༼མ་རྩོམ། ཀེ་ལིན། (འཇར་མན།)༽ རྒྱལ་སྲས་སྦལ་པ། ༄༅། །གནའ་སྔ་མོ་རྒྱལ་པོ་ཞིག་ལ་སྲས་མོ་གསུམ་ ཡོད་པ་ལས། སྐུ་གཟུགས་མཛེས་ཤོས་ནི་ སྲས་མོ་ཆུང་ཤོས་དེ་ཡིན། ༡
ཐེངས་ཤིག་སྲས་མོའི་གསེར་གྱི་གྲུ་གུ་དེ་ ཁྲོན་པའི་ནང་དུ་ཟགས་པ་རེད། གསེར་གྱི་གྲུ་གུ། རྒྱལ་པོའི་ཕོ་བྲང་ཉེ་འགྲམ་གྱི་ ནགས་ཚལ་དུ། ཁྲོན་པ་གཏིང་རིང་པོ་ ཞིག་ཡོད། ནམ་རྒྱུན་ནས་སྲས་མོ་ ཆུང་བ་དེ། ཁྲོན་པའི་འགྲམ་དུ་རྩེད་མོ་ རྩེ་ཡི་ཡོད། ༢
ཕངས་ནས་ངུ་ཤོར། སྐབས་དེར་ཁྲོན་པའི་
༣
ཞེས་སྐད་ཆ་དྲིས་པ་རེད།
སྲས་མོས་གྲུ་གུ་ལེན་མ་ཐུབ་པས་
ནང་དུ་ཡོད་པའི་སྦལ་པ་ཞིག་གིས། “སྲས་མོ་སྐུ་ཞབས། ཁྱེད་བཤུམ་དོན་གང་ཡིན་ནམ།”
སྲས་མོས་རྒྱུ་མཚན་རྣམས་སྦལ་པར་ བཤད་པས། སྦལ་པས། “ངས་ཁྱེད་ལ་
༤
གྲུ་གུ་ལེན་རོགས་བྱས་ཆོག ཁྱེད་ཀྱིས་
ཞེས་དྲིས་པར། སྲས་མོས་ལན་དུ་ “ཁྱོད་ལ་གཡུ་དང་བྱུ་རུ་སོགས་རིན་པོ་ཆེ་ ག་རེ་དགོས་ཀྱང་ངས་སྤྲད་ཆོག” ཅེས་བརྗོད་པ་རེད།
ང་ལ་རྔན་པ་ག་རེ་སྟེར་གྱི་ཡིན་ནམ་”
སྦལ་པས་“ང་ལ་དེ་ཚོ་མི་དགོས། ང་ཁྱེད་རང་གི་རྩེད་ རོགས་བྱེད་འདོད་ཡོད་པས། ཁྱེད་རང་ ང་དང་མཉམ་དུ་འགྲོགས་རྒྱུ་ ཁས་བླངས་ན་ངས་གྲུ་གུ་ ལེན་རོགས་བྱེད་ཅེས་” བཤད་པ་དང་། ༥ སྲས་མོས་བསམ་བློ་མང་པོ་མ་བཏང་ནས་ ཁས་ལེན་བྱས་པ་དང།
༦
གྲུ་གུ་ཚུར་བླངས་རྗེས་ཕྱིར་རྒྱུགས་ཡོང་སྐབས། སྦལ་པས་ཝ་ཡེ། “ཏོག་ཙམ་སྒུགས་དང། ང་མཉམ་དུ་ ཁྲིད་རོགས་”ཞེས་སྐད་བརྒྱབ་ཀྱང། སྲས་མོས་ཁ་ཡ་མ་ བྱས་པར་ནང་དུ་ལོག་པ་རེད།
ལམ་སེང་སྦལ་པས་ཁྲོན་པའི་ནང་དུ་མཆོངས་ནས། གསེར་གྱི་གྲུ་གུ་བླངས་ཏེ་སྲས་མོར་སྤྲད། སྲས་མོས་
༧ སུ་ཡིན་ཧ་མི་གོ་བའི་མི་ཞིག་གིས། ཕོ་བྲང་གི་སྒོ་བརྡུངས་ ནས་ “སྲས་མོ་སྐུ་ཞབས། སྒོ་ཕྱེ་རོགས་གནང་དང་།” ཞེས་སྐད་རྒྱག་པ་གོ་བ་རེད། སང་ཉིན་དེ་ལ་སྲས་མོ་དང་རྒྱལ་པོ། ཞོགས་ཟས་ཟ་བཞིན་པའི་སྐབས།
༨ སྲས་མོས་སྒོ་ཕྱེ་ནས་ ལྟ་དུས། སྦལ་པ་དེ་ སྒོ་འགྲམ་དུ་སླེབས་ ཡོད་པ་མཐོང་བས། ཁ་ཡ་ཙམ་ཡང་མ་བྱས་པར་ལམ་སང་སྒོ་བརྒྱབ་པ་རེད།
༩ རྒྱལ་པོས་སྲས་མོ་དངངས་འཚབ་ སྐྱེས་པའི། རྣམ་འགྱུར་མཐོང་ནས་ ཨ་ཕའི་བུ་མོ། ཁྱོད་དངངས་འཚབ་ སྐྱེ་དོན་ཅི་ཡིན་ཞེས་དྲིས་པ་ལ། སྲས་མོས་ཁ་སང་ཉིན་བྱུང་བའི་ དོན་དག་ཚང་མ་རྒྱལ་པོར་ཞུས། སྐབས་དེར་སྦལ་པས་སླར་ཡང་སྒོ་བརྡུངས་བྱུང་བ་རེད།
