!ས་འཁ ོར་ཆོས་)ོར་། ༡༣
༄༅།།¢¢འཇམ་གསར་+ོར་-ག་མན་ངག ཆོས་%ེ་འཇམ་ད+ངས་གསར་མ།
ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས།
མཚན་byང་། ༄༅།།¢¢འཇམ་གསར་མའི་+ོར་-ག་གི་མན་ངག
ཆོས་8ེ་འཇམ་ད:ངས་གསར་མ།
བོད་;ལ་ལོ། ༢༡༤༢ @ི་ལོ། ༢༠༡༥ ལོར་འ3ལ་དེབ་C་ཕབ། ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས། གཙ*་sgr,ག་ཚ-གས་uང་།
Eོབ་%ོན་པ། མཁས་དབང་བདེ་ལེགས་རབ་;ས། མཁན་པོ་Gལ་Hིམས་དར་;ས། འ3ལ་དེབ་གཙ+་Jིག་པ། བེ་རི་རིག་པའི་Kོ་8ེ། Lི་ནང་ད:ིངས་རིག
བོད་;ལ་ལོ། ༢༡༤༢ @ི་ལོ། ༢༠༡༥ ལོར་འ3ལ་དེབ་C་ཕབ། ནང་བ%ན་རིག་མཛ+ད་ངེས་དོན་དཔེ་ཚ+གས་འ3ལ་དེབ་5ེ་གནས། དབང་ཚད། དེབ་འདིའི་དབང་ཚད་རིག་མཛ+ད་M་བར་ཡོད་པས། ཆོག་མཆན་མེད་པར་བOར་དཔར་དང་Pར་ བཅོས་སོགས་:ེད་མི་ཆོག་པ་;ལ་Rིའི་དཔེ་དེབ་Hིམས་Sགས་5ར་ཡིན། འTེལ་བ་:ེད་Uལ།
Tashi Choeling Buddhist Center 1889 Fiddlestick Ln Charlottesville, VA 22903 USA Email: rigdor77@gmail.com Website: www.rigzod.org ཆེད་བrjོད།
ཉེ་བའི་Wས་རབས་ནང་Xོ་གY་བོར་གནས་ཤིང་Xོ་[ོས་\ི་ནོར་དང་]ན་པའི་Oེ་བོ་མི་ ^ང་བ་ཞིག་གིས། ང་ཚ+་མིའི་རིགས་འདིའི་ཉིན་རེའི་འཚ+་བའི་ཐད། @ི་དངོས་པོའི་དགོས་མཁོ་ ལས་ནང་བསམ་Xོའི་དགོས་མཁོ་གལ་ཆེན་W་མཐོང་ནས། འདོད་aམ་ཅན་bི་དངོས་གཙ+་c་བའི་ 5་dབ་དང་། རེས་འཇོག་ཅན་bི་ཚན་རིག་གི་ལག་Lལ་eབ་འཕེལ་bི་ཁོར་Uག་ལས་ཡོངས་f་ བgལ་ཏེ། བོད་\ི་ནང་བ%ན་རིག་པའི་གiང་Sགས་ལ། ཚད་ངེས་ཅན་bི་ཐོག་ནས་དོ་jང་ དང་གདེངས་འཇོག་:ེད་བཞིན་པའི་kབས་འདིར། ང་ཚ+་གཞན་ཕན་bི་lགས་8ེ་དང་:མས་སེམས་\ི་ཞི་བདེས་lགས་mད་ཡོངས་f་ གཏམས་པའི་%ོན་པ་སངས་;ས་\ི་8ེས་འnག་དoས་མ་ཞིག་གི་ངོས་ནས། ཇི་kད་W། “མ་དར་ བ་pམས་f་དར་བར་:ེད་ཅིང་། དར་བ་pམས་དག་ཅིང་འཕེལ་བ་དང་། ཉམས་པ་pམས་གསོ་ qས་པར་rར་ཅིག” ཅེས་གfངས་པ་5ར། %ོན་པ་མཆོག་དེའི་བ%ན་པའི་sིང་པོའི་sིང་པོ། ཐེག་པ་ཐམས་ཅད་\ི་མཐར་lག ངེས་དོན་དt་མ་ཆེན་པོའི་རིང་Sགས་ལས་བLམས་པའི་ཆེས་ ངོ་མཚར་uད་W་vང་བའི་ལེགས་བཤད། ངེས་མདོ་བw། sིང་པོའི་མདོ་x་སོགས་དང་། :ང་ yབ་སེམས་དཔའི་འ[ེལ་བ་kོར་གfམ། ད་Wང་བསིལ་zོངས་{ན་མeེན་|ོན་པ་བཞི་]ན། 8ེ་ བ}ན་ཐམས་ཅད་མeེན་པ་~་ར་•་ཐ། ཀu་པ་རང་vང་Kོ་8ེ། {ན་མeེན་•ོང་ཆེན་རབ་ འ:མས། འཇམ་མགོན་X་མ་ཙ+ང་ཁ་པ་ཆེན་པོ་སོགས་འཛམ་‚ིང་ƒིལ་བོའི་eོན་W་ཉི་„་5ར་ ཡོངས་f་[གས་པའི་འཕགས་བོད་མཁས་dབ་pམས་\ིས་མཛད་པའི་གfང་རབས་ཁག ༼ངེས་ དོན་sིང་པོའི་དཔེ་ཚ+གས་༽ཞེས་པའི་ཚན་Lལ་དཔེ་མཛ+ད་\ི་%ེགས་tར་བཀོད་དེ། འདོད་དང་ ཐར་བ་དོན་W་གཉེར་བའི་;ལ་Rིའི་ཤེས་]ན་མི་jའི་གཙ+ས། བོད་དང་བོད་ཡིག་ལ་དགའ་བའི་ Oེ་བོ་pམས་ལ་‡ག་བསམ་མཚ+ན་པའི་ལེགས་Oེས་f་ˆལ་བ་ཡིན། དཔེ་ཚ+གས་འདིའི་མ་ཡིག་ཁག་ཅིག་དཔེ་‰ིང་དཀོན་རིགས་ཡིན་%བས། མ་དཔེ་ལ་ལ་ ‰ིང་Šལ་W་སོང་བས་ཡི་གེ་མི་མཐོང་བ་དང་། མ་དག་པ་ཡང་གང་འཚམ་འWག་པས། ཡི་གེ་མ་ དག་པ་pམས་སོར་བཞག་:ས་ཏེ་‹ག་|གས་འདིའི་༼༽ནང་དག་བཅོས་:ས་པ་pམས་བཀོད་ ཅིང་། ད་Wང་གiང་གི་མཆན་t་pམས་\ང་གོང་བཞིན་|གས་དེའི་ནང་བཞག་ཡོད། འདིར་དམིགས་\ིས་i་དགོས་པ་ཞིག་ནི། ང་ཚ+འི་qས་བŒན་bིས་iས་དག་ཐེངས་འགར་
:ས་ཤིང་། •ོག་བདེའི་ཆེད་ས་བཅད་;ས་པ་གསར་བJིགས་iས་ཡོད་མོད། ང་ཚ+ར་འདིའི་ཐད་ ཉམས་•ོང་ཞན་པ་དང་། Wས་ཚ+ད་ཤིན་C་དཀོན་པའི་དབང་གིས། ད་Wང་Oོན་དང་ནོར་ འŽལ་མི་^ང་བ་ཞིག་ཡོད་པ་གདོན་མི་ཟ་བས། ཤེས་]ན་pམས་\ིས་དེ་Sགས་\ིས་དགོངས་Gལ་ ཐད་ཀར་གfང་ན། ང་ཚ+ས་འ•ལ་W་བOར་ཞིབ་དང་དག་བཅོས་i་mའི་ཁས་ལེན་ཡོད། གང་5ར་@ི་ནང་གི་མlན་‘ེན་wང་འཛ+མས་པའི་གོ་kབས་lང་lང་ཞིག་vང་བ་དེ་དམ་ འཛ’ན་:ས་ནས། དཀའ་བ་དང་Xངས་\ིས་%བས་བདེའི་འ3ལ་དེབ་j་མང་དེབ་གYགས་f་བཟོ་ བ“ན་:ས་ཏེ། རིག་མཛ+ད་M་བའི་ངོ་མཚར་འ3ལ་དེབ་C་བཀོད་ནས། eེད་ཚ+ར་རིན་མེད་W་ ˆལ་བ་ལགས་ན། Wས་རབས་འདིར་ཕན་”བས་ཤིན་C་ཆེ་བའི་བEབ་:་དང་ལེགས་བཤད་འདི་ དག་ལ་ཞིབ་ད•ོད་དང་། lགས་དམ་ཉམས་བཞེས་‡ོད་མེད་ཡོང་བའི་རེ་འWན་བཅས། ངེས་དོན་sིང་པོའི་དཔེ་ཚ+གས་\ི་གཙ+་Jིག་པ་བེ་རི་རིག་པའི་Kོ་8ེས། བོད་;ལ་ལོ། ༢༡༣༨ བོད་ „་ ༡༠ ཚ˜ས་ ༡༡ @ི་ལོ་ ༢༠༡༡ „་ ༡༢ ཚ˜ས་ ༦ ཉིན།
མཛད་པ་པ8་ང8་spr:ད།
ཆོས་rjེ་འཇམ་གསར་བ་ནི་yuལ་ཉད་ར8འB་skyuར་བོར། [65B.3]ཡབ་slོབ་
དཔོན་དཔལ་ཆེན་ཞེས་པ་ལ་srས་གཉིས་འruངས་པའི་uང་ཤོས་ཡིན། མཚན་ཇོ་ srས་blོ་བདེ་ཞེས་པ་མིག་འruལ་དང་luགས་kyི་བstན་བཅོས་མཐའ་དག་ལ་མཁས་ ཤིང་། skyེས་stོབས་uལ་[65B.4]du་byuང་བས་byིས་པའི་duས་ནས། གཙང་ནག་ པའི་འgrེལ་པ་ལ་uན་ཉན་byས་ཏེ་ཕར་yིན་ལ་slོབ་གཉེར་byས། ཡབ་དང་མཆེད་ འདས་པ་ལ་བrtེན་ནས་འཁོར་བ་ལས་ཡིད་byuང་stེ། u་མིག་luང་du་སངས་[65B. 5]rgyས་ལམ་པའི་druང་du་རབ་tu་byuང་། མཚན་ཤེས་རབ་འོད་ཟེར་du་བཏགས། ཆོས་ duས་su་slོབ་དཔོན་བསེ་དམར་པ་ལ་ཕར་yིན་གསན་ཅིང་། ཆོས་བར་ལ་མཁན་པོ་
ལ་བslབ་by་དང་། བདེ་མཆོག [65B.6]ཕག་མོ། yག་ཆེན་གསན། དཀའ་uབ་ལ་ rgyuན་du་གནས་པས་luས་sbyངས། skབས་དེར་ཤིག་ནད་drག་པོ་byuང་བ་ལ་བzlོག་ sgོམ་མཛད་ཅིང་sku་luས་sbyིན་པར་བཏང་བས་zuག་rŋu་ལ་བrtེན་ནས་uགས་[66A. 1]དམ་འruངས། དེ་ནས་ཡང་མཛj་ནད་drག་པོས་མཉེལ་བ་ན་slོབ་དཔོན་ལ་yག་ rdོར་མདོ་luགས་uས་ཏེ། མཚམས་དམ་པར་བཅད་ནས་ཐ8་རmངས་yuད་ཙམ་རེ་མ་ གཏོགས་[66A.2]མནལ་ཡེ་མ་ལོག་པར་བzlས་པ་མཛད་པས་བskyེད་རིམ་བrtན་ པར་byuང་stེ། མཐོང་བ་ཙམ་gyིས་གདོན་བགེགས་ཐམས་ཅད་དངངས་ནས་འgrོ་ sམ་པ་byuང་། ལོ་གཅིག་དང་zl་བ་druག་ན་ཡི་དམ་gyི་ཞལ་[66A.3]གཟིགས་ཏེ། བsuངས་rʦ་བ་ནས་grོལ་ཞིང་། གཞན་ལ་འdrེ་གདོན་གནོད་པ་ན། uགས་གཏད་པ་ ཙམ་gyིས་འrལ་du་འgrོ་བ་byuང་། དེ་ནས་ཕར་yིན་gyི་ཚsག་དོན་གsuང་sgrོས་ཐམས་ ཅད་མ་བsེལ་བར་[66A.4]བཏོན་པས་slོབ་དཔོན་ལས་kyང་མཁས་ཞེས་grགས། ཞང་འbrི་མཚམས་པ་ལ་མངོན་པ་byང་བར་བslབས། དེ་ནས་གསང་uར་byོན་ཏེ། གཉལ་ཞིག་ལ་དbu་ཚད་ཕར་yིན་rnམས་གསན། [66A.5]ཆོས་བར་ལ་པwི་ཏ་da་ ན་ཤི་ལ་ལ་བདེ་མཆོག་དང་གཤེད་དམར་gyི་དབང་དང་sŋགས་ཆོས་མང་du་གསན། པwི་ཏས་kyང་rjེ་འདི་ལ་ཕར་yིན་གསན། དེ་ནས་ས་sky་པ་rnམས་དང་བgr8་glmང་མཛད་[66A.6]པས་ཐམས་ཅད་ལས་ rgyལ་ཡང་uགས་མ་ཚsམ་stེ། ལན་ཅིག་གཉལ་ཞིག་ལ་rnམ་ངེས་kyི་ཆོས་ཐོན་པའི་ rjེས་su་yེད་དེ་ltར་བཞེད་པ་ལགས་སམ་uས་པས། uགས་rgyལ་བཞེངས་ཏེ། འདི་ མ་[66B.1]skyོང་ན་གཉལ་ཞིག་མིན་གsuངས་ནས་དམ་བཅའ་ཁས་blངས། rjེ་
