བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། (སྟོད་ཆ།)

Page 1

བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་ སྲིད་མི་སྣ་ངོ་སྤྲོད། སྟོད་ཆ། རྩོམ་པ་པོ། རེ་མདོ་སེངྒེ། ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས།
རྩོམ་པ་པོ། རེ་མདོ་སེངྒེ། ཞུ་དག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། དཔར་ཐེངས་དང་པོ། ༢༠༢༠ དེབ་གྲངས། ༡༠༠༠ དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ bodyiglobjong.com ནས་ལྟ་ཀློག་ དང་ཕབ་ལེན་བྱེད་ཐུབ། Special Acknowledgement Funded by:DANIDA through CICED ལོ་རྒྱུས་ཀྱི་འདོད་ཚུལ་ཁག་རྩོམ་པ་པོའ་དགོངས་པ་ཡིན་པ་ ལས་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།

DEPARTMENT OF EDUCATION

Central Tibetan Administration

Cable: SHERIG

Phone: +91-1892-222572/222721

Fax: +91-1892-223481

Email: Education@tibet.net Web: www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད། ༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་ བྱུང་བ་དང་། ཕྱི་ནང་གི་དཀའ་ཚེགས་རབ་དང་རིམ་པར་གདོང་ལེན་བྱེད་དགོས་བྱུང་ བའི་བརྒྱུད་རིམ་ཁྲོད། ཕྱི་ལོ་ ༡༩༦༠ ལོར་ཤེས་རིག་ལས་ཁུངས་ཆེད་འཛུགས་ཀྱིས། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་དང་། གནའ་དེང་ཟུང་འབྲེལ་ གྱི་ཤེས་ཡོན་སྤྲོད་སྤེལ་ཆེད། བསླབ་གཞི་སྒྱུར་བཟོ་དང་སློབ་དེབ་པར་སྐྲུན་སོགས་གང་ ཐུབ་ཞུས། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ གཏན་ལ་ཕབ་ཅིང་། ཕྱི་ལོ་ ༢༠༡༠ ནས་བཟུང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ དང་མཐུན་པའི་སྔོན་འགྲོ་དང་། གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་རྩ་ འཛིན་གཏན་འབེབས་དང་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་ ཁག་ཏུ་ལག་བསྟར་རིམ་པར་ཞུས། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཙོས་རང་རིགས་ ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་ གཏོང་སླད་ལོ་ལྟར་སྒྲུང་དེབ་དང་ཀློག་དེབ་སྣ་ཚོགས་འདོན་སྤེལ་ཞུ་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་ཀིརྟི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་ དཔོན་རེ་མདོ་སེངྒེ་ལགས་ཀྱིས། <<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའ་ཞབས་རྗེས་
འཚོལ་བ།>> ཞེས་པའི་དེབ་ཕྲེང་བཅུ་སྔ་ཕྱིར་དཔར་འགྲེམས་ཞུས་པར། ཀློག་པ་པོ་ མང་དག་ཅིག་ལ་ཕན་ཐོགས་གང་ལེགས་བྱུང་ཡོད། ད་ལན་སླར་ཡང་འདི་ལས་ནས་ འབོད་སྐུལ་ཞུས་པ་ལྟར། <<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པའི་དེབ་ཕྲེང་གསུམ་རྩོམ་འབྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་ མ་དང་འདྲ། ཡབ་མེས་ཀྱི་ཆེ་དགེའི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་ འདྲ། ཞེས་གསུངས་པ་བཞིན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་ན་བོད་མི་རིགས་ ཀྱི་བདེན་དོན་རྩོད་ལེན་བྱ་ཐབས་མེད་པས། རང་རིགས་བློ་གསར་གཞོན་ནུ་རྣམས་ ཀྱིས་ངེས་པར་དུ་བོད་ཀྱི་ལོ་རྒྱུས་ལྟ་ཀློག་བྱེད་པ་དང་། སྔོན་བྱོན་ཡབ་མེས་རྣམས་ ཀྱི་མཛད་བཟང་ལ་སློབ་སྦྱོང་བྱས་ཏེ། རིགས་དང་མཐུན་པའི་ལས་བརྩམ་རྒྱུར་སྤྲོ་སྣང་ དང་སྙིང་སྟོབས་ཆེར་བསྐྱེད་གནང་དགོས། དེབ་ཕྲེང་གསུམ་པོ་འདི་དག་གི་བརྗོད་བྱ་ནི་དངོས་བྱུང་མི་སྣའི་ལོ་རྒྱུས་ཤ་སྟག་ ཡིན་ནའང་། རྗོད་བྱེད་ནི་ལོ་རྒྱུས་དེབ་ཐེར་འབྲི་ཐབས་ཀྱི་རྒྱ་ལས་བརྒལ་ཏེ། གཙོ་བོ་ ན་ཆུང་བློ་གསར་རྣམས་ལ་གོ་བདེ་ཡོང་ཆེད་གཏམ་རྒྱུད་ཀྱི་ལམ་ནས་བྲིས་ཡོད་པས། ཀློག་བདེ་བ་དང་ནང་དོན་རྟོགས་སླ་བའི་ཐུན་མིན་ཁྱད་ཆོས་ལྡན་ཡོད་ན། རྒྱ་ཆེའི་ ཀློག་པ་པོ་རྣམས་ལ་ཕན་རླབས་ཆེན་པོ་འབྱུང་ངེས་ཡིན། འདིར་བཀོད་མི་སྣ་རྣམས་ ཀྱི་ལོ་རྒྱུས་གནད་ཆེ་གང་ཐུབ་ཟུར་འདོན་གནང་ཐབས་ཞུས་འདུག་མོད། ད་དུང་ཡང་ ཆད་ལྷག་དང་ནོར་འཛོལ་འབྱུང་བ་ཡོད་སྲིད་ན། ལེགས་སྤེལ་ཉེས་འགོག་གི་དགོངས་ འཆར་ཇི་ཡོད་འདི་ལས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ ཉིན། ཤེས་རིག་ལས་ཁུངས་ནས།
V དཀར་ཆག ཆེད་བརྗོད།........................................................................................................ III གླེང་བརྗོད། ....................................................................................................... VII དང་པོ། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ངོ་སྤྲོད། ............................................................... 1 ཆོས་ལུགས་གསར་པ་ནང་འདྲེན་མཛད་པ། ................................................................ 3 གསར་བརྗེའི་སྙིང་སྟོབས། .................................................................................... 10 གཉན་པོ་གསང་བར་མཆོད་ཅིང་བཀུར་བ། .............................................................. 16 མི་ཪབས་ཕྱི་མ་ཚོར་ཕན་ཐོགས་ཅན་གྱི་ཞལ་གདམས་མཛད། 23 སྨན་གཞུང་དང་དཔྱད་ཀྱི་ལག་ཐབས་དར་སྤེལ། ....................................................... 29 གཉིས་པ། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན། བཙན་པོ་གནམ་རི་སྲོང་བཙན་གྱི་ངོ་སྤྲོད།................................................................ 39 ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་པ། 41 བོད་ཁམས་གཅིག་གྱུར་དང་མངའ་ཐང་རྒྱ་སྐྱེད། ........................................................ 47 སྨན་རྩིས་ཀྱི་རིག་གནས་དར་སྤེལ། ........................................................................ 53 བྱང་ནས་ཚྭའི་གཏེར་ཁ་ཕྱེ་བ། ............................................................................... 58
VI དམངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། ................................................. 64 རང་གི་སྐུ་སྲོག་རྒྱལ་ཁབ་ཀྱི་དོན་དུ་དོར་བ། 68 གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ། བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའ་ངོ་སྤྲོད།...................................................... 75 ཤེས་རབ་ཀློང་དུ་བརྡོལ་བའི་རྒྱལ་སྲས། ................................................................. 78 བོད་ཁམས་གཅིག་གྱུར་གྱི་རྨང་གཞི་སྲ་བརྟན་མཛད། ............................................... 82 བོད་ཀྱི་མངའ་ཐང་རྒྱ་སྐྱེད། 86 བོད་ཀྱི་རྒྱལ་ས་ལྷ་སར་སྤོས། ................................................................................ 92 ཐོན་མི་རྒྱ་གར་དུ་སློབ་སྦྱོང་ལ་བཏང་བ། .................................................................. 97 ཐོན་མིས་བོད་ཀྱི་ཡིག་སྲོལ་གསར་གཏོད་མཛད་པ། ............................................... 102 ཆོས་ལུགས་དང་རིག་གནས་ནང་འདྲེན། 107 བཙན་པོས་ཤེས་ཡོན་ཅན་གོང་དུ་བཀུར་བ། ........................................................... 113 རྒྱ་བལ་གྱི་སྲས་མོ་ཁབ་ཏུ་བསུས་པ། .................................................................... 118 རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་སྲོལ་བཟང། ......................................................... 124 ཐུགས་རྗེ་ཆེ་ཞུ། ................................................................................................ 129
VII གླེང་བརྗོད། ༄༅། །<<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པ། སྟོད་ཆ་དང། བར་ཆ། སྨད་ཆ་གསུམ་གྱི་བདག་ཉིད་དུ་བསྐྲུན་པའི་ཀློག་དེབ་ འདི་དག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ ལྟར། འདས་པའི་ལོ་ཤས་ཀྱི་དུས་ཚོད་སྟོང་པ་དག་གི་ནང་དུ་རྩོམ་འབྲི་བྱས་ པ་ཞིག་ཡིན། ཀློག་དེབ་འདི་དག་གི་དམིགས་ས་གཙོ་བོ་ནི། བོད་ཀྱི་གཞི་ རིམ་སློབ་གྲྭའི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་ཕྲུག་རྣམས་ཡིན་ལ། བོད་ཕྱི་ ནང་གཉིས་ཀར་བོད་ཀྱི་བསམ་སྤྱོད་དང་གོམས་གཤིས། སེམས་ཁམས་ བཅས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་ཀློག་དེབ་འདང་ངེས་ཤིག་མེད་པའི་ སྟོང་ཆ་སྐོང་བའི་དོན་དུ་ཡང་ཡིན། ཀློག་དེབ་འདི་དག་འབྲི་བའི་སྐབས་སུ་བརྡ་ཆད་རེ་རེ་བ་དང། དེ་དག་ སྦྲེལ་བའི་ཚིག་གི་བརྗོད་པ། ནང་དོན་གྱི་བསམ་བློ། བྱུང་བ་འགོད་ལུགས་ བཅས་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་དང་རྩོམ་གཤིས་དབང་བཙན་པ་ མ་བྱས་པར། ཅི་ཐུབ་གང་ཐུབ་ཀྱིས་ཆེད་དུ་དམིགས་སའི་གཞི་རིམ་བར་མ་ དང། གཞི་རིམ་གོང་མའི་ན་གཞོན་སློབ་ཕྲུག་དག་གི་ཤེས་ཡོན་གྱི་གནས་ ཚད་དང་འཚམས་པོ་ཡོང་བར་འབད་བརྩོན་བྱས་ཡོད།
VIII ཀློག་དེབ་འདི་དག་གིས་ཀློག་པ་པོའ་སྐད་ཡིག་གི་གནས་ཚད་ཡར་ རྒྱས་འགྲོ་བར་ཤ གས་རྐྱེན་ངེས་ཅན་འདོན་ཐུབ་པའི་ཐོག བོད་ཀྱི་ལོ་རྒྱུས་ ཐོག་བྱུང་བའི་ཆོས་སྲིད་རིག་གནས་དང་བཅས་པའི་གནས་སྟངས་མང་པོ་ ཞིག་དང། མིག་ལྟོས་འོས་པའི་མི་སྣ་གྲགས་ཅན་མང་པོ་ཞིག་གི་མི་ཚེའི་ བྱུང་རིམ། ཁོང་རྣམ་པས་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐད་ལ་དགོངས་ པ་བཞེས་ཚུལ། འགལ་རྐྱེན་དང་དཀའ་ཁག་རིགས་ལ་གདོང་ལེན་ཇི་ལྟར་ མཛད་པ། ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་ཅི་ཞིག་མཛད་ཀྱང་ཡ་རབས་སྤྱོད་ བཟང་གི་རྒྱ་ལས་མ་བརྒལ་ཞིང། ལྷག་བསམ་དང་རྣམ་དཔྱོད་ཡ་མ་བྲལ་ བ་སྐུ་ཚེའི་ཉམས་ལེན་གྱི་མཐིལ་དུ་མཛད་པ་བཅས་ཀྱི་རྣམ་ཐར་རྟོགས་ཐུབ་ ཅིང། མིག་དཔེར་འོས་པའི་མཛད་སྤྱོད་འདི་དག་ཀློག་དེབ་འདིའི་བརྗོད་ བྱའི་སྙིང་དོན་ཡིན་ལ། དགོས་པ་ནི་ཀློག་པ་པོའ་སྐད་ཡིག་གི་གནས་ཚད་ མཐོར་འདེགས་དང། གཤིས་རྒྱུད་ལ་བསམ་བློ་དང་བཟང་པོའ་ཀུན་སྤྱོད་དེ་ དག་གམ་དེ་དག་དང་རྗེས་སུ་མཐུན་པའི་དཔལ་ཡོན་ཚད་ལྡན་ཞིག་འབྱོར་ ཐུབ་པ་དེ་ཡིན། ཀློག་དེབ་འདི་དག་ཏུ་སྔ་མོའ་བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་བཅུ་ འདེམས་སྒྲུག་བྱས་པ་རྣམས་ཀྱི་སྐུ་ཚེའི་བྱུང་རིམ་ཡོངས་རྫོགས་འདོར་ལེན་ མེད་པར་སྟར་ཆགས་སུ་བསྒྲིགས་པ་ལྟ་བུ་ཞིག་མ་ཡིན་པར། གཏམ་བརྗོད་ ཟློས་གར་གྱི་རྩོམ་ཐབས་སྤྱད་ནས་མི་ཚེའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་ དམིགས་བསལ་བ་དང། ཤ གས་རྐྱེན་ཆེ་ཞིང་བག་ཆགས་ཟབ་པ། ཆབ་ སྲིད་ཀྱི་བསམ་བློའ་འཁྱེར་ཕྱོགས་དང་ཕྱག་ལས་གནང་སྟངས། རྒྱལ་ཁབ་
IX དང་མི་རིགས་ཀྱ ་དབུ་ཁྲིད་ཁྱད་པར་བ་ཞིག་ཏུ་ཇི་ལྟར་གྱུར་པའི་ཁྱད་ཆོས་ རྣམས་རྩལ་འདོན་བྱས་པ་དང་མཉམ་དུ། མི་སྣ་དེ་དང་དེའི་སྐབས་ཀྱི་བོད་ ཀྱི་ཆབ་སྲིད་དང། ཆོས་ལུགས། སྤྱི་ཚོགས། ཤེས་ཡོན། རིག་གཞུང་གི་ གནས་སྟངས་བཅས་ཕྱོགས་མང་པོ་ནས་མཚོན་ཐབས་བྱས་ཡོད། མི་སྣ་གྲགས་ཅན་འདི་དག་གི་གཞི་རྩའི་བྱུང་བ་དག་ནི། ཡོངས་གྲགས་ ཚད་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ལ་གཞི་བཅོལ་ནས་བྲིས་ཡོད་པས་ ཡིད་རྟོན་བྱེད་རུང་བ་ཞིག་ཡིན་ཡང། རྩོམ་གྱི་ཚིག་བརྗོད་དང་ནང་དོན་ལ་ གསོན་ཉམས་འདོན་ཐབས་དང། ཀློག་པ་པོས་མི་སྣ་དེ་དང་དེའི་སྣང་བརྙན་ གསོན་ཉམས་དོད་པོར་མཇལ་ཐུབ་པའི་དོན་དུ། ཀློག་དེབ་འདི་དག་གི་ཐོག་ མཐའ་བར་གསུམ་གྱི་མི་སྣའི་གཏམ་བརྗོད་དང། གཤིས་སྤྱོད་ཀྱི་རྣམ་འགྱུར་ མང་པོ་ཞིག་རྩོམ་པ་པོས་བཅོས་སྒྲིག་བྱས་ཤིང། མི་སྣ་དེ་དང་དེའི་མི་ཚེའི་ བྱས་པ་དང་གྲུབ་འབྲས་ལ་གཞིགས་ཏེ། འབྱུང་སྲིད་པའི་གནད་དོན་འགའ་ ཤས་ཀྱང་རྩོམ་པ་པོའ་འཆར་སྣང་ལྟར་སྣོན་འབྲི་བྱས་ཡོད། འོན་ཀྱང་བོད་ཀྱི་དེ་སྔའི་རྣམ་ཐར་དང་ལོ་རྒྱུས་ཀྱི་བསྟན་བཅོས་མང་ ཆེ་བར་རྩོམ་ཐབས་འདི་རིགས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་པས། ཚིག་བརྗོད་ དང་རྩོམ་ཐབས། མི་སྣ་འབྲི་བཞེངས་བྱེད་སྟངས་སོགས་གང་ཅིའི་ཐད་ནས་ འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཡང། རྒྱུ་ཆ་འཐུས་སྒོ་ཚང་བ་ཞིག་ ཡོད་མེད་ལྟ་བུའི་གནས་ཚུལ་ལ་ཁ་གཡར་ཏེ། སྟོང་ཆར་ལྷག་པའི་དགོས་ མཁོ་འདི་རིགས་ལ་ཛ་དྲག་གིས་ཁ་སྐོང་བྱེད་མ་ཐུབ་ན། མི་སྒེར་པ་ཞིག་ གི་ཐོག་གནམ་རྡིབ་པ་ལྟ་བུའི་གོད་ཆག་འབྱུང་མི་སྲིད་པ་གསལ་པོར་ཤེས་
X ཀྱང། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་སྤྱི་རྟ་སྒལ་རལ་གྱི་ངང་ཚུལ་ དུ་འགྱུར་ཉེན་ཆེ་བར་མ་ཟད། ལོ་རྒྱུས་དང་དུས་ཚོད་ཀྱི་འགྱུར་བས་ང་ཚོ་ ལ་ནམ་ཡང་ངང་སྒུག་བྱེད་མི་སྲིད་ལ། ཉམས་རྒུད་ནས་རྩ་བརླག་ཏུ་འགྲོ་ བཞིན་པའི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་ནི། ཉིན་རེ་ནས་ ཉིན་རེར་ཛ་དྲག་གི་ངང་ཚུལ་དུ་འགྱུར་བཞིན་པར་བློས་བཟོད་པ་ཞིག་མིན་ པས། བོད་མི་རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་སྐད་ཡིག་རྒྱུན་གནས་ཐུབ་ པ་དང། ཡབ་མེས་གོང་མ་རྣམས་ནས་བརྒྱུད་པའི་བསམ་བློ་དང་ཡ་རབས་ བཟང་སྤྱོད་ཀྱི་གོམས་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་དག ཡུལ་ གྲུ་སྣ་ཚོགས་སུ་ཁ་ཐོར་ནས་ཡོད་པའི་བོད་ཀྱི་ན་གཞོན་ཚོའི་གཤིས་རྒྱུད་ ལ་དར་སྤེལ་རྒྱུན་གནས་ཡོང་བའི་ཆ་རྐྱེན་དུ་གྱུར་ན་སྙམ་པའི་ལྷག་བསམ་ གྱིས། སྒེར་པའི་སློབ་སྦྱོང་དང་ངལ་གསོའ་དུས་ཚོད་མང་པོ་ཞིག་ཀློག་དེབ་ འདི་དག་གི་ཆེད་དུ་ཕངས་སེམས་མེད་པར་བཏང་བའི་ཁུལ་ཡིན། ཀློག་དེབ་འདི་དག་ཏུ་བཀོད་པའི་ཡབ་མེས་ཁོང་རྣམས་ཀྱིས་དུས་ སྐབས་སོ་སོའ་ལོ་རྒྱུས་ནང་བོད་ཀྱི་སྐད་ཡིག་དང། ཆོས་ལུགས། ཆབ་ སྲིད། འཛིན་སྐྱོང། སྒྱུ་རྩལ་རིག་གནས་སོགས་ཀྱི་གནས་བབ་ཕུན་སུམ་ ཇེ་ཚོགས་དང། འཐུས་སྒོ་ཇེ་ཚང་དུ་ཇི་ལྟར་བཏང་བའི་ལོ་རྒྱུས་ཀྱི་ཁྲོད་ ནས་ཀློག་པ་པོ་རྣམས་ལ་མ་འོངས་པའི་ལམ་བུ་གསར་པ་དང། བྱེད་ཐབས་ དམིགས་བསལ་བ་བཅས་ཀྱི་མིག་ལྟོས་བཟང་པོ་རྙེད་ངེས་པ་ཡིན་པས། ཁྱེད་རྣམས་ཀྱི་ཆེད་དུ་བསྐྲུན་པའི་ཀློག་དེབ་འདི་ཁྱེད་རྣམས་ཀྱིས་དོན་དང་ ལྡན་པར་ལོངས་སྤྱོད་པར་ཞུ།
XI མཐའ་མར་ཞུ་འདོད་པ་ནི། ཁོ་བོ་སྒྱུ་རྩལ་རྩོམ་རིག་པ་ཞིག་མིན་ལ། བྱིས་པའི་ཀློག་དེབ་དང་གཏམ་བརྗོད་ཟློས་གར་འབྲི་བའི་ཉམས་མྱོང་དང། སློབ་སྦྱོང་དམིགས་བསལ་བ་ཡོད་མཁན་ཞིག་དེ་བས་ཀྱང་མིན་པས། སྒྱུ་ རྩལ་རྩོམ་རིག་གི་གནས་ཚད་ཀྱི་ཐད་ནས་བལྟས་ན། ཀློག་དེབ་འདི་དག་ གི་ཐོག་མཐའ་བར་གསུམ་ལ་ཚིག་དོན་གཉིས་ཐད་ནས་སྐྱོན་ཆ་ཇི་སྙེད་ཅིག་ བྱུང་ཡོད་ངེས་པས། གཟུར་གནས་རྣམ་དཔྱོད་ལྡན་པ་ཚོས་དགོངས་འཆར་ ལྷུག་བརྗོད་ཡོང་བའི་རེ་བ་ཞུ། ཕྱི་ལོ་ ༢༠༡༩ ལོའ་ཟླ་ ༨ ཚེས་ ༨ སྟེ། རེས་ གཟའ་ཕུར་བུའི་ཉིན་རྩོམ་པ་པོ་རེ་མདོ་སེངྒེས་ཡུ་རོབ་བྷེལ་ཇེམ་རྒྱལ་ཁབ་ ཀྱི་གྲོང་ཁྱེར་ཨེན་ཁྲོ་ཕེན་ནས་བྲིས་པ་དགེའོ།། །།
དང་པོ། བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན།
1 བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ངོ་སྤྲོད། ༄༅། །བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནི། ཕྱི་ལོའ་དུས་རབས་ གསུམ་པའི་ནང་ཡབ་ཁྲི་རྗེ་ཐོག་བཙན་དང། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་ ན་མོ་ཚོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། རྣོ་ཟ་མང་དགར་བྱ་བ་བཙུན་མོར་ བཞེས་པར་སྲས་ཁྲི་གཉན་བཟུང་བཙན་འཁྲུངས། དུས་སྐབས་དེ་ནི་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ནས། ཆོས་ལུགས་དང་ རིག་གནས་ཀྱི་འགྱུར་བ་ཆེ་བའི་བར་བརྒལ་གྱི་དུས་སྐབས་ཤིག་ཡིན་པས། རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྲིད་དབང་ལ་ཡང་བརྟན་ལྷིང་མེད་པར་ཡོ་ འཁྱོམ་ཆེ་བའི་སྐབས་ཤིག་ཏུ་འཁེལ་ཡོད། འོན་ཀྱང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཞི་དྲག་གི་གནང་ ཐབས་སྣ་ཚོགས་ལ་བརྟེན་ནས། རྒྱལ་ཁབ་ཀྱི་ཆབ་སྲིད་བརྟན་ལྷིང་རྒྱུན་ འཁྱོངས་ངང་ནས་ཡར་རྒྱས་གོང་སྤེལ་མཛད་པར་མ་ཟད། སྤྱི་ཚོགས་ཀྱི་ མངོན་འདོད་དང་དགོས་མཁོ་ལ་གཞིགས་ཏེ། བསམ་བློ་དང་རིག་གཞུང་ རྙིང་པའི་ཁྲོད་ཀྱི་རྒྱུན་འཛིན་བྱ་འོས་པའི་རིགས་ལ་སྲུང་སྐྱོབ་མཛད་པ་དང་ མཉམ་དུ། ཆོས་ལུགས་དང་རིག་གནས་གསར་པ་ནང་འདྲེན་བྱེད་པར་སྐུ་ ལས་ཚད་མེད་བསྐྱོན་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 2 བོད་ཀྱི་ལོ་རྒྱུས་ཐོག་ནས་ནང་པའི་ཆོས་ལུགས་དང་འབྲེལ་བའི་སྐུ་ གསུང་ཐུགས་རྟེན་ཡང། ཐོག་མར་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་ རིང་ལ་བོད་དུ་གདན་དྲངས་པ་ཡིན་པས། རྒྱལ་པོ་དེའི་སྐབས་བོད་དུ་ནང་ ཆོས་དར་བའི་གཞི་རྩ་བརྟན་པོ་ཚུགས་པར་མཛད་ཅིང། བོད་ཀྱི་དཔལ་ འབྱོར་དང། ཆབ་སྲིད། ཆོས་ལུགས་བཅས་གང་ཅིའི་ཐད་ནས་རྒྱལ་པོ་གོང་ མ་དག་ལས་མཛད་རྗེས་ཆེ་བ་བཞག་ཡོད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཆོས་རྒྱལ་མེས་དབོན་རྣམ་གསུམ་ བགྲང་བའི་སྐབས། རིགས་ཤིག་གིས་མེས་དབོན་རྣམ་གསུམ་གྱི་དང་པོར། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་བགྲངས་ཏེ། བཙན་པོ་འདི་བོད་ཀྱི་བཙན་ པོ་རྣམས་ལས་མཚན་སྙན་དང་མཛད་རྗེས་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད། གང་ལྟར་ཡང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནི། བོད་ཀྱི་ལོ་རྒྱུས་ཐོག་ ཤིན་ཏུ་མཚན་སྙན་ཆེ་བའི་རྒྱལ་པོ་ཞིག་ཡིན་པ་ཡོངས་གྲགས་ཡིན།
3 ཆོས་ལུགས་གསར་པ་ནང་འདྲེན་མཛད་པ། ༄༅། །བོད་ཀྱི་རྒྱལ་པོ་ཐོག་མ་གཉའ་ཁྲི་བཙན་པོ་1ནས་བཟུང་སྟེ། རྒྱལ་པོ་ ཉེར་བདུན་རིང་ལ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེ་བོན་གསུམ་གྱིས་བསྐྱངས་ཞེས་ པ་ནི། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཡོངས་སུ་གྲགས་པའི་གཏམ་རྒྱུག་ཆེ་ བ་ཞིག་ཡིན་པ་ལྟར། དངོས་ཡོད་གནས་ཚུལ་ལ་ཡང་དེ་ལྟར་ཡིན་ངེས་པས། རྒྱལ་པོ་ཉེར་བདུན་བོན་ལུགས་ནི་བོད་ཀྱི་མང་ཚོགས་ཡིད་ཆེས་དང་དད་ གུས་ཞུ་ཡུལ་གཙོ་བོ་ཞིག་ཏུ་གྱུར་ཡོད། འོན་ཀྱང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ 2གྱིས་བོད་ཀྱི་སྲིད་དབང་ བསྐྱངས་པའི་སྐབས། བོད་ཀྱི་མང་ཚོགས་ཀྱི་བསམ་བློ་དང་མངོན་འདོད་ ནི༑ སྔར་ལས་གྲུང་པོ་དང་རྣམ་དཔྱོད་ལྡན་པ་ཞིག་ཏུ་འགྱུར་བཞིན་ཡོད་པར་ བརྟེན། གནའ་བོའ་རིག་གནས་དང་བསམ་བློ། ཆོས་ལུགས་རྙིང་པ་དེ་དག་ ལ་མང་ཚོགས་ཀྱི་མངོན་འདོད་སྒྲུབ་པའི་ནུས་པ་ཉམས་དམས་སུ་གྱུར་ཏེ། 1 གཉའ་ཁྲི་བཙན་པོ་ནི། བོད་ཀྱི་རྒྱལ་ཐོག་དང་པོ་ཡིན་ལ། ཡུམ་བུ་བླ་མཁར་ཞེས་པའི་ཕོ་ བྲང་དེ་ཁོང་གིས་བཞེངས་ཤིང། དེ་ཉིད་བོད་ཀྱི་ལོ་རྒྱུས་ཐོག་གི་མཁར་གྱི་ཐོག་མ་ཡིན་ ཟེར་བའི་བཤད་སྲོལ་ཡོད། 2 རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནི། བོད་ཀྱི་རྒྱལ་ཐོག་ཉེར་བརྒྱད་པ་ཡིན་ལ། ངོ་སྤྲོད་ལོ་ རྒྱུས་ཟུར་དུ་གསལ་བ་ལྟར་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 4 མང་ཚོགས་ནང་དུའང་ཆོས་ལུགས་དང་རིག་གནས་དེ་དག་ནུས་མེད་དུ་ འགྲོ་བཞིན་པའི་གནས་ལུགས་ལ་གོ་རྟོགས་འཕེལ་བཞིན་ཡོད་པའི་སྐབས་ ཤིག་ཡིན། སྤྱིར་འཛམ་བུ་གླིང་ གི་རྒྱལ་པོའ་སྲིད་དབང་ གང་འདྲ་ཞིག་ཡིན་ཡང་ རུང། རྒྱལ་ཁབ་དེ་དང་ མི་རིགས་དེའི་མང་ ཚོགས་ཀྱི་གཞི་རྩ་ལ་ བརྟེན་ནས་གྲུབ་ཡོད་པ་སྨོས་མ་དགོས་པས། མང་ཚོགས་ཀྱི་བསམ་བློའ་ མངོན་འདོད་དང། ཆོས་ལུགས་དད་འདུན་གྱི་འགྱུར་བ་ནི། རྒྱལ་པོའ་སྲིད་ དབང་འཕེལ་རྒྱས་དང་བརྟན་ལྷིང་ཡོང་མིན་གྱི་མཚོན་རྟགས་གལ་གནད་ཆེ་ ཤོས་ཤིག་ཏུ་རང་བཞིན་གྱིས་གྱུར་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་སྤྱི་ཚོགས་རྙོག་ཟིང་ཆེ་བའི་དུས་སྐབས་ དེར། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་མང་ཚོགས་ཀྱི་བསམ་བློ་དང། དད་འདུན་གྱི་འགྱུར་བ་ལ་སྟངས་འཛིན་དང་སྣེ་ཁྲིད་ཡང་དག་ཅིག་མཛད་ མ་ཐུབ་ན། བཙན་པོ་རང་ཉིད་ཀྱི་སྲིད་དབང་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁ་ ཆེན་པོ་ཡོད་པར་མ་ཟད། བོད་ཁམས་ཁྱོན་ཡོངས་ལ་བརྟན་ལྷིང་མེད་པའི་ ཡོ་འཁྱོམ་ཆེན་པོ་ཞིག་ཡོང་ངེས་ཡིན་པར་བརྟེན། བཙན་པོས་ཛ་དྲག་གི་ གནས་བབ་དེ་ལ་རན་པའི་སྲིད་བྱུས་གང་འདྲ་ཞིག་འཛིན་དགོས་པ་དང། ཤོ་གཡུགས་དངོས་རྫས་བགོ་བཤའ་བྱེད་བཞིན་པ།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 5 བཅོས་བསྒྱུར་གང་འདྲ་བྱེད་དགོས་ཀྱི་ཡོད་མེད་ཐད་དགོངས་པ་གཏིང་ཟབ་ བཞེས་ཀྱི་ཡོད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་མདུན་རྒྱབ་ཀུན་ལ་དགོངས་ པ་གཏིང་ཟབ་བཞེས་པའི་མཐའ་མ། རྙོག་ཟིང་ཆེ་བའི་དུས་སྐབས་དེར་རང་ གིས་བློ་རིག་གྲིམ་པོས་གནང་ཐབས་མ་ནོར་བ་ཞིག་ལག་བསྟར་མཛད་ དགོས་པ་དང། མང་ཚོགས་ཀྱི་དང་བ་དང་ཡིད་ཆེས་ཉམས་དམས་སུ་འགྲོ་ བཞིན་པའི་གདོད་མའི་ཆོས་ལུགས་དང། རིག་གནས་རྙིང་པའི་རིགས་ལ་ དུས་དང་བསྟུན་པའི་འགྱུར་བ་ཡང་དག་པ་ཞིག་ངེས་པར་གཏོང་དགོས་པའི་ དགོངས་ཚུལ་ཡོང་གི་ཡོད། དུས་རབས་ཀྱི་འགྱུར་འགྲོས་དང་མཐུན་པ་དང། དངོས་ཡོད་སྤྱི་ ཚོགས་ཀྱི་དགོས་མཁོ་གཞི་ལ་བཞག་སྟེ། རིག་གཞུང་དང་ཆོས་ལུགས་ ལ་བཅོས་བསྒྱུར་ཡང་དག་པ་ཞིག་བྱེད་ཐུབ་ན། བཙན་པོ་རང་ཉིད་ཀྱི་སྲིད་ དབང་འཕེལ་རྒྱས་དང། རྒྱུན་གནས། བརྟན་ལྷིང་ཡོང་བར་ཕན་ནུས་ངེས་ ཅན་ཐོན་རྒྱུ་ཡིན་པར་མ་ཟད། མང་ཚོགས་ཀྱི་འཚོ་བ་དང་བསམ་བློ་བཅས་ དུས་རབས་དང་མཐུན་པར་འཕེལ་རྒྱས་ཡོང་ཐུབ་པའི་དགེ་མཚན་ཆེན་པོ་ ལྡན་པའི་གནས་ལུགས་འདི་ཡང། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ གསལ་པོ་རྟོགས་ཀྱི་ཡོད་པ་རེད། ཡིན་ན་ཡང་བཙན་པོའ་རིག་གནས་དང་ཆོས་ལུགས་བཅོས་བསྒྱུར་ ལ་འགོག་རྐྱེན་མེད་པ་ག་ལ་ཡིན་ཏེ། གདོད་མའི་ཆོས་ལུགས་ལ་ཞེན་ ཆགས་ཆེ་བའི་བློན་པོའ་ཤོག་ཁག་དང། སྒེར་པའི་ཆབ་སྲིད་ཀྱི་ཁེ་ཕན་རྐྱང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 6 པ་ལ་དམིགས་པའི་སྲིད་དོན་པའི་ཤོག་ཁག རྨོངས་དད་ཞེན་ཁོག་གིས་ ཡིད་བརླམས་པའི་མང་ཚོགས་དཀྱུས་མ་བཅས་དཔུང་ཁག་སྟོབས་ལྡན་ ཞིག་གིས་ནུས་ཤ གས་ཡོད་དགུ་རྩལ་འདོན་བྱས་ཏེ། བཙན་པོ་ལྷ་ཐོ་ཐོ་རི་ གཉན་བཙན་གྱི་བཅོས་བསྒྱུར་གྱི་ལས་འགུལ་ལ་བྱེད་བཞིན་ཡོད། འོན་ཀྱང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་རང་གི་མིག་མདུན་དུ་ འགོག་རྐྱེན་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། མང་ཚོགས་ཀྱི་དང་བ་དང་ ཡིད་ཆེས་བརླགས་ཟིན་པའི་ཆོས་ལུགས་དང། རིག་གནས་གང་འདྲ་ཞིག་ ཡིན་ཡང་རུང། དེ་ལ་མང་ཚོགས་ཀྱི་བདེ་སྐྱིད་དང་མངོན་འདོད་སྒྲུབ་པའི་ ནུས་པ་མེད་པར་གྱུར་ཟིན་པས། ད་དུང་ཡང་དེ་ལ་ཨུ་ཚུགས་དང་ཞེན་ཁོག་ གིས་མཁྲེགས་འཛིན་བྱས་ན། དེས་སྤྱི་སྒེར་སུ་གང་ལ་ཡང་ཕན་ཐོགས་མེད་ པའི་ཐོག ཡུལ་སྡེ་མང་ཚོགས་རྣམས་དུས་རབས་དང་མཐུན་པའི་ཡར་ རྒྱལ་པོས་ཕོ་བྲང་ གི་ཡང་སྟེང་ནས་ དཔང་སྐོང་ཕྱག་ བརྒྱ་པ་སོགས་ལ་ མཆོད་འབུལ་དང་ གསོལ་འདེབས་ ཞུ་བཞིན་པ།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 7 རྒྱས་འགྲོ་བའི་འགོག་རྐྱེན་ཞིག་ཏུ་འགྱུར་ངེས་པའི་གནས་ལུགས་གང་སར་ བརྒྱུད་བསྒྲགས་བྱས་ཏེ། ངོ་རྒོལ་བ་རྣམས་རྒྱུ་མཚན་དང་གནས་ལུགས་ ཀྱིས་རྨོངས་གཉིད་ལས་དཀྲོག་པ་དང། བསམ་བློའ་གོ་རྟོགས་འཕེལ་བར་ ལས་འགུལ་རིམ་པར་བརྩམས་གནང་གི་ཡོད། བཙན་པོས་འདི་ལྟར་ཕྱི་ནང་གི་འགོག་རྐྱེན་རིགས་གང་ཐུབ་ཀྱིས་ གཙང་སེལ་བྱས་ཏེ། མདུན་ཕྱོགས་སུ་བསྐྱོད་པའི་ལམ་བུ་བཏོད་ཐུབ་པ་ བྱུང་བ་ན། སྤྱི་ཚོགས་ཀྱི་དགོས་མཁོ་དང་མངོན་འདོད་གཞི་ལ་བཞག་སྟེ། ཆོས་ལུགས་དང་རིག་གནས་གསར་པ་ནང་འདྲེན་བྱེད་པའི་འགོ་བརྩམས་ ཤིང། སངས་རྒྱས་ཀྱི་སྐུའི་རྟེན་དང། གསུང་གི་རྟེན། ཐུགས་ཀྱི་རྟེན་བཅས་ ཐོག་མར་བཙན་པོའ་ཕོ་བྲང་དུ་གདན་འདྲེན་ཞུས་པ་རེད། འོན་ཀྱང་སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྟེན་དེ་དག་རྒྱལ་པོའ་ཕོ་ བྲང་དུ་གདན་དྲངས་ཐུབ་པ་ཙམ་གྱིས། ཆོས་ལུགས་བཅོས་བསྒྱུར་དང་ རིག་གནས་དར་སྤེལ་གྱི་ལས་དོན་གྲུབ་སོང་བ་ཞིག་མ་ཡིན་པས། དེ་དག་ བོད་དུ་གདན་འདྲེན་མཁན་རྒྱ་གར་གྱི་པཎྜི་ཏ་བློ་སེམས་འཚོ་ 3དང། ལི་ ཡུལ་གྱི་ལོ་ཙཱ་བ་ལི་ཐི་སེ་ 4གཉིས་ཀྱང་རྒྱལ་པོའ་ཕོ་བྲང་དུ་གདན་དྲངས་ཏེ་ 3 པཎྜི་ཏ་བློ་སེམས་འཚོ་ནི། རྒྱ་གར་ནས་བོད་དུ་ཕེབས་པའི་པཎྜི་ཏ་ཐོག་མ་དེ་ཡིན་ལ། རྒྱལ་ པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་ཕེབས་པའི་མཁན་ཆེན་ཞི་བ་འཚོ་དང་འདི་གཉིས་ མི་གཅིག་ཡིན་ཞེས་པའི་བཤད་སྲོལ་ཞིག་ཡོད། 4 ལི་ཡུལ་གྱི་ལོ་ཙཱ་བ་ལི་ཐི་སེ་ནི། ལི་ཡུལ་གྱི་མི་རྒྱ་གར་ལེགས་སྦྱར་ལ་མཁས་པའི་ལོ་ཙཱ་བ་ ཞིག་ཡིན་ལ། པཎྜི་ཏ་བློ་སེམས་འཚོ་དང་མཉམ་དུ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ བོད་དུ་གདན་འདྲེན་ཞུས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 8 བཞུགས་སུ་གསོལ། རྒྱལ་པོས་པཎྜི་ཏ་དང་ལོ་ཙཱ་བ་གཉིས་ལ་དད་གུས་ཚད་མེད་ཞུས་ཏེ། ཕོ་བྲང་དུ་རྒྱུན་རིང་པོར་བཞུགས་རྒྱུའི་རེ་སྐུལ་ཞུས་པ་དང་མཉམ་དུ། ཁོང་ གཉིས་ལ་ཕོ་བྲང་ནང་དུ་ཆོས་ལུགས་གསར་པ་དེ་འཆད་ཁྲིད་གནང་རྒྱུའི་རེ་ འདུན་ཡང་ཞུས་པ་རེད། ཡིན་ན་ཡང་མང་ཚོགས་ཕལ་ཆེ་བ་ནི། གདོད་མའི་ཆོས་ལུགས་རྙིང་ པ་ལ་དང་བ་དང་ཡིད་ཆེས་བརླག་པ་ཙམ་མ་གཏོགས། ཆོས་ལུགས་གསར་ པའི་ནང་དོན་ཤེས་འདོད་ཀྱི་དོན་གཉེར་མེད་པའི་ཐོག བློན་ཆེན་མང་པོ་ ཞིག་གིས་ཀྱང་གདོད་མའི་ཆོས་ལུགས་རྙིང་པ་ལག་ཆར་བེད་སྤྱོད་བྱས་ཏེ། རྒྱལ་པོའ་ཆོས་ལུགས་དང་རིག་གནས་ཀྱི་བཅོས་བསྒྱུར་ལ་མཐའ་གཅིག་ ཏུ་ངོ་རྒོལ་བྱེད་ཀྱི་ཡོད་པས། ཆོས་ལུགས་གསར་པ་དར་འཕེལ་འགྲོ་བར་ ཕྱོགས་སྣ་ཚོགས་ནས་འགོག་རྐྱེན་མཚམས་མ་ཆད་པར་ཡོང་གི་ཡོད། ཕོ་བྲང་གི་ཕྱི་ནང་གཉིས་ཀར་བཙན་པོའ་བཅོས་བསྒྱུར་གྱི་བྱ་བ་ལ་ འགལ་རྐྱེན་སྣ་ཚོགས་ཡོད་པའི་དབང་གིས། གནས་སྐབས་ཕོ་བྲང་ནང་ ཁུལ་ཙམ་མ་གཏོགས། བཙན་པོའ་ཐོག་མའི་ཐུགས་རེ་ལྟར་བོད་ཀྱི་སྤྱི་ ཚོགས་ཁྱོན་ཡོངས་ལ་དུས་ཡུན་ཐུང་ངུའི་ནང་ཆོས་དར་སྤེལ་བྱ་རྒྱུ་ནི། ཤིན་ ཏུ་དཀའ་ཁག་གི་གནས་སུ་གྱར་ཡོད་པ་རེད། འོན་ཀྱང་བཙན་པོའ་ཐབས་མཁས་པའི་གནང་ཐབས་སྣ་ཚོགས་ལ་ བརྟེན་ནས། ཐོག་མར་ཕོ་བྲང་ནང་ཁུལ་དུ་ནང་ཆོས་དར་སྤེལ་གྱི་གཞི་རྩ་ བཙུགས། གསར་དུ་གདན་འདྲེན་ཞུས་པའི་སྐུ་གསུང་ཐུགས་རྟེན་དེ་དག་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 9 གི་བཞུགས་གནས་སུ་གཙུག་ལག་ཁང་ཞིག་ཀྱང་གསར་དུ་བཞེངས་ཏེ། སྐུ་ གསུང་ཐུགས་རྟེན་དེ་དག་གཙུག་ལག་ཁང་གསར་པའི་ནང་དུ་བཞུགས་སུ་ གསོལ་བ་རེད། གཙུག་ལག་ཁང་དེ་དག་ནི་བོད་ཀྱི་ལོ་རྒྱུས་ཐོག་ནང་པའི་གཙུག་ལག་ ཁང་བཞེངས་པ་ཐོག་མ་ཡིན་པ་དང། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ནི། བོད་ལ་ནང་ཆོས་འདྲེན་པའི་རྒྱལ་པོ་ཐོག་མ་དེ་ཡིན་པས། བོད་ཀྱི་ལོ་རྒྱུས་ དང་ཆོས་འབྱུང་རྣམས་སུ། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་ཚེའི་ རིང་བོད་ལ་ནང་ཆོས་ཀྱི་དབུ་བརྙེས་པར་ངོས་འཛིན་བྱེད་ཀྱི་ཡོད།
10 གསར་བརྗེའི་སྙིང་སྟོབས། ༄༅། །མིའི་ཚོར་བ་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ཆོས་ལུགས་བརྗེ་ བསྒྱུར་བྱ་བ་ནི། རྒྱལ་ཁབ་ཀྱི་སྲིད་དབང་རྒྱུན་གནས་ཐུབ་མིན་དང་འབྲེལ་ བ་གཏིང་ཟབ་ཡོད་པར་མ་ཟད། གལ་སྲིད་ཆོས་ལུགས་བརྗེ་བསྒྱུར་གྱི་བྱ་བ་ ལམ་ལྷོང་མ་བྱུང་ཚེ། རྒྱལ་ཁབ་ཉམས་རྒུད་དང་འཐོར་ཞིག་ཏུ་འགྲོ་བ་དང། ཆོས་ལུགས་བརྗེ་བསྒྱུར་གྱི་བྱ་བར་འགོ་ཁྲིད་བྱེད་མཁན་རྒྱལ་པོ་རང་ཉིད་ ཀྱི་ཚེ་སྲོག་ལ་ཡང་ཉེན་ཁ་ཆེན་པོ་ཡོད་པ་གསལ་པོ་ཡིན། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་རང་གི་ཡབ་མེས་རྒྱུད་ཀྱི་མེས་ པོ་གྲི་གུམ་བཙན་པོའ་ 1སྐུ་དུས་སུ། བོད་དུ་ནང་པ་སངས་རྒྱས་པའི་ཆོས་ ལུགས་སྤེལ་བའི་ལས་གཞི་བརྩམས་པ་ལ་བརྟེན་ནས། ཆོས་ལུགས་དང་ བོན་ལུགས་ཕྱོགས་འཛིན་པའི་བར་ལ་འགལ་ཟླ་ཆེན་པོ་བྱུང་སྟེ། རྒྱལ་པོའ་ ཕོ་བྲང་ནས་བཟུང་སྟེ་སྤྱི་ཚོགས་ཁྲོད་ཀྱི་མི་དཀྱུས་མའི་བར་དུ་ཟང་ཟིང་ ཆེན་པོ་གྱུར་པའི་ཐོག མཐའ་མ་རྒྱལ་པོ་གྲི་གུམ་བཙན་པོ་རང་ཉིད་ཀྱང་ 1 རྒྱལ་པོ་གྲི་གུམ་བཙན་པོ་ནི། བོད་ཀྱི་རྒྱལ་ཐོག་བརྒྱད་པ་ཡིན་ལ། རྒྱལ་པོ་འདིའི་རིང་བོད་ དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་སྤེལ་གཏོང་རྒྱུའི་ལས་འགུལ་བརྩམས་པ་ལ་ བརྟེན་ནས། བོན་གྱི་ཕྱོགས་གཏོགས་ཡིན་པའི་ལོ་ངམ་རྟ་རྫི་སོགས་ཀྱིས་གཡོ་ཐབས་ལ་ བརྟེན་ནས་བཙན་པོ་འདི་སྐུ་བཀྲོངས་པར་བཤད།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 11 བོན་ལུགས་ལ་དད་པའི་བློན་པོ་ལོང་ངམ་ 2གྱིས་སྐུ་བཀྲོངས་པའི་ལོ་རྒྱུས་ གསལ་པོར་མཁྱེན་གྱི་ཡོད་པ་རེད། སྔོན་གྱི་བྱུང་བ་དང་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་ཐོག་ནས། ཆོས་ལུགས་བརྗེ་བསྒྱུར་བྱ་རྒྱུའི་ལས་དོན་འདི་ནི། ཤིན་ཏུ་ཉེན་ཁ་ཆེ་བའི་ ལས་འགུལ་ཞིག་ཡིན་པ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་གསལ་པོ་ རྟོགས་ཀྱི་ཡོད་ཀྱང། བཙན་པོ་ཁོང་གིས་བོད་ཁམས་སྐྱོང་བ་ལ་མིག་སྔར་ འདེམས་ཀ་གཉིས་ལས་ལྷག་མེད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་མིག་སྔར་ལྷག་པའི་འདེམས་ཀ་ དང་པོ་ནི། བཙན་པོས་རང་གི་ཚེ་སྲོག་དང་མངའ་ཐང་སྲུང་སྐྱོབ་བྱ་བའི་ དོན་དུ། ཆོས་ལུགས་རྙིང་ཞེན་པ་ཉུང་ཤས་ཀྱི་ཁེ་ཕན་ལ་བསྟུན་ཐབས་ གནང་སྟེ། ཆོས་སྲིད་གཉིས་ཀའི་ལམ་ལུགས་རྙིང་པ་ལ་བཅོས་བསྒྱུར་ གང་ཡང་མི་བྱེད་པར། སྔ་མོའ ་གནས་སྟངས་གང་ཡིན་པ་དེ་གར་རང་ སོར་འཇོག་རྒྱུ་དང། འདེམས་ཀ་གཉིས་པ་ནི། བོད་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་ དང་དགོས་མཁོ། བོད་མི་རིགས་ལ་ཕུགས་རྒྱང་རིང་པོར་ཁེ་ཕན་དང་ བདེ་སྐྱིད་ཡོང་བའི་དམིགས་ཡུལ་བཅས་གཞི་ལ་བཞག་སྟེ། རང་ཉིད་ 2 ལོ་ངམ་རྟ་རྫི་ནི། རྒྱལ་པོ་གྲི་གུམ་བཙན་པོའ་སྐབས་ཀྱི་མི་སྣ་ཞིག་ཡིན་ཡང། འདིའི་ གནས་བབས་ངོས་འཛིན་བྱེད་སྟངས་ལ་མི་འདྲ་བ་མང་པོ་ཡོད། རིགས་ཤིག་གིས་འདི་ བཙན་པོའ་རྟ་རྫི་ཞིག་ཡིན་ལུགས་བཤད་པ་དང། མང་པོ་ཞིག་གིས་འདི་སྐབས་དེའི་བོན་ ལུགས་ལ་དད་ཞེན་ཆེ་བའི་བློན་པོ་ཞིག་ཡིན་ལུགས་ཀྱང་བཤད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 12 བློས་བཏང་སྟེ་ནུས་ཤ གས་ཉམས་ཟིན་པའི་ཆོས་ལུགས་དང་རིག་གཞུང་ རྙིང་པ་ལ་བཅོས་བསྒྱུར་གྱི་ལས་གཞི་རྒྱ་ཆེན་པོ་ཞིག་རྩོམ་དགོས་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ཤིན་ཏུ་ཐག་གཅོད་དཀའ ་ བའི་ འདེམས་ཀ་འདི་གཉིས་ཀྱི་བར་དུ་ཚུད་པ་ན། རང་གི་འཕྲལ་གྱི་ཁེ་ཕན་ སྒྲུབ་ཐབས་དང། རང་ཉིད་འཇིགས་སྣང་ལས་གཡོལ་ཐབས་གཙོ་འདོན་ མ་མཛད་པར། ལས་དོན་གྱི་རིམ་པ་ཐམས་ཅད་ལ་བབས་བརླིང་བརྟན་ གསུམ་གྱིས་ཞིབ་འཇུག་གཏིང་ཕྱིན་པར་མཛད་ཅིང། བློ་མཛངས་པའི་ བློན་པོའ་ཚོགས་ལ་ཡང་གྲོས་བསྡུར་ལན་མང་གནང་གི་ཡོད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་བསམ་པར། ཉེན་ཁའི་རང་བཞིན་ གྱི་ལས་དོན་ཞིག་ཐག་གཅོད་བྱེད་པའི་སྐབས། རྣམ་དཔྱོད་ཀྱི་དབྱེ་ཞིབ་ལ་ བརྟེན་པ་དང། དྲང་པོའ་ཚུགས་ཟིན་དགོས་པ་སྨོས་མེད་ཐོག རང་ཉིད་བློས་ བཏང་དང་ཐག་གཅོད་བྱེད་པའི་སྙིང་སྟོབས་མེད་དུ་མི་རུང་བ་ཡིན་པ་དང། དེ་ལས་ཀྱང་གལ་ཆེ་བ་ནི། ཐག་གཅོད་གནང་ཟིན་པའི་ལས་དོན་ཐོག མང་ ཚོགས་སྐུལ་འདེད་བྱེད་མ་ཐུབ་ན། ཐག་གཅོད་དེ་ལ་གྲུབ་འབྲས་གང་ཡང་ མི་འབྱུང་བར་རང་བཞིན་གྱིས་ནུས་མེད་དུ་ཆགས་འགྲོ་བའི་ཉེན་ཁ་ཞིག་ གཟིགས་ཀྱི་ཡོད་པ་རེད། སྤྱིར་ཐག་གཅོད་གང་འདྲ་ཞིག་ཡིན་ཡང་རུང། ཐག་གཅོད་དེ་ནུས་ ཤགས་ལྡན་པ་ཞིག་ཡོང་ཐུབ་མིན་ནི། ཐག་གཅོད་བྱེད་མཁན་གྱི་གང་ཟག་ གི་ཀུན་སློང་ཡང་དག་པ་དང། ཐག་གཅོད་དེ་ཉིད་ལ་བདེན་པའི་གཞི་རྩ་ ཅི་ཙམ་ཡོད་པ། ཐག་གཅོད་དེར་མང་ཚོགས་ཀྱི་ཁེ་ཕན་སྒྲུབ་པའི་ནུས་པ་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 13 ཇི་ཙམ་ཡོད་མེད་བཅས་ལ་རག་ལས་པར་མ་ཟད། ཐག་གཅོད་དེ་ལ་མོས་ མཐུན་བྱེད་པའི་རྒྱབ་དཔུང་ནུས་ཤ གས་ཅན་ཞིག་ཡོད་མེད་ལ་ཡང་རག་ ལས་ཀྱི་འབྲེལ་བ་ཆེན་པོ་ཡོད་པ་རེད། གལ་གནད་ཆེ་བའི་གནས་ལུགས་འདི་དག་བཙན་པོ་ལྷ་ཐོ་ཐོ་རི་ གཉན་བཙན་གྱིས་གསལ་པོར་མཁྱེན་གྱི་ཡོད་སྟབས། བཙན་པོ་ཁོང་གིས་ ལས་དོན་གལ་གནད་ཆེ་བའི་རིགས་གང་འདྲ་ཞིག་ཐག་གཅོད་གནང་བ་ ཡིན་ན་ཡང། རང་གི་དབང་ཤེད་དང་བཙན་ཤ གས་མི་བཀོལ་བར། བློན་ པོའ ་ཚོགས་ལ་གྲོས་བསྡུར་དང་སྦྱངས་བཤད་གནང་སྟེ། ཐག་གཅོད་ བརྒྱུད་རིམ་ལྡན་པ་དང། བསམ་བློ་གཅིག་གྱུར་གྱི་རྒྱབ་དཔུང་བརྟན་པོ་ ཡོང་བའི་ཐབས་སུ་འབད་བརྩོན་གནང་གི་ཡོད་པ་རེད། འོན་ཀྱང་གྲོས་གཞི་གང་ཡང་རུང་བའི་ཐོག་བསམ་བློ་གཅིག་གྱུར་ མ་བྱུང་བའི་དབང་དུ་བཏང་ཡང། མཐའ་མའི་ཐག་གཅོད་གཅིག་དང་ལག་ བསྟར་གཅིག་གི་སྟེང་དུ་འབབ་དགོས་པ་ལས། འགལ་བ་ཅན་གྱི་ཐག་ གཅོད་གཉིས་ལས་དོན་གཅིག་གི་སྟེང་དུ་ཡོང་ཐབས་མེད་པས། གང་ལ་ གནས་ལུགས་དང་བདེན་པ་ཡོད་པ་དང། བློ་ཁ་མང་པོ་མཐུན་པའི་ཕྱོགས་ ལ་ཐག་གཅོད་ཡོང་བར་འབད་བརྩོན་གནང་གི་ཡོད། གཞི་རྒྱ་ཆེ་བའི་ཆོས་ལུགས་བརྗེ་བསྒྱུར་གྱི་བྱ་བ་སྒྲུབ་འདོད་མཁན་ ཞིག་ལ་མཚོན་ན། རང་གིས་གསར་དུ་འགོ་འཛུགས་བྱེད་བཞིན་པའི་ལས་ དོན་གྱི་རིགས་ལ། ཕྱི་ནང་གཉིས་ཀ་ནས་འགོག་རྐྱེན་གང་དང་གང་ཡོད་པ་ དང། ལས་དོན་དངོས་གཞིའི་སྐབས་འགོག་རྐྱེན་གང་དང་གང་ཡོང་སྲིད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 14 པའི་ཚོད་དཔག་གསལ་པོ་དགོས་པར་མ་ཟད། འགོག་རྐྱེན་དེ་རིགས་ལ་ གདོང་ལེན་གང་འདྲ་བྱ་རྒྱུ་ཡིན་པའི་གྲ་སྒྲིག་འཐུས་སྒོ་ཚང་བ་ཞིག་ཀྱང་ དགོས་པ་སྨོས་མ་དགོས་པ་རེད། དེར་བརྟེན་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་རང་ལ་ཕུགས་ འདུན་ཇི་ཙམ་རྒྱ་ཆེན་པོ་ཡོད་མེད་ལ་མ་ལྟོས་པར། འགོག་རྐྱེན་ལ་གདོང་ ལེན་བྱེད་པའི་སྙིང་སྟོབས་དང་ནུས་པ་མེད་ཚེ། འགོག་རྐྱེན་ཞིག་དང་འཕྲད་ མ་ཐག་རང་ཉིད་ལས་སླ་པོར་ཕམ་རྒྱུ་ཡིན་པར་མ་ཟད། རང་གི་མི་ཚེ་ཡང་ གཞན་ངོ་སྲུང་བའི་བྲན་གཡོག་ངོ་མ་ཞིག་ཏུ་གྱུར་ཏེ། རང་གི་མཚན་སྙན་ དང་དབང་ཕྱུག་ཐམས་ཅད་ཕ་རོལ་པོའ་ལྐོག་གཡོའ་ངན་བྱུས་འགྲུབ་པའི་ ལག་ཆར་འགྱུར་རྒྱུ་ཡིན་པའི་ཉེན་ཁ་ཆེན་པོ་གཟིགས་ཀྱི་ཡོད། དེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་ནི། རང་ཚུགས་ཀྱི་ནུས་པ་ཤོར་ཚེ། བསམ་བཞིན་ཡིན་མིན་གང་ལྟར་ཡང། རང་གི་བསམ་ཡུལ་ན་མེད་པའི་ ལས་ངན་གནོད་ཚབས་ཅན་མང་པོ་ཞིག་རང་བཞིན་གྱིས་བསྒྲུབ་དགོས་ པར་གྱུར་ཏེ། མཐའ་མ་རང་ཉིད་ལོ་རྒྱུས་ཐོག་གི་མི་སྣ་ཉེས་ཅན་ཞིག་ཏུ་ འགྱུར་རྒྱུ་ཡིན་པའི་ཉེན་ཁ་ཆེན་པོ་ཡོད་པ་ཡང་གསལ་པོར་རྟོགས་ཀྱི་ ཡོད་པ་རེད། དེར་བརྟེན་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཐོག་མཐའ་བར་ གསུམ་དུ། རང་ཉིད་བསམ་བློའ་རང་ཚུགས་མེད་པའི་མི་ནུས་མེད་ཅིག་ཏུ་ མི་འགྱུར་བའི་དོན་དུ། རང་གི་ལུས་སྲོག་ཚུན་ཆད་བདེན་དོན་དང་དམངས་ ཀྱི་བདེ་དོན་གྱི་ཆེད་དུ་བློས་བཏང་མཛད་པ་ལ་བརྟེན་ནས། བཙན་པོ་ཁོང་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 15 བོད་ཁམས་སུ་ཤེས་རབ་ཀྱི་སྣང་བ་འདྲེན་པའི་སྐྱེས་བུ་རླབས་ཆེན་ཞིག་ཏུ་ གྱུར་ཐུབ་ཡོད་པ་རེད། འདི་ལྟར་བཙན་པོ་ལྷ་ཐོ་ཐོ་གཉན་བཙན་གྱིས་རྣམ་དཔྱོད་དང་བློ་ རིག་གྲིམ་པོས། བོད་མི་རིགས་ཀྱི་འཕྲལ་ཕུགས་རྒྱང་གསུམ་གྱི་ཁེ་ཕན་ གཞི་རྩར་བཞག་སྟེ། ཆོས་ལུགས་དང་རིག་གཞུང་གསར་བརྗེའི་ལས་ འགུལ་དངོས་སུ་ཕྱག་བསྟར་མཛད་པ་ནི། བོད་མི་རིགས་ཀྱི་དངོས་ཡོད་ དགོས་མཁོ་དང་མཐུན་པའི་འགྱུར་བ་རླབས་ཆེན་ཞིག་ཡིན་ལ། མི་རིགས་ དེའི་སྤྱི་ཚོགས་ཀྱི་མདུན་ལྗོངས་ལ་སྐྱ་ཐིག་བཏབ་པའི་སྔོན་དཔག་ཚད་ མཐོ་པོ་ཞིག་ཡིན་པ་གསལ་པོར་གྱུར་ཡོད་པ་རེད།
16 གཉན་པོ་གསང་བར་མཆོད་ཅིང་བཀུར་བ། ༄༅། །འགྲོ་བ་མིའི་སེམས་ནང་གི་ཡུལ་གོང་མ་ལ་མཆོད་ཅིང་བཀུར་ བའི་འདུ་ཤེས་ནི། བསམ་བློའ་གཏིང་གི་ཡིད་ཆེས་དང། ལྷད་མེད་པའི་དད་ གུས་ལ་བརྟེན་ནས་ཡོང་དགོས་པ་ཞིག་ཡིན་པས། མིའི་བསམ་བློར་མཆོད་ ཅིང་བཀུར་བའི་འདུ་ཤེས་འབྱུང་བ་ནི། བསམ་བློའ་འཕེལ་རིམ་ངེས་ཅན་དུ་ སླེབས་པའི་མངོན་རྟགས་གསལ་ཤོས་ཤིག་དང། ལྐོག་གྱུར་གྱི་ནུས་པ་ལ་ བརྟེན་ནས་མདུན་མ་ཆེན་པོ་སྒྲུབ་པའི་གསང་བའི་སྒུལ་ཤ གས་ནུས་པ་ཅན་ ཞིག་ཀྱང་ཡིན་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་བསམ་བློའ་ལྟ་ཚུལ་འདིའི་ཤ གས་ རྐྱེན་ཆེན་པོ་ཡོད་པར་བརྟེན། རྒྱ་ཆེ་བ་རྒྱལ་ཁབ་ཀྱི་ལས་དོན་ནས་བཟུང་ སྟེ་ཁྱིམ་ཚང་གི་ཉིན་རེའི་ལས་དོན་བར། ཆོས་སྲིད་ཀྱི་བྱ་བཞག་རྒྱ་ཆེ་ཆུང་ གང་འདྲ་ཞིག་ཡིན་ཡང་རུང། ལས་དོན་ཆེ་ཆུང་ཡོངས་རྫོགས་མི་རང་ཉིད་ ཀྱི་ནུས་པ་རྐྱང་པ་ལ་བརྟེན་ནས་སྒྲུབ་ཐུབ་པ་ཞིག་མ་ཡིན་པར། དེ་དང་ མཉམ་དུ་ལྐོག་གྱུར་གྱི་ནུས་པ་གཞན་པ་ཞིག་ལ་བརྟེན་དགོས་པར་ཡིད་ ཆེས་གཏིང་ཟབ་གནང་མཁན་ཞིག་ཆགས་ཡོད་པ་རེད། བསམ་བློའ་ལྟ་ཚུལ་འདི་བཙན་པོ་ཁོང་གི་ཆོས་ལུགས་ཀྱི་དད་པ་དང་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 17 འབྲེལ་བ་ངེས་ཅན་ཞིག་ཡོད་པར་མ་ཟད། བཙན་པོ་རང་གི་མྱོང་བ་ལས་ གྲུབ་པའི་འཇིག་རྟེན་ལྟ་ཚུལ་དང་འབྲེལ་བའི་ལས་དོན་སྒྲུབ་སྟངས་ཁྱད་པར་ བ་ཞིག་ཀྱང་ཆགས་ཡོད་པ་རེད། ལྐོག་གྱུར་གྱི་ནུས་པ་ལ་ཡིད་ཆེས་བྱེད་པའི་བསམ་བློའ་ལྟ་བ་འདི་ རིགས་རྨོངས་དད་ལས་བྱུང་བ་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ཀྱང། ཞིབ་ཏུ་དཔྱད་ན་ལྟ་ཚུལ་འདི་རིགས་ནི་རྨོངས་དད་ལས་བྱུང་བའི་ལྟ་ཚུལ་རྐྱང་ པ་ཞིག་གཏན་ནས་མ་ཡིན་པར་མ་ཟད། གནས་ལུགས་སྟོང་གི་རྒྱབ་དཔུང་ དང་ལྡན་པའི་བསམ་བློ་ཡང་དག་པའི་ལྟ་ཚུལ་ཞིག་ཡིན་ཏེ། སྔོན་དང་ད་ ལྟའི་སྐྱེས་བུ་གཟུ་བོར་གནས་ཤིང་ཤེས་རབ་ཀྱི་རྩལ་རྫོགས་པ་མང་པོ་ཞིག་ གིས་ཀྱང། ཤའི་མིག་གི་མཐོང་སྣང་ལས་བརྒལ་བའི་ལྐོག་གྱུར་གྱི་ནུས་པ་ ལ་ཡིད་ཆེས་མཛད་ཅིང། ཕྱོགས་སྣ་ཚོགས་ཀྱི་སྒོ་ནས་ལྟ་ཚུལ་འདི་གནས་ ལུགས་དང་མཐུན་པ་ཞིག་ཡིན་པ་ར་སྤྲོད་མཛད་བཞིན་ཡོད་པ་འདིས་ བདེན་དཔང་བྱེད་ཀྱི་ཡོད། མི་མཐོ་དམའ་བར་གསུམ་གྱི་མི་ཚེའི་བརྒྱུད་རིམ་ནང། རང་ཉིད་ཀྱི་ ནུས་པས་མི་འདང་སའི་ཡུལ་དུས་དང་གནས་སྟངས་མང་པོ་ཞིག་ཡོང་གི་ ཡོད་པ་སྨོས་མ་དགོས་ལ། སྐབས་དེར་མཆོད་བཀུར་དང་ཡིད་ཆེས་ཞུ་ སའི་ལྐོག་གྱུར་གྱི་ནུས་པ་གྲོགས་སུ་འགུགས་པ་ནི། སྟོབས་ཤ གས་མཉམ་ སྤུངས་བྱེད་པའི་གོ་རྟོགས་ཚད་མཐོ་པོ་ཞིག་ཡིན་ལ། དད་པ་དང་འབྲེལ་ བའི་སྟོབས་ཤ གས་མཉམ་སྒྲིལ་གྱི་འདུ་ཤེས་འདི་མིའི་རྣམ་དཔྱོད་ཀྱིས་ དྲངས་པའི་ཡིད་ཆེས་ཤིག་ཡིན་པས། ཤེས་རིག་བྲལ་བའི་སྤྱི་ཚོགས་ཤིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 18 ལ་མཚོན་ན་ཡིད་ཆེས་འདི་རིགས་ཤིན་ཏུ་ཡོང་དཀའ་བ་ཞིག་ཡིན། སྤྱིར་མི་སུ་འདྲ་ཞིག་ཡིན་ཡང་རང་ཉིད་ཀྱི་མི་ཚེ་དོན་དང་ལྡན་པ་ཞིག་ ཡོང་བ་དང། ཕུགས་བསམ་མངོན་གྱུར་ཡོང་བ་ལ། རང་གི་ནུས་ཤ གས་ གང་ཡོད་འདོན་དགོས་པ་སྨོས་མ་དགོས་ཀྱང། གནད་དོན་ཡོད་ཚད་མི་ རང་ཉིད་ཀྱི་ནུས་ཤ གས་བཏོན་པ་རྐྱང་པས་ཐག་གཅོད་བྱེད་ཐུབ་སྙམ་པ་ནི། མིག་གིས་མི་མཐོང་བའི་ལྐོག་གྱུར་གྱི་ནུས་པ་གཞན་པ་ཞིག་ཡོད་པ་ཁས་ མི་ལེན་མཁན་ཚོའི་རློམ་སེམས་ཀྱི་ལྟ་ཚུལ་ཞིག་ཡིན་པ་རེད། བཙན་པོ་ལྷ་ ཐོ་ཐོ་རི་གཉན་བཙན་གྱིས་ལྟ་ཚུལ་འདི་རིགས་དང་མི་མཐུན་པར། རང་གི་ ནུས་ཤ གས་དང་མཉམ་དུ་ལྐོག་གྱུར་གྱི་ནུས་ཤ གས་མཉམ་སྒྲིལ་བྱེད་པའི་ གནང་ཐབས་དམིགས་བསལ་བ་ཞིག་ལག་བསྟར་མཛད་ཀྱི་ཡོད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དགོངས་པར། མིའི་བསམ་བློ་ གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་གང་འདྲ་ཞིག་ཡིན་ཡང་རུང། རང་ གི་བསམ་བློ་དང་གནང་ཐབས་དེ་མ་ནོར་བ་དང་ཡང་དག་པ་ཞིག་ཡོང་གི་ ཡོད་མེད་ནི། ལུང་དང་རིགས་པའི་སྒྲུབ་བྱེད་མང་པོ་ཞིག་འགོད་ཐུབ་ཀྱི་ ཡོད་མེད་ལ་མ་ལྟོས་པར། རང་གི་མྱོང་བ་དང་དངོས་ཡོད་གྲུབ་འབྲས་གཞི་ ལ་བཞག་པའི་ཐོག་ནས་ཐག་གཅོད་བྱ་དགོས་པ་དང། དེ་ནི་ཐག་གཅོད་ གནང་སྟངས་མ་ནོར་བ་དང་ཡང་དག་པ་ཞིག་ཡིན་པའི་གཟིགས་ཚུལ་ བརྟན་པོ་ཡོད་པ་རེད། དེར་བརྟེན་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ནང་ཆོས་ཐོག་མར་ བོད་དུ་སྤེལ་བའི་སྐབས། བཙན་པོ་རང་ཉིད་དང་ཕྱོགས་གཏོགས་ཀྱི་མི་སྣ་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 19 མང་ཆེ་བ་ལ། ཆོས་ལུགས་གསར་བརྗེའི་ལས་འགུལ་སྤྱི་དང། ལྷག་པར་དུ་ རྒྱ་གར་གྱི་ནང་ཆོས་བོད་དུ་སྤེལ་བའི་ལས་དོན་འདི་ཡང་དག་པ་ཞིག་ཡིན་ པ་དང། མ་ནོར་བ་ཞིག་ཡིན་པའི་སྒྲུབ་བྱེད་ཚ་ཚ་འུར་འུར་མང་པོ་འགོད་ རྒྱུ་མེད་སྲིད་ལ། ཁོང་ཚོས་རང་ཉིད་ཀྱི་མྱོང་བ་དང་མིག་སྔའི་གྲུབ་འབྲས་ལ་ ཡིད་ཆེས་གནང་བ་མ་གཏོགས། སྒྲུབ་བྱེད་ཀྱི་རྒྱུ་མཚན་མང་པོ་འགོད་རྒྱུར་ འབད་བརྩོན་ཡང་གནང་ཡོད་ཚོད་མི་འདུག འོན་ཀྱང་ཕྱིས་སུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ 1ནས་བཟུང་སྟེ་ ད་ལྟའི་བར། བོད་ཀྱི་སྐྱེས་ཆེན་ཡོངས་རྫོགས་ཀྱིས་བཙན་པོ་ལྷ་ཐོ་ཐོ་རི་ གཉན་བཙན་གྱིས་བཅོས་བསྒྱུར་མཛད་པའི་ལས་གཞི་འདི་ནི། རྣམ་དཔྱོད་ རྨད་དུ་བྱུང་བའི་མཛད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་པར་མ་ཟད། ཁོང་རྣམས་ཀྱིས་ལྷ་ཐོ་ཐོ་རི་གཉན་བཙན་གྱི་མཛད་པའི་རྒྱུན་བསྐྱངས་ཡོད་ པ་འདི་ཡང། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་དབུ་ཁྲིད་པའི་ཆོས་ ལུགས་བཅོས་བསྒྱུར་གྱི་ལས་གཞི་འདི་ལག་ལེན་གྱི་ཐོག་ནས་མ་ནོར་བ་ དང། ཡང་དག་པ་ཞིག་ཡིན་པའི་སྒྲུབ་བྱེད་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་ ཡོད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་གཉན་པོ་གསང་བ་ཞེས་ 1 ཆོས་རྒྱལ་མེས་པོ་རྣམ་གསུམ་ནི། དུས་རབས་བདུན་པ་དང། བརྒྱད་པ། དགུ་པ་བཅས་ སུ་རིམ་གྱིས་བྱོན་པའི་བོད་ཀྱི་བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང། ཆོས་རྒྱལ་ཁྲི་ སྲོང་ལྡེ་བཙན། ཆོས་རྒྱལ་ཁྲི་རལ་པ་ཅན་བཅས་བོད་ཀྱི་ལོ་རྒྱུས་ནང་ཤིན་ཏུ་མཚན་སྙན་ གྲགས་ཆེ་བའི་རྒྱལ་པོ་གསུམ་ཡིན། འདི་དག་གི་ངོ་སྤྲོད་རྒྱས་པ་ཆོས་རྒྱལ་སོ་སོའ་ཐད་ དུ་བཀོད་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 20 བཏགས་པའི་སྐུ་གསུང་ཐུགས་རྟེན་དེ་དག་ལ་ཐོག་མར་མཇལ་བའི་ སྐབས། བཙན་པོ་དགུང་ལོ་དྲུག་ཅུ་ཟིན་པའི་བགྲེས་སོང་ཞིག་ཏུ་གྱུར་ཡོད་ ཀྱང། ཁོང་གིས་སྐུ་གསུང་ཐུགས་རྟེན་དེ་དག་ལ་མཇལ་བའི་རྗེས། རྒྱུན་དུ་ ཡིད་ཆེས་རྩེ་གཅིག་གི་སྒོ་ནས་རྟེན་དེ་དག་ལ་མཆོད་བཀུར་དང་གསོལ་ འདེབས་ཞུ་གི་ཡོད་པར་བརྟེན། བཙན་པོ་རང་ཉིད་ཀྱི་དད་པའི་སྟོབས་དང་ སྐུ་གསུང་ཐུགས་རྟེན་དེ་དག་གི་བྱིན་མཐུ་ལ་བརྟེན་ནས། བཙན་པོའ་ལང་ བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཕོ་བྲང་དུ་གཉན་པོ་གསང་བ་ མཆོད་འབུལ་ཞུ་བཞིན་པ།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 21 ཚོ་སྔར་ལས་ཇེ་གཞོན་དུ་གྱུར་ཏེ། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་ ལོ་བརྒྱ་དང་ཉི་ཤ འི་བར་བདེ་སྐྱིད་ལྡན་པར་འཚོ་གནས་ཐུབ་པ་བྱུང་བ་རེད། རང་གི་མིག་མཐོང་ལ་གྲུབ་པའི་མྱོང་བ་མངོན་སུམ་པ་དེ་ལ་བརྟེན་ ནས། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་གཙོས་ཕོ་བྲང་ཕྱི་ནང་གི་མི་ མང་ཆེ་བའི་བསམ་པར། གཉན་པོ་གསང་བ་ཞེས་སུ་བཏགས་པའི་མཆོད་ གནས་སྐུ་གསུང་ཐུགས་ཀྱི་རྟེན་དེ་དག་ནི། ཤིན་ཏུ་ངོ་མཚར་ཅན་དང་ལྐོག་ གྱུར་གྱི་ནུས་པ་ཁྱད་པར་བ་ལྡན་པ་ཞིག་ཡིན་པར་ཡིད་ཆེས་ལྡོག་ཏུ་མེད་ པ་ཞིག་ཡོང་རྒྱུ་ཡིན་པ་སྨོས་མ་དགོས་པ་རེད། འདིའི་ཐད་དུ་༸གོང་ས་༸རྒྱལ་དབང་ལྔ་པ་ཆེན་པོས། ཕོ་བྲང་གི་ དཀོར་ཁང་དུ་མིང་གཉན་པོ་གསང་བར་བཏགས་ནས། མཆོད་པ་དང་ བཅས་ཏེ་བཞུགས་སུ་གསོལ་བའི་མཐུས། རྒྱལ་པོ་དགུང་ལོ་དྲུག་ཅུ་པ་སླར་ ན་ཚོད་དར་ལ་བབས་པའི་ལང་ཚོ་ལྟར་ཡ་མཚན་དུ་གྱུར་ཅིང། ཡོངས་སུ་ བསྒྲིལ་པས་ལོ་བརྒྱ་དང་ཉི་ཤ འི་བར་དུ་བཞུགས་སོ། །ཞེས་གསུངས་ཡོད་ པས། འདི་ནི་མིས་བསམ་ཚོད་ཀྱིས་བཟོས་པའི་ལྷ་སྒྲུང་ཞིག་མ་ཡིན་པ་ཡང་ གསལ་པོར་ཤེས་ཐུབ། གང་ལྟར་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་ལང་ཚོའི་འགྱུར་བ་གློ་ བུར་བ་འདི་ནི། གཉན་པོ་གསང་བ་ཞེས་པའི་སྐུ་གསུང་ཐུགས་རྟེན་དེ་དག་ ལ་ལྐོག་གྱུར་གྱི་ནུས་པ་དམིགས་བསལ་བ་ཞིག་ཡོད་པའི་མཚོན་རྟགས་ དང། བསྙོན་དུ་མི་རུང་བའི་སྒྲུབ་བྱེད་ནུས་པ་ལྡན་པ་ཞིག་ཡིན་ངེས་ཤིང། གནས་སྟངས་འདིའི་རྐྱེན་པས་སྐབས་དེའི་སྤྱི་ཚོགས་ནང་དུ། གཉན་པོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 22 གསང་བ་ཞེས་པའི་མཆོད་གནས་དེ་དག་གི་ཤ གས་རྐྱེན་དང། བག་ཆགས་ གཏིང་ཟབ་ཅིག་བཞག་ཡོད་པ་རང་བཞིན་གྱིས་ཚོད་དཔག་བྱེད་ཐུབ་པ་ ཞིག་ཡིན། ལྷག་པར་དུ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་མཚོན་ན། གཉན་ པོ་གསང་བར་མཆོད་བཀུར་ཞུས་པའི་ཕན་ཡོན་ནི། རང་ཉིད་ཀྱི་མི་ཚེའི་ མྱོང་བ་ལས་ཐོབ་པས། ལྐོག་གྱུར་གྱི་ནུས་པ་ལ་ཡིད་ཆེས་དང་དད་གུས་ སྔར་ལས་ཇེ་བརྟན་དུ་གྱུར་ཡོད་ལ། རང་གི་མི་ཚེའི་འགྱུར་བ་འདི་ལྟ་བུ་ ནི༑ སྟོབས་འབྱོར་དང་དབང་ཕྱུག་གཞན་གང་གིས་ཀྱང་ཡོང་མི་ཐུབ་པའི་ ངེས་ཤེས་གཏིང་ཟབ་རྙེད་ཡོད་པ་སྨོས་མ་དགོས་པ་རེད། བཙན་པོ་ཁོང་ལ་དངོས་ཡོད་ལག་ལེན་གྱི་ཐོག་ནས། མིའི་ནུས་པ་ རྐྱང་པ་ལ་བརྟེན་ནས་སྒྲུབ་མི་ཐུབ་པའི་ལས་དོན་ཆེ་ཆུང་མང་པོ་ཞིག་ ལྐོག་གྱུར་གྱི་ནུས་པ་ལ་གྲོགས་སུ་བཅོལ་བ་དང། ནུས་པ་མཉམ་སྤུངས་ ཀྱིས་སྒྲུབ་པ་ནི་རྨད་དུ་བྱུང་བའི་གནང་ཐབས་ཤིག་ཡིན་པའི་ངེས་ཤེས་ གཏིང་ཚུགས་པ་བྱུང་ཡོད་ལ། དངོས་བྱུང་མྱོང་བའི་ཐོག་ནས་ར་འཕྲོད་ གསལ་པོར་བྱུང་བའི་གནས་ཚུལ་འདི་ནི། ཁོང་གི་ཤ ལ་འཛིན་རྗེས་རབས་ པ་ཚོ་ལ། ཤིན་ཏུ་གཅེས་པའི་གདམས་ངག་གི་དྭངས་མའི་ཚུལ་དུ་གསོལ་ སྩལ་མཛད་ཡོད་པ་རེད།
