༡ ༄༅། །གནའ་སྔ་མོ་སྔ་མོ་བར་སྣང་དུ་ཉི་མ་བཅུ་ཡོད། ཁོ་ཚོ་ནི་ལྷའི་དབང་པོའི་བུ་རྐྱང་རྐྱང་ཡིན། (མ་རྩོམ། སུའི་ཡིན་མ་ཤེས།) དབྱི་ཡིས་ཉི་མ་བཏུལ་བ།
༢ ཉི་མ་སྤུན་ཟླ་བཅུ་པོ་རྣམས་འོ་མའི་མཚེའུ་ཞིག་གི་ནང་དུ་སྡོད་ཀྱི་ཡོད། ལྷའི་དབང་པོས་ཉིན་ལྟར་ཁོ་ཚོ་བཅུ་ནས་རེ་རེ་སའི་གོ་ལ་ལ་ འོད་དང་དྲོད་སྤྲོད་ཆེད་དུ་མཚེའུ་དེའི་ཕྱིར་གཏོང་གི་ཡོད། ལས་རེས་ལ་འཁེལ་བའི་ཉི་མ་དེས། ཞོགས་པ་ནས་ དགོང་མོ་བར་ལམ་ལ་འགྲོ་བཞིན། ཡངས་པའི་ ས་གཞི་ལ་འོད་དང་དྲོད་སྤྲོད་ཀྱི་ཡོད།
༣ འོན་ཀྱང་ཉིན་ཞིག བསྟན་བཤིག་ཚ་བའི་ ཉི་མ་སྤུན་མཆེད་རྣམས་དུས་གཅིག་ལ་ ནམ་མཁར་ཤར་བས། མི་རྣམས་ལ་ གནོད་འཚེ་ཆེན་པོ་ཕོག་པ་རེད། གནམ་གཤིས་ནི་མེ་ཡི་ཐབ་དང་ འདྲ་བར་ཧ་ཅང་གི་ཚ་བར་གྱུར་ལ། ས་གཞི་ནི་ཉི་མའི་དྲོད་ཀྱིས་སྐམ་ དྲགས་ནས་སེར་ཀ་ཡང་གས་ཡོང་གི་ཡོད། ལོ་ཏོག་དང་རྩྭ་དང་རྩི་ཤིང་ཐམས་ཅད་སྐམ་པ་རེད།
༤ ཉིན་གཅིག ལྷའི་དབང་པོས་རང་ཉིད་ཀྱི་བློན་པོ། མདའ་མཁན་ཟེར་བ་ཁོང་མི་ཡུལ་དུ་བཏང་སྟེ། ཁ་ལ་ མི་ཉན་པའི་བུ་བཅུ་པོར་བསླབ་བྱ་བཙན་པོ་ཞིག་བྱེད་བསམས་པ་རེད། ལྷའི་དབང་པོས་རང་ཉིད་ཀྱི་བུ་ བཅུ་པོ་ལ་བསླབ་བྱ་བརྒྱབ་ཀྱང་། བུ་ཉི་མ་བཅུ་པོས་གཏན་ནས་ ཉན་གྱི་མེད།
༥ དབྱི་ནི་མདའ་མཁས་པོ་ཞིག་ཡིན། ཁོ་མི་ཡུལ་དུ་སླེབས་པ་དང། མི་སེར་རྣམས་ ཉི་མ་སྤུན་བཅུའི་ཚ་བའི་སྡུག་བསྔལ་བཟོད་གླགས་ མེད་པ་མྱོང་བཞིན་ཡོད་པ་མཐོང་བས། ཁོང་ཁྲོ་ མེ་ལྕེ་ལྟར་འབར། ཁོས་ཉི་མ་སྤུན་མཆེད་བཅུ་པོ་ རྣམས་ལ་མྱུར་དུ་ཁྱིམ་དུ་ལོག་དགོས་པ་ལས། འདིར་ གང་བྱུང་མང་བྱུང་བྱེད་མིང་རུང་ཞེས་ཁ་ཏ་བྱས་ཀྱང། ཉི་མ་སྤུན་མཆེད་བཅུ་པོས། དབྱི་ལ་ཁ་ཡ་ཙམ་ཡང་ མ་བྱས།
