༡ ༄༅། །གནའ་སྔ་མོ་རང་གཤིས་དྲང་བའི་བུ་མོ་ཡིད་དུ་འོང་བ་ཞིག་ཡོད། ཁོ་མོ་ ཆུང་དུས་ནས་ཨ་མ་ཚེ་ལས་འདས། རྗེས་སུ་ཨ་ཕས་ཁོ་མོར་མ་ཚབ་ཞིག་བླངས་པ་ དེ་ལ་ཡང་བུ་མོ་ཆེ་ཆུང་གཉིས་ཡོད་པ་རེད། གོ་ཐལ་བུ་མོ།མ་རྩོམ། ཀི་ལེན། (འཇར་མན།)
༢ མ་ཚབ་དང་དེའི་བུ་མོ་གཉིས་ནི་སེམས་པ་ཧ་ཅང་གི་གནག་པོ་ཡོད། ནམ་རྒྱུན་དུ་ བུ་མོ་ཆུང་ཆུང་དེ་ཆུ་ལེན་དུ་འཇུག་པ་དང་། ཁ་ལག་བཟོ་བ་དང་། གད་འཕྱག་ཏུ་ འཇུག་པ་ལ་སོགས་པའི། ཁྱིམ་ལས་རྫོགས་རྒྱུ་མེད་པ་གཅིག་རྗེས་གཉིས་མཐུད་ ཀྱིས་བྱེད་འཇུག་གི་ཡོད། དེར་བརྟེན་ཁོ་མོའི་གྱོན་གོས་ཐོག་ཏུ་ཐབ་ཀྱི་ཐལ་བ་མང་པོ་ འགོས་ཡོད་པ་ལ་བརྟེན་ནས་མོ་ལ་གོ་ཐལ་བུ་མོ་ཞེས་པའི་མིང་ཐོགས་པ་རེད།
༣ ཉིན་ཞིག་ཨ་ཕ་ཁྲོམ་ལ་འགྲོ་ཁ་རུ་བུ་མོ་གསུམ་ལ་རྔན་པ་ ག་རེ་དགོས་མིན་འདྲི་སྐབས། མ་གཡར་གྱི་བུ་མོ་ གཉིས་ཀྱིས་གྱོན་གོས་དང་རྒྱན་ཆ་མང་པོ་ཞིག་ དགོས་ཟེར་བ་དང་། གོ་ཐལ་བུ་མོས་ཤིང་གི་ ཡལ་ག་ཞིག་ལས་མི་དགོས་ཟེར།
༤ གོ་ཐལ་བུ་མོས་ཨ་ཕས་སྤྲད་པའི་ཤིང་གི་ཡལ་ག་དེ། ཨ་མའི་དུར་སའི་ སྟེང་དུ་བཙུགས་ནས། ཡལ་ག་དང་ལོ་འདབ་རྒྱས་པའི་འབྲས་ལྡན་གྱི་ ལྗོན་ཤིང་ཞིག་སྐྱེས་པ་རེད། ཤིང་སྡོང་དེའི་སྟེང་དུ་ཕུག་རོན་ དཀར་པོ་ཞིག་ཀྱང་སྡོད་ཀྱི་ཡོད། ཁོ་མོ་ཨ་མའི་དུར་སར་མཆོད་འབུལ་དུ་འགྲོ་ཐེངས་ རེ་རེ་ལ་ཕུག་རོན་དེས། སེམས་བཟང་གི་བུ་མོ་སེམས་པ་མ་སྐྱོ་དང་། ངས་ཁྱོད་ལ་རོགས་རམ་བྱས་ཆོག་ཅེས་སེམས་གསོ་གཏོང་གི་ཡོད།
༥ ཉིན་ཞིག་རྒྱལ་པོས་རྒྱལ་སྲས་ལ་བཙུན་མོ་ འདེམས་ཆེད། ཕོ་བྲང་དུ་ཞབས་བྲོའི་དགའ་ སྟོན་ཉིན་གསུམ་རིང་འཚོག་རྒྱུ་བྱས་ནས། རྒྱལ་ཁབ་ནང་གི་ལོ་ཆུང་མཛེས་མ་ཐམས་ཅད་ ཞབས་བྲོའི་དགའ་སྟོན་ལ་ཡོང་དགོས་པའི་བཀའ་བཏང་བ་རེད།