འདིས་འདི་མ་ཁེགས་ན་གཙང་stོན་མིན་uས་ཏེ། yོགས་ཆོས་དཔེ་ལ་འgr8་མB་འgrོ་ ལ་ཉི་མ་གsuམ་du་muན་srོས་srོས་kyི་བར་du་བgrོ་[66B.2]glེང་མཛད་པས་rjེ་འདི་ rgyལ། གཉལ་ཞིག་གིས་དེའི་nuབ་མོ་ཇ་བཟང་པ8་ཞ8་ཉB་uའི་མང་བskོལ་byས། དར་ yuག་ཅིག་བཏང་stེ། འདི་ལ་ང་འཇམ་དཔལ་དང་མཉམ་པ་ཡིན་sམ་པ་ཡོད་དེ། ང་བས་kyང་yེ ད ་[66B.3]ཤེ ས ་རབ་ཆེ ་ བར་འduག་པས་འཇམ་དཔལ་རང་du་ གདའོ༎ གsuངས་པས་འཇམ་དཔལ་གསར་མར་མཚན་grགས་ཏེ། sན་པའི་བ་ དན་gyིས་kuན་tu་yབ། གཉལ་ཞིག་bu་དguའི་ཡ་gyལ་du་grགས། དེར་[66B. 4]ཚད་མ་rd8་rjm་rེང་བ་མཛད་ནས་གཙང་du་byོན་པ་དང་། slོབ་དཔོན་བསེ་དམར་ བ་grོངས་འduག་པས་uགས་sky8་stm། yuལ་ཞིང་rnམས་ཕག་tu་བཙ-ངས་ནས་slོབ་ དཔོན་gyི་དགོངས་rdzོགས་ལ་བཏང་། ས་[66B.5]ལམ་gyི་rnམ་གཞག་མེ་ཏོག་rེང་ བ་མཛད། ཐར་བ་glིང་du་byོན་ནས་དpyལ་ཆོས་བཟང་ལས་ལོ་ʦa་བslབས། དེ་ནས་ འདོལ་uང་དང་། rkyང་འduར་du་བuགས་ནས་grw་བ་yེད་དང་ཉི་བrgy་ལ་ཕར་ཚད་ [66B.6]kyི་aི་ཀ་མཛད་ནས་གsuངས། rོ་u་ལོ་ʦa་བ་དང་། དpyལ་kuན་དགའ་ sིང་བོ་དང་། snར་ཐང་པ་gr8་ཆmན་པོ་དང་། ཞང་ཆོས་bl་དང་by་མོ་uང་པ་rnམས་ ལའང་དབང་rgyuད་གདམས་ངག་མང་པོ་དང་ས་sdེ་[67A.1]སོགས་གསན། ཁ་ཆེ་ པwི་ཏ་aky་raི་ལ་དབང་དང་གདམས་པ་མང་པོ་གསན་ཞིང་། ལོ་ʦa་མཛད་དེ། u་ rgyན་sgrོལ་མའི་sgruབ་ཐབས་སོགས་བsgyuར། ཀོ་brག་པ་ལ་[67A.2]ལམ་འbrས་ གསན་པས་uགས་snང་འgyuར་ཏེ། sku་མཚམས་དམ་པོ་ལ་བuགས་duས་rd8་rjm་luས་ kyི་rʦ་གནས་མངོན་suམ་du་གཟིགས། འཇམ་དཔལ་ངག་གི་དབང་yuག་མཇལ་བ་
ལ། བདག་གི་[67A.3]bl་མ་དང་གདམས་ངག་sgོམ་པ་གང་ལེགས་uས་པས། སེ་ མ8་ཆm་བ་ལ་duས་འཁོར་དང་sbyོར་druག་uས་ནས་ལམ་myuར་du་བgrོད་པར་འgyuར་ཞེས་ luང་བstན་ཐོབ་stེ། སེ་མ8་ཆm་བ་དེ་གཡས་ru་grོང་uང་ན་spruལ་[67A.4]sku་ཇོ་ འbuམ་མཁའ་spyོད་du་byོན་པའི་ཆོས་འཁོར་མཛད་པའི་skབས་su་དེར་འbyོན་པར་ བrʦམས་པ་ན། གནོད་sbyིན་ཆེན་པོ་བduན་gyིས་གཙ-ས་པའི་snང་srིད་kyི་lh་འdrེ་ མང་པོས་མེ་འོད་དང་འཇིགས་པའི་[67A.5]གzuགས་stོན་པ་དང་sgr་drག་པ8་sgr:ག་ པ་དང་། rdོ་ཆར་འབེབས་པ་སོགས་ཆོ་འruལ་མང་པོ་བstན་པས། དངོས་gruབ་stེར་ བའི་ཡི་དམ་lh༎ གནོད་པར་སེམས་པའི་འdrེ་གདོན་གཉིས༎ མི་བདག་ལ་[67A. 6]རོ་མཉམ་yད་པར་མེད༎ lh་འdrེ་གང་དགའ་མ་དགར་ཤོག། གཉེན་པ8་ཐ:ས་ བསམ་sgོམ་གsuམ་དང་༎ spང་by་ཉོན་མོངས་rnམ་rtོག་rnམས༎ མི་བདག་ལ་རོ་ མཉམ་yད་པར་མེད༎ ཉམས་བཟང་ངན་གང་འགའ་མ་དགར་ཤོག། འཁོར་བrgy་ [67B.1]དང་stོ ང ་གི ས ་བskོ ར ་བ་དང་༎ རང་གཅི ག ་pu་གང་བདེ ར ་ཉལ་བ་ གཉིས༎ མི་བདག་ལ་རོ་མཉམ་yད་པར་མེད༎ འཁོར་མང་uང་གང་གིས་བskོར་ བ་དང་༎ ཚj་རིང་ནད་མེད་uན་ཚ-གས་དང་༎ duས་ད་lt་ཉིད་du་འཆི་བ་གཉིས༎ མི་ བདག་ལ་རོ་མཉམ་yད་པར་མེད༎ [67B.4]ཚj་རིང་uང་གང་གིས་བskོར་བ་ དང་༎ ཅེས་སོགས་ཆོས་བrgyད་ར8་s:མས་པའི་མguར་གsuངས་པས་ཞི། གཙང་ གuང་ལ་ཡར་byོན་ཙ་ན། ནམ་མཁའ་ཐམས་ཅད་སངས་rgyས་byང་སེམས་kyིས་གང་ བའི་snང་བ་byuང་། སེ་མ8་ཆm་[67B.3]པ་དང་མཇལ་མ་ཐག་bl་མ་དེ་ཉིད་yག་ན་rd8་ rjm་དངོས་su་གཟིགས་ཏེ་snང་བ་འgyuར་བའི་མོས་guས་uད་འbuལ་ནོད་rgy་ཆེན་པོ་
མཛད་དེ། sbyོར་druག་uས་པས་sŋོན་འgr8འB་rིད་ཚར་བ་དང་མཆོག་དབང་[67B. 4]གོང་མ་བskuར་ནས་སོར་བསམ་གནང་stེ་བsgོམས་པས། sŋར་gyི་ཆོས་kyི་གོ་བ་ཚ-་ spuན་skོགས་བཞིན་du་buད། ཞག་གཅིག་ན་བསམ་གཏན་gyི་drོད་དང་rtགས་rnམས་ byuང་stེ་ཡིད་ཆེས་གsuངས་ཐོབ་ནས། [67B.5]slར་ཡང་rkyང་འduར་du་byོན་དbyར་ ཆོ ས ་grོ ལ ་ནས། བ8 ་ ད: ང ་རི ན ་rʦེ ་ སོ ག ས་slོ བ ་མ་བcu་དང་lhན་ཅི ག ་duས་འཁོ ར ་ གསན་du་byོན་ཏེ། ཞག་བcu་གsuམ་ལ་དབང་rdzོགས་པར་ཐོབ་ནས། zl་བ་བཞིའི་ བར་[67B.6]du་rgyuད་འgrེལ་མན་ངག་དང་བཅས་པ་མ་luས་པར་མནོས། དེ་ནས་ rkyང་འduར་du། uབ་པའི་དབང་པོ་འཁོར་དང་བཅས་པ་ཞལ་གཟིགས་པ་ལ། ཡན་ ལག་བduན་པ་ཞིག་uལ། སངས་rgy་བའི་rgyu་ལམ་[68A.1]འbrས་bu་ཐམས་ཅད་bl་ མ་སངས་rgyས་kyི་druང་du་sgrོ་འདོགས་བཅད་ཟིན་པས་ཆོས་ནི་མ་uས་གsuངས། rd8་ rjm་ཐེག་པ་མཆོག་གི་ལམ་uགས་kyང་༎ ལས་དང་ཡེ་ཤེས་[68A.2]yག་rgy་rʦ་rluང་ དང་༎ r་མ8་ཐBག་ལེ་ལ་སོགས་བsgོམ་པ་ཡང་༎ uན་མོང་དངོས་gruབ་འgruབ་kyིས་ མཆོག་མིན་གsuངས༎ པཎ་ཆེན་rnམས་དང་gruབ་ཆེན་grངས་མེད་དང་༎ བོད་yuལ་ གསང་sŋགས་[68A.3]spyོད་པ་འbuམ་gyིས་kyང་༎ སངས་rgyས་rnམས་kyི་rd8་rjmའི་ཉེ་ ལམ་མཆོག། rgyuད་kuན་ལ་sbས་བltས་པས་rེད་མ་ཡིན༎ bl་མེད་rgyuད་བstན་rd8་rjm་ rʦེ་བstན་gyི༎ rgyལ་པ8འB་ཕོ་brང་མཐའ་druག་uལ་[68A.4]བཞིའི་sgོ༎ ལེགས་ བsdམས་rd8་rjm་ཚsག་གི་sgོ་lcགས་བcuག། གསང་འཛsན་ཆེན་པོ་rnམས་kyིས་ldེ་མིག་ sbས༎ རིགས་གsuམ་མགོན་དང་དེ་rnམས་rjེས་འbrངས་པའི༎ འgrེལ་པ་rd8་rjmའི་sgོ་ [68A.5]འbyེད་ldེ་མིག་གིས༎ duས་འཁོར་རིན་ཆེན་བང་མཛ-ད་sgr8་glmགས་yེ༎
rgyuད་kuན་དགོངས་པ་sbyོར་druག་ཉིད་ཡིན་པར༎ skལ་ldན་bl་མ་rnམས་kyིས་rtོགས་ པར་gyuར༎ དངོས་gruབ་kuན་འbyuང་རིན་ཆེན་sn་ཚ-གས་[68A.6]དང་༎ sbyོར་druག་ ཡིད་བཞིན་ནོར་bu་དངོས་su་གནང་༎ rʦོད་ldན་ཤིན་tu་myuར་བར་སངས་rgy་བའི༎ ཟབ་ལམ་འདི་ནི་bl་མའི་མན་ངག་དང་༎ rgyལ་srས་འཕགས་པ་rnམས་kyི་rgyuད་ འgrེལ་ལས༎ བསོད་[68B.1]ནམས་ཤེས་རབ་stོབས་kyིས་ཁ8་བ:ས་rེད༎ ཡིད་ བཞིན་ནོར་bu་གོས་hruལ་gyིས་བstuམས་ནས༎ གཏེར་du་sbས་ཏེ་འཛམ་glིང་འདི་ཉིད་ ན༎ ང་ཉིད་ནོར་ཆེ་smrས་kyང་su་ཡིད་ཆེས༎ གང་ཞིག་ལ་ཡང་[68B.2]ཕན་ འདོགས་nuས་པར་འgyuར༎ དེ་བས་བདག་རང་འཚj་མེད་འཆོ་sl་བའི༎ གནས་དེར་ sgruབ་པའི་rgyལ་མཚན་rʦེར་བཏགས་ནས༎ rʦེ་གཅིག་མི་rtོག་སེམས་kyིས་གསོལ་ བཏབ་ན༎ རང་གཞན་[68B.3]དགོས་འདོད་འbyuང་བར་ཐེ་ཚ-མ་མེད༎ དེ་yིར་ ཁ8་བ:་དབེན་པར་བsdོད་ལ་དཀའ༎ འཆི་མེད་བduད་rʦི་rེད་ནས་ཟས་ངན་spོང་༎ ནོར་bu་རིན་ཆེན་rེད་ནས་གསེར་ཡང་འདོར༎ མཆོག་ཐོབ་དམན་[68B.4]པ་ འདོར་བ་ཇི་ltར་འruལ༎ sŋོན་ཆད་གདམས་ངག་བrgy་rག་du་མ་བslབས༎ འོན་ kyང་ད་duང་གཞན་དག་ཚ-ལ་བར་འདོད༎ ད་ནི་སངས་rgyས་ཐམས་ཅད་byོན་ལགས་ kyང་༎ myuར་du་འཚང་rgyའི་ལམ་[68B.5]གཞན་u་བསམ་མེད༎ ཁ8་བ8་ཡ:ན་ཏན་ gyི་yད་པར་འགའ་ཞིག་མ་rེད་kyི་བར་du་མགོ་ལ་མེ་ཤོར་བ་གསོད་པ་ལ་བrʦོན་པ་ ltར་འབད་ནས་བsgོམ་པའི་ཆེད་du་དབེན་པར་མཆིས་པ་ལ་མི་མཉེས་པ་མ་དད་ [68B.6]ན་བཟོ ད ་པར་འཚལ་ཞེ ས ་སོ ག ས་sprི ང ་ཡི ག ་བཻ ་ auryའི ་ rེ ང ་བ་ཞེ ས ་པ་ དང་། rnལ་འbyོར་བདག་གི་དཀའ་spyད་ཚsག་འགའ་བཤད༎ sŋོན་ཡང་བstན་