༦ དབྱི་ཡིས་ལྷའི་གཞུ་བཀང་ནས་སྐད་ཆེན་པོས། ཁྱོད་ཚོ་ལོག་མི་འགྲོ་ན་ངས་མདའ་འཕེན་རྒྱུ་ཡིན་ ཞེས་བཤད། ཉི་མ་སྤུན་མཆེད་ཚོས་སྐད་ཤུགས་ ཆེན་པོས་གད་མོ་དགོད་བཞིན།
༧ མི་ཁྱོད་ཀྱི་རྫིག་གཏམ་ཆེ་བ་ ལ ། ང་ཚོར་ཇུས་གཏོགས་བྱེད་ ཕོད་དམ་ཞེས་ལན་བཏབ་བོ། །
༨ དབྱི་ཡིས་འབངས་མི་སེར་གྱི་དགྲ་བོ་དེ་རྣམས་མེད་པ་བཟོ་དགོས་བསམས་ནས། མདའ་གཅིག་བར་སྣང་གི་ཉི་མ་གཅིག་ལ་གཏད་དེ་འཕངས་པ་ན། ལྡིར་སྒྲ་ཆེན་པོ་ ཞིག་གྲགས་པ་དང་མཉམ་དུ། མེ་ཕུང་ཞིག་གནམ་ནས་མར་ལྷུང་བྱུང་བ་དང་། མེ་ཕུང་དེ་ནི་ཕོ་རོག་རྐང་གསུམ་པ་ཞིག་ཏུ་གྱུར། དོན་དམ་དུ་དེ་ནི་ཉི་མའི་རང་གཟུགས་ ངོ་མ་དེ་ཡིན།
༩ མི་རྣམས་ཀྱིས་བར་སྣང་ནས་ཉི་མ་གཅིག་ཉུང་དུ་ཕྱིན་བ་མཐོང་ནས་ ཚང་མས་དགའ་འབོད་ཞུས། དབྱི་ཡིས་ཡང་བསྐྱར་གཞུ་འཐེན་ནས་ མདའ་མོ་རེ་རེ་བཞིན་མཁའ་དབྱིངས་སུ་འཕངས་པས། དབུགས་ཐེངས་གཅིག་ལ་ཉི་མ་དགུ་ མར་ཕབ་པ་རེད།
༡༠ བར་སྣང་དུ་ཉི་མ་གཅིག་རང་ལས་ལྷག་མེད་དུས།
མདའ་འཕེན་མཚམས་བཞག་ནས་ཉི་མ་གཅིག་པུ་དེ། མི་རྣམས་ལ་འོད་དང་དྲོད་སྤྲོད་མཁན་དུ་བཞག་པ་རེད།
དབྱི་ཡིས་
༡༡ ཉི་མ་མཐའ་མ་དེ་ནི་ཉི་མ་སྤུན་བཅུ་ལས་ཆུང་ཤོས་ དེ་ཡིན་ཞིང་། དེས་ཕུ་བོ་རྣམས་མདས་འབེབས་པ་ མཐོང་སྐབས་འཇིགས་སྣང་ཆེན་པོ་སྐྱེས། དེ་ནས་བཟུང་ཏན་ཏན་ཏིག་ཏིག་ངང་ ཉིན་ལྟར་ཞོགས་པར་ཤར་ཕྱོགས་ནས་འཆར་ཞིང་། དགོང་མོ་ནུབ་ཕྱོགས་སུ་ ནུབ་ཀྱི་ཡོད།
༡༢ དབྱི་ཡིས་ལྷའི་དབང་པོའི་བུ་དགུ་བསད་པས། ལྷའི་དབང་པོས་ཁོ་ལྷ་ཡུལ་ལ་ ལོག་ཏུ་བཅུག་མེད། འོན་ཀྱང་ མི་རྣམས་ཀྱི་སེམས་སུ་ དབྱི་ནི་ནམ་ཡང་བྱས་རྗེས་ཆེ་བའི་ དཔའ་བོ་ཞིག་ལ་ངོས་ འཛིན་གྱི་ཡོད།། །།