23 མི་ཪབས་ཕྱི་མ་ཚོར་ཕན་ཐོགས་ཅན་གྱི་ ཞལ་གདམས་མཛད། ༄༅། །གཉན་པོ་གསང་བ་ཞེས་སུ་བཏགས་པའི་སྐུ་གསུང་ཐུགས་རྟེན་དེ་ དག་ཐོག་མར་བོད་དུ་གདན་འདྲེན་ཞུས་པའི་སྐབས། བོན་ལུགས་ལ་ཞེན་ ཆེ་བའི་བློན་པོ་རྣམས་དང། རྒྱལ་པོའ་སྐུ་གཤེན་སོགས་ཀྱིས་འགོག་རྐྱེན་ བྱ་རྒྱུ་ཡིན་པ་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་གསལ་པོར་མཁྱེན་ གྱི་ཡོད་པ་རེད། དེར་བརྟེན་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་བོན་ལ་ཞེན་ཆེ་ བའི་བློན་པོ་དེ་དག་གི་འགོག་རྐྱེན་ཟློག་ཐབས་གང་འདྲ་བྱ་དགོས་པའི་ཐད་ དགོངས་པ་ཞིབ་ཚགས་བཞེས་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་དགོངས་པ་གཏིང་ཟབ་བཞེས་ ཏེ༑ བོན་ལུགས་ལ་ཞེན་ཆེ་བའི་བློན་པོ་རྣམས་དང། སྐུ་གཤེན་ཚོ་གནམ་ སྔོན་པོ་ལ་དགའ་བའི་རྒྱུ་མཚན་དང་འབྲེལ་བ་བཏགས་ནས། གཉན་པོ་ གསང་བ་བྱ་བ་འདི་དག་ནམ་མཁའ་ནས་བབ་བོ། །ཞེས་ཕྱི་ལ་དྲིལ་བསྒྲགས་ མཛད་པ་ན། སྐུ་གཤེན་རྨུ་བོན་སྐྱོ་སོགས་ཀྱིས་ཀྱང་བཙན་པོའ ་དྲིལ་ བསྒྲགས་དེ་བདེན་པར་གོ་ནས། འདི་བོད་ཁམས་སུ་བོན་ལུགས་སྔར་ལས་ ཀྱང་དར་རྒྱས་ཆེན་པོ་ཡོང་བའི་རྟགས་ཡིན་ནོ། །ཞེས་དགའ་སྤྲོ་དང་བཅས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 24 ཁ་གཡང་སྒྲོགས་པ་ལས། ཐོག་མར་སྐུ་གསུང་ཐུགས་རྟེན་དེ་དག་ནི། བོད་ ལ་ཆོས་ལུགས་གསར་པ་ཞིག་ནང་འདྲེན་ཞུ་རྒྱུའི་འཆར་གཞི་དང་འབྲེལ་ བ་ཡོད་པར་དོགས་པ་བྱེད་མཁན་དང། ལས་གཞི་དེ་ལ་བཀག་འགོག་བྱེད་ མཁན་གཅིག་ཀྱང་མ་བྱུང་བ་རེད། འོན་ཀྱང་སྐབས་དེར་བོད་ལ་ཡི་གེ་འབྲི་བའི་སྲོལ་མ་དར་ཞིང། ལྟ་ གྲུབ་ཟབ་མོའ་ནང་དོན་ཅན་གྱི་ཆོས་ལུགས་དར་སྤེལ་ཐུབ་པའི་ཤེས་ཡོན་ གྱི་ཁོར་ཡུག་ཀྱང་མེད་པས། བཙན་པོའ་ཐུགས་དགོངས་ལ་ཡོད་པ་ལྟར་ དུས་ཚོད་ཐུང་ངུའི་ནང་སངས་རྒྱས་ཀྱི་བསྟན་པ་བོད་དུ་དར་སྤེལ་བྱེད་ཐུབ་ ཀྱི་མེད་པ་གསལ་པོ་ཡིན། དེར་བརྟེན་རིམ་གྱིས་གཉན་པོ་གསང་བ་ཞེས་པའི་སྐུ་གསུང་ཐུགས་ རྟེན་དེ་དག་གནམ་ནས་བབས་པ་ཞིག་མིན་པ་དང། བོན་ལུགས་དང་འབྲེལ་ བ་ཡོད་པ་ཞིག་དེ་བས་ཀྱང་མིན་པ་སྐུ་གཤེན་རྨུ་བོན་སྐྱོ་1སོགས་ཀྱིས་ཀྱང་ གསལ་པོར་ཤེས་རྟོགས་བྱུང་བར་མ་ཟད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ ལ་རྒྱ་གར་ནས་ཆོས་ལུགས་གསར་པ་ཞིག་ནང་འདྲེན་བྱ་རྒྱུའི་འཆར་གཞི་ ཡོད་པའི་གནས་ཚུལ་ཡོངས་གྲགས་སུ་གྱུར་པ་རེད། སྐབས་དེར་མང་ཉུང་ལ་མ་ལྟོས་པར་གྲལ་རིམ་མཐོ་དམན་ཀུན་གྱི་ 1 སྐུ་གཤེན་རྨུ་བོན་སྐྱོ་ནི། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་ཀྱི་བཙན་པོའ་སྐུ་གཤེན་ ཞིག་ཡིན་ལ། བཙན་པོའ་སྐུ་གཤེན་ཞེས་པ་ནི། བོད་དུ་བོན་ལུགས་དར་ཤ གས་ཆེ་བའི་ སྐབས་རྒྱལ་པོ་སོ་སོར་སྐུ་གཤེན་རེ་ཡོད་ལ། འདི་ནི་བོན་ལུགས་ཀྱི་ཆོ་ག་སོགས་ཀྱི་ ཐོག་ནས་བཙན་པོའ་སྲི་ཞུ་སྒྲུབ་མཁན་ཞིག་ཡིན།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 25 ནང་དུ། ཆོས་ལུགས་གསར་པ་ཞིག་ནང་འདྲེན་བྱ་རྒྱུར་འཐད་པ་མེད་ མཁན་གང་འཚམ་ཡོད་པར་མ་ཟད། དངོས་སུ་བཀག་འགོག་བྱེད་མཁན་ ཡང་མཚམས་མ་ཆད་པར་ཡོང་གི་ཡོད་པར་བརྟེན། བཙན་པོ་ལྷ་ཐོ་ཐོ་རི་ གཉན་བཙན་གྱིས་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་རུ་འཛིང་བ་ལྟ་བུའི་ གནས་སྟངས་འདིའི་འོག་ཏུ། རང་གི་སྐུ་ཚེའི་ནང་སངས་རྒྱས་ཀྱི་ཆོས་ ལུགས་བོད་དུ་ཁྱབ་སྤེལ་བྱ་རྒྱུ་དཀའ་ཁག་ཆེན་པོ་ཡིན་པ་གསལ་པོར་ མཁྱེན་གྱི་ཡོད་པ་རེད། འོན་ཀྱང་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་འགོག་རྐྱེན་དང་དཀའ་ ཁག་དེ་དག་ལ་ཐུགས་ཞུམ་པ་མེད་པའི་ཐོག རྒྱ་གར་ནས་ཕེབས་པའི་པཎྜི་ ཏ་དང་ལོ་ཙཱ་བའི་སྐུ་མདུན་ནས་གཉན་པོ་གསང་བའི་དགོངས་དོན་ལ་སློབ་ སྦྱོང་གནང་སྟེ། རང་གི་སྐུ་ཚེའི་ལྷག་མའི་ནང་ཆོས་ལུགས་གསར་པ་འདི་ལ་ གྲུབ་འབྲས་ཐོན་པའི་ཉམས་ལེན་མཛད་ཀྱི་ཡོད་པར་མ་ཟད། མ་འོངས་པར་ ཆོས་ལུགས་འདི་བོད་དུ་དར་འཕེལ་ཡོང་བ་ལ། ཕྱོགས་མང་པོ་ནས་ཁོར་ ཡུག་དང་ཆ་རྐྱེན་བསྐྲུན་པར་འབད་བརྩོན་ལྷོད་མེད་གནང་གི་ཡོད་པ་རེད། ལོ་རྒྱུས་ལ་འགན་ཁུར་ཏེ་མ་འོངས་པའི་མི་རབས་ཚོར་བདེ་སྐྱིད་ཀྱི་ གཞི་རྩ་བསྐྲུན་པ་དང། འབྱུང་འགྱུར་ལ་སྔོན་དཔག་བྱས་ཏེ་དམིགས་རྒྱང་ རིང་པོའ་ལས་འཆར་བསྒྲིགས་པ་ནི། གཟིགས་རྒྱང་ཡངས་ཤིང་རྣམ་དཔྱོད་ ལྡན་པའི་སྐྱེས་བུ་རླབས་ཆེན་ཚོའི་ཁྱད་ཆོས་ཤིག་ཡིན་པས། བཙན་པོ་ལྷ་ ཐོ་ཐོ་རི་གཉན་བཙན་གྱིས་རང་གི་མིག་སྔར་འགོག་རྐྱེན་གྱི་རྒོལ་འཛིངས་ ཇི་ཙམ་མང་པོ་ཡོད་མེད་ལ་མ་ལྟོས་པར། ལོ་རྒྱུས་ཀྱི་དུས་སྐབས་ཤིག་ལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 26 རང་གི་ཐུགས་རེ་དེ་མངོན་གྱུར་ཡོང་རྒྱུ་ཡིན་པར་ཡིད་ཆེས་མཛད་དེ། ཆོས་ ལུགས་གསར་པ་འདི་གནས་ས་དང་འཕེལ་སའི་ཁོར་ཡུག་ཅིག་གསར་ སྐྲུན་ཡོང་ཐབས་གནང་གི་ཡོད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་རང་གི་ཕུགས་འདུན་ད་ལྟར་ མངོན་གྱུར་མ་བྱུང་ཡང། སྤྱི་ཚོགས་དང་ཁོར་ཡུག་གི་གནས་སྟངས་ལ་རན་ པོ་བྱུང་བའི་སྐབས། ཆོས་ལུགས་གསར་པ་འདི་བོད་ཁམས་སུ་དར་རྒྱས་ ཡོང་ངེས་ཡིན་པའི་ཚོད་དཔག་གནང་སྟེ། མ་འོངས་པར་ངའི་གདུང་རབས་ ལྔ་པ་ན། གཉན་པོ་གསང་བའི་ནང་དོན་ཇི་བཞིན་རྟོགས་པ་འབྱུང་ཞིང། བོད་ཡུལ་དུ་གཉན་པོ་གསང་བའི་དགོངས་དོན་དར་འཕེལ་ཡོང་ངེས་ཡིན། ཞེས་ལུང་བསྟན་གྱི་ཚུལ་དུ་ཞལ་ཆེམས་ཀྱང་མཛད་ཡོད་པ་རེད། ཤིན་ཏུ་གཟིགས་རྒྱང་ཡངས་པའི་བཙན་པོའ་ཞལ་ཆེམས་འདི་ནི། ཚོད་ དཔག་གནད་དུ་འཁེལ་བ་ཞིག་ཏུ་གྱུར་ཡོད་པར་མ་ཟད། བཙན་པོ་ཁོང་ གིས་སྔོན་དཔག་མཛད་པ་ལྟར་དོན་དངོས་སུ་ཡང། བཙན་པོ་ཁོང་ཉིད་ ནས་བརྩིས་པའི་གདུང་རབས་ལྔ་པ་ན། བོད་ཁམས་སུ་ཆོས་སྲིད་ཀྱི་གནས་ སྟངས་ཡོངས་ལ་འགྱུར་བ་ཆེན་པོ་བྱུང་སྟེ། གཉན་པོ་གསང་བའི་དགོངས་ དོན་ལ་སློབ་སྦྱོང་བྱེད་པ་དང། གཉན་པོ་གསང་བའི་དགོངས་དོན་སྤྱི་ཚོགས་ ཡོངས་ལ་དར་འཕེལ་འགྲོ་བའི་འགོ་ཚུགས་ཐུབ་པ་བྱུང་བ་རེད། བཙན་པོ་རང་ཉིད་སྐུ་འཚོ་བཞིན་པའི་སྐབས་སུ་རང་ཉིད་ཀྱི་ཕུགས་ འདུན་མངོན་གྱུར་ཡོང་བའི་དོན་དུ། མངོན་གསལ་དང་མངོན་གསལ་མ་ ཡིན་པའི་ལས་གཞི་མང་པོ་ཞིག་མཚམས་མ་ཆད་པར་བརྩམས་ཡོད། ཕྱི་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 27 ནང་གི་འགོག་རྐྱེན་དང་གནོན་ཤ གས་ཇི་ཙམ་ཡོད་མེད་ལ་མ་ལྟོས་པར། བཙན་པོས་སྐུ་གསུང་ཐུགས་རྟེན་དེ་དག་ཕོ་བྲང་གི་དཀོར་ཁང་དུ་བཞུགས་ སུ་གསོལ་ཏེ། ང་ཡི་ཐུགས་དམ་གཉན་པོ་གསང་བ་ལ། །མཆོད་པ་གྱིས་ ཤིག་བསམ་དགུ་ལྷུན་གྱིས་འགྲུབ།། ཅེས་རང་གི་ཤ ལ་འཛིན་པ་ཚོར་སྐུ་ གསུང་ཐུགས་རྟེན་འདི་དག་ལ་མཆོད་བཀུར་དང། བདག་ཉར་གཅེས་སྐྱོང་ བྱ་དགོས་པའི་ཐུགས་རེས་ཞལ་ཆེམས་མཛད་པ་རེད། ལྷག་པར་དུ་བཙན་པོས་རང་གི་རྒྱལ་སྲིད་འཛིན་པའི་བུ་རྒྱུད་ཕྱི་མ་ དང། བློན་ཆེན་ནང་མའི་ཚོགས་ལ་ཆེད་དུ་དམིགས་ནས། ངའི་རྒྱུད་འཛིན་ པ་རྣམས་ཀྱིས་གཉན་པོ་གསང་བ་ལ་མཆོད་པ་ཕུལ་ཏེ། གསོལ་བ་ཐོབ་ བཙན་པོའ་ཕོ་བྲང་གི་ཕྱི་ནང་དུ་རྒྱལ་བློན་སྲས་དང་བཅས་པས་སྤང་སྐོང་ཕྱག་བརྒྱ་པ་སོགས་ ལ་མཆོད་འབུལ་ཞུ་བཞིན་པའི་རྣམ་པ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 28 ཅིག རང་གི་འདོད་པའི་དོན་ཐམས་ཅད་འབྱུང་བར་འགྱུར་རོ། །ཞེས་ བཙན་པོ་རང་ཉིད་ཀྱི་མྱོང་བ་ལ་གྲུབ་པའི་མན་ངག་ཞལ་གདམས་མཛད་ ཅིང། བཙན་པོའ་ཕོ་བྲང་ནས་མཆོད་པའི་རྒྱུན་གསར་འཛུགས་ཞུས་ཏེ། མི་རབས་ནས་མི་རབས་བར་གཏན་དུ་མཆོད་བཀུར་ཞུ་བའི་སྲོལ་གསར་ གཏོད་མཛད་ཡོད། བཙན་པོས་རང་ཉིད་སྐུ་གཤེགས་པའི་རྗེས་སུ། བོན་ཞེན་ཆེ་བའི་བློན་ པོ་རྣམས་ཀྱིས། གཉན་པོ་གསང་བའི་མཆོད་གནས་དེ་དག་རྒྱུན་གནས་ མི་ཐུབ་པའི་འགོག་རྐྱེན་སྣ་ཚོགས་བྱ་རྒྱུའི་ཉེན་ཁ་གཟིགས་ཀྱི་ཡོད་སྟབས། དབོན་སྲས་ཚོར་མཆོད་གནས་དེ་དག་སྲུང་སྐྱོབ་འཐུས་ཤོར་མེད་པར་ བྱ་དགོས་པ་དང། དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་གནས་སྟངས་ལ་ གཞིགས་ཏེ། གཉན་པོ་གསང་བའི་དགོངས་དོན་མངོན་གྱུར་ཡོང་ཐབས་ཀྱི་ ལམ་སྟོན་རིམ་པ་མཛད་ཡོད་པ་རེད།
29 སྨན་གཞུང་དང་དཔྱད་ཀྱི་ལག་ཐབས་དར་སྤེལ། ༄༅། །བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་སྐུ་ན་གཞོན་པའི་སྐབས། བོད་དུ་སྨན་གྱི་རིག་གནས་འཐུས་སྒོ་ཚང་བ་ཞིག་མེད་པར་མ་ཟད། ནད་ གསོ་བའི་ཤེས་བྱ་དང་ལག་ཐབས་གཉིས་ཀ་ཤིན་ཏུ་ཞན་པས། བུ་ན་བའི་ སྐབས། ཕ་མས་བུ་ཁང་པའི་ཕྱིར་འདོན་པ་དང། ཕ་མ་ན་བའི་སྐབས། བུས་ཕ་མ་ཁང་ཁྱིམ་གྱི་ཕྱིར་བཏོན་ཏེ། ནང་མི་གཞན་དག་ལ་ནད་གྲིབ་མི་ ཕོག་པ་གཙོར་འདོན་བྱེད་པའི་གོམས་སྲོལ་ཞིག་ཡོད་པ་རེད། སྐབས་དེར་བོད་ཡུལ་དུ་དར་བའི་བྱ་སྤྱོད་ཆོས་དང་འཇིག་རྟེན་གང་གི་ ལུགས་སྲོལ་དང་ཡང་མི་མཐུན་པའི་གོམས་གཤིས་འདི་རིགས་ནི། དེ་དུས་ ཀྱི་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། ཀུན་ལ་དར་ཁྱབ་ཏུ་ཕྱིན་པའི་རྒྱུན་ལྡན་ གྱི་འཚོ་བའི་སྤྱོད་ཚུལ་ཞིག་ཡིན་པ་ལས། གདུག་རྩུབ་ཆེ་བའི་གོམས་སྲོལ་ ངན་པ་འདི་ལ་འགྱུར་བ་གཏོང་དགོས་པ་བསམ་བློའ་ཟུར་ལ་ཡང་འཁོར་གྱི་ མེད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་བོད་ཀྱི་གོམས་སྲོལ་འདི་བཟང་ པོ་ཞིག་ཏུ་གཏན་ནས་གཟིགས་ཀྱི་མེད་ཀྱང། གློ་བུར་དུ་འགྱུར་བ་གཏོང་ བའི་གནང་ཐབས་འོས་འཚམ་ཞིག་རག་གི་མེད། དུས་སྐབས་དེ་འདྲ་ཞིག་ལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 30 ཡུལ་ནུབ་ཕྱོགས་ཀྱི་རྒྱལ་ཁབ་པདྨའི་གླིང་བྱ་བ་ན། བི་བྱི་དགའ་བྱེད་བྱ་བ་ དང་བི་ལ་དགའ་མཛེས་མ་ཞེས་བྱ་བ་སྨན་གྱི་རིག་གནས་ལ་ཤིན་ཏུ་མཁས་ ཤིང། དཔྱད་ཀྱི་ལག་ཐབས་ལ་ཡང་བྱང་ཆ་ལྡན་པའི་བྱམས་བརྩེ་ཅན་གྱི་ སྨན་པ་ལྕམ་སྲིང་གཉིས་ཡོད། སྨན་པ་ལྕམ་སྲིང་འདི་གཉིས་རིམ་གྱིས་རྒྱ་ གར་ཤར་ནུབ་དང། ལི་ཡུལ། བལ་ཡུལ་སོགས་ཡུལ་ལུང་མང་པོར་སྐོར་ སྐྱོད་བྱས་ཏེ། སྨན་གྱི་རིག་གནས་དར་སྤེལ་མཛད་ཅིང། ནད་ཀྱིས་མནར་ བའི་སྐྱེ་བོ་མང་པོར་སྨན་བཅོས་མཛད་བཞིན་ཡོད་པ་རེད། སྨན་པ་ལྕམ་སྲིང་འདི་གཉིས་ཡུལ་ལུང་མང་པོ་བསྐོར་བའི་མཐའ་མ་ བོད་ཡུལ་དུ་བྱོན། ཉིན་ཞིག་ཁོང་ལྕམ་སྲིང་གཉིས་བོད་ཀྱི་གྲོང་འདབས་ ཤིག་ཏུ་སླེབས་པ་ན། བུ་མོ་ལོ་ན་ཉི་ཤ ་ཡས་མས་ཅན་ཞིག་གིས་བུད་མེད་ ནད་པ་བགྲེས་སོང་ཞིག་རྒྱབ་ཏུ་ཁུར་ཡོང་ནས་སྒོར་བཞག་སྟེ། མོ་རང་ཕྱིར་ ནང་དུ་ཕྱིན་པ་མཐོང་བ་རེད། ལྕམ་སྲིང་དེ་གཉིས་བུ་མོ་ན་གཞོན་དེའི་སྤྱོད་ ཚུལ་དེ་ལ་ཤིན་ཏུ་ཡ་མཚར་བར་གྱུར་ཏེ། བུ་མོ་དེའི་འཁྲིས་སུ་ཕྱིན། ཁྱེད་ ཀྱིས་ཁང་པའི་ཕྱིར་བཏོན་པའི་བགྲེས་སོང་འདི་སུ་ཡིན་ནམ། ཞེས་དྲིས་ པར། བུ་མོ་དེས། བགྲེས་སོང་འདི་བདག་གི་ཨ་མ་ཡིན། འོན་ཀྱང་ད་ལྟར་ ནད་པར་གྱུར་ཡོད་པ་རེད་ཟེར། སྨན་པ་ལྕམ་སྲིང་གཉིས་ཀྱིས་མུ་མཐུད་དེ། འོ་ན་ཁྱོད་ཀྱིས་ཨ་མའི་ ན་ཚ་ལ་སྨན་བཅོས་མི་བྱེད་པར། ཁང་པའི་ཕྱི་ལ་བཏོན་པས་ཅི་བྱེད། ཅེས་ དྲིས་པར། བུ་མོ་དེས། ངའི་ཨ་མ་ཡིན་ཡང་ནད་ཀྱིས་ཟིན་ན། ཁང་པའི་ཕྱིར་ འདོན་དགོས་པ་ང་ཚོ་བོད་ཀྱི་ལུགས་སྲོལ་ཡིན། ང་ལ་དེ་ལས་ལྷག་པའི་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 31 ཐབས་གང་ཡང་མེད། གལ་སྲིད་ང་ན་བ་ཡིན་ན་ཡང་ཨ་མས་ང་ཁང་པའི་ཕྱི་ ལ་འདོན་པ་ལས་ཐབས་གཞན་མེད། ཅེས་ལན་བཏབ། སྨན་པ་ལྕམ་སྲིང་གཉིས་སྤྱོད་ཚུལ་འདི་ལ་སེམས་ཤིན་ཏུ་སྐྱོ་བར་གྱུར་ ཏེ། ཁྱེད་ཅག་བོད་ཀྱི་ལུགས་ལ་ནད་པ་ཡོད་ཚད་ཁང་པའི་ཕྱི་ལ་འདོན་པ་ ཡིན་ནམ། ཞེས་དྲིས་པར། བུ་མོ་དེས། རེད། ང་ཚོ་བོད་ཀྱི་ལུགས་ལ་ཁྱིམ་ གྱི་བུ་ན་ན། ཕ་མས་ཁང་པའི་སྒོར་འདོན་པ་དང། ཁྱིམ་གྱི་ཕ་མ་ན་ན། བུས་ ཕ་མ་ཁང་པའི་སྒོར་འདོན་པ་ཡིན། ཞེས་ལན་བཏབ། འདི་ནི་སྐབས་དེའི་ བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་འཚོ་བའི་གནས་སྟངས་ཤིག་རེད། ཆོས་ལུགས་དང་རིག་གནས་དར་ཞིང། ཡ་རབས་སྤྱོད་བཟང་ལྡན་ པའི་ཡུལ་ཁམས་ཤིག་གི་མིས་བལྟས་ན། རྒན་རབས་ལ་སྲི་ཞུ་དང་བཀུར་ བསྟི་མེད་པའི་བྱེད་སྟངས་འདི་ལྟ་བུ་ནི། མི་ཆོས་ལས་འདས་པའི་སྤྱོད་ ལམ་གདུག་རྩུབ་ཅན་ཞིག་ཏུ་མཐོང་ངེས་པར་སྨོས་མ་དགོས་ཀྱང། སྐབས་ དེའི་བོད་ཁམས་ཀྱི་དངོས་ཡོད་འཚོ་བའི་གོམས་སྲོལ་དེ་ལྟར་ཡིན་པས། བུ་མོ་དེས་ཀྱང་ནད་ཀྱིས་ཟིན་པའི་དྲིན་ཅན་མ་རྒན་ཁང་པའི་ཕྱིར་འདོན་ པ་ལས། མོ་ལ་བྱེད་ཐབས་གཞན་གང་ཡང་མེད་པ་རེད། བུ་མོ་དེས་རང་གི་ཨ་མ་བགྲེས་སོང་ཁང་པའི་ཕྱི་ལ་བཏོན་ནས་འཇོག་ པའི་སྐབས། བཅའ་དངོས་ཤིག་ཕྱི་ལ་བཞག་པའི་སྣང་བ་མ་གཏོགས། མོའ་ ལུས་སྟེང་ལ་བྱེད་སྟབས་མ་བདེ་བའི་རྣམ་འགྱུར་གཏན་ནས་མངོན་གྱི་མེད་ པར་མ་ཟད། དེ་ནི་རང་གིས་ངེས་པར་བསྒྲུབ་དགོས་པའི་ལས་འགན་ཞིག་ ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ནི། སྨན་པ་ལྕམ་སྲིང་གཉིས་ཡིད་སྐྱོ་བ་དང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 32 ཡ་མཚར་བའི་རྒྱུ་མཚན་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་རེད། གང་ལྟར་སྐབས་དེ་འདྲ་ཞིག་ལ་བོད་ཡུལ་དུ་སྟེས་དབང་གིས་སྨན་ པ་ལྕམ་སྲིང་དེ་གཉིས་བྱོན་པ་རེད། བོད་དུ་སྨན་པ་ལྕམ་སྲིང་གཉིས་བྱོན་ འདུག་ཅེས་པའི་གཏམ་དེ། རིམ་གྱིས་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ གྱི་སྙན་དུ་སོན་པ་རེད། བཙན་པོས་གཏམ་དེ་གསན་མ་ཐག བོད་ཀྱི་ གདུག་རྩུབ་ཅན་གྱི་གོམས་སྲོལ་ལ་འགྱུར་བ་གཏོང་བའི་ཐབས་ལམ་ཞིག་ རྙེད་བྱུང་སྙམ་པའི་སྤྲོ་བ་དང་བཅས། འཕྲལ་དུ་བློན་པོ་མངགས་ནས་སྨན་ པ་ལྕམ་སྲིང་དེ་གཉིས་རྒྱལ་པོའ་ཕོ་བྲང་ཡུམ་བུ་བླ་མཁར་དུ་གདན་འདྲེན་ ཞུས། སྨན་པ་ལྕམ་སྲིང་གཉིས་ཁྲི་མཐོན་པོར་བཞུགས་སུ་གསོལ་ཏེ། ཆེ་ བསྟོད་དང་བསྙེན་བཀུར་རྒྱ་ཆེན་པོས་ལྕམ་སྲིང་གཉིས་ཡིད་མགུ་བར་ མཛད་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་སྨན་པ་ལྕམ་སྲིང་བློན་པོའ་ ཚོགས་བཅས་ཀྱིས་བཀའ་མོལ་སྣ་ཚོགས་གནང་བའི་འཕྲོས་སུ། སྨན་པ་ བི་བྱི་དགའ་བྱེད་བྱ་བས་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་ལ་གུས་པའི་ ཉམས་དང་བཅས། བོད་ཀྱི་གོམས་སྲོལ་ལ་ཁྱིམ་གྱི་ཕ་མ་ན་བའི་སྐབས་ བུ་ཕྲུག་གིས་ཕ་མར་སྨན་བཅོས་མི་བྱེད་པར། ཕ་མ་ཁྱིམ་གྱི་ཕྱིར་བཏོན་ ནས་ཤི་སྒུག་བྱེད་ཀྱི་འདུག བྱེད་སྟངས་འདི་ནི་སེམས་ཀྱིས་མི་བཟོད་ པའི་གོམས་སྲོལ་གདུག་རྩུབ་ཅན་ཞིག་རེད། ཅེས་བཤད། བཙན་པོས། ངེད་ཅག་བོད་ཀྱི་ཡུལ་འདིར་ཤེས་རིག་སྤྱི་དང། ལྷག་ པར་དུ་སྨན་གྱི་རིག་གནས་དང་བཅོས་ཐབས་དར་ཁྱབ་བྱུང་མེད། དེར་
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 33 བརྟེན་ཁྱེད་ལྕམ་སྲིང་གཉིས་ལ་གཟིགས་ཚུལ་བྱུང་བ་ལྟར། ངེད་ཅག་བོད་ ཀྱི་ཡུལ་དུ་ཁྱིམ་གྱི་ཕ་མ་དང་བུ་ཕྲུག་རྣམས་མ་ཤི་གསོན་བྲལ་བྱ་བ་དང། དུས་མིན་གྱི་འཆི་སྐྱོན་མང་བ་སོགས་ཀྱི་དཀའ་ཁག་རྒྱུན་མི་ཆད་པར་ཡོང་ གི་ཡོད། ལྷག་པར་དུ་ནད་པ་ཁྱིམ་གྱི་ཕྱི་ལ་བཏོན་ནས་བཞག་སྟེ། ཤི་སྒུག་ བྱེད་ཀྱི་ཡོད་པ་འདི་གོམས་སྲོལ་བཟང་པོ་ཞིག་གཏན་ནས་མིན་ལ། ཤིན་ ཏུ་གདུག་རྩུབ་ཆེ་བའི་བྱ་སྤྱོད་ཅིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད། འོན་ ཀྱང་ད་བར་གོམས་སྲོལ་ངན་པ་གདུག་རྩུབ་ཅན་འདི་ལ་བསྒྱུར་བཅོས་བྱ ད་ པའི་ཐབས་ལམ་འོས་འཚམ་ཞིག་མ་རྙེད་པས་ལྷག ཁྱེད་སྨན་པ་ལྕམ་སྲིང་ གཉིས་བོད་དུ་རྒྱུན་བཞུགས་གནང་སྟེ། སྨན་གྱི་རིག་གནས་དང་ལག་ཐབས་ སློབ་སྤེལ་ཡོང་བའི་སྐྱབས་འཇུག་ཅིས་ཀྱང་ཡོང་བར་ཞུ། ཞེས་བཙན་པོ་ལྷ་ ཐོ་ཐོ་རི་གཉན་བཙན་གྱིས་ནན་ཏན་ཆེན་པོས་གསུངས་པ་རེད། བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས་ཡོན་ཏན་ཅན་གོང་དུ་བཀུར་བ་ དང། བོད་ཁམས་སུ་སྨན་གྱི་རིག་གནས་དང་ལག་ཐབས་དར་སྤེལ་བྱས་ཏེ། ཡུལ་ཁམས་བདེ་སྐྱིད་ལྡན་པར་གནང་རྒྱུའི་དགོངས་པ་རྒྱ་ཆེར་བཞེས་བཞིན་ པ་ལ། སྨན་པ་ལྕམ་སྲིང་དེ་གཉིས་ཡིད་མགུ་ཆེན་པོ་བྱུང་བར་བརྟེན། ལྕམ་ སྲིང་གཉིས་ཀྱིས་བཙན་པོའ་བཀའ་དགོངས་འཕྲལ་དུ་དང་ལེན་ཞུས་ཏེ། སྨན་ པ་ལྕམ་སྲིང་གཉིས་བོད་དུ་རྒྱུན་བཞུགས་བྱ་རྒྱུ་དང། སྨན་གྱི་ལག་ཐབས་དང་ རིག་གནས་དར་སྤེལ་གང་ནུས་ཞུ་རྒྱུ་ཁས་ལེན་ཞུས་པ་རེད། སྐབས་དེར་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱིས། སྨན་པ་ལྕམ་སྲིང་ གཉིས་ཀྱིས་བོད་དུ་ནད་པར་སྨན་བཅོས་བྱས་པ་ཙམ་མ་ཡིན་པར། སྨན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 34 པ་ལྕམ་སྲིང་གཉིས་བཞུགས་པའི་གོ་སྐབས་དང་བསྟུན་ནས། བོད་མི་ གཞོན་སྐྱེས་ཁྲོད་ནས་ཡོན་ཏན་ཅན་གསོ་སྐྱོང་བྱ་དགོས་པ་གལ་གནད་ ཆེན་པོར་གཟིགས་ཏེ། སྨན་པ་ལྕམ་སྲིང་གཉིས་ལ་མཐུན་རྐྱེན་དང་དགོས་ མཁོ་གང་མཆིས་ཐུགས་འདུན་ལྟར་སྒྲུབ་ཀྱི་ཡོད་པར་མ་ཟད། བི་བྱི་ དགའ་བྱེད་བྱ་བ་ལ་ལྷ་ལྕམ་ཡིད་ཀྱི་རོལ་ཆ་ཞེས་པའི་བོད་ཀྱི་གཞོན་ནུ་མ་ མཛེས་མ་ཞིག་བཙུན་མོར་ཕུལ་ཏེ། བོད་ལ་སྨན་པའི་རིགས་རྒྱུད་འཁྲུངས་ ཐབས་གནང་བ་རེད། དུས་ཡུན་རིང་པོར་མ་འགོར་བར་སྨན་པ་བི་བྱི་དགའ་བྱེད་དང་ལྷ་ ལྕམ་ཡིད་ཀྱི་རོལ་ཆ་ གཉིས་ལ། སྲས་དུང་གི་ ཐོར་ཅོག་ཅན་ཞེས་པ་ ཞིག་འཁྲུངས་པ་རེད། སྲས་དུང་གི་ཐོར་ཅོག་ ཅན་ཆེར་སྐྱེས་པ་ན་ཡབ་ བི་བྱི་དགའ ་ བྱེད་ཀྱིས་ རེག་པ་རྩའི་མདོ་དང། འཚོ་བ་ཟས་ཀྱི་མདོ། སྦྱོར་བ་སྨན་གྱི་མདོ། གཏར་ སྲེག་དཔྱད་ཀྱི་མདོ། རྨ་ཆས་བཟོ་ཡི་མདོ་བཅས་སྨན་དཔྱད་འཚོ་བའི་ མདོ་ལྔ་དང། དེ་དག་གི་འགྲེལ་བཤད། ཁོག་འབུབ་ས་བཅད་ལག་ལེན་ དང་བཅས་པ་བསླབས་ཏེ། རིག་གནས་སྤྱི་དང་སྨན་གྱི་སློབ་ཁྲིད་རྒྱ་ཆེར་ མཛད་པ་རེད། སྨན་པས་ནད་པའི་ལག་རྩར་བརྟག་བཞིན་པའི་ཚུལ།
བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན། 35 ཡབ་ཡུམ་གཉིས་ཀྱི་སློབ་གསོ་བཟང་པོའ་མཐུ་ལ་བརྟེན་ནས། སྲས་ དུང་གི་ཐོར་ཅོག་ཅན་སྐུ་ན་གཞོན་དུས་ནས་སྨན་དཔྱད་ཀྱི་གཞུང་ལུགས་ དང། ལག་ལེན་གཉིས་ ཀ་ལ་ཤིན་ཏུ་མཁས་པར་ གྱུར། བོད་མི་ཞིག་སྨན་ གྱི་རིག་གནས་ལ་མཁས་ པར་གྱུར་པའི་ཐོག་མ་ནི་ སྲས་དུང་གི་ཐོར་ཅོག་ ཅན་ཡིན་པ་དང། དུས་ དེ་ནས་བཟུང་སྟེ་བོད་ ཡུལ་དུ་སྨན་གྱི་ལག་ཐབས་ཐར་ཐོར་དང། ཁ་རྒྱུན་གྱི་བཤད་སྲོལ་ཐོར་བུ་ རེ་ཡོད་པ་ཙམ་མ་ཡིན་པར། སྨན་གྱི་གཞུང་ལུགས་དང་རིག་གནས་འཕེལ་ བའི་འགོ་ཚུགས་པས། བཙན་པོ་འདིའི་རིང་བོད་དུ་གཞུང་ལུགས་ལ་བརྟེན་ པའི་ནད་བཅོས་ལག་ཐབས་དར་ཁྱབ་ཏུ་གྱུར་པ་རེད། སྨན་པས་ནད་པའི་ཆུ་རྟགས་ལ་ ཞིབ་འཇུག་གནང་བཞིན་པ།
གཉིས་པ། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན།
39 བཙན་པོ་གནམ་རི་སྲོང་བཙན་གྱི་ངོ་སྤྲོད། ༄༅། །བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་ གཟིགས་དང། ཡུམ་སྟོང་བཙུན་འབྲོ་དཀར་གཉིས་ཀྱི་སྲས་སུ་ཕྱི་ལོ་ དུས་རབས་དྲུག་པའི་ནང་དུ་སྐུ་འཁྲུངས། སྐབས་དེར་བོད་ཀྱི་བཙན་ པོའ ་སྲིད་གཞུང་གི་ལྟེ་གནས་ནི། ལྷོ་ཁའི་ཕྱོགས་སུ་གནས་བཅས་པའི་ སྐབས་ཡིན་ལ། བོད་བཙན་པོའ ་སྲིད་གཞུང་གི་སྟོད་ཕྱོགས་སུ་ཞང་ཞུང་ དང། བར་དུ་གཙང་། དབུས་སུ་ཟིང་པོ། སྨད་དུ་སུམ་པ་བཅས་རྒྱལ་ཕྲན་ དུ་མར་འཐོར་ནས་ཡོད་པའི་སྐབས་ཤིག་ཀྱང་ཡིན། བཙན་པོ་གནམ་རི་སྲོང་བཙན་ནི། སྐུ་ན་གཞོན་དུས་ནས་བློ་རིག་བཀྲ་ ཞིང་དཔའ་མཛངས་ལྡན་པ་ཞིག་དང། དམག་དོན་དང་འཐབ་རྩལ་སོགས་ ལ་ཤིན་ཏུ་མཁས་པ་ཞིག་ཡིན་པར་མ་ཟད། མིག་རྒྱང་རིང་པོ་གཟིགས་ཐུབ་ པའི་ཆབ་སྲིད་མཁས་ཅན་གྱི་བཙན་པོ་མཁྱེན་རྒྱ་ཅན་ཞིག་ཀྱང་ཡིན། བཙན་པོ་འདིས་ཐོག་མར་བོད་ཀྱི་རྒྱལ་སྲིད་ཀྱི་ཐུགས་འགན་བཞེས་ པའི་སྐབས། བོད་ཁམས་ནི་སྟོབས་མེད་ཉམས་ཞན་གྱི་ལུང་པ་ཆུང་ཆུང་ཞིག་ ཡིན་ཡང། བཙན་པོ་ཁོང་གིས་རང་ཉིད་ཀྱི་དཔའ་རྩལ་དང། དམག་གི་སྟོབས་ ཤགས་བཅས་ལ་བརྟེན་ནས། བོད་ཀྱི་མངའ་ཐང་རྒྱ་སྐྱེད་མཛད་པས། བཙན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 40 པོའ་ཆབ་སྲིད་གནམ་ལས་ཀྱང་མཐོ། དབུ་རྨོག་རི་ལས་ཀྱང་བཙན། ཞེས་ བློན་པོའ་ཚོགས་ཀྱིས་བསྔགས་བརྗོད་ཞུས་ཏེ། གནམ་རི་སྲོང་བཙན་ཞེས་ པའི་མཚན་བསྟོད་ཕུལ་བས། བཙན་པོ་འདིའི་མཚན་ལ་གནམ་རི་སྲོང་བཙན་ ཞེས་གྲགས་པ་ཡིན།
41 ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་པ། ༄༅། །ཡབ་སྟག་རི་གཉན་གཟིགས་ 1ཀྱི་སྐུ་དུས་སུ། ལྷོ་ཁའི་ཉེ་ལོགས་ ན་ཡོད་པའི་ཟིང་པོ་རྗེ་སྟག་སྐྱ་བོ་དང། ཁྲི་པང་སུམ་ཞེས་པའི་རྒྱལ་ཕྲན་ རྣམས་ནང་མ་འཆམ་པར་དཀའ་རྙོག་སྣ་ཚོགས་འབྱུང་བཞིན་པའི་གོ་སྐབས་ དང་བསྟུན་ནས། སྟག་རི་གཉན་གཟིགས་ཀྱིས་ཟིང་པོ་རྗེ་སྟག་སྐྱ་བོའ་བློན་ པོ་དབའ་དབྱི་ཚབ་དང། མྱང་ཙེང་སྐུ། མནོན་འདྲོན་པོ་ 2སོགས་ཀྱི་དགོས་ 1 རྒྱལ་པོ་སྟག་རི་གཉན་གཟིགས་ནི། བོད་ཀྱི་རྒྱལ་ཐོག་སོ་གཅིག་པ་ཡིན་ཞིང། ཡུམ་གྱི་ མངལ་ནས་ཐོག་མར་འཁྲུངས་པའི་དུས་ནས་བཟུང་མིག་གིས་མི་མཐོང་བའི་དམུས་ལོང་ ཞིག་ཡིན་པས། གཞོན་དུས་ཀྱི་མཚན་ལ་དམུས་ལོང་དཀོན་པ་བཀྲ་ཤིས་ཞེས་ཟེར། ཕྱིས་ སུ་ཡབ་ཀྱི་ཞལ་ཆེམས་ལྟར་འ་ཞའི་ཡུལ་ནས་སྨན་པ་མཁས་པ་གདན་དྲངས་ཏེ། སྤྱན་ལ་ སྨན་བཅོས་ཞུས་པས་སྤྱན་གྱིས་གཟིགས་ཐུབ་པ་བྱུང་ལ། དེ་ཡང་ཐོག་མར་སྟག་རིའི་ངོས་ སུ་གཉན་ཞིག་འགྲོ་བཞིན་ཡོད་པ་གཟིགས་པས། མཚན་ལ་ཡང་སྟག་རི་གཉན་གཟིགས་ ཞེས་སུ་གྲགས་པ་ཡིན། 2 དབའ་དབྱི་ཚབ་དང། མྱང་ཙེང་སྐུ། མནོན་འདྲོན་པོ་རྣམས་ཟིང་པོ་རྗེ་སྟག་སྐྱ་བོའ་བློན་པོ་ ཡིན་ཡང། ཟིང་པོ་རྗེ་སྟག་སྐྱ་བོ་ནི་ལས་དོན་གང་བྱས་ཐམས་ཅད་བདེན་རྫུན་དང་བཟང་ ངན་གོ་ལྡོག་ནས་བྱེད་མཁན་གྱི་རྒྱལ་པོ་ཐ་ཤལ་ཞིག་ཡིན་པས། དབའ་དབྱི་ཚབ་སོགས་ བློན་པོ་རྣམ་དཔྱོད་ལྡན་པ་མང་ཆེ་བ་ཟིང་པོ་རྗེ་སྟག་སྐྱ་བོ་ལ་ཞེན་པ་ལོག་ནས། བོད་ཀྱི་ རྒྱལ་པོ་དང་གསང་བའི་མཉམ་འབྲེལ་བྱས་ཏེ། ཟིང་པོ་རྗེ་སྟག་སྐྱ་བོ་ལ་ངོ་ལོག་བྱེད་མཁན་ གཙོ་བོ་རྣམས་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 42 འདུན་ལྟར་ཁོང་ཚོ་དང་གསང་བའི་འབྲེལ་བ་བཟུང་སྟེ། རྒྱལ་ཕྲན་དེ་དག་ བོད་ཀྱི་བཙན་པོའ་དབང་འོག་ཏུ་ལེན་རྒྱུའི་གྲོས་མཐུན་བཞག་པར་མ་ཟད། ལས་དོན་འདིའི་དོན་དུ་གསང་བའི་ཚོགས་འདུ་ཡང་སྔ་ཕྱི་མང་པོ་འཚོགས་ མྱོང་བ་རེད། བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་གློ་བུར་དུ་སྐུ་གཤེགས་པས། ཟིང་པོ་རྗེ་སྟག་སྐྱ་བོ་ལ་ངོ་ལོག་པའི་བློན་པོ་དབའ་དབྱི་ཚབ་སོགས་ཀྱི་ དགོས་འདུན་ལྟར། བཙན་པོ་སྟག་རི་གཉན་གཟིགས་ཀྱི་སྐུ་དུས་སུ་མཐའི་ རྒྱལ་ཕྲན་དེ་དག་བོད་བཙན་པོའ་མངའ་ཁོངས་སུ་བསྡུ་ཐུབ་པ་བྱུང་མེད། དེར་བརྟེན་དབའ་དབྱི་ཚབ་སོགས་ལ་རེ་ཞིག་བོད་ཀྱི་ཕྱོགས་ནས་རྒྱབ་ དཔུང་བརྟེན་ས་མེད་པར་གྱུར་ཏེ། རྒྱལ་ཕྲན་དེ་རྣམས་བོད་ཀྱི་མངའ་འོག་ཏུ་ བསྡུ་བའི་ལས་གཞི་རང་བཞིན་གྱིས་འཕྲོ་ལུས་སུ་གྱུར་པ་རེད། དབའ་དབྱི་ཚབ་དང་མྱང་ཙེང་སྐུ།