འདིར་མི་luས་ལན་འགའ་ཐོབ༎ ཁ་ཆེའི་yuལ་[69A.1]du་rgyལ་bu་དཔལ་མིང་ ཅན༎ ཟ་ཧོར་yuལ་du་brམ་ཟེ་དགའ་བའི་blོ༎ ཀོ་ས་ལ་ru་yིམ་བདག་grགས་པའི་ མིང་༎ suམ་cu་གsuམ་du་ནོར་bu་drི་མ་མེད༎ དེ་ནས་འཕོས་[69A.2]ནས་ད་lt་ འདིར་skyེས་སོ༎ ལོངས་spyོད་rgy་ཆེན་མངའ་རིས་uན་ཚ-གས་kyང་༎ མཁས་པས་sgyu་ མ་བrdzuན་du་ཤེས་པ་ltར༎ མ་ཆགས་spངས་ནས་དད་པས་རབ་tu་byuང་༎ byིས་པའི་ duས་ནས་ཆོས་spyོད་[69A.3]ལས་ལ་བrʦོན༎ skyེ་འཆིས་འཇིགས་པས་མཚན་ldན་ bl་མ་བཙལ༎ དམ་པ་rེད་ཚj་rʦེ་གཅིག་གསོལ་བ་བཏབ༎ byང་uབ་འདོད་མིན་ ཡིད་ལ་གཞན་མ་བསམ༎ དམ་པའི་ཆོས་yིར་luས་srོག་[69A.4]ཐེད་ལ་བོར༎ འབོལ་བའི་stན་spངས་spེན་མའི་གདན་ལ་འduག། ཆོས་བrgyད་དཔའ་བrjིད་བཟང་ པ8འB་གོས་spངས་ནས༎ yགས་དར་rོད་པ་དམན་པའི་གོས་ལ་བrtེན༎ དེ་ཚj་དད་ པས་sduག་[69A.5]བsŋལ་ལམ་du་yེར༎ ལས་ངན་དབང་གི་luས་ལ་ཤིག་ནད་ byuང་༎ sིང་rjེ་བzlོག་sgོམ་བདག་luས་sbyིན་པར་བཏང་༎ ཆོས་ཉིད་rtོགས་པས་ zuག་rŋu་རང་སར་grོལ༎ byམས་པའི་དབང་གིས་[69A.6]གནོད་byེད་ཕ་མར་ཤེས༎ མཛj་ནད་འbyuང་བ8འB་གདོན་gyིས་བཏབ་པའི་ཚj༎ སོ་དང་སེན་མ8འB་མདོག་ཤོར་smིན་ མ་byི༎ ལོ་གཅིག་zl་druག་འདོད་lhའི་བsེན་པ་བskyལ༎ དེ་ཚj་གདོན་grོལ་rkyེན་ [69B.1]ངན་དཔལ་du་ཤར༎ sprོས་brལ་rnམ་དག་གདོད་ནས་གནས་པའི་དོན༎ rི ད ་དང་ང8 ་ spr: ད ་གདམས་ངག་མ་བstན་པར༎ ལོ ་ བrgyད་byི ས ་པའི ་ duས་ནས་ གསལ་བར་མཐོ ང ་༎ གནས་luགས་དོ ན ་gyི ་ [69B.2]sgrོ ་ འདོ ག ས་ལེ ག ས་པར་ བཅད༎ u་འuང་rdེ་འཆའ་བduད་rʦིའི་བcuད་ལེན་ལ༎ ལོ་བrgyད་བར་du་དཀའ་
spyད་sn་ཚ-གས་byས༎ byང་uབ་འདོད་པས་luས་srོག་ཐེད་ལ་བོར༎ ཟབ་མ8འB་ གདམས་[69B.3]པས་བདེ་sduག་ལམ་du་yེར༎ ས་གཞིའི་rི་stེང་ནམ་མཁའི་bl་ རེས་བrgyན༎ byིན་པའི་stན་གཏིང་ལག་ངར་rŋས་su་བcuག། འདོད་ཡོན་kuན་ spངས་sprང་བ8འB་ཆ་བzuང་stེ༎ ལང་ཚ*འ,་གཟི་[69B.4]འོད་དཀའ་spyད་drག་པོས་ བཅོམ༎ ཕ་yuལ་ཉེ་druང་བདེ་skyིད་blོས་spངས་ཏེ༎ byང་uབ་བsgruབ་yིར་བkrེས་ skོམ་sn་ཚ-གས་myོང་༎ sduག་བsŋལ་བཤད་ན་དgr་ཡང་མཆི་མ་འཆོར༎ གཞོན་པའི་ [69B.5]མེ་ཏོག་rgས་པའི་སད་kyིས་བཅོམ༎ srོད་kyི་ཁ་ཏོན་འདོན་དང་གསོལ་བ་ གདབ༎ ཉིན་yེད་sdེ་snོད་rgyuད་sdེ་kuན་ལ་བltས༎ yི་drོ་yག་དང་གཏོར་མ་ལ་ སོགས་byས༎ འཁོར་བའི་གནས་འདིར་ཁ8་བ:ས་[70A.1]ནོམ་པ་spyད༎ sŋོན་འgrོ་ skyབས་འgr8་སmམས་བskyེད་མwལ་uལ༎ དངོས་གཞི་སེམས་དཔའ་གsuམ་gyི་ཉམས་ ལེན་byས༎ rjེས་ལ་དམིགས་མེད་ཟབ་དང་rgy་ཆེར་བsŋོས༎ [70A.2]ཚj་uང་འདི་ ལ་stོང་ལོག་མ་byས་སོ༎ ཆོས་པའི་སོ་ནམ་ཡིན་པས་ཐོས་བསམ་byས༎ ཆོས་kyི་rʦ་ བ་ཡིན་པས་གནས་luགས་བsgོམས༎ ཆོས་ལ་འbrས་bu་དགོས་པས་smོན་ལམ་ བཏབ༎ sgོ་གsuམ་ཐ་མལ་ནམ་[70A.3]ཡང་མ་བཞག་གོ། ཐོག་མར་འཆི་བས་ འཇིགས་པས་bl་མ་བཙལ༎ བར་du་འཆི་rོད་དགོས་པས་ཉམས་ལེན་byས༎ ཐ་ མར་འཆི་rgyu་མེད་པས་ཉལ་ནས་བsdད༎ མི་rgན་ང་ཡི་ཉམས་ལེན་rnམ་ཐར་ཡིན༎ བདག་[70A.4]ལ་བsgོམས་དང་མ་བsgོམས་yད་མེད་ཅིང་༎ བདེ་sduག་skyེ་འཆིའི་ འdu་ཤེས་ཟད་gyuར་kyང་༎ གཞན་rnམས་blོ་sn་བrtuང་yིར་དབེན་པར་འgrོ། བདག་ ལ་སོམས་ལ་sgruབ་པ་མཛད་པར་u༎ ཞེས་སོགས་[70A.5]བslབ་by་ཞལ་ཐེམས་
kyི་ཡི་གེ་rkyང་འduར་དང་འབོབ་uང་གི་ཀ་བ་ལ་sbyར་ནས། དཔོན་slོབ་གཉིས་ནམ་ ལ་བuད་དེ། rgy་ནག་རི་བ8་rʦm་lŋར་ཐེགས་ནས་uགས་དམ་ལ་rʦེ་གཅིག་tu་བuགས། slོབ་མ་rnམས་kyིས་[70A.6]yོགས་kuན་tu་ཚ-ལ་du་yིན་པས་ལོ་མང་རབ་ན་rེད་ དེ། slོབ་མ་དbu་ཆེན་དང་དཔོན་ཆེ་བས། གདན་འdrེན་rt་བ་མང་པོ་rgy་ནག་ལ་ བrdzངས་ཏེ། རི་བ8་rʦm་lŋར་yིན། yེད་བོད་yuལ་du་མི་འbyོན་ན། ངེད་rnམས་[70B. 1]duས་གཅིག་ལ་lcེབ་པའི་མནའ་uལ་བས། uགས་rjེས་དགོངས་ནས་བོད་du་byོན། ལམ་rnམས་suའང་འgrོ་བ་དཔག་tu་མེད་པའི་དོན་མཛད། slར་rkyང་འduར་du་ཕེབས་པ་ན། དbuས་གཙང་ཁམས་གsuམ་[70B.2]gyི་ bu་slོབ་དཔག་tu་མེད་པ་འduས་ཏེ། klོག་པ་བ་rnམས་ལ་duས་འཁོར་གཙ*་བ¸ར་gyuར་ པའི་གuང་བཤད་དང་། spོང་བ་པ་rnམས་ལ་sbyོར་druག་གི་གདམས་པ་ལོ་druག་གི་ བར་du་གནང་བའི་མཐར། duས་འཁོར་[70B.3]ད་རེས་ལས་མི་བཤད་པས། su་ ཉན་འདོད་པ་ཤོག་གsuང་པའི་skད་yོགས་kuན་ལ་བཏང་བས། ཚ-གས་པ་rgy་མཚ-་lt་ bu་འduས་པ་ལ་དབང་rgyuད་འgrེ ལ ་མན་ངག་དང་བཅས་པ་rgyས་པར་གནང་stེ ་ rdzོགས་[70B.4]མ་ཐག ད་འདི་ནས་བདེ་བ་ཅན་du་skyེས་ནས་སངས་rgyས་kyི་ཞིང་ sbyོང་ཞིང་སེམས་ཅན་smིན་པར་byེད་གsuང་ཞིང་། ས་ག་zl་བའི་ཚjས་བcu་བཞིའི་ཐོ་ རངས་འཇའ་འོ ད ་དང་མེ ་ ཏོ ག ་གི ་ ཆར་འབབ་པ་སོ ག ས་ཆོ ་[70B.5]འruལ་sn་ ཚ-གས་དང་བཅས་པས་my་ངན་ལས་འདའ་བའི་uལ་བstན་ཏེ། གduང་ལ་འཇམ་ དཔལ་དང་། yག་rdོར་དང་། duས་འཁོར་gyི་sku་དང་རིང་བsrེལ་yuངས་འbru་lt་bu་ མང་du་byོན་ཏོ༎ ༎
ཆག་ལ8་རBན་ཆེན་ཆོས་rgyལ་gyིས་མཛད་པའི་དཔལ་མཆོག་གི་དང་པ8འB་སངས་rgyས་ kyི ་ sི ང ་པོ ་ duས་kyི ་ འཁོ ར ་ལ8 འB ་ བrgyuད་པ་རི ན ་པ8 ་ ཆm འི ་ rtོ ག ས་པ་བrjོ ད ་པ་དཔག་ བསམ་gyི་sེ་མ་ཞེས་by་བ་ལས་སོ།།
ཐོག་མར་དགེ་བ་klད། མཚན་byང་།
༄༅།། འཇམ་གསར་མས་མཛད་པའི་sbyོར་druག་གི་མན་ངག་rjེ་ བʦuན་rg་ལོས་uས་གtuགས་མཛད་པ་བuགས།
yག་འཚལ་དང་དམ་བཅའ།
བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ལོ།། རྒྱུད་སྡེ་ཀུན་ལས་གང་གསུངས་ཤིང་།། བླ་མའི་མན་ངག་མཆོག་གྱུར་པ།།
བསྐལ་པ་བྱེ་བར་རྙེད་དཀའི་དོན།། བདག་གི་རྙེད་ཕྱིར་འཐོར་བསྡུས་བྲི།།
བར་du་དགེ་བ་གuང་། རེ་ཤིག་རྒྱུད་སྡེ་ཐམས་ཅད་ཀྱི་དོན། ངེས་དོན་རྒྱལ་སྲས་ཐམས་ཅད་ཀྱིས་བཀྲལ་བ། བརྩོན་ འགྲུས་ཅན་ཚེ་གཅིག་ལ་སངས་རྒྱ་བའི་ལམ། བླ་མ་དམ་པའི་མན་ངག་ཐུན་མོང་མ་ཡིན་པ་འདིར་ བསྟན་པར་བྱའོ། །རེ་ཤིག་ལམ་འདི་ལ་འཇུག་དགོས་པ་དང་། ལམ་འདི་ཉམས་སུ་བླང་ཚུལ་དང་། ཉམས་སུ་བླངས་པའི་འབྲས་བུའོ། །
