




༡ རྒྱལ་པོའི་གོས་གསར། མ་རྩོམ། (ཨན་ཐུའུ་ཧྲེང།) ༄༅། །གནའ་སྔ་མོ་རྒྱལ་པོ་ཞིག་ཡོད། ཁོ་གོས་གསར་པ་གྱོན་རྒྱུར་ཧ་ཅང་ དགའ་བས། ཉིན་རེ་ལ་གྱོན་གོས་གསར་པ་ལན་མང་རྗེ་དགོས་ཀྱི་ཡོད།


༢ ཉིན་ཞིག་མི་ཁྲམ་པ་གཉིས་སླེབས་ནས་ཁོ་གཉིས་ཀྱིས་འཛམ་ གླིང་སྟེང་གི་དར་གོས་མཛེས་ཤོས་འཐག་ཐུབ་ཅིང། དར་གོས་ ད ས་བཟོས་པའི་གྱོན་གོས་ནི་མི་མཁས་པས་ མ་གཏོགས་མཐོང་མི་ཐུབ་ཅེས་བཤད།


༣ རྒྱལ་པོ་ཤིན་ཏུ་དགའ་ནས་མི་ཁྲམ་པ་དེ་གཉིས་ལ་གླ་ཆ་མང་པོ་སྤྲད་དེ་གོས་འཐག་ ཏུ་བཅུག མི་ཁྲམ་པ་དེ་གཉིས་ཀྱིས་ཐགས་ཁྲི་གཉིས་བསྒྲིགས་ཤིང། རྒྱལ་པོའི་དྲུང་ ནས་བླངས་པའི་དར་སྐུད་དང་གསེར་སྐུད་སྤུས་ལེགས་རྣམས་བདག་གིར་བཟུང་ནས། འཐག་ཁྲི་སྟོང་པ་གཉིས་ཀྱི་སྟེང་དུ་ལས་ལ་བྲེལ་བ་ ཆེ་ཚུལ་གྱིས་གོས་འཐག་ཁུལ་བྱས།


༤ ཉིན་ཤས་རྗེས་སུ། རྒྱལ་པོས་རང་ ཉིད་ལ་བློ་དཀར་ཤོས་དང་ བློ་གྲོས་བཟང་ཤོས་ཀྱི་བློན་ཆེན་ ཞིག་ཡོད་པ་དེ་གོས་འཐག་ སར་བལྟ་རུ་མངགས་པ་བཞིན། བློན་ཆེན་གྱིས་ཐགས་འཐག་སར་ ཕྱིན་ཀྱང་ཅི་ཡང་མ་མཐོང་བས། ང་མི་བླུན་པོ་ཞིག་མ་ཡིན་ནམ་ བསམས་ནས་ཡ་མཚན་སྐྱེས།


༥ བློན་པོ་དེས་རང་ཉིད་ཀྱིས་གོས་མ་མཐོང་བའི་
འདོད་པ་དང།
འབུལ་དགོས་པས། མ་མཐོང་བཞིན་དུ་ཁྲམ་པ་ གཉིས་ཀྱིས་གོས་ཀྱི་ཚོས་གཞི་དང་ རི་མོའི་སྐོར་གསལ་བཤད་ བྱས་པར་གཟབ་ནན་གྱིས་ ཉན་དགོས་བྱུང་བ་རེད།
གནས་ཚུལ་དེ་གཞན་ལ་ཤེས་སུ་འཇུག་མ་
དེ་མིན་རྒྱལ་པོ་ལའང་སྙན་སེང་


༦ ཡང་ཉིན་ཤས་འགོར་རྗེས། རྒྱལ་པོས་ གཞུང་དྲང་ལ་བློ་དཀར་བའི་བློན་པོ་ གཞན་པ་ཞིག་གོས་ལ་ལྟ་རུ་མངགས། བློན་པོ་དེས་ཀྱང་ཐགས་ཁྲི་སྟོང་པ་ མ་གཏོགས་གང་ཡང་མ་མཐོང།


༧ བློན་པོ་དེས་ཀྱང་རང་ཉིད་ཀྱིས་གོས་མ་མཐོང་བས་བླུན་པོ་
རེད་ཟེར་བར་དོྭགས་ནས། མ་མཐོང་མཐོང་མདོག་གིས་ བསྔགས་བརྗོད་ལུང་པ་གང་བྱས།


༨ དེ་ནས་རྒྱལ་པོ་རང་ཉིད་སྐུ་དངོས་སུ་གོས་བཟང་དེ་ལ་བལྟ་འདོད་ཆེན་པོ་ སྐྱེས་ཏེ། བློན་འཁོར་དང་མཉམ་དུ་ཐགས་ཁང་དུ་ཕྱིན། གཡོ་སྒྱུ་ཆེ་བའི་ ཁྲམ་པ་གཉིས་ཀྱིས་ཐགས་ཁྲི་སྟོང་པའི་མདུན་དུ་དཀའ་ལས་ ཆེན་པོས་ལས་ལ་བརྩོན་བཞིན་ཡོད།


