ཉ་པ་དང་གསེར་ཉ།

Page 1

༡ ཉ་པ་དང་གསེར་ཉ། མ་རྩོམ། ཕུའུ་ཞི་ཅིན། (ཨུ་རུ་སུ།) ༄༅།།གནའ་སྔ་མོ་རྒྱ་མཚོའི་འགྲམ་གྱི་ཤིང་ཁང་ཞིག་ཏུ་རྒན་རྒོན་ གཉིས་བསྡད་ཡོད། ནམ་རྒྱུན་དུ་རྒད་པོས་ཉ་འཛིན་པ་དང་། རྒན་མོས་ཐགས་བཏགས་ནས་འཚོ་བ་སྐྱེལ་གྱི་ཡོད།
༢ ཉིན་ཞིག་རྒད་པོས་མཚོ་ནང་དུ་རྒྱ་བཙུགས་ནས་ཉ་འཛིན་སྐབས། ཐེངས་དང་པོར་མཚོ་ནང་སྐྱེས་པའི་རྩྭ་ཆག་པ་གཅིག་ལས་མ་བྱུང་། ཐེངས་གཉིས་པར་ཡང་ཉ་འཛིན་ཐུབ་མེད། ཐེངས་གསུམ་པར་ གཞི་ནས། གསེར་ཉ་ཞིག་འཛིན་ཐུབ་པ་རེད།
༣ གསེར་ཉ་དེས་རྒད་པོ་དེ་ལ།
ཞུས་པ་ལ་རྒད་པོ་སྙིང་རྗེ་སྐྱེས་ནས།
ཚེ་ཐར་བཏང་བ་རེད།
གནས་ཚུལ་དེ་ ཁོང་རང་གི་སྐྱེས་དམན་ལ་བཤད་པ་དང་། སྐྱེས་དམན་རྒན་མོ་དེ་ཁོང་ཁྲོ་ལངས་ནས། རྒད་པོར་མཛུབ་མོ་བཙུགས་ནས་འཇིགས་སྣང་སྐུལ་བཞིན། ད་ལྟ་རང་ཕར་ཕྱིན་ནས་གསེར་ཉའི་དྲུང་ནས། ཤིང་གི་གཞོང་པ་ཞིག་སློང་ཤོག་ཅེས་བཤད་པ་རེད།
ཚེ་ཐར་གཏོང་རོགས་གནང་
གསེར་ཉ་དེ་མཚོའི་ནང་དུ་
རྒད་པོ་ནང་དུ་ལོག་ནས།
༤ རྒད་པོས་ཕར་མཚོ་འགྲམ་དུ་ཕྱིན་ནས་གསེར་ཉ་བོས་པ་དང་། གསེར་ཉ་དེ་མ་ཐག་ཏུ་རྒད་པོའི་མདུན་དུ་ཡོང་བ་རེད། རྒད་པོས་གསེར་ཉ་ལ་རྒྱུ་མཚན་རྣམས་བཤད་པ་ལ་བརྟེན་ནས། གསེར་ཉས། རྒད་པོ་ཁྱེད་རང་ཕར་ལོགས་དང་། ཁྱེད་རང་གི་ནང་ལ་ ཤིང་གི་གཞོང་པ་གསར་པ་ཞིག རག་གི་རེད་ཅེས་བཤད་པ་རེད།
༥ རྒད་པོ་ཁྱིམ་དུ་ལོག་སླེབས་པ་དང་། ཁྱིམ་དུ་དངོས་འབྲེལ་ཤིང་གི་ གཞོང་པ་གསར་པ་ཞིག་རག་ཡོད་པ་རེད། འོན་ཀྱང་རྒན་མོས། གཤེ་གཤེ་སྔར་ལས་དྲག་པ་ཞིག་བཏང་ནས། རྒད་པོ་ལ། ཕར་ཕྱིན་ ནས་ཤིང་ཁང་ཞིག་སློངས་ཤོག་ཅེས་བཤད་པ་རེད།
༦ རྒད་པོ་ཕྱིན་ནས་གསེར་ཉ་དང་ཐུག་ནས། གསེར་ཉས་རྒད་པོའི་རེ་བ་བསྐང་རྒྱུ་ ཁས་བླངས་པ་རེད། དེ་ནས་རྒད་པོ་ ཁྱིམ་དུ་སླེབས་དུས། རྩྭ་ཡི་ཁང་པ་དེ་ ཤིང་ཁང་གསར་པ་ཞིག་ཏུ་གྱུར་ཡོད་པ་ མཐོང་ནས། རྒད་པོ་ཁོང་དགའ་ཐག་ཆོད་པ་རེད།
༧ རྒན་མོས་རྒད་པོ་མཐོང་བ་དང་། མཛུབ་མོ་བཙུགས་ནས། ཁྱོད་ད་ལྟ་རང་ཕྱིན་ནས། གསེར་ཉ་ལ་ང་རང་སྐྱོ་བོ་བྱས་ནས་ བསྡད་འདོད་མི་འདུག སྐུ་དྲག་གི་སྐྱེ་དམན་ཞིག་བྱེད་དུ་ འཇུག་དགོས་ཞེས་ཤོད་ཅིག་ཟེར་བ་དང་། རྒད་པོ་སླར་ཡང་ མཚོ་འགྲམ་དུ་གསེར་ཉ་ཐུག་ཏུ་འགྲོ་དགོས་བྱུང་བ་རེད།