ལམ་འདི་ལ་འjuག་དགོས་པ།
དང་པོ་ནི། འབྲས་བུ་རྣམ་པ་ཐམས་ཅད་མཁྱེན་པའི་སངས་རྒྱས་དུས་ཀྱི་འཁོར་ལོ་དང་། དང་ པོ་སངས་རྒྱས་རྩ་འགྲེལ། འདི་དང་མཐུན་པ་ཁོ་ནས་འཐོབ་ཀྱི། བསྐྱེད་རིམ་ལ་སོགས་པ་དང་། རྒྱུད་གཞན་གྱི་སྒྲ་དང་། ཐད་པས་མི་ཐོབ་པར་བསྟན་ཏེ། རྡོ་རྗེའི་ཚིག་སྦས་ནས་བསྟན་པའི་ཕྱིར་ རོ། །དུས་འཁོར་ལས། རྒྱུད་རྒྱལ་ཀུན་དག་ལས་ཀྱང་རྡོ་རྗེ་ཅན་གྱི་རྡོ་རྗེའི་ཚིག་ནི་ངེས་སྦས་ཏེ། ། དང་པོའི་སངས་རྒྱས་ལས་ནི་མ་ལུས་མངོན་སུམ་སྲོག་ཆགས་ཐར་པའི་ཆེད་དུ་བརྗོད། །ཅེས་པ་ དང་། རྒྱུད་རྒྱལ་ཀུན་ཏུ་ངེས་པར་རྡོ་རྗེའི་ཚིག་ནི་རྣལ་འབྱོར་རྣམས་ལ་འདི་ཉིད་གསུངས། །བྱིས་པ་ རྣམས་ནི་སྨིན་པའི་དོན་དུ་མཆོག་གི་སྙིང་རྗེ་སྣ་ཚོགས་གཙོ་བོས་(རྒྱུད་གཞན་དུ་)སྦས། །དེ་ཕྱིར་(རྡོ་རྗེའི་
ཚིག་)དེ་ནི་ཕྱེ་(དུས་འཁོར་གསལ་བར་)སྟེ་ཉིན་མཚན་(དེ་ནས་འདི་)དུས་སུ་རྣལ་འབྱོར་པས་ནི་བསྒོམ་པར་བྱ།
།ཕྱག་རྒྱ་(ཆེན་པོའི་སིདྡྷི་)སྒྲུབ་པའི་དོན་དུ་རྒྱལ་བ་(མཆོག་གིས་)བསྐྱེད་མཛད་དུས་ཀྱི་འཁོར་ལོ་གཞོམ་ དུ་མེད། །ཅེས་པ་དང་། རྒྱལ་པོ་ཟླ་བཟང་ལག་པའི་པད་མོ་སྦྱར་བ་ཡན་ལག་མཆོག་གི་སྟེང་བཞག་ ནས། །དཔལ་ལྡན་དུས་འཁོར་རྣལ་འབྱོར་བརྩོད་ལྡན་དུས་སུ་མི་རྣམས་དགྲོལ་བའི་དོན་དུ་ཞུས། ། ཞེས་གསུངས་པ་དང་། ཐུབ་པའི་རིགས་ཀྱི་ཕྱག་འཚལ་བྲམ་ཟེའི་རིགས་བདག་ཞབས་ཀྱི་རྩ་བར་ ལྷགས། །སེམས་ཅན་ཐར་པའི་དོན་དུ་མ་ལུས་དུས་ཀྱི་འཁོར་ལོ་ས་ལ་གསལ་བར་བསྒྲགས་པར་ མཛད། །ཅེས་པ་དང་། པདྨ་ཅན་ལས། དེ་ལྟར་རྫོགས་པའི་རིམ་པ་ཡི། །སྦྱོར་བའི་ཡན་ལག་དྲུག་ གིས་ནི། །ཕྱག་རྒྱ་ཆེན་མོའི་དངོས་གྲུབ་ནི། །འགྲུབ་འགྱུར་བསྐྱེད་པའི་རིམ་པས་མིན། །དེ་བས་ རྣལ་འབྱོར་པ་ཡིས་ནི། །རྣམ་རྟོག་དྲ་བ་དོར་ནས་སུ། །རྟོག་མེད་སེམས་ནི་བསྒྲུབ་པར་བྱ། །ཞེས་པ་ དང་། དེ་ལྟར་རྣམ་དབྱེ་ཤེས་བྱས་ལ། །དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ། །གཞན་དུ་བསྐལ་པ་ བྱེ་བ་ཡིས། །སངས་རྒྱས་སྐྱོབ་པ་རྣམས་ཀྱིས་ཀྱང་། །བྱང་ཆུབ་མཆོག་ནི་ཞི་བ་དག །ངེས་པར་ འབྱུང་བར་མི་འགྱུར་རོ། །ཞེས་ཏེ། དེས་ཀྱང་མི་ཐོབ་ཅེས་པ་ནི་ལ་དོར་བའི་ཚིག་སྟེ་གཞན་གྱིས་ལྟ་ ཅི་སྨོས་ཤེས་པའི་དོན་ཏོ། །ཕྱག་ན་རྡོ་རྗེས་དགྱེས་རྡོར་འགྲེལ་པར། ཤེས་རབ་ཆེན་པོའི་ཡན་ལག་ དྲུག་གིས་དང་པོ་སོ་སོར་སྡུད་པ་ཞེས་དཔལ་དང་པོའི་སངས་རྒྱས་དང་། གསང་བ་འདུས་པ་ལ་ སོགས་ཐ་སྙད་བཏགས་པ་ཡིན་ལ། འབད་པ་ཐམས་ཅད་ཡོངས་སུ་དོར་བས་འགྲུབ་ཅེས་པར་དགོངས་ སོ། །དེ་ཁོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། ། འདི་མེད་བདག་མེད་མའོ། །འདི་ཉིད་ཧེ་རུ་ཀའོ། ། འདི་ཉིད་དུས་གསུམ་གྱི་སངས་རྒྱས་སོ། །འདི་ཉིད་སྲིད་པའི་རྒྱ་མཚོ་ལས་ཕ་རོལ་ཏུ་སྒྲོལ་བའོ། །འདི་ ཉིད་ཡི་གེ་མེད་པའི་མདོ་ཡིན་ནོ། །ཞེས་པ་སྟེ་ངེས་པའི་དོན་ཏོ། །བསམ་གཏན་ཉོན་མོངས་འཇིགས་བྱེད་ པ། །རྡོ་རྗེ་སྙིང་པོ་ང་ཡིས་བཤད། །བརྩེ་བས་དངོས་གྲུབ་དོན་དུ་ཡང་། །ཟླ་བ་ཕྱེད་དུ་ཡོངས་སུ་ རྟོགས། །བསམ་པ་ཐམས་ཅད་ཡོངས་སྤངས་ཏེ། །རྒྱུན་མི་འཆད་པར་ཉིན་མཚན་གཅིག །སྒོམ་པ་ ཡོངས་སུ་བརྟག་པར་གྱིས། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །འཁོར་བར་ཐབས་གཞན་ཡོད་ མ་ཡིན། །ཞེས་གསུངས་ལ། དུས་འཁོར་ལས། ཨཱ་དང་ཀཱ་སོགས་གང་གཅིག་རི་བོང་ཉི་མའི་ གདན་དེ་རྡོ་རྗེ་ཅན་ལ་མེད། །ཡི་གེ་ཧཱུཾ་གྱུར་མཚན་མ་མེད་ཅིང་ཁ་དོག་དབྱིབས་ལ་སོགས་པ་འདིར་ མི་བཞེད། །(ཨཱ་དང་ཀཱ་སོགས་གཅིག་འགྱུར་ཉི་ཟླ་དག་ནི་རྡོ་རྗེ་ཅན་ལ་མི་མངའ་སྟེ། ཁ་དོག་སེམས་ནི་འདོད་པ་མིན་པ་ཉིད། །)ཅེས་དང་།
།ཧཱུཾ་ཡིག་ཡོངས་གྱུར་མཚན་མ་གཞན་ཡང་
འགྲེལ་པར། སྣ་ཚོགས་རྣམ་རྟོག་ལ་སོགས་ལམ་གྱིས་
ནི། །བསྐྱེད་པའི་རིམ་པ་དག་ཏུ་གསུངས་པ་སྟེ། །ཧཱུཾ་ཕཊ་ཡི་གེ་ལ་སོགས་རྟོག་སྤངས་པ། །རྫོགས་ པའི་རིམ་པའི་རྣལ་འབྱོར་དེ་ཉིད་དེ། །དེ་ཉིད་ལས་ནི་བསྒྲུབ་པ་གཞན་དག་མེད། །དུ་བ་ལ་སོགས་ མཚན་མ་དག་དང་ནི། །དབུས་མ་འབབ་པ་སྲོག་དང་རྩོལ་བ་དང་། །རིག་པའི་བརྟུལ་ཞུགས་རྡོ་རྗེ་ ལྟུང་མིན་དང་། །དེ་བཞིན་སྟེང་དུ་དཀར་པོ་དག་དང་ནི། ། ལམ་འདི་གང་གི་རྣལ་འབྱོར་པ་ཡིས་ ནི། །སངས་རྒྱས་རྣམས་ཀྱི་བདེ་བ་ཐོབ་པར་འགྱུར། །ཞེས་དང་། གཟུགས་ལ་སོགས་པའི་རྟོག་པ་ རྣམས་དང་ནི། ། དཀྱིལ་འཁོར་འཁོར་ལོ་ལ་སོགས་སྒོམ་གོམས་པས། །འཇིག་རྟེན་པ་ཡི་དངོས་གྲུབ་ འགྲུབ་འགྱུར་གྱི། །གཞན་དུ་འདོད་པའི་དངོས་གྲུབ་ཆེན་པོ་མིན། ། ཞེས་དང་། ལས་ཀྱི་ཕྱག་རྒྱ་ཡོངས་ དོར་ཞིང་། །ཡེ་ཤེས་ཕྱག་རྒྱ་རྣམ་པར་སྤངས། ། ཕྱག་རྒྱ་ཆེ་ལ་ཡང་དག་སྐྱེས། །ཞེས་དང་། དམ་པ་ དང་པོའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་ཡོངས་སྤངས་ཏེ། །ཡེ་ཤེས་ཕྱག་རྒྱའང་དེ་བཞིན་བརྟག །ཡེ་ ཤེས་མཆོག་གི་སྦྱོར་བ་ཡིས། །ཕྱག་རྒྱ་ཆེན་པོ་བསྒོམ་པར་བྱ། །ཞེས་དང་། འདུས་པའི་རྒྱུད་ཕྱི་མ་ ལས། ཐུན་མོང་དངོས་གྲུབ་ཇི་ལྟ་བུ། །དེ་བཞིན་མཆོག་ཀྱང་ཇི་ལྟ་བུ། །ཞེས་ཞུས་པའི་ལན་དུ། བསྙེན་པའི་ཡན་ལག་བཞི་ཡིས་ནི། །ཐུན་མོང་དངོས་གྲུབ་བསྒྲུབ་པར་བྱ། །མཆོག་ལ་ཡེ་ཤེས་ བདུད་རྩི་ཉིད། །སྦྱོར་བ་དྲུག་གི་བྱ་བ་ཡིན། །ཞེས་དང་། བདེ་མཆོག་འབུམ་པ་ལས། འཇིག་རྟེན་ ཀུན་རྫོབ་བདེན་པ་ཡིས། །འཇིག་རྟེན་དངོས་གྲུབ་བསྒྲུབ་པའི་ཕྱིར། །སྔགས་བཟླས་དེ་བཞིན་ཆོ་ག་ དང་། །བརྟགས་པའི་བསྒོམ་པ་གསུངས་པ་ཡིན། །དོན་དམ་བདེན་པར་གསུངས་པ་ནི། །ཡེ་ཤེས་སྐུ་ ནི་བསྒྲུབ་པའི་ཕྱིར། །རྟོག་པ་ཐམས་ཅད་རྣམ་སྤངས་པའི། །སྒོམ་པ་དེ་བཞིན་གཤེགས་པས་ གསུངས། །ཞེས་གསུངས། དུས་འཁོར་ལས། སེམས་ཅན་དྲི་མ་དང་བཅས་ལས་ཀྱི་རྒྱ་དང་བརྟག་ པའི་ཡེ་ཤེས་ཕྱག་རྒྱ་སྤངས། །རྫོགས་པའི་བྱང་ཆུབ་རྒྱུ་རུ་མཆོག་གི་རྒྱལ་བ་བསྐྱེད་མ་ཕྱག་རྒྱ་ བཟང་མོ་བསྒོམ། །ཞེས་དང་། གསང་འདུས་ལས། གཞན་དུ་བསྐལ་པ་བྱེ་བ་ཡིས། །སངས་རྒྱས་ སྐྱོབ་པ་རྣམས་ཀྱིས་ནི། །དངོས་གྲུབ་མཆོག་ནི་ཞི་བ་དག །ངེས་པར་འབྱུང་བར་མི་འགྱུར་རོ། །ཞེས་ དང་། རྡོ་རྗེ་སྙིང་པོས། མཚམས་མེད་ལྔ་ནི་བྱེད་པ་དང་། །སྲོག་ཆགས་གསོད་ལ་དགའ་བ་དང་། །གཞན་ཡང་སྐྱེ་བ་དམན་པ་དང་། །རྨོངས་དང་མ་རུངས་ལས་བྱེད་དང་། །གཟུགས་ངན་ཡན་ལག་མ་ ཚང་བས། །བསྒོམས་ན་དེ་རྣམས་འགྲུབ་པར་འགྱུར། །ཞེས་དང་། གསང་འདུས་དང་། དུས་འཁོར་ གྱི་འགྲེལ་པར། རིགས་ངན་རྨིག་མ་མཁན་ལ་སོགས། །མཚམས་མེད་ལྔ་ནི་བྱེད་པས་ཀྱང་། ། སྔགས་ཀྱི་སྤྱོད་པ་རྗེས་སྤྱོད་པས། །སྐྱེ་བ་འདི་ལ་སངས་རྒྱས་འགྱུར། ། ཞེས་དང་། བདེ་མཆོག་རྩ་རྒྱུད་
