ཕུན་ཚོགས་གླིང་གྲོང་བརྡལ་གྱི་རོལ་མོ་བ།

Page 1

༡ ༄༅། །གནའ་སྔ་མོ་བོང་བུ་ཞིག་ཡོད། དེས་ལོ་མང་རིང་བདག་པོའི་དོན་དུ་དཀའ་ལས་ བརྒྱབ་པས་མཐར་ལུས་ཀྱི་སྟོབས་དང་ནུས་པ་ཉམས་ནས། ལས་ཀ་བྱེད་མི་ཐུབ་པར་ གྱུར། བོང་བདག་གིས་བོང་བུ་བསད་ནས་བོང་ཤ་བཟས་ན་དགའ་དྲན། གནས་ཚུལ་དེ་བོང་བུ་དེས་ཤེས་པས་ཕྱི་ལ་བྲོས་ནས་ཕུན་ཚོགས་གླིང་ གྲོང་རྡལ་དུ་རོལ་མོ་བ་ཞིག་བྱེད་དུ་འགྲོ་དགོས་བསམས་པ་རེད། ཕུན་ཚོགས་གླིང་གྲོང་རྡལ་གྱི་རོལ་མོ་བ། མ་རྩོམ། (ཀེ་ལིན། འཇར་མན།)
༢ ལམ་དུ་བོང་བུ་དེ་ལ་ཁྱི་རྒན་ཞིག་ཐུག ཁྱི་དེས། ང་ལོ་རྒས་ནས་རི་དྭགས་ གསོད་ཐུབ་ཀྱི་མེད་པ་ལ་བརྟེན་ནས། བདག་པོས་ང་གསད་རྩིས་བྱས་ཙང་ བྲོས་ནས་མི་ཡོང་ཐབས་མེད་བྱུང་ཞེས་བཤད། བོང་བུས་ངེད་གཉིས་ཀྱི་ལས་དབང་གཅིག་པ་རེད།
གྲོང་རྡལ་དུ་རོལ་མོ་བ་བྱེད་དུ་འགྲོ་ཞེས་ཟེར་ནས་དེ་གཉིས་མཉམ་དུ་ཕྱིན།
ད་འོ་ན་ཕུན་ཚོགས་གླིང་
༣ ཡང་རེ་ཞིག་སོང་བའི་ལམ་དུ་ཞི་མི་ཞིག་དང་ཕྲད། ཞི་མི་དེའང་རྒས་ནས་ ཙི་ཙི་འཛིན་རྒྱུའི་ནུས་པ་མེད་པར་གྱུར་སྟབས། བདག་པོས་གསད་རྩིས་ བྱས་ནས་མི་འབྲོས་ཐབས་མེད་བྱུང་བ་ཞིག་ཡིན་པ་རེད། བོང་བུས་ང་ཚོ་མཉམ་དུ་རོལ་མོ་བ་བྱེད་དུ་འགྲོ་ ཞེས་ཟེར་ནས་ཁོ་ཚོ་གསུམ་པོ་འགྲོགས་ནས་ལམ་དུ་ཕྱིན།
༤ བོང་བུས་ཁྱོད་ལ་སྐད་ཡག་པོ་འདུག ང་ཚོ་དང་མཉམ་དུ་རོལ་མོ་བ་བྱེད་ དུ་འགྲོ་ཞེས་སྨྲས་པར། མོས་མཐུན་བྱུང་བས། ཁོ་ཚོ་མཉམ་དུ་ ཕུན་ཚོགས་གླིང་གྲོང་རྡལ་དུ་ཕྱིན་པ་རེད། ཁོ་ཚོ་གསུམ་པོ་ཞིང་པའི་མི་ཚང་ཞིག་གི་སྒོ་འགྲམ་དུ་སླེབས་དུས་སྐད་ངན་
སྐྱོ་དོན་གང་ཡིན་དྲིས་པ་ལ།
མགྲོན་པོ་ཞིག་ལ་ཁ་ལག་གཏང་རྩིས་འདུག་པས།
