སྲས་མོ་མེ་ཏོག་ལྷ་མཛེས།

Page 1

༡ སྲས་མོ་མེ་ཏོག་ལྷ་མཛེས།མ་རྩོམ། (ཨན་ཐུའུ་ཧྲེང་།) ༄༅། །གནའ་སྔ་མོ་ས་ཐག་རིང་པོ་ཞིག་ཏུ་རྒྱལ་པོ་ཞིག་ཡོད་པ་ དེར་སྲས་བཅུ་གཅིག་དང་སྲས་མོ་གཅིག་ཡོད། སྲས་མོའི་མིང་ལ་ སྲས་མོ་མེ་ཏོག་ལྷ་མཛེས་ཟེར། ཁོ་ཚོ་དགའ་སྐྱིད་ཀྱི་འཚོ་བར་ རོལ་བཞིན་ཡོད།
༢ རྗེས་སུ་རྒྱལ་པོས་བུད་མེད་གདུག་རྩུབ་ཅན་ཞིག་ བཙུན་མོར་བླངས། བཙུན་མོ་དེ་ཕྲུ་གུ་ཚོར་ཤིན་ཏུ་ སྡང་བས། སྲས་མོ་མེ་ཏོག་ལྷ་མཛེས་ གྲོང་གསེབ་ཏུ་བསྐྱལ་བ་དང་། རྒྱལ་སྲས་ཚོར་མཐུ་བཏབ་ནས་ ངང་པར་བསྒྱུར་རྗེས་ ཕོ་བྲང་ནས་བུད་པ་རེད།
༣ སྲས་མོ་མེ་ཏོག་ལྷ་མཛེས་རིམ་བཞིན་ནར་སོན་ཞིང་དུས་རྟག་ཏུ་བརྩེ་བའི་ གཅེན་པོ་ཚོ་དྲན།
ཕྱིར་ལོག སྲས་མོ་མེ་ཏོག་ལྷ་མཛེས་སྐྱེ་གཟུགས་ ལེགས་པོ་ཡོད་པས་བཙུན་མོར་ ཕྲག་དོག་ཆེན་པོ་སྐྱེས།
མོ་ལོ་བཅོ་ལྔར་སོན་པའི་ལོ་དེར་ཁོ་མོ་ཕོ་བྲང་དུ་
༤ བཙུན་མོ་གདུག་རྩུབ་ཅན་དེས་སྦལ་པ་གསུམ་སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་ཁྲུས་གཞོང་ ནང་དུ་བཞག་ནས། སྲས་མོ་མེ་ཏོག་ལྷ་མཛེས་མདོག་ཉེས་ཤིག་ཏུ་བསྒྱུར་འདོད་ཀྱང། སྲས་མོ་མེ་ཏོག་ལྷ་མཛེས་ནི་བྱམས་སེམས་ཤིན་ཏུ་ཆེ་བས་གདོན་གྱི་ མཐུས་གནོད་མ་ཐུབ།
༥ སྲས་མོ་མེ་ཏོག་ལྷ་མཛེས་སེམས་པ་ཤིན་ཏུ་སྐྱོ་ནས་ ངུ་བཞིན་ཕོ་བྲང་དང་ཁ་བྲལ་ཏེ་གཅེན་པོ་རྣམས་འཚོལ་དུ་ཕྱིན། བཙུན་མོ་གདུག་རྩུབ་ཅན་དེས་སླར་ཡང་ སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་གདོང་ལ་ དྲི་ངན་ཅན་གྱི་རྫས་བྱུགས་པས། རྒྱལ་པོས་ཀྱང་རང་གི་མཛེས་པའི་ སྲས་མོ་དེ་ངོ་མི་ཤེས་པར་གྱུར།
