




༡ གངས་དཀར་སྲས་མོ། ༄༅། །གནའ་སྔ་མོ། རྒྱལ་ཁབ་ཅིག་ན་བཙུན་མོ་སྙིང་རྗེ་ ཅན་ཞིག་ཡོད། ཁོ་མོར་སྲས་མོ་སྙིང་རྗེ་མོ་ཞིག་འཁྲུངས་པ་ རེད། སྲས་མོ་དེའི་ཤ་མདོག་གངས་ནང་བཞིན་དཀར་པོ་དང། མཁུར་ཚོས་ནི་བྱུ་རུ་ལྟར་དམར་པོ་ཡོད་པ་ལ་བརྟེན་ནས། སྲས་མོ་དེའི་མིང་ལ་གངས་དཀར་སྲས་མོ་ཞེས་བཏགས། མ་རྩོམ། ཀོ་ལེན།(འཇར་མན།)


༢ གངས་དཀར་སྲས་མོ་ འཁྲུངས་ནས་དུས་ཡུན་ རིང་པོ་མ་སོང་བར། ཡུམ་དེ་གྲོངས་པ་རེད། ལོ་གཅིག་སོང་རྗེས་ ཡབ་རྒྱལ་པོས། བཙུན་མོ་གཞན་ཞིག་མནའ་མར་བསུས་པ་རེད། བཙུན་མོ་དེ་ནི་ཞལ་རས་ མཛེས་ཀྱང་། ཕྲག་དོག་ཆེ་བའི་སེམས་ངན་ཅན་ཞིག་ཡོད།


༣ “འཛམ་གླིང་འདིའི་ནང་། བུད་མེད་མཛེས་ཤོས་དེ་སུ་རེད་འདུག་གམ།” ཞེས་དྲིས་པའི་ལན་དུ་མེ་ལོང་གིས། “བཙུན་མོ་ལགས། འཛམ་གླིང་ འདིའི་ནང་བུད་མེད་མཛེས་ཤོས་དེ་ཁྱེད་རང་རེད་འདུག” ཅེས་ཉན་སྙིང་ འདོད་པའི་ལན་འདེབས་ཀྱི་ཡོད། བཙུན་མོ་སེམས་ངན་ཅན་ དེ་ལ། རྫུ་འཕྲུལ་གྱི་ མེ་ལོང་ཞིག་ཡོད། ཁོ་མོས་མེ་ལོང་ལ་ ལྟ་སྐབས། དུས་རྟག་ཏུ།


༤ “བཙུན་མོ་ལགས། གངས་དཀར་སྲས་མོ་ནི་ཁྱེད་ལས་ཀྱང་ ཧང་ཅང་གིས་མཛེས་པ་འདུག” ཅེས་ལན་བརྒྱབ་པ་ ལ་བརྟེན་ནས། བཙུན་མོ་དེ་ཁོང་ཁྲོ་མེ་ལྟར་འབར་བ་རེད། གངས་དཀར་སྲས་མོ་ནི་རིམ་གྱིས་ལོ་དང་། གཟུགས་པོ་ཆེ་རུ་འགྲོ་ཡི་ཡོད། ཉིན་ཞིག་བཙུན་མོ་དེས། ཡང་བསྐྱར་མེ་ལོང་དེ་ལ་ སྐད་ཆ་དྲིས་པ་རེད། མེ་ལོང་གིས།


༥ དེར་བཙུན་མོས་རྔོན་པ་ཞིག་ལ་ “གངས་དཀར་སྲས་མོ་ནགས་ཁྲོད་དུ་ ཁྲིད་ནས་བསད་དེ། སྙིང་དང་མཆིན་པ་ཁྱེར་ཤོག” ཅེས་བཀའ་ བཏང་བ་རེད། རྔོན་པས་གངས་དཀར་སྲས་མོ་ནགས་ཁྲོད་དུ་ཁྲིད་ཀྱང། སྙིང་རྗེ་སྐྱེས་ནས་གསོད་མ་ནུས་པས། གངས་དཀར་སྲས་མོ་ ནགས་ཁྲོད་དུ། གཡུགས་ནས་ཁོ་རང་ནང་ལ་ལོག་ཡོང་པ་རེད།