སུ་སྐྱོ་ཞེས་བཤད།
འབྱིན་བཞིན་པའི་དེ་ཕོ་(བྱ་ཕོ་)ཞིག་དང་ཕྲད། བོང་བུས་ཁོ་རང་ལ་སེམས་པ་
དེ་ཕོ་དེས་བདག་པོས་སང་ཉིན་ང་བསད་ནས་
ང་སེམས་པ་མི་སྐྱོ་ན་
༥ ཁོ་ཚོ་བཞིས་ས་མ་རུབ་བར་དུ་ལམ་ལ་བསྐྱོད་ཀྱང་ཕུན་ཚོགས་ གླིང་གྲོང་རྡལ་དུ་མ་འབྱོར། དེ་ནུབ་ནགས་ཚལ་ཞིག་གི་ནང་དུ་ བསྡད་པ་རེད། བོང་བུ་དང་ཤ་ཁྱི་ནི་ཤིང་སྡོང་གི་འོག་ཏུ་ཉལ། ཞི་མི་ནི་ཤིང་སྡོང་གི་ཡལ་གའི་སྟེང་དུ་ཉལ། དེ་ཕོ་དེ་ནི་ཤིང་སྡོང་གི་སྟེང་དུ་ཉལ་བ་རེད།
༦ དེ་ཕོས་གཉིད་མ་ཁུག་གོང་ཕྱོགས་བཞིར་སོ་ལྟ་ཞིག་བྱེད་སྐབས། རྒྱང་རིང་ན་ འོད་འཚེར་བཞིན་པ་ཞིག་ཡོད་པ་མཐོང་། ཁོ་ཚོ་བཞི་པོ་གནས་དེར་བལྟ་རུ་ འགྲོ་རྒྱུར་གྲོས་མཐུན་བྱུང་ནས་འོད་འཚེར་བའི་ཕྱོགས་སུ་ཕྱིན་པས། ཁང་པ་ཞིག་གི་མདུན་དུ་སླེབས་པ་རེད།
༧ བོང་བུ་དང་ཞི་མི་གཉིས་ཀྱིས་སྒེའུ་ཁུང་ནས་བལྟས་པས་
ཁང་པའི་ནང་དུ་ཇག་པ་འགའ་ཤས་ཅོག་ཙེར་བསྐོར་ནས་ ཟ་འཐུང་རྒྱས་པོ་བྱེད་བཞིན་ཡོད་པ་མཐོང་།
བོང་བུས་ལག་པ་གཉིས་སྒེའུ་ཁུང་སྟེང་དུ་ བཞག་པ་དང་། བོང་བུའི་རྒྱབ་ལ་ཤ་ཁྱི་བཞོན། ཤ་ཁྱིའི་སྟེང་ལ་ཞི་མི་བསྡད། ཞི་མིའི་ སྟེང་དུ་དེ་ཕོ་ལངས་རྗེས་ མཉམ་དུ་སྐད་ཆེན་པོ་བརྒྱབ་ནས་ སྒེའུ་ཁུང་བརྟོལ་ཏེ་ནང་དུ་མཆོངས།
ཁོ་ཚོས་ཇག་པ་དེ་ཚོ་ཕྱིར་འབུད་བྱ་རྒྱུའི་ ཐབས་ཤིག་བྱེད་དགོས་བསམས་ནས།
༩ ཇག་པ་ཚོས་འཇིགས་དངངས་ཆེ་བའི་སྒྲ་དེ་ཐོས་མ་ཐག་ཏུ་ བདུད་ཀྱི་ཆོ་འཕྲུལ་བསྟན་པ་རེད་སྙམ་ནས་གར་སོང་ཆ་མེད་དུ་བྲོས། དེ་ནས་གྲོགས་པོ་བཞི་བོ་ཅོག་ཙེའི་མཐའ་འཁོར་དུ་བསྡད་དེ་ བཟའ་བཏུང་ལ་ལོངས་སྤྱོད་ཡིད་ཚིམས་པ་ཞིག་བྱས།
༡༠ དེ་ནས་ཁོ་ཚོས་སྒྲོན་མེ་བསད་དེ།