གོས་ཆེན་གྱི་གོས་གྱོན་ཞིང།

༨ རྒད་པོས་གསེར་ཉར་ཞུས་པ་ལྟར།
ཞིག་ཏུ་བསྒྱུར་རྒྱུའི་ཁས་བླངས་པ་རེད། རྒད་པོ་ཁྱིམ་དུ་སླེབ་དུས། ཁང་པ་ཆེན་པོ་ཞིག་གི་རྡོ་སྐས་ཀྱི་ཟུར་དུ།
གསེར་ཉས་རྒན་མོ་དེ་ལྷ་ལྕམ་
གསེར་སོགས་རིན་པོ་ཆེའི་རྒྱན་ཆ་བཏགས་པའི་རྒན་མོ་ཞིག་གིས། གཡོག་མོ་ཞིག་རྡུང་བཞིན་ཡོད་པ་མཐོང་བ་རེད།
༩ རྒན་མོས་རྒད་པོ་མཐོང་མ་ཐག་ཏུ། འགྲམ་ལྕག་ཅིག་གཞུས་ནས། ང་ལྷ་ལྕམ་བྱེད་འདོད་མེད། ང་རྒྱལ་མོ་བྱེད་འདོད་ཡོད་ཅེས་ གསེར་ཉ་ལ་ཤོད་ཅིག་ཟེར་བ་དང་། རྒད་པོ་སྐྲག་སྣང་སྐྱེས་ནས་སླར་ཡང་མཚོ་འགྲམ་དུ་ མི་འགྲོ་ཐབས་མེད་བྱུང་བ་རེད།
༡༠
ཆགས་ཡོང་གི་རེད་ཅེས་བཤད་པ་རེད། རྒད་པོ་ཁོང་ཁྱིམ་དུ་སླེབ་དུས།
ཞིག་ཏུ་གྱུར་ཡོད་པ་རེད།
རྒད་པོས་རྒན་མོའི་སྐད་ཆ་དེ་གསེར་ཉ་ལ་བཤད་པ་དང་། གསེར་ཉས་ རྒད་པོ་ཁྱེད་རང་ཕར་ནང་ལ་ཕེབས་དང་། རྒད་མོ་ཁོང་རྒྱལ་མོ་
ཁོ་རང་གི་ཁང་པ་དེ་ཕོ་བྲང་
༡༡ རྒད་པོ་དེས་རྒན་མོ་ལ་གུས་ཕྱག་ ཞུས་པ་རེད། ཡིན་ན་ཡང་ རྒན་མོས་རྒད་པོ་ལ་ མིག་ལྟ་ཙམ་ཡང་ མ་བྱས་པར། སྐད་ཤུགས་ཆེན་པོས་མར་རྒྱུགས། གསེར་ཉ་ལ་ང་རང་རྒྱ་མཚོའི་ རྒྱལ་མོ་བྱེད་འདོད་ཡོད། གསེར་ཉ་ཁོ་རང་ངའི་གཡོག་པོ་ བྱེད་དགོས་ཞེས་ཤོད་ཅིག་ཟེར་བ་དང་།
༡༢ རྒད་པོ་སྐྲག་ཐག་ཆོད་ནས་སར་ འགྱེལ་བ་དང་། རྒན་མོས སྲུང་དམག་ལ་རྒད་པོ་དེ། མར་ཕུད་ཅིག་ཅེས་བཀའ་ བཏང་བ་དང་། སྲུང་དམག་གིས་ རྒད་པོ་དེ་དྲུད་དེ། སྒོའི་ཕྱིར་ འབུད་རྒྱག་བཏང་བ་རེད།
༡༣ དེ་ནས་རྒད་པོ་འཁྱར་འཁྱོར་ངང་མཚོ་འགྲམ་དུ་ཕྱིན་ནས་“གསེར་ཉ་ ཆུང་ཆུང། གསེར་ཉ་ཆུང་ཆུང། ཁྱོད་གང་དུ་ཡོད།” ཅེས་སེམས་སྐྱོ་བཞིན་སྐད་བཏང་བ་དང་། གསེར་ཉ་དེ་ཆུ་ཁར་ཐོན་ཡོང་ནས། “སྤོ་བོ་ལགས། ཁྱེད་ལ་ག་རེ་དགོས།” ཞེས་དྲིས་པ་རེད།
༡༤ རྒད་པོས། ”ད་ཁྱེད་རང་ངས་དཀའ་ལས་ཁག་པོ་བཟོས་སོང་། ངའི་རྒན་མོ་མོ་རང་། རྒྱ་མཚོའི་རྒྱལ་མོ་བྱེད་འཇུག་དགོས་ཟེར་ གྱི་འདུག དེས་མ་ཚད་ད་དུང་གསེར་ཉ་ ཁྱེད་རང་། མོའི་གཡོག་པོ་བྱེད་དགོས་ ཟེར་གྱི་འདུག” ཅེས་བཤད་པ་ལ། གསེར་ཉས་ལན་གང་ཡང་མ་བརྒྱབ་པར་རྒྱ་མཚོའི་ གཏིང་དུ་རྐྱལ་བརྒྱབ་ནས་ཕྱིན་པ་རེད།
༡༥ ཕོ་བྲང་དེ་མིག་གིས་མཐོང་སར་མེད་པར་གྱུར་ནས། སྔོན་མའི་རྩྭ་ཁང་ དེའི་སྒོ་འགྲམ་ན། རྒན་མོ་དེ་ཐགས་འཐག་བཞིན་བསྡད་ཡོད་པ་མཐོང་ བ་རེད། བསླབ་བྱ། འདོད་རྔམས་ཆེན་པོ་བྱ་རྒྱུ་མེད་ཅེས་པའོ།། །། རྒད་པོས་མཚོ་འགྲམ་དུ་ཡུན་རིང་བསྒུགས་ཀྱང་གསེར་ཉ་ ཕྱིར་ཡོང་མེད། དེ་ནས་རྒད་པོ་དེ་རང་གི་ནང་དུ་ལོག་པ་ན།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.