༦ ཨ་མ་མ་གཡར་གྱི་བུ་མོ་གཉིས་ལ་ཡང་མགྲོན་ཤོག་འབྱོར་བ་རེད།
དགའ་ཐག་ཆོད་ནས་རྒྱན་ཆ་སྣ་ཚོགས་འདོགས་པ་ སོགས་ཀྱི་བྲེལ་འཚུབ་ལངས་པ་རེད། གོ་ཐལ་བུ་མོ་ཡང་ ཞབས་བྲོའི་དགའ་སྟོན་དེ་ལ་འགྲོ་འདོད་སྐྱེས་ཏེ་ མ་གཡར་ལ། དེར་གཏོང་རོགས་གནང་ཞུ་རུ་ཕྱིན་པ་རེད།
ཁོ་གཉིས་
༧ མ་གཡར་གྱིས་སྲན་མ་ཕོར་པ་གང་ཐལ་ཕུང་ནང་དུ་བླུགས་ནས།
ཁྱོད་ཀྱིས་ཆུ་ཚོད་གཉིས་ཀྱི་ནང་ཚུད་ལ་སྲན་མ་ཚང་མ་
གལ་ཏེ་
སྒྲུག་ཚར་ན། ངས་གཏང་ཆོག་ཅེས་བཤད།
༨ གོ་ཐལ་བུ་མོས་ཕུག་རོན་དཀར་པོ་དེ་ལ་རོགས་རམ་ཞུ་རུ་ཕྱིན། ཕུག་རོན་དཀར་པོས་བྱིའུ་མང་པོ་བོས་ ཡོང་ནས་ཆུ་ཚོད་གཅིག་ཙམ་ལ་ སྲན་མ་ཚང་མ་སྒྲུག་ ཚར་པ་རེད། མ་གཡར་གྱིས་མཐོང་བ་དང་སླར་ཡང་ སྲན་མ་ཕོར་པ་གཉིས་ཐལ་ཕུང་ནང་དུ་བླུགས་པ་རེད།
༩ ཐེངས་དེར་ནམ་མཁའི་བྱིའུ་ཐམས་ཅད་འཕུར་ཡོང་ནས། དུས་ཡུན་ ཆུ་ཚོད་ཕྱེད་ཀའི་ནང་སྲན་མ་ཚང་མ་སྒྲུག་ཚར་པ་རེད། དེ་ལྟར་བྱས་ཀྱང་མ་གཡར་གྱིས་གོ་ཐལ་བུ་མོ་ ནང་དུ་བཞག་སྟེ་རང་ཉིད་ཀྱི་བུ་མོ་གཉིས་ཁྲིད་དེ་ཕྱིན་པ་རེད།
༡༠ གོ་ཐལ་བུ་མོ་སེམས་པ་ཧ་ཅང་སྐྱོ་སྟེ། ཨ་མའི་དུར་སའི་འགྲམ་དུ་ཕྱིན་ནས་ ངུ་བཞིན་སྡོད་སྐབས། ཕུག་རོན་དཀར་པོ་དེས་ཁོ་མོའི་མདུན་དུ་མཛེས་སྡུག་ ལྡན་པའི་གོས་ཤིག་དང་། དངུལ་སྐུད་ཀྱི་ལྷམ་ཆ་གཅིག་གཡུགས་པ་དང་། གོ་ཐལ་བུ་མོས་དེ་རྣམས་གྱོན་ནས་ཞབས་བྲོའི་དགའ་སྟོན་ལ་ཕྱིན་པ་རེད།
༡༡ ལྷ་མོ་ལྟ་བུ་རབ་ཏུ་མཛེས་པའི་གོ་ཐལ་བུ་མོ་དེ་རྒྱལ་པོའི་ཕོ་བྲང་དུ་ སླེབས་མ་ཐག རྒྱལ་སྲས་གཞོན་ནུ་དེའི་ཡིད་དབང་དེ་ཉིད་དུ་འཕྲོགས་ཏེ། བློ་མཐུན་གྱི་ཞབས་བྲོ་མཚམས་མེད་མཉམ་དུ་འཁྲབ། མ་གཡར་དང་དེའི་ བུ་མོ་གཉིས་ཀྱིས་ཁོ་མོ་སུ་ཡིན་ངོ་མ་ཤེས་པ་རེད།
