱི་ 50
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཞལ་སྔ་ནས། །སྒྲུབ་མཆོད་ཚོགས་ཁང་དུ་བྱས་ན། །དབང་མ་ཐོབ་པ་
རྣམས་ཀྱིས་ཀྱང༌། །དཀྱིལ་འཁོར་མཐོང་བའི་དགག་བྱ་ཡིས། །སྔགས་ཀྱི་
སྒྲུབ་ཁང་དབེན་པ་ཞིག། ལོགས་སུ་དགོས་པར་སྣང་གསུངས་ནས། །ལུག་ ལོའི་དབྱར་དུས་རྨང་བཏིངས་ཤིང༌། ། མཐུན་རྐྱེན་དད་འབུལ་དཔག་མེད་ བྱུང༌། །༼༡༤༡༧༽ཕྱི་ལོ་གཅིག་བཞི་བཅུ་བདུན་དང༌། །རྗེ་ཡི་དགུང་
གྲངས་རེ་གཅིག་སྐབས། །བྱ་ལོ་ཟླ་བ་གསུམ་པ་ནས། །བཟོ་རིག་མཁས་ པ་དུ་མ་བསགས། །རྟེན་རྣམས་བཞེངས་པའི་བྱ་བ་བརྩམས། །དེ་ཡང་
གཙུག་ལག་ཁང་དང་ཁྱམས། ། གཙང་ཁང་བཅས་ལ་ཀ་བ་ནི། །བདུན་ཅུ་
རྩ་གཉིས་ཡོད་པ་ལ། །དབུས་ཀྱི་གཙང་ཁང་ནང་དུ་ནི། །ཇོ་བོའི་སྐུ་ལས་
ཅུང་ཞིག་གིས། །ཆེ་བའི་སྟོན་པའི་སྐུ་ཞིག་བཞེངས། །སྟེང་གི་གཙང་ཁང་
ནང་དུ་ནི ། །གསང་འདུས་ལྷ་ཚོ ག ས་སུམ་ཅུ་གཉི ས ། །འཁོ ར ་ལོ ་ བདེ ་ མཆོག་ལུ་ཨི་པའི། །ལྷ་ཚོགས་དྲུག་ཅུ་རྩ་གཉིས་དང༌། །རྡོ་རྗེ་དབྱིངས་ཀྱི་
དཀྱིལ་འཁོར་དང༌། །ཆེན་པོ་རྣམས་ཀྱི་རྟེན་དང་ནི། །བརྟེན་པར་བཅས་ པའི་གཞལ་ཡས་ཁང༌། །གློས་བསླངས་སོགས་ཀྱི་རྒྱུ་ཆ་ནི། །རིན་པོ་ཆེ་
ལས་གྲུབ་པ་དང༌། །གཞན་ཡང་རྒྱུ་ནི་གསེར་ཟངས་དངུལ། །ཅི་རིགས་ 51
དད་འཇུག་གསལ་བའི་རྒྱན།
བྱས་པའི་གཞལ་ཡས་ཁང༌། །སྐུ་སོགས་སྣ་མང་བཞེངས་པར་མཛད། །
སྐུ་རྣམས་ལས་ནི་འོད་ཟེར་ལྔའི། །གོང་བུར་གྱུར་ནས་ནམ་མཁའ་ཡི། །
འཇའ་ཚོན་སྐུ་ལ་འཁྱུད་པ་ལྟར། །འོ ད་ཀྱི་ཕུང་པོ་ཆེན་པོ་ཞིག། གྱུར་པས་ བྲད་བརྡར་མ་བྱས་ཀྱང༌། །སྐུ་རྣམས་འཇམ་ཞིང་གཙང་བ་དང༌། །ཤིན་ཏུ་
ངོ་མཚར་ཆེན་པོར་གྱུར། །དེ་ནས་གཙུག་ལག་ཁང་དང་བཅས། །རགས་ རིམ་ལོ་དེའི་ནང་དུ་གྲུབ། །༼༡༤༡༨༽ཕྱི་ལོ་གཅིག་བཞི་བཅོ་བརྒྱད་དང༌། །
བོད་ལུགས་ཁྱི་ཡི་ལོ་རྟགས་སྐབས། །རྗེ་ཡི་དགུང་ལོ་རེ་གཉིས་སུ། །
ཕྱོ གས་ཐ་དད་ནས་བྱོན་པ་དང༌། །གཉུག་མར་གནས་པའི་ དགེ ་ འདུན་ བཅས། །དགེ་ལྡན་ཉིད་དུ་གསང་འདུས་ཀྱི། །འགྲེལ་བ་སྒྲོན་གསལ་མཆན་
དང་བཅས། །བཤད་པའི་རྒྱུན་ནི་འགའ་ཞིག་དང༌། །རིམ་ལྔའི་ཁྲིད་ནི་རྒྱས་ པར་གནང༌། །སྦྱོར་བ་ཡན་ལག་དྲུག་པ་ཡི། །ཁྲིད་ནི་རྒྱས་པར་གནང་བ་
དང༌། །དུས་འཁོར་འགྲེལ་ཆེན་དྲི་མེད་འོད། །ཅེས་པ་འདི་ཡང་ཞིབ་བཤད་ གནང༌། །གཞན་ཡང་དབུ་ཚད་བདེ་མཆོག་དང༌། །ལམ་རིམ་ལ་སོགས་
