




༡ ༄༅། །གྲང་ངར་ཤིན་ཏུ་ཆེ་ལ་གངས་འབབ་འགྲོ་ཡོད་པའི། ལོ་གསར་གྱི་གནམ་གང་གི་དགོང་མོ་ཞིག་ལ། མི་ཚང་ཧང་ ཅང་གི་སྐྱོ་བོ་ཡིན་པའི། བུ་མོ་ཆུང་ཆུང་རྐང་རྗེན་མ་ཞིག ཁྲོམ་ དུ་མུ་ཟི་(ཙག་སྒྲ་) འཚོང་གིན་ཡོད། མུ་ཟི་འཚོང་མཁན་བུ་མོ་ཆུང་ཆུང། (མ་རྩོམ། ཨན་ཐུའུ་ཧྲེང།)


༢ བུ་མོ་དེ་ཁྲོམ་ལ་འགྲོ་ཁར། ཨ་མའི་ལྷམ་ཆ་གཅིག་ཡོད་པ་དེ་ རྐང་པར་གྱོན་ཡོད། འོན་ཀྱང་ཁྲོམ་ནང་གློ་བུར་དུ་རྒྱུག་ཡོང་ བའི་ཤིང་རྟ་འཁོར་ལོ་ཞིག་ལས། གཡོལ་སྐབས་ལྷམ་ཆེ་ དྲགས་པས། ལྷམ་དེ་རྐང་པ་ནས་བུད་པ་རེད།


༣ ཤིང་རྟ་འཁོར་ལོ་དེ་ཕར་སོང་རྗེས། བུ་མོ་དེས་ལྷམ་ བཙལ་ཀྱང། ལྷམ་ཡ་གཅིག་ལས་རྙེད་མེད། ལྷམ་ཡ་གཅིག་པོ་དེ་ཡང་། བུ་ཆུང་མ་རབས་ ཤིག་གིས་ཁྱེར་ནས་བྲོས་པ་རེད།


༤ བུ་མོ་ཆུང་ཆུང་དེ་གྲོད་ཁོག་ལྟོགས་པ་དང་། གནམ་གཤིས་ ཀྱང་ཧ་ཅང་གི་གྲང་མོ་ཡོད་ལ། དོ་ནུབ་ནི་ལོ་གསར་གྱི་ གནམ་གང་ཡིན་ཡང། བུ་མོས་དེས་མུ་ཟི་(ཙག་སྒྲ)རྐང་ གཅིག་ཀྱང་འཚོང་ཐུབ་མེད་ལ། དངུལ་སྒོར་གཅིག་ཀྱང་མ་ རག་པས་ནང་ལ་ལོག་ཕོད་མེད།


༥ མུ་ཟི་རྐང་གཅིག་སྤར་ནས། ལག་པ་སྲོ་ཙམ་ བྱེད་དགོས་བསམས་ཀྱང་དེ་ལྟར་བྱེད་ཕོད་མེད། བུ་མོ་དེ་གྱང་ཞིག་གི་འགྲམ་དུ་ལུས་བསྐུམས་ནས་སྡོད་སྐབས། ལག་ཆུང་གཉིས་འཁྱགས་རེངས་ཐེབས་གྲབས་བྱས་པས།


༦ གྲང་མོ་བཟོད་མ་ཐུབ་ནས། བུ་མོ་དེས། མུ་ཟི་རྐང་གཅིག་སྤར་བའི་མེ་ལ་ ལག་པ་སྲོ་སྐབས། རང་ཉིད་མེ་ཡི་ཐབ་ཆེན་པོ་ཞིག་གི་འགྲམ་དུ་ ཡོད་པའི་སྣང་བ་བྱུང་བ་རེད།


༧ དེར་བུ་མོས་རྐང་པ་གཅིག་སྲོ་དགོས་བསམས་ཀྱང་། མུ་ཟི་འབར་ཚར་སྟབས། སླར་ཡང་མུ་ཟི་རྐང་གཅིག་སྤར་བ་རེད། མུ་ཟིའི་འོད་ཀྱི་ཁང་པའི་ནང་གི་ཅ་ལག་ཚང་མ་ གསལ་པོ་མཐོང་ཐུབ་ཀྱི་ཡོད།


༨ ཅོག་རྩེའི་སྟེང་དུ་ཟས་སྣ་མང་པོ་བསྒྲིགས་ཡོད་ལ། ངང་ཤ་སྲེག་མ་ ཞིག་གི་སྒལ་པར་གྲི་བཙུགས་པ་ཞིག བུ་མོའི་མདུན་དུ་ཡོང་སྐབས། བུ་མོའི་ལག་པར་ཡོད་པའི་མུ་ཟི་དེ། འབར་ཚར་བས་བུ་མོའི་ མདུན་དུ། སྔར་བཞིན་གྲང་ངར་ཆེ་བའི་གྱང་མཐུག་པོ་ ཞིག་ལས། གཞན་གང་ཡང་མཐོང་རྒྱུ་མེད་པར་གྱུར། ངང་ཤ་སྲེག་མ།