༩ སྔོན་དུ་བཏང་བའི་གཞུང་དྲང་ཤོས་ཡིན་ཟེར་བའི་བློན་ཆེན་གཉིས་ཀྱིས་ རྒྱལ་པོའི་མདུན་ན་མཐོང་རྒྱུ་མེད་པའི་གོས་དེ་ལ་བསྔགས་བརྗོད་བྱས། རྒྱལ་པོས་ཀྱང་གང་ཡང་མ་མཐོང་རུང། གཞན་གྱིས་རང་ཉིད་ བླུན་པོར་རྩིས་འོང་བསམས་ནས། བློ་ཡིད་ཚིམས་མདོག་བསྟན། །


༡༠ དེ་ནས་མི་ཡོད་ཚད་ཚང་མས་གོས་ལ་བསྟོད་བསྔགས་བྱས་ ལ། དེས་མ་ཚད་གཟབ་རྒྱས་ཆེ་བའི་ཁྲོམ་སྐོར་མཛད་སྒོའི་ སྟེང་དུ་རྒྱལ་པོས་གོས་བཟང་གྱོན་ན་ཡག་པ་ལ་ཞེས་ཞུས། རྒྱལ་པོ་ཤིན་ཏུ་དགའ་ནས་ཁྲམ་པ་གཉིས་ལ་ བྱ་དགའ་ཆེན་པོ་སྤྲད་པ་རེད།


༡༡ ཁྲོམ་སྐོར་མཛད་སྒོའི་སྔ་ནུབ་ཏུ་ཁྲམ་པ་གཉིས་ཀྱིས་གཡོ་སྒྱུས་མཚན་གང་པོར་ལས་ ལ་བྲེལ་ཁུལ་བྱས་མཐར། རྒྱལ་པོའི་གོས་གསར་བཟོས་ཚར་ཡོད་ཅེས་བཤད། ཕྱི་ཉིན་ཞོགས་པར་རྒྱལ་པོས་བློན་པོ་རྣམས་ ཁྲིད་དེ་སླེབས་པ་རེད།


༡༢ ཁྲམ་པ་གཉིས་ཀྱིས་ལག་པ་ཡར་བཀྱགས་ནས། གཟིགས་དང། ན་བཟའི་ཕྱི་ནང་སྟོད་སྨད་འདི་ཚོ་མཛེས་པ་ལ། སྡོམ་ནག་གི་ རྒྱ་ལྟ་བུའི་གོས་སྤུས་ཚད་བཟང་བ་ལ་ཞེས་བཤད། མི་རྣམས་ཀྱིས་ཀྱང་གང་ཡང་མ་མཐོང་རུང་ མགྲིན་གཅིག་ཏུ་བསྟོད་བསྔགས་བྱས།


༡༣ ཁྲམ་པ་གཉིས་ཀྱིས་རྒྱལ་པོར་ལུས་ཀྱི་གོས་རྣམས་ཕུད་རོགས་བྱས་རྗེས། ཡང་གོས་གསར་པ་གཡོག་ཁུལ་དང་སྐེ་རགས་འཆིང་ཁུལ་བྱས།
དེར་ཡོད་ མི་ཚང་མས་རྒྱལ་པོའི་ན་བཟའ་འདི་ མཛེས་པ་ལ། དངོས་གནས་དྲང་གནས་འཛམ་གླིང་གི་གོས་ཀྱི་རྩེ་ཕུད་རང་རེད་ཅེས་འུར་བསྟོད་བྱས།


༡༤
ཁྲོམ་སྐོར་མཛད་སྒོར་རྒྱལ་པོ་གཅེར་བུར་བཞུགས་ཀྱང།
མི་ཚང་མས་རང་ཉིད་བླུན་པོ་མིན་པའི་རྟགས་སྟོན་ཕྱིར། ཨ་ཙི་ཙི། རྒྱལ་པོའི་ན་བཟའ་གསར་པ་འདི་འདྲའི་ མཛེས་པ་ལ་ཨང། ཞེས་ཤོད་དགོས་བྱུང།


༡༥ སྐབས་དེར་ཕྲུ་གུ་ཞིག་གིས་རྒྱལ་པོའི་ལུས་ལ་གང་ཡང་གྱོན་མི་འདུག་ ཅེས་བཤད་པ་དང། མི་རྣམས་ཀྱིས་ཕྲུ་གུ་དེའི་སྐད་ཆ་གོ་བས་ ཅི་ཡིན་གང་ཡིན་ལབ་གླེང་བྱེད་འགོ་བརྩམས་པ་དང། རྒྱལ་པོ་རང་ཡང་བྱེད་སྟངས་ མི་ཤེས་པ་ལྟ་བུར་གྱུར།


༡༦ དེ་ལྟར་ཡང་རྒྱལ་པོའི་སེམས་ལ་ཁྲོམ་སྐོར་མཛད་སྒོ་མཚམས་འཇོག་ མི་རུང་སྙམ་ནས།
མདུན་ནས་མདུན་དུ་སྐྱོད་དགོས་བྱུང་བ་རེད།། །།
ཉམས་ཆེན་པོས་མི་ཚོགས་ཀྱི་འཕྱ་དགོད་ཁྲོད་དུ་

༡༥