༡༢ གོ་ཐལ་བུ་མོ་འཚབ་འཚུབ་ཀྱིས་ཕྱིར་ལོག་སྐབས། རྡོ་ཡི་སྐས་འཛེག་བར་ལྷམ་ཡ་གཅིག་བརླགས་པ་རེད། ཕྱི་ཉིན་དགོང་མོ་ཕུག་རོན་དཀར་པོས་སླར་ཡང་གོ་ཐལ་བུ་མོ་དེ་ལ། སྔར་ལས་ཀྱང་ མཛེས་པའི་གོས་སྙིང་རྗེ་མོ་ཞིག་དང་། ཆུ་ཤེལ་གྱི་ལྷམ་ཆ་གཅིག་སྤྲད་པ་དང་། གོ་ཐལ་བུ་མོ་དེས་དེ་ཚོ་གྱོན་ནས་ཞབས་བྲོའི་དགའ་སྟོན་ལ་ཕྱིན། དགོང་མོ་དེར་ རྒྱལ་སྲས་ཀྱིས་ཁོ་མོ་གཅིག་པུ་དང་མཉམ་དུ། ནམ་དགུང་བར་དུ་ཞབས་བྲོ་འཁྲབ་བཞིན་ བསྡད་པ་རེད། དགོང་མོ་ཕྱི་པོ་ ཆགས་པས།
༡༣ དེ་ནས་རྒྱལ་སྲས་ཀྱིས་རྒྱལ་ཡོངས་སུ།
དེ་ངའི་བཙུན་མོ་ཡིན་ཞེས་ཁྱབ་བསྒྲགས་བྱས་པས། གཞོན་ནུ་མ་རྣམས་ཀྱིས་ ཧབ་ཐོབ་བརྒྱབ་ནས་གྱོན་གྱི་ཡོད་ཀྱང་།
རན་ཡོད་པ་མ་རེད།
ཆུ་ཤེལ་གྱི་ལྷམ་དེ་བུ་མོ་སུས་གྱོན་ཐུབ་ན་
སུ་གཅིག་གི་རྐང་པ་ལ་ལྷམ་དེ་
༡༤ རྒྱལ་སྲས་ཀྱི་བཙུན་མོ་བྱེད་ཐུབ་པའི་ཆེད་དུ། ཨ་མ་མ་གཡར་གྱི་བུ་མོ་ཆེ་བས་ རྐང་པའི་མཛུབ་མོ་བཅད་པ་དང་། བུ་མོ་ཆུང་བས་རྐང་པའི་ཕྱི་རྟིང་བཞོགས་པ་རེད། དུས་དེར་ཕུག་རོན་གྱིས་རྒྱལ་སྲས་ཀྱི་མདུན་དུ་འཕུར་ཡོང་ནས། ཨ་མ་མ་གཡར་དང་ཁོང་གི་བུ་མོ་རྣམས་ཀྱིས་ གཡོ་སྒྱུ་བྱེད་ལུགས་རྣམས་རྒྱལ་སྲས་ལ་ཞུས་པ་རེད།
༡༥ དེ་ནས་གོ་ཐལ་བུ་མོ་ཡོང་ནས་ལྷམ་དེ་གྱོན་པ་དང། ལྷམ་དེ་གོ་ཐལ་བུ་མོའི་ རྐང་པ་ལ་ཆེ་ཆུང་ཏག་ཏག་རན་པོ་བྱུང་བ་དང་། རྒྱལ་སྲས་ཀྱིས་གོ་ཐལ་བུ་མོ་ནི་ རང་ཉིད་བློ་མཐུན་པའི་ཞབས་བྲོ་འཁྲབ་རོགས་དེ་དང་། ལྷམ་གྱི་བདག་པོ་ངོ་མ་དེ་ཡིན་པ་ངོ་ཤེས་པས། དགའ་ཐག་ཆོད་དེ་བཙུན་མོར་ བཞེས་པ་དང་། དེ་ནས་བཟུང་ཁོང་བདེ་སྐྱིད་ཀྱི་ངང་བཞུགས་པ་རེད།། །།