ཀླུ་ཡི་སྲས་མོ། (མ་རྩོམ། ཨན་ཐུའུ་ཧྲེང།)
།སྔོ་བསངས་ཀྱི་ཆུ་གཏེར་ཆེན་པོ་ཞིག་གི་མཐིལ་ན་ཀླུ་ཡི་རྒྱལ་པོའི་ཕོ་བྲང་ཡིད་དུ་ འོང་བ་ཞིག་ཡོད།
༡
༄༅།
ཀླུ་རྒྱལ་ཁོང་ལ་སྲས་མོ་དྲུག་ཡོད་པ་ལས་སྲས་མོ་ཐ་ཆུང་ཁོང་ནི་ བཞིན་རས་མཛེས་ཤ ས་དེ་ཡིན་པ་མ་ཟད་ཀུན་སྤྱོད་ཀྱང་བཟང་ཤོས་དེ་ཡིན།
༢ ཀླུའི་སྲས་མོ་རྣམས་ལ་རྨོ་བོ་རྒས་འཁོགས་ཀྱིས་མི་ཡུལ་གྱི་གཏམ་རྒྱུད་དུས་རྟག་ཏུ་ ཤོད་ཀྱི་ཡོད་ལ། སྲས་མོ་རྣམས་ཀྱང་མི་ཡུལ་གྱི་གཏམ་རྒྱུད་མཉན་རྒྱུར་ཧ་ཅང་ དགའ་མོས་བྱེད་ཀྱི་ཡོད། ཐེངས་ཤིག་རྨོ་བོས། ཁྱེད་རང་ཚོ་རང་ལོ་བཅོ་ལྔར་ སོན་རྗེས། རྒྱ་མཚོའི་ཕྱི་རོལ་གྱི་འཇིག་རྟེན་ལ་ལྟད་མོ་ བལྟ་རུ་འགྲོ་བཅུག་ཆོག་ཅེས་བཤད།
༣ སྲས་མོ་ཐ་ཆུང་ཁོང་ལ་མོ་རང་མགྱོགས་པོ་རང་ལོ་བཅོ་ལྔ་སོན་འདོད་སྐྱེས། རྒྱུ་མཚན་ནི་ཁོ་མོར་རྒྱ་མཚོའི་ཕྱི་རོལ་གྱི་འཇིག་རྟེན་མཐོང་འདོད་ཀྱི་ འདུན་པ་དེ་གཞན་རྣམས་ལས་ཀྱང་ཆེ་བ་ཡོད་པས་སོ། ། མཐར་ཡུན་རིང་རེ་སྒུག་བྱས་པའི་ཉི་མ་དེ་སླེབས་པ་རེད། ཁོ་མོ་ཐེངས་དང་པོར་མཚོ་ངོས་སུ་ཐོན་དུས་ནི་ཉི་མ་ནུབ་ལ་ཉེ་བའི་སྐབས་ཤིག་ཡིན།
༤ སྲས་མོ་དེས་སྒྲོན་འོད་ལྷམ་མེར་གསལ་བའི་ གྲུ་གཟིངས་ཤིག་མཚོ་ངོས་སུ་ཡོད་པ་མཐོང་ལ། དེའི་སྟེང་དུ་རོལ་མོ་བ་ཚོས་སྙན་ཞིང་འཇེབས་པའི་ རོལ་དབྱངས་དཀྲོལ་ཞིང། མི་རྣམས་དགའ་སྤྲོའི་ རྩེད་མོར་རོལ་བཞིན་པ་དེའི་ཁྲོད་ན། སྐྱེས་འབྲས་བཟང་བའི་རྒྱལ་སྲས་ཤིག་ ཀྱང་ཡོད་པ་མཐོང་ངོ་།།
༥