ལས། དག་བྱེད་སྡིག་པ་འཇིགས་བྱེད་པ། ། སངས་རྒྱས་དེ་ཉིད་སྒྲུབ་པ་ནི། །སྔགས་བཟླས་པ་དང་ བསམ་གཏན་དང་། །བདེ་བས་ཀྱང་ཞེས་བྱ་བ་ལ། །ཞེས་སྦྱོར་བའི་ཡན་ལག་གསུམ་(འགྲེལ་པར་ཕྱག་ རྡོར་གྱིས་)གསུངས་ཏེ།
སྔགས་བཟླས་པ་ནི་རྡོ་རྗེའི་བཟླས་པ་འཛིན་པའོ། །བདེ་བ་ནི་ཏིང་ངེ་འཛིན་
ཏོ། །དེ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་པ་དེ་སངས་རྒྱས་ཉིད་དུ་འགྲུབ་པར་འགྱུར་རོ། །དེ་ལྟར་ ཡན་ལག་དྲུག་གི་སྦྱོར་བས་སྔགས་བཟླས་པ་དང་། བསམ་གཏན་དང་། བདེ་བ་དང་། སངས་ རྒྱས་ཉིད་དེ་དག་བྱེད་སྡིག་པ་དག་པར་བྱེད་པའི་མཆོག་རྣལ་འབྱོར་པ་ཚེ་འདི་ལ་འགྲུབ་སྟེ། བསྒྲུབ་ པར་བྱ་བ་དང་། སྒྲུབ་པར་བྱེད་པའི་ངེས་པ་བཅོམ་ལྡན་འདས་ཀྱིས་བསྟན་ཏོ་ཞེས་གསུངས་སོ། །
ལམ་འདི་ཉམས་su་blང་uལ།
གཉིས་པ་ལམ་འདི་ཉམས་སུ་བླང་བའི་ཚུལ་ལ་གཉིས་ཏེ། སྔོན་དུ་འགྲོ་བ་དང་། ལམ་ དངོས་སོ།།
sŋོན་འgrོ
རྣལ་འབྱོར་པ་ཚེ་འདིའི་ནོར་ཟས་དང་། བདེ་བ་དང་། གྲགས་སྙན་དང་། ཐུན་མོང་གི་ དངོས་གྲུབ་ལ་ལྟོས་པ་མེད་པ། རང་དོན་དུ་བྱང་ཆུབ་མི་འདོད་པ། སེམས་ཅན་ཐམས་ཅད་ལ་བུ་ གཅིག་པ་ལྟར་བལྟ་བའི་སྙིང་རྗེ་ཆེན་པོ་ཅན་བླ་མ་སངས་རྒྱས་སུ་མོས་ཤིང་། རྒྱུད་ལ་ཡིད་ཆེས་པ་
སེམས་བསྐྱེད་ནས་དབང་རྫོགས་པར་ཐོབ་པ་དེས་བསྒོམ་པར་བྱ་སྟེ། པདྨ་ཅན་ལས། རྒྱུ་དེ་བས་ན་ རྣལ་འབྱོར་པས། །མངོན་པར་དབང་ནི་ཐོབ་མ་ཐག །འཇིག་རྟེན་བྱ་བ་དོར་ནས་ནི། །གཉིས་མེད་ཡེ་ ཤེས་བསྒོམ་པར་བྱ། །ཞེས་གསུངས། འཁོར་དང་འབྲེལ་པ་ཐམས་ཅད་དོར་ནས་དབེན་པར་སྟན་ བདེ་བ་ལ་འདུག་སྟེ། བླ་མ་ཐམས་ཅད་འོད་ཀྱིས་བསྡུས་ལ་མི་བསྐྱོད་པའི་ངོ་བོར་སྤྱི་བོར་བསྒོམས་ ལ། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ལ། རྣམ་པ་ཐམས་ཅད་མཁྱེན་པའི་སངས་ རྒྱས་ལ་དགོད་པར་བྱའོ། །སྙམ་དུ་སེམས་བསྐྱེད་དོ། །དུས་ཀྱི་འཁོར་ལོ་སྐད་ཅིག་གིས་བསམས་ ཏེ། ༀ་ཨཱཿཧཱུཾ་ཧོཿཧཾ་ཀྵཿའི་ཡི་གེ་དཔྲལ་བ་དང་། མགྲིན་པ་དང་། སྙིང་ག་དང་། (ལྟེ་བ་དང་།)སྤྱི་ གཙུག་དང་། གསང་གནས་སུ་བསྒོམ་མོ། །
ལམ་དངོས།
གཉིས་པ་ལམ་དངོས་ནི། གསང་འདུས་ལས། དེ་ནས་ཕྱག་རྒྱ་ཆེན་མོ་ཡི། །དངོས་གྲུབ་ བསྒྲུབ་ཕྱིར་བསྒྲུབ་པ་ནི། །སྦྱོར་བའི་ཡན་ལག་དྲུག་པོ་ཡིས། །རྣལ་འབྱོར་པས་ནི་བསྒྲུབ་པར་ བྱ། །
ས8་ས:ར་spོང་བ།
དེ་ལ་དང་པོ་རྣལ་འབྱོར་པས། ། ལུས་ངག་སེམས་དང་(ཐིག་ལེ་)འཕོ་བ་ཡི། །བདེ་བ་ལྟོས་པ་མེད་ པར་ནི། །བྱས་ནས་སེམས་ནི་བསྒྲུབ་པར་བྱ། །དེ་ལ་ཁྱིམ་དུ་རྣལ་འབྱོར་པས། །ཡང་ན་ཕུག་གི་ གནས་སུ་ནི། །སོ་སོར་སྤོང་བའི་ཡན་ལག་གིས། །དུ་བ་ལ་སོགས་བསྒྲུབ་པར་བྱ། །སྣ་ཚོགས་ གཟུགས་ཀྱི་བར་དུ་ནི། །སོ་སོར་སྤོང་བ་བསྒོམ་པར་བྱ། །ཞེས་གསུངས་པས། ཐོག་མར་སོ་སོར་ སྤོང་བ་བསྒོམ་པར་བྱ་སྟེ། དེ་ཡང་སྦས་པ་མིག་འབྱེད་ལས། དེ་ལ་རྣལ་འབྱོར་པས་ཁྱིམ་ཆེན་པོ་འཕང་ མཐོ་བ་ཕྱོགས་ཐམས་ཅད་ཞལ་ཞལ་བྱས་པ། བུ་ག་རྟ་རྔ་ཙམ་ཡང་མི་ཤོང་པར་མཚམས་བསྡམས་ ལ་ཁྱིམ་ཆེན་པོས་ནང་དུ། མུན་པའི་ནམ་མཁའ་ལ་དངོས་པོ་ཐམས་ཅད་སྤངས་པ། ཞེན་པའི་སེམས་ ཕྲ་མོ་ཙམ་ཡང་ཡོངས་སུ་སྤངས་པ། མུན་པ་ལ་ཀུན་ནས་ཡོངས་སུ་དང་བ་ནི། རྣལ་འབྱོར་པ་དེ་ལ་ དང་པོ་དུ་བ་ལ་སོགས་པའི་རྟགས་ལྔ་འདུས་པའི་རྒྱུད་ཕྱི་མར་བཤད་དོ། །ཞེས་གསུངས་སོ།། མཚན་མོའི་རྣལ་འབྱོར་ནི། སྔོན་འགྲོ་རྣམས་ལ་སྟན་བདེ་བ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅས་ཏེ། མཐེ་ བོང་གཉིས། སྲིན་ལག་གི་རྩ་བར་བཞག་ནས། ཁུ་ཚུར་བསྡམས་ཏེ་བརླ་སྟེང་དུ་བཞག་གོ །(ཤེར་ ཕྱིན་ལས། སྤྱི་གཙུག་རྣམ་པར་ལྟ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ཡོད་དོ། །ཞེས་སོ། །གསང་འདུས་ལས། བསྙེན་དུས་གཙུག་ཏོར་ཆེན་ པོའི་གཟུགས་སུ་འབད་དེ་ལྟ་བར་བྱ། ། ཞེས་སོ། །)མིག་འབྱེད་ལས།
མིག་སྤྱི་གཙུག་ཏུ་བལྟས་ནས་ཁ་
གདངས་ཤིང་སྨིན་མ་བཏེག་ལ། ལུས་མི་བསྒུལ། མི་རྐྱང་བར་བྱའོ། ། དབུགས་སོར་བཞག་ ལ། རླུང་གཡས་ནས་རྒྱུ་མ་ཐག་བསྒོམ་མོ། །སེམས་ནི་ཅི་ཡང་མི་རྟོག་པར་བཞག་སྟེ། རྒྱུད་ཀྱི་ སྙིང་པོ་ལས། སོ་སོར་སྡུད་པ་ལ་སོགས་དྲུག་པོ་སྟོབས་བཅུའི་སྟོབས་དང་ལྡན་པས་སྟོང་ཉིད་ བསྒོམ་པར་གསུངས། །ཞེས་དང་། པདྨ་ཅན་ལས། སོ་སོར་སྤོང་བའི་སྒོམ་པ་ནི། །དངོས་མེད་ ནམ་མཁའ་ལ་ཡིན་ཏེ། །རྣམ་རྟོག་སྒོམ་པ་བྲལ་བའི་ཕྱིར། །སྒོམ་པ་དེ་ནི་བསྒོམ་པའོ། །དེས་ན་སོ་ སོར་སྤོང་བ་ཡི། །སྒོམ་པ་རྣམ་རྟོག་བསྒོམ་པ་མིན། །ཞེས་པ་དང་། ཤེར་ཕྱིན་ལས་ཀྱང་། བྱང་ཆུབ་ སེམས་དཔའ་ཤེར་ཕྱིན་ལ་སྤྱོད་པ་ཅི་ལ་ཡང་མི་གནས་སོ། །རྡོ་རྗེ་སྙིང་པོས། དང་པོ་རྟོག་མེད་རྒྱུ་ལས་ ནི། །རྟོག་མེད་འབྲས་བུར་འགྱུར་བ་སྟེ། །སྟོང་ཉིད་འབྲས་བུར་བརྟགས་པ་ཡིས། །ཐ་མར་སངས་ རྒྱས་པ་རྣམས་ལའོ། །ཞེས་གསུངས་སོ། །ཕྱག་རྡོར་དང་ཐུགས་རྗེ་ཆེན་པོ་འདི་ལ་མདོ་དྲངས་ཏེ། འཕགས་པ་རབ་འབྱོར་ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས་གང་ལ་རྣལ་འབྱོར་དུ་བྱ། རབ་འབྱོར་གྱིས་སྨྲས་པ། ཀོའུ་ཤི་ཀ །ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས། ནམ་མཁའ་
ལ་རྣལ་འབྱོར་དུ་བྱའོ། །ཀོའུ་ཤི་ཀ །ཤེར་ཕྱིན་ལ་རྣལ་འབྱོར་དུ་བྱེད་པར་འདོད་པས་བླ་གབ་མེད་པ་ ལ་རྣལ་འབྱོར་དུ་བྱའོ། །ཞེས་གསུངས་སོ། །གལ་ཏེ་ཤེར་ཕྱིན་ཕྱག་རྒྱ་ཆེན་པོ་ཅང་ཡིན་ནམ་ཞེ་ན་ ཡིན་ཏེ། རྣལ་འབྱོར་མའི་རྒྱུད་(དགྱེས་རྡོར་)ཕྱི་མ་དཔལ་ཕྱག་རྒྱ་ཆེན་པོའི་ཐེག་ལེ་ལས། སྦྱིན་པ་ཆོས་(ཀྱི་ ཕྱག་རྒྱ་)ཤེས་བསྟན་པ་སྟེ།
།ཚུལ་ཁྲིམས་ལས་ཤེས་དྲན་པའོ། །བཟོད་པ་དམ་ཚིག་ཅེས་སུ་བསྟན། །