བཙན་པོ་གནམ་རི་སྲོང་བཙན། 43 བོད་ཀྱི་བཙན་པོ་སྟག་རི་གཉན་གཟིགས་ཆབ་སྲིད་ཀྱི་མདུན་ལྗོངས་ ཡངས་པོར་སྐྱོད་བཞིན་པའི་སྐབས་ཤིག་ལ། སུ་གཅིག་གིས་ཀྱང་བསམ་ བློའ་ནང་གྲ་སྒྲིག་མེད་པར་གློ་བུར་དུ་སྐུ་གཤེགས་པར་བརྟེན། བོད་ཀྱི་ མངའ་ཐང་རྒྱ་སྐྱེད་སོགས་ཀྱི་བྱ་བ་ལ་དོ་ཕོག་ཚབས་ཆེན་བྱུང་ཡོད་པ་སྨོས་ མ་དགོས་ཀྱང། སྟག་རི་གཉན་གཟིགས་ཀྱིས་རང་ཉིད་ལ་ཆག་སྒོ་ཅི་རིགས་ འབྱུང་སྲིད་པར་སྔོན་དཔག་བྱས་ཏེ། ལས་དོན་མང་པོ་ཞིག་སྡུག་ས་ནས་ བསམ་བློ་བཏང་སྟེ་གྲ་སྒྲིག་བྱས་ཡོད་པ་རེད། བཙན་པོ་སྟག་རི་གཉན་ གཟིགས་ཀྱིས། རང་གི་རྒྱུན་ འཛིན་པ་སྲས་གནམ་རི་སྲོང་ བཙན་ལ་གཞོན་དུས་ནས་ཆབ་ སྲིད་དང། འཛིན་སྐྱོང། དམག་ དོན་བཅས་ཀྱི་སྦྱོང་བརྡར་སྤྲད་ ཡོད་པར་མ་ཟད། ནམ་ཞིག་ བཙན་པོ་རང་ཉིད་ཀྱི་སྐུ་ཚེ་ལ་ གློ་བུར་བའི་བར་ཆད་བྱུང་བ་ ཡིན་ན། སྲས་གནམ་རི་སྲོང་ བཙན་གྱིས་ཆབ་སྲིད་ཀྱི་ཐུགས་ འགན་བཞེས་དགོས་པ་དང། ཕྱོགས་མཐའི་རྒྱལ་ཕྲན་རྣམས་ གནམ་རི་སྲོང་བཙན་སྐུ་ན་གཞོན་དུས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 44 ཀྱི་གསང་བའི་མི་སྣ་ཚོ་ལ་འབྲེལ་ལམ་རྒྱུན་འཛིན་བྱེད་ཕྱོགས་ཀྱི་ལམ་སྟོན་ བཅས་ཞིབ་ཕྲ་མཛད་ཡོད། གནམ་རི་སྲོང་བཙན་ 3 ལ་མཚོན་ན། རང་གི་ཡབ་གློ་བུར་དུ་སྐུ་ གཤེགས་པ་ནི་བསམ་ཡུལ་ན་མེད་པའི་གནས་ཚུལ་གློ་བུར་བ་ཞིག་ཡིན་ པར་མ་ཟད། དང་ལེན་དཀའ་བའི་སེམས་སྡུག་ཟབ་མོ་ཞིག་ཡིན་པ་སྨོས་ མ་དགོས་ཀྱང། སྐུ་ན་གཞོན་དུས་ནས་ཡབ་ཀྱིས་རྒྱལ་ཁབ་སྐྱོང་སྟངས་ ཀྱི་སྦྱང་བརྡར་སྣ་ཚོགས་སྤྲད་མྱོང་བ་ཞིག་ཡིན་པས། གློ་བུར་དུ་བོད་ཀྱི་ རྒྱལ་ཁྲིར་བསྐོས་པའི་སྐབས། རྒྱལ་ཁབ་ཀྱི་ཞི་དྲག་གི་ལས་དོན་གང་ཞིག་ གི་འགན་ཁུར་ལེན་པ་དང། ལས་དོན་སྣ་མང་ཐག་གཅོད་བྱེད་དགོས་བྱུང་ བའི་སྐབས། རྣམ་དཔྱོད་དང་སྤོབས་པས་མ་འདང་བའི་དཀའ་ངལ་དེ་ཙམ་ འཕྲད་ཀྱི་མེད། གང་ལྟར་ཡབ་སྟག་རི་གཉན་གཟིགས་སྐུ་གཤེགས་པའི་སྐབས། གནམ་རི་སྲོང་བཙན་སྐུ་ན་ཤིན་ཏུ་གཞོན་པར་མ་ཟད། ཕོ་བྲང་ནང་གི་བློན་ ཆེན་ཚོ་ལ་དེ་ཙམ་རྒྱུས་ལོན་དང་འབྲེལ་འདྲིས་མེད་པས། ཞི་དྲག་བློན་ ཆེན་སོ་སོའ་གཤིས་ཀ་དང། ལས་དོན་སྒྲུབ་སྟངས་སོགས་ཀྱང་གསལ་པོ་ མཁྱེན་གྱི་མེད་སྟབས། ཁོང་ཚོ་རེ་རེ་བཞིན་འབྲེལ་བ་གནང་བའི་སྐབས་ རྣམ་འགྱུར་གང་འདྲ་འཛིན་དགོས་མིན་ལ་ཚོད་མ་ཟིན་པའི་སྐུ་ངལ་ཡོང་གི་ ཡོད་ལ། ཕོ་བྲང་ནང་ཁུལ་གྱི་གནས་ཚུལ་དང། བོད་ཁམས་ཁྱོན་ཡོངས་ཀྱི་ 3 བཙན་པོ་གནམ་རི་སྲོང་བཙན་ནི། བོད་ཀྱི་རྒྱལ་ཐོག་སོ་གཉིས་པ་དང་ཆོས་རྒྱལ་སྲོང་ བཙན་སྒམ་པོའ་ཡབ་ཡིན། ཁོང་གི་ངོ་སྤྲོད་རྒྱས་པ་ཟུར་དུ་ཡོད་པ་ལྟར་ཡིན།
བཙན་པོ་གནམ་རི་སྲོང་བཙན། 45 གནས་སྟངས་ལ་དེ་ཙམ་རྒྱུས་མངའ་མེད་པས། རྒྱལ་ཁབ་ཀྱི་ཆབ་སྲིད་ལ་ དབང་སྒྱུར་བྱ་བར་དཀའ་ངལ་གཏན་ནས་མེད་པ་ཞིག་ཀྱང་མིན། ཕྱི་ནང་གི་འགོག་རྐྱེན་དང་སྐུ་ངལ་གང་འདྲ་ཡོད་མེད་ལ་མ་ལྟོས་པར་ ཡབ་སྟག་རི་གཉན་གཟིགས་ཀྱི་ཐུགས་རེ་དང་ཞལ་ཆེམས་ལྟར། སྐུ་ན་ གཞོན་དུས་ནས་རྒྱལ་ཁབ་ཀྱི་སྲིད་དབང་བཞེས་ཏེ། ཕྱི་ནང་གི་འགོག་རྐྱེན་ གང་དང་གང་འཕྲད་ཀྱང་བློ་ཁོག་ཆེན་པོས་གདོང་ལེན་མཛད་ཅིང། ཞི་དྲག་ གི་བློན་ཆེན་ཡོངས་རྫོགས་ལ་བཀོད་འདོམས་བཀའ་བཀོད་འཐུས་ཤོར་ ནོར་འཛོལ་མེད་པར་གནང་སྟེ། ཡབ་ཀྱི་སྐུ་དུས་ལྟར་ཆབ་སྲིད་ཀྱི་གནས་ བབ་བརྟན་བརླིང་ལྡན་པའི་ངང་ནས་རྒྱུན་འཛིན་གནང་བ་རེད། གནམ་རི་སྲོང་བཙན་རྒྱལ་ཁྲི་ལ་འཁོད་དེ་ཆབ་སྲིད་ལས་དོན་ བསྐྱངས་པའི་སྐབས། ཡབ་མེས་གོང་མ་རྣམས་ཀྱི་སྔ་སྲོལ་བཟང་པོ་རྣམས་ རྒྱུན་སྐྱོང་གནང་བའི་ཐོག ཕོ་བྲང་ཕྱི་ནང་གི་གནས་སྟངས་ཡོངས་རྫོགས་ ལ་ཐུགས་ཞིབ་མཐིལ་ཕྱིན་པར་མཛད་དེ། བོད་ཀྱི་ཆབ་སྲིད་དང་དམག་ དོན་ལམ་ལུགས། བློན་ཆེན་རྣམ་པའི་གོ་གནས་དང་ཐོབ་ཐང་བཅས་གཏན་ འབེབས། དམངས་ཀྱི་འཕྲོད་བསྟེན་དང་འཚོ་བ་ཡར་རྒྱས་ལ་སྐུལ་འདེད་ བྱེད་པ་སོགས། རྒྱལ་ཁབ་ཡར་རྒྱས་ཀྱི་ཕྱོགས་ལ་ཞིབ་ཕྲའི་འཆར་འགོད་ མཛད་པ་རེད། ཡབ་མེས་ཀྱི་སྔ་སྲོལ་རྒྱུན་འཛིན་མཛད་པ་རྐྱང་པས་རྒྱལ་ཁབ་ལ་ ཡར་རྒྱས་དང། ཆབ་འབངས་མི་སེར་གྱི་འཚོ་བ་ཡར་རྒྱས་ལྡན་པ་བྱེད་ ཐུབ་ཀྱི་མེད་སྟབས། གནམ་རི་སྲོང་བཙན་གྱིས། རྒྱལ་བློན་འབངས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 46 གསུམ་གྱི་གནས་སྟངས་ལ་དགོས་ངེས་ཀྱི་གསར་བརྗེ་དང་སྣོན་འཕྲི་ཅི་ རིགས་མཛད་དེ། མཐོ་དམན་བར་གསུམ་གྱི་འཚོ་བ་དང་གནས་སྟངས་ཇེ་ ལེགས་སུ་གཏོང་བར་ཕྱོགས་ཀུན་ནས་འབད་བརྩོན་མཛད་པར་མ་ཟད། ཡབ་ཀྱི་ལས་འཕྲོར་ལྷག་པའི་སྲིད་དབང་རྒྱ་སྐྱེད་ཀྱི་ལས་གཞི་ཡང་སྲ་ བརྟན་མཛད་པ་རེད། ཡབ་ཀྱི་ཞལ་ཆེམས་ལྟར་འ་ཞའི་ཡུལ་ནས་སྨན་པ་གདན་དྲངས་ཏེ་སྟག་རི་གཉན་ གཟིགས་ཀྱི་སྤྱན་ལ་སྨན་བཅོས་ཞུ་བཞིན་པ།
47 བོད་ཁམས་གཅིག་གྱུར་དང་མངའ་ཐང་རྒྱ་སྐྱེད། ༄༅། །ཡབ་སྟག་རི་གཉན་གཟིགས་སྐུ་འཚོ་བཞུགས་སྐབས། ལོ་མང་ རིང་ཉེ་འཁོར་གྱི་རྒྱལ་ཕྲན་རྣམས་གཅིག་བསྡུས་ཀྱི་སྲིད་དབང་འཛུགས་ རྒྱུའི་དོན་དུ་གྲོས་བསྡུར་སྔ་ཕྱི་དང། གནང་ཐབས་ཕུན་སུམ་ཚོགས་པ་སྣ་ མང་ཞིག་ལག་བསྟར་མཛད་ཀྱི་ཡོད། དེར་བརྟེན་གནམ་རི་སྲོང་བཙན་ གྱིས་རང་ཉིད་སྐུ་ན་གཞོན་དུས་ནས་བཟུང། ཡབ་ཀྱིས་རྒྱལ་ཕྲན་གཅིག་ གྱུར་གྱི་ལས་དོན་ཤིན་ཏུ་གལ་གནད་ཆེན་པོར་བརྩིས་ཏེ། ལས་དོན་ འདིའི་ཐད་རྒྱུན་དུ་གྲོས་བསྡུར་དང། ཐག་གཅོད་སྔ་ཕྱི་མཛད་པ་མང་ཆེ་ བར་དོ་སྣང་ཆེན་པོ་གནང་མྱོང་ཡོད་སྟབས། ཡབ་ཀྱི་སྲིད་དབང་རྒྱ་སྐྱེད་ ཀྱི་འཆར་སྣང་དང། ལས་ཀའི་རིམ་པ་མང་ཆེ་བར་རང་བཞིན་གྱིས་རྒྱུས་ མངའ་གཏིང་ཟབ་ལྡན་པ་ཞིག་ཏུ་གྱུར་ཡོད་པ་རེད། གནམ་རི་སྲོང་བཙན་སྐུ་ན་གཞོན་དུས་ནས་ལས་དོན་ཐོག་རུ་ངར་པོ་ དང། ཆབ་སྲིད་ཀྱི་ལས་དོན་ཆེ་ཕྲ་ཀུན་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་ ཡིན་པས། ཡབ་དང་མཉམ་དུ་ནང་ཁུལ་གྱི་ཆབ་སྲིད་གྲོས་མོལ་མང་ཆེ་བར་ མཉམ་ཞུགས་གནང་གི་ཡོད་སྟབས། ཡབ་སྟག་རི་གཉན་གཟིགས་ཀྱི་ཕུགས་ འདུན་དང། ཞི་དྲག་གི་གནང་ཐབས་མང་ཆེ་བ་མཁྱེན་གྱི་ཡོད་ལ། ཁོང་ལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 48 ཡབ་ཀྱི་ཆབ་སྲིད་བསམ་བློའ་ཤ གས་རྐྱེན་དང། བག་ཆགས་གཏིང་ཟབ་ ཐེབས་ཡོད་པ་སྨོས་མ་དགོས་པ་ཡིན། གནམ་རི་སྲོང་བཙན་གྱི་ཐུགས་ལ་བརྣག་པའི་ལས་གཞི་གཙོ་གྲས་ ཤིག་ནི། ཡབ་ཀྱི་རིང་ལ་ལས་འཕྲོར་ལྷག་པའི་རྒྱལ་ཕྲན་གཅིག་གྱུར་ གྱི་སྲིད་དབང་འཛུགས་རྒྱུ་དང། བོད་རྒྱལ་ཁབ་སྟོབས་ཤ གས་ལྡན་པ་ ཞིག་ཏུ་བསྒྱུར་དགོས་པ་དེ་ཡིན་ཡང། ལས་དོན་འདི་ལེགས་འགྲུབ་དང་ ཕུགས་འདུན་མངོན་གྱུར་ཡོང་བ་ནི། བཙན་པོ་རང་ཉིད་ཀྱི་སེམས་ཤ གས་ དང་སྟོབས་ཤ གས་རྐྱང་པ་ལ་བརྟེན་ནས་ཡོང་མི་ཐུབ་པར། ཕྱི་ནང་གི་རྒྱུ་ རྐྱེན་མང་པོ་ཞིག་ལ་ལྟོས་ནས་ཡོད་པ་ཞིག་ཡིན་པ་ཁོང་གིས་གསལ་པོ་ མཁྱེན་གྱི་ཡོད། དབའ་དབྱི་ཚབ་དང་མྱང་ཙེང་སྐུ་སོགས་ཉིན་པར་རྒྱལ་པོའ་ཕོ་བྲང་ འཁྲིས་ཀྱི་ནགས་ཁྲོད་དུ་གབ་ནས་ཡོད་པ།
བཙན་པོ་གནམ་རི་སྲོང་བཙན། 49 རྒྱལ་ཕྲན་གཅིག་བསྡུའི་སྲིད་དབང་འཛིན་རྒྱུའི་མཐུན་རྐྱེན་གལ་གནད་ ཆེ་ཤོས་ཤིག་ནི། ཡབ་སྟག་རི་གཉན་གཟིགས་ཀྱི་སྐུ་དུས་སུ་ཐོག་མར་བོད་ལ་ གསང་བའི་ཐོག་ནས་འབྲེལ་བ་འཛུགས་མཁན་དང། རྗེས་སུ་གཉིས་མོས་ཀྱི་ གྲོས་མཐུན་དང་མནའ་འཇོག་བྱེད་མཁན། ཡུལ་ངས་པོའ་རྒྱལ་པོ་ཟིང་པོ་རྗེ་ སྟག་སྐྱ་བོའ་1བློན་པོ་དབའ་དབྱི་ཚབ་སོགས་ཡིན་པ་གསལ་པོ་ཤེས་ཀྱི་ཡོད་ སྟབས། བཙན་པོ་གནམ་རི་སྲོང་བཙན་གྱིས་མི་སྣ་དེ་དག་ལ་བརྒྱུད་ལམ་སྣ་ ཚོགས་ནས་གསང་བའི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུར་ཐུགས་སྣང་ཆེན་ པོ་གནང་གི་ཡོད། དེར་བརྟེན་ཕོ་བྲང་ནང་ཁུལ་གྱི་ཞིབ་ཕྲའི་ལས་དོན་བཀོད་སྒྲིག་དང། ཆབ་སྲིད་ཀྱི་གནས་བབ་བརྟན་པོར་ཆགས་ཟིན་པའི་རྗེས། ཟིང་པོ་རྗེའི་བློན་ པོ་དབའ་དབྱི་ཚབ་དང། མྱང་ཙེང་སྐུ། མནོན་འདྲོན་པོ་སོགས་ལ་གསང་ བའི་སྒོ་ནས་འབྲེལ་བ་བསྐྱར་འཛུགས་གནང་བར་མ་ཟད། གསང་བའི་མི་ སྣའི་བར་ཕན་ཚུན་ཐུག་འཕྲད་ལན་མང་བྱས་ཏེ། ཟིང་པོ་རྗེ་སྟག་སྐྱ་བོའ་ མངའ་ཐང་བོད་ཀྱི་བཙན་པོའ་མངའ་ཁོངས་སུ་ལེན་རྒྱུའི་ཐད་ཕྱོགས་མང་པོ་ ནས་གྲོས་བསྡུར་བྱེད་ཀྱི་ཡོད། 1 ཟིང་པོ་རྗེ་སྟག་སྐྱ་བོ་ནི། སྔ་མོ་བོད་ཀྱི་རྒྱལ་ཕྲན་ཞིག་སྟེ། དེང་སང་འཕན་པོ་ཞེས་པའི་ ཡུལ་གྱི་རྒྱལ་པོ་ཞིག་ཡིན། སྔ་མོ་ཡུལ་འདིའི་མིང་ལ་ཡུལ་ངས་པོ་ཞེས་ཟེར་ཡང། ཕྱིས་ སུ་བོད་ཀྱི་བཙན་པོས་དབང་བསྒྱུར་བྱས་ཏེ་བོད་ཀྱི་མངའ་ཁོངས་སུ་བླངས་པའི་རྗེས་སུ། འཕན་པོ་ཞེས་པའི་མིང་གསར་པ་བཏགས། འཕན་པོ་ནི་ལྷ་སའི་བྱང་ངོས་སུ་ཡོད་པའི་ ཡུལ་ཞིག་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 50 ཐོག་མའི་གྲོས་བསྡུར་སྐབས་དབའ་དབྱི་ཚབ་སོགས་ཀྱི་བསམ་པར། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་ནི། ཡབ་སྟག་རི་གཉན་གཟིགས་ལྟར་ ཆབ་སྲིད་ཀྱི་འཇོན་ཐང་ཡོད་པ་དང། ཐག་གཅོད་ཀྱི་བློ་སྤོབས་མངའ་བ། དཔའ་ངར་བློ་སྟོབས་ལྡན་པ་ཞིག་ཡིན་མིན་ལ་དོགས་པ་ཆེན་པོ་ཞིག་རང་ བཞིན་གྱིས་ཡོང་གི་ཡོད་སྟབས། སྤྱིར་བཏང་གི་འབྲེལ་ལམ་བསྐྱར་གསོ་ དང་རྒྱུན་འཛིན་བྱས་པ་ཙམ་མ་གཏོགས། ཡབ་སྟག་རི་གཉན་གཟིགས་ཀྱི་ སྐུ་དུས་ལྟར་ཡིད་ཆེས་བློ་འགེལ་ཆ་ཚང་བྱེད་ཐུབ་ཀྱི་མེད་པ་རེད། བཙན་པོ་གནམ་རི་སྲོང་བཙན་གྱིས་ཀྱང། དབའ་དབྱི་ཚབ་སོགས་ཀྱི་ རྣམ་འགྱུར་དང་བྱ་སྤྱོད། སྐད་ཆའི་ནང་དོན་བཅས་ཀྱི་ཐོག་ནས། ཁོང་ཚོས་ བོད་ཀྱི་ཕྱོགས་ལ་ཡིད་ཆེས་དང་བློ་འགེལ་ཆ་ཚང་བྱེད་ཐུབ་ཀྱི་མེད་པའི་རྣམ་ འགྱུར་གསལ་པོ་ཚོར་གྱི་ཡོད་ཀྱང། རང་ཉིད་ཀྱི་ངོས་ནས་བློ་དཀར་སེམས་ དཀར་དང། ལྷག་བསམ་རྣམ་དག ཡིད་ཆེས་བློ་འགེལ་ཆ་ཚང་བྱེད་ཀྱི་ཡོད་ པར་མ་ཟད། གོ་སྐབས་ནམ་བྱུང་ལ་རང་ཉིད་ཀྱང་ཡབ་རྒྱལ་པོ་ལྟར་འཇོན་ཐང་ ཡོད་པ་དང། དཔའ་ངར་བློ་སྟོབས་ལྡན་པ་ཞིག་ཡིན་པའི་བརྡ་སྟོན་ཡང་གནང་ གི་ཡོད་པ་རེད། མཇལ་འཕྲད་དང་གྲོས་མོལ་རིམ་པར་གནང་བའི་བརྒྱུད་རིམ་ནང། དབའ་དབྱི་ཚབ་སོགས་གནམ་རི་སྲོང་བཙན་ཡང་ཡབ་སྟག་རི་གཉན་ གཟིགས་ལྟར། རྣམ་དཔྱོད་དང་ཆབ་སྲིད་ཀྱི་འཇོན་ཐང་ལྡན་པ་ཞིག་ཡིན་ པར་ཡིད་ཆེས་གཙང་མ་བྱུང་སྟེ། བོད་ཕྱོགས་ཀྱི་སྐུ་ཚབ་རྣམས་ལ་ཡིད་ ཆེས་བློ་འགེལ་བྱུང་བ་ནས། ཕྱོགས་གཉིས་ཀ་ཕན་ཚུན་ལྷག་བསམ་རྣམ་
བཙན་པོ་གནམ་རི་སྲོང་བཙན། 51 དག་དང། ཡིད་ཆེས་གཙང་མ། བློ་རིག་སེམས་རིག་གི་འབྲེལ་བ་གཏིང་ ཚུགས་པ་ཞིག་བྱུང་བའི་གཞི་རྩའི་ཐོག་ནས་གསང་བའི་གྲོས་མོལ་རིམ་ པར་བྱས་པའི་མཐའ་མ། ཟིང་པོ་རྗེའི་ཐོག་བཙན་པོའ་དཔུང་དམག་འདྲེན་ རྒྱུའི་དུས་ཚོད་གཏན་འཁེལ་ཐུབ་པ་བྱུང་བ་རེད། དབའ་དབྱི་ཚབ་སོགས་ཀྱིས་ངས་པོའ་ཡུལ་དུ་གསང་བའི་གོ་སྒྲིག་ ཡོངས་སུ་གྲུབ་པ་ན། བཙན་པོ་གནམ་རི་སྲོང་བཙན་གྱིས་རྟ་དམག་ཁྲི་ཕྲག་ ལྷག་གི་དཔུང་སྣེ་དྲངས་ཏེ། ཡུལ་ངས་པོར་ཟིང་པོ་རྗེ་ལ་གློ་བུར་དུ་དྲག་པོའ་ དཔུང་འཇུག་བྱས་པའི་སྐབས། ཟིང་པོ་རྗེར་བོད་ཀྱི་དཔུང་དམག་ལ་ཕྱིར་ རྒོལ་བྱེད་པའི་གྲ་སྒྲིག་གང་ཡང་མེད་པར་མ་ཟད། བོད་ཀྱི་དམག་དཔོན་ཚོས། དབའ་དབྱི་ཚབ་སོགས་གསང་བའི་བློན་པོ་རྣམས་ཀྱི་འཆར་བཀོད་ལྟར་དམག་ བརྒྱབས་པ་ན། ཕར་རྒོལ་ཐེངས་གཅིག་གིས་ཟིང་པོ་རྗེའི་མཁར་གྲོང་གི་ལྟེ་བ་ མཁར་སྤུར་བ་བླངས་ཏེ། ཟིང་པོ་རྗེ་སྟག་སྐྱ་བོ་བསད། ཟིང་པོ་རྗེའི་མངའ་རིས་ ཡོངས་རྫོགས་བཙན་ པོའ ་ཆབ་འོག་ཏུ་ བཅུག དེ་སྔ་ཡུལ་ ངས་པོ་བྱ་བའང་ འཕན་པོ་ཞེས་པའི་ མིང་གསར་པ་ཞིག་ ཏུ་བསྒྱུར། དུས་དེ་ ནས་བཟུང་འཕན་པོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 52 བྱ་བའི་ཡུལ་འདི་བོད་ཀྱི་བཙན་པོའ་མངའ་ཁོངས་སྙོན་མེད་དུ་གྱུར་པ་རེད། མུ་མཐུད་གསང་གྲོས་ཀྱི་འཆར་བཀོད་ལྟར་རིམ་གྱིས་གཙང་གི་ ཕྱོགས་དང། ཉང། སྦལ། སྣོན་སོགས་ཉེ་ལོགས་ཀྱི་རྒྱལ་ཕྲན་མང་པོ་ཞིག་ ལ་བོད་ཀྱི་བཙན་པོས་དཔུང་དམག་དྲངས་ཏེ། བོད་ཀྱི་མངའ་འོག་ཏུ་བཅུག་ པར་མ་ཟད། བར་ལམ་བཙན་པོའ་ཆབ་འོག་ནས་ཤོར་བའི་དྭགས་པོ་ཡང་ སླར་བོད་ཀྱི་བཙན་པོའ་ཆབ་འོག་ཏུ་བསྡུས་ཏེ། ཡབ་བཙན་པོ་སྟག་རི་ གཉན་གཟིགས་ཀྱི་ཕུགས་འདུན་ལྟར། རྒྱལ་ཕྲན་གཅིག་བསྡུའི་སྲིད་དབང་ སྟོབས་ཤ གས་ལྡན་པ་ཞིག་གསར་འཛུགས་གནང་ཐུབ་པ་བྱུང་བ་རེད། སྐབས་དེར་སྟོབས་ཤ གས་ཆེ་བའི་རྒྱལ་ཁབ་གྲུ་གུ་ཡང་བོད་ཀྱི་དཔུང་ དམག་གིས་ཆམ་ལ་ཕབ་སྟེ་མངའ་འོག་ཏུ་བསྡུས་པར་མ་ཟད། རྒྱའི་ཡུལ་གྲུ་ མང་པོ་ཞིག་ཀྱང་དྲག་པོའ་དཔུང་ཤ གས་ཀྱིས་བཅོམ། འདི་ལྟར་བཙན་པོ་ གནམ་རི་སྲོང་བཙན་གྱིས་བོད་ཀྱི་མངའ་ཐང་རྒྱ་སྐྱེད་ཀྱི་སྲིད་དབང་བརྟན་ པོ་ཞིག་བཙུགས་པས། བློན་པོའ་ཚོགས་ཀྱིས། བཙན་པོའ་ཆབ་སྲིད་ གནམ་ལས་ཀྱང་མཐོ། དབུ་རྨོག་རི་ལས་ཀྱང་བཙན། བཙན་པོའ་མཚན་ལ་ གནམ་རི་སྲོང་བཙན་དུ་གསོལ་བར་འཐད། ཅེས་བཙན་པོ་ཁོང་ལ་གནམ་རི་ སྲོང་བཙན་ཞེས་པའི་མཚན་གྱི་གཟེངས་བསྟོད་ཕུལ་བ་རེད།
53 སྨན་རྩིས་ཀྱི་རིག་གནས་དར་སྤེལ། ༄༅། །རྒྱལ་ཁབ་ཀྱི་རྒྱལ་པོ་སུ་འདྲ་ཞིག་ཡིན་ཡང་རུང། རང་གི་རྒྱལ་ ཁབ་དེ་འཕེལ་རྒྱས་ལྡན་པ་དང། སྟོབས་ཤ གས་ལྡན་པ་ཞིག་ཡོང་ན་སྙམ་ པའི་རེ་བ་ཡོད་པ་སྨོས་མ་དགོས། འོན་ཀྱང་སེམས་ཁོང་དུ་ཡོད་པའི་རེ་བ་ དེ་མངོན་འགྱུར་ཡོང་ཐུབ་མིན་ནི། རྒྱལ་པོ་རང་ཉིད་ཀྱི་བྱེད་ཐབས་དང་རྒྱལ་ ཁབ་སྐྱོང་སྟངས་ལེགས་ཉེས་ལ་རག་ལས་པ་ཞིག་མ་གཏོགས། རེ་བ་ཡོད་ པ་ཙམ་གྱིས་ཕུགས་འདུན་དེ་མངོན་འགྱུར་ཡོང་བའི་ངེས་པ་ག་ལ་ཡོད། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་ནི། རང་གི་མིག་སྔའི་གནས་ ཚུལ་ལས་དེའི་འབྱུང་རྐྱེན་དང་རྒྱབ་ལྗོངས་ཀྱི་རྒྱུ་ཚོགས་ལ་བསམ་བློ་ཞིབ་ ཚགས་གཏོང་མཁན་ཞིག་ཡིན་པས། རྒྱུན་དུ་དཀའ་ངལ་དང་འགོག་རྐྱེན་ཆེ་ ཕྲ་གང་འདྲ་ཞིག་དང་འཕྲད་པ་ཡིན་ནའང། དེའི་ངོ་གདོང་གི་དཀའ་ངལ་དང་ རྣམ་འགྱུར་སེལ་ཐབས་བྱས་པ་ཙམ་མ་ཡིན་པར། དཀའ་ངལ་དེ་དག་གི་ འབྱུང་རྐྱེན་ལ་འཚོལ་ཞིབ་བྱས་ཏེ། དཀའ་ངལ་དང་འགོག་རྐྱེན་དེ་རིགས་ བསྐྱར་ཟློས་སུ་མི་ཡོང་བའི་ཐབས་ལ་འབད་པ་གཙོར་འདོན་གནང་གི་ཡོད། སྐབས་དེར་བོད་ཀྱི་མང་ཚོགས་ནང་ནད་རིགས་སྣ་ཚོགས་འབྱུང་ བཞིན་པ་ལ་སྔོན་འགོག་དང། སྨན་བཅོས་ཚད་ལོངས་པ་ཞིག་བྱེད་ཐུབ་ པའི་ཆ་རྐྱེན་མེད་པ་ནི། བོད་ཀྱི་སྤྱི་ཚོགས་ལ་འཕྲད་བཞིན་པའི་དཀའ་ངལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 54 ཆེ་ཤོས་ཤིག་ཡིན་ལ། དཀའ་ངལ་དེ་རང་བཞིན་གྱིས་བོད་ཁམས་ཡར་རྒྱས་ སུ་འགྲོ་བའི་འགོག་རྐྱེན་གཙོ་གྲས་ཤིག་ཏུ་གྱུར་ཡོད། དེར་བརྟེན་བཙན་པོ་ གནམ་རི་སྲོང་བཙན་གྱིས། འབངས་མི་སེར་གྱི་འཚོ་བའི་ཁྲོད་ཀྱི་དཀའ་ ངལ་ཆེ་ཤོས་དང། རྒྱལ་ཁབ་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་དུ་གྱུར་པའི་ སྐྱོན་གནད་དེ་རིགས་སེལ་ཐབས་གནང་དགོས་པ་གལ་གནད་དུ་གཟིགས་ ཏེ༑ བཙན་པོས་རྒྱུན་དུ་གནང་ཐབས་གང་དགེ་ལག་བསྟར་མཛད་ཀྱི་ཡོད། གནམ་རི་སྲོང་བཙན་གྱིས་བློན་པོའ་ཚོགས་འདུ་འཛོམས་བྱུང་བའི་ སྐབས་མང་པོར། རྒྱལ་ཁབ་དང་མི་རིགས་སྤྱིའི་ལས་དོན་ལེགས་འགྲུབ་ ཡོང་མིན་ནི། རྒྱལ་ཁབ་དང་མི་རིགས་དེའི་མང་ཚོགས་རྣམས་འཕེལ་རྒྱས་ ཀྱི་ནུས་པ་དང་སྟོབས་ཤ གས་ལྡན་པ་ཡོང་ཐུབ་མིན་ལ་རག་ལས་པ་དང། ཆབ་འབངས་ཀྱི་མི་སེར་སྤྱི་ཡོངས་ལ་ནད་མེད་ལས་འཕེར་དང། གཟུགས་ གཞི་བདེ་ཐང་དགོས་པ་ནི། བོད་ཁམས་སྤྱིའི་ལས་དོན་འཕེལ་རྒྱས་ཡོང་བ་ ལ་ཤིན་ཏུ་གལ་གནད་དུ་གྱུར་པའི་གནས་ལུགས་ཞིབ་ཕྲ་གསུང་གི་ཡོད། འོན་ཀྱང་དོན་དངོས་སུ་འབངས་མི་སེར་རྣམས་ནད་མེད་ལས་འཕེར་ དང་གཟུགས་གཞི་བདེ་ཐང་ཡོང་བར་བྱ་བ་ནི། ལས་དོན་ལས་སླ་པོ་ཞིག་ མིན་པ་བཙན་པོ་རང་ཉིད་ཀྱིས་ཀྱང་གསལ་པོར་མཁྱེན་གྱི་ཡོད། བཙན་པོ་ ཡབ་མེས་གོང་མ་ཚོའི་སྐུ་དུས་སུ་ཡང་གནད་དོན་དེའི་ཐོག་ཐུགས་ཁུར་ བཞེས་ཏེ། བོད་ལ་སྨན་བཅོས་ཀྱི་རིག་གནས་དང་ལག་ཐབས་གང་འཚམ་ ཞིག་དར་སྤེལ་བྱུང་ཡོད་ཀྱང། དེ་ཙམ་གྱིས་འབངས་མི་སེར་སྤྱི་ཡོངས་ཀྱི་ གཟུགས་གཞིའི་འཕྲོད་བསྟེན་དང། སྨན་བཅོས་ལ་དགོས་མཁོ་འདང་བའི་
བཙན་པོ་གནམ་རི་སྲོང་བཙན། 55 ཕན་ནུས་ཏག་ཏག་ཅིག་ཐོན་གྱི་མེད་པ་རེད། དེ་དུས་ད་དུང་ཡང་བཙན་པོའ ་ཕོ་བྲང་ཉེ་འཁོར་ཙམ་མ་གཏོགས་ མཐའ་ཁུལ་གྱི་གྲོང་སྡེ་མང་ཆེ་བར། ནད་པ་ཁྱིམ་གྱི་ཕྱི་ལ་བཏོན་ཏེ་བདག་ མེད་དུ་འདོར་བའི་གོམས་གཤིས་ངན་པ་རྒྱུན་གནས་སུ་ཡོད་པར་མ་ཟད། འཕྲོད་བསྟེན་དང་སྨན་བཅོས་བྱ་བའི་གོ་རྟོགས་དང་ལག་ཐབས་གཉིས་ཀ་ མེད་པས། བཙན་པོ་གནམ་རི་སྲོང་བཙན་གྱིས་སྤྱི་ཚོགས་ཁྲོད་ཀྱི་ལུགས་ སྲོལ་ངན་པ་དེ་བཅོས་བསྒྱུར་བྱ་བ་ལ། བོད་ཁམས་ཡོངས་སུ་སྨན་བཅོས་ ཀྱི་རིག་གནས་དང། ལག་ཐབས་སྔར་ལས་ཀྱང་དར་སྤེལ་བྱ་དགོས་པ་ཤིན་ ཏུ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། དེར་བརྟེན་བཙན་པོ་གནམ་རི་སྲོང་བཙན་རང་ཉིད་ཀྱིས་དངོས་སུ་ ཐུགས་འགན་བཞེས་ཏེ། མང་ཚོགས་ཀྱི་ཁྲོད་འཕྲོད་བསྟེན་གྱི་ཤེས་བྱ་གོང་ མཐོར་བཏང་བ་དང་མཉམ་དུ། ནད་རིགས་བཅོས་ཐབས་ཀྱི་ལག་རྩལ་སྔར་ ལས་ཞིབ་ཚགས་སུ་བཏང་ཞིང། མཐུན་རྐྱེན་ཡང་གྲ་ཇེ་རྒྱས་སུ་གཏོང་བར་ འབད་བརྩོན་གནང་གི་ཡོད་པར་མ་ཟད། སྨན་གྱི་རིག་གནས་དར་འཕེལ་ ཡོང་བར་ཐུགས་འགན་ཆེན་པོ་བཞེས་ཏེ། རྒྱ་གར་དང་རྒྱ་ནག་གཉིས་ཀ་ ནས་སྨན་པ་མཁས་པ་མང་པོ་གདན་འདྲེན་ཞུས་པ་དང་མཉམ་དུ། ཡུལ་དེ་ དག་ནས་སྨན་གྱི་གཞུང་ལུགས་ཀྱང་བོད་དུ་གདན་འདྲེན་ཞུས་ཡོད། བཙན་པོའ ་ཐུགས་རེ་གཙོ་བོ་ནི། རྒྱལ་པོའ ་ཕོ་བྲང་དང་ཉེ་འཁོར་ གྱི་གྲོང་ཁྱེར་གྱི་ནང་ཁུལ་ཙམ་མ་ཡིན་པར། བོད་ཁམས་ཡོངས་སུ་སྨན་ གྱི་རིག་གནས་དང། ལག་ཐབས་དར་འཕེལ་ཡོང་བའི་ཐུགས་རེ་ཆེན་པོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 56 གནང་གི་ཡོད་ཀྱང། སྐབས་དེར་བོད་རང་ལ་ཡི་གེ་འབྲི་བའི་སྲོལ་མེད་ པའི་ཐོག གཞན་པའི་སྐད་ཡིག་ཐོག་ཏུ་ཡོད་པའི་སྨན་གྱི་གཞུང་ལུགས་ རྣམས། བོད་སྐད་ཐོག་སྒྱུར་ཐུབ་པའི་ལོ་ཙཱ་བ་འདང་ངེས་ཤིག་ཀྱང་མེད་ པས། ཁ་བསླབ་བྱས་པ་ཙམ་གྱིས་བཙན་པོའ་ཐུགས་རེ་ལ་ཡོད་པ་ལྟ་བུའི་ གྲུབ་འབྲས་མངོན་གསལ་ཞིག་ཐོན་ཐུབ་ཀྱི་མེད་པ་རེད། ཡིན་ན་ཡང་བཙན་པོ་གནམ་རི་སྲོང་བཙན་གྱིས། རང་གི་འདོད་པ་ ཁེངས་པ་ཞིག་ཡོང་ཐུབ་ཀྱི་ཡོད་མེད་གང་ལྟར་ཡང། འཕེལ་རྒྱས་གཏོང་ བའི་ལས་མཚམས་གཏན་ནས་འཇོག་མི་རུང་བ་དགོངས་ཏེ། རྒྱ་ནག་ནས་ ནག་རྩིས་དྲུག་ཅུ་སྐོར་དང། སྨན་དཔྱད། རྒྱ་གར་ནས་རྟེན་འབྲེལ་བཅུ་ གཉིས་སོགས་རིག་གནས་མང་པོ་བོད་དུ་གདན་དྲངས་ཤིང། བོད་ཡུལ་དུ་ ཤེས་ཡོན་རིག་གནས་དར་འཕེལ་ཡོང་བའི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་ ཡོད། འདི་ནི་རྒྱ་དཀར་ནག་ནས་བོད་དུ་སྨན་རྩིས་ཀྱི་རིག་གནས་བྱུང་བ་ ཐོག་མ་ཡིན། བཙན་པོ་འདིས་བོད་ཀྱི་ཆབ་སྲིད་དང་མངའ་ཐང་རྒྱ་སྐྱེད་ཀྱི་དོན་དུ་ འབད་བརྩོན་གནང་བ་ཙམ་མིན་པར། བོད་མི་རིགས་ཀྱི་བདེ་ཐང་དང། ཤེས་ཡོན་རིག་གནས་དར་འཕེལ་ཡོང་བའི་དོན་དུ་སྐུ་ལུས་ཚད་མེད་བསྐྱོན་ ཏེ༑ བོད་དུ་ཤེས་ཡོན་རིག་གནས་སྤྱི་དང་སྨན་རྩིས་ཀྱི་རིག་གནས་དར་བའི་ རྨང་གཞི་བརྟན་པོ་མཛད་ཡོད། འོན་ཀྱང་སྐབས་དེའི་མི་རྣམས་ཀྱིས་བཙན་ པོ་ཁོང་གི་བཀའ་དྲིན་ཇི་བཞིན་རྟོགས་ཡོད་མེད་ཆ་མ་འཚལ་ཡང། ལོ་རྒྱུས་ ལ་དོ་སྣང་ཕྲན་ཙམ་ཡོད་པ་ཞིག་ཡིན་ན་ནི་བཙན་པོ་ཁོང་གི་མཛད་རྗེས་
བཙན་པོ་གནམ་རི་སྲོང་བཙན། 57 དང་བཀའ་དྲིན་གསལ་པོར་རྟོགས་ཐུབ་པ་ཞིག་ཡིན། སྐབས་དེ་དུས་བཙན་པོའ་ཐུགས་རེ་གནང་བ་ལྟར། དུས་ཚོད་ཐུང་ ངུའི་ནང་བོད་ལ་ཤེས་ཡོན་རིག་གནས་སྦྱངས་པའི་མཁས་པ་བྱོན་ཐུབ་མེད་ ཀྱང། མི་རབས་ཕྱི་མ་ཚོའི་ནང་རིག་གནས་སྤྱི་དང། ལྷག་པར་སྨན་རྩིས་ ཀྱི་རིག་གནས་འཕེལ་རྒྱས་ཆེན་པོ་བྱུང་བ་ནི། བཙན་པོ་ཁོང་གིས་རྨང་གཞི་ བརྟན་པོ་བཏིང་བ་དང་འབྲེལ་བ་གཏིང་ཟབ་ཡོད་པ་སྨོས་མ་དགོས། རྒྱུ་ མཚན་དེ་ལ་བརྟེན་ནས་བཙན་པོ་ཁོང་ནི། བོད་ཀྱི་ཆབ་སྲིད་མི་སྣ་གལ་ཆེན་ ཞིག་ཡིན་པ་ཙམ་དུ་མ་ཟད། ཤེས་ཡོན་གྱི་རིག་གནས་ཀྱི་ཐད་ནས་ཀྱང་ཤིན་ ཏུ་མཛད་རྗེས་ཆེ་བའི་མི་སྣ་སྙན་གྲགས་ཅན་ཞིག་ཏུ་གྱུར་ཡོད།
58 བྱང་ནས་ཚྭའི་གཏེར་ཁ་ཕྱེ་བ། ༄༅། །མི་མང་ཆེ་བར་རང་གི་མི་ཚེའི་འཚོ་བའི་ཁྲོད་ནས། བསམ་བློའ་ གོ་རྟོགས་འཕེལ་རྒྱས་དང། ཉམས་མྱོང་སྣ་ཚོགས་ཐོབ་ཀྱི་ཡོད་པར་མ་ ཟད། བསམ་བློའ་གོ་རྟོགས་དང་ཉམས་མྱོང་དེ་དག་གི་རྨང་གཞིའི་ཐོག་ ནས། རིག་གནས་ཡོན་ཏན་དང། ལག་ཤེས། སྒྱུ་རྩལ་གྱི་རིགས་སྣ་ཚོགས་ ཤིག་གསར་གཏོད་ཐུབ་པ་ཡོང་གི་ཡོད་པ་ནི། མིའི་སྤྱི་ཚོགས་སྤྱི་ཡོངས་ཀྱི་ འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་བྱུང་དང་འབྱུང་བཞིན་པ་ཞིག་ཡིན། འཚོ་བའི་ཁྲོད་ཀྱི་ཉམས་མྱོང་དང་གོ་རྟོགས་དེ་དག་ཞིབ་ཚགས་དང། འཐུས་སྒོ་ཇེ་ཚང་དུ་གྱུར་པ་དང་མཉམ་དུ། རིམ་པས་རིག་གནས་རང་རྐྱ་བ་ ཞིག་གི་ངོ་བོར་འཕེལ་རྒྱས་ཕྱིན་ཏེ། ཡོངས་ཁྱབ་རང་བཞིན་ཅན་གྱི་བཀོལ་ སྤྱོད་ཡོད་པ་ཞིག་ཏུ་འགྱུར་བཞིན་ཡོད། ཤེས་ཡོན་དང་རིག་གནས་མང་ཆེ་ བ་འདི་ལྟར་འཕེལ་རྒྱས་སུ་ཕྱིན་པ་ཞིག་ཡིན་ལ། ཐ་ན་མིའི་འཚོ་བའི་ཁྲོད་ ཀྱི་བཟའ་བཏུང་གི་རིགས་ཀྱང་འདི་ལྟར་འཕེལ་རྒྱས་ཕྱིན་པ་ཤ་སྟག་ར ད། བཙན་པོ་གནམ་རི་སྲོང་བཙན་གྱིས་འཕེལ་རྒྱས་ཀྱི་གོ་རིམ་དང། གནས་ལུགས་འདི་གསལ་པོ་རྟོགས་ཀྱི་ཡོད་སྟབས། རྒྱུན་གྱི་འཚོ་བའི་ནང་ གི་ཉམས་མྱོང་དང་ཚོད་བལྟ་ནི། མིའི་འཚོ་བ་དང་རིག་གནས་འཕེལ་རྒྱས་
བཙན་པོ་གནམ་རི་སྲོང་བཙན། 59 སུ་འགྲོ་བའི་ནུས་ཤ གས་གཙོ་བོ་ཞིག་ཡིན་པ་དང། ཉམས་མྱོང་དང་ཚོད་ལྟ་ མཉམ་བསྲེས་བྱེད་པ་ནི། གསར་གཏོད་ཀྱི་གཞི་རྩ་མེད་དུ་མི་རུང་བ་ཞིག་ ཡིན་པའི་གནས་ལུགས་ཐུགས་ལ་ཉར་ཏེ། རྒྱུན་གྱི་འཚོ་བའི་ནང་ཉམས་ མྱོང་གསོག་པ་དང་ཚོད་ལྟ་གནང་བར་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད། དངོས་པོ་ཞིག་ཉམས་ཆག་དང་རྩ་མེད་དུ་འགྲོ་བ་ལ། ཕྱི་ནང་གི་རྒྱུ་ རྐྱེན་དང་བརྒྱུད་རིམ་ངེས་ཅན་ཞིག་ཡོད་དགོས་པ་ལྟར། ལས་དོན་དང་ལག་ ཐབས་ཀྱི་རིག་གནས་གང་ཞིག་འཕེལ་རྒྱས་ཀྱི་ཕྱོགས་སུ་འགྲོ་བ་ལ་ཡང། རྒྱུ་རྐྱེན་སྣ་ཚོགས་ཀྱི་བརྒྱུད་རིམ་ངེས་ཅན་ཞིག་ཡོད་པ་སྨོས་མ་དགོས་པ་ ཡིན། དཔེར་ན། མིའི་འཚོ་བའི་ནང་གི་ཉིན་རེའི་བཟའ་བཏུང་ཚུན་ཆད་ཀྱང། ཕྱི་ནང་གི་རྒྱུ་རྐྱེན་དང་བརྒྱུད་རིམ་ངེས་ཅན་ཞིག་ལ་བརྟེན་ནས། གྲ་ཇེ་རྒྱས་ དང་ཕུན་སུམ་ཇེ་ཚོགས་སུ་གྱུར་པ་ཡིན་པས། ཁ་གསལ་པོ་བཤད་ན། མི་ ཚེའི་ཁྲོད་ཀྱི་ཡར་རྒྱས་དང་ཉམས་ཆག་ཡོངས་རྫོགས་མི་རང་ཉིད་ཀྱི་ལག་ ཏུ་ཡོད་པ་ཞིག་ཡིན། དེར་བརྟེན་བཙན་པོ་གནམ་རི་སྲོང་བཙན་གྱིས། རྒྱུན་དུ་གནད་དོན་ཆེ་ ཕྲ་ཀུན་གྱི་ཐོག་ཚོད་ལྟ་དང་ཞིབ་འཇུག་གཏིང་ཟབ་གནང་སྟེ། ཉམས་མྱོང་ གསོག་རྒྱུར་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད། དཔེར་ན། ཁོང་གིས་ཟས་ ཀྱི་བྲོ་བ་ཚུན་ཆད་ལ་ཡང་ཞིབ་མོས་རོ་མྱོང་གནང་སྟེ། བྲོ་བ་རེ་རེའི་ཁྱད་ པར་མ་འདྲ་བའི་ཆ་ལ་འགྲེལ་བཤད་ཞིབ་ཚགས་མཛད་ཅིང། བཟའ་བཏུང་ ལ་རོལ་བ་དང་མཉམ་དུ། བཟའ་བཏུང་གི་རོ་བཅུད་གཉིས་ཀ་འཕེལ་རྒྱས་ཇི་ ལྟར་གཏོང་དགོས་པའི་ཐད་ལ་རྒྱུན་དུ་དགོངས་པ་བཞེས་གནང་གི་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 60 དཔེར་ན། སྔོན་གྱི་བཙན་པོ་ཡབ་མེས་གོང་མ་ཚོའི་སྐུ་དུས་སུ། རྒྱུན་ གྱི་བཟའ་བཏུང་ནང་ཚྭའི་བྲོ་བ་སྤྱོད་པའི་གོམས་སྲོལ་མེད་པས། ཁོང་ ཅག་གིས་ཚྭའི་བྲོ་བཅུད་དང་བྱེད་ནུས་ཀྱང་རྟོགས་ཐུབ་མེད་ཀྱང། བཙན་ པོ་གནམ་རི་སྲོང་བཙན་གྱིས་ཚྭ་ནི་ཟས་ལ་རོ་བཅུད་ཁྱད་པར་བ་འབྱིན་ པའི་རྫས་དམིགས་བསལ་བ་ཞིག་ཡིན་པ་མཁྱེན་རྟོགས་བྱུང་ཡོད་པར་མ་ ཟད། ཚྭ་ཆུས་དུག་སེལ་ཐུབ་པ་དང་། སོ་ཁྲག་འགོག་ཐུབ་པ། ཟས་འཇུ་ བར་དམིགས་བསལ་ཕན་ནུས་ལྡན་པ། གདོང་གི་ནག་ཐིག་དང་ཤ་འཛེར་ རིགས་གཙང་སེལ་ཐུབ་པ་བཅས་ནུས་པ་སྣ་ཚོགས་ལྡན་པ་ཞིག་ཡིན་པར་ ཤེས་རྟོགས་བྱུང་བས། ཁོང་གི་སྐུ་དུས་སུ་བྱང་ཚྭའི་གཏེར་ཁ་ཕྱེས་ཏེ། བོད་ ཁམས་ཡོངས་སུ་ཚྭ་ལ་ལོངས་སྤྱོད་པའི་དར་སྲོལ་ཆེན་པོ་བྱུང་བ་རེད། བཙན་པོ་ཁོང་གིས་བྱང་ཚྭ་དབུས་སུ་དྲངས་པའི་རྗེས་སུ། ཚྭ་ནི་བོད་ མིའི་འཚོ་བའི་ནང་གི་རྒྱུན་སྤྱོད་ཀྱི་དགོས་མཁོ་ཆེན་པོ་ཞིག་ཏུ་གྱུར་པར་ མ་ཟད། དུས་ཕྱིས་སུ་ཡང་བྱང་ཚྭའི་གཏེར་ཁ་འདི་བོད་མི་སྤྱི་སྒེར་མང་ པོའ་དཔལ་འབྱོར་གྱི་རྟེན་གཞི་གཙོ་བོར་གྱུར་ཅིང། ཉེ་འཁོར་ཡུལ་ལུང་ མང་པོའ་ནང་དུ་བྱང་ཚྭ་འོར་འདྲེན་གྱིས་ཚོང་ལས་གཉེར་གྱི་ཡོད་སྟབས། ཚྭ་ལམ་དང་ཚྭ་ཡིག་ཅེས་པ་སོགས། ཚྭའི་ཚོང་ལས་དང་འབྲེལ་བའི་འགྲོ་ ལམ་མང་པོ་ཞིག་ཀྱང་དུས་ཕྱིས་སུ་བོད་ཀྱི་སྤྱི་ཚོགས་ནང་ཤིན་ཏུ་དར་ འཕེལ་བྱུང་ཡོད། བཙན་པོ་གནམ་རི་སྲོང་བཙན་ལ། བྱང་ཚྭའི་གཏེར་ཁ་རྙེད་པའི་ལོ་ རྒྱུས་ཡ་མཚར་ཅན་ཞིག་ཀྱང་ཤོད་རྒྱུན་ཡོད་དེ། ཐེངས་ཤིག་བཙན་པོ་