བཅུ་གཅིག་ཡོད་སྐོར་བཤད་པས། རིགས་བཟང་གི་སྲས་མོ་ ཁོང་རྒྱ་མཚོའི་འགྲམ་དུ་ཕྱིན། ཉི་མ་ནུབ་ཁར་ཁོ་མོས་ངང་པ་ དེ་ཚོ་མཐོང་ཞིང། ངང་པ་རྣམས་ས་ལ་བབས་མ་ཐག་ཏུ་ ལུས་ཀྱི་བྱ་སྒྲོ་ཚང་མ་ཕུད་དེ་སྐྱེས་འབྲས་རབ་ཏུ་ མཚར་བའི་རྒྱལ་སྲས་བཅུ་གཅིག་ཏུ་གྱུར་ཏོ། །
སྲས་མོ་མེ་ཏོག་ལྷ་མཛེས་ནགས་ཚལ་སྟུག་པོ་ཞིག་གི་ཁྲོད་ ནས་འགྲོ་སྐབས་གློ་བུར་དུ་རྨོ་བོ་ཞིག་དང་འཕྲད་པ་རེད། རྨོ་བོ་ དེས་རྒྱ་མཚོའི་འགྲམ་ན་མགོ་ན་གསེར་ཏོག་ཡོད་པའི་ངང་པ་
ཁོ་ཚོ་ཕན་ཚུན་འཐམས་ནས་དགའ་སྐྱོའི་སྙིང་གཏམ་བརྗོད། དེ་ནས་སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་གཅེན་པོ་ཚོ་ ཕྱི་ཉིན་གནས་འདི་ནས་བྲལ་རྒྱུ་ཡིན་པ་ཤེས་རྗེས་ ཁོང་ཚོར་རང་ཉིད་མཉམ་དུ་འཁྲིད་རོགས་ཞུས།
སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་ལམ་སང་དེ་ཚོ་རང་ཉིད་ཀྱི་ གཅེན་པོ་རྣམས་ཡིན་པ་ཤེས། རྒྱལ་སྲས་ཚོས་ཀྱང་གཅུང་ མོ་འཚར་ལོངས་བྱུང་བ་མཐོང་རྗེས་དགའ་སྤྲོ་ཆེན་པོ་སྐྱེས།
༨ གཅེན་པོ་ཚོས་མཚན་མོ་དེར་ལྕང་མའི་ལྕུག་ཕྲན་གྱིས་དྲ་བ་ཆེ་ལ་སྲ་བ་ ཞིག་བསླས། ཉི་མ་ཤར་བ་དང་གཅེན་པོ་ཚོ་ངང་པར་གྱུར་ནས་གཅུང་མོ་ དྲ་བའི་ནང་བཏེགས་ནས་མཁའ་དབྱིངས་སུ་འཕུར།
ཁོང་ཚོ་མཚོ་དཀྱིལ་གྱི་བྲག་རྡོ་ཞིག་ཏུ་བབས་ནས་ངལ་གསོ་བྱས།
མུན་མ་རུབ་གོང་ལ་
༩ ཕྱི་ཉིན་ཁོ་ཚོ་མུ་མཐུད་དེ་འཕུར་ནས་བསྐྱོད། ཉི་མ་ནུབ་ཁར་ཁོང་ཚོ་ གཞི་ནས་རྒྱ་མཚོའི་ཕ་རོལ་ཏུ་སླེབས་ནས་བྲག་ཕུག་ཅིག་གི་ མདུན་དུ་བབས། གཅེན་པོ་ཚོས་གཅུང་མོ་ལ་འདི་ནི་ ང་ཚོའི་སྡོད་གནས་ཡིན་ཟེར། དེ་ནས་གཉིད་སྐྱིད། རྨི་ལམ་འཇམ། ཞེས་བརྗོད་ནས་ཚང་མས་ གཉིད་ཉལ་ནས་ངལ་གསོ་བྱས་སོ།།