བརྩོན་འགྲུས་ཏིང་འཛིན་ཤེས་པར་བྱ། །བསམ་གཏན་ཡེ་ཤེས་ཤེས་བྱར་དྲན། །ཤེས་རབ་ཅེས་བྱ་ ཕྱག་རྒྱ་ཆེ། །དོན་དམ་པར་ནི་ཤེས་པར་བྱ། །དེ་ཉིད་ལས། ལྟེ་བ་སྤྲུལ་པའི་པད་མ་ལས། །ལྷ་མོ་ གང་ཚེ་ཁྱོད་ཀྱི་གནས། །དེ་ཕྱིར་ཁྱོད་ནི་ཤེས་རབ་གྲགས། །ཞེས་དང་། དེ་ཕྱིར་ཕྱག་རྒྱ་ཆེ་ཁྱོད་ གྲགས། །ཞེས་དང་། ཐུགས་རྗེ་ཆེན་པོས་ཡེ་ཤེས་ལེའུར། ཕྱག་རྒྱ་ཆེན་པོ་ནི་ཆོས་ཐམས་ཅད་ཀྱི་ མཆོག་དང་ལྡན་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སངས་རྒྱས་བསྐྱེད་པར་མཛད་པ་སྟེ། ཞེས་ པ་དང་། པདྨ་ཅན་ལས། ཕྱག་རྒྱ་ཆེ་ཞེས་བྱ་བ་ནི། འདས་པ་དང་མ་བྱོན་པ་དང་། ད་ལྟར་བྱུང་བའི་ དེ་བཞིན་གཤེགས་པ་ཐམས་ཅད་བསྐྱེད་པར་མཛད་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་ལ། ཞེས་པ་དང་། ཕྱག་རྡོར་གྱིས། སོ་སོར་སྡུད་པ་དེ་ཁོ་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཤེར་ཕྱིན་ དང་དོན་མི་གཅིག་པར་འདོད་པ་ཤིན་ཏུ་འཁྲུལ་ཏེ། རྒྱལ་བ་འདས་དང་མ་བྱོན་ཕྱོགས་བཅུ་ད་ལྟར་ གྱི། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་པས། དེ་སངས་རྒྱས་ཀྱི་ལམ་དུ་མི་ འགྱུར་བའི་ཕྱིར་རོ། །དེ་ལྟར་བསྒོམས་པ་ལས་ས་ཆུ་མེ་རླུང་དབུ་མར་ཐིམ་པས་དུ་བ་ལ་སོགས་ པའི་རྟགས་འབྱུང་ངོ་། །དེ་ཡང་བཅོམ་ལྡན་འདས་ཀྱི་དམ་བཅའ་བ་མཛད་དེ། བསམ་པ་ཐམས་ཅད་ ཡོངས་དོར་དེ། །ཉི་མ་གཅིག་ནི་རྣམ་པར་བརྟག །དེ་ལ་རྟགས་ནི་མ་བྱུང་ན། །དེ་ལྟར་ང་ཡི་རྫུན་སྨྲས་ ཡིན། །དེ་ལ་དུ་བ་ལ་སོགས་ཀྱི། །མཚན་མ་ཡིད་ཆེས་ཡིན་འགྱུར་གྱི། །སྔགས་ལ་སོགས་པའི་མཚན་ མ་ནི། །ཉིན་མཚན་གཅིག་གིས་མ་ཡིན་ནོ། །དེ་ལ་རྣལ་འབྱོར་པ་ཡིས་ནི། །རང་གི་ཉམས་སུ་མྱོང་ འགྱུར་ཕྱིར། །སྔོན་དུ་དུ་བ་མཐོང་ཡིན་ཏེ། །དེ་ནས་སྨིག་རྒྱུ་ལ་སོགས་པའོ། །ཞེས་དང་། རྣལ་ འབྱོར་གསུམ་གྱི་སྙིང་པོ་གསལ་བ་ལས། དུ་བ་སྨིག་རྒྱུ་སྲིན་མེ་ཁྱེར། །མར་མེ་སེམས་ཀྱི་ནམ་ མཁའ་མཐོང་། །ཞེས་གསུངས་སོ། ། ཉིན་མོའི་སྦྱོར་བ་ནི། མིག་འབྱེད་ལས། ཉིན་མོའི་སྦྱོར་བ་ཞེས་བྱ་བ་ནི། སྔ་དྲོའི་ཉི་མ་ཤར་མ་ ཐག་སྤྲིན་མེད་པའི་ནམ་མཁའ་དྭངས་པ་ལས། ཉི་མ་ལ་རྒྱབ་ཀྱི་ཕྱོགས་ལ། ནུབ་ཏུ་ཁ་བལྟས་
བཟུང་བ་དང་འཛིན་པའི་སེམས་སྤངས་ནས་སྤྲིན་མེད་པའི་ནམ་མཁའ་དྭངས་ཤིང་གསལ་བ་དེ་ བཞིན་དུ་དངོས་པོ་ཐམས་ཅད་ནམ་མཁའ་བཞིན་དུ་དྭངས་ཤིང་གསལ་བའི་རང་བཞིན་ནོ། །ཞེས་ རྣལ་འབྱོར་པའི་བསམ་པའི་ཡུལ་སྔོན་དུ་དེ་ལྟར་ཡིན་ལ། ཕྱིས་ནས་བློས་དེ་ལྟར་མི་དཔྱད་པར་སོ་ སོར་བཞག་པར་བྱའོ། །དེ་ནས་ཉི་མ་གུང་ལ་བབ་པའི་དུས་སུ་ནི། ཁམས་སང་ཞིང་དམིགས་པར་ བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིག་ལ་ཉི་མ་ཕོག་པས་མིག་རབ་རིབ་ཅན་དུ་འགྱུར་ཞིང་། སྐྱོན་ཅན་དུ་ གྱུར་ནས་མིག་མི་གསལ་བར་འགྱུར་ཞིང་། དགེ་བའི་བར་ཆད་དུ་འགྱུར་རོ། །ཕྱི་དྲོ་ཡོལ་བར་གྱུར་ པ་དང་ཡང་རྒྱབ་ཀྱི་ཕྱོགས་ནས་ཁ་ཤར་ཕྱོགས་སུ་བལྟས་ལ་སྔ་མ་ལྟར་ཡང་ནམ་མཁའ་དེ་ཉིད་ལ་ དམིགས་པར་བྱའོ། །སྲོད་དང་ཐོ་རངས་ཅི་བདེ་བར་གནས་ཤིང་ཁ་ཐོན་དང་བཟླས་པ་དང་དམིགས་ པ་ལ་སོགས་པ་བྱ་བ་ཐམས་ཅད་སྤངས་ནས་རྣལ་འབྱོར་ཆེན་པོའི་ང་རྒྱལ་གྱི་གནས་པར་བྱའོ། །དེ་ ལྟར་བསྒོམས་ན་སྐུ་སྟོང་པ་ཉིད་རྣམ་པར་མི་རྟོག་པ་རྟོགས་ཤིང་འགྲུབ་པར་འགྱུར། ཞེས་གསུངས་སོ། །སྙིང་པོ་གསལ་བ་ལས། ཆུ་འཛིན་དང་ནི་བྲལ་བ་ཡི། །ནམ་མཁའ་དྭངས་པར་གྱུར་པ་ལས། །སྔ་དྲོ་ཉི་ མ་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ནོ། །ཉི་ཕྱེད་མིག་ལ་གནོད་ཕྱིར་ཡང་། །ཉིན་མཚན་གྱི་ རྟགས་དེ་དག་ཀྱང་། །མིག་འབྱེད་ལས། དང་པོ་ནི་རྟགས་དུ་བ་ཡིན་ལ། རྣལ་འབྱོར་པས་བསྒོམས་ པས་མཚན་མོ་གཅིག་ལས་འབྱུང་བར་འགྱུར་རོ། །ཕྱི་ནས་སྨིག་རྒྱུ་ལ་སོགས་པ་འབྱུང་བར་འགྱུར་རོ། ། ཞེས་གསུངས་སོ། །པདྨ་ཅན་ལས། སྔོན་དུ་དུ་བ་མཐོང་ཡིན་ཏེ། །དེ་ནས་སྨིག་རྒྱུ་ལ་སོགས་པའོ། ། ཞེས་སོ། །མཚན་བརྗོད་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ(སྤྲིན་ མེད་པའི་ནམ་མཁའ་ལ་འབར་བ་མཐོང་བའོ)། སྣང་བའོ)།
། འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་འོད་ཟེར་ལྷང་ངེ་བ(ཟླ་བ་
།འགྲོ་བའི་མར་མེ་(ནི་ཉི་མར་སྣང་བའོ་)ཡེ་ཤེས་(གཞན་སྣང་)སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་
བ(དམར་བ་འཁྱུག་པ་མྱུར་བ་སྣང་ཞིང་མི་རྟག་པ་མཆོག་གི་ཆ་དེ་གློག་གོ)། །རིག་པའི་རྒྱལ་པོ་གསང་སྔགས་ མཆོག(ཐེག་ལེ་ཁ་དོག་ལྔར་སྣང་བ་ཤིན་ཏུ་ཕྲ་བ་དང་།
སངས་རྒྱས་ཀྱི་སྐུ་སྣང་དེ་སྣ་ཚོགས་གཟུགས་ཤེས་སོ)།
གསང་སྔགས་
རྒྱལ་པོ་དོན་ཆེན་བྱེད། །ཅེས་ཉིན་མོའི་རྟགས་གསུངས་སོ། །དུས་འཁོར་ལས། ནམ་མཁར་ཀུན་ཞེན་ སེམས་ཀྱི་མིག་མི་འཛུམ་པས་རྡོ་རྗེ་ལམ་ལ་(དབུ་མར་རླུང་)ཞུགས་རྣམས་ཀྱིས། །སྟོང་པ་དུ་བ་སྨིག་ རྒྱུ་མཁའ་གསལ་དྲི་མ་མེད་དང་མེ་ཁྱེར་མར་མེ་ཉིད། །འབར་དང་ཉི་ཟླ་རྡོ་རྗེ་ཡང་(སྒྲ་གཅན་)སྟེ་ མཆོག་གི་(གློག་)ཆ་དང་གང་ཞིག་ཐིག་ལེར་མཐོང་། །དེ་དབུས་(ཐིག་ལེ་)སངས་རྒྱས་གཟུགས་བརྙན་ (རྡུལ་ཕྲན་མེད་པས་)ཡུལ་དང་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ(གཞོམ་དུ་མེད་པའི་སྒྲ་ཐོས)། །རྣལ་
འབྱོར་རྩེ་གཅིག་པ་ཡི་ནམ་མཁའ་སྤྲིན་བྲལ་ལ་ནི་ཁེངས་པའི་ལྟ་བས་བལྟ་བར་བྱ(སྟེ་མཐོང་ངོ་)། ། ཐིག་ལེའི་དབུས་སུ་རེ་ཁཱ་ནག་པོ་དྲི་མེད་གསལ་བའི་འོད་ཟེར་དུས་ཀྱི་རྩ་རུ་མཐོང་(ཨ་ཝ་དྷཱུ་ཏཱིའི་ནང་དུ)། ། (ཤའི་མིག་གིས་)དེ་ལ་རྣམ་པ་ཐམས་ཅད་མཁྱེན་པའི་གཟུགས་ནི་ཆུ་ནང་ཉི་མ་རྙོག་བྲལ་སྣ་ཚོགས་
མདོག(ལ་སོགས་པའི་སྤྱན་གྱིས་གཞན་གྱི་སེམས་ལ་སོགས་པ་མཐོང་ངོ་།)། རྣམ་པ་ཀུན་མཆོག་ཡུལ་བྲལ་བདག་ གི་སེམས་ཏེ་གཞན་གྱི་སེམས་ནི་མིན་པ་ཉིད། །ཅེས་སོ། །དེ་ཡང་མི་རྟོག་པ་བསྒོམས་པས་རྟགས་ འབྱུང་གི་རྟོག་པ་བསྒོམས་པས་ནི་མ་ཡིན་ནོ། ། ཞེས་པ་རྟགས་ལ་རེ་བ་ཙམ་ཡང་མི་བྱའོ། ། འབྲས་བུ་ནི། སྔགས་ཀུན་གྱི་བྱིན་གྱིས་བརློབ་ཅིང་ཚིག་གི་མཆོག་སྟེར་ཏེ། རྒྱུད་ལས། སོ་ སོར་སྤོང་བས་ཡུལ་དང་བྲལ་ཏེ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་རློབ། །ཅེས་དང་། སྙིང་པོ་ གསལ་བ་ལས། སོ་སོར་སྡུད་པ་སྙོམས་འཇུག་པས། །སྔགས་རྣམས་ཐམས་ཅད་བྱིན་གྱིས་རློབ། ། ཅེས་དང་། མིག་འབྱེད་ལས། དེའི་ཚེ་རྣལ་འབྱོར་པ་ལ་སྔགས་ཐམས་ཅད་ཀྱི་བྱིན་གྱིས་རློབ་པའི་ ཚིག་གི་མཆོག་སྟེར་ཞེས་བྱ་བ་ནི་ངག་གི་སྨྲ་བ་ཐམས་ཅད་བཙུན་པ་དང་། ཅི་སྨྲས་པ་ཀུན་ཡང་སེམས་ ཅན་ཀུན་ལ་སྙན་པར་འགྱུར་རོ། །ལོངས་སྤྱོད་དང་ཡོ་བྱད་ཐམས་ཅད་འཕེལ་བར་འགྱུར་རོ། །ཞེས་དང་། པདྨ་ཅན་ལས། སྣ་ཚོགས་གཟུགས་ཀྱི་བར་དུ་ནི། །སོ་སོར་སྤོང་བ་བསྒོམ་པར་བྱ། །ཉི་ཚེ་བ་ཡི་ཕུང་པོ་ རྣམས། །དང་པོ་འགག་པར་འགྱུར་བ་སྟེ། །དེ་ལ་ཡེ་ཤེས་ཕུང་པོ་ནི། །དང་པོ་རེ་ཞིག་དག་པར་ འགྱུར། །དེ་ཡི་དབང་གི་རྣལ་འབྱོར་པས། །ཚིག་གི་མཆོག་སོགས་སྟེར་བར་འགྱུར། །ཡང་དུས་ གསུམ་མེ་ལོང་གི་པྲ་ལྟར་མིག་གི་མཐོང་བར་འགྱུར་ཏེ། པདྨ་ཅན་ལས། དེ་ནས་སྟོང་ཉིད་གཟུགས་དེ་ ནི། །ཁམས་གསུམ་པ་ཡི་བདག་ཉིད་མཐོང་། །འདས་དང་མ་འོངས་ད་ལྟར་གྱི། །དངོས་པོ་མ་ བརྟགས་མཐོང་ཕྱིར་རོ། །ཞེས་གསུངས་སོ། །
