༡ རུས་སྦལ་དང་རི་བོང། མ་རྩོམ། ཡེ་སུའུ། ( ཀེ་རི་སི། ) ༄༅། །རུས་སྦལ་ཞིག་དཀའ་ལས་ཁག་མདོག་ཁ་མོས་ངང་ ལམ་ལ་སྐྱོད་བཞིན་ཡོད། ལམ་ཐག་རིང་པོ་དེ་ཙམ་མེད་རུང་རུས་སྦལ་དུས་ཡུན་ རིང་པོ་ཞིག་འགྲོ་དགོས་ཀྱི་ཡོད།
༢ རི་བོང་གིས་དེ་མཐོང་ནས། འཕྱ་སྨོད་དང་བཅས་ཐབས་རྡུགས་ རུས་སྦལ། ཁྱོད་ཉིན་གཅིག་སོང་བའི་ལམ་ཐག་དེ་ངས་ གོམ་པ་འགའ་ཤས་ཀྱིས་གཅོད་ཐུབ། ཅེས་བཤད།
༣ རུས་སྦལ་གྱིས་ལྷོད་ལྷོད་ངང་ནས་ཁྱོད་ཀྱི་སྐད་ཆ་དེ་བདེན་པ་ ཡིན་པའི་ངེས་པ་མེད།
མགྱོགས་པ་ཡོད།
མཚམས་རེ་ང་ཁྱོད་ལས་
ཅེས་བཤད།
༤ རི་བོང་ཁྲོས་ནས་རུས་སྦལ་དང་ཁ་རྩོད་ཤོར། ཁོ་གཉིས་ཀྱིས་ དུས་ཡུན་རིང་པོ་ཞིག་ཁ་རྩོད་བརྒྱབ་ཀྱང་ ཕན་ཚུན་སུས་ཀྱང་ཁས་མ་བླངས།
༥ ནགས་བྱི་ཞིག་གིས་ཁོ་གཉིས་རྩོད་གླེང་བྱེད་པ་མཐོང་ནས། ཁྱེད་གཉིས་རྩོད་པ་མ་རྒྱག དེ་ལས་རྒྱུག་ཤར་འགྲན་བསྡུར་ བྱས་ནས་སུ་མགྱོགས་པ་ཡོད་མེད་བལྟ་ཆོག་ཅེས་བཤད།
༦ རི་བོང་དང་རུས་སྦལ་གཉིས་ཀྱི་བསམ་པར་ཐབས་དེ་ཡག་པོ་འདུག་ སྙམ་སྟེ། ཁོ་ཚོས་དོམ་ནག་དཔང་པོར་བོས་ནས། སྡོང་པོ་ཞིག་གི་ འགྲམ་ནས་འགོ་བརྩམས་ཏེ། རི་རྩེ་ལ་སྐོར་བ་ཞིག་བརྒྱབ་རྗེས་ཕྱིར་ སྡོང་པོ་དེ་རང་གི་འགྲམ་དུ་རྒྱུག་ཡོང་རྒྱུ་བྱས་པ་རེད།
༧
བལྟ་རུ་འོངས། ཁོ་ཚོས་རུས་སྦལ་ ཤོར་རྒྱུ་ཡིན་པ་ཐག་ཆོད་པ་རེད་ ཅེས་སོགས་གཏམ་གླེང་སྣ་ཚོགས་བྱས།
སྲོག་ཆགས་ཆུང་ཆུང་ཚོས་རི་བོང་དང་རུས་སྦལ་གཉིས་རྒྱུག་རྩལ་ འགྲན་པའི་གཏམ་ཐོས་ནས་ལྟད་མོ་
དོམ་ནག་གིས་རྒྱུག་བརྡ་བཏང་བ་དང་སྦྲགས་ འགྲན་བསྡུར་འགོ་བརྩམས། རི་བོང་ནི་མདའ་འཕངས་པ་ལྟར་ རྒྱུགས་ཕྱིན་པས་སྐད་ཅིག་ཙམ་ལ་གར་སོང་ཆ་མེད་དུ་གྱུར། རུས་སྦལ་གཞི་ནས་དལ་པོར་མདུན་ཕྱོགས་སུ་འགྲོ་འགོ་བརྩམས།
