༡ ཚོན་མདོག་བདུན་ཅན་མེ་ཏོག མ་རྩོམ། ཁ་ཏ་ཡེ་ཧྥུ། (སུའུ་ལེན།) ༄༅། །ཉིན་ཞིག་ཉི་མ་ཟེར་བའི་བུ་མོ་ཆུང་ཆུང་ཞིག་གིས་ བག་ལེབ་བདུན་ཉོས་ནས་ནང་ལ་ལོག་འགྲོ་སྐབས། ལམ་བར་དུ་ཁྱི་ཞིག་ཁོ་མོའི་རྗེས་སུ་ཡོང་བ་རེད།
༢ བུ་མོ་ཉི་མ་ཡིས་རང་གི་ལག་པའི་ ནང་གི་ཅ་ལག་དེ། ཡང་དུ་ ཡང་དུ་འགྲོ་བ་ཤེས་དུས། རྐུན་ཁྱི་དེས་མོའི་བག་ལེབ་ མང་ཆེ་བ་བཟས་ཚར་ ཡོད་པ་ཤེས་པ་རེད། བུ་མོ་ཉི་མས། རྐུན་ཁྱི་ཁྱོད་ཅེས་གཤེ་གཤེ་ གཏོང་བཞིན་ཁྱི་དེ་ཕར་བདས་པ་རེད།
༣
ཕར་རྗེས་འདེད་གཏོང་སྐབས།
ལམ་ཀ་བརླགས་པ་རེད་ལ།
བྱམས་བརྩེ་ལྡན་པའི་རྒན་མོ་ཞིག
ཉི་མའི་མདུན་དུ་བྱུང་ནས།
སྙིང་རྗེ་མོ་ཞིག་སྤྲད་པ་རེད།
བུ་མོ་ཉི་མས་ཁྱི་དེ།
བུ་མོ་ཉི་མའི་
ས་ཡང་རུབ་པ་རེད། སྐབས་དེ་དུས་
ཞི་འཇམ་པོའི་ངང་ནས་བུ་མོ་
བུ་མོ་ཉི་མ་ལ་མེ་ཏོག་
༤ “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ཕུར་དང་། ཞེས་བཤད་པ་ཡིན་ན། ཁྱེད་རང་གི་སེམས་ནང་གང་ཡོད་པ་ ཐམས་ཅད། འགྲུབ་ཡོང་གི་རེད་” ཅེས་བཤད་པ་རེད། མེ་ཏོག་དེ་ལ་འདབ་མ་བདུན་ཡོད་པ་མ་ཟད། འདབ་མ་སོ་སོར་ཚོན་
མདོག་མི་འདྲ་བ་རེ་ཡོད་པ་རེད། རྒན་མོ་དེས་བུ་མོ་ཉི་མ་ལ། མེ་ཏོག་གི་འདབ་མ་རེ་བཀོག་ནས།
༥ རྒན་མོ་དེ་ཕྱིན་རྗེས། བུ་མོ་ཉི་མས་མེ་ཏོག་གི་འདབ་མ་སེར་པོ་དེ་ བཀོག་ནས། “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ ཕུར་དང་། །ང་རང་ནག་ཁུང་འདི་ནས།།ང་རེའི་ནང་ལ་འཕུར་འགྲོ་” ཞེས་བཤད་པ་དང། བུ་མོ་ཉི་མ་རང་གི་ནང་དུ་ཕུར་ནས་སླེབས་པ་རེད།
༦ བུ་མོ་ཉི་མ་དགའ་ཐག་ཆོད་ནས། མེ་ཏོག་དེ་ཁྱིམ་གྱི་ བུམ་པ་ཡག་ཤོས་དེའི་ནང་དུ་འཛུགས་དགོས་བསམས་ནས། ཆ་སྒམ་ནང་ནས་བུམ་པ་ཡག་ཤོས་དེ་ལེན་སྐབས། སྟབས་མ་ལེགས་པ་ཞིག་ལ། བུམ་པ་དེ་སར་ཟགས་ཏེ་ ཧྲུག་ཆག་ལ་སོང་བ་རེད།
བུ་མོ་ཉི་མས་མེ་ཏོག་གི་
འདབ་མ་ཞིག་བཀོག་ནས།
རྒན་མོས་བསླབས་པའི་
སྐད་ཆ་དེ་ཡང་བསྐྱར་
ཐེངས་གཅིག་བཤད་མ་ཐག
བུམ་པའི་ཆག་གྲུམ་རྣམས་
༧
གཞི་གཅིག་ཏུ་འདུས་ཏེ། སྔ་མ་ནང་བཞིན་གྱི་བུམ་པ་ ཧྲིལ་པོ་ཞིག་ཏུ་གྱུར་བ་རེད།
༨ ཕྱི་ལོག་ན་ཕྲུ་གུ་འགའ་ཞིག་གིས་ “བྱང་སྣེར་འགྲོ་ བྱང་སྣེར་འགྲོ་” ཟེར་བའི་རྩེད་མོ་རྩེ་བཞིན་ཡོད་པ་རེད། ཡིན་ན་ཡང་བུ་མོ་ཉི་མ་གྲལ་དུ་ཞུགས་མ་བཅུག་པ་རེད། བུ་མོ་ཉི་མའི་ སེམས་ལ་ཁྱོད་ཚོ་མེད་ནའང་། ང་བྱང་སྣེར་འགྲོ་ཐུབ་པར་མ་ཟད། བྱང་སྣེ་ངོ་མར་འགྲོ་བ་ཀྱི་ཡོད་བསམས་པ་རེད།