༡༠ མཚན་མོར་སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་ རྨི་ལམ་དུ་ལྷ་མོ་ཞིག་རྨིས་ནས། ལྷ་མོ་དེས། ཁྱོད་ལ་གཅེན་པོ་ ཚོ་སྐྱོབ་ཐུབ་པའི་ཐབས་ཤེས་ཤིག་ ཡོད། དེ་ནི་ཁྱོད་ཀྱི་གསོ་མ་འདི་ཚོ་ སྤྱད་དེ་སྟོད་གོས་བཅུ་གཅིག་སློས་དང། གསོ་མའི་སྟོད་གོས་དེ་ཚོ་གཅེན་པོ་ཚོས་ གྱོན་ན་མིའི་གཟུགས་སུ་འགྱུར་ཐུབ། འོན་ཀྱང་ཁྱོད་ཀྱིས་ལས་མཇུག་མ་སྒྲིལ་ བར་དུ་སྐད་ཆ་ཚིག་གཅིག་ཀྱང་ཤོད་མི་ཉན། ཁྱོད་ཀྱི་ཁ་ནས་ཤོར་བའི་སྐད་ཆ་ཚིག་རེ་རེས་ གཅེན་པོ་ཚོའི་སྙིང་ཁར་སྤུ་གྲི་བསྣུན་པ་དང་མཚུངས་ཞེས་བཤད་དོ། །
༡༡ སྲས་མོ་མེ་ཏོག་ལྷ་མཛེས་གཉིད་ལས་སད་རྗེས། མགྱོགས་པོར་བྲག་ཕུག་གི་སྒོར་ རྒྱུགས་ཡོང་ནས་གསོ་མ་རྣམས་བཏུས། གཅེན་པོ་ཚོ་སྐྱོབ་པའི་ཆེད་དུ་ཁོ་མོས་ དཀའ་ལས་གང་ཡང་ཁྱད་དུ་གསོད་ཐུབ་ངེས་རེད། ཉིན་མོར་གཅེན་པོ་ཚོ་ ངང་པར་གྱུར་ནས་འཕུར་ཤུལ་དུ་སྲས་མོ་ མེ་ཏོག་ལྷ་མཛེས་ཀྱིས་བར་མཚམས་ མེད་པར་གསོ་མའི་སྟོད་གོས་ རེ་རེ་བཞིན་སླ་ཡི་ཡོད།
༡༢ ཉིན་ཞིག་རྒྱལ་སྲས་ལང་ཚོ་དར་ལ་བབས་པ་ཞིག་གིས་གཡོག་འཁོར་དང་ བཅས་པ་ཁྲིད་ནས་རི་དྭགས་རྔོན་དུ་ཡོང་ནས་སྲས་མོ་མེ་ཏོག་ལྷ་མཛེས་དང་ འཕྲད། རྒྱལ་སྲས་དེས་ཁྱོད་ངའི་མཉམ་དུ་འགྲོ་དང། ངས་ཁྱོད་ལ་ གསེར་ཞྭ་བསྐོན་ཆོག་ཅེས་བཤད་ཀྱང། སྲས་མོ་མེ་ཏོག་ལྷ་མཛེས་ཀྱི་ མིག་ལ་མིག་ཆུ་འཁོར་བཞིན་སྐད་ཆ་ཚིག་གཅིག་ཀྱང་ཤོད་མ་ཕོད།
༡༣
རྒྱལ་པོའི་ཕོ་བྲང་དུ་ཁྲིད་དེ། ཁོ་མོར་གསོ་མས་ གང་བའི་གཟིམ་ཆུང་ཞིག་བཀོད་སྒྲིག་བྱས། སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་ཉིན་མཚན་ མེད་པར་གསོ་མའི་སྟོད་གོས་བསླས་ཏེ་ བསྡད། དེ་ལྟར་སྟོད་གོས་ བདུན་པ་བཟོ་དུས་གསོ་མ་ རྫོགས་པ་རེད།
རྒྱལ་སྲས་དེས་མཛེས་པའི་སྲས་མོ་མེ་ཏོག་ལྷ་མཛེས་