༡༠ སྲས་མོས་མི་འདོད་བཞིན་དུ་སྒོ་ཕྱེ་ནས་སྦལ་པ་དེ་ནང་ལ་ བསུ་དགོས་བྱུང། རྒྱལ་པོས་ད་ཁྱོད་ཀྱིས་ ཁས་བླངས་པ་དེ་བདེན་པ་ ཡིན་ན། ཁ་བཤད་ཚིག་ལ་ གནས་དགོས་ཞེས་ གསུངས་པས།
༡༡ སྲས་མོས་སྦལ་པས་བཤད་པ་ལྟར་བྱས་ནས། སྦལ་པས་ རོ་བཅུད་ལྡན་པའི་ཟས་ལ་ལོངས་སྤྱོད་བྱས། འོན་ཀྱང་སྲས་མོ་དེ་མི་དགའ་བར་གྱུར། སྦལ་པས་སྲས་མོ་སྐུ་ཞབས། ཁྱེད་ཀྱི་གསེར་སྡེར་ཚུར་ སྤྲ ོ ད་དང། ངེད་གཉིས་ མཉམ་དུ་ཟ་ཞེས་བཤད།
སྲས་མོས་སྦལ་པ་བཙོག་པ་དེ་ལ། བློ་ཉེ་བོ་བྱེད་སྙིང་ མ་འདོད་པར་ངུས་ནས་བསྡད་པ་རེད། ༡༢
སྲས་མོ་ལ། “ད་ང་ཁྱེད་ཀྱི་ གཟིམ་ཆུང་ལ་ཁྲིད་དང། ང་ཁྱོད་དང་མཉམ་དུ་ གཉིད་ཉལ་རྒྱུ་ཡིན་” ཞེས་བཤད་པ་དང།
སྦལ་པས་གྲོད་ཁོག་རྒྱགས་རྗེས་
༡༣ རྒྱལ་པོ་ཐུགས་ཁྲོས་ནས་“ཁྱོད་ལ་དཀའ་ངལ་ འཕྲད་དུས། སུས་རོགས་པ་བྱས་ན། དེ་ལ་རྗེས་སུ་ སུས་ཀྱང་མཐོང་ཆུང་བྱ་རྒྱུ་མེད་” ཞེས་གསུངས་པ་ལ་ བརྟེན་ནས། སྲས་མོ་བྱ་ཐབས་ཟད་དེ་མཛུབ་མོ་གཉིས་ཀྱིས་སྦལ་པ་ བཟུང་ནས་ཐོག་ཁར་ཁྱེར།
༡༤ སྲས་མོ་ཉལ་སྡོད་སྐབས། སྦལ་པ་ཚུར་ཁོ་མོའི་ཉལ་ཁྲིའི་ འགྲམ་དུ་ཡོང་ནས། “ངེད་གཉིས་མཉམ་དུ་ཉལ་ན་” ཞེས་བཤད་པ་དང། སྲས་མོ་དེ་ཁོང་ཁྲོ་ མེ་ལྟར་འབར་ནས། སྦལ་པ་ཐང་དུ་གཡུགས་ཏེ། “མར་རྒྱུགས། ལྟས་ངན་ཁྱོད་” ཅེས་ཞེད་སྣང་བླངས་པ་རེད།།
༡༥ སྲས་མོས་མ་གཏོགས་མི་སུས་ཀྱང་། ཁོ་རང་ཁྲོན་པའི་ནང་ནས་སྐྱོབ་ཐུབ་ཀྱི་མེད། སྦལ་པ་དེ་ཐང་དུ་ཟགས་པ་དང་ལམ་སེང། ཡིད་དབང་ འཕྲོག་པའི་རྒྱལ་སྲས་ཤིག་ཏུ་གྱུར། རྒྱལ་སྲས་དེར་ སྔོན་ཆད་མོ་མ་གདུག་རྩུབ་ཅན་ ཞིག་གིས། མཐུ་སྔགས་བརྒྱབ་ནས་ སྦལ་པའི་གཟུགས་སུ་གྱུར་པ་དང།
༡༦ ཉིན་རྗེས་མའི་ཞོགས་པ། ཉི་མའི་འོད་ཟེར་ཐོག་མར་འཆར་ བའི་དུས་སུ། རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི། ཤིང་ རྟ་འཁོར་ལོ་ཞིག་ སླེབས་ནས། རྒྱལ་སྲས་དང་སྲས་མོ་གཉིས། ཤིང་རྟར་བཞུགས་ཏེ་ རྒྱལ་སྲས་ཀྱི་ཕོ་བྲང་གི་ཕྱོགས་སུ་ཐོན། དེར་ཁོང་ གཉིས་ཀྱི་གཉེན་སྒྲིག་གི་མཛད་སྒོ་བྱས་ཏེ་ བདེ་སྐྱིད་ཀྱི་འཚོ་བ་བསྐྱལ་བ་རེད།། །།