༩ བུ་མོ་དེས་སླར་ཡང་མུ་ཟི་རྐང་གཅིག་སྤོར་སྐབས། ཐེངས་དེར་ བུ་མོ་རང་ཉིད། ལོ་གསར་གྱི་ལྗོན་ཤིང་སྙིང་རྗེ་མོ་ཞིག་གི་མདུན་དུ་ ཡོད་པ་དང། ལྗོན་ཤིང་གི་ལོ་མའི་སྟེང་སྒྲོན་མེ་དང་རྔན་པ་མང་པོ་ བཀལ་ཡོད་པ་ཞིག་མཐོང་བ་རེད།


༡༠ བུ་མོ་དེས་ལག་པ་རྐྱོང་ཙམ་བྱེད་དུས་མུ་ཟི་འབར་ཚར་བ་ རེད། སྐབས་དེ་དུས་ལོ་གསར་གྱི་ལྗོན་ཤིང་སྟེང་གི་སྒྲོན་ མེའི་འོད་ཟེར་རྣམས། ནམ་མཁར་མཐོ་རུ་མཐོ་རུ་ཕྱིན་ནས། ནམ་མཁའི་སྐར་མར་འགྱུར་འགྲོ་བ་མཐོང་བ་རེད།


༡༡ དེ་དང་མཉམ་དུ་ནམ་མཁའི་སྐར་མ་གཅིག ས་ལ་ཟག་འགྲོ་བ་ མཐོང་བ་དང། བུ་མོ་དེས། ནམ་མཁའི་སྐར་མ་རེ་ས་ལ་ཟགས་པ་ ཡིན་ན། ས་སྟེང་གི་མི་རེ་འཆི་འགྲོ་ཡི་ཡོད་པའི། རྟགས་ཡིན་ཞེས་ པའི། རང་ཉིད་ཀྱི་རྨོ་མོའི་གཏམ་དེ་མོའི་སེམས་ལ་དྲན་པ་རེད།


༡༢ རང་ཉིད་ཀྱི་རྨོ་མོའི་ཞལ་རས་མཇལ་བ་རེད། རྨོ་མོ་ཁོང་ ནི་བུ་མོ་དེར་བརྩེ་བ་སྤྲོད་མཁན་གྱི། མི་གཅིག་པུ་དེ་ ཡིན་ཡང་ཁོ་མོ་ནི་གྲོངས་ཚར་ནས་ཡོད་པ་མ་རེད། བུ་མོ་དེས་སླར་ཡང་ཙག་སྒྲ་རྐང་གཅིག་སྤར་བའི་ འོད་དེ། ཉེ་འཁོར་ལ་ཁྱབ་སྐབས། འོད་ཀྱི་ ནང་དུ་བུ་མོ་དེས།


༡༣
ཅེས་ཞུས་པ་རེད།
དེར་བུ་མོས་ངུ་སྐད་རྒྱག་བཞིན། “རྨོ་མོ་ལགས། ཁྱེད་ཀྱིས་ང་འཁྲིད་རོགས་གནང། ཙག་སྒྲའི་མེ་འདི་ ཤི་ཚར་ན། ངས་ཁྱེད་རང་མཐོང་གི་མ་རེད།”


༡༤ ཙག་སྒྲའི་འོད་ཀྱིས་ཉེ་འཁོར་ཐམས་ཅད་ཉིན་མོ་ལྟར། ཁྲ་ལྷང་ངེ་གསལ་པོ་ཆགས་པ་རེད།
པོ་མགྱོགས་པོ་ཙག་སྒྲ་མཐའ་མ་དེ་སྤར་བ་རེད།
རྨོ་མོ་དེ་ཡལ་མི་འགྲོ་བའི་ཆེད་དུ། བུ་མོ་དེས་མགྱོགས་


༡༥ བྱམས་བརྩེ་ལྡན་པའི་རྨོ་མོ་དེས། བུ་མོ་དེ་པང་དུ་བླངས་ནས། ལྷ་ཡུལ་ལ་འཕུར་ཕྱིན་པ་རེད།


༡༦
མི་རྣམས་ཀྱིས་རྩིག་པའི་འགྲམ་དུ་ བུ་མོ་དེ་ནི། འཛུམ་མུལ་མུལ་བྱས་ཏེ་ ཤི་ཡོད་པ་མཐོང་བ་རེད། འོན་ཀྱང་ བུ་མོ་དེས་ལྗོན་ཤིང་སྙིང་རྗེ་མོ་སོགས་ མཐོང་ཡོད་པ་དང། བྱམས་བརྩེ་ལྡན་པའི་རྨོ་མོ་མཇལ་ཡོད་ཚུལ་ནི། སུ་ཞིག་གིས་ཤེས་ཡོད་དམ།། །།
ཉིན་རྗེས་མའི་ཞོགས་པ་སྔ་པོར།