རྒྱལ་སྲས་ནི་ རྒྱ་མཚོའི་རྦ་རླབས་དྲག་པོའི་ནང་ཚུད་ནས་ དབུགས་གཏོང་ལེན་བྱེད་མ་ཐུབ་ཏེ། དབུགས་ཆད་ལ་ཉེ་བའི་སྐབས་ སྲས་མོ་དེས་རྒྱལ་སྲས་དེའི་ སྲོག་བསྐྱབས་པ་རེད།
གློ་བུར་དུ་མཚོ་ངོས་སུ་རླུང་འཚུབ་དྲག་པོ་ཞིག་ལངས་ ཏེ་གྲུ་གཟིངས་དེ་ནི་གཞོགས་གཅིག་ཏུ་ཡོང་ནས་རིམ་ བཞིན་ཆུའི་ནང་དུ་བྱིངས་བ་དང།
༦ ཀླུའི་སྲས་མོ་དེས་མྱུར་དུ་མཚོ་འགྲམ་གྱི་བྲག་རྡོ་ ཆེན་པོ་ཞིག་གི་རྒྱབ་ཏུ་ཡིབ། བུ་མོ་དེ་ཚོས་ དྲན་པ་ཐོར་བའི་རྒྱལ་སྲས་དེ་མཐོང་སྟེ། རྒྱལ་སྲས་དེ་བསྐྱབས་པ་རེད། ཁོ་མོས་རྒྱལ་སྲས་དེ་ཉིད་མཚོ་ཁར་བསྐྱལ།
ཕྱོགས་དེར་འོངས་བ་ཀླུའི་སྲས་མོས་མཐོང་བ་དང།
སྐབས་དེར། བུ་མོ་འགའ་ཞིག་
༧ དེ་རྗེས་ཉིན་འགའི་རིང་ཀླུའི་སྲས་མོས་ཉིན་ལྟར་མཚོ་ངོས་སུ་ འོངས་ནས། སྔར་རྒྱལ་སྲས་སྐྱོབ་སའི་གནས་དེ་རུ་སྡོད་ཀྱི་ཡོད། ཁོ་མོས་ཉིན་མཚན་མང་པོ་མཚོ་ངོས་དེ་རུ་བསྡད་ཀྱང། རྒྱལ་སྲས་མ་མཐོང་བས་སྐྱོ་སྡུག་ཚད་མེད་སྐྱེས།
༨ མིའི་བུ་མོར་འགྱུར་ཐུབ་པའི་ཆེད་དུ། ཀླུའི་སྲས་མོས་ རྒྱལ་མཚོའི་སྨན་པ་བཙལ་ཏེ་རང་ཉིད་ཀྱི་སྐད་སྙན་པོ་དེ་ སྨན་རིན་དུ་སྤྲད་ནས། རྒྱ་མཚོའི་སྨན་པའི་ལག་ནས་ སྨན་བུམ་ཆུང་གང་ཉོས་རྗེས། གསང་སྟབས་ཀྱིས་ སྨན་དེ་ཁྱེར་ནས་ཕོ་བྲང་དུ་ཕྱིར་ལོག་སྟེ། ཤ་ཚ་ དགའ་གཉེན་དག་དང་ཁ་གྱེས་ནས་ཕྱིན་པ་རེད།
ཁོ་མོས་གོམ་པ་རེ་རེ་སྤོ་དུས་གྲི་ཡི་རྩེར་གོམ་པ་སྤོས་པ་བཞིན་ན་ཟུག་ཚད་མེད་བཏང་ཡོད།
༩ ཀླུའི་སྲས་མོས་རྒྱལ་སྲས་ཀྱི་ཕོ་བྲང་གི་རྡོ་ཐེམ་སྟེང་དུ་སྨན་དེ་བཏུང་བ་དང།
རྒྱལ་སྲས་ཀྱང་འཛུམ་དམུལ་བཞིན་ཁོ་མོའི་མདུན་དུ་ ལངས་ནས་ཡོད་པ་མཐོང་བ་རེད། དེ་ནས་རྒྱལ་སྲས་ ཁོང་གིས་སྲས་མོ་དེ་ཁྲིད་ནས་ ཕོ་བྲང་ནང་དུ་ཕྱིན།