༩ ཁྱི་ཕྲུག་གིས་རུས་སྦལ་དང་རི་བོང་ གཉིས་ཀྱི་རྒྱུག་སྟངས་ལ་བལྟས་ནས། རྒྱལ་ཁ་རི་བོང་ལ་ཐོབ་ངེས་རེད། ཅེས་བཤད།
༡༠ བེའུ་དང་ལུ་གུ་གཉིས་ཀྱིས་ལོས་ཡིན།
ལོས་ཡིན། རུས་སྦལ་ལགས། ཁྱོད་ཀྱིས་འགྲན་བསྡུར་ མ་བྱས་ན་དགའ། ཞེས་ལབ།
༡༡ རུས་སྦལ་གྱིས་གཞན་གྱིས་ཅི་བཤད་ལ་མ་ཉན་པར། མུ་མཐུད་ནས་མདུན་ཕྱོགས་སུ་ཧུར་ཐག་གིས་རྒྱུག་བཞིན་ཡོད།
༡༢ རི་བོང་རྒྱུག་ཐེངས་གཅིག་གིས་རི་ཡི་སྐེད་དུ་སླེབས་ནས། ཕྱིར་ལྟ་ཞིག་བྱེད་སྐབས། རུས་སྦལ་ད་དུང་ཤིང་གི་ཉེ་འགྲམ་ནས་ ཡོང་བཞིན་པ་མཐོང་ནས། ཁོས་ངལ་གསོ་ཞིག་བརྒྱབ་ནས་ རུས་སྦལ་ཚུར་སླེབས་རྗེས་གཞི་ནས་བརྒྱུགས་ཀྱང་ཕྱིས་མི་ཡོང་སྙམ།
༡༣ རི་བོང་གིས་རྡོ་ཕ་བོང་ཆེན་པོ་ཞིག་གི་འགྲམ་དུ་རུས་སྦལ་ སྒུག་གིན་བསྡད། དུས་ཡུན་རིང་པོ་འདས་ཀྱང་རུས་སྦལ་ ད་དུང་མཐོང་རྒྱུ་མེད་པས། རི་བོང་ཉོབ་སྣང་སྐྱེས་ཏེ། ས་ལ་ཉལ་མ་ཐག་གཉིད་ཤོར་བ་རེད།
༡༤ ཉིན་དགུང་ཡོལ་ཙམ་ལ་རུས་སྦལ་དེ་གཞི་ནས་རི་སྐེད་དུ་སླེབས།
ཕར་སོང་ནས་བལྟས་པས།
ཁུག་ཡོད་པ་མཐོང་།
ཁོས་མདུན་ཕྱོགས་ནས་སྔུར་བ་འཐེན་པའི་སྒྲ་ཞིག་ཐོས།
རི་བོང་གཉིད་ལྗིད་པོ་
༡༥ རུས་སྦལ་གྱིས་ང་ལ་ངལ་གསོ་རྒྱག་ཁོམ་མེད། མགྱོགས་པོར་ལམ་ ལ་འགྲོ་དགོས་སྙམ་ནས། རི་བོང་གི་འགྲམ་ནས་ཕྱིན་པ་རེད།
༡༦ ཉི་མ་རིམ་བཞིན་ནུབ་ཏུ་ནུབ། རུས་སྦལ་ལམ་སྣེ་དང་ཐག་ཇེ་ཉེར་ ཇེ་ཉེར་ཕྱིན། སྲོག་ཆགས་ཆུང་ཆུང་ཚོས་ལམ་འགྲམ་ནས་རུས་ སྦལ་ལ་སྐུལ་མ་ཡང་ཡང་གཏོང་གི་ཡོད།
༡༧ དུས་དེར་རི་བོང་གཉིད་ལས་སད་པ་དང་།
ཡོད་སྙམ་ནས་
རུས་སྦལ་ནི་ལམ་སྣེ་ལ་སླེབ་གྲབས་ཡོང་པ་མཐོང་།
རུས་སྦལ་གང་ན་
རོང་ཤད་བྱེད་བཞིན་ཕྱོགས་བཞིར་བལྟས་པ་ན།
༡༨ རི་བོང་དངངས་འཚབ་ལངས་ཏེ་རི་མགོ་ནས་རྒྱུག་མ་འཕུར་གྱིས་ རི་འདབས་སུ་སླེབས་ཀྱང། རྗེས་མ་