༡༤ མཚན་མོ་ཞིག་སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་ལྐོག་འཇབ་བྱས་ནས་དུར་ཁྲོད་དུ་གསོ་ མ་སྒྲུག་ཏུ་འགྲོ་བ་ཆོས་དཔོན་གྱིས་མཐོང་ནས། གནས་ཚུལ་དེ་རྒྱལ་པོར་སྙན་སེང་ཞུས། དེས་མ་ཚད་ཆོས་དཔོན་གྱིས། སྲས་མོ་མེ་ཏོག་ལྷ་མཛེས་ནི་བདུད་མོ་ཞིག་རེད་འདུག་ ཅེས་སྐུར་བ་བཏབ། རྒྱལ་པོས་གནས་ཚུལ་དེ་ཐོས་ཏེ། འདོད་མོས་མེད་ལ་སེམས་པའང་ སྐྱོ་བཞིན་དུ་སྲས་མོ་མེ་ཏོག་ལྷ་མཛེས། མེར་སྲེག་གཏོང་དགོས་པའི་ སྲོག་ཁྲིམས་མི་གཅོད་ཐབས་མེད་བྱུང་བ་རེད།
༡༥ ཡུལ་མི་ཐམས་ཅད་ཕོ་བྲང་གི་རྒྱལ་སྒོའི་ཕྱི་རོལ་ཏུ་གདོན་མོ་སྲས་མོ་མེ་ཏོག་ལྷ་མཛེས་ མེར་སྲེག་གཏོང་བར་ལྟ་རུ་འཛོམས། སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་ཁྲིམས་རར་ འགྲོ་བའི་ལམ་བར་དུ་ཡང་། གསོ་མའི་སྟོད་གོས་སླ་མཚམས་བཞག་མེད་ལ། ཁོ་མོའི་འཁྲིས་སུ་བསླས་ཟིན་པའི་སྟོད་གོས་བཅུ་ཐམ་པ་ཡང་བཞག་ཡོད། དུས་དེར་གློ་བུར་དུ་ངང་པ་བཅུ་གཅིག་འཕུར་ཡོང་ནས་ གཤོག་འགྱུར་རྒྱག་བཞིན་ཤིང་རྟའི་ཐོག་ཏུ་བབས་སོ། །
༡༦ སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་སྟོད་གོས་རྣམས་ངང་པ་ཚོའི་ཕྱོགས་སུ་ གཡུགས་མ་ཐག་ཁོ་ཚོ་རྒྱལ་སྲས་བཅུ་གཅིག་ལ་གྱུར།
ཆུང་བའི་སྟོད་གོས་ཀྱི་ཕུ་ཐུང་ཡ་གཅིག་བསླས་ཚར་མེད་པའི་ རྐྱེན་གྱིས་ཁོའི་གཤོག་པ་ཡ་གཅིག་ལྷག་པ་རེད། དེ་ནས་སྲས་མོ་མེ་ཏོག་ལྷ་མཛེས་ཀྱིས་ད་ངས་སྐད་ཆ་བཤད་ཆོག ང་ལ་ཉེས་པ་མེད་ཅེས་རྒྱུ་མཚན་ཚང་མ་བཤད་པ་རེད།
འོན་ཀྱང་རྒྱལ་སྲས་
༡༧ དེ་ནས་ལྷ་ཁང་ནང་གི་ཆོས་དྲིལ་ཚང་མ་བརྡུངས་བ་དང། རྒྱལ་པོས་གཉེན་སྟོན་ གྱི་མཛད་སྒོ་རྒྱ་ཆེན་པོ་ཞིག་བསྐོངས་ནས། རབ་ཏུ་མཛེས་པའི་སྲས་མོ་མེ་ཏོག་ ལྷ་མཛེས་ནི་རྒྱལ་ཁབ་འདིའི་བཙུན་མོར་གྱུར་བ་མ་ཟད། གཅེན་པོ་བཅུ་གཅིག་པོ་ཡང་རྒྱལ་པོའི་ཕོ་བྲང་དུ་ བསྡད་དེ་ཚེ་གང་པོར་གཅུང་མོ་དང་མཉམ་སྡོད་བྱ་རྒྱུ་བྱུང་བ་རེད་དོ།། །།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.