ན་ཟུག་དྲག་ པོས་མནར་ཏེ་དྲན་མེད་དུ་བརྒྱལ། ཁོ་མོ་དྲན་པ་སོས་པ་ན། རང་ཉིད་ཀྱི་མཇུག་མ་དེ་ ཕྲ་ཞིང་རིང་ལ་མཛེས་པའི་མིའི་རྐང་པར་གྱུར་ཡོད་པ་མཐོང་ལ། སྐབས་དེར།
༡༠ སྲས་མོས་རྒྱལ་སྲས་ཀྱེ་ཀྱེ། ཁོ་མོ་ནི་ཁྱེད་རང་སྐྱོབ་མཁན་གྱི་མི་དེ་ཡིན། ཁྱེད་ཀྱིས་ཨེ་དྲན་ཞེས་བརྗོད་ཀྱང། རྒྱལ་སྲས་ཀྱིས་ཅི་ཡང་མ་ཤེས་པ་རེད། ཕོ་བྲང་ནང་གི་བྲོ་གར་སྣ་ཚོགས་ཀྱི་ཁྲོད་དུ། ཁོ་མོས་ ཀྱང་ན་ཟུག་བསྲན་ཏེ་ཞབས་བྲོ་འཁྲབ་པ་དང།
ཁོ་མོའི་ ལྟ་ན་སྡུག་པའི་ཉམས་འགྱུར་གྱིས་མི་ཚང་མའི་ ཡིད་དབང་འཕྲོག རྒྱལ་སྲས་ཀྱང་ཁོ་མོར་ སེམས་པ་ཤོར་བ་རེད།
༡༡ རྒྱལ་པོ་དང་བཙུན་མོ་གཉིས་ཀྱིས་རྒྱལ་སྲས་ནི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྲས་མོ་ཞིག་ ལ་གཉེན་སྒྲིག་བྱ་རྒྱུའི་ཁས་ལེན་བྱས་ཡོད། རྒྱལ་སྲས་དེ་ཁྱིམ་མཚེས་རྒྱལ་ཁབ་དེ་རུ་ སླེབས་ཏེ་སྲས་མོ་དེ་མཐོང་མ་ཐག ཁོ་མོ་ནི་དེ་སྔོན་རང་ཉིད་ཀྱི་ཚེ་སྲོག་སྐྱོབ་མཁན་དེ་ ཡིན་པ་ངོ་ཤེས་པས། དགའ་སྤྲོ་ཚད་མེད་སྐྱེས་ཏེ། ངའི་ཚེ་སྲོག་སྐྱོབ་མཁན་ནི་ཁྱེད་རང་ ཡིན་པ་དང། ད་ལྟ་ཁྱེད་རང་དང་འཕྲད་པ་རྟེན་འབྲེལ་བཟང་། ངེད་གཉིས་ཚེ་གྲོགས་བྱོས་དང་ཞེས་བཤད་དོ། །
༡༢ རྒྱལ་སྲས་དང་སྲས་མོ་གཉིས་ཀྱིས་གྲུ་གཟིངས་ཤིག་གི་སྟེང་དུ་གཉེན་སྟོན་གྱི་མཛད་སྒོ་ རྒྱ་ཆེན་པོ་སྤེལ་ཞིང། ཀླུའི་སྲས་མོས་ཀྱང་རྒྱལ་སྲས་ལ་རྟེན་འབྲེལ་ཞུ་རུ་ཕེབས་ཀྱང་ཁོ་ མོའི་སེམས་ནི་སྐྱོ་སྣང་གིས་ཁེངས། ཕྱི་ཉིན་ཉི་མ་ཤར་དུས་ཁོ་མོ་རྒྱ་མཚོའི་ལྦུ་བར་གྱུར་འགྲོ་ངེས་ཡིན་བས། དེ་ནི་ཁོ་མོའི་སྐྱེ་བ་འདིའི་མཚན་མོ་མཐའ་མ་དེ་ཡིན་པ་རེད།