བཙན་པོ་གནམ་རི་སྲོང་བཙན། 61 གནམ་རི་སྲོང་བཙན་གྱིས་དམུས་ཏེ་ལོང་བ་ 1ཟེར་བའི་ཞབས་ཕྱི་པ་ཞིག་ ཁྲིད་ནས། བྲག་གསུམ་དེང་མ་ཞེས་པའི་མཚོ་འགྲམ་དུ་བྱོན། མཚོ་འགྲམ་ དེར་ཐོག་མར་རྟ་འདོ་བ་ཅང་ཤེས་རྙེད་པས་བཏུལ་ཏེ་བཙན་པོ་རང་ཉིད་ཀྱི་ ཆིབས་པ་བྱས་ཤིང། དེ་ནས་བཟུང་བོད་ཀྱི་མང་ཚོགས་ཁྲོད་རྟ་གསོ་སྐྱོང་ བྱེད་པ་དང། འགྲིམ་འགྲུལ་གྱི་སྐབས་སྤྱོད་སྒོ་ཆེ་ཤོས་སུ་བ ད་སྤྱོད་བྱེད་པའི་ སྲོལ་བྱུང་བ་ཡིན། བྲག་གསུམ་དེང་མ་ཞེས་པའི་གནས་སུ་རྟ་འདོ་བ་ཅང་ཤེས་བཏུལ་ བ་ནས་བཟུང། བཙན་པོ་གནམ་རི་སྲོང་བཙན་ས་ཕྱོགས་གང་དུ་ཕེབས་ ཀྱང། རྒྱུན་དུ་རྟ་འདོ་བ་ཅང་ཤེས་ལ་བཅིབས་ནས་ཕེབས་ཀྱི་ཡོད། དེ་ནས་ ཉིན་ཞིག་བཙན་པོས་རྟ་འདོ་བ་ཅང་ཤེས་ ལ་བཅིབས་ཏེ། སྦྲང་དགའ་བོ་ དང་རྨུ་དཔུང་རི་ 2ཞེས་པའི་གྱད་མི་གཉིས་སྐུ་རྗེས་སུ་ཁྲིད་ནས། རི་དྭགས་ རྔོན་བཞིན་རི་ལུང་མང་པོ་བརྒྱུད་ནས་ཕེབས། སྐབས་དེར་ཕུང་གཡག་ ཐལ་ཀ་བྱ་བའི་གནས་སུ་བྱང་འབྲོང་སྨྱོན་པ་ཞིག་ཐུག བྱང་འབྲོང་སྨྱོན་པ་དེས་ངར་སྐད་སྒྲོགས་ཤིང། རྭ་གཡུག་བྱེད་བཞིན་ བཙན་པོའ་ཕྱོགས་རྒྱུག་ཡོང་བར། བཙན་པོ་དང་གྱད་མི་བཅས་ཀྱིས་ 1 དམུས་ཏེ་ལོང་བ་ནི། ཕོ་བྲང་ནང་ཁུལ་དུ་ཡོད་པའི་བཙན་པོའ་ཉེ་གནས་སམ་ཞབས་ཕྱི་ ནང་མའི་གྲས་ཕྱོགས་ཕེབས་སྐབས་ལྷན་བཅར་ཞུ་དགོས་པ་ཞིག་ཡིན་ངེས། 2 སྦྲང་དགའ་བོ་དང་རྨུ་དཔུང་རི་གཉིས་ནི། བཙན་པོའ་སྐུ་སྲུང་དམག་ཁོངས་ཀྱི་དམག་མི་ གཉིས་ཡིན་ཚོད་འདུག་ལ། རྩལ་སྟོབས་དང་ལུས་ཤ གས་ཆེན་པོ་ཡོད་མཁན་གཉིས་ཡིན་ པ་ཤེས་ཐུབ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 62 ལམ་སང་ལྕགས་མདའ་གཞུ་ལ་བཀང་སྟེ་ཤ ག་སྒྲ་དང་བཅས་འཕངས་པ་ ན། ལྕགས་མདའ་གསུམ་ག་བྱང་འབྲོང་སྨྱོན་པའི་ཐོད་དཀྱིལ་དུ་འཁེལ་ཏེ། གནས་དེ་ག་རང་དུ་བྱང་འབྲོང་སྨྱོན་པ་ས་ལ་འགྲིལ་སོང་བ་རེད། དེ་ནས་བཙན་པོ་དང་གྱད་མི་རྣམས་ཀྱིས། བྱང་འབྲོང་སྨྱོན་པའི་ཤ་ རྟ་ལ་བཀལ་ཏེ་ཁྱེར་ཡོང་བའི་སྐབས། བྱང་གི་ཚྭ་གཏེར་ཡོད་སའི་ཐད་དུ་ སླེབས་པ་ན། འབྲོང་ཤ་རྟ་ཐོག་ནས་ས་ལ་ལྷུང་བས་ཤའི་ཆ་ཤས་མང་པོ་ ཞིག་ལ་ཚྭ་འགོས་པ་རེད། དེར་བརྟེན་ཕྱིས་སུ་བཙན་པོས་འབྲོང་ཤ་བཙོས་ ནས་བཞེས་པའི་སྐབས། རྒྱུན་ལྡན་གྱི་འབྲོང་ཤ་དང་མི་འདྲ་བའི་བྲོ་བ་ཁྱད་ པར་ཅན་ཞིག་ཡིན་པར་ཚོར་བས། ཐོག་མའི་སྐབས་བཙན་པོ་ལ་ཡ་མཚན་ གྱི་སྣང་བ་ཞིག་བྱུང་བ་རེད། བཙན་པོ་ཁོང་སྣང་ཚུལ་གང་འདྲ་ཞིག་ཡིན་ཡང་རུང། དེའི་གནས་ ལུགས་དང་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱེད་པར་ཤིན་ཏུ་དགའ་ཞིང། ཞིབ་ འཇུག་གི་རིགས་ལམ་དམིགས་བསལ་བ་ཡོད་མཁན་ཞིག་ཀྱང་ཡིན་པས། ཤ་ཐོག་ནས་བྲོ་བ་ཁྱད་པར་ཅན་དེ་མྱོང་ཙམ་གྱིས་ཆོག་ཤེས་མ་མཛད་པར། རྒྱུན་ལྡན་དང་མ་འདྲ་བའི་བྲོ་བ་དེ་རྒྱུ་རྐྱེན་གང་ལ་བརྟེན་ནས་བྱུང་བ་ཡིན་ སྲིད་པའི་གནས་ཚུལ་དང། བྱུང་རིམ་མང་པོ་ཞིག་ལ་མཐའ་འདེད་ཀྱིས་ཞིབ་ འཇུག་མཛད་པ་ན། འབྲོང་ཤ་ས་ལ་ལྷུང་སའི་ས་གནས་དེ་དང་འབྲེལ་བ་ ཡོད་པའི་དོགས་པ་ཆེན་པོ་ཞིག་རང་བཞིན་གྱིས་བྱུང་བ་རེད། དེ་ནས་བཙན་པོས་བློན་པོ་འགའ་ཤས་སྐུ་རྗེས་སུ་ཁྲིད་ནས། སྔོན་མ་ འབྲོང་ཤ་ལྷུང་སའི་ས་གནས་དེར་ཞིབ་འཇུག་གནང་བར་ཕེབས། ཁོང་ཚོས་
བཙན་པོ་གནམ་རི་སྲོང་བཙན། 63 ཞིབ་ཏུ་ལྟ་བའི་སྐབས། འབྲོང་ཤ་ལ་འགོས་པའི་ཚྭའི་བྲོ་བ་དེའི་ཡོང་སྟངས་ ངོ་མ་ཤེས་རྟོགས་བྱུང་ཞིང། ཞིབ་འཇུག་གི་བརྒྱུད་རིམ་དེའི་ཐོག་ནས་ བྱང་ཚྭའི་གཏེར་ཁ་འབྱེད་ཐུབ་པ་བྱུང་ཡོད་ལ། དེ་ནས་བོད་ཁམས་ཡོངས་ རྫོགས་སུ་ཚྭའི་བྲོ་བ་ལ་སྤྱོད་པའི་ལུགས་སྲོལ་དར་འཕེལ་བྱུང་བ་ཡིན།
64 དམངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད། ༄༅། །རྒྱལ་ཁབ་ཡར་རྒྱས་ཀྱི་རྟེན་གཞི་གཙོ་བོ་ནི། འཕྲོད་བསྟེན་དང་ འཚོ་བའི་ཆ་རྐྱེན་འཐུས་སྒོ་ཚང་བ་ཞིག་ཡོད་མེད་ལ་རག་ལས་ཤིང། དེ་ ནི་དཔལ་འབྱོར་འཕེལ་རྒྱས་ཡོད་མེད་དང་འབྲེལ་བ་གཏིང་ཟབ་མོ་ཡོད་པ་ ཞིག་ཡིན། དེར་བརྟེན་རྒྱལ་ཁབ་དང་མི་རིགས་ཤིག་ལ་མཚོན་ན། བསམ་ བློ་དང་ཀུན་སྤྱོད་རིམ་པ་དང་པོར་བཞག་པའི་ཐོག་ནས། དཔལ་འབྱོར་ འཕེལ་རྒྱས་ལ་འབད་བརྩོན་བྱ་དགོས་པ་ནི་ཤིན་ཏུ་གལ་གནད་དུ་གྱུར་ཡོད། བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་གྱིས་འཕེལ་རྒྱས་ཀྱི་གནས་ ལུགས་འདི་གཞི་ལ་བཞག་སྟེ། ཕྱོགས་མང་པོ་ནས་བོད་ཀྱི་དཔལ་འབྱོར་ ཚོང་ལས་ཀྱི་ཡོ་བྱད་བྲེ་སྲང་སོགས་ཀྱི་བཀོལ་སྤྱོད་རྒྱ་ཆེ་རུ་བཏང་བ།
བཙན་པོ་གནམ་རི་སྲོང་བཙན། 65 འཕེལ་རྒྱས་ཡོང་བར་འབད་བརྩོན་གནང་གི་ཡོད། སྔོན་མ་ཡབ་སྟག་རི་ གཉན་གཟིགས་ཀྱི་སྐུ་དུས་སུ། དངོས་པོའ་བོངས་ཚོད་ཆེ་ཆུང་དང་ལྕི་ཡང་ འཇལ་བའི་བྲེ་དང། ཕུལ། སྲང་བཅས་གསར་བཟོ་གནང་ཡོད་པར་མ་ ཟད། ཚོང་ལས་ཀྱི་ལམ་སྲོལ་མགོ་འབུས་ཙམ་བྱེད་ཐུབ་ཡོད་པ་དེས་ཀྱང། སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་དཔལ་འབྱོར་ལ་ཕན་ནུས་གང་འཚམ་ ཐོན་ཡོད། གནམ་རི་སྲོང་བཙན་གྱིས་རང་གི་ཡབ་ཀྱིས་གསར་གཏོད་དང་རྨང་ གཞི་བརྟན་པོ་མཛད་པ་དེའི་ཐོག་ནས། སྔར་ལས་ཀྱང་ཚོང་ལས་ཀྱི་བྱ་ བ་རྒྱ་ཇེ་ཆེར་བཏང་སྟེ། ཚོང་ལས་དང་འབྲེལ་བའི་བྱ་གཞག་མང་པོ་ཞིག་ བརྩམས་པས། བྲེ་ཕུལ་སྲང་གསུམ་སྔར་ལས་ཀྱང་སྤྱོད་སྒོ་དང་བེད་སྤྱོད་ ཆེ་རུ་གྱུར་ཅིང། བོད་མི་བྱིངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ ནུས་པ་ཐོན་པ་བྱུང་ཡོད། འབངས་མི་སེར་གྱི་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ། སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་ཀྱི་རྣམ་པ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 66 རྒྱལ་ཁབ་ཀྱི་སྟོབས་ཤ གས་སྔར་ལས་ཀྱང་ཇེ་ཆེར་ཕྱིན་པས། འཛུགས་སྐྲུན་ སོགས་དཔལ་འབྱོར་ལ་བརྟེན་པའི་ལས་གཞི་མང་པོ་ཞིག་རང་བཞིན་གྱིས་ གསར་རྩོམ་གནང་ཐུབ་པ་བྱུང་ཡོད། དཔེར་ན། དེ་སྔོན་གྱི་ཡབ་མེས་གོང་ མ་དག་གི་ཕོ་བྲང་ལས་ཀྱང་རྒྱ་ཆེ་ཞིང། རྒྱུ་ཆ་དང་བཟོ་བཀོད་གང་ཅིའི་ཐད་ ནས་ཤིན་ཏུ་ཕུན་སུམ་ཚོགས་པ། སྐུ་མཁར་ཁྲི་བརྩིགས་འབུམ་གདུགས་ ཞེས་བྱ་བ་ཞིག་གསར་བཞེངས་མཛད་ཡོད། ཕོ་བྲང་དེ་ནི་བོད་ཀྱི་ལོ་རྒྱུས་ ཐོག་སྙན་གྲགས་ཡོད་པའི་འཛུགས་སྐྲུན་གཞི་རྒྱ་ཆེ་བ་ཞིག་ཡིན། ཕོ་བྲང་འདིའི་རྒྱུ་ཆ་དང། བཟོ་བཀོད། རྒྱ་ཁྱོན་སོགས་ཀྱི་ཐོག་ནས་ བཙན་པོ་གནམ་རི་སྲོང་བཙན་གྱི་དུས་སྐབས་ནི། ཡབ་མེས་གོང་མ་དག་ ལས་ཀྱང་དཔལ་འབྱོར་ འཕེལ་རྒྱས་ཅན་ཞིག་ ཡིན་པ་རྟོགས་ཐུབ་ ཅིང། བཙན་པོ་ཁོང་ གིས་བཟོ་བཀོད་དང་ རྒྱུ་ཆ་ཁྱད་པར་བའི་ཕོ་ བྲང་དང། འབངས་མི་སེར་གྱི་དཔལ་འབྱོར་གྱི་གནས་སྟངས། རྒྱལ་ཁབ་ ཀྱི་ཆབ་སྲིད་ལམ་ལུགས་དང་དམག་དོན་བཅས་ཀྱི་ཐོག་ནས། བོད་འདི་ སྟོབས་ཤ གས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་པའི་རྣམ་པ་གསལ་འདོན་ མཛད་ཐུབ་ཡོད་པ་རེད། བཙན་པོ་གནམ་རི་སྲོང་བཙན་གྱིས་འདི་ལྟར་རང་གི་རྣམ་དཔྱོད་དང་ དངོས་པོ་བརྗེ་ལེན་གྱི་ཚོང་ལས་བྱེད་བཞིན་པ།
བཙན་པོ་གནམ་རི་སྲོང་བཙན། 67 སྙིང་སྟོབས་ལ་བརྟེན་ནས། བོད་ཁམས་ཡབ་མེས་གོང་མ་དག་ལས་ཀྱང་ སྟོབས་ཤ གས་ཆེ་བ་དང། དབང་ཐང་དར་བ། རྒྱ་ཆེ་བའི་འཛུགས་སྐྲུན་གྱི་ ལས་གཞི་བརྩམས་པ་སོགས། ཕྱོགས་མང་པོ་ནས་འཕེལ་རྒྱས་ཀྱི་རྣམ་པ་ གསལ་འདོན་མཛད་ཅིང། རང་ཚུགས་བརྟན་པོས་གནས་ཐུབ་པའི་རྒྱལ་ཁབ་ ཅིག་གི་ངོ་བོར་འཕེལ་རྒྱས་བཏང་གནང་ཡོད། སྟོབས་ཤ གས་དང་མངའ་ཐང་གི་འཕེལ་རྒྱས་དེ་དག་ནི། ཕྱི་ནང་གི་ རྒྱུ་རྐྱེན་དང་བརྒྱུད་རིམ་ངེས་ཅན་ཞིག་ལ་བརྟེན་ནས་བྱུང་བ་ཡིན་པ་སྨོས་ མ་དགོས་ཀྱང། འཕེལ་རྒྱས་འདིའི་རྒྱབ་ལྗོངས་སུ་ཡོད་པའི་རྒྱུ་རྐྱེན་གཙོ་ བོ་ཞིག་ནི། རྒྱལ་འབངས་ཀྱི་དཔལ་འབྱོར་གོང་འཕེལ་དུ་ཕྱིན་པ་འདི་ཡིན་ པས། བཙན་པོས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བྱས་པར་གྲུབ་ འབྲས་ཆེན་པོ་ཐོན་ཐུབ་ཡོད་པ་རེད། ཞིང་ཁ་དོར་རྩིས་དང། འབྲོག་པའི་ཐུལ་རྩིས། སྡེ་འབངས་ལ་ཁྲལ་བཀོད་པའི་རྣམ་པ།
68 རང་གི་སྐུ་སྲོག་རྒྱལ་ཁབ་ཀྱི་དོན་དུ་དོར་བ། ༄༅། །བཙན་པོ་གནམ་རི་སྲོང་བཙན་གྱིས་རྒྱུན་དུ་བོད་ཁམས་འཕེལ་ རྒྱས་སུ་གཏོང་བ་ནི། རང་ཉིད་ཀྱི་འགན་དུ་འཁྲི་བའི་ལས་དོན་གཙོ་གནད་ཆེ་ ཤོས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པར་མ་ཟད། རྒྱལ་ཁབ་འཕེལ་རྒྱས་ ཀྱི་དོན་དུ་རང་གི་སྐུ་སྲོག་གཏོང་དགོས་ཀྱང་ཕངས་སེམས་གཏན་ནས་མི་ མཛད་མཁན་ཞིག་དང། འབངས་མི་སེར་གྱི་བདེ་དོན་ཐོག་དམིགས་བསལ་ ཐུགས་ཁུར་གནང་མཁན་གྱི་བཙན་པོ་བྱམས་བརྩེ་ཅན་ཞིག་ཡིན། བཙན་པོ་གནམ་རི་སྲོང་བཙན་དང། དབའ་དབྱི་ཚབ། མྱང་ཙེང་སྐུ། ཆེས་པོ་ནགས་སེང། མནོན་ འགྲོན་པོ། དབའ་མྱེས་སྣང། དབའ་བུ་ཚབ་བཅས་ཀྱིས་གྲོས་བསྡུར་གནང་བཞིན་པ།
བཙན་པོ་གནམ་རི་སྲོང་བཙན། 69 བཙན་པོ་ཁོང་འབངས་མང་ཚོགས་ལ་ལྷག་བསམ་རྣམ་དག་དང། བརྩེ་བ་ལྷད་མེད་པ་ཞིག་ཡིན་པས། མང་ཚོགས་ཀྱིས་ཀྱང་ཁོང་ལ་མི་མང་ སྐྱོང་བའི་བྱམས་ལྡན་གྱི་རྒྱལ་པོ་ཞིག་ཏུ་བརྩིས་ཏེ། དད་གུས་དང་ཡིད་ཆེས་ ཚད་མེད་ཞུ་བཞིན་ཡོད་པ་རེད། འབངས་མང་ཚོགས་ཀྱིས་བཙན་པོ་ལ་དད་གུས་དང་ཡིད་ཆེས་ཚད་ མེད་བྱེད་ཀྱི་ཡོད་པ་འདི་ལ་བརྟེན་ནས། བཙན་པོ་རང་ཉིད་མང་ཚོགས་ཀྱི་ རྒྱབ་སྐྱོར་དང་གཞི་རྩ་ལྡན་པ་ཞིག་ཡིན་པའི་སྤོབས་པ་ཆེན་པོ་ཡོང་གི་ཡོད་ ཀྱང། མང་ཚོགས་ཀྱིས་བསྐུར་བའི་རེ་བ་དང་ཡིད་ཆེས་ནི། བཙན་པོ་རང་ ཉིད་ལ་མཚོན་ན་ཐེག་དཀའ་བའི་ཁུར་ཆེན་པོ་ཞིག་ཀྱང་ཡིན་པ་སྨོས་མ་ དགོས་པ་རེད། བཙན་པོ་གནམ་རི་སྲོང་བཙན་གྱིས་ཆབ་སྲིད་ཀྱི་དབུ་འཕང་མངོན་ པར་མཐོ་ཞིང། སྟོབས་ཤ གས་གཅིག་བསྡུས་ཀྱི་སྲིད་དབང་གསར་འཛུགས་ བྱ་རྒྱུའི་དོན་དུ། སྐུ་ཚེ་ཧྲིལ་པོར་འབད་བརྩོན་ལྷོད་མེད་གནང་ཡང། བཙན་ པོ་རང་ཉིད་ཀྱི་སྐུ་ཚེའི་རིང་ལ་མཐའི་རྒྱལ་ཕྲན་ཡོངས་རྫོགས་མངའ་འོག་ཏུ་ བསྡུ་ཐུབ་པ་བྱུང་མེད། ཡིན་ན་ཡང་ཕྱིས་སུ་བཙན་པོ་རང་ཉིད་ཀྱི་ཤ ལ་འཛིན་པ་སྲས་སྲོང་ བཙན་སྒམ་པོའ་རིང། བོད་ཆེན་པོའ་རྒྱལ་ཁབ་འཛུགས་པའི་སྐབས། ཡབ་ གནམ་རི་སྲོང་བཙན་གྱིས་རྨང་གཞི་བརྟན་པོ་བསྐྲུན་པ་འདིའི་གཞི་རྩ་ལ་ བརྟེན་ནས་བྱུང་བ་ཡིན་པས། བོད་ཀྱི་མངའ་དབང་དང་སྟོབས་ཤ གས་ འཕེལ་རྒྱས་འགྲོ་བར། བཙན་པོ་གནམ་རི་སྲོང་བཙན་གྱིས་བསུབ་ཏུ་མེད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 70 པའི་མཛད་རྗེས་རླབས་ཆེན་པོ་ཞིག་བཞག་ཡོད་པ་གསལ་པོ་ཡིན། བཙན་པོ་གནམ་རི་སྲོང་བཙན་གྱིས་བོད་ཀྱི་སྔ་མོའ་ཆབ་སྲིད་དང། སྤྱི་ ཚོགས་ཀྱི་ལམ་ལུགས་མང་པོ་ཞིག་ལ་བཅོས་བསྒྱུར་མཛད་པ་དང། མངའ་ ཐང་རྒྱ་སྐྱེད་གནང་བའི་ལས་དོན་གྱི་བརྒྱུད་རིམ་ནང། མཐའི་རྒྱལ་ཕྲན་གྱི་ མི་སྣ་མང་པོ་ཞིག་ལ་དགྲ་འཁོན་གཏིང་ཟབ་བཞག་ཡོད་པ་སྨོས་མ་དགོས་ ལ༑ ནང་ཁུལ་གྱི་བློན་པོ་གསར་རྙིང་དང་ཆེ་ཆུང་མང་པོ་ཞིག་ལ་ཡང། སྒེར་ གྱི་ཁེ་ཕན་ལ་ཕོག་ཐུག་འགྲོ་གཞིའི་ཐག་གཅོད་སྣ་ཚོགས་མཛད་དགོས་ བྱུང་ཡོད་པ་རེད། དེར་བརྟེན་ཕྱི་ནང་གཉིས་ཀ་ནས་བཙན་པོ་གནམ་རི་སྲོང་བཙན་ལ་ སྡང་སེམས་འཆང་མཁན་དང། དགྲ་འཁོན་རྩོད་རྒྱུའི་གོ་སྐབས་ལ་ངང་སྒུག་ བྱེད་མཁན་མང་པོ་ཞིག་ཡོད་པར་མ་ཟད། ཞི་དྲག་གི་བློན་པོའ་ནང་ཁུལ་ལ་ ཡང་ཚབས་ཆེའི་འགལ་ཟླ་དང། ཁེ་ཕན་འཐབ་རྩོད་ཀྱི་རྙོག་འཛིང་སྣ་ཚོགས་ ཤིག་འབྱུང་བཞིན་ཡོད་པ་ནི། སྐབས་དེའི་བཙན་པོའ་ཁོར་ཡུག་གི་དངོས་ ཡོད་གནས་སྟངས་ཤིག་ཏུ་གྱུར་ཡོད། ལྷིང་འཇགས་མེད་པའི་འགལ་ཟླ་འདི་དག་གིས་བོད་ཁམས་འཕེལ་ རྒྱས་འགྲོ་བར་འགོག་རྐྱེན་བྱེད་ཀྱི་ཡོད་པར་མ་ཟད། བཙན་པོ་ཁོང་གི་བདེ་ འཇགས་དང། ཐ་ན་སྐུ་སྲོག་ཚུན་ཆད་ལ་ཉེན་ཁ་ཡོད་པ་བཙན་པོ་རང་ཉིད་ ཀྱིས་གསལ་པོ་མཁྱེན་གྱི་ཡོད་ཀྱང། བཙན་པོ་རང་ཉིད་ཀྱི་སྐུ་ངལ་དང། སྲོག་གི་ཉེན་ཁ་ལས་ཀྱང་འབངས་མི་སེར་གྱི་བདེ་དོན་གལ་ཆེར་དགོངས་ ཏེ༑ འཇིགས་ཞུམ་དང་བག་འཁུམས་གཏན་ནས་མི་མཛད་པར། ཞི་དྲག་གི་
བཙན་པོ་གནམ་རི་སྲོང་བཙན། 71 གནང་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྒྱལ་ཁབ་ཀྱི་ལས་གཞི་གང་འདྲ་ཞིག་ ཡིན་ཡང། མིག་མདུན་གྱི་འགོག་རྐྱེན་ལས་བརྒལ་ནས་ཡར་རྒྱས་ཀྱི་ལས་ གཞི་མུ་མཐུད་མཇུག་སྐྱོང་མཛད་ཀྱི་ཡོད་པ་རེད། རང་དང་རང་གི་ཕྱོགས་གཏོགས་ཀྱི་ཁེ་ཕན་ཙམ་གཙོ་གནད་དུ་བཟུང་ བའི་མི་ཞིག་ལ་མཚོན་ན། རང་དང་རང་ཕྱོགས་རྐྱང་པའི་ཁེ་ཕན་ཙམ་མ་ གཏོགས། འབངས་མི་སེར་གྱི་བདེ་དོན་དང་རྒྱལ་ཁབ་ཀྱི་ཕུགས་རྒྱང་རིང་ པོའ་ལས་དོན་ཟེར་བ་ནི། ཁོ་ཚོར་རིན་ཐང་གཏན་ནས་ཡོད་པ་ཞིག་མིན་ལ། འདི་ནི་ཁོ་ཚོས་ལས་དོན་གལ་ཆེན་པོ་ཞིག་ལ་ཚོར་མི་སྲིད་པར་མ་ཟད། སྤྱི་དོན་ཁུར་དུ་འཁྱེར་བའི་སྐྱེས་བུ་རླབས་ཆེན་དག་གི་ལས་དོན་ལ་འགོག་ རྐྱེན་བྱ་བ་དང། ཐ་ན་ཁོང་ཚོའི་སྐུ་སྲོག་ལ་བསྡོ་བའི་ལས་ངན་བརྩམས་པར་ ཡང་འཚེར་སྣང་གཏན་ནས་བྱེད་ཀྱི་མེད། སྐྱེ་བོ་ཐ་ཤལ་བ་འདི་རིགས་ཀྱིས་གཏན་ནས་གུ་ཡངས་དང་བཟོད་ བསྲན་བྱ ད་མི་ཐུབ་པ་ནི། རང་ཉིད་ཀྱི་ཁེ་ཕན་ལ་དོ་ཕོག་གཏོང་བའི་གང་ཟག་ དང་དེའི་བྱ་གཞག་ཡིན་པས། རང་གི་ཁེ་ཕན་རྟ་རྔ་ཙམ་ལ་དོ་ཕོག་འབྱུང་ཉེན་ མཐོང་ཚེ། དུས་ཡུན་སྐད་ཅིག་ཙམ་ཡང་བཟོད་བསྲན་མི་ཐུབ་པར། དེ་མ་ཐག་ ཤི་འཐམ་རོ་འཐམ་གྱིས་འཐབ་རྩོད་དང་རྒོལ་བ་བྱེད་ངེས་པ་ཡིན། འདི་ནི་རང་དོན་རྐྱང་པ་བསམ་པའི་མི་བློ་རྒྱ་ཆུང་བ་མང་ཆེ་བའི་བྱ་ སྤྱོད་ངོ་མ་དེ་ཡིན་ལ། གནམ་རི་སྲོང་བཙན་གྱི་བློན་པོའ་གྲས་ན་ཡོད་པའི་ མི་ངན་དེ་རིགས་ཀྱིས་ཀྱང། བཙན་པོ་གནམ་རི་སྲོང་བཙན་གྱིས་འཆར་ འགོད་གནང་བའི་རྒྱལ་ཁབ་ཀྱི་ལས་གཞི་ཆེ་ཕྲ་མང་པོ་ཞིག་ལ་དངོས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 72 ཤགས་བརྒྱུད་གསུམ་ནས་འགོག་རྐྱེན་བྱེད་ཀྱི་ཡོད་པ་རེད། སྒེར་སེམས་ཅན་གྱི་བློན་པོ་ཐ་ཤལ་བ་དེ་དག་གིས་འགོག་རྐྱེན་ཇི་ ཙམ་བྱས་ཀྱང། བཙན་པོས་རང་དོན་ཁོག་ཏུ་འཇུག་མཁན་གྱི་བློན་ངན་ ཚོར་མཐའ་གཅིག་ཏུ་རྒོལ་བ་བྱས་ཏེ། ཁོ་ཚོའི་མངོན་འདོད་གཏན་ནས་ འགྲུབ་འཇུག་གི་མེད་པས། རང་གི་ཁེ་ཕན་རྟ་རྔ་ཙམ་ལ་འཐམ་པའི་བློན་ངན་ དེ་དག་གིས། གནམ་རི་སྲོང་བཙན་ནི། ནམ་ཡང་རང་ཅག་ལང་དུ་མི་འཇུག་ པའི་གཉའ་ནས་གནོན་མཁན་ཞིག་ཡིན་པས། ཁོ་མེད་ཐབས་མ་བྱས་ན་ང་ ཚོའི་མི་ཚེ་འབྱོར་ཕྱུག་ལྡན་པ་ཞིག་ཡོང་མི་ཐུབ། ཅེས་ཟེར་ནས། བོད་ཀྱི་ བཙན་པོ་གནམ་རི་སྲོང་བཙན་ལ་ལྐོག་ཏུ་དུག་ཕུལ་ཏེ་སྐུ་བཀྲོངས་པ་རེད། བཙན་པོ་གནམ་རི་སྲོང་བཙན་གྱིས་བོད་མི་རིགས་ཀྱི་དོན་དུ་སྐུ་ ལས་ཇི་ཙམ་བསྐྱོན་ཡོད་མེད་ཁོ་ཚོས་མ་ཤེས་པ་མིན་ཡང། སྒེར་སེམས་ ཅན་གྱི་མི་འདིའི་རིགས་ལ་མཚོན་ན། རང་གི་མིག་མདུན་གྱི་ཁེ་ཕན་ལ་ གནོད་པའི་གང་ཟག་ཅིག་ཡིན་ཚེ། མི་དེ་ནི་བསམ་སྤྱོད་ཇི་ཙམ་ལེགས་ ཀྱང་རུང། སྤྱི་པ་ལ་ཕན་པའི་ལས་དོན་གང་འདྲ་ཞིག་བྱས་ཡོད་ཀྱང་འདྲ། འཇིག་རྟེན་དུ་གསོན་པོར་གནས་མི་ཆོག་པའི་མི་ཉེས་ཅན་ཞིག་ལས་ མཐོང་མི་སྲིད་ལ། མི་དེ་རིགས་མེད་པར་བྱ་རྒྱུར་ཁོ་ཚོར་མཚོན་ན་སྙིང་ རྗེ་དང་ཕངས་སེམས་གཏན་ནས་མེད། འདི་ནི་སྔོན་དང་ད་ལྟའི་དུས་ཀྱི་ མི་ཐ་ཤལ་བ། རང་དོན་རྐྱང་པ་ལས་བསམ་རྒྱུ་མེད་མཁན་ཚོའི་བསམ་བློ་ གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་ཤིག་ཡིན། །
གསུམ་པ། ཆོས་རྒྱལ་སྲོང་བཙན་སྒམ་པོ།
75 བཙན་པོ་ཆོས་རྒྱལ་སྲོང་བཙན་སྒམ་པོའ་ངོ་སྤྲོད། ༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི། ཡབ་གནམ་རི་སྲོང་བཙན་ དང། ཡུམ་འབྲི་བཟའ་ཐོད་དཀར་གཉིས་ཀྱི་སྲས་སུ་དུས་རབས་བདུན་ (ཕྱི་ ལོ་༦༡༧) པའི་ནང་སྐུ་འཁྲུངས། བཙན་པོ་འདི་འཚར་ལོངས་བྱུང་བའི་དུས་ རིམ་ནི། བོད་ཀྱི་རྒྱལ་ཁབ་ནང་ཁུལ་ཤིན་ཏུ་ཟིང་འཁྲུག་ཆེ་བའི་སྐབས་ ཤིག་ཡིན་ལ། ཞང་ཞུང་དང། སུམ་པ། དྭགས་པོ། ཀོང་པོ། མྱང་པོ་ སོགས་མཐའི་རྒྱལ་ཕྲན་མང་པོ་ཞིག་གིས་བོད་ཀྱི་བཙན་པོ་ཡབ་གནམ་ རི་སྲོང་བཙན་ལ་ངོ་ལོག་སྟེ། ཟིང་འཁྲུག་ཆེན་པོ་སློང་བའི་དུས་སྐབས་ཤིག་ ཀྱང་ཡིན། དེ་སྔར་ཡབ་གནམ་རི་སྲོང་བཙན་གྱི་སྐུ་དུས་སུ་བོད་ཁམས་གཅིག་ གྱུར་གྱི་རྣམ་པ་ཕྲན་བུ་ཡོད་ཀྱང། ཡབ་ཀྱི་སྐུ་ཚེའི་མཇུག་ཏུ་གཅིག་གྱུར་གྱི་ རྣམ་པ་ཁ་འཐོར་དུ་ཕྱིན་པར་མ་ཟད། ཡབ་གནམ་རི་སྲོང་བཙན་ཡང་འགལ་ ཟླའི་ཕྱོགས་ཀྱིས་དུག་གིས་བཀྲ ངས་པ་སོགས། བོད་ཀྱི་སྤྱི་ཚོགས་ཤིན་ཏུ་ རྙོག་འཛིང་ཆེ་བའི་དུས་སྐབས་ཤིག་ཏུ་གྱར་ཡོད། སྲོང་བཙན་སྒམ་པོ་དགུང་ལོ་བཅུ་གསུམ་གྱི་ཐོག་ཡབ་གནམ་རི་སྲོང་ བཙན་སྐུ་གཤེགས་པས། གནས་ཚུལ་གློ་བུར་བ་ཞིག་གི་ཐོག་ནས་བོད་ཀྱི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 76 ཆབ་སྲིད་ཀྱི་ཐུགས་འགན་བཞེས་དགོས་བྱུང་ཡོད། སྲོང་བཙན་སྒམ་པོ་ བོད་ཀྱི་རྒྱལ་ཁྲིར་འཁོད་པའི་སྐབས་དགུང་ན་ཤིན་ཏུ་ཕྲ་ཡང། ཡབ་གནམ་ རི་སྲོང་བཙན་གྱི་དཀྱེལ་ཡངས་སྒམ་བརླིང་གི་མིག་ལྟོས་བཟང་པོའ་རྐྱེན་ པས། སྲོང་བཙན་སྒམ་པོ་སྐུ་ན་གཞོན་དུས་ནས་བཟུང། བྱིས་པ་རང་བཞིན་ པ་ཞིག་དང་མི་འདྲ་བར་རྣམ་དཔྱོད་བཀྲ་ཞིང་བློ་རིག་གསལ་ལ། དགྲ་འདུལ་ གཉེན་སྐྱོང་གི་བཀོད་བྱུས་ལ་བྱང་ཆ་ལྡན་པ་ཞིག་ཏུ་གྱུར་ཡོད། བཙན་པོ་སྲོང་བཙན་སྒམ་པོ་བོད་ཀྱི་རྒྱལ་ཁྲིར་འཁོད་པའི་རྗེས། འཕྲལ་མར་ལག་བསྟར་མཛད་དགོས་པའི་ཆོས་སྲིད་ཀྱི་ལས་རིམ་མང་པོ་ ཡོད་པ་སྨོས་མ་དགོས་ཀྱང། ཁོང་གིས་ཐོག་མར་རང་ཉིད་ལ་བློ་དཀར་བའི་ ཞི་དྲག་གི་བློན་པོའ་ཚོགས་ཀྱི་དཔུང་ཤ གས་གཅིག་ཏུ་བསྒྲིལ་ཏེ། ཕོ་བྲང་ཕྱི་ ནང་གི་དུག་ཤིང་ཚེར་མ་ཅན་ལྟ་བུའི་འགལ་ཟླའི་ཕྱོགས་ཀྱི་བློན་ངན་རྣམས་ དང། ཡབ་ལ་དུག་སྤྲོད་མཁན་གྱི་གཏེ་པོ་རྣམས་ཚར་གཅོད་བྱ་རྒྱུར་བློ་ཐག་ བཅད་པ་རེད། ནང་ཁུལ་གྱི་སྟོབས་ཤ གས་གཅིག་ཏུ་བསྡུས་པའི་རྨང་གཞིའི་ཐོག་ ནས། ཁ་འཐོར་དུ་ཕྱིན་པའི་རྒྱལ་ཕྲན་དེ་དག་སླར་ཡང་གཅིག་བསྡུ་བྱས་ཏེ་ བོད་ཆེན་པོའ་རྒྱལ་ཁབ་བསྐྱར་གསོ་བྱས་པ་དང། སྔར་ལས་ཀྱང་སྟོབས་ ཤགས་ལྡན་པར་བྱས་ཏེ། གསུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་སྒྱུར་ བྱ་བར་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་པའི་གྲ་སྒྲིག་གནང། སྲོང་བཙན་སྒམ་པོས་བོད་ཀྱི་ཆབ་སྲིད་ཀྱི་ལས་དོན་རྐྱང་པ་མ་ཡིན་ པར། བོད་ཡིག་འབྲི་བའི་སྲོལ་གསར་གཏོད་མཛད་དེ། ཤེས་ཡོན་གྱི་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 77 ལས་དོན་ཐོག་སྔ་ན་མ་བྱུང་བའི་མཛད་རྗེས་ཆེན་པོ་བཞག་པར་མ་ཟད། སྐབས་དེར་རྒྱ་གར་དུ་དར་ཁྱབ་ཆེན་པོ་ཡོད་པའི་ནང་པ་སངས་རྒྱས་ཀྱི་ ཆོས་ལུགས་བོད་ཀྱི་སྐད་ཡིག་ཐོག་གསར་དུ་བསྒྱུར་བ་དང་མཉམ་དུ། བོད་ཀྱི་འབངས་མི་སེར་ཡོངས་ལ་གསར་དུ་འབྲི་སྲོལ་བཏོད་པའི་སྐད་ ཡིག་དང་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་སློབ་སྦྱོང་བྱ་དགོས་ པའི་ཁྲིམས་སྲོལ་གསར་བཟོ་མཛད་དེ། ཆ་རྐྱེན་ཡང་འཐུས་སྒོ་ཚང་བ་ བསྐྲུན་པར་གནང། མདོར་ན། བཙན་པོ་ཁོང་གི་མཛད་རྗེས་གཙོ་བོ་ནི། བོད་ཁམས་ཡོངས་ རྫོགས་གཅིག་གྱུར་མཛད་དེ་བཙན་པོའ་མངའ་ཁོངས་ཀྱི་རྒྱ་ཁྱོན་ཇེ་ཆེར་ སྤེལ་བ་དང། སྤྱི་ཚོགས་ཀྱི་སྒྲིག་གཞི་དང་ཁྲིམས་སྲོལ་གཏན་འཁེལ་མཛད་ པ། བོད་ཀྱི་ཡིག་སྲོལ་གསར་གཏོད་མཛད་དེ་ཤེས་ཡོན་གྱི་ལས་གཞི་རྒྱ་ ཆེར་སྤེལ་བ། བལ་ཡུལ་དང་རྒྱ་ནག་རྒྱལ་པོའ་སྲས་མོ་ཁབ་ཏུ་བཞེས་ཏེ་ཕྱི་ འབྲེལ་རྒྱ་སྐྱེད་མཛད་པ། ལྷ་ས་གཙུག་ལག་ཁང་སོགས་བཞེངས་ནས་བོད་ དུ་སངས་རྒྱས་ཀྱི་བསྟན་པ་འཕེལ་རྒྱས་མཛད་པ། ཆབ་སྲིད་མཐའ་བཞིར་ བཀྱེད་ནས་བོད་ཀྱི་དཔལ་འབྱོར་གོང་སྤེལ་མཛད་པ་བཅས་ཆབ་སྲིད་དང། ཆོས་ལུགས། ཤེས་ཡོན། དཔལ་འབྱོར་བཅས་ཕྱོགས་ཡོངས་ནས་འཕེལ་ རྒྱས་ཆེན་པོ་མཛད་པས། བོད་མི་རིགས་ལ་ཤིན་ཏུ་བཀའ་དྲིན་ཆེ་བའི་རྒྱལ་ པོ་མཚན་སྙན་ལྡན་པ་ཞིག་ཡིན།
78 ཤེས་རབ་ཀློང་དུ་བརྡོལ་བའི་རྒྱལ་སྲས། ༄༅། །སྲོང་བཙན་སྒམ་པོའ་ཐོག་མའི་མཚན་ལ་ཁྲི་སྲོང་བཙན་ཞེས་ གསོལ་བ་ཡིན་ཡང། སྐུ་ན་གཞོན་དུས་ནས་ཆོས་སྲིད་ཀྱི་ཡོན་ཏན་ཀུན་ ལ་མཁྱེན་པ་རྒྱས་ཤིང། ཐུགས་གཤིས་སྒམ་པོ་གཞན་གྱིས་གཏིང་དཔོག་ དཀའ་བ་ཞིག་ཡིན་པས། ཕྱིས་སུ་སྲོང་བཙན་སྒམ་པོ་ཞེས་པའི་མཚན་ ཡོངས་གྲགས་སུ་གྱུར་པ་རེད། སྲོང་བཙན་སྒམ་པོ་དགུང་ན་གཞོན་དུས་ནས་བཟུང། རྒྱལ་སྲས་རང་ ཉིད་བྱིས་པ་གཞན་དག་གི་གནས་སྟངས་དང་མི་འདྲ་བར། རང་ཉིད་ལ་ མང་ཚོགས་ཁྲི་ཕྲག་མང་པོས་རེ་ལྟོས་བྱེད་ཀྱི་ཡོད་པ་དང། འབངས་མི་ སེར་རྣམས་ཀྱིས་རེ་བ་དང་ཡིད་ཆེས་ཀྱིས་བསྐུར་བའི་འགན་འཁྲི་ལྗིད་པོ་ ཞིག་རང་གི་ཕྲག་སྟེང་དུ་ཡོད་པ་གསལ་པོ་མཁྱེན་གྱི་ཡོད། དེར་བརྟེན་ཁོང་གིས་ཆུང་བྱིས་པའི་དུས་ནས་བཟུང་སྟེ། བོད་ཀྱི་རྒྱལ་ སྲིད་སྐྱོང་བའི་ཆ་ལག་ཏུ་ཆབ་སྲིད་དང། ཁྲིམས་ལུགས། དམག་དོན། ཕྱི་ འབྲེལ། ཐ་ན་མི་མཐོ་དམན་བར་གསུམ་ལ་སྐད་ཆ་ཤོད་སྟངས་དང། འབྲེལ་ ལམ་འཛིན་སྟངས་བཅས། མདོར་ན། རྒྱལ་དོན་གྱི་ལས་དོན་ཆེ་ཆུང་ཡོངས་ རྫོགས་ཡབ་གནམ་རི་སྲོང་བཙན་གྱི་མཛད་སྤྱོད་ལ་མིག་ལྟོས་ཞུས་ཏེ། རྒྱལ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 79 པོའ་ལུགས་ཀྱི་མཛད་བྱུས་ཀུན་ལ་བྱང་ཆ་ལྡན་པར་མཛད་ཡོད། རྟ་རྩལ་དང། མདའ་རྩལ། མདུང་རྩལ། བང་རྩལ་སོགས་ཞི་དྲག་གི་ རོལ་རྩེད་ཀུན་ལ་ཡང་མཁས་པར་སྦྱངས་ཏེ། ཐུགས་སྟོབས་དང་དཔའ་རྩལ་ ལ་སུས་ཀྱང་འགྲན་ཟླ་མེད་པ་ཞིག་ཏུ་གྱུར་ཡོད་སྟབས། ཡབ་གནམ་རི་སྲོང་ བཙན་གྱི་བསམ་པར། རང་ཉིད་ཀྱི་སྐུ་སྲོག་ལ་གློ་བུར་དུ་བར་ཆད་བྱུང་བའི་ དབང་དུ་བྱས་ཀྱང། སྲས་ཀྱིས་རྒྱལ་སྲིད་འཛིན་ཐུབ་པ་འདུག་སྙམ་པའི་གདེང་ སྤོབས་ཆེན་པོ་བྱུང་ཡོད། སྐབས་ཤིག་ལ་བློན་པོའ་ཚོགས་ཁག་ཅིག་གིས་བསམ་ངན་གྱི་སྦྱོར་ བ་ལག་བསྟར་བྱས་ཏེ། ཡབ་གནམ་རི་སྲོང་བཙན་ལ་བཙན་དུག་ཕུལ་ཏེ་སྐུ་ བཀྲོངས་པར་མ་ཟད། གནམ་རི་སྲོང་བཙན་གྱི་གཟིགས་རྒྱང་ཡངས་པའི་ ཆབ་སྲིད་ཀྱི་དམིགས་ཡུལ་དང། དམག་དོན་གྱིས་མཚོན་པའི་བོད་རྒྱལ་ ཁབ་ཀྱི་ཞི་དྲག་གི་ལས་དོན་མང་པོ་ཞིག་ལ་བཙན་གྱིས་བར་ཆད་བཏང་སྟེ། བོད་རྒྱལ་ཁབ་ཆེན་པོའ་འཕེལ་རྒྱས་ཀྱི་མདུན་ལམ་ལ་བཀག་འགོག་བྱས་ པ་ནི། སྲོང་བཙན་སྒམ་པོའ་སེམས་ཀྱི་ན་ཟུག་ཆེན་པོ་ཞིག་ཏུ་གྱུར་ཡོད། དེར་བརྟེན་བཙན་པོ་སྲོང་བཙན་སྒམ་པོས་རུལ་སུངས་སུ་གྱུར་པའི་ བློན་ངན་དེ་དག་རྩ་མེད་བཟོས་ཏེ། བོད་རྒྱལ་ཁབ་ཆེན་པོའ་འཕེལ་རྒྱས་ཀྱི་ བཀག་རྡོ་སེལ་བ་དང། ཡབ་ཀྱི་འཁོན་ལན་སློག་ཐབས་བྱ་དགོས་པ་ནི། རྒྱལ་སྲས་ཁོང་གི་སེམས་རྩ་ན་ནམ་ཡང་བརྗེད་དུ་མེད་པ་ཞིག་ཡིན། ཡབ་གནམ་རི་སྲོང་བཙན་སྐུ་བཀྲོངས་པའི་དོན་རྐྱེན་བྱུང་བའི་སྐབས། རྒྱལ་སྲས་ཁོང་དགུང་ན་བཅུ་གསུམ་ལས་སོན་མེད་ཀྱང། སྐྱོ་ཞུམ་དང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 80 བག་འཁུམས་མེད་པར་ཡབ་ཀྱི་འདས་མཆོད་ཚུལ་བཞིན་བསྒྲུབས་པར་མ་ ཟད། མངོན་གསལ་དང་མངོན་གསལ་མིན་པའི་ཐབས་ལམ་ཅི་རིགས་ཀྱི་ སྒོ་ནས་རང་གི་ཡབ་གནམ་རི་སྲོང་བཙན་ཅིའི་ཕྱིར་སྐུ་བཀྲོངས་པ་དང། ཇི་ ལྟར་བཀྲོངས་པ། སུ་དང་སུས་བཀྲོངས་པ། ཁོང་ཚོའི་འཆར་གཞི་ཕྱི་མ་ སུའི་ཐོག་ལ་འབབ་རྒྱུ་ཡིན་མིན་སོགས། ཡབ་བཀྲོངས་པའི་ཐོག་མཐའ་བར་ གསུམ་གྱི་དོན་རྐྱེན་ལ་ཕྱོགས་ཐམས་ཅད་ནས་ཞིབ་འཇུག་གཏིང་ལོན་པར་ མཛད་པ་རེད། དུས་ཡུན་རིང་པོ་མ་འགོར་བར་ཡབ་དགྲོང་མཁན་གྱི་ལག་དམར་བ་ རྣམས་རྩད་གཅོད་ཐུབ་པ་བྱུང་ཡང། བཙན་པོས་དགྲ་བོའ་ཕྱོགས་ལ་དོགས་ འདྲོགས་མི་ཡོང་བའི་ཆེད། ཕྱི་ཚུལ་དུ་བློན་པོ་ཀུན་ལ་སྔར་རྒྱུན་ལྟར་སྤྱི་ སྙོམས་ཀྱ ས་འབྲེལ་ལམ་འཛིན་པ་མ་གཏོགས། ཡབ་ཀྱི་འདས་དོན་ཐད་ཞི་ དྲག་གི་བློན་པོ་སུ་ལ་ཡང་དོགས་པ་ཡོད་པའི་རྣམ་འགྱུར་སྟོན་གྱི་མེད། བཙན་པོ་སྲོང་བཙན་གྱི་མཛད་སྤྱོད་དེ་ལ་བརྟེན་ནས། ཡབ་དགྲོང་ མཁན་གྱི་ལག་དམར་བའི་བློན་པོ་དེ་དག་གི་བསམ་པར། ང་ཚོའི་ལྐོག་བྱུས་ ལམ་ལྷོང་བྱུང་འདུག་སྙམ་པའི་སྙིང་སྟོབས་འཕར་མ་ཞིག་བྱུང་བར་མ་ཟད། ད་ང་ཚོས་ཅི་ཞིག་བྱས་ཀྱང་དངངས་སྐྲག་བྱ་དགོས་པ་མི་འདུག རྒྱལ་ སྲས་ཁྲི་ལ་འཁོད་དུ་བཅུག་པ་ཡིན་ནའང། ང་ཚོའི་ལག་འོག་གི་རྩེད་རྡོ་ཆུང་ ཆུང་ཞིག་ཏུ་འགྱུར་ངེས་པ་ལས། གནོད་པ་གང་ཡང་བྱེད་ནུས་ཀྱི་མི་འདུག་ སྙམ་པའི་གོ་ལོག་ངན་པ་ཞིག་བྱུང་བས། སྲོང་བཙན་རྒྱལ་ཁྲིར་འགོད་པ་ལ་ བློན་ངན་དེ་རིགས་ཀྱིས་དམིགས་བསལ་འགོག་རྐྱེན་གྱི་ལས་འགུལ་གང་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 81 ཡང་བརྩམས་མེད། བློན་ངན་ཚོར་མགོ་སྐོར་དང་གོ་ལོག་ཐེབས་པའི་གནས་ཚུལ་འདི་ནི། སྲོང་བཙན་སྒམ་པོ་ལ་མཚོན་ན་ལག་དམར་བ་རྣམས་རང་གི་ལྐོག་བྱུས་ཀྱི་ དྲ་བར་ཚུད་པའི་རྒྱལ་ཁ་ཆེན་པོ་ཞིག་ཡིན་ལ། བཤད་སྟངས་གཞན་པ་ཞིག་ གི་ཐོག་ནས་བཤད་ན། མི་ཚེ་ཆབ་སྲིད་ཀྱི་འཐབ་འཁྲུག་ནང་རྒས་པའི་བློན་ པོ་བགྲེས་སོང་དེ་རྣམས་ཀྱང། སྲོང་བཙན་རང་ཉིད་ཀྱི་ལྐོག་བྱུས་ཀྱི་འོག་ ཏུ་བཙུད་ཐུབ་པ་བྱུང་བ་འདིས། རྒྱལ་སྲས་རང་ཉིད་དགྲ་ལ་ཕར་རྒོལ་བྱེད་ པའི་རྣམ་དཔྱོད་དང། སྲིད་ཐབས་ཀྱི་འཇོན་ཐང་ཆེན་པོ་ཡོད་པ་མཚོན་གྱི་ ཡོད་པ་རེད།