རྩྭ་སྤུངས་སྟེང་དུ་གཉིད་ཉལ།
ཉལ། ཞི་མི་ནི་ཐབ་ཀའི་ནང་དུ་ཉལ། དེ་ཕོ་གདང་བུའི་སྟེང་དུ་ ཉལ། ཁོ་ཚོས་ཉིན་གང་པོ་ལམ་དུ་ཕྱིན་པས་དཀའ་ལས་ཁག་པས་ལམ་སང་ གཉིད་ཁུག་པ་རེད།
བོང་བུ་ནི་
ཤ་ཁྱི་སྒོ་འགྲམ་དུ་

ནམ་ཕྱེད་ཡོལ་ཙམ་ལ་ཇག་པ་ཚོས་ཁང་ པའི་ནང་དུ་སྒྲོན་འོད་མེད་པ་མཐོང་ནས་མི་ གཅིག་མྱུལ་ཞིབ་ལ་མངགས།

༡༡
༡༢ ཇག་པ་དེས་ཐབ་ཚང་ནང་གི་ཞི་མིའི་མིག་དེ་མེ་རོ་རེད་སྙམ་ནས་མུ་ཟི་ ཕར་གཏད་དེ།
སྡེར་ཤད་བརྒྱབ་པས།
མེ་ལེན་གྲབས་བྱེད་སྐབས། ཞི་མིས་ཇག་པའི་གདོང་ལ་
ཇག་པ་ཞེད་ནས་སྡུག་སྐད་ཤོར།
༡༣ ཇག་པས་བྲོས་འགྲོ་དགོས་སྙམ་ནས་སྒོ་འགྲམ་དུ་ སླེབས་མ་ཐག དེར་ཉལ་བའི་ཤ་ཁྱིས་ཁོའི་རྐང་པར་རྨུགས། ཁོ་སྒོའི་ཕྱིར་འབྲོས་སྐབས་བོང་བུས་ཤེས་ནས་འཕྲ་རྡོག་བརྒྱབ།
༡༤ དེ་ནས་དེ་ཕོ་ཡང་གཉིད་འདྲོགས་ནས་གདང་སྟེང་ནས་ཇག་པའི་མགོ་ལ་ མཆུ་གཙགས་བརྒྱབ་པས།
ནགས་ཚལ་དུ་བྲོས།
ཇག་པ་ཞེད་ཐག་ཆོད་ནས་བླ་འཁྱེར་བ་ལྟར་
༡༥ ཇག་པ་དེས་ཇག་དཔོན་ལ་ཁང་པ་དེའི་ཐབ་ཀའི་ནང་ནས། བདུད་མོ་ཞིག་གིས་ ངའི་གདོང་ལ་སྡེར་ཤད་བརྒྱབ། སྒོ་འགྲམ་ནས་མི་ཞིག་གིས་ངའི་བརླ་ལ་གྲི་ བཙུགས། སྒོ་རའི་ནང་ནས་བདུད་རྒན་ཞིག་གིས་ང་ལ་ དབྱུག་པས་བརྡུངས། གདང་གའི་སྟེང་ནས་ འདྲེ་ཕྲུག་ཅིག་གིས་ངའི་མགོར་མདའ་ བརྒྱབ་བྱུང་བས། ང་བྲོས་ཡོང་བ་ཡིན་ ཞེས་བཤད།
༡༦ དེ་ནས་བཟུང་ཇག་པ་དེ་ཚོ་ཁང་པ་དེའི་ནང་འགྲོ་མ་ཕོད། བོང་བུ་ལ་སོགས་པ་རྣམས་ཁང་པ་དེའི་ནང་དུ་ གཏན་སྡོད་བྱས་ནས། ཕུན་ཚོགས་གླིང་ གྲོང་རྡལ་གྱི་རོལ་དབྱངས་ཚོགས་པ་ སྐད་གྲགས་ཅན་ཞིག་ཏུ་ གྱུར་པ་རེད།། །།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.