༡༣ ཀླུའི་སྲས་མོའི་གཅེན་མོ་རྣམས་ཀྱིས་རང་ཉིད་ཀྱི་འཇམ་ལ་མཛེས་ཤིང་རིང་བའི་ སྐྲ་ལོ་རྣམས་རྒྱ་མཚོའི་སྨན་པར་གྲི་ཆུང་ཞིག་དང་བརྗེས་ཏེ། གྲི་ཆུང་དེ་ ཁྱེར་ནས་མཚོ་ཁར་སླེབས་ཏེ། གཅེན་མོ་རྣམས་ཀྱི་སྲས་མོ་ཐ་ཆུང་ལ། གལ་སྲིད་ཁྱོད་ཀྱིས་གྲི་ཆུང་འདིས་རྒྱལ་སྲས་བསད་པ་ཡིན་ན། ཁྱོད་རྒྱ་མཚོའི་ནང་དུ་ཕྱིར་ལོག་ཐུབ་ཀྱི་ཡོད་པས། རྒྱལ་སྲས་དེ་མགྱོགས་པོ་སོད་ཅིག་ཅེས་མཆི་མ་གཏོང་བཞིན་ ཁ་ཏ་བསླབ་བྱ་བྱེད་ཀྱིན་བྱེད་ཀྱིན། གྲི་ཆུང་དེ་སྲས་མོ་ཐ་ཆུང་ལ་གནང་བ་རེད།
༡༤ ཞོགས་པའི་མཚམས་སྤྲིན་གསེབ་ནས་ཉི་མ་འཆར་ལ་ཉེ་དུས།
གུར་ནང་དུ་ཕྱིན་ཏེ་རྒྱལ་སྲས་ལ་ལན་གཅིག་བལྟས་རྗེས། ལག་པ་འདར་བཞིན་དུ་ གྲི་ཆུང་དེ་རྒྱ་མཚོའི་ནང་དུ་གཡུགས་པ་རེད།
ཀླུའི་སྲས་མོ་རྒྱལ་སྲས་ཀྱི་
༡༥ དྲོད་འཇམ་གྱི་རྟ་བདུན་དབང་པོ་འཆར་སྐབས། ཀླུའི་སྲས་མོས་མཚོ་ནང་དུ་མཆོངས་པ་དང། ཁོ་མོས་རང་ཉིད་ཀྱི་ལུས་ཕུང་དལ་གྱིས་ བཞུས་ནས་མཛེས་ཤིང་སྡུག་པའི་ལྦུ་བ་ ཞིག་ཏུ་འགྱུར་བཞིན་པའི་ཚོར་སྣང་ སྐྱེས་པ་རེད།
༡༦ སྐབས་དེར། ཀླུའི་སྲས་མོས། ཁྱེད་ཀྱི་བྱམས་དང་སྙིང་རྗེའི་མཐུ་ཡིས་མི་ལོ་སུམ་རྒྱ་ འདས་རྗེས་སུ། ཁྱེད་རང་ལ་འཇིགས་པ་མེད་པའི་བླ་སྲོག་ཅིག་ཐོབ་ངེས་ཡིན་ ཞེས་པའི་སྐད་སྒྲ་ཞིག་ཐོས་བཞིན། ཀླུའི་སྲས་མོར་རང་ཉིད་ལྦུ་བའི་ཁྲོད་ནས་ ནམ་མཁའ་ལ་འཕགས་ཤིང། སྤྲིན་པའི་ཕུང་པོ་ཞིག་ལ་བཞོན་ནས་ བར་སྣང་དུ་འཕུར་འགྲོ་བའི་སྣང་བ་སྐྱེས་སོ།། །།
༡༥