ཟབ་རྒྱས་ཀྱི། །ཆོས་ནི་དཔག་ཏུ་མེད་པ་གསུང༌། ། དེ་ཡི་དབྱར་དང་སྟོན་ དུས་སུ། །གཙུག་ལག་ཁང་གི་ཁྱམས་ལ་སོགས། །ལོགས་བྲིས་རྣམས་ 52
རྗེ་ཙོང་ཁ་པ་ཆེན་པོའི་རྣམ་ཐར།
ཀྱང་ལེགས་པར་གྲུབ། །དེ་སྐབས་དབུ་མ་ལ་འཇུག་པའི། །རྣམ་བཤད་
ཆེན་མོ་རྫོགས་པར་མཛད། །༼༡༤༡༩༽ཕྱི་ལོ་གཅིག་བཞི་བཅུ་དགུ་ལ། །
བོད་ལུགས་ཕག་གི་ལོ་ཡི་སྐབས། །རྗེ་ཡི་དགུང་ལོ་རེ་གསུམ་དང༌། ། གསང་འདུས་རྩ་རྒྱུད་འགྲེལ་པ་ཡི། །སྒྲོན་གསར་པར་བརྐོ་རྫོགས་པར་ མཛད། ། བདེ་མཆོག་རྩ་བའི་རྒྱུད་ལ་སོགས། །ཆོས་ནི་དཔག་ཏུ་མེད་པར་
གསུངས། །བདེ ་ མཆོ ག་རྩ་རྒྱུད་ཊི་ ཀྐ་ཞེ ས ། །རྨད་དུ་བྱུང་བ་འདི་ ཡང་
བརྩམས། །རེ་ཞིག་མཚམས་འདིར་འཇོག་དགོས་པ། །སྣག་ཤོག་རྫོགས་ ནས་མ་ཡིན་ཀྱང༌། །དུས་ཀྱིས་འདངས་སུ་མེད་པས་ཡིན། །ཕྱིས་སུ་ནོར་
བསལ་ལེགས་སྤེལ་གྱི། ། སྒོ་ནས་ཚང་ལ་མ་ནོར་བ། །དད་འཇུག་མཛེས་
པའི་རྒྱན་བཟང་ཞིག། འབྲི་འདོད་ཁོ་བོའི་སེམས་ལ་ཡོད། །གོང་དུ་བྲིས་
པའི་ཚིགས་བཅད་རྣམས། ། རྣམ་ཐར་དད་པའི་འཇུག་ངོགས་ཀྱི། །ཚིག་ དོན་གཙོར་འཇོག་བྱས་པ་ལས། །གང་བྱུང་རང་བཟོར་བྱས་པ་མེད། །རྗེ་
བཙུན་བླ་མའི་དགུང་གྲངས་དང༌། །ཕྱི་ལོའི་དུས་ཚིགས་སྟོན་པ་རྣམས། །
རྣམ་ཐར་དད་པའི་འཇུག་ངོགས་དང༌། །ཡིག་ཆ་གཞན་འགའ་གཞི་བཅོལ་
ནས། །རོབ་ཚོད་བྱས་ནས་བཤད་པ་ལས། །ངེས་ཤེས་ཚད་མ་བདག་ལ་ 53
དད་འཇུག་གསལ་བའི་རྒྱན།
མེད། །དེས་ན་བློ་ལྡན་རྣམས་ཀྱིས་དཔྱོད། །ལོ་ཚིགས་སྐབས་སུ་ག་ཡིག་
དེ། །དགུང་ལོ་ཞེས་པའི་མིང་ཚབ་ཡིན། །ཁམས་དང་ལོ་རྟགས་སྨོས་པ་ ནི། །བོད་ཀྱི་རྒྱལ་ལོ་མཚོན་ཕྱིར་ཡིན། །ཕྱི་ཡི་ལོ་ཚིགས་གང་ཡིན་དེ། །
ཨང་ཀི་གསལ་པོར་བཀོད་ནས་ཡོད། །བདག་འདྲ་དགེ་ལུགས་རྒྱུགས་
སྤྲོད་པ། །རྣམས་ལ་ཕན་པའི་བསམ་པ་ཡིས། །ཅུང་ཟད་བགྱིས་པའི་དགེ་
བ་འདིས། །འཇིག་རྟེན་ཀུན་གྱི་མིག་གཅིག་པུ། །བདེ་ལེགས་ཀུན་གྱི་རྩ་བ་ སྟེ། །བདག་ཅག་རྣམས་ཀྱི་འདྲེན་པ་མཆོག། འཇམ་མགོན་བླ་མ་ཙོང་ཁ་
པས། །རྗེས་སུ་འཛིན་པའི་རྒྱུ་རུ་བསྔོ། །མི་ཤེས་རྨོངས་པའི་གཞན་དབང་
གིས། ། འགལ་དང་འཁྲུལ་བ་ཅི་མཆིས་པ། །སོ་འཕགས་ཀུན་གྱི་མདུན་ ས་ན། ། ཨུ་ཧུ་ལགས་ཀྱི་སྒོ་ནས་བཤགས། །ཅེས་པ་འདི་ནི་རབ་བྱུང་བཅུ་བདུན་པའི་ལྕགས་
ཡོས་ལོར་བོད་ཟླ་བརྒྱད་པའི་དཀར་ཕྱོགས་དགའ་བ་གསུམ་པའི་ཉིན་དགའ་ཤར་ལྷོ་པ་ནགས་ཤོད་པ་བློ་བཟང་ཕུན་ཚོགས་ ཀྱིས་ཉིན་གུང་མཚམས་སུ་རྫོགས་པར་བགྱིས་པས་དགེའོ།
54