82 བོད་ཁམས་གཅིག་གྱུར་གྱི་རྨང་གཞི་སྲ་བརྟན་མཛད། ༄༅། །སྲོང་བཙན་སྒམ་པོ་རྒྱལ་ཁྲིར་འཁོད་པའི་སྐབས་དགུང་ལོ་བཅུ་ གསུམ་ལས་སོན་མེད་ཀྱང། དམིགས་རྒྱང་ཡངས་ཤིང་རྒྱལ་པོའ་ལུགས་ ཀྱི་བྱེད་ཐབས་ལ་ཤིན་ཏུ་མཁས་པས། བོད་ཀྱི་ལུགས་གཉིས་ཀྱི་བྱ་གཞག་ མཐའ་དག་ཡབ་ཀྱི་སྐུ་དུས་ལས་ཀྱང་རྒྱ་སྐྱེད་བྱས་ཏེ། སྟོབས་ཤ གས་དང་ མངའ་ཐང་གང་ཅིའི་ཐད་ནས་གཞན་གྱིས་འགྲན་ཟླ་མེད་པ་ཞིག་བྱ་བ་ནི། ཁོང་རྒྱལ་ཁྲིར་འཁོད་པའི་ཉིན་དང་པོའ་དམ་བཅའ་དང། རྒྱུན་དུ་ཐུགས་ལ་ བརྣག་པའི་རེ་བ་དང་དམིགས་ཡུལ་གཙོ་བོ་དེ་ཡིན། རྒྱལ་པོ་སྲོང་བཙན་གྱིས་རང་གི་རེ་འདུན་དང་དམ་བཅའ་འདི་དག་ནི། ལས་སླ་པོས་སྒྲུབ་ཐུབ་པ་ཞིག་མིན་པ་གསལ་པོ་མཁྱེན་གྱི་ཡོད་ཀྱང། སྙིང་ སྟོབས་ཞུམ་མེད་ཀྱི་སྒོ་ནས་གོམ་སྟབས་རེ་རེ་བཞིན་མདུན་དུ་སྤོས་ཏེ་ཕྱིན་ ན༑ འབྱུང་འགྱུར་གྱི་མདུན་ལམ་ཡོངས་རྫོགས་མཛེས་སྡུག་གི་དཔལ་འབར་ བ་ཞིག་དང། བོད་ཀྱི་སྐྱེ་འགྲོ་རྣམས་ཆོས་འབྱོར་བདེ་སྐྱིད་ལྡན་པ་ཞིག་ཡོང་ རྒྱུ་ཡིན་པར་ཡིད་ཆེས་བརྟན་པོ་མཛད་ཀྱི་ཡོད། འོན་ཀྱང་བཙན་པོ་སྲོང་བཙན་གྱི་དགོངས་པར། རང་ཉིད་བོད་ཀྱི་ རྒྱལ་པོའ་གསེར་ཁྲིར་འཁོད་ཐུབ་པ་ཙམ་གྱིས། རྒྱལ་ཁབ་ཀྱི་དབང་ཤ གས་ ཡོངས་རྫོགས་དོན་དམ་དུ་རང་ཉིད་ལ་ཐོབ་ཐུབ་མེད་པ་དང། ཞི་དྲག་གི་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 83 བློན་པོ་ཐམས་ཅད་རང་ཉིད་ལ་ལྷག་བསམ་རྣམ་དག་དང། བཀའ་གསུང་ཅི་ སྒྲུབ་ཞུ་མཁན་ཤ་སྟག་དེ་བས་ཀྱང་མིན་པའི་གོ་རྟོགས་གསལ་པོ་བྱུང་ཡོད། བོད་ཀྱི་ཁ་རྒྱུན་གྱི་བཤད་སྲོལ་ལ། ནང་ལ་བཀྲ་མ་ཤིས་ན། ཕྱི་ལ་དོན་ མི་འགྲུབ། ཅེས་བཤད་སྲོལ་ཡོད་པ་ལྟར། ཐོག་མར་ནང་ཁུལ་གྱི་འགལ་ཟླའི་ རིགས་སེལ་ཐབས་མ་བྱས་ན། བཙན་པོའ་ཐུགས་རེ་དེ་དག་མངོན་གྱུར་ ཡོང་དཀའ་བར་མ་ཟད། རྒྱལ་ཁབ་ཀྱི་སྟོབས་ཤ གས་མུ་མཐུད་ཉམས་རྒུད་ དུ་འགྲོ་རྒྱུ་གཏན་འཁེལ་ཡིན་པར་བརྟེན། བཙན་པོས་ཕོ་བྲང་ནང་གི་བློན་ ཆེན་རྣམས་རང་ཉིད་ལ་ཡིད་ཆེས་ཐོབ་ཐབས་དང། མངའ་འབངས་རྣམས་ ཀྱི་བསམ་བློ་ཡང་རང་གི་སྟེང་དུ་འགུགས་ཐབས་བྱས་ཏེ། སྟོབས་ཤ གས་ གཅིག་འདུས་ཀྱི་ནུས་པ་ཐོན་པར་འབད་བརྩོན་ལྷོད་མེད་གནང་གི་ཡོད། བཙན་པོ་སྲོང་བཙན་རྒྱལ་ཁྲིར་འཁོད་པའི་རྗེས་སུ་ནུས་ཤ གས་གང་ འཚམ་བརྟན་པོ་ཆགས་པ་ན། ཡབ་དགྲོང་མཁན་གྱི་ལག་དམར་གཏེ་པོ་ རྣམས་རྩ་རྫོགས་བྱས་ཏེ། རང་གི་ཆབ་སྲིད་ཀྱི་ཁོར་ཡུག་ལ་དག་ཐེར་གཙང་ སེལ་བྱས་པ་དང་མཉམ་དུ། བློན་འབངས་ཐམས་ཅད་རེ་བ་དང་དམིགས་ ཡུལ་གཅིག་གི་སྟེང་དུ་ཁྲིད་དེ། བོད་མི་རིགས་ལ་རེ་བ་གསར་པའི་མྱུ་གུ་ ཞིག་འབུས་པའི་འགོ་ཚུགས་པ་རེད། སྐབས་དེར་བོད་ཀྱི་ཉེ་འཁོར་གྱི་ཡུལ་གྲུ་ཆེ་ཆུང་དང་རྒྱལ་ཕྲན་མང་ པོ་ཞིག་ཏུ། བོད་གངས་ཅན་གྱི་ཡུལ་དུ་དགུང་ལོ་བཅུ་གསུམ་སོན་པ་ཞིག་ གིས་རྒྱལ་སྲིད་ཆོས་བཞིན་བསྐྱངས་ནས་ཡོད་པ་དང། རྒྱལ་པོ་གསར་པ་ འདི་ཡབ་ལས་ཀྱང་ཆབ་སྲིད་དང་དམག་འཐབ་ལ་མཁས་པ་ཞིག་འདུག
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 84 ཅེས་པའི་གཏམ་དེ་རང་བཞིན་གྱིས་གྲགས་པ་ཆེན་པོ་ཞིག་ཏུ་གྱུར་པ་རེད། སྤྱིར་དྭགས་པོ་དང། ཀོང་པོ། མྱང་པོ་སོགས་མཐའི་རྒྱལ་ཕྲན་མང་པོ་ ཞིག སྔ་མོ་ནས་བོད་བཙན་པོའ་མངའ་ཁོངས་སུ་བསྡུས་ཡོད་ཀྱང། བར་ ལམ་བོད་ཀྱི་གནས་སྟངས་ལ་འགྱུར་ལྡོག་མང་པོ་བྱུང་བའི་སྐབས་དང་ བསྟུན། དྭགས་ཀོང་མྱང་གསུམ་གྱིས་བོད་ཀྱི་བཙན་པོ་གནམ་རི་སྲོང་བཙན་ ལ་ངོ་ལོག་བྱས་ཏེ། བོད་ཀྱི་མངའ་ཁོངས་ནས་ཕྱིར་ཐོན་ནས་རང་བཙན་གྱི་ རྣམ་པའི་ཚུལ་དུ་གནས་ཡོད། དེར་བརྟེན་སྲོང་བཙན་སྒམ་པོས། བོད་ཀྱི་མངའ་ཐང་རྒྱ་སྐྱེད་བྱེད་པའི་ གོམ་སྟབས་དང་པོ་ནི། དྭགས་ཀོང་མྱང་གསུམ་བསྐྱར་དུ་བོད་ཀྱི་མངའ་ འོག་ཏུ་ལེན་ཐུབ་པ་དགོས་པ་དང། བོད་དམག་གི་སྟོབས་ཤ གས་སྔར་ལས་ ཀྱང་རྒྱ་སྐྱེད་བྱ་དགོས་པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། སྐབས་ཤིག་ལ་གློ་བུར་དུ་བོད་ཀྱི་བཙན་པོའ་རྟ་དམག་དྲངས་ཏེ། དྭགས་ པོ་དང། ཀོང་པོ། མྱང་པོ་གསུམ་དུས་ཡུན་ཐུང་ངུའི་ནང་བོད་ཀྱི་ཆབ་འབངས་ སུ་བསྡུས་པ་རེད། བོད་ཀྱི་རྟ་དམག་འདྲེན་ཐེངས་གཅིག་གིས་དྭགས་ཀོང་མྱང་ གསུམ་བསྐྱར་དུ་བོད་ཀྱི་མངའ་ཁོངས་སུ་བསྡུ་ཐུབ་པ་བྱུང་བ་ནི། བོད་ཀྱི་དཔུང་ དམག་ཤིན་ཏུ་སྟོབས་ཤ གས་ཆེན་པོ་ཡོད་པའི་མཚོན་རྟགས་ཤིག་ཡིན་ལ། དྭགས་ཀོང་མྱང་གསུམ་བོད་ཀྱི་མངའ་ཁོངས་སུ་བསྡུས་པ་འདིས། བོད་དམག་ གི་སྟོབས་ཤ གས་ལ་སྔར་ལས་ཀྱང་འཕེལ་རྒྱས་ཀྱི་ཤ གས་རྐྱེན་ངེས་ཅན་བྱུང་ ཡོད་པ་གསལ་པོ་ཡིན། གང་ལྟར་བོད་དམག་གིས་གཡུལ་འཐབ་བྱེད་སྟངས་འདི་ནི་མཐའ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 85 བཞིའི་རྒྱལ་ཁབ་མང་པོ་ཞིག་ལ། རང་བཞིན་གྱིས་དངངས་སྐྲག་ཡོང་དགོས་ པའི་གཞི་རྩ་ཞིག་ཏུ་གྱུར་ཡོད་པར་མ་ཟད། དེ་ནས་བཟུང་བཙན་པོས་དུས་ ཚོད་དང་གནས་སྟངས་འོས་འཚམ་དང་བསྟུན་ནས། བོད་ཀྱི་དཔུང་དམག་ དྲངས་ཏེ། མཐའི་ཡུལ་ལུང་མང་པོ་ཞིག་རིམ་གྱིས་བོད་ཀྱི་མངའ་ཁོངས་སུ་ བསྡུས་པ་རེད།
86 བོད་ཀྱི་མངའ་ཐང་རྒྱ་སྐྱེད། ༄༅། །སྐབས་དེ་དུས་བལ་ཡུལ་རྒྱལ་ཁབ་ནི། ཉེ་འཁོར་གྱི་ཡུལ་གྲུ་རྣམས་ ལས་ཅུང་སྟོབས་ཤ གས་ཆེ་བའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་ཡང། བཙན་ པོ་སྲོང་བཙན་སྒམ་པོས་ཕྱི་ལོ་༦༤༡ ལོ་ཡས་མས་ལ་བོད་ཀྱི་རྟ་དམག་ལྷོ་ ཕྱོགས་སུ་དྲངས་ཏེ། བལ་ཡུལ་རྒྱལ་ཁམས་བོད་ཀྱི་མངའ་ཁོངས་སུ་བསྡུས་ པར་མ་ཟད། རྒྱལ་ཕྲན་གཞན་དག་ལྟར་ཁྲལ་དང་འུ་ལག་ཡོངས་རྫོགས་ཀྱི་ འགྲོ་ལུགས་གཏན་འབེབས་མཛད་ཅིང། བལ་ཡུལ་ནི་བོད་ཀྱི་བཙན་པོའ་ དབྱར་ཁའི་བཞུགས་གནས་བྱས་ཏེ། ཞི་དྲག་གི་ལས་དོན་ཡོངས་རྫོགས་ལ་ སྲོང་བཙན་སྒམ་པོ་རང་ཉིད་ཀྱིས་བཀོད་འདོམས་མཛད་ཀྱི་ཡོད་པ་རེད། སྐབས་དེ་འདྲ་ཞིག་ལ་རྒྱ་གར་གྱི་རྒྱལ་པོ་ཧརྵ་1དང། རྒྱ་ནག་ཐང་རྒྱལ་ 1 རྒྱ་གར་གྱི་རྒྱལ་པོ་ཧརྵ་ནི། དུས་རབས་བདུན་པའི་ནང་རྒྱ་གར་དུ་སྐུ་དབང་དང་སྙན་ གྲགས་ཆེས་ཆེར་ལྡན་པའི་རྒྱལ་པོ་ཞིག་ཡིན། རྒྱ་ཡི་སློབ་དཔོན་ཆེན་པོ་ཐང་སན་ཙང་ དང་མཇལ་འཕྲད་བྱས་ཤིང། ཁོང་བརྒྱུད་ནས་རྒྱ་ནག་ཐང་གོང་མ་ཐང་ཐེ་ཙུང་དང་བཟང་ ཕྱོགས་ཀྱི་འབྲེལ་བ་དམ་ཟབ་བྱུང་། རྒྱ་དཀར་ནག་གཉིས་དབར་སྐྱེས་དང་ཕོ་ཉ་ཡང་ཡང་ གཏོང་རེས་བྱས། འདི་ནི་རྒྱ་དཀར་ནག་གི་རྒྱལ་ཁབ་གཉིས་གཞུང་འབྲེལ་བྱུང་བའི་ལོ་ རྒྱུས་ཀྱི་དབུ་ཁྱུད་དང་པོ་དེ་ཡིན་པར་བཤད། དབུས་གཞུང་གི་གཞུང་ཞབས་པ་ཚང་མ་ རང་ཉིད་ཀྱིས་བསྐོ་གཞག་གནང། དྲག་པོའ་དཔུང་དམག་གི་སྤྱི་ཁྱབ་པ་ཡང་རང་ཉིད་ཀྱིས་ གནང། ཁྲིམས་དང་། དམག་དོན། ཆབ་སྲིད། དཔལ་འབྱོར། འཛིན་སྐྱོང་ཀུན་རང་ཉིད་ཀྱི་ མཚན་ཐོག་ནས་གནང་མཁན་ཤིན་ཏུ་སྟོབས་ཤ གས་ཆེ་བའི་རྒྱལ་པོ་ཞིག་ཡིན།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 87 པོའ་2བར་སྐྱེས་འབུལ་རེས་ཀྱི་འབྲེལ་བ་ཞིག་བྱུང་ཡོད། རྒྱ་གར་གྱི་རྒྱལ་པོ་ ཧརྵ་ཞེས་པས་ཁོང་གི་མངའ་ཁོངས་ནས་བྲམ་ཟེ་ཞིག་རྒྱའི་གོང་མ་ལ་སྐྱེས་ འབུལ་དུ་བཏང། དེའི་ལན་དུ་རྒྱའི་གོང་མས་ཀྱང་ཝང་ཧེན་ཙེ་ 3བྱ་བ་ལ་སྣེ་ ཁྲིད་དུ་བཅུག་སྟེ། རྒྱའི་རྟ་པ་སུམ་བརྒྱ་དང་བཅས་པ་རྒྱ་གར་རྒྱལ་པོ་ཧརྵ་ ལ་སྐྱེས་འབུལ་བའི་སྐུ་ཚབ་ཚོགས་ཆུང་ཞིག་བཏང་བ་རེད། འོན་ཀྱང་རྒྱ་ནག་གི་ཕོ་ཉ་རྣམས་རྒྱ་གར་དུ་མ་འབྱོར་བའི་གོང་དུ་རྒྱལ་ པོ་ཧརྵ་སྐུ་གཤེགས་པས། བློན་པོ་ཨརྫུ་ན་ 4བྱ་བས་རྒྱལ་པོ་ཧརྵའི་སྲིད་ དབང་བཟུང་ནས་ཡོད་པའི་སྐབས་ཤིག་ཡིན། དེར་བརྟེན་བློན་པོ་ཨརྫུ་ན་ཡི་ བསམ་པར། རྒྱའི་ཕོ་ཉ་རྣམས་རང་གི་རྒྱལ་ཁོངས་སུ་མ་སླེབས་པའི་གོང་ དུ༑ ཁོ་ཚོས་རྒྱལ་པོ་ཧརྵ་གྲོངས་ནས་བཞུགས་མེད་པའི་གནས་ཚུལ་ཤེས་ 2 རྒྱ་ནག་ཐང་རྒྱལ་པོ་ནི། གོང་མ་ཀའོ་ཛུ་ནས་ཕྱི་ལོ་༦༡༨ ལོར་གསར་དུ་བཙུགས་པའི་ སྲིད་དབང་ཞིག་ཡིན་ལ། དེ་ནས་བྱུང་བའི་ཐང་གི་རྒྱལ་པོ་རིམ་བྱོན་ལ་ཐང་རྒྱལ་པོ་ཞེས་ ཟེར། སྐབས་དེ་ནི་རྒྱ་ནག་གི་སྒྱུ་རྩལ་དང། རྩོམ་ཡིག སྙན་ངག དམག་དོན། བཟོ་རྩལ་ སོགས་ལ་འཕེལ་རྒྱས་ཤིན་ཏུ་མྱུར་པོ་བྱུང་བས་རྒྱལ་རབས་མཚན་སྙན་ལྡན་པ་ཞིག་ཡིན། ནང་ཆོས་ཀྱང་དུས་དེ་ནས་བཟུང་མི་སེར་དཀྱུས་མའི་ནང་དད་མོས་ཤ གས་ཆེན་བྱེད་པའི་ ཆོས་ལུགས་ཞིག་ཏུ་གྱུར་ཡོད། 3 རྒྱའི་གོང་མའི་ཕོ་ཉ་ཝང་ཧེན་ཙེ་བྱ་བ་ནི། དགེ་འདུན་ཆོས་འཕེལ་གྱི་དེབ་དཀར་དུ་གསལ་བ་ ལྟར། ཐང་རྒྱལ་རབས་ཀྱི་གོང་མ་ཐང་ཐེ་ཙུང་གི་བློན་པོ་ཞིག་དང། རྒྱ་གར་གྱི་རྒྱལ་པོ་ཧརྵའི་ སར་ཕོ་ཉར་མངགས་པའི་ཚོགས་ཆུང་གི་ཚོགས་གཙོ་ཡིན། 4 བློན་པོ་ཨརྫུ་ན་ནི། རྒྱ་གར་གྱི་རྒྱལ་པོ་ཧརྵའི་བློན་པོའ་གྲས་གཙོ་བོ་ཞིག་ཡིན་ཡང། རྒྱལ་ པོ་ཧརྵ་ལ་སྲས་མེད་སྟབས། ཁོང་སྐུ་གཤེགས་པའི་རྗེས་སུ་ཨརྫུ་ན་ཡིས་རྒྱལ་པོའ་སྲིད་ དབང་བཟུང་བར་མ་ཟད། གདུག་རྩུབ་ཅན་གྱི་བྱ་བ་སྣ་ཚོགས་བྱས་ཤིང། རྒྱལ་བའི་བསྟན་ པ་ལ་ཡང་གནོད་པ་བྱེད་མཁན་ཡིན་པའི་ལོ་རྒྱུས་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 88 རྟོགས་བྱུང་ཚེ། ཕོ་ཉ་དེ་དག་རང་གི་སར་མི་ཡོང་བར། རྒྱ་ཡུལ་དུ་ཕྱིར་ལོག་ རྒྱུ་ཡིན་པར་དོགས་ནས་སེམས་བདེ་པོ་ཞིག་ཡོང་གི་མེད་པ་རེད། མཚམས་ཤིག་ལ་བློན་པོ་ཨརྫུ་ན་ཡིས་ངང་སྒུག་བྱེད་མ་ཐུབ་པར། ཝང་ཧེན་ཙེ་བྱ་བས་སྣེ་ཁྲིད་པའི་ཐང་རྒྱལ་པོའ་ཕོ་ཉ་དེ་དག་རང་གི་རྒྱལ་ ཁོངས་སུ་མ་སླེབས་པའི་གོང་དུ། ཁོང་ཚོའི་ཐོག་གློ་བུར་དུ་དམག་དྲངས་ཏེ། རྒྱའི་ཕོ་ཉ་ཕལ་མོ་ཆེ་བསད་དེ། དངོས་ཆས་ཡོངས་རྫོགས་འཕྲོག་བཅོམ་ བྱས་པ་རེད། སྐབས་དེར་རྒྱའི་ཕོ་ཉའི་འགོ་གཙོ་ཝང་ཧེན་ཙེ་བྱ་བས་དམག་མི་འགའ་ ཤས་ཁྲིད་ནས་མཚན་ལ་བྲོས་ཏེ། བལ་ཡུལ་དུ་བཞུགས་པའི་བོད་ཀྱི་རྒྱལ་ པོ་སྲོང་བཙན་སྒམ་པོ་ལ་སྐྱབས་བཅོལ་ཞུས། བཙན་པོ་སྲོང་བཙན་གྱིས་ འཕྲལ་དུ་བོད་དམག་ཧྲག་བསྡུས་ཆིག་སྟོང་གཉིས་བརྒྱའི་ཐོག བལ་དམག་ རྟ་པ་བདུན་སྟོང་ལྷག་དང་བཅས་མངགས་ཏེ། བློན་པོ་ཨརྫུ་ན་ཡི་ཐོག་དམག་ དྲངས་པ་རེད། བོད་ཀྱི་བཙན་པོའ ་དཔུང་དམག་དེ་དག་གིས། བློན་པོ་ཨརྫུ་ན་ཡི་ དཔུང་ཚོགས་ལ་ཉིན་གསུམ་ཙམ་ལས་དམག་འཐབ་བྱ་མ་དགོས་པར། ཨརྫུ་ན་ཡི་མཁར་རྫོང་ལྟེ་བ་ཡོངས་རྫོགས་བཙན་པོའ ་དཔུང་དམག་གིས་ བཟུང་བར་མ་ཟད། རྒྱ་གར་བ་སུམ་སྟོང་ཙམ་གྱི་སྐེ་བྲེགས་པ་དང། ཆིག་ སྟོང་ལྷག་ཉེ་འཁོར་གྱི་ཆུ་ཀླུང་ནང་དུ་གཡུགས་ཏེ་བསད། ཨརྫུ་ན་བྲོས་ པར་རྗེས་འདེད་བྱས་ཏེ་ཁོའ ་ཉེ་མཚན་དང་བཅས་པ་གསོན་པོར་འཛིན་ བཟུང་བྱས།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 89 བཙན་པོ་སྲོང་བཙན་གྱིས་རང་གི་དཔུང་དམག་གིས་གསོན་པོར་ འཛིན་བཟུང་བྱས་པའི་བློན་པོ་ཨ་རྫུ་་ན། རྒྱའི་ཕོ་ཉའི་འགོ་གཙོ་ཝང་ཧེན་ཙེ་ བྱ་བར་རྒྱ་ནག་ཏུ་ཁྲིད་དུ་བཅུག ཝང་ཧེན་ཙེས་ཨརྫུ་ན་རྒྱ་ནག་གོང་མའི་ དྲུང་དུ་ཁྲིད་དེ་ཁྲིམས་ཆད་བཏང་ཞིང། བོད་ཀྱི་བཙན་པོས་ཁོང་ཚོར་མཐུན་ འགྱུར་དང། རོགས་རམ་ཅི་བྱས་རྒྱའི་གོང་མ་ཐང་ཐེ་ཙུང་ལ་ཞིབ་ཏུ་སྙན་ སེང་ཞུས། རྒྱ་ནག་གོང་མའི་ཕོ་བྲང་ནས་བོད་ཀྱི་བཙན་པོའ་བྱས་པ་རྗེས་ སུ་དྲན་པའི་དོན་དུ། གོང་མ་ཐང་ཐེ་ཙུང་སྐུ་གྲོངས་པའི་སྐབས་སུ་ཡང། བང་ སོའ་མདུན་ན་བོད་ཀྱི་བཙན་པོའ་འདྲ་བརྙན་ཞིག་བཞེངས་སུ་བཅུག་ཡོད། གང་ལྟར་བོད་ཀྱི་བཙན་པོས་དམག་གི་དཔུང་ཤ གས་ལ་བརྟེན་ནས། བལ་ཡུལ་རྒྱལ་ཁབ་བོད་ཀྱི་མངའ་ཁོངས་སུ་བླངས་པ་འདིས། འཕྲལ་དུ་ བཙན་པོར་དམག་གི་རྒྱལ་ཁ་ཐོབ་པའི་བྱས་རྗེས་ཆེན་པོ་བཞག་ཐུབ་ཡོད་ པར་མ་ཟད། བོད་ཀྱི་དྲག་པོའ་སྟོབས་ཤ གས་སྔར་ལས་ཀྱང་འཕེལ་རྒྱས་ སུ་འགྲོ་བར་ནུས་པ་ངེས་ཅན་ཐོན་པ་བྱུང་ཡོད་ལ། བལ་ཡུལ་བོད་ཀྱི་མངའ་ ཁོངས་སུ་བླངས་པའི་གནས་ཚུལ་ཡོངས་ཁྱབ་ཏུ་གྱུར་པ་ན། མཐའི་ཡུལ་ གྲུ་དང་རྒྱལ་ཕྲན་ཆེ་ཆུང་མང་ཆེ་བར། བོད་ཀྱི་དྲག་པོའ་སྟོབས་ཤ གས་ནི། ཤིན་ཏུ་ཚད་མཐོ་པོ་ཞིག་ཏུ་སླེབས་ཡོད་པའི་བརྡ་སྟོན་གསལ་པོ་ཞིག་ཀྱང་ བྱེད་ཐུབ་ཡོད་པ་རེད། བལ་ཡུལ་བོད་ཀྱི་མངའ་ཁོངས་སུ་བསྡུ་སྔ་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་ པ་འདིས། སྲོང་བཙན་སྒམ་པོའ་རྒྱ་སྐྱེད་ཀྱི་ལས་དོན་ལེགས་འགྲུབ་ཡོང་ བར་ཕན་ནུས་ངེས་ཅན་ཞིག་ཐོན་ཐུབ་ཡོད། བཙན་པོའ་འཐབ་འཁྲུག་བྱ་བའི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 90 གོ་རིམ་འདིས་བོད་ཀྱི་དམག་གི་དཔུང་སྟོབས་འཕེལ་རྒྱས་སུ་གཏོང་ཐུབ་ པ་བྱུང་ཡོད་ལ། བོད་ཀྱི་མཐའི་ཡུལ་གྲུ་མང་པོ་ཞིག་ཀྱང་དམག་འཐབ་བྱ་མ་ དགོས་པར། བོད་ཀྱི་དཔུང་དམག་གི་སྟོབས་ཤ གས་དང་གཟི་བྱིན་ལ་བརྟེན་ ནས་རང་བཞིན་གྱིས་བོད་ཀྱི་བཙན་པོའ་མངའ་འོག་ཏུ་འདུ་བའང་བྱུང་ཡོད། སྤྱིར་བཙན་པོ་སྲོང་བཙན་སྒམ་པོས་བོད་ཀྱི་དྲག་པོའ་སྟོབས་ཤ གས་ རྒྱ་སྐྱེད་བྱ་བར་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་ཀྱང། ཁོང་གིས་རྒྱལ་ ཕམ་གྱི་གནད་དོན་ཡོངས་རྫོགས་དྲག་པོའ་སྟོབས་ཤ གས་རྐྱང་པ་ལ་བརྟེན་ ནས་ཐག་གཅོད་བྱེད་དགོས་པ་དང་བྱེད་ཐུབ་པའི་ལྟ་ཚུལ་འཛིན་གྱི་མེད། བཙན་པོ་ཁོང་གིས་ཞི་བའི་བྱེད་ཐབས་མང་པོ་ཞིག་ཀྱང་དྲག་པོའ་སྟོབས་ ཤགས་དང་མཉམ་བསྲེས་བྱས་ཏེ། ཞི་དྲག་ཟུང་འབྲེལ་གྱི་ལམ་ནས་དཀའ་ ངལ་ཐག་གཅོད་དང། རྒྱལ་ཁ་ལོན་ཐབས་གནང་བར་གྲུབ་འབྲས་རྒྱ་ཆེན་པོ་ ཐོབ་ཡོད། དཔེར་ན། བོད་ཀྱི་ནུབ་རྒྱུད་ཀྱི་རྒྱལ་ཕྲན་ཞང་ཞུང་བོད་ཀྱི་བཙན་པོའ་ མངའ་འོག་ཏུ་ལེན་པའི་སྐབས། ཐོག་མར་དམག་འཐབ་ཀྱི་བྱ་བ་མ་བརྩམས་ པར་རྒྱལ་ཁབ་གཉིས་ཀྱི་བར་གཉེན་གྱི་འབྲེལ་བ་བཙུགས་ཏེ། ཞང་ཞུང་རྒྱལ་ པོ་ལི་མིག་རྐྱ་བྱ་བའི་བསམ་པ་བཙན་པོ་རང་ཕྱོགས་སུ་འགུགས་ཐབས་ བྱས་ཤིང། གཉེན་གྱི་འབྲེལ་བའི་རྨང་གཞིའི་ཐོག་ནས་ནང་ཁུལ་གྱི་གནས་ ཚུལ་མང་པོ་ཞིག་ལ་གསང་བས་རྒྱུས་ལོན་མཛད་ཐུབ་པ་གནང་ཡོད། ཞང་ཞུང་རྒྱལ་པོའ་བསམ་པར་བོད་ཕྱོགས་ནས་དམག་དྲངས་ཡོང་ བའི་དོགས་པ་གཏན་ནས་མེད་པར། སེམས་པ་བདེ་ལ་བབས་ནས་ཡོད་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 91 པའི་སྐབས་ཤིག་ལ། བཙན་པོའ་གཅུང་མོས་ཞང་ཞུང་ཐོག་དམག་འདྲེན་ པ་དུས་ལ་བབ་པའི་གསང་བརྡ་འབྱོར་བ་དང་བསྟུན། བཙན་པོ་སྲོང་བཙན་ གྱིས་གློ་བུར་དུ་ཞང་ཞུང་ཐོག་བོད་ཀྱི་དཔུང་དམག་དྲངས་ཏེ། ཞང་ཞུང་གི་ ཡུལ་ཁམས་ཐམས་ཅད་དཀའ་ཚེགས་མེད་པར་བོད་ཀྱི་མངའ་ཁོངས་སུ་ བླངས་པ་རེད། གོང་དུ་བཤད་པ་ལྟར་ཐོག་མར་སྟོབས་ཆེ་བ་ནས་མགོ་ལེན་པའི་ གཡུལ་གྱི་བྱེད་ཐབས་འདིས། སུམ་པ་ལྟ་བུའི་རྒྱལ་ཕྲན་ཆུང་བའི་རིགས་ མང་པོ་ཞིག་ལ་དམག་དངོས་སུ་འདྲེན་མ་དགོས་པར། བཙན་པོའ་གཟི་བྱིན་ ལ་སྐྲག་ནས་རང་བཞིན་གྱིས་དབང་དུ་འདུ་བ་བྱུང་ཡོད། བོད་དམག་གི་སྟོབས་ཤ གས་ཤིན་ཏུ་ཚད་མཐོ་པོར་སླེབས་པའི་ སྐབས་དེ་དག་ཏུ། བཙན་པོས་དངོས་སུ་དཔུང་སྣེ་དྲངས་ནས་འ་ཞ་བོད་ ཀྱི་མངའ་འོག་ཏུ་བླངས་པར་མ་ཟད། རྒྱའི་ཐང་རྒྱལ་ཁབ་ལ་ཡང་དམག་ བརྒྱབས་ཏེ། རྒྱའི་ས་མཚམས་བར་དུ་བོད་ཀྱི་མངའ་ཐང་གིས་ཁྱབ་པར་ བྱས་ཡོད།
92 བོད་ཀྱི་རྒྱལ་ས་ལྷ་སར་སྤོས། ༄༅། །སྤྱིར་ཡབ་མེས་གཉའ་ཁྲི་བཙན་པོ་ནས་བཟུང་སྟེ། བོད་ཀྱི་བཙན་ པོ་རིམ་བྱོན་གྱི་རྒྱལ་ས་དང་སྲིད་གཞུང་གི་ལྟེ་བ་ནི། ཡར་ལུང་ལྷོ་ཁའི་རྒྱུད་ དུ་གནས་བཅས་ནས་བཞུགས་ཡོད་ཀྱང། བཙན་པོ་སྲོང་བཙན་སྒམ་པོའ་སྐུ་ དུས་སུ་ལྷ་སའི་དམར་པོའ་རི་ལ་ཕོ་བྲང་གསར་པ་ཞིག་བཞེངས་ཏེ། ཕྱི་ལོ་ ༦༣༣ ལོར་བོད་ཀྱི་སྲིད་གཞུང་གི་ལྟེ་བ་ལྷ་སར་གནས་སྤོ་མཛད་པ་རེད། ལྷ་སའི་དམར་པོ་རི་ལ་གསར་དུ་བཞེངས་པའི་ཕོ་བྲང་གི་མཚན་ལ་པོ་ ཏ་ལ་ཟེར། སྤྱིར་པོ་ཏ་ལ་ཞེས་པ་ལེགས་སྦྱར་གྱི་སྐད་ཡིན་ཡང། བོད་སྐད་ ལྷ་སའི་དམར་པོ་རིའི་སྟེང་དུ་བཙན་པོའ་ཕོ་བྲང་བཞེངས་པ།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 93 དུ་བྱས་ན་གྲུ་འཛིན་ཞེས་ཟེར་བ་ཡིན། དེས་ན་ཕོ་བྲང་གསར་པ་འདི་ལ་པོ་ ཏ་ལའམ་གྲུ་འཛིན་ཞེས་པའི་མིང་འདོགས་དོན་ནི། བོད་ཀྱི་བཙན་པོ་རིམ་ བྱོན་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཡིན་པས། ཕོ་བྲང་ འདི་སྤྱན་རས་གཟིགས་ཀྱི་བཞུགས་གནས་སམ་ཞིང་ཁམས་ཡིན་པ་མཚོན་ པའི་དོན་དུ་ཡིན། སྤྱིར་བཙན་པོ་སྲོང་བཙན་སྒམ་པོ་མཆོག་གི་དགོངས་པར། སྔོན་ མ་ནས་དམར་པོ་རི་ལ་ཕོ་བྲང་ཁྱད་པར་བ་ཞིག་བཞེངས་རྒྱུའི་ཐུགས་ འདུན་ཡོད་ཀྱང། མཛད་འཕྲིན་གྱི་བྲེལ་བ་སོགས་ཀྱི་རྐྱེན་པས་དངོས་སུ་ བཞེངས་མ་ཐུབ་པར་དུས་ཡུན་གང་འཚམ་རིང་ལྷག་ལུས་སུ་གྱུར་པ་རེད། བལ་བཟའ་ཁྲི་བཙུན་བཙན་པོའ་ཁབ་ཏུ་བསུས་པའི་རྗེས་སུ་བཙུན་ མོས་བཙན་པོ་སྲོང་བཙན་གྱི་ཐུགས་འདུན་རྟོགས་ནས། ཕྱི་ནང་གི་དཔུང་ སྡེ་གང་གིས་ཀྱང་གནོད་སྐྱོན་ཐེབས་མི་ཐུབ་པའི་ཕོ་བྲང་ཁྱད་པར་བ་ཞིག་ བཞེངས་རྒྱུར་བློ་ཐག་བཅད་པ་རེད། བཙན་པོ་སྲོང་བཙན་ལ་དགོངས་སྐོར་ ཞུས་པའི་རྗེས། བལ་བཟའ་ཁྲི་བཙུན་རང་ཉིད་ཀྱི་བཀོད་འདོམས་འོག་ཕོ་ བྲང་གསར་པ་དངོས་སུ་བཞེངས་རྒྱུའི་ལས་གཞི་ཚུགས་པ་རེད། ཕོ་བྲང་འདི་ནི། མཐའི་ལྕགས་རི་ཤིན་ཏུ་བཙན་ཞིང་བརྟན་པའི་ ནང་དུ། མཁར་དམར་པོ་དགུ་བརྒྱ་དགུ་བཅུ་གོ་དགུ་དང། རྒྱལ་པོའ ་སྐུ་ མཁར་གྱི་རྩེ་མོ་དང་བཅས་པ་སྟོང་ཡོད་པ། རྒྱ་ཁྱོན་དང་བཟོ་བཀོད་གང་ ཅིའི་ཐད་ནས་བཤད་ཀྱང། འཇིག་རྟེན་ན་འགྲན་ཟླ་མེད་པ་ལྟ་བུ་ཞིག་ བརྩིགས་ཡོད་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 94 ཕོ་བྲང་པོ་ཏ་ལའི་ལྷོ་ངོས་སུ་མཁར་དགུ་ཐོག་ཅན་ཞིག་ཡོད་པ་དེ་ ནི༑ རྒྱ་བཟའ་ཀོང་ཇོ་བཙན་པོ་སྲོང་བཙན་གྱི་ཁབ་ཏུ་འབྱོར་བའི་རྗེས། བཙན་པོ་སྲོང་བཙན་རང་ཉིད་ཀྱིས་གོང་མའི་སྲས་མོ་གཉེན་དུ་བླངས་ པ་ཐོག་མ་ཡིན་པས། ཀོང་ཇོ་ལ་ཆེ་བ་འདོན་པའི་དོན་དུ་སྐུ་མཁར་ཞིག་ བཞེངས་དགོས་གསུངས་ཏེ། མཁར་དགུ་ཐོག་ཅན་གྱི་ཕོ་བྲང་འདི་གསར་ དུ་བརྩིགས་ཤིང། བཙན་པོའ་ཕོ་བྲང་དང་བཙུན་མོའ་བཞུགས་གནས་ཀྱི་ བར་དངུལ་ཟམ་གྱིས་སྦྲེལ་ཏེ། ཤིན་ཏུ་བརྟན་ཆགས་བརྗིད་ཉམས་ལྡན་པ་ ཞིག་བཞེངས་ཡོད་པ་དེ་ཡིན། བཙན་པོ་སྲོང་བཙན་གྱིས། བོད་ཀྱི་རྒྱལ་ས་ཡར་ཀླུངས་གཙང་པོའ་ལྷོ་ རྒྱུད་ནས་བྱང་རྒྱུད་ཀྱི་དམར་པོའ་རི་ལ་སྤོས་ཏེ། ཕོ་བྲང་བཞེངས་དགོས་པར་ རྒྱུ་མཚན་སྣ་ཚོགས་ཡོད་ངེས་ཀྱང། རྒྱུ་མཚན་གཙོ་བོ་ནི་བཙན་པོས་བོད་ཀྱི་ མངའ་ཐང་ཤར་ཕྱོགས་དང། བྱང་ཕྱོགས། ནུབ་ཕྱོགས་བཅས་ལ་རིམ་གྱིས་ རྒྱ་སྐྱེད་གནང་བས། སྲིད་གཞུང་གི་ལྟེ་གནས་ཀྱང་དེ་དག་གི་དཀྱིལ་དུ་གནས་ དགོས་པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པ་འདི་ཡིན། བཙན་པོས་རྒྱ་སྐྱེད་གནང་བའི་མངའ་ཐང་དེ་དག་མུ་མཐུད་དབང་ སྒྱུར་སྲ་བརྟན་ཡོང་ཐབས་དང། གསར་དུ་མངའ་འོག་ཏུ་བཅུག་པའི་སུམ་ པ་དང། འ་ཞ་སོགས་ཀྱང་འཛིན་སྐྱོང་བྱེད་བདེ་པོ་ཡོང་བ། ལྷག་པར་དུ་ བོད་ཀྱི་རྒྱལ་ས་ལྷ་སར་སྤོས་ན། མངའ་ཐང་དང་སྟོབས་འབྱོར་ཆེན་པོ་ ཡོང་རྒྱུ་ཡིན་པའི་ས་བབ་དང། རྟེན་འབྲེལ་གྱི་གནད་ཁྱད་པར་ཅན་ཡོད་ པ་སོགས་རྒྱུ་མཚན་མང་པོ་ལ་དགོངས་པ་བཞེས་ཏེ། ལྷ་སའི་དམར་པོའ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 95 རི་ལ་བོད་ཆེན་པོའ་སྲིད་དབང་བཙུགས་པ་ཡིན། སྐབས་དེའི་བཙན་པོའ་ཕོ་བྲང་གི་རྒྱ་ཁྱོན་དང་བརྗིད་ཉམས། བཟོ་ བཀོད་བཅས་ཀྱི་ཐོག་ནས་བོད་ཀྱི་རྒྱལ་པོ་ཇི་ཙམ་སྟོབས་ཤ གས་ཆེན་པོར་ གྱུར་པའི་གནས་སྟངས་གསལ་པོ་ཤེས་ཐུབ་ཀྱི་ཡོད། སྐབས་དེ་དག་ཏུ་བོད་ ཀྱི་སྟོབས་ཤ གས་ནི། རྒྱ་ནག་གི་ཐང་གོང་མ་ཡང་དངངས་སྐྲག་བྱེད་དགོས་ པའི་གནས་སྟངས་ཤིག་ཏུ་སླེབས་ཡོད། བོད་སྟོབས་ཤ གས་ཆེན་པོ་ཆགས་དགོས་པའི་རྒྱུ་རྐྱེན་གཞན་པ་ཞིག་ ནི༑ བོད་ཀྱི་བློན་པོ་འཛིན་འཛིན་བྱ་བའི་སྐད་ཆའི་ཐོག་ནས་གསལ་པོར་ ཤེས་ཐུབ་ཀྱི་ཡོད། ཐེངས་ཤིག་ལ་བོད་ཀྱི་བཙན་པོས་བློན་པོ་འཛིན་འཛིན་ བྱ་བ་རྒྱ་ནག་ཏུ་ཕོ་ཉར་བཏང། རྒྱ་ནག་གོང་མས་བོད་ཀྱི་བློན་པོ་འཛིན་ འཛིན་མདུན་དུ་བོས་ཏེ། བོད་ཡུལ་གྱི་ཆགས་སྟངས་དང། ས་ཁམས། གནམ་གཤིས། སྤྱོད་ལམ་དང་འཚོ་བའི་གོམས་གཤིས། བཙན་པོ་དང་མང་ ཚོགས་བར་གྱི་འབྲེལ་བ་སོགས་གནས་སྟངས་མང་པོའ་ཐོག་བཀའ་འདྲི་ ཕེབས་པ་རེད། བོད་ཀྱི་བློན་པོ་འཛིན་འཛིན་གྱིས། ངེད་ཅག་བོད་ཀྱི་བཙན་པོ་ནི། སྟོབས་ཤ གས་དང་མཁྱེན་རྒྱ་རྗེ་སྔ་མ་ལས་ཀྱང་ལྷག་པ་ཙམ་བཞུགས། རྒྱལ་ སྲིད་ལ་དོ་དམ་ཆེ་ཞིང། བློན་པོ་རྣམས་ཀྱིས་དབུ་སྐོར་དུ་མི་བཏུབ་པ་ཞིག་ ཡིན། ཞེས་བོད་ཀྱི་བཙན་པོའ་མཁྱེན་རྒྱ་དང་མངའ་ཐང་ངོ་སྤྲོད་ཞུས་པ་རེད། བློན་པོ་ཁོང་གིས་མུ་མཐུད་དེ། བོད་ཀྱི་འབངས་མི་སེར་རྣམས་གྲང་ བའི་ཡུལ་དུ་སྡོད་ཀྱི་ཡོད་སྟབས། སྟོན་ཐོག་ཉུང་ཞིང་ནོར་ཕྱུགས་བསྐྱངས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 96 ཏེ་འཚོ་བར་རོལ་གྱི་ཡོད། མི་རྣམས་དབྱར་དུས་སུ་བལ་གྱི་ཕྱིང་པ་དང། དགུན་དུས་སུ་སློག་པ་གྱོན་ཏེ་ལུང་ཁུག་ཏུ་བབས་ནས་སྦྲ་ནག་དང་སྤྱིལ་ པོ་ཕུབ་སྟེ་སྡོད། གཞན་ཡང་རྩྭ་ཆུ་གང་བཟང་ལ་བལྟས་ནས་གནས་འཕོ་ སྐྱས་བྱེད། ཚོང་ཟོང་ནི་རྒྱ་ནག་གི་ཡུལ་དང་བསྡུར་ན་ཤིན་ཏུ་དཀོན། འོན་ ཀྱང་བོད་ཀྱི་ཡུལ་དུ་དབུལ་ཕྱུག་ཐམས་ཅད་སེམས་གཅིག་ཏུ་མཐུན་ཞིང། གཅིག་གྲོགས་གཅིག་གིས་བྱེད་པས། བོད་ཀྱི་རྒྱལ་ཁབ་སྟོབས་ཤ གས་ཆེ་ བའི་རྒྱུ་མཚན་ཡང་དེ་ཡིན། ཞེས་ཞུས། བོད་ཀྱི་བཙན་པོས་རྒྱ་ནག་ཏུ་ཕོ་ཉར་མངགས་པའི་བློན་པོ་འཛིན་ འཛིན་བྱ་བ་འདི་ནི། གཞོན་དུས་སུ་རྒྱ་ནག་གི་སློབ་གྲྭར་ཞུགས་ཏེ། ཤེས་ ཡོན་རིག་གནས་སྦྱངས་མྱོང་མཁན་གྱི་བློན་པོ་མཁས་པ་ཞིག་ཡིན། ཁོང་ གི་གཏམ་དེ་དག་རྒྱ་ནག་གོང་མས་ཀྱང་ཤིན་ཏུ་བདེན་པར་གོ་ནས། བློན་ པོའ་གཏམ་དེ་དག་ལ་ཡིད་འགུལ་ཐེབས་པ་ཞིག་བྱུང་ཡོད།