བསམ་གཏན།
གཉིས་པ་བསམ་གཏན་ནི། ངོ་བོ་དང་། ཕྱག་རྒྱ་དང་། ལྟ་སྟངས་ནི། སོ་སོར་སྤོང་བ་དང་མཐུན་ ནོ། །དམིགས་པའི་ཡུལ་སངས་རྒྱས་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་ཡིན། འབྲས་བུ་མངོན་ ཤེས་ལྔ་འཆར་ཏེ། རྩ་རྒྱུད་ལས། བསམ་གཏན་སྦྱོར་བ་དག་པ་ཡིས། །མངོན་པར་ཤེས་པ་ལྔ་པོ་ནི། །མཐོང་བར་འགྱུར་རོ་མི་ཡི་བདག །ཅེས་དང་། དུས་འཁོར་ལས། བསམ་གཏན་སྦྱོར་བ་དག་པས་ མངོན་ཤེས་ལྔ་ཐོབ་པར་འགྱུར་རོ། །མིའི་བདག་པོ་ཀྱེ་ཞེས་པ་དང་། པདྨ་ཅན་ལས། དེ་ལྟར་ཡན་ ལག་གཉིས་ཀྱིས་ནི། །སྣ་ཚོགས་གཟུགས་ནི་བརྟན་པོར་འགྱུར། །དེ་ཚེ་རྣལ་འབྱོར་པ་ལ་ནི། ། མངོན་ཤེས་ལྔ་ནི་སྐྱེ་བར་འགྱུར། །ཞེས་བཤད་དོ། །སྙིང་པོ་གསལ་བ་ལས་ཀྱང་། བསམ་གཏན་ལྔ་ བརྟན་པས་མངོན་ཤེས་ལྔ་ཐོབ་མིའི་བདག་ཅེས་བཤད་དོ། །
srོག་rʦོལ།
གསུམ་པ་སྲོག་རྩོལ་གྱི་ངོ་བོ་གོང་དང་མཐུན། ཕྱག་རྒྱ་ནི་མཐེ་བོང་ནང་དུ་བཅུག་ལ། རྡོ་རྗེ་ཁུ་ ཚུར་སྙིང་ཁར་བསྣོལ་བའོ། །ལྟ་སྟངས་ནི། ཉེ་བར་བསྒྲུབ་པའི་དུས་སུ་ནི། བདུད་རྩི་འཁྱིལ་པ་ཡི་ནི་ གཟུགས། །ཞེས་གསང་འདུས་ལས་གསུངས་པས། བདུད་རྩི་ཐིག་ལེའོ། །དེ་སྨིན་མཚམས་སུ་ འཁྱིལ་བས་དེར་བལྟའོ། །ཡན་ལག་གཡས་ནས་དགུག །གཡོན་ནས་དགང་། རླུང་ནར་དེ་ཐོན་ལ་ ཐུབ་ཚད་བསྡམས་མ་ཐུབ་ན་དལ་བུས་བཏང་ངོ་། །དེ་འབྱོངས་ན་རྟིང་པ་གཡས་པས་འོག་སྒོ་ དགག། བརླ་གཡས་པ་དང་བྱིན་པའི་བར་དུ་རྡོ་རྗེ་གཞུག །རོ་སྟོད་གཡས་སུ་གཡོ་བར་བྱས་ལ། ལག་པ་གཡས་པ་སྟན་ལ་བརྟེན། གཡོན་པའི་མཐེ་བོང་དང་མཛུབ་མོས་རྩེ་ཆུང་གཡས་གཡོན་བསྡམ། འབྲས་བུ་ནི། གཡས་གཡོན་ནས་མི་རྒྱུ་བར་དབུས་སུ་གནས་ཤིང་སངས་རྒྱས་དང་བྱང་ཆུབ་ སེམས་དཔའ་བསྟོད་ཅིང་ལུང་སྟོན་ཏེ། རྒྱུད་ལས། སྲོག་རྩོལ་གྱི་(ཉི་ཟླའི་ལམ་དང་བྲལ་བས་)སངས་རྒྱས་ དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་དང་། པདྨ་ཅན་ལས། དེ་ནས་སྲོག་དང་རྩོལ་བ་
ཡིས། །འབྱུང་བ་དང་ནི་གང་བ་གཉིས། །དོར་ནས་བུམ་པར་བྱེད་པ་ཡིན། །དབུ་མར་རྣལ་འབྱོར་པ་ ཡིས་བྱ། །སྲོག་རྩོལ་བ་ཡི་དག་གྱུར་ན། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྟོད། །ཅེས་ གསུངས་སོ། །དུས་དང་དུས་མ་ཡིན་པར་བསྟན་པར་བྱ་སྟེ། དུས་མ་ཡིན་པ་ནི་ཁ་ཅིག་གིས། ལས་ དང་པོ་པས་རླུང་བསྒོམ་པར་བྱེད་དེ། དེ་ནི་ཞིང་གཅིག་ལ་ཆུ་དགོས་པ་ལ་ཡུར་བ་དང་ཝོལ་ཀ་མ་བསལ་ ཞིང་ཕྲག་ང་གཉིས་ལ་ཆུ་འབེབས་པ་ལྟར། རྩ་སྟོང་ཕྲག་ང་གཉིས་ལས་དབུ་མ་སྟེང་འོག་གཉིས་ཀ་ ཁ་བཙུམ་པ་དེར་འཇུག་པར་མི་འགྱུར་རོ། ། སྒོམ་དུས་ནི་སྟོང་པ་ཉིད་ཀྱི་གཟུགས་སྣ་ཚོགས་ཤེས་པ་མཐོང་ནས་འོངས་པ་ཡིན་ཏེ། ཡན་ ལག་དང་པོ་གཉིས་ཀྱིས་དབུ་མའི་ལམ་ཕྱེ་ཟིན་བསྒོམས་མ་ཐག་དབུ་མར་གནས་པའི་ཕྱིར་རོ། །རྩ་ རྒྱུད་ལས། གཟུགས་མཐོང་དེ་ཡི་འོག་ཏུ་ནི། །སྟེང་དང་འོག་དང་རྩ་གསུམ་ལས། །ལུས་ངག་སེམས་ ནི་དགག་པའི་ཕྱིར། །རྒྱུན་མི་འཆད་པར་སྲོག་རྩོལ་བྱ། །ཞེས་སོ། །པདྨ་ཅན་ལས། དབུ་མར་སྲོག་ ནི་ཞུགས་ནས་སུ། །ས་སོགས་དཀྱིལ་འཁོར་བཅུ་པོ་ནི། །གཡས་པ་དང་ནི་གཡོན་པ་ཡི། །རྩ་ལ་ རྟག་ཏུ་དགག་པར་བྱ། །ལམ་གཉིས་འབྱུང་འཇུག་རྫོགས་ནས་སུ། །ས་སོགས་དཀྱིལ་འཁོར་བཅུ་ཡི་ ཕྱིར། །སྲོག་རྩོལ་རྣམ་པ་བཅུ་པའོ། །དེ་ཡང་འགྲོ་དང་འོང་བའི་ཕྱིར། །རྣམ་པ་བཅུ་རུ་ཤེས་པར་ བྱ། ། ཞེས་སོ། །རྒྱུད་ལས། གཟུགས་བརྙན་མཐོང་ནས་ཉིན་མཚན་རེ་རེའི་དུས་སུ་སྲོག་གི་རླུང་ནི་ དགག་པར་བྱ། །ཟླ་བ་དྲུག་གི་རེག་པ་དང་བྲལ་བདེ་མཉམ་འགྱུར་ཏེ་ལམ་སེམས་བརྩོན་ལྡན་ རྣམས་ཀྱིའོ། །ཞེས་དང་། དེ་ཉིད་ལས། སྟོང་པར་དུ་བ་ལ་སོགས་བླ་མ་ལ་ངེས་དབང་གི་གཟུགས་ བརྙན་མཐའ་རུ་བསྒོམ་པར་བྱ། །དེ་ནས་རྩ་བའི་འཁོར་ལོ་ལ་ནི་སྲོག་དང་ཐུར་སེལ་རླུང་ཡང་བསྟན་ པར་བྱ། །དེ་ནས་ཟླ་བའི་འགོག་སྟེ་གཟའ་སྦྱིན་བྱེད་དེ་རྣལ་འབྱོར་པས། །དེ་ནས་ཅུང་ཟད་གང་ འདོད་ཉིན་མཚན་ཅུང་ཟད་ཀྱི་ནི་སྐྱེ་བ་འདི་རུ་ཐོབ། །ཅེས་དང་། སྙིང་པོ་གསལ་བ་ལས། སྐུ་མཐོང་ ནས་ནི་ཉིན་རེ་ཡི། །དུས་སུ་སྲོག་གི་རླུང་རྣམས་ནི། །རྣལ་འབྱོར་ཐར་པ་འདོད་པ་ཡིས། །བུམ་པའི་ སྦྱོར་བས་དགག་པར་བྱ། །ཞེས་སོ། །རླུང་མི་སྒོམ་པར་ཤོལ་བའི་དུས་གཞན་མེད་ཀྱང་འདིར་ བསྟན་པ། །སྲོག་འཇུག་རབ་བྱ་སྙིང་ག་སྤྱི་གཙུག་དེ་བཞིན་ཇི་སྲིད་མེ་ཡིས་ན་བར་འགྱུར། །དེ་སྟེང་ བརྒྱལ་བར་འགྱུར་ཞིང་པདྨ་མཆོག་ཏུ་བཟུང་པའམ་སྟོབས་ཀྱིས་ནི། །གཙུག་ཏོར་ཕུག་ནས་ཕུང་པོ་ དང་ནི་ཁམས་རྣམས་སྤངས་ཏེ་འཆི་བ་རུ་ནི་འགྱུར། །ཕྱག་རྒྱའི་སྦྱོར་བ་ཉམས་ཤིང་བདེ་བའི་འབྲས་
མི་སྟེར་བ་མི་རྣམས་སྐྱེ་བ་འདི་ཉིད་ལ། །ཞེས་དང་། མིག་འབྱེད་ལས། དབུགས་ཤིན་ཏུ་གསང་ བའམ་སྣ་རྩེའམ་ལྟེ་བ་སྤྲུལ་པའི་འཁོར་ལོར་ཅིག་ཆར་བསྡམས་ཤིང་མི་རྒྱུ་བར་བྱས་ནས་ནི་སྲོག་གི་ རླུང་ཡར་དུ་འགྲོ་བ་མེད་དེ་ལྟེ་བར་བརྒྱལ་བར་སྲོག་གཞན་དུ་མི་རྒྱུ་བར་ཨ་ཝ་དྷཱུ་ཏཱིར་ཞུགས་ནས་ ཚངས་པའི་བུ་ག་ནས་བྱུང་ནས་རྣལ་འབྱོར་པའི་ལུས་དོར་མགོ་བཀས་ཏེ་འཆི་བའི་དུས་བྱེད་པར་ འགྱུར་རོ། །མགོ་བོ་ན་བར་མི་བྱེད་པ་དེ་སྲིད་དུ་རྣལ་འབྱོར་པས་བྱའོ། །ཤེས་པ་ལ་འགལ་མེའི་ འཁོར་ལོ་བསྐོར་བའི་སྣང་བ(ནི་ལུས་ལ་འོད་ཀྱི་འཁོར་ལོ་བསྐོར་བ)། མཐོང་བ་ན་སྤང་བ་ཞེས་བྱ་བའི་དོན་ ཏོ། །གཞན་དུ་ན་དུས་མ་ཡིན་པར་འཆི་བར་འགྱུར་རོ། །རྒྱུད་ལས་ཀྱང་། སྲོག་འཇུག་ཀུན་ཏུ་བདེ་ མཉམ་འབྲས་བུ་སྟེར་བ་སྤྱི་བོ་ཡི་ནི་བར་དུ་འདོད། །དེ་ནས་སྟོང་གི་ཕུང་པོ་ཉམས་པའི་རྒྱུ་སྟེ་འཆི་ བའི་འཇིགས་བྱེད་མི་འདོད་པ། །གཙུག་ཏོར་ཕུག་སྟེ་བགྲོད་ན་བདེ་བའི་གོ་འཕང་ལ་ནི་ངེས་པར་ སྦྱོར་བར་བྱེད། །ཕུང་པོ་མེད་ཀྱང་རྣལ་འབྱོར་བདེ་མཉམ་འགྲོ་སྟེ་འོན་ཀྱང་འཇིག་རྟེན་པ་རྣམས་ དཔྱད། །ཅེས་དང་། སྙིང་པོ་གསལ་བ་ལས། ཇི་སྲིད་ད་ནི་འཁོར་བཞིན་མང་། །རང་གི་ལུས་ལ་ ཡོངས་བསྐོར་བ། །འོད་ཟེར་འཁོར་ལོ་མཐོང་གྱུར་ཏེ། །སྔོན་གསུང་སྐུ་ལ་རང་གི་ཡིན། །དེས་ནི་ཟླ་ དྲུག་རེག་སྤངས་བདེ། །ཞེས་སོ། །
འཛsན་པ།
འཛིན་པ་ནི། ངོ་བོ། ཕྱག་རྒྱ། ལྟ་སྟངས་གསུམ། སོ་སོར་སྤོང་བ་དང་མཐུན། སྟེང་དུ་སྲོག་གི་ རླུང་འཛིན་པས་འོག་ཏུ་ཐུར་སེལ་གྱི་རླུང་ཟིན། དཔེར་ན། རིལ་བ་ཞབས་ཚགས་ཅན་དང་འདྲ་ གསུང་། སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བར་འཐབས་པས་ཙན་དྷ་ལིའི་མེ་འབར་བས་རི་རབ་ཙམ་ གྱི་ཟས་ཟ། རྒྱ་མཚོ་ཙམ་གྱི་སྐོམ་འཐུངས་ཀྱང་དྲི་ཆེན་དྲི་ཆུ་མི་འཕོ། སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ ཆེ། །བྱ་བ་ཡིན་གསུང་།