༩ བུ་མོ་ཉི་མས། འདབ་མ་སྔོན་པོ་དེ་ བཏོག་ནས། “ཕུར་དང་ལ་ནི་ཕུར་ དང་། །འདབ་མ་ཆུང་ཆུང་ཕུར་ དང་། །ང་རང་བྱང་སྣེར་འཕུར་འགྲོ་” ཞེས་བཤད་མ་ཐག བུ་མོ་ཉི་མ་ རི་ཀླུང་ཐམས་ཅད་ཁ་བས་བཀབ་པའི་ བྱང་སྣེར་སླེབས་པ་རེད།
༡༠ དུས་དེར་བྱང་སྣེའི་དོམ་དཀར་འཇིགས་སུ་རུང་བ་བདུན། བུ་མོ་ཉི་མའི་ཕྱོགས་སུ་མིག་ཆེན་པོ་ གདངས་ནས་ཡོང་བའི་སྐབས། “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ཕུར་དང་།། ང་རང་ཁྱིམ་དུ་འཕུར་འགྲོ་” ཞེས་བཤད་པ་རེད། བུ་མོ་ཉི་མས་སླར་ཡང་ འདབ་མ་གཅིག་བཏོག་ནས།
༡༡ སྐད་གཅིག་ཙམ་ལ། བུ་མོ་ཉི་མ་རང་ཁྱིམ་ལ་འབྱོར་བ་རེད། དེ་ནས་བུ་མོ་ཉི་མས་རང་ཉིད་ཀྱི་ཁང་པའི་ འགྲམ་གྱི། སྒོ་རའི་ནང་ན་བུ་མོ་ ཆུང་ཆུང་གཉིས་ཀྱིས། རྩེད་ཆས་ འདྲ་མིན་ལ་རྩེད་མོ་རྩེ་བཞིན་ ཡོད་པ་མཐོང་སྟེ་ཁོ་ཚོ་དང་ མཉམ་དུ་རྩེ་འདོད་སྐྱེས་པ་རེད།
༡༢ བུ་མོ་ཉི་མ་ཡིས་མེ་ཏོག་གི་འདབ་མ་ལི་སེར་དེ་བཀོག་ནས། “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ཕུར་དང་། ། འཛམ་བུ་གླིང་གི་རྩེད་ཆས་ཐམས་ཅད། ང་ལ་ཡོད་པར་ཤོག་” ཅེས་བཤད་མ་ཐག ཉེ་འཁོར་གང་སར་རྩེད་ ཆས་སྣ་ཚོགས་ཀྱིས་ ཁེངས་ཡོད་པ་རེད།
༡༣ རྩེད་ཆས་མང་དྲགས་ནས། གྲོང་ཁྱེར་གྱི་འགྲུལ་ལམ་འགག་པ་ལ་ བརྟེན་ནས། ཉེན་རྟོག་པས་གློག་སྡོང་མགོ་ནས་བཀོད་འདོམས་ བྱེད་དགོས་བྱུང་བ་རེད། འོན་ཀྱང་རྩེད་ཆས་ད་དུང་ཡང་རྒྱུན་ མ་ཆད་པར་འཁོར་ཡོང་གི་ཡོད་པ་རེད། མོ་རང་འཚུབ་ཤ་ལངས་ནས་ཁང་ཐོག་ཏུ་ སྡོད་ཀྱི་ཡོད་པ་རེད།
༡༤ “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ཕུར་དང་། ། རྩེད་ཆས་ཚང་མ་རང་རང་གནས་སུ་སོང་དང་།” ཞེས་བཤད་མ་ཐག་ རྩེད་ཆས་ཚང་མ། ལམ་སང་མེད་པར་གྱུར་བ་རེད། བུ་མོ་ཉི་མས་མེ་ཏོག་གི་འདབ་མ་སྨུག་པོ་དེ་བཀོག་ནས།
༡༥ ད་ནི་བུ་མོ་ཉི་མ་ལ་མེ་ཏོག་གི་འདབ་མ། མཐའ་མ་དེ་མ་གཏོགས་ ལྷག་མེད་པ་རེད། སྐབས་དེར། བུ་མོ་ཉི་མས་སྒོ་འགྲམ་ན་ བུ་ཞིག རྐུབ་བཀྱག་སྒང་ལ་བསྡད་ནས། རྩེད་མོ་རྩེ་ཡི་མེད་པ་མཐོང་བ་རེད། ཕར་བུ་དེའི་འགྲམ་དུ་ཕྱིན་ནས་ ལྟ་དུས་བུ་དེ་རྐང་པ་འཐིང་འགྲོས་ ཅན་ཞིག་ཡིན་པ་ཤེས་རེད།
༡༦ བུ་མོ་ཉི་མ་ཡིས། མེ་ཏོག་གི་འདབ་མ་མཐའ་མ་དེ་བཀོག་ནས། “ཕུར་དང་ལ་ནི་ཕུར་དང་། །འདབ་མ་ཆུང་ཆུང་ཕུར་དང་། ། བུ་དེའི་རྐང་པ་སངས་དྲག་ཡོང་བ་ཤོག” ཅེས་བཤད་མ་ཐག་ཏུ། ། བུ་དེའི་རྐང་པ་སངས་དྲག་ཏུ་སོང་ནས། བུ་དེ་རྩེད་གྲོགས་ཚོ་དང་ མཉམ་དུ་རྩེད་མོ་རྩེ་ཐུབ་པ་བྱུང་བ་རེད།། །།
༡༧