༄༅། །བོད་ཀྱི་རང་བྱུང་ཁོར་ཡུག་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། སྲུང་ སྐྱོབ་སྐོར།
དང་པོ། བོད་ཀྱི་སྣོད་བཅུད་ཆགས་ཚུལ་དང་། རང་བྱུང་ཁོར་ཡུག
སྤྱིར་ཁོར་ཡུག་ཅེས་པ་ནི་རང་བཞིན་འབྱུང་ཁམས་ལས་གྲུབ་པའི་ས་གཞི་དང་། རི་བོ། ནགས་ཚལ། ཆུ་བོ། རླུང་སོགས་དང་། དེ་དག་ལ་བརྟེན་ནས་འཚོ་གནས་བྱེད་པའི་མིའི་རིགས་ གཙོ་བོར་གྱུར་པའི་གཅན་གཟན་རི་དྭགས་ཀྱིས་མཚོན་པའི་སྲོག་ཆགས་བཅས་སྣོད་བཅུད་ལ་ ཟེར།
བཀའ་མདམས་གླེགས་བམ་བུ་ཆོས་ལེའུ་ཉི་ཤུ་པ་ལས། ༼ཤར་རྡོ་རྗེ་གདན་གྱི་བྱང་ཕྱོགས་ན། །གནས་པུར་རྒྱལ་བོད་ཅེས་བྱ་བ་ཡོད། །རི་མཐོན་པོ་གནམ་གྱི་ཀ་བ་ཡོད། །མཚོ་དམའ་མོ་གཡུ་ ཡི་མཎྜལ་ཡོད། །གངས་དཀར་པོ་ཤེལ་གྱི་མཆོད་རྟེན་ཡོད། སྤང་སེར་པོ་གསེར་གྱི་ལྷུན་པོ་ཡོད། །དྲི་ཞིམ་པོ་སྨན་གྱི་བདུག་སྤོས་ཡོད། ཚོན་བཀྲ་བ་གསེར་གྱི་མེ་ཏོག་ཡོད། །དབྱར་བཀྲ་བ་གཡུ་ ཡི་མེ་ཏོག་ཡོད། ཀྱེ་གངས་རིའི་མགོན་པོ་སྤྱན་རས་གཟིགས། །གནས་དེ་ན་ཁྱོད་ཀྱི་ཞིང་ཁམས་ ཡོད། །ཞིང་དེ་ན་ཁྱོད་ཀྱི་གདུལ་བྱ་ཡོད།༽དགའ་ལྡན་ཕུན་ཚོགས་གླིང་གི་སྤར་མ་ཁ་པའི་ཤོག་ ལྡེབ་ ༨༨ ན། ༢ ནང་གསལ་ཅེས་ཇི་ལྟར་གསུངས་པ་ལྟར་བོད་ནི་རི་མཐོ་ཞིང་། ས་གཙང་བ། བསིལ་ལ་མཛེས་པ། གངས་རིའི་ཕྲེང་བས་ཀུན་ནས་བསྐོར་བ། གསེར་དངུལ་ཟངས་ལྕགས་ལ་ སོགས་པའི་རིན་པོ་ཆེ་དུ་མའི་འབྱུང་ཁུངས། རྩི་མཆོག་དྲི་ཞིམ་ལ་བཅུད་ཆེ་བ། མོ་མཛངས་ཤིང་ ། ཕོ་དཔའ་བ། རྟ་མགྱོགས་པ་ཞེས་དམ་པ་དུ་མས་ལན་གཅིག་མ་ཡིན་པར་ཡང་ཡང་བསྔགས་ པར་མཛད་པའི་བོད་ཡུལ་གངས་ཅན་གྱི་ལྗོངས་འདི་བཞིན་སྔར་གྱི་རྒྱལ་རབས་རྣམས་སུ། སྟོད་ མངའ་རིས་སྐོར་གསུམ་རྫིང་དང་འདྲ། བར་དབུས་གཙང་རུ་བཞི་ཡུར་བ་འདྲ། སྨད་མདོ་ཁམས་ སྒང་དྲུག་ཞིང་དང་འདྲ་ཞེས་ཡུལ་གྱི་དབྱིབས་ཙམ་བསྟན་ནས། ཡུལ་དེ་དག་ཕལ་ཆེ་བ་ནགས་ ཚལ་དང་། ཆུས་ཁེངས་ཤིང་། རྗེས་སུ་རིམ་པས་ཆུ་ལམ་བྱེ་སྟེ་ལུང་པ་ཆགས། ས་ལའི་ནགས་ ཚལ་རིམ་བཞིན་བྱུང་སྟེ། གཅན་གཟན་གདུག་པ་ཅན་དང་། བྱ་དང་། རི་དྭགས་ཀྱི་གནས་ཡུལ་ ལྟ་བུར་གྱུར། དེ་ནས་མིའི་འགྲོ་བ་རིམ་བཞིན་བྱུང་ཚུལ་གསུངས་པ་རྣམས་འཛམ་གླིང་སྤྱིའི་སྣོད་ བཅུད་ཁོར་ཡུག་ཆགས་ཚུལ་དང་ཡོངས་སུ་མཐུན་གྱི་ཡོད།
བོད་རྒྱལ་ཁབ་ཀྱི་རྒྱ་ཁྱོན་ནི་ཀི་ལོ་མི་ཊར་(སྤྱི་ལེ་)གྲུ་བཞི་མ་ས་ཡ་གཉིས་དང་འབུམ་ལྔ་ (༢༥༠༠༠༠༠)ཡོད། བོད་གཅིག་གྱུར་གྱི་རྒྱལ་རྒྱུད་རིམ་པར་བྱུང་བ་ནས་ཕྱི་ལོ་ ༡༩༩༤ བར་ཉུང་ མཐར་ལོ་ ༢༡༢༡ འགྲོ་གི་ཡོད་ཅིང་། དེ་ཡང་འཛམ་གླིང་གི་ས་ཁྲའི་དབང་དུ་བྱས་ཏེ་རྩིས་ན། རྒྱ་ གར་འཕགས་པའི་ཡུལ་དང་། བལ་ཡུལ། འབྲུག་ཡུལ་སོགས་ཀྱི་བྱང་དང་། པ་ཀི་སི་ཐན་དང་། ཨཕགྷ་ནེ་སི་ཐན་སོགས་ཀྱི་ཤར། ཤར་ཏུར་ཀི་སི་ཐན་(ཤིན་ཅང་)དང་ཧོར་སོག་གི་ཡུལ་ནས་ལྷོ། རྒྱ་ནག་གི་ཡུལ་ནས་ནུབ་ཉིད་དུ་གནས་ཤིང་། གྲོང་དང་གྲོང་རྡལ་ཕལ་མོ་ཆེ་རྒྱ་མཚོའི་ངོས་ནས་