97 ཐོན་མི་རྒྱ་གར་དུ་སློབ་ སྦྱོང་ལ་བཏང་བ་། ཡུལ་གྲུ་ཀུན་ལ་ཤིན་ཏུ་སྙན་གྲགས་ཆེན་པོར་གྱུར་པ་ན། རྒྱལ་ཕྲན་སོ་སོ་ ནས་ལེགས་སྐྱེས་དང་འཕྲིན་ཡིག་འབུལ་མཁན་མང་པོ་འབྱོར་ཡང། བཙན་ པོ་རང་ཉིད་ཀྱིས་རྒྱལ་ཕྲན་དེ་དག་ལ་དངོས་ནོར་གྱི་སྐྱེས་ལན་རེ་དང། འགའ་ཤས་ལ་རྒྱལ་ཕྲན་དེ་དང་དེའི་ཡི་གེའི་ཐོག་ནས་འཕྲིན་ལན་རེ་གནང་ བ་མ་གཏོགས། བོད་རང་ཉིད་ཀྱི་ཡི་གེའི་ཐོག་ནས་འཕྲིན་ལན་གནང་རྒྱུའི་ ཡི་གེ་མེད་པ་རེད། འདིའི་རྐྱེན་པས་བཙན་པོ་སྲོང་བཙན་སྒམ་པོར་ཐུགས་ཕམ་ཆེན་པོ་ ༄༅། །བོད་ཀྱི་བཙན་ པོ་སྲོང་བཙན་སྒམ་པོ་ རྒྱལ་ཁྲིར་འཁོད་པའི་ རྗེས། རིམ་གྱིས་མཐའི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 98 བྱུང་བར་མ་ཟད། ཁོང་གི་བསམ་པར། དཀའ་ངལ་ཆེ་ཆུང་གང་འདྲ་ཞིག་ དང་འཕྲད་ཀྱང་རུང། དཀའ་ངལ་ཡོངས་རྫོགས་ལ་གདོང་ལེན་གནང་སྟེ། བོད་རང་གི་སྐད་གདངས་ཀྱི་ཆོས་ཉིད་དང་མཐུན་པའི་ཡི་གེ་དང། དེའི་རྣམ་ གཞག་སྟོན་པའི་བརྡ་སྤྲོད་ཀྱི་གཞུང་ལུགས་ཤིག་ངེས་པར་གསར་བཟོ་བྱ་ རྒྱུ་ཡིན་པའི་བློ་ཐག་བཅད་པ་རེད། བཙན་པོ་སྲོང་བཙན་གྱིས། མི་རིགས་རང་ལ་ཡི་གེ་ཡོད་མེད་ཀྱིས། མི་རིགས་དེའི་ཆབ་སྲིད་དང། དཔལ་འབྱོར། རིག་གནས་བཅས་ཀྱི་འཕེལ་ རྒྱས་ལ་མགྱོགས་ལྷོད་ཀྱི་ཁྱད་པར་ཆེན་པོ་ཡོད་པ་དང། མི་རིགས་དེ་ཤེས་ རིག་གི་དཔལ་ཡོན་ལྡན་པ་ཞིག་ཡོང་ཐུབ་མིན་ཡང། མི་རིགས་དེ་ལ་ཡི་ གེ་དང། ཡི་གེའི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཡོད་མེད་ལ་རག་ ལས་ཀྱི་ཡོད་པས། བོད་མི་རིགས་ལ་ཐུན་མོང་མ་ཡིན་པའི་ཡི་གེ་ཞིག་ངེས་ པར་དགོས་ཀྱི་འདུག ཅེས་རྒྱུན་དུ་གྲོས་ལ་དབང་བའི་བློན་པོའ་ཚོགས་སུ་ གསུང་གི་ཡོད། དེར་བརྟེན་སྐབས་ཤིག་ནས་བློན་པོ་མང་ཆེ་བར་བཙན་པོའ་དགོངས་ ཚུལ་གྱི་ཤ གས་རྐྱེན་ཐེབས་ཏེ། བློན་པོའ་ཚོགས་མང་པོ་ཞིག་གིས་ཀྱང། བོད་རྒྱལ་ཁབ་འདི་ཆོས་ལུགས་དང། ཆབ་སྲིད། དཔལ་འབྱོར། རིག་ གནས། དམག་དོན་བཅས་གང་ཅིའི་ཐད་ནས་ཡར་རྒྱས་བཏང་སྟེ། སྟོབས་ ཤགས་ལྡན་པའི་རྒྱལ་ཁབ་ཅིག་ཡོང་དགོས་ཀྱི་ཡོད་ན། བོད་མི་རིགས་ལ་ རང་གི་ཐུན་མོང་མ་ཡིན་པའི་ཡི་གེའི་རིག་གནས་དང། ཤེས་ཡོན་སློབ་སྦྱོང་ མེད་དུ་མི་རུང་བ་ཡིན་པའི་གནས་ལུགས་ལ་མཁྱེན་རྟོགས་གསལ་པོ་བྱུང་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 99 སྟེ༑ ཕོ་བྲང་ནང་གི་མི་སྣ་གལ་ཆེན་མང་ཆེ་བས་གཅིག་གྱུར་གྱིས་བོད་ལ་ཡི་ གེ་དགོས་མཁོ་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། བློན་པོའ་ཚོགས་ཀྱི་གོ་རྟོགས་དང། ཤེས་ཡོན་དོན་གཉེར་གྱི་འདུན་ པ་ཡར་རྒྱས་ཕྱིན་པ་དེས། རྒྱལ་པོ་སྲོང་བཙན་གྱི་དགོངས་གཞི་འགྲུབ་པར་ ཕན་ནུས་ངེས་ཅན་ཐོན་རྒྱུ་ཡིན་པ་སྨོས་མ་དགོས་ལ། བོད་ཀྱི་ཡིག་སྲོལ་ གསར་གཏོད་བྱ་བའི་ལས་དོན་འདི་ནི། རིམ་གྱིས་རྒྱལ་བློན་མཉམ་འདུས་ དང་ཐུན་མོང་བའི་ལས་དོན་ཞིག་ཏུ་གྱུར་ཏེ། བོད་ཀྱི་ཡིག་སྲོལ་གསར་བཟོ་ དང་ཤེས་ཡོན་སློབ་སྦྱོང་དར་སྤེལ་བྱ་བའི་ལས་དོན་འདིའི་ཐོག་མཐའ་བར་ གསུམ་གྱི་འགན་ཐམས་ཅད། རྒྱལ་པོའ་ཕོ་བྲང་ནས་ལེན་དགོས་པའི་ཐད། རྒྱལ་བློན་ཐུན་མོང་གིས་ཐག་གཅོད་ཐུབ་པ་བྱུང་ཡོད། བཙན་པོ་སྲོང་བཙན་གྱིས་བོད་ཀྱི་ཡིག་སྲོལ་ཇི་ལྟར་གསར་གཏོད་ བྱ་དགོས་པའི་ཐད། རྒྱུན་དུ་ཐུགས་སྣང་ཆེན་པོ་མཛད་ཀྱི་ཡོད་པར་མ་ཟད། བྱ་བ་འདི་སྟབས་བདེ་པོ་དང་ལས་སླ་པོ་ཞིག་མིན་པ་གསལ་པོ་མཁྱེན་གྱི་ ཡོད་སྟབས། ཡི་གེ་གསར་བཟོ་བྱེད་པའི་འགན་སུ་ལ་བཀལ་དགོས་པ་ དང། རྒྱལ་ཁབ་སུ་ཞིག་གི་ཡི་གེ་ལ་དཔེ་བལྟ་བྱ་དགོས་པ་སོགས་ཀྱི་ཐད་ ལ་དགོངས་པ་ཤིན་ཏུ་གཏིང་ཟབ་བཞེས་ཀྱི་ཡོད། སྐབས་ཤིག་ལ་བཙན་པོ་སྲོང་བཙན་གྱི་དགོངས་པར། རྒྱ་གར་བའི་ ལེགས་པར་སྦྱར་བའི་ཡི་གེ་ནི། ཡིག་རིགས་གཞན་ལས་ཀྱང་ཁྱད་པར་དུ་ འཕགས་པ་ཞིག་ཡིན་པ་མཁྱེན་རྟོགས་བྱུང་སྟེ། བོད་ཀྱི་ཡིག་སྲོལ་རྒྱ་གར་ ལེགས་སྦྱར་གྱི་ཡི་གེ་ལ་དཔེ་བལྟས་ནས་གསར་བཟོ་བྱ་རྒྱུར་ཐག་གཅོད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 100 མཛད་པ་རེད། འོན་ཀྱང་དཀའ་ངལ་ཆེ་བ་ཞིག་ནི། ཡི་གེ་གསར་བཟོ་བྱེད་མཁན་ གྱི་མི་སྣ་གསོ་སྐྱོང་བྱ་དགོས་པ་ཡིན་པས། བཙན་པོས་མང་ཚོགས་ཁྲོད་ ནས་བྱིས་པ་བློ་རིག་རྣོ་བ་བཅུ་གྲངས་ཤིག་འདེམས་བསྒྲུགས་མཛད་ཅིང། ཁོང་ཚོར་རྒྱལ་པོའ ་ཕོ་བྲང་ནས་ལམ་གྲོན་དང་སློབ་ཡོན་བཅས་དགོས་ མཁོ་ཡོངས་རྫོགས་གོ་སྒྲིག་གནང་སྟེ། རྒྱ་གར་ལ་ཡི་གེ་སློབ་ཏུ་ཆེད་ གཏོང་གནང། སྟབས་མ་ལེགས་པ་ཞིག་ལ། བཙན་པོས་ཐུགས་རེ་ཆེན་པོ་གནང་ ནས་བཏང་བའི་བྱིས་པ་དེ་དག་ལས་མང་ཆེ་བ་ནི། རྒྱ་གར་ལ་མ་སླེབས་ གོང་དུ་ཚད་པས་གྲོངས་ཤིང། ཉུང་ཤས་ཤིག་ལམ་བར་གྱི་བཀྲེས་སྐོམ་དང་ འཇིགས་སྣང་སོགས་ཀྱི་དབང་གིས་ཕྱིར་ལོག་བྱས་ཡོང་བས། དེ་དག་ལས་ གཅིག་ཀྱང་རྒྱ་གར་འཕགས་པའི་ཡུལ་དུ་བགྲོད་ཐུབ་མེད་ལ། བཙན་པོ་ སྲོང་བཙན་གྱི་ཐུགས་རེ་ལྟར། རྒྱ་གར་མཁས་པའི་དྲུང་ནས་སློབ་སྦྱོང་བྱེད་ ཐུབ་མཁན་གཅིག་ཀྱང་བྱུང་མེད། ཡིན་ནའང་ཐེངས་དང་པོའ ་ཕམ་ཁ་དེས་བཙན་པོ་སྲོང་བཙན་གྱི་ ཐུགས་མ་ཕམ་པར། བསྐྱར་དུ་སློབ་སྦྱོང་བྱེད་མཁན་གོ་སྒྲིག་གནང་རྒྱུའི་ཐག་ གཅོད་མཛད། སྐབས་དེར་ཏག་ཏག་ཐོན་མི་དགུང་ལོ་བཅུ་དྲུག་ལ་སོན་ཡོད་ པ་དང། བཙན་པོ་སྲོང་བཙན་གྱིས་རང་ཉིད་ལ་ཐུགས་རེ་གང་འདྲ་གནང་གི་ ཡོད་མེད་ཐོན་མིས་གསལ་པོ་མཁྱེན་གྱི་ཡོད་སྟབས། ཐོན་མིའི་བསམ་པར། ད་བཙན་པོའ་ཐུགས་རེ་ལྟར། བོད་ལ་ཤེས་ཡོན་གྱི་ཞབས་ཕྱི་བསྒྲུབ་རྒྱུ་དུས་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 101 ལ་བབ་འདུག་སྙམ་ནས། བཙན་པོས་རང་ཉིད་རྒྱ་གར་ལ་ཤེས་ཡོན་སློབ་ སྦྱོང་བྱེད་དུ་བཏང་བ་ཡིན་ན། དཀའ་ངལ་གང་ལ་ཡང་མི་འཛེམས་པར་ཐེ་ ཚོམ་མེད་པར་འགྲོ་རྒྱུ་ཡིན་པའི་བློ་ཐག་བཅད། སྐབས་དེར་བཙན་པོ་སྲོང་བཙན་གྱིས་ཀྱང། ད་ཐོན་མི་རྒྱ་གར་དུ་ གཏོང་བའི་དུས་ལ་བབས་འདུག་དགོངས་ནས། ཐོན་མི་སོགས་གཞོན་ནུ་ རིག་པ་ཅན་སྐོར་ཞིག་རྒྱ་གར་དུ་སློབ་སྦྱོང་བྱེད་པར་ཆེད་གཏོང་མཛད། གཞོན་ནུ་རིག་པ་ཅན་དེ་དག་ལམ་ལ་ཆས་ནས་གང་འཚམ་ཕྱིན་པ་ན། གཞོན་ནུ་མང་ཆེ་བ་འགལ་རྐྱེན་སྣ་ཚོགས་ཀྱི་དབང་གིས་རྒྱ་གར་དུ་མ་ཕྱིན་ པར་བོད་དུ་ཕྱིར་ལོག་བྱས་ཡོད། འོན་ཀྱང་ཐོན་མིས། ལམ་བར་དུ་རང་ཉིད་ ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང། བཙན་པོ་སྲོང་བཙན་གྱི་ཐུགས་རེ་དང། བོད་ཀྱི་སྐྱེ་འགྲོའ་བདེ་དོན་ཐུགས་ལ་བཅངས་ནས། དཀའ་ངལ་མཐའ་དག་ ལ་གདོང་ལེན་བྱས་ཏེ་རྒྱ་གར་དུ་ཕྱིན་པར་མ་ཟད། ལོ་བདུན་གྱི་རིང་རྒྱ་གར་ གྱི་སྐད་ཡིག་མི་འདྲ་བ་སྣ་ཚོགས་དང། ནང་དོན་རིག་པའི་གཞུང་ལུགས་ ཀྱིས་མཚོན། སྐབས་དེར་རྒྱ་གར་དུ་དར་བའི་ཕྱི་ནང་གི་རིག་པའི་གནས་ མང་པོ་ཞིག་ལ་སྦྱངས་པ་བྱང་ཆུབ་པར་མཛད།
102 ཐོན་མིས་བོད་ཀྱི་ཡིག་སྲོལ་གསར་གཏོད་མཛད་པ། ༄༅། །ཐོན་མིས་རྒྱ་གར་དུ་ཤེས་ཡོན་སློབ་སྦྱོང་ཡོངས་སུ་གྲུབ་པ་ན། ཉིན་ཞིག་རང་གི་སློབ་དཔོན་ལེགས་བྱིན་ཀ་ར་དང། སློབ་དཔོན་ལྷ་རིག་ པའི་སེངྒེ་གཉིས་ཀྱི་དྲུང་དུ་བཅར་ཏེ། སློབ་དཔོན་རྣམ་པ་གཉིས་ཀྱི་བཀའ་ དྲིན་ལ་བརྟེན་ནས། ཡིག་རིགས་མ་འདྲ་བ་སྣ་ཚོགས་དང། རིག་གནས་ མང་པོ་ཞིག་ལ་སྦྱོང་རྒྱུའི་སྐལ་བཟང་ཐོབ་པས། ད་ཕྱིར་རང་ཡུལ་བོད་ དུ་ཕྱིན་ནས་བོད་ཀྱི་བཙན་པོ་སྲོང་བཙན་མཆོག་གི་ཐུགས་རེ་ལྟར། བོད་ མཐའ་འཁོབ་ཡུལ་དུ་ཤེས་ཡོན་དར་སྤེལ་གཏོང་རྒྱུ་དང། ཡི་གེ་གསར་ བཟོ་བྱ་རྒྱུའི་འདུན་པ་ཡོད་ལུགས་སྙན་སེང་ཞིབ་ཕྲ་ཞུས། སློབ་དཔོན་རྣམ་པ་གཉིས་ཀྱིས། སློབ་བུ་ཁྱེད་ཉིད་ཀྱིས་རྒྱ་གར་དུ་ སྐད་ཡིག་དང། རིག་གནས་མང་པོ་ལ་སློབ་སྦྱོང་གཏིང་ཕྱིན་པར་བྱེད་ཐུབ་ ཡོད་ལ། ལྷག་པར་དུ་ཁྱེད་ཉིད་སྙིང་རུས་ཆེ་ཞིང་བརྩོན་པ་རྒྱུན་འཁྱོངས་ ཐུབ་མཁན་ཞིག་ཡིན་པས། ཁྱེད་ཀྱིས་བོད་ཀྱི་རྒྱལ་པོའ་ཐུགས་དགོངས་ ལྟར། བོད་མཐའ་འཁོབ་ཀྱི་ཡུལ་དུ་ཤེས་ཡོན་དང༌། སངས་རྒྱས་ཀྱི་བསྟན་ པ་དར་སྤེལ་གཏོང་ཐུབ་ངེས་ཡིན་པས། ད་བོད་དུ་ཕྱིན་ནས་བསྟན་འགྲོའ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 103 ལས་དོན་རྒྱ་ཆེན་བསྐྱངས་ན་ཤིན་ཏུ་ལེགས་སོ། །ཞེས་སོགས་གསུངས་ཏེ་ བསྔགས་བརྗོད་དང་སྐུལ་མ་མཛད། ཐོན་མི་སཾ་བྷོ་ཊ་དཔོན་གཡོག་རྣམས་རྒྱ་གར་ནས་ལམ་ལ་ཆས་ཏེ། བལ་ཡུལ་དང་བོད་ཀྱི་ས་མཚམས་སུ་འབྱོར་བའི་སྐབས། བཙན་པོས་ཆེད་ དུ་མངགས་པའི་བསུ་མ་དང་པོ་རྣམས་ཀྱིས་ཕེབས་བསུ་ཞུས་ཤིང། དེ་ནས་ རིམ་གྱིས་ཕྱིན་ཏེ་ལྷ་སར་འབྱོར་བའི་སྐབས། བོད་ཀྱི་བློན་ཆེན་རྣམས་ཀྱིས་ ཕེབས་བསུ་རྒྱ་ཆེའི་སྒོ་ནས་ཐོན་མི་སཾ་བྷོ་ཊ་ལ་ཆེ་མཐོང་ཞུས། བོད་དུ་འབྱོར་བའི་ཉིན་ཤས་རྗེས་ཐོན་མི་དཔོན་གཡོག་རྣམས་ ཀྱིས། རྒྱ་གར་ནས་གདན་དྲངས་པའི་གསུང་རབ་མང་པོ་མཇལ་རྟེན་ དུ་འཁྱེར་ཏེ། བཙན་པོ་སྲོང་བཙན་སྒམ་པོའ ་སྐུ་མདུན་དུ་མཇལ་ཁར་ བཅར། སྐབས་དེར་བཙན་པོ་སྲོང་བཙན་གྱིས་ཤིན་ཏུ་དགྱེས་ཚོར་ཆེན་ པོ་དང་མཛའ་བརྩེའི་ཉམས་དང་བཅས། ཐོན་མི་དཔོན་གཡོག་རྣམས་ལ་ མཇལ་འཕྲད་མཛད། བཙན་པོས། བོད་ཁམས་མུན་པའི་ཡུལ་དུ་ཤེས་ཡོན་དར་སྤེལ་བྱེད་ ཐུབ་མིན་ནི། ངས་བྱམས་བརྩེས་བསྐྱངས་པའི་བུ་ཕྲུག་ཁྱེད་ལ་ཐུག་ཡོད། ཁྱེད་ཀྱི་སློབ་སྦྱོང་ཡག་པོ་བྱུང་བའི་གཏམ་བཟང་བདག་གིས་སྔོན་མ་ནས་ ཐོས། ཁྱེད་ཀྱིས་ལོ་ཡུན་དེ་དག་གི་རིང་རྒྱ་གར་ཚ་བའི་ཡུལ་དུ་ཉིན་མཚན་ མེད་པར། ཡིག་རིགས་མ་འདྲ་བ་དང་རིག་གནས་མ་འདྲ་བ་སྣ་ཚོགས་ཀྱི་ ཤེས་ཡོན་སློབ་སྦྱོང་ལ་འབད་བརྩོན་བྱས་པར་མ་ཟད། རྒྱུད་གཤིས་བཟང་ པོ་དང་ཀུན་སྤྱོད་ལེགས་པོ་རྒྱུན་འཁྱོངས་མཛད་ཡོད་པར་བརྟེན། རྒྱ་གར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 104 མཁས་པ་རྣམས་ཀྱིས་ཁྱེད་ལ་བོད་ཕྲུག་བཟང་པོ་ཞེས་པའི་མཚན་བསྟོད་ ཞུས་པ་ཐོས་པས། བདག་ཀྱང་བློ་ཤིན་ཏུ་དགའ་ནས་ཡོད། ཅེས་སོགས་ བསྔགས་བརྗོད་ཚད་མེད་མཛད་པ་རེད། དེ་ནས་ཉིན་ཞིག་བཙན་པོས་བློན་པོ་རྣམས་ཚོགས་འདུར་བསྐོངས་ པའི་ཐོག བཙན་པོ་སྲོང་བཙན་ཤིན་ཏུ་ཐུགས་ཚིམ་པའི་སྤྲོ་བ་དང་བཅས། འདི་ལྟར་ཁྱབ་བསྒྲགས་མཛད། ངས་བློན་པོ་ཐོན་མི་ལ་རེ་བ་ཆེན་པོ་བྱས་ཏེ་ ཆུང་དུས་ནས་ཕོ་བྲང་དུ་ཁྲིད་ཡོང་བ་ཡིན་ལ། ཐོན་མིས་ཀྱང་ངའི་རེ་བ་སྟོང་ ཟད་དུ་མ་བཏང་བར། བསམ་འདུན་ཚུལ་བཞིན་བསྒྲུབས་པས་ཤིན་ཏུ་བཟང༌། ངས་བོད་རྒྱལ་ཁབ་ཡོངས་ལ་ཡི་གེ་ཡོན་ཏན་སྦྱོང་དགོས་པའི་ཁྲིམས་ཁྱབ་ བསྒྲགས་བྱ་རྒྱུ་ཡིན་ལ། ཁྱེད་བློན་ཆེན་རྣམས་ཀྱང་གནས་རིམ་གྱི་ཁྱད་ པར་མེད་པར་ཐམས་ཅད་ཀྱིས་ཤེས་ཡོན་སློབ་སྦྱོང་བྱ་དགོས་པར་མ་ཟད། ངས་ཀྱང་སང་ཉིན་ནས་སློབ་དཔོན་ཐོན་མིའི་དྲུང་ནས་ཡི་གེ་སློབ་སྦྱོང་བྱ་རྒྱུ་ ཡིན། ཞེས་བཙན་པོ་རང་ཉིད་ནས་བཟུང་སྟེ། བོད་མི་ཡོངས་རྫོགས་ཀྱིས་ ཤེས་ཡོན་སློབ་སྦྱོང་བྱ་དགོས་པའི་ལམ་སྟོན་དང་དྲིལ་བསྒྲགས་མཛད། སྐུ་མཁར་མ་རུ་ཞེས་པ་ནི་བཙན་པོའ ་སྒྲུབ་གནས་ཀྱི་ཕོ་བྲང་དམ་ དྲག་ཅན་ཞིག་ཡིན། བཙན་པོ་དང་བློན་པོ་ཐོན་མི་གཉིས་ཕོ་བྲང་དེར་ཟུར་ དུ་བཞུགས་ཏེ། བཙན་པོས་སློབ་དཔོན་ཐོན་མིའི་དྲུང་ནས་ཡི་གེ་སློབ་ཁྲིད་ ཞུས་པ་དང་མཉམ་དུ། བོད་ལ་ཡི་གེ་འབྲི་སྲོལ་ཐུན་མོང་མ་ཡིན་པ་ཞིག་ དགོས། ཞེས་རྒྱུན་དུ་ཐོན་མི་སཾ་བྷོ་ཊ་ལ་ཡི་གེ་གསར་བཟོ་བྱ་དགོས་པའི་ སྐུལ་མ་ཡང་མཛད་ཀྱི་ཡོད།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 105 སྐུ་མཁར་མ་རུའི་ཕོ་བྲང། ཐོན་མིས་བཙན་པོ་སྲོང་བཙན་ལ་ཡི་གེ་སློབ་ཁྲིད་ཞུས་པ་དང་མཉམ་ དུ༑ ཕོ་བྲང་ནང་གི་བློན་པོའ་ཚོགས་ལ་ཡང་ཡི་གེ་སློབ་ཁྲིད་གནང་དགོས་ཀྱི་ ཡོད་པས། སློབ་ཁྲིད་ཀྱི་བྲེལ་ཟིང་ཤིན་ཏུ་ཆེ་བ་སྨོས་མ་དགོས་ཀྱང། བཙན་ པོའ་ཐུགས་རེ་ལྟར་བོད་ལ་ཡི་གེའི་འབྲི་སྲོལ་ཐུན་མོང་མ་ཡིན་པ་ཞིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 106 གསར་གཏོད་བྱ་དགོས་པ་འདི། ཕྱིར་འགྱངས་བྱ་མི་རུང་བའི་ལས་དོན་ གལ་ཆེན་ཞིག་ཡིན་པས། སློབ་ཁྲིད་ཀྱི་བར་གསེང་ནམ་ཡོད་ལ། བོད་ཀྱི་ སྐད་གདངས་ལ་ཞིབ་འཇུག་དང་འབྲེལ། བོད་ཡིག་འབྲི་སྲོལ་གསར་གཏོད་ ཀྱི་བྱ་བ་ལ་འབད་བརྩོན་ཆེན་པོས་འཇུག་བཞིན་ཡོད། ཐོན་མི་སམ་བྷོ་ཊས་མང་ཚོགས་ལ་ཡི་གེ་སློབ་ཁྲིད་གནང་བཞིན་པ། ཐོན་མིས་བོད་ཀྱི་སྐད་ གདངས་ལ་ཞིབ་འཇུག་ མཐིལ་ཕྱིན་པ་བྱུང་བ་ན། དབྱངས་བཞི་དང་གསལ་ བྱེད་སུམ་ཅུའི་བདག་ཉིད་ ཅན་ཏེ། དབྱངས་གསལ་ སོ་བཞི་ཅན་གྱི་བོད་ཀྱི་ ཡིག་སྲོལ་གསར་གཏོད་ མཛད་པར་མ་ཟད། ཡིག་སྲོལ་འདིའི་རྣམ་གཞག་སྟོན་པའི་བརྡ་སྤྲོད་ཀྱི་ གཞུང་ལུགས་ཀྱང་གསར་རྩོམ་མཛད་པ་རེད། དུས་དེ་ནས་བཟུང་བོད་ མི་རིགས་ནི། ཡི་གེ་དང་རིག་གནས་ཚད་ལྡན་ཡོད་པའི་མི་རིགས་དང་ རྒྱལ་ཁབ་བྱེ་བྲག་པ་ཞིག་ཏུ་གྱུར་པ་རེད།
107 ཆོས་ལུགས་དང་རིག་གནས་ནང་འདྲེན། ༄༅། །མིའི་མི་ཚེ་ནི་ལྟོ་རྒྱབ་ཀྱི་གནད་དོན་ཐག་ཆོད་པ་ཙམ་གྱིས་ འགྲིགས་སོང་བ་ཞིག་རེད་དམ། འདི་ནི་མི་ཚེ་ཡར་རྒྱས་ལ་ཁ་ཕྱོགས་པའི་ མི་མང་ཆེ་བའི་སེམས་རྩ་ན་ཡོད་པའི་དྲི་བ་གལ་ཆེན་ཞིག་ཡིན། དྲི་བ་འདི་ ལ་སྔོན་ནས་ད་ལྟའི་བར་དུ་མི་རྣམས་ཀྱིས་བསམ་གཞིག་བྱེད་སྟངས་དང། ལན་འདེབས་བྱེད་སྟངས་ལ་མ་འདྲ་བ་མང་པོ་བྱུང་དང་འབྱུང་བཞིན་ཡོད། སྔ་ནས་ད་བར་དུ་འཛམ་གླིང་གི་ཁྱོན་འདི་ལ་མིའི་མི་ཚེའི་དགོས་དོན་ དང། མི་ཚེའི་རིན་ཐང་ལ་ངོས་འཛིན་བྱེད་སྟངས་མི་གཅིག་པ་སྣ་ཚོགས་ བྱུང་དང་འབྱུང་བཞིན་ཡོད་པ་དེ་ཡང། མི་རྣམས་ཀྱིས་དྲི་བ་འདིའི་ཐད་ བསམ་གཞིག་བྱེད་སྟངས་དང། ལན་འདེབས་བྱེད་སྟངས་མི་འདྲ་བའི་དབང་ གིས་ཡིན་པ་ཤིན་ཏུ་གསལ་པོ་ཡིན། དེར་བརྟེན་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་མཆོག་གིས་རང་ཉིད་ ཀྱི་འཚོ་བ་མགོ་འཁྱོང་བ་ཙམ་ནི། མི་ཙམ་མ་ཡིན་པར་དུད་འགྲོ་ཁྱི་ཕག་ ཚུན་ཆད་ཀྱིས་སྒྲུབ་ནུས་པའི་བྱ་བ་ཞིག་ཡིན་པས། མིའི་ལུས་རྟེན་བླངས་ པ་ཆུད་ཟོས་སུ་མ་སོང་བར་དགོས་དོན་ཁྱད་པར་བ་ཞིག་བསྒྲུབ་དགོས་ན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 108 མི་ཚེ་རྣམ་དཔྱོད་དང་ཤེས་རབ་ལ་བརྟེན་ནས་འཚོ་ཐུབ་པ་དགོས་རྒྱུ་གལ་ ཆེན་པོ་གཟིགས་ཀྱི་ཡོད་ལ། འདི་ནི་བོད་ཀྱི་བཙན་པོ་ཁོང་གི་མི་ཚེའི་རིན་ ཐང་གི་ལྟ་ཚུལ་དང། ཤེས་ཡོན་སློབ་གསོའ་རྩ་དོན་ཡང་ཡིན། མི་མཆོག་དམན་བཟང་ངན་སུ་འདྲ་ཞིག་ཡིན་ཡང་རུང། རང་གི་མི་ ཚེའི་ནང་འགྱུར་ལྡོག་གི་གནས་ཚུལ་སྣ་ཚོགས་འབྱུང་སྲིད་པ་དང། བྱ་བ་ བཟང་ངན་སྣ་ཚོགས་དང་འཕྲད་ངེས་པ་ཡིན་པའི་གནས་ལུགས་དེ་བཙན་ པོ་སྲོང་བཙན་གྱིས་གསལ་པོར་མཁྱེན་གྱི་ཡོད། དེར་བརྟེན་ཕྱི་ནང་གི་རྐྱེན་ བཟང་ངན་གང་དང་འཕྲད་མིན་ལ་མ་ལྟོས་པར། གཙོ་བོ་རང་ངོས་ནས་ མིག་མདུན་གྱི་ཁ་ཕྱོགས་མ་ནོར་བ་དང། འདེམས་ཀ་མ་འཕྱུག་པ། བླང་བྱ་ དང་སྤང་བྱའི་གནད་མ་ནོར་བ་བྱེད་ཐུབ་པ་ཞིག་དགོས་པ་ནི། ཤིན་ཏུ་གལ་ གནད་ཆེ་ཤོས་སུ་གཟིགས་ཏེ། རང་གི་མི་ཚེ་རིན་ཐང་ལྡན་པ་དང། བདེ་ སྐྱིད་ལྡན་པ་ཞིག་ཡོང་ཐུབ་མིན་ཡང། གལ་གནད་དེ་ལ་ཐུག་པའི་གནས་ ལུགས་ཞིབ་ཕྲ་གསུང་གི་ཡོད། རྣམ་དཔྱོད་དང་ཤེས་རབ་གལ་གནད་ཆེན་པོ་གཟིགས་པའི་དགོངས་ ཚུལ་དེའི་འོག་ནས། བཙན་པོ་ཁོང་གིས་ཤེས་ཡོན་རིག་གནས་ཀྱི་དོན་དུ་སྐུ་ ལས་ཚད་མེད་བསྐྱོན་ཏེ། བོད་དུ་ཡི་གེའི་རིག་གནས་དར་སྤེལ་བྱ་བ་དང། བོད་ཀྱི་མི་རབས་ཕྱི་མ་རྣམས་ཤེས་ཡོན་དང་རྣམ་དཔྱོད་ལྡན་པ་ཞིག་ཏུ་ གསོ་སྐྱོང་བྱ་བའི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་ཕྱོགས་སྣ་ཚོགས་ནས་ འབད་བརྩོན་ལྷོད་མེད་གནང་གི་ཡོད། བཙན་པོ་སྲོང་བཙན་གྱིས་བོད་ཀྱི་མི་རབས་ཕྱི་མ་རྣམས་ཤེས་ཡོན་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 109 ཡོད་པ་དང། རྣམ་དཔྱོད་ལྡན་པ་ཞིག་ཏུ་གསོ་སྐྱོང་བྱ་བ་ནི། བོད་ཁམས་ འཕེལ་རྒྱས་གཏོང་བའི་ནུས་ཤ གས་ཡོད་ཚད་ཀྱི་རྩ་བ་དང། ལྟོས་གཞི་གལ་ ཆེན་ཞིག་ཡིན་པ་ཡང་གསལ་པོ་རྟོགས་ཀྱི་ཡོད་སྟབས། མི་རབས་ཕྱི་མ་ གསོ་སྐྱོང་གི་དོན་དུ་ཁོང་གིས་ཡོད་ཚད་བློས་བཏང་གནང་ཡོད་ཅེས་བཤད་ ཀྱང་འགྲིག དཔེར་ན། མི་ཞིག་ལ་མཚོན་ན། ལུས་ཕུང་འཚོ་བའི་འཚོ་བཅུད་ འདང་ངེས་ཤིག་ཡོད་དགོས་པ་དང་མཉམ་དུ། བསམ་བློ་སྐྱེད་སྲིང་ལ་ ཕན་པའི་རིག་གཞུང་དང། ཆོས་ལུགས་ཀྱི་འཚོ་བཅུད་ཡང་དག་ཅིག་ཀྱང་ མེད་དུ་མི་རུང་བ་ཡིན་པས། མིའི་བསམ་བློའ་འཚོ་བཅུད་མཁོ་སྒྲུབ་བྱ་བ་ ནི༑ བཙན་པོ་སྲོང་བཙན་སྒམ་པོས་རྒྱལ་ཁབ་ཀྱི་ལས་དོན་ཀུན་ལས་གལ་ བཙན་པོ་སྲོང་བཙན་སྒམ་པོས་མང་ཚོགས་ལ་ཤེས་ཡོན་སློབ་སྦྱོང་བྱ་ དགོས་པའི་གལ་གནད་གསུང་བཞིན་པ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 110 གནད་ཆེ་ཤོས་ཤིག་ལ་ངོས་འཛིན་གནང་གི་ཡོད་པ་ལྟ་བུ་ཡིན། བཙན་པོ་སྲོང་བཙན་གྱི་དགོངས་པར། རང་གི་ཡབ་མེས་རྒྱལ་ཐོག་ འགའ་ཤས་རིང་ལ། གཉན་པོ་གསང་བ་ཞེས་བཏགས་ཏེ་ཉར་ཚགས་ཞུས་ པ་ལས། ནང་དོན་དཔྱིས་ཕྱིན་པར་ཤེས་རྟོགས་མ་ཐུབ་པར་ལྷག་པ་དེ་དག་ ནི༑ དོན་ངོ་མ་གང་འདྲ་ཞིག་ཡིན་པ་དང། དེའི་ནང་དོན་ཅི་ཞིག་ཡིན་ནམ་ སྙམ་པའི་དྲི་བ་ཞིག་རྒྱུན་དུ་འཁོར་ཡོང་གི་ཡོད། དེ་ནི་བཙན་པོ་རང་ཉིད་ཀྱི་ དམིགས་ཡུལ་ལྟར། རིག་གཞུང་དང་ཆོས་ལུགས་བཅོས་བསྒྱུར་ལ་ཕན་ ཐོགས་ཡོད་པ་ཞིག་ཡིན་ནམ་སྙམ་པའི་རེ་བ་ཡང་གནང་གི་ཡོད། ཉིན་ཞིག་བཙན་པོ་སྲོང་བཙན་གྱིས་གཉན་པོ་གསང་བའི་ཁྲོད་དུ་ བཞུགས་པའི་གླེགས་བམ་རྣམས་འཁྱེར་ཡོང་སྟེ། ཁྱོད་ཀྱིས་གླེགས་བམ་ འདི་དག་ཞིབ་ཏུ་ཀློགས་དང་། ངའི་ཡབ་མེས་ཀྱི་རིང་ནས་གཉན་པོ་གསང་ བ་ཞེས་ཉར་བའི་གཅེས་ནོར་ཡིན། འདིའི་ནང་དོན་ཅི་ཞིག་ཡིན་ནམ། ཞེས་ གཉན་པོ་གསང་བའི་ཁྲོད་ཀྱི་གླེགས་བམ་སློབ་དཔོན་ཐོན་མི་ལ་སྟེར་ཏེ། ལེགས་སྦྱར་གྱི་ཐོག་ཏུ་ཡོད་པའི་གསུང་རབ་དེ་དག་ཀློག་ཏུ་བཅུག ཐོན་མིས་རྒྱལ་པོའ་བཀའ་འབྲེལ་ལྟར། གཉན་པོ་གསང་བའི་ཕྱག་དཔེ་ དེ་དག་ཞིབ་ཏུ་བཀླགས་པ་ན། ཕྱག་དཔེ་དེ་དག་གི་ནང་དོན་གཙོ་བོ་ནི། ལྷ་ ཆོས་དགེ་བ་བཅུ་དང་འབྲེལ་བའི་གནས་ཚུལ་ཤ་སྟག་ཡིན་པས། བཙན་པོ་ སྲོང་བཙན་ལ་ཕྱག་དཔེ་དེ་དག་གི་ནང་དོན་ཞིབ་ཏུ་སྙན་སེང་ཞུས། བཙན་པོ་སྲོང་བཙན་གྱིས་ཤིན་ཏུ་དགྱེས་ཚོར་ཆེན་པོ་དང་བཅས། ངའི་ཡབ་མེས་རྣམས་ཀྱིས་ནོར་ལ་ནོར་ཉམས་ཆོད་པ་བྱུང་འདུག ང་ལ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 111 དགོས་པ་ཡང་དེ་ཡིན། ཁོང་ཚོས་སྐུ་ལས་ཚད་མེད་བསྐྱོན་པ་དོན་མེད་དུ་ ཕྱིན་མི་འདུག ཅེས་གསུངས་ཏེ། བཙན་པོ་རང་ཉིད་ཀྱིས། ཆོས་དཔེ་དེ་ དག་ཐོན་མིའི་དྲུང་ནས་ཞིབ་ཏུ་བསླབས་པར་མ་ཟད། གཉན་པོ་གསང་བའི་ ཁྲོད་ཀྱི་ཕྱག་དཔེ་དང། ཐོན་མིས་རྒྱ་གར་ནས་གསར་དུ་གདན་དྲངས་པའི་ ཕྱག་དཔེ་རྣམས་ཀྱང་རིམ་གྱིས་བོད་ཀྱི་སྐད་ཡིག་ནང་སྒྱུར་དུ་བཅུག ཆོས་རྒྱལ་སྲོང་བཙན་སྒམ་པོས་ལོ་མང་རིང་ཉར་ཚགས་ཞུས་པའི་ ཆོས་དཔེ་དེ་དག་ལ། བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་ཇི་ཙམ་ནུས་ ཤ གས་ཆེན་པོ་ཡོད་མེད། ཆོས་དཔེ་དེ་དག་གི་བསྟན་དོན་གྱི་ཐོག་ནས་ མཁྱེན་རྟོགས་གསལ་པོ་བྱུང་བས། སྔར་ལས་ཀྱང་རིག་གཞུང་འདི་བོད་དུ་ དར་འཕེལ་ཡོང་བར་ཐུགས་བརྩོན་ཆེན་པོ་གནང་སྟེ། ལེགས་སྦྱར་གྱི་ཆོས་ དཔེ་སྐབས་དེར་བོད་ཡུལ་དུ་བཞུགས་པ་ཡོངས་རྫོགས་བོད་ཀྱི་སྐད་ཡིག་ ཐོག་བསྒྱུར་བར་མཐུན་འགྱུར་གང་དགོས་མཛད་པ་རེད། བཙན་པོ་སྲོང་བཙན་གྱི་ཐུགས་རེ་ལྟར། ལེགས་སྦྱར་གྱི་ཆོས་དཔེ་ བོད་ཀྱི་སྐད་ཡིག་ཏུ་བསྒྱུར་པའི་བྱ་བ་འདིས། བོད་ཀྱི་ཆོས་སྲིད་རིག་གནས་ མཐའ་དག་ཡར་རྒྱས་འགྲོ་བར་ནུས་ཤ གས་ཆེན་པོ་ཐོན་ཐུབ་ཡོད་ལ། བོད་ མི་རིགས་ཀྱི་བསམ་བློ་དང་འདུན་པ་གཅིག་ཏུ་བསྒྲིལ་བའི་རིག་གཞུང་གི་ སྟོབས་ཤ གས་ཀྱང། དུས་སྐབས་དེ་ནས་བོད་ཀྱི་སྐད་ཡིག་ནང་འཕེལ་རྒྱས་ བྱུང་བའི་ཆོས་དང་རིག་གནས་དེ་དག་ཡིན་ལ། བོད་མི་རིགས་ཀྱི་དོན་དམ་ པའི་ཡར་རྒྱས་ཀྱང་དུས་དེ་ནས་འགོ་ཚུགས་པ་ཞིག་ཡིན། འདི་ལྟར་བཙན་པོ་རྒྱལ་བློན་ཚོས་དཀའ་སྤྱད་ཀྱིས་བསྐྲུན་པའི་རིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 112 གཞུང་དེ་དག་དང། རིག་གཞུང་འདི་དག་གི་བྱིན་མཐུ་ལ་བརྟེན་ནས། བོད་ མི་རིགས་ནི་གངས་རི་ལྟར་སེམས་པ་དཀར་ཞིང་གཙང་ལ། བསིལ་རླུང་ ལྟར་གཤིས་རྒྱུད་འཇམ་ཞིང་བག་ཕེབས་པ་ཞིག་ཏུ་གྱུར་པ་དང། མི་རིགས་ འདི་བསམ་བློ་དང་ཀུན་སྤྱོད་གང་ཅིའི་ཐད་ནས་འཇིག་རྟེན་གྱི་ཏོག་ལྟར་ གྱུར་ཏེ། གོ་ལ་ཡོངས་ལ་ཞི་བདེའི་རིག་གནས་ཀྱི་འོད་སྣང་སྤྲོ་བའི་མི་ཡུལ་ གྱི་དག་ཞིང་ཞིག་ཏུ་གྱུར་པ་རེད།