འབྲས་བུ་ནི། རྒྱུད་ལས། འཛིན་པའི་སྟོབས་ཀྱི་ཉོན་མོངས་པ་བཅོམ་ཞིང་སྟོབས་རྣམས་བཅུ་ པོ་འཇུག །ཅེས་པ་དང་། མིག་འབྱེད་ལས། ཉོན་མོངས་ལ་སོགས་བདུད་འཇོམས་ཤིང་། །སྟོབས་ སོགས་ལ་ནི་འཇུག་པར་བྱ། །ཞེས་སོ། །ས་བཅུ་ཐོབ་པས་སྟོབས་བཅུ་ཐོབ་པ་ནི། འཛིན་པ་ལས་ ཐོབ་པར་འགྱུར་རོ། །པདྨ་ཅན་ལས། གཟུང་བ་དང་ནི་འཛིན་པའི་སེམས། །སྟོང་ཉིད་གཟུགས་ལ་ འཇུག་འགྱུར་ན། །བདུད་དང་ཉོན་མོངས་རང་བཞིན་ནི། །རྣལ་འབྱོར་པས་ནི་ཉམས་པར་བྱེད། ། ཅེས་སོ། །
rjེས་drན།
རྗེས་དྲན་གྱི་མཚན་གྱི་དོན་ནི། ལྟོགས་ན་ཟས། སྐོམ་ན་འཐུང་བ་དང་འདྲ་བར། དེ་བཞིན་དུ་ འཛིན་པ་ཐོབ་ནས་ཕྱག་རྒྱ་དྲན་པས་ན་རྗེས་སུ་དྲན་པའོ། །ངོ་བོ་གོང་དང་མཐུན། ཕྱག་རྒྱ་རིག་མ་ལ་ འཁྱུད་པའི་ཕྱག་རྒྱ། ལྟ་སྟངས་ནི། བསྒྲུབ་པའི་ལས་དང་ལྷའི་སྦྱོར་བས་སོ། ། ཡན་ལག་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་གསུམ་ལས། སྤྲོས་བཅས་ཀྱི་སྤྱོད་པ་ ནི་ཕྱག་རྒྱ་རི་རབ་ཀྱི་རྡུལ་དང་མཉམ་པ་བསྟེན། སྤྲོས་མེད་ནི་དཀྱིལ་འཁོར་གྱི་ལྷ་གྲངས་དང་མཉམ་ པའི་རིག་མ་བསྟེན། ཤིན་ཏུ་སྤྲོས་པ་མེད་པ་ནི་དང་པོ་ནས་ཚངས་པར་སྤྱོད་པ་ལ་གནས་པའོ། །དཔེ་ ལ་སྦྱར་བ་ནི། ཤིང་བལ་མེས་བསྲེག་པ་དང་། ཤིང་ལོ་མེས་བསྲེགས་པ་དང་། སྡོང་པོ་མེས་ བསྲེགས་པའོ། །དབྱེ་བ་ནི། འཁྲིག་པའི་གནས་སྐབས་བཅུ། འབྲས་བུ་ནི། ལུས་ལ་འོད་ཟེར་ལྔ་འབྱུང་བ་ཡིན་ཏེ། རྗེས་དྲན་དག་པས་འོད་ཀྱི་དཀྱིལ་འཁོར་ ཡང་ནི་ཡེ་ཤེས་གཟུགས་ལས་སོ། །ཞེས་དང་། པདྨ་ཅན་ལས། རྟོག་པ་ཐམས་ཅད་བྲལ་བ་ཉིད། །
སེམས་ཀྱི་གཟུགས་ལས་འཁྱུད་གྱུར་ནས། །དེ་ཚེ་ལུས་ལ་རྣལ་འབྱོར་པས། །འོད་ཟེར་ཁ་དོག་ལྔ་ པར་འཕྲོ། །ཞེས་ནི་པདྨ་ཅན་ལས་གསུངས།
ཏིང་ངེ་འཛsན།
ཏིང་ངེ་འཛིན་གྱི་ངོ་བོ་གོང་དང་མཐུན། ལྟ་སྟངས་ནི། གསང་འདུས་ལས། སྒྲུབ་པ་ཆེན་པོའི་ དུས་སུ་ནི། །སངས་རྒྱས་གཙོ་བོ་བདག་པོ་ཡི། །གཟུགས་སུ་འབད་དེ་བལྟ་བར་བྱ། །ཞེས་པས་རྣམ་ སྣང་བཞིན་ནོ། ། འབྲས་བུ་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་གཉིས་སུ་མེད་པའི་ཡེ་ཤེས་རྣམ་པ་ཐམས་ཅད་ མཁྱེན་པ་ཡིན་ཏེ། དེ་ནས་གཟུང་དང་འཛིན་པ་ཡི། །སེམས་ནི་གཅིག་པ་ཉིད་འགྱུར་ན། །མཆོག་ཏུ་ མི་འགྱུར་བདེ་བ་ནི། །རྣལ་འབྱོར་པ་ལ་སྐྱེ་བར་འགྱུར། །ཏིང་ངེ་འཛིན་གྱིས་དག་གྱུར་ན། །ལོ་ གསུམ་དང་ནི་ཕྱོགས་གསུམ་གྱིས། །དབང་བཅུ་ལ་སོགས་དང་ལྡན་པའི། །རྣལ་འབྱོར་པ་ནི་སྐྱེ་བར་ འགྱུར། །ཞེས་དང་། ཏིང་ངེ་འཛིན་དག་པས་ལུས་ངག་ཡིད་ཡེ་ཤེས་དྲི་མ་མེད་པར་བྱས་པ་ཡིན་ཏེ་ རྣལ་འབྱོར་པས་ཞག་གཅིག་གམ་ཟླ་བ་གཅིག་གམ་གསུམ་མམ་དྲུག་གམ་ལོ་གཅིག་གམ། ཐ་ན་ ལོ་གསུམ་ཕྱོགས་གསུམ་གྱིས་ཡེ་ཤེས་ཀྱི་ལུས་འགྲུབ་སྟེ། མཆོག་གི་དངོས་གྲུབ་སྟེར་བར་ འགྱུར་ཏེ། འབྲས་བུ་ས་བཅུ་དང་མཚུངས་པར་འགྱུར་རོ། །དེ་བཞིན་དུ་དོན་ཁྱད་པར་ཅན་ཉམས་སུ་ མྱོང་བས་ས་བཅུ་གཅིག་ཐུན་མོང་གི་ས་ཐོབ་པར་འགྱུར་ཞིང་ཡེ་ཤེས་ཀྱི་སྒྲིབ་པ་སྤངས་པས་བཅུ་ གཉིས་པ་རྡོ་རྗེ་འཆང་གི་ས་ཐོབ་པའི་ཏིང་ངེ་འཛིན་གྱི་འབྲས་བུའོ། །སྙིང་པོ་གསལ་བ་ལས། ཏིང་ འཛིན་བདེ་ཆེན་རྣལ་འབྱོར་ལས། །སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཆུ་སྲིན་ལ་སོགས་ཁྱིམ་
རྣམས་སུ། །མ་རིག་ལ་སོགས་ལུགས་བཟློག་པས། །ས་ནི་བཅུ་གཉིས་ཐོབ་འགྱུར་ཏེ། །རྟོག་པ་ མེད་པའི་ཆོས་ཅན་ལས། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །ཞེས་གསུངས་སོ། །
ཉམས་su་blང་བའི་འbrས་bu།
གསུམ་པ་ཉམས་སུ་བླང་བའི་འབྲས་བུ་ནི། བཅོམ་ལྡན་སྐུ་ནི་བསོད་ནམས་ཡེ་ཤེས་ཀྱིས་སྤྲུལ་རྟག་ པར་གདུལ་དཀའི་སེམས་ཅན་ལ། །གཟུགས་ནི་འཇིགས་བྱེད་འཇིགས་སུ་རུང་བ་དྲེགས་པ་དག་ དང་བྲལ་བར་སྐྱེ་བོ་མཁས་པས་མཐོང་། །གསུང་ནི་སེམས་ཅན་མོས་པའི་བསམ་པའི་དབང་གིས་ ཐོབ་པའི་མཆོག་ཏུ་གྱུར་པ་ཡི། །ཐམས་ཅད་སྒྲ་ཡི་སྐད་ཀྱིས་དམ་པའི་ལམ་ནི་ཡང་དག་སྟོན་མཛད་དེ་ ལ་ཕྱག་འཚལ་ལོ། །རྣམ་པ་སྐུ་མཆོག་ལྡན་པ་ཡི། །སྤྲུལ་པའི་སྐུ་ཡི་མཚན་ཉིད་དེ། །སེམས་ཅན་ མོས་པ་སྣ་ཚོགས་པས། །རང་རང་གིས་ནི་ངོ་བོས་མཐོང་། །སེམས་ཅན་ཐམས་ཅད་སྒྲ་ཡིས་ནི། ། སེམས་ཅན་བསམ་པའི་དབང་གིས་སུ། །གང་ཞིག་རྫུ་འཕྲུལ་བདག་ཉིད་སྟོན། །ལོངས་སྤྱོད་རྫོགས་ སྐུའི་བདག་ཉིད་དོ། །མི་རྟག་མ་ཡིན་རྟག་པའང་མིན། །གཅིག་མིན་དུ་མའི་མཚན་ཉིད་མིན། །འདི་ ནི་དངོས་མིན་དངོས་མེད་མིན། །རྟེན་དང་བྲལ་བ་ཆོས་ཀྱི་སྐུ། །སྟོང་ཉིད་སྙིང་རྗེ་དབྱེར་མེད་པ། ། ཆགས་དང་ཆགས་བྲལ་རྣམ་སྤངས་ཉིད། །གང་ཞིག་ཐབས་མིན་ཤེས་རབ་མིན། ། གཞན་ནི་ངོ་བོ་ ཉིད་ཀྱི་སྐུ། །ཞི་བའི་སྐུ་བཞིའི་བདག་ཉིད་ནི། །དུས་ཀྱི་འཁོར་ལོ་འདི་རུ་བརྗོད། །ཅེས་པའི་སྐུ་བཞིའི་ བརྩོན་འགྲུས་དང་ལྡན་པ་ལ་སྐྱེ་བ་འདི་ཉིད་ལ་ཐོབ་པར་གསུངས་སོ།།
ཐ་མར་དགེ་བ་མjuག
མཛད་byང་།
སྦྱོར་དྲུག་གི་མན་ངག་རྫོགས་སོ།། སཱ་དྷུ་སཱ་དྷུ། འདི་ནི་བདག་ཅག་གི་བླ་མ་འཇམ་པའི་ དབྱངས་ཀྱི་མཚན་ཅན། འཇམ་པའི་དབྱངས་བསྒྲུབས་པས། འཇམ་པའི་དབྱངས་ཞལ་གཟིགས་ཤིང་། རྒྱུད་འགྲེལ་ལས་ངེས་དོན་རྣམས་བསྡུས་ཤིང་། མཚམས་སྦྱོར་གྱི་ཚིག་ཙམ་ཞིག་གིས་བླ་མའི་ མན་ངག་དང་མཐུན་པར། མན་ངག་ཏུ་བསྡེབས་པ་འདི་ནི་ཤིང་ཕོ་རྟའི་ལོ་ལ་བྲིས་པ་མེ་བན་གྱིས་ ཞུས་ཤིང་གཏུགས་པ་འདི་ནི་སླད་ཀྱི་ས་སྤྲེའི་ལོ་ལ་དགེ་བཤེས་གཞན་གྱིས་ཞུས་ཤིང་དག་པར་ གཏུགས་སོ།། །།གཅིག་ཞུས།འདིའི་མ་དཔེ་ནི་འབྲས་གནས་བཅུའི་དཔེ་རྙིང་། ༼ཕྱི་ཀ༢༧༥༽ ལགས།
དཔར་byང་smོན་ཚsག rnམ་grོལ་ཞི་བའི་rgy་མཚ-ར་རོ་གཅིག་tu།། གཞོལ་བའི་མཐའ་ཡས་ཆོས་uལ་དལ་འབབ་kluང༌།། ཚsག་གི་གཟེགས་མ་རེས་kyང་duག་གsuམ་gyི།། drི་མ་ཡོངས་འruད་ལེགས་བཤད་བduད་rʦི་འདི།། དཔར་du་བskruན་པའི་rnམ་དཀར་uང་པ8འB་མuས།། ཡང་དག་ཆོས་kyི་sg8་མ8་st:ང་rག་བrgy།། གདངས་ཏེ་rgyuད་lŋའི་འgrོ་བ་མ་luས་པ།། ངེས་ལེགས་ནོར་buའི་མཛ-ད་ལ་དབང་འbyོར་ཤོག། ཅེས་འཛམ་glིང་ཡངས་པའི་yོན་ལ་འཚj་མེད་ཞི་བའི་ལམ་stོན་rnམ་འdrེན་aky་སེང་གེའི་རིང་ luགས་sgོ་kuན་ནས་rgyས་པ་སོགས་འrལ་yuན་ལེགས་ཚ-གས་du་མའི་ཆེད་du་དམིགས་ནས། ནང་བstན་gruབ་མཐའ་རིས་མེད་kyི་གsuང་རབ་rnམས་དཔར་du་བskruན་དང་བskruན་འgyuར་གང་
ལ་འང་sbyར་ཆོག་པའི་དགེ་བsŋ8འB་smོན་ཚsག་tu་akyའི་དགེ་sbyོང་ཆོས་smr་བ་ངག་དབང་blོ་བཟང་ བstན་འཛsན་rgy་མཚ-ས་sbyར་བའོ།།