༦ ཁང་པ་དེའི་ནང་གི་ཅ་ལག་ཚང་མ་ཆུང་ཆུང་ཡིན་པ་མ་ཟད། ཅ་ལག་ ཚང་མ་བདུན་བདུན་ཡོད་པ་རེད། གངས་དཀར་སྲས་མོ་ཐང་ཆད་ དྲགས་ནས། ཉལ་ཁྲི་ཞིག་གི་སྟེང་དུ་བསྡད་པ་དང་གཉིད་ཤོར་བ་རེད། གངས་དཀར་སྲས་མོར་ རོགས་པ་གཅིག་ཀྱང་ མེད་པར་ནགས་ཁྲོད་དུ་ ཕྱིན་ཕྱིན་པ་ན། དགོང་མོ་ ས་རུབ་ཁར་ཁང་པ་ ཆུང་ཆུང་ཞིག་ མཐོང་བ་དང་དེར་ སོང་བ་རེད།


༧ དེ་འདྲའི་བུ་མོ་ཞིག་གི་སྙིང་རྗེ་བ་ལ། ཞེས་སེམས་དགའ་ནས་ གཉིད་མ་དཀྲོགས་པར་ཉལ་བཅུག་པ་རེད། ཁང་པ་དེའི་བདག་པོ་ནི་མི་ཆུང་སྤུན་བདུན་ཡིན་པ་དང། ཁོ་ཚོ་རང་ཉིད་ཀྱི་ནང་དུ་ལོག་ཡོང་བ་དང། གངས་དཀར་སྲས་མོ་མཐོང་ནས།


༨ དེ་ནས་བཟུང་གངས་དཀར་སྲས་མོས། ཁོ་ཚོར་ཁྱིམ་གྱི་ལས་ཀ་ བྱེད་རོགས་བྱེད་བཞིན་བདེ༌སྐྱིད་ཀྱི་འཚོ་བ་བསྐྱལ་ནས་བསྡད། ཉིན་རྗེས་མའི་ཞོགས་པར། གངས་དཀར་སྲས་མོ་གཉིད་སད་དེ་ མི་ཆུང་སྤུན་བདུན་པོ་རྣམས་ལ། རང་ཉིད་ཀྱི་སེམས་སྐྱོ་བའི་ ལོ་རྒྱུས་རྣམས་བཤད།
སྤུན་བདུན་ཁོ་མོར་སྙིང་རྗེ་སྐྱེས་ ནས་ནང་དེར་སྡོད་བཅུག་གོ།
མི་ཆུང་


༩ བཙུན་དེར་ཁོང་ཁྲོ་ཤུགས་ཆེན་པོ་སྐྱེས་ནས། རང་ཉིད་དངོས་སུ་ གངས་དཀར་སྲས་མོ་གསད་དུ་འགྲོ་རྒྱུའི་བློ་ཐག་བཅད་པ་རེད། ཉིན་ཞིག་བཙུན་མོ་སེམས་ངན་ཅན་དེས།
སྤུན་བདུན་གྱི་ནང་དུ་ཡོད་པའི་གངས་དཀར་སྲས་མོ་ནི།
ཁྱོད་ལས་ཀྱང་མཛེས་པ་འདུག” ཅེས་ལན་བརྒྱབ་པ་དང།
ཡང་བསྐྱར་རྫུ་འཕྲུལ་གྱི་
མེ་ལོང་ལ་སྔར་བཞིན་སྐད་ཆ་དྲིས་པར།
མེ་ལོང་གིས། “མི་ཆུང་
བཙུན་མོ་


༡༠ བཙུན་མོས་ཚོང་པ་སྐྱོ་བོ་ཞིག་ཏུ་ བརྫུས་ནས། མི་ཆུང་སྤུན་བདུན་གྱི་ ནང་གི་སྒོ་བརྡུངས། གངས་དཀར་ སྲས་མོས་སྒོ་ཕྱེ་མ་ཐག བཙུན་མོས་གངས་དཀར་སྲས་མོའི་སྐེ་ལ། རས་ཀྱི་ཐག་པ་ ཞིག་བཅིངས་པས། གངས་དཀར་སྲས་མོ་དེ་མ་ཐག་ཏུ་དྲན་པ་ ཐོར་བ་རེད།


༡༡ མི་ཆུང་སྤུན་བདུན་གྱིས། ཚོང་པ་སྐྱོ་བོ་དེ་ནི་ཁྱོད་རང་ གསོད་འདོད་ཡོད་མཁན་གྱི། བཙུན་མོ་སེམས་ངན་ཅན་ དེ་རེད། རྗེས་མར་ང་ཚོ་མེད་དུས་མི་སུ་ལའང་སྒོ་ མ་འབྱེད་ཨ་ཞེས་བཤད་པ་རེད། དགོང་མོ་མི་ཆུང་སྤུན་བདུན་ ཁྱིམ་དུ་ལོག་ནས། གངས་དཀར་སྲས་མོའི་སྐེ་ཡི་ རས་ཐག་དེ་བཀྲོལ་བ་ དང། གངས་དཀར་སྲས་མོ་ སྲོག་ལས་ཐར་བ་རེད།


༡༢ ཕྱེད་ཀ་དམར་པོ་དང་ཕྱེད་ཀ་སྔོན་པོ་ཡིན་པ་ཞིག་ བཟོས་རྗེས། ཞིང་པ་རྒན་མོ་ཞིག་ཏུ་བརྫུས་ནས་ཕྱིན་ཏེ། སྒོ་བརྡུངས་ཀྱང་གངས་དཀར་སྲས་མོས་སྒོ་ཕྱེ་མེད། བཙུན་མོ་སེམས་ངན་ཅན་དེས་གངས་དཀར་ སྲས་མོ་ཤི་མེད་པ་ཤེས་ཏེ། སླར་ཡང་ ཧ་ལ་དུག་1གིས་ཀུ་ཤུ། 1ཧ་ལ་དུག དུག་ཤས་ཆེ་བའི་སྔོ་སྨན་གྱི་རིགས་ཤིག་ཡིན།


༡༣
གངས་དཀར་སྲས་མོས་ཀུ་ཤུ་དེ་ཚུར་བླངས་ནས། ཁམ་གང་ བཟས་མ་ཐག་དུག་ཕོག་སྟེ་གྲོངས་པ་རེད། ཐེངས་དེར་སྐྱོབ་མ་ཐུབ་ནས། མི་ཆུང་སྤུན་བདུན་ནི་སེམས་ སྐྱོ་ནས་མིག་ཆུ་ཤོར་བཞིན། སྲས་མོའི་སྐུ་ཕུང་དེ་ཤེལ་གྱི་སྒམ་ ཞིག་གི་ནང་བཅུག་ནས་རིའི་མགོར་བསྐྱལ་བ་རེད།
དེར་བཙུན་མོ་སེམས་ངན་ཅན་དེས་ཀུ་ཤུ་དེ། ཕྱེད་ཀར་བཏུབ་ནས་ དུག་མེད་སའི་ཕྱེད་ཀ་དེ། བཙུན་མོ་རང་ཉིད་ཀྱིས་བཟས། དུག་ཡོད་སའི་ཕྱེད་ཀ་དེ་གངས་ཀར་སྲས་མོར་སྤྲད་པ་རེད།


༡༤ མི་ཆུང་སྤུན་བདུན་གྱིས་མོས་མཐུན་བྱས་ནས། རྒྱལ་སྲས་ལ་རོ་སྒམ་དེ་སྤྲད་པ་རེད། ཉིན་ཞིག་རྒྱལ་སྲས་ཤིག་རི་དྭགས་ གསོད་དུ་ཡོང་སྐབས། རོ་སྒམ་ ནང་གི་སྲས་མོའི་སྐུ་གདུང་ མཐོང་བ་དང་སེམས་པ་ ཤོར་བ་རེད། རྒྱལ་སྲས་དེས་ མི་ཆུང་སྤུན་བདུན་ལ། རོ་སྒམ་དེ་ སྟེར་རོགས་གནང་ཞུས་པར།


༡༥ རྒྱལ་སྲས་ཀྱི་འཁོར་གཡོག་ཚོས། རོ་སྒམ་དེ་བཀྱགས་ནས་ འཁྱེར་འགྲོ་དུས། ཤིང་སྡོང་ ཞིག་ལ་ཐོགས་པས། གངས་དཀར་སྲས་མོ་འགུལ་ཏེ། མིད་པའི་ནང་གི་ དུག་གི་ཀུ་ཤུ་དུམ་བུ་དེ། ཕྱིར་བསྐྱུགས་པ་དང་ གངས་དཀར་སྲས་མོ་འདས་ལོག་བྱུང་བ་རེད།


༡༦ རྒྱལ་སྲས་དང་གངས་དཀར་སྲས་མོ་གཉེན་སྒྲིག་བྱས་ཤིང། བཙུན་མོ་བསམ་ངན་ཅན་དེ་ཡང་། གཉེན་སྒྲིག་མཛད་སྒོ་ལ་ གདན་འདྲེན་ཞུས་པ་རེད། བཙུན་མོས་བག་མ་ཡིད་དུ་འོང་བ་དེ་ནི། གངས་དཀར་ སྲས་མོ་ཡིན་པ་ཤེས་དུས། ཁོང་ཁྲོ་སྔར་ལས་ཀྱང་མང་བ་ ལངས་ནས་ཤི་བ་རེད།། །།