113 བཙན་པོས་ཤེས་ཡོན་ཅན་གོང་དུ་བཀུར་བ། ༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོས་རང་ཉིད་རྒྱལ་པོ་ཡིན་ཡང་ཐོན་ མི་སཾ་བྷོ་ཊ་བླ་མ་ལྟར་བཀུར་ཏེ། གུས་ཞབས་དང་བརྩི་མཐོང་ཆེན་པོ་ མཛད་ཀྱི་ཡོད་པ་ནི། བཙན་པོ་རང་ཉིད་ཤེས་ཡོན་ལ་བརྩི་མཐོང་ཆེ་བའི་ དབང་གིས་ཡིན་པ་སྨོས་མ་དགོས་ཀྱང། རྒྱལ་པོའ་མཛད་སྤྱོད་འདི་བློན་ པོ་རིགས་ཤིག་གི་སེམས་ལ་མ་བབས་ནས། རྒྱལ་པོ་ལ་དེ་ལྟར་མཛད་ མི་རུང་བའི་བསམ་འཆར་ཞུ་མཁན་ཡང་ཡོང་གི་ཡོད་པ་རེད། འོན་ཀྱང་བཙན་པོ་སྲོང་བཙན་སྒམ་པོས། བློན་པོ་དེ་རིགས་ཀྱིས་ རང་ཉིད་ཀྱི་ཕྲག་དོག་གི་ངན་མཚང་ཕྱི་ལ་མངོན་པ་ཙམ་ལས། སྤྱི་སྒེར་སུ་ ལ་ཡང་ཕན་ཐོགས་ཡོད་པའི་བསམ་འཆར་ཞིག་མིན་པ་གསལ་པོ་མཁྱེན་ གྱི་ཡོད་སྟབས། ཁོང་ཚོའི་ཞུ་བ་ལ་གསན་འཇོག་གཏན་ནས་གནང་གི་ མེད་ལ། ཁོ་ཚོར་བཟང་ངན་གྱི་ལན་འདེབས་ཀྱང་གནང་གི་མེད། བློན་པོ་ཕྲག་དོག་ཅན་དེ་དག་གིས་བཙན་པོ་ལ་ཤིན་ཏུ་ཤ་ཚ་བའི་ཟོལ་ གྱིས། ཐོན་མིས་ཡི་གེ་ཕྲན་བུ་ཤེས་ཀྱི་ཡོད་པའི་ང་རྒྱལ་གྱིས་བཙན་པོ་ལ་ གུས་ཞབས་མི་ཞུ་བར་མ་ཟད། རང་ཉིད་བཙན་པོའ་གོང་ལ་བསྡད་དེ། རྒྱལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 114 བློན་གྱི་གནས་སྟངས་གོ་ལྡོག་པ་ཤ་སྟག་བྱེད་ཀྱི་འདུག འདི་ལྟར་ཕྱིན་ན་ བོད་ཀྱི་ཆབ་སྲིད་ལ་ཕུགས་རྒྱང་རིང་པོ་ནས་ཉམས་རྒུད་ཡོང་གི་རེད། ཅེས་ པ་སོགས་ཀྱི་སྐད་ཆ་གང་སར་བསྒྲགས་ཏེ། མང་ཚོགས་ཀྱི་ཁྲོད་དུ་ཐོན་མི་ ལ་ལྟ་ཚུལ་ངན་པ་ཡོང་ཐབས་བྱེད་ཀྱི་ཡོད། བཙན་པོ་སྲོང་བཙན་གྱི་དགོངས་པར། མང་ཚོགས་ཁྲོད་འཆལ་གཏམ་ སྒྲོག་བཞིན་པའི་བློན་པོ་ཚོའི་སྐད་ཆ་ལ་གནས་ལུགས་གཏན་ནས་མེད་ ཀྱང། ཁོ་ཚོས་སྤེལ་བཞིན་པའི་དཀྲོག་གཏམ་འདི་ཇེ་ཆེར་སོང་ན། གནས་ ཚུལ་ཇི་བཞིན་མ་རྟོགས་པའི་མང་ཚོགས་ཁྲོད་རྣམ་རྟོག་ངན་པ་སྣ་ཚོགས་ འབྱུང་སྲིད་པ་དང། དོན་མེད་ཀྱི་འཁྲུག་རྐྱེན་ཡང་འབྱུང་རྒྱུའི་ཉེན་ཁ་ཞིག་ གཟིགས་ཀྱི་ཡོད། དེར་བརྟེན་རྒྱལ་བློན་ལྷན་འཛོམས་ཀྱི་ཚོགས་འདུ་ཞིག་གི་ཐོག ཤེས་ ཡོན་ལྡན་པ་གོང་དུ་བཀུར་བ་ནི། ཤེས་ཡོན་ལ་དོན་གཉེར་ཡོད་པའི་མི་སྤྱིའི་ འགྲོ་ལུགས་ཤིག་ཡིན། ངས་སློབ་དཔོན་ཐོན་མིའི་དྲུང་ནས་ཤེས་ཡོན་སློབ་ ཀྱི་ཡོད་པ་ལྟར། ཐོན་མི་སཾ་བྷོ་ཊ་རང་གི་བླ་མ་དང་སློབ་དཔོན་ལ་བཀུར་ ཏེ་གུས་བརྩི་ཞུ་ཡི་ཡོད། དེ་ལ་རྒྱལ་བློན་གྱི་གནས་སྟངས་གོ་ལྡོག་པའི་མ་ འགྲིག་པ་ཅི་ཞིག་ཡོད། ཞེས་བཙན་པོ་སྲོང་བཙན་རང་ཉིད་ཀྱིས་སློབ་དཔོན་ ཐོན་མི་གོང་དུ་བཀུར་དགོས་པའི་རྒྱུ་མཚན་ཞིབ་ཕྲ་གསུངས། དེ་ནས་བཙན་པོ་སྲོང་བཙན་གྱིས་མུ་མཐུད་དེ། བོད་ཀྱི་ཁྲིམས་ ལུགས་སུ་ཡང་ཤེས་ཡོན་ཅན་གོང་དུ་བཀུར་དགོས་པ་གཏན་འབེབས་ མཛད་དེ། ཁྲིམས་ལུགས་འདི་ཁྱེད་བློན་པོ་རྣམས་ཀྱིས་མཐོང་བྱུང་ངམ།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 115 ཞེས་ཐུགས་མ་རངས་པའི་ཚུལ་གྱིས་བཀའ་རྩད་གནང་ཡང། བློན་པོའ་ ཁྲོད་ནས་བཙན་པོ་ལ་ལན་འདེབས་ཞུ་ཕོད་མཁན་གཅིག་ཀྱང་མ་བྱུང། དེ་ནས་བཙན་པོ་སྲོང་བཙན་གྱིས་མུ་མཐུད་དེ། བློན་པོའ་ཁྲོད་ནས་ འགའ་ཤས་ཀྱིས། སློབ་དཔོན་ཐོན་མིའི་བྱས་པ་ལ་དྲིན་གཟོ་མེད་པའི་ཐོག ཐོན་མི་ལ་ངན་སྨོད་ལྟ་བུའི་རྣམ་འགྱུར་སྣ་ཚོགས་སྟོན་གྱི་ཡོད་པར་མ་ཟད། དཀྲོག་རྐྱེན་གྱི་གཏམ་སྣ་ཚོགས་སྒྲོག་གི་ཡོད་པ་བདག་གིས་ཐོས། ཁྱེད་ བློན་པོ་རྣམས་ཀྱིས་དགོས་མེད་དཀྲོག་གཏམ་སྤེལ་བ་ལས། སློབ་དཔོན་ ཐོན་མིའི་དྲུང་ནས་ཡི་གེ་སྦྱངས་ཏེ། རང་གི་བསམ་བློ་དང་ཀུན་སྤྱོད་ཡར་ རྒྱས་ཡོང་ཐབས་བྱས་ན་མི་ལེགས་སམ། ཞེས་གསུངས་པ་ན། ཐོན་མི་ ལ་ཕྲག་དོག་བྱེད་མཁན་ཚོས་བཙན་པོའ་ཞལ་ལ་བལྟ་མི་ནུས་པར་གཉའ་ བསྒུར་ནས་སྡོད་ཀྱི་ཡོད། བློན་པོའ་ཁྲོད་ནས་ལན་འདེབས་ཞུ་མཁན་གཅིག་ཀྱང་མ་བྱུང་བ་ན། བཙན་པོ་སྲོང་བཙན་གྱིས་མུ་མཐུད་ཐུགས་སྐྱོ་བའི་ཉམས་དང་བཅས། ཁྱེད་ རྣམས་ཀྱིས་ངོས་ནས་སློབ་དཔོན་ཐོན་མི་ལ་གུས་བཀུར་ཞུ་བཞིན་པ་མཐོང་ བ་ཙམ་མ་གཏོགས། སློབ་དཔོན་ཐོན་མིས་བོད་རྒྱལ་ཁབ་ཀྱི་དོན་དུ། ཤེས་ ཡོན་ནང་འདྲེན་བྱ་བར་རང་སྲོག་བློས་གཏོང་གིས་དཀའ་སྤྱད་ཅི་ཙམ་མཛད་ ཡོད་མེད་བསམ་བློ་གཏོང་ཨེ་མྱོང། གང་ལྟར་ཡང་ཤེས་ཡོན་དང་ཤེས་ཡོན་ ཅན་གཉིས་ཀ་ལ་གུས་ཞབས་ཞུ་དགོས་པ་ནི། ང་ཚོས་གཏན་ལ་ཕབ་པའི་ ཁྲིམས་ལུགས་ཡིན་པས། ཁྱེད་བློན་པོ་རྣམས་ཀྱིས་མ་མཐའ་ཡང་ཁྲིམས་ལ་ བརྩི་སྲུང་ཞུ་དགོས། ཞེས་གསུངསཏེ། ཕྲག་དོག་ཅན་གྱི་བློན་པོ་དེ་དག་ལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 116 རང་གི་བྱ་སྤྱོད་ལ་ཚོད་འཛིན་བྱེད་དགོས་པའི་བཀའ་ཕབ། ཤེས་ཡོན་སློབ་གཉེར་གྱི་གཞི་མ་ནི་ཡི་གེའི་རིག་གནས་ཡིན་པས། བོད་མི་མི་རེ་ངོ་རེས་ཡི་གེ་འབྲི་ཀློག་ནས་སྦྱོང་དགོས་པ་དང། བོད་ཡུལ་གྱི་ རྨོངས་པའི་མུན་པ་བསལ་བར་བྱ་བ། བོད་ཁམས་ཆོས་སྲིད་ཟུང་གིས་བདེ་ བར་བསྐྱངས་ཏེ། ཞི་བདེ་བག་ཕེབས་དང། ཆོས་འབྱོར་བདེ་སྐྱིད་ལྡན་པ་ ཞིག་ཡོང་བར་བྱ་བ་ནི། བཙན་པོ་སྲོང་བཙན་གྱི་ཐུགས་རེ་གཙོ་བོ་ཡིན་པས། བཙན་པོ་ཁོང་གིས་ཕོ་བྲང་ནང་ཁུལ་ཙམ་མ་ཡིན་པར། བོད་ཁམས་ཡོངས་ ལ་ཤེས་ཡོན་དར་འཕེལ་ཡོང་བར་འབད་བརྩོན་ལྷོད་མེད་གནང་གི་ཡོད། བཙན་པོའ་རླབས་ཆེན་གྱི་དགོངས་གཞི་དེ་དག་འགྲུབ་པ་ལ། བློན་ འབངས་གཉིས་ཀའི་ནང་དུ་འགོག་རྐྱེན་བྱེད་མཁན་ཉུང་ཉུང་ཞིག་མིན་པ་ བཙན་པོ་རང་ཉིད་ཀྱིས་གསལ་པོ་མཁྱེན་གྱི་ཡོད་ལ། བོད་ཁམས་སུ་མི་ རབས་མང་པོའ་རིང་ཡི་གེའི་རིག་གནས་དར་མྱོང་མེད་པ་དང། ལྷག་པར་ དུ་གདོད་མའི་རྨོངས་དད་ཀྱི་བསམ་བློའ་རྒྱུན་མ་ཆད་པར་ཡོད་སྟབས། བཙན་པོ་རང་ཉིད་ཀྱི་དམིགས་ཡུལ་འཕྲལ་དུ་འགྲུབ་མི་ཐུབ་པ་ཡང། བཙན་ པོས་གསལ་པོ་མཁྱེན་གྱི་ཡོད། ཡིན་ན་ཡང་བཙན་པོ་རང་གི་དམིགས་ ཡུལ་སྟེང་མུ་མཐུད་མདུན་སྐྱོད་མཛད་པ་མ་གཏོགས། ཕྱི་ནང་གི་འགལ་ རྐྱེན་སྣ་ཚོགས་ལ་ཁག་བཞག་ནས་སོར་གང་ཙམ་ཡང་ཕྱིར་བསྣུར་གཏན་ ནས་མཛད་ཀྱི་མེད། བཙན་པོས་ཁོ་ཚོའི་ཤེས་ཡོན་གྱི་གོ་རྟོགས་དང་བསམ་བློའ་ཡར་རྒྱས་ ལ་ངང་སྒུག་མཛད་དེ། ནམ་ཞིག་ན་ཁོ་ཚོའི་ཤེས་ཡོན་དང་བསམ་བློའ་གོ་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 117 རྟོགས་འཕེལ་རྒྱས་བཏང་ཐུབ་པ་བྱུང་བའི་སྐབས། མི་སུ་ཡིན་ཡང་ནུས་ མེད་དུ་གྱུར་ཟིན་པའི་གོམས་སྲོལ་རྙིང་པ་ཙམ་ལ་མཁྲེགས་འཛིན་བྱས་ནས་ མི་སྡོད་པར་མ་ཟད། རང་འགུལ་གྱིས་ཡང་དག་པའི་ཆོས་ལུགས་ལ་མོས་ པ་དང་མགུ་པོ་ཡོང་རྒྱུར་ཡིད་ཆེས་གནང་སྟེ། བློན་པོའ་ཚོགས་ལ་ཡང། བཙན་ཤེད་ཀྱིས་གདོད་མའི་དད་འདུན་ལ་བཅོས་བསྒྱུར་བྱ་བར་དགག་བྱ་ གནང་གི་ཡོད། ལོ་འགའ་ཤས་ཀྱི་རྗེས་སུ། བཙན་པོས་ཐུགས་རེ་གནང་བ་ལྟར། མང་ ཚོགས་རིགས་ཤིག་གི་ཤེས་ཡོན་སློབ་སྦྱོང་གི་གནས་ཚད་འཕེལ་རྒྱས་ཕྱིན་ པ་དང་མཉམ་དུ། ཆོས་ལ་མོས་པ་ཡོད་པའི་གྲངས་ཚད་དང། ཆོས་ལུགས་ ཉམས་ལེན་བྱེད་མཁན་ཡང་ཇེ་མང་དུ་གྱུར་ཏེ། ཕ་བོང་ཁར་སྔགས་སྡེ་ཞིག་ གསར་འཛུགས་མཛད་དགོས་པའི་གནས་ཚུལ་བྱུང་ཡོད། འདི་ནི་བོད་ཀྱི་ལོ་ རྒྱུས་ཐོག་གི་ཆོས་ལུགས་ཀྱི་སྡེ་ཚན་ཞིག་གསར་འཛུགས་བྱས་པ་ཐེངས་ དང་པོ་དེ་ཡིན་སྲིད།
118 རྒྱ་བལ་གྱི་སྲས་མོ་ཁབ་ཏུ་བསུས་པ། ༄༅། །བཙན་པོ་སྲོང་བཙན་གྱིས་ཤེས་ཡོན་དར་སྤེལ་གྱི་ལས་གཞི་བརྟན་ པོ་ཚུགས་ཟིན་པའི་རྗེས་སུ་ཡང། བོད་ཁམས་འཕེལ་རྒྱས་ཀྱི་ལས་གཞི་ གཏན་ནས་མཚམས་འཇོག་མ་བྱས་པར། གོམ་སྟབས་གཉིས་པ་ལྟ་བུ་ལ། ཁྱིམ་མཚེས་གཡས་གཡོན་གྱི་རྒྱལ་ཁབ་ཚོ་ལ་གཉེན་གྱི་འབྲེལ་བ་བཙུགས་ ཏེ༑ བོད་ཀྱི་ཕྱི་འབྲེལ་གྱི་ཁོར་ཡུག་རྒྱ་སྐྱེད་བྱ་བ་དང། ལག་རྩལ་རིག་ གནས་ཀྱི་རིགས་ནང་འདྲེན་བྱ་བའི་ཐད་དགོངས་པ་བཞེས་ཀྱི་ཡོད། སྤྱིར་གཉེན་གྱི་འབྲེལ་བའི་ཐོག་ནས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་རྒྱ་སྐྱེད་བྱ་ བ་ནི། གནའ་སྔ་མོའ་ཆབ་སྲིད་ལམ་ལུགས་ཁྲོད་ཀྱི་བྱེད་ཐབས་ནུས་པ་ལྡན་ པ་ཞིག་ཡིན་པས། བཙན་པོ་སྲོང་བཙན་གྱིས་བོད་ཀྱི་ཁྱིམ་མཚེས་རྒྱ་ནག་ དང་བལ་ཡུལ་གཉིས་ལ་གཉེན་གྱི་འབྲེལ་བ་འཇོག་པ་ནི། བོད་ཀྱི་ཕྱི་འབྲེལ་ རྒྱ་སྐྱེད་བྱ་བའི་ཐབས་ལེགས་ཤོས་ཤིག་ཡིན་པ་གཟིགས་ཀྱི་ཡོད། རྒྱལ་ཁབ་ཀྱི་ལས་དོན་གལ་གནད་ཅན་མང་ཆེ་བ་ནི། བློན་པོ་ཚོར་ བཀའ་བསྡུར་མཛད་ནས་ཐག་གཅོད་གནང་བ་མ་གཏོགས། བཙན་པོ་ རང་གིས་དབང་ཤེད་ཀྱིས་ཐག་གཅོད་མི་མཛད་པ་ནི། བཙན་པོ་སྲོང་ བཙན་གྱི་ཐུགས་གཤིས་ཁྱད་པར་བ་ཞིག་ཡིན་ལ། འདི་ནི་ཁོང་གིས་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 119 ལས་དོན་རྒྱ་ཆེན་པོ་མང་པོ་སྒྲུབ་ཐུབ་པའི་སྟོབས་ཤ གས་ཀྱི་འབྱུང་རྩ་ ཞིག་ཀྱང་ཆགས་ཀྱི་ཡོད། བཙན་པོ་སྲོང་བཙན་གྱིས་རྒྱལ་བློན་ལྷན་འཛོམས་ཀྱི་ཚོགས་འདུ་ ཞིག་གི་ཐོག བཙན་པོ་རང་གི་ཕྱི་འབྲེལ་ཐད་ཀྱི་འཆར་སྣང་དང། དེའི་ མདུན་རྒྱབ་ཀྱི་གནས་ཚུལ་ཞིབ་ཕྲ་བློན་པོ་ཚོར་ངོ་སྤྲོད་གནང་བ་ན། བློན་ པོ་མང་ཆེ་བས་བཙན་པོའ་དགོངས་པ་བཞེས་སྟངས་ཤིན་ཏུ་གཟིགས་རྒྱང་ ཡངས་པོ་ཡིན་པ་ངོས་འཛིན་བྱུང་བར་བརྟེན། བཙན་པོའ་དགོངས་གཞི་དེ་ ལ་ཡི་རང་ཆེན་པོས་རྒྱབ་སྐྱོར་གནང་གི་ཡོད། དེར་བརྟེན་རྒྱལ་བློན་ལྷན་འཛོམས་ཀྱི་ཐོག་ནས། བོད་ཀྱི་ཁྱིམ་མཚེས་ བལ་ཡུལ་རྒྱལ་ཁབ་ནས་རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲི་བཙུན་དང། རྒྱ་ནག་ཐང་གི་རྒྱལ་ཁབ་ནས་ཐང་གི་སྲས་མོ་ཝུན་ཁྲིན་ཀོང་ཇོ་གཉིས་བོད་ ཀྱི་བཙན་པོ་སྲོང་བཙན་གྱི་བཙུན་མོ་བསུ་རྒྱུའི་ཐག་གཅོད་མཛད་ཡོད། འོན་ཀྱང་བཙན་པོ་སྲོང་བཙན་གྱིས་དེ་སྔ་བོད་ཀྱི་ས་ཁུལ་ཆེ་ཁག་གསུམ་ ཏེ༑ ཡུལ་དབུས་ནས་མོང་བཟའ་ཁྲི་ལྕམ་དང། མདོ་ཁམས་མི་ཉག་གི་ཡུལ་ ནས་མི་ཉག་རུ་ཡོང་བཟའ། ཞང་ཞུང་ཡུལ་ནས་ཞང་ཞུང་བཟའ་ལི་ཐིག་ སྨན་བཅས་བཙུན་མོར་བསུས་ཡོད་སྟབས། བསྐྱར་དུ་རྒྱ་བལ་གྱི་ཡུལ་ནས་ བཙུན་མོ་བསུ་རྒྱུར། ཕོ་བྲང་གི་ཕྱི་ནང་གཉིས་ཀ་ནས་འགོག་རྐྱེན་དང་གནོན་ ཤགས་སྤྲོད་མཁན་མེད་པ་ཡང་གཏན་ནས་མིན། རྒྱ་བལ་གྱི་རྒྱལ་པོའ་སྲས་མོ་རེ་བཙན་པོའ་ཁབ་ཏུ་བསུས་ཚེ། དེ་སྔའི་ བཙུན་མོ་རྣམས་ཀྱི་གནས་སྟངས་དང། ཐོབ་ཐང་ལ་འགྱུར་བ་འགྲོ་རྒྱུ་ཡིན་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 120 པ་སྨོས་མ་དགོས་པས། བཙུན་མོ་དང་བཙུན་མོའ་ཕྱོགས་གཏོགས་པ་མང་ པོ་ཞིག་གིས་རྒྱལ་པོས་བསྐྱར་དུ་བཙུན་མོ་བསུ་རྒྱུར་མོས་མཐུན་བྱེད་ཀྱི་ མེད་ཀྱང། དེ་ནི་ནང་ཁུལ་གྱི་གནས་ཚུལ་ཆུང་ཚགས་ཡིན་པས། ཁོ་ཚོའི་ བསམ་ཚུལ་ལ་བཙན་པོས་དེ་ཙམ་ཐུགས་སྣང་མཛད་ཀྱི་མེད། བཙན་པོས་དེ་ལས་ཀྱང་གལ་ཆེ་བ་དང་ཉེན་ཁ་ཆེན་པོར་གཟིགས་ པའི་གནས་ཚུལ་གཞན་ཞིག་ནི། རྒྱལ་ཁབ་མི་འདྲ་བ་གཉིས་ཀྱི་གཉེན་ སྒྲིག་གི་འབྲེལ་བ་འདི་རིགས་ལ་ཐོག་མཐའ་བར་གསུམ་དུ་རང་གིས་ཚོད་ འཛིན་རན་པོ་དང་གྲུང་པོ་བྱེད་མ་ཐུབ་ཚེ། ཆབ་སྲིད་དང་རིག་གནས་ཀྱི་ ཁེ་ཕན་ཚུར་ལེན་མི་ཐུབ་པའི་ཐོག རང་གི་སྲིད་དབང་གཞན་ལག་ཏུ་ ཤོར་སྲིད་པ་ཡིན་པས། རྒྱ་བལ་གྱི་སྲས་མོ་བཙུན་མོར་བསུ་རྒྱུའི་ལས་ དོན་འདི་ནི། ཤིན་ཏུ་དོགས་ཟོན་ནན་པོ་བྱ་དགོས་པའི་བྱ་བ་ཉེན་ཁ་ཅན་ ཞིག་ཏུ་གཟིགས་ཀྱི་ཡོད། དེར་བརྟེན་བཙན་པོ་སྲོང་བཙན་གྱིས་རྒྱ་ནག་ཐང་རྒྱལ་ཁབ་དང། བལ་པོ་རྒྱལ་ཁབ་གཉིས་ལ་གཉེན་གྱི་འབྲེལ་བ་དངོས་སུ་མ་བཙུགས་པའི་ གོང་དུ། ཡུལ་དེ་གཉིས་ཀར་བོད་ཀྱི་རྒྱལ་ཁབ་ནི། སུ་གང་གིས་ཀྱང་བཙན་ འཛུལ་བྱེད་མི་ཐུབ་པའི་སྟོབས་ལྡན་རྒྱལ་ཁབ་ཅིག་དང། རང་སྲུང་གི་དཔུང་ ཤགས་ཆ་ཚང་ཡོད་པའི་ངོས་འཛིན་ཡོང་ཐབས་བྱས་ཡོད་ལ། དངོས་སུ་ བཙུན་མོ་བསུ་བར་སྐྱོད་པའི་སྐབས་སུ་ཡང། བློན་པོ་མགར་སྟོང་བཙན་གྱིས་ སྣེ་ཁྲིད་པའི་ཚོགས་ཆུང་ཞིག་མངགས་པའི་རྒྱབ་དཔུང་དུ། དྲག་པོའ་སྟོབས་ ཤ གས་ངོམ་སྟེ་ཞི་དྲག་ཟུང་འབྲེལ་གྱི་བྱེད་ཐབས་ཁྱད་པར་བ་ཞིག་ལག་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 121 བསྟར་གནང་ཡོད་པ་རེད། བཙན་པོ་སྲོང་བཙན་གྱི་ཐབས་བྱུས་དང། བློན་པོ་མགར་སྟོང་བཙན་གྱི་ བློ་བཀོད་ཁྱད་པར་བ་ལ་བརྟེན་ནས། རྒྱ་བལ་གྱི་སྲས་མོ་བཙན་པོའ་ཁབ་ཏུ་ བསུ་བའི་དམིགས་ཡུལ་དང་དགོས་དོན་ལེགས་གྲུབ་བྱུང་ཞིང། རྒྱ་ཡུལ་ནས་ ཇོ་བོ་ཤཱཀྱ་མུ་ནི་སོགས་རྟེན་དང་རིན་པོ་ཆེ་སྣ་ཚོགས་དང། དེ་བཞིན་བལ་ པོའ་ཡུལ་ནས་ཀྱང་ཇོ་བོ་མི་བསྐྱོད་རྡོ་རྗེ་སོགས་སྐུ་རྟེན་དང། རིན་པོ་ཆེ་མང་ པོ་བོད་དུ་གདན་དྲངས་པས་མི་ཚད། བཙན་པོའ་ཐོག་མའི་དམིགས་ཡུལ་ལྟར་ བཙུན་མོ་སོ་སོ་དང་མཉམ་དུ། བཟོ་རིག་མཁས་པ་མང་པོ་ཞིག་ཀྱང་བོད་དུ་ གདན་འདྲེན་ཐུབ་པ་བྱུང་ཡོད་པ་ རེད། རྒྱ་ནག་ཐང་རྒྱལ་པོ་དང་ བལ་ཡུལ་གྱི་རྒྱལ་པོ་གཉིས་ ཀས་རང་རང་གི་སྲས་མོ་བོད་ ལ་ཤོར་བས་མི་ཚད། སྐུ་གསུང་ ཐུགས་རྟེན་དང་རིན་ཐང་ཅན་གྱི་ དངོས་པོ་སྣ་ཚོགས་ཤིག་བོད་ལ་ ཤོར་བར། བློས་གཏོང་མི་ཐུབ་ པའི་སེམས་ནད་གཏིང་ཟབ་ཅིག་ ཡོད་པར་བརྟེན། གཉེན་གྱི་འབྲེལ་བ་དེའི་ཐོག་ནས་ཆབ་སྲིད་ཀྱི་ཁེ་ཕན་ ལེན་འདོད་ཡོད་པ་སྨོས་མ་དགོས་ཀྱང། བཙན་པོ་སྲོང་བཙན་གྱིས་སྔ་ས་ རྒྱ་ནག་ཀོང་ཇོས་རྒྱ་ནག་ནས་གདན་དྲངས་པའི་ ཇོ་བོ་ཤཱཀྱ་མུ་ནེ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 122 ནས་རྒྱ་ནག་དང་བལ་ཡུལ་སུ་ཡིན་ཡང། གཉེན་གྱི་འབྲེལ་བ་འདི་བརྒྱུད་ ནས། བོད་ལ་ཆབ་སྲིད་ཀྱི་རླུང་བུ་ཡོང་ས་མེད་པའི་མཐའ་ལྕགས་བཙན་ པོ་འཐེན་ཟིན་ཡོད་སྟབས། རྒྱ་བལ་གཉིས་ཀའི་ཆབ་སྲིད་ཀྱི་དམིགས་ཡུལ་ མངོན་འགྱུར་ཐུབ་པ་བྱུང་མེད། བཙན་པོ་སྲོང་བཙན་གྱིས་རྒྱ་བལ་གྱི་སྲས་མོ་གཉིས་བོད་དུ་བསུས་ པ་དང་མཉམ་དུ། ཡུལ་དེ་དག་ནས་སྐུ་གསུང་ཐུགས་རྟེན་མང་པོ་བོད་དུ་ གདན་འདྲེན་ཞུས་ཤིང། དར་བཟོ་བ་དང། ཆང་བཟོ་བ། ཤེལ་བཟོ་བ། རྡོ་ རྐོ་བ། ལྷ་བཟོ་བ། རི་མོ་མཁས་པ་སོགས་རྒྱ་བལ་སོ་སོར་ཡོད་པའི་ཐུན་ མོང་མ་ཡིན་པའི་ལག་རྩལ་བ་དང། རིག་གནས་པ་མང་པོ་ཞིག་ཀྱང་བོད་ དུ་གདན་འདྲེན་ཞུས་ཡོད། བཙན་པོའ་ཕོ་བྲང་ནས་བཀོད་སྒྲིག་གནང་སྟེ། མཁས་པ་དེ་དག་ལ་ བོད་ཀྱི་གཞོན་སྐྱེས་ཚོར་ལག་ཤེས་དང། རིག་གནས་མང་པོ་སློབ་སྤེལ་ བྱེད་བཅུག་སྟེ། བོད་དུ་ནང་པའི་ཆོས་ལུགས་དར་སྤེལ་མཛད་པ་དང་ མཉམ་དུ། རིག་གནས་གཞན་དག་ཀྱང་དར་སྤེལ་གྱི་ཁོར་ཡུག་རྒྱ་ཆེར་ བསྐྲུན་པར་གནང་ཡོད། བོད་མི་རིགས་ཀྱི་རིག་གནས་དང་ལག་རྩལ་རྙིང་པའི་རྨང་གཞིའི་ ཐོག གསར་གཏོད་དང་གཞན་གྱི་རིག་གནས་ནང་འདྲེན་ཞུས་ཏེ། བོད་ ཡུལ་དུ་ཆོས་ལུགས་དང་རིག་གནས་མཐའ་དག་འཐུས་སྒོ་ཇེ་ཚང་དང། ཕུན་སུམ་ཇེ་ཚོགས་སུ་གཏོང་བ་ནི། བཙན་པོ་སྲོང་བཙན་གྱི་ཐུགས་ འདུན་གཙོ་བོ་དེ་ཡིན།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 123 དེར་བརྟེན་བཙན་པོ་སྲོང་བཙན་གྱིས་རྒྱ་ནག་དང་མི་ཉག་ནས་བཟོ་ དང་རྩིས་ཀྱི་རིག་གནས་དང། རྒྱ་གར་འཕགས་པའི་ཡུལ་ནས་དམ་པའི་ ཆོས་ལུགས། སོག་པོ་དང་བལ་ཡུལ་ནས་ཟས་ནོར་ལོངས་སྤྱོད། བྱང་ ཕྱོགས་ཧོར་དང་ཡུ་གུར་ནས་ཁྲིམས་ལུགས་ཀྱི་དཔེ་རྣམས་བླངས་ཏེ། དུས་ ཡུན་ཐུང་ངུའི་ནང་བོད་ཀྱི་རྒྱལ་ཁབ་ཆོས་ལུགས་དང། རིག་གནས། ལག་ རྩལ། སྟོབས་ཤ གས་གང་ཅིའི་ཐད་ནས་སྟོབས་ཆེན་རྒྱལ་ཁབ་ཅིག་གི་ངོ་ བོར་འཕེལ་རྒྱས་སུ་མཛད་ཡོད། བོད་ཀྱི་གཞོན་སྐྱེས་ཚོར་རྒྱའི་བཟོ་པས་དཀར་ཡོལ་སོགས་ཀྱི་ལག་ཤེས་སློབ་བཞིན་པ།
124 རྒྱལ་ཁབ་ཁྲིམས་ཀྱིས་སྐྱོང་བའི་སྲོལ་བཟང། ༄༅། །བཙན་པོ་སྲོང་བཙན་གྱིས་རང་གིས་ལོ་མང་རིང་ཆབ་སྲིད་ བསྐྱངས་པའི་ཉམས་མྱོང་དང། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་ བབ། དངོས་ཡོད་གནས་སྟངས་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་ཆོས་ སྲིད་འཛིན་སྐྱོང་བྱ་བ་ལ། བཙན་པོ་གཉའ་ནས་གནོན་པ་དང། ཉམ་ཆུང་ ཞབས་ནས་སྐྱོང་བའི་ཁྲིམས་སྲོལ་བཟང་པོ། མིག་ལྟོས་ལ་འཇགས་པ་ ཞིག་ཡོད་དགོས་པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད། དེར་བརྟེན་ཐེངས་ཤིག་བཙན་པོ་སྲོང་བཙན་གྱིས་བློན་ཆེན་རྣམས་ བསྐོངས་པའི་ཚོགས་འདུའི་ཐོག དེ་སྔར་བཙན་པོ་ཡབ་མེས་གོང་མ་ རྣམས་ཀྱི་རིང་ལ་བོད་ལ་ཁྲིམས་ལུགས་བརྟན་པོ་ཞིག་མེད་པས། རྒྱལ་ཕྲན་ རྣམས་སོ་སོར་འཁྱར་ཞིང་ཤེས་པ་ཅན་བཅུ་གཉིས་ཀྱང་ས་མཐར་འཁྱམས། ད་དུང་ཡང་སྔར་བཞིན་ཁྲིམས་ལུགས་བརྟན་པོ་ཞིག་མེད་ན། ཆེན་པོ་མཐོན་ པོ་རྣམས་ཀྱིས་གང་བསམ་གང་འདོད་ཀྱིས་བྱ་ངན་སྣ་ཚོགས་བརྩམས་ ཏེ༑ ངའི་འབངས་མི་སེར་ཉམ་ཆུང་རྣམས་སྡུག་བསྔལ་ཅན་དུ་འགྱུར་བ་ ཡིན་པས། ངས་ཆོས་ཁྲིམས་དགེ་བ་བཅུ་ལ་དཔེ་བླངས་པའི་ཁྲིམས་ཡིག་ ཅིག་བཟོ་དགོས་པ་འདུག ཅེས་བློན་པོའ་ཚོགས་ལ་རྒྱལ་ཁབ་ཀྱི་ཁྲིམས་
ཆོས་རྒྱལ་སྲོང་བཙན་སྒམ་པོ། 125 ལུགས་བཟོ་རྒྱུ་ཡིན་པའི་གྲོས་གཞི་འདོན་པར་མཛད། སྐབས་དེར་མགར་སྟོང་བཙན་དང། ཐོན་མི་སཾ་བྷོ་ཊ་སོགས་ཞི་དྲག་ གི་བློན་ཆེན་མང་ཆེ་བས་བཙན་པོའ་དགོངས་འཆར་ལ་རྒྱབ་གནོན་གྱི་ཚུལ་ དུ༑ ཁྲིམས་ལུགས་བརྟན་པོ་ཞིག་དགོས་པའི་གལ་གནད་དང། ཁྲིམས་ ལུགས་གང་འདྲ་ཞིག་བཟོས་ན་ལེགས་པའི་རང་ཉིད་ཀྱི་ལྟ་ཚུལ་ཞིབ་ཕྲ་ ཚོགས་དབུས་སུ་སྙན་སེང་ཞུས། རྒྱལ་བློན་རྣམས་བཀའ་བསྡུར་རིམ་པ་མང་པོ་བྱས་པའི་མཐའ་མ། ཀུན་སྤྱོད་ཀྱི་ཁྲིམས་ལུགས་སུ་ལྷ་ཆོས་དགེ་བ་བཅུ་དང། མི་ཆོས་གཙང་མ་ བཅུ་དྲུག་གཏན་འབེབས་མཛད་ཅིང། ཆབ་སྲིད་དང་དམག་དོན་གྱི་ཁྲིམས་ ལུགས་སུ། བཀའ་ཡི་ཁྲིམས་ཡིག་ཆེན་པོ་དྲུག་སྟེ་རྒྱལ་ཁྲིམས་བཅོ་ལྔ་དང། ཁྲིམས་ཆེན་བདུན་ཟེར་བ་སོགས་གཏན་ལ་ཕབ་སྟེ། བོད་ཁམས་སུ་ཁྲིམས་ ཀྱིས་སྐྱོང་བའི་ལམ་སྲོལ་གསར་གཏོད་མཛད་པ་རེད། སྤྱིར་ཁྲིམས་ལུགས་བཟོ་རྒྱུ་ནི་དེ་ཙམ་དཀའ་ངལ་ཆེན་པོ་ཞིག་མིན་ སྲིད་ཀྱང། དེ་སྔར་ཁྲིམས་ལུགས་ཞིབ་ཚགས་པོ་ཞིག་ལག་བསྟར་བྱེད་ མ་མྱོང་བའི་ཐོག ཁྲིམས་ལུགས་ཀྱི་འདུ་ཤེས་མེད་པའི་ཡུལ་གྲུ་ཞིག་ལ་ མཚོན་ན། ཁྲིམས་ལུགས་གསར་དུ་ལག་བསྟར་བྱ་རྒྱུ་ནི་ཤིན་ཏུ་དཀའ་ལས་ ཁག་པའི་ལས་དོན་ཞིག་ཡིན་པ་སྨོས་མ་དགོས། འོན་ཀྱང་བཙན་པོ་སྲོང་བཙན་གྱི་གཟིགས་རྒྱང་ཡངས་པའི་རྣམ་ དཔྱོད་དང། རྣམ་པར་བཀྲ་བའི་བློ་གྲོས། བློན་ཆེན་རྣམ་པའི་ལྷག་བསམ་ དང་ཉམས་མྱོང་གི་རྒྱབ་དཔུང་བཅས་ལ་བརྟེན་ནས། ཁྲིམས་ལུགས་འཐུས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 126 སྒོ་ཚང་བ་ཞིག་གཏན་འབེབས་མཛད་པར་མ་ཟད། ཞི་དྲག་ཟུང་འབྲེལ་གྱི་ བྱེད་ཐབས་ལ་བརྟེན་ནས། མཐོ་དམན་དྲག་ཞན་ཀུན་ལ་ཆ་མཉམ་གྱི་ཁྲིམས་ ལུགས་ལག་བསྟར་ཐུབ་པར་མཛད་ཡོད། བཙན་པོ་སྲོང་བཙན་གྱིས་ཁྲིམས་ལུགས་བཟོ་བའི་སྐབས། མཐོ་ རིམ་དབང་འཛིན་པ་ཚོའི་དབང་ཆ་སྲ་བརྟན་དང། ཆབ་སྲིད་ཀྱི་ཁེ་ཕན་ སྲུང་སྐྱོབ་ཀྱི་དོན་དུ་བཟོས་པ་ཞིག་མ་ཡིན་པར། དམངས་ཀྱི་བདེ་དོན་ དང་ཁེ་དབང་རིམ་པ་དང་པོར་བཞག་སྟེ། འབངས་མི་སེར་ཚོའི་འཚོ་བ་ གཙོ་གནད་ཆེ་ཤོས་སུ་མཛད་ཡོད་པར་བརྟེན། མང་ཚོགས་ཀྱིས་ཁྲིམས་ ལུགས་འདི་དང་ལེན་བྱ་བར་དཀའ་ངལ་བྱུང་མེད་ལ། མང་ཚོགས་ཀྱི་ གཞི་རྩ་དེའི་ཐོག་རྒྱལ་པོའ་ཐུགས་རེ་ལྟར་ཁྲིམས་ལུགས་ལག་བསྟར་དོན་ འཁྱོལ་ཐུབ་པ་བྱུང་བ་རེད། སྔ་མོའ་རྒྱལ་པོའ་ལམ་ལུགས་སྤྱི་ཡོངས་ཀྱི་ཁྱད་ཆོས་གཙོ་བོ་ཞིག་ ནི༑ རྒྱལ་པོ་རང་ཉིད་ཀྱིས་གང་བཤད་པ་དེ་ཁྲིམས་ལུགས་ཡིན་ལ། འབངས་ མི་སེར་རྣམས་རྒྱལ་པོ་རང་ཉིད་ཀྱི་ཁེ་ཕན་དོན་དུ་བཀོལ་སྤྱོད་བྱ་རྒྱུའི་དངོས་ ཆས་ཀྱི་འདུ་ཤེས་ཙམ་ལས། ཐ་ན་སེམས་ཅན་ཞིག་ཡིན་པའི་གནས་བབ་ དང། རིན་ཐང་ཙམ་ཡང་སྤྲོད་ཀྱི་མེད། འདི་ནི་དེ་སྔའི་རྒྱལ་པོའ་ལམ་ལུགས་ སྤྱི་ཡོངས་ཀྱི་གནས་སྟངས་ཤིག་ཡིན། དེ་སྔ་མང་ཚོགས་ཀྱིས་མྱོང་བཞིན་པའི་མནར་གཅོད་མང་ཆེ་བ་ནི། ཕྱི་ ནས་དགྲ་བོ་ཞིག་གིས་བཙན་འཛུལ་བྱས་པ་ལ་བརྟེན་ནས་བྱུང་བ་ཞིག་མ་ ཡིན་པར། རང་ཉིད་ཀྱིས་ལྷར་བཀུར་ཏེ་ཡིད་ཆེས་དང་བརྩི་མཐོང་ཞུ་ས་སྟེ།
ཆོས་རྒྱལ་སྲོང་བཙན་སྒམ་པོ། 127 རང་ཉིད་ལ་དབང་སྒྱུར་བྱེད་པའི་རྒྱལ་པོ་དང། བློན་པོའ་ཚོགས་ཀྱི་བྱ་སྤྱོད་ ཉེས་པ་ཅན་ལ་བརྟེན་ནས་ཡོང་གི་ཡོད་ཅིང། དེ་ཡང་ཁོ་ཚོའི་དབང་སྒྱུར་གྱི་ ཀུན་སློང་དང། དབང་སྒྱུར་བྱེད་ཐབས། ཆབ་སྲིད་ཀྱི་ལམ་ལུགས་བཅས་མ་ འགྲིག་པ་ལ་བརྟེན་ནས་ཡོང་གི་ཡོད་པ་གསལ་པོ་ཡིན། རྒྱལ་པོ་མང་ཆེ་བའི་བསམ་པར། རང་ཉིད་འཇིག་རྟེན་གྱི་བདག་ པོ་དང་གཙོ་བོ་ཡིན་པ་དང། འབངས་མི་སེར་རྣམས་རང་ཉིད་ཀྱི་ཆེད་དུ་ དཀའ་སྡུག་མྱོང་མཁན་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོད། ངོས་ འཛིན་ནོར་འཁྲུལ་ཅན་འདིའི་དབང་གིས་གནས་ལུགས་ཡོད་མེད་ལ་མ་ ལྟོས་པར། རང་གི་ཁེ་ཕན་སྲུང་སྐྱོབ་ཀྱི་དོན་དུ་ཞི་དྲག་གི་ལས་དོན་གང་ འདྲ་ཞིག་ཡིན་ཡང་སྒྲུབ་རྐྱང་བྱེད་པ་མ་གཏོགས། འབངས་མི་སེར་ཚོའི་ ཐོབ་ཐང་དང་བདེ་སྡུག་ལ་བསམ་ཤེས་བྱེད་པའི་གོམས་གཤིས་གཏན་ ནས་མེད། བསམ་བློའ་དུག་རོ་རྙིང་པ་འདི་དུས་རབས་ཉི་ཤ ་རྩ་གཅིག་པའི་ འཇིག་རྟེན་འདིར་ད་དུང་ཡང་གཙང་སེལ་ཕྱིན་མེད། འོན་ཀྱང་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ནི། མང་ཚོགས་ ཀྱིས་རང་ཉིད་ལ་ཡིད་ཆེས་བློས་འགེལ་ཇི་ཙམ་བྱེད་ཀྱི་ཡོད་པ་དེ་ཚོད་ ཀྱིས་རང་ལ་མང་ཚོགས་ཀྱི་ཕན་བདེ་སྒྲུབ་པའི་འགན་འཁྲི་ཆེན་པོ་ཡོད་ པ་དང། ཡིད་ཆེས་ཅན་གྱི་མི་ལ་བསླུ་བྲིད་གཏོང་མི་རུང་བའི་བསམ་བློ་ བརྟན་པོ་ཡོད་སྟབས། འགན་འཁྲི་འདིའི་དོན་དུ་བཙན་པོ་རང་ཉིད་སྒེར་ ལ་དབང་བའི་ཕུན་ཚོགས་དང། བདེ་སྐྱིད་ཡོངས་རྫོགས་བློས་བཏང་བྱ་ རྒྱུར་ཐེ་ཚོམ་གཏན་ནས་གནང་གི་མེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 128 ཆོས་རྒྱལ་ཁོང་གི་རང་གི་འབངས་མི་སེར་རྣམས་བྱམས་བརྩེས་ བསྐྱངས་ཤིང། མང་ཚོགས་ཀྱི་བདེ་དོན་དང་ཁེ་ཕན་ནི། རྒྱལ་ཁབ་ཀྱི་ ལས་དོན་ཀུན་གྱི་གཙོ་བོར་བཟུང་བར་མ་ཟད། འབངས་མི་སེར་གྱི་བདེ་ དོན་གྱི་ཆེད་དུ་ཅི་ཞིག་ཡིན་ཡང་ཕངས་སེམས་མེད་པར་བློས་བཏང་ མཛད་ཀྱི་ཡོད་པ་རེད། བྱམས་བརྩེ་དང་ཡིད་ཆེས་ཀྱིས་བསྐྲུན་པའི་རྒྱལ་འབངས་ཀྱི་ འབྲེལ་བ་འདི་ནི། བོད་ཁམས་གཅིག་ཏུ་བསྒྲིལ་བ་དང། མཐའ་བཞི་ དབང་དུ་བསྡུ་བའི་སྟོབས་ཤ གས་ཀྱི་རྨང་གཞི་ཡིན་ལ། ཁྲིམས་སྐྱོང་གི་ ལམ་སྲོལ་གསར་གཏོད་དང། སྲ་བརྟན་དུ་ཚུགས་པའི་ནུས་པའི་འབྱུང་ ཁུངས་གཙོ་བོ་ཞིག་ཀྱང་ཡིན། གང་ལྟར་ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་མཆོག་གིས། རྒྱལ་པོའ ་སྒེར་གཅོད་ཀྱི་དབང་ཤེད་དོར་བའི་ཚབ་ཏུ་དྲང་བདེན་དང། འབངས་མི་སེར་གྱི་ཁེ་ཕན་གཞི་རྩར་བཞག་པའི་ཁྲིམས་སྐྱོང་ལམ་སྲོལ་ ལག་བསྟར་མཛད་པས། བློན་འབངས་རྣམས་རྒྱལ་པོའ ་མཛད་སྤྱོད་ལ་ ཡི་རང་དང་སེམས་འགུལ་ཆེན་པོ་བྱུང་སྟེ། ཆོས་ཀྱི་རྒྱལ་པོ་དང། སྲོང་ བཙན་སྒམ་པོ་བྱ་བའི་མཚན་བསྟོད་ཕུལ་བར་མ་ཟད། བོད་ཀྱི་བཙན་པོ་ རིམ་བྱོན་ནང། མང་ཚོགས་ཀྱིས་མོས་གུས་ཆེན་པོ་ཐོབ་སའི་རྒྱལ་པོ་ དང་པོ་དེ། བཙན་པོ་སྲོང་བཙན་སྒམ་པོ་ཡིན་ཞེས་བཤད་ཀྱང་ཆོག
129 ཐུགས་རྗེ་ཆེ་ཞུ། ༄༅། །དེ་རིང་ << བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་ སྤྲོད། >> ཅེས་པའི་བོད་ཡིག་གི་ཀློག་དེབ་འདི་དག་རྒྱ་ཆེའི་ཀློག་པ་པོ་ རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་བར་སྤྲོ་བ་ཚད་མེད་བརྟས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་མཆོག་ གིས་གཙོས་འབྲེལ་ཡོད་ལྷན་རྒྱས་དང། ལྷག་པར་དུ་ལས་གཞི་འདིར་ཐད་ ཀར་འབྲེལ་བ་ཡོད་པའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་ཟུར་པ་ ཚེ་རིང་བསམ་འགྲུབ་ལགས་དང། ཀུན་དགའ་རྒྱལ་མཚན་ལགས། འགན་ འཛིན་ལས་ཐོག་བསོད་ནམས་བཟང་པོ་སོགས་ཀྱིས་ཐོག་མཐའ ་ བར་ གསུམ་དུ་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་གནང་བར་མ་ཟད། ལྷག་ པར་དུ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ལས་ཀའི་མཛད་བྲེལ་ཆེ་བའི་ བར་གསེང་རྣམས་སུ་ཀློག་དེབ་འདིར་ཞུས་དག་གནང་ཞིང། ཕན་ཐོགས་ ཅན་གྱི་དགོངས་འཆར་ཡང་མང་པོ་གསུངས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ། མཆེད་གྲོགས་གཟའ་རུ་དར་རྒྱས་ནས་དེབ་འདིའི་ཕྱི་ནང་གི་ཇུས་ འགོད་ཡོངས་རྫོགས་ཀྱི་འགན་ཁུར་བཞེས་པར་མ་ཟད། ཟིན་བྲིས་གློག་ ཀླད་དུ་འཇུག་པའི་སྐབས་སུ་ཡང་དགོས་མཁོ་ནམ་བྱུང་ལ་རོགས་རམ་ ཕན་ཐོགས་ཅན་མང་པོ་གནང་བྱུང་བ་དང། དགེ་ཕྲུག་བློ་བཟང་བཀྲ་ཤིས་ ཀྱིས་ཀློག་དེབ་འདིའི་ཟིན་བྲིས་ཞིབ་ཚགས་སུ་བཀླགས་པའི་རྗེས་ན་
130 གཞོན་ཚོར་གོ་དཀའ་བ་ཡོང་སྲིད་པའི་ལོ་རྒྱུས་ཀྱི་ཚིག་དོན་འགའ་ཤས་ལ་ མཆན་འགྲེལ་གནད་བསྡུས་ཤིག་བཀོད་ན་ལེགས་པའི་བསམ་ཚུལ་བཏོན་ པས་མཚོན། ཀློག་དེབ་འདི་ལེགས་འགྲུབ་ཡོང་བར་ལས་ཀ་དང་བསམ་ བློ་གཉིས་ཀ་ནས་རྒྱབ་སྐྱོར་བྱས་པ་སེམས་གཏིང་ནས་ཕན་ཐོགས་ཅན་དུ་ ཚོར་ཡོད། བྷེལ་ཇེམ་དུ་ཀློག་དེབ་འདི་དག་མཐའ ་ མའི་ཞུས་དག་བྱེད་པའི་ སྐབས་སྤུན་མཆེད་དར་རྒྱས་རྒྱ་མཚོ་ལགས་དང་པདྨ་ཚེ་མཆོག་བཟའ་ ཚང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཚད་མེད་གནང་བྱུང་བ་ལ་ཡང་ ཐུགས་རྗེ་ཆེ་ཞུ། གྲྭ་ཚང་གི་ལྷ་བྲིས་པ་ཤ་རྒྱ་དཀོན་མཆོག་དགེ་འདུན་ལགས་དང། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཆོད་གཡོག་པ་གདོང་རི་འཇམ་དབྱངས་ བསྟན་འཛིན་ལགས་གཉིས་ནས་དགོས་མཁོ་ཅན་གྱི་རི་མོ་མང་པོ་གསར་ འབྲི་བྱས་བྱུང་བ་དང། འདི་གའི་མཐོ་རིམ་རིག་གནས་རབ་འབྱམས་པ་སྒ་ རི་ཁ་པ་དཀོན་མཆོག་སེངྒེ་དང། བཀའ་པོད་གཞུང་ཆེན་ཁག་ལ་མཁྱེན་ དཔྱོད་ཡངས་ཤིང་ཐུན་མོང་རིག་གནས་ལ་རྒྱུས་མྱོང་ལྡན་པའི་གྲོགས་ མཐའ་མ་དཀོན་མཆོག་དར་རྒྱས་གཉིས་ནས་ཀློག་དེབ་འདིར་མཐའ་མའི་ ཞུས་དག་གནང་བ་བཅས། མདོར་ན། དགེ་ཕྲུག་དང་གྲོགས་པོ་མང་པོ་ ཞིག་གིས་རིན་ཐང་ཆེ་བའི་གྲོགས་དན་ཟམ་མ་ཆད་པར་གནང་བྱུང་བར་ སྙིང་ནས་ཐུགས་རྗེ་ཆེ་ཞེས། རྩོམ་པ་པོ་རེ་མདོ་སེངྒེས་བྷེལ་ཇེམ་གྱི་གྲོང་ ཁྱེར་ཨེན་ཁྲོ་ཕེན་ནས་ཤར་མར་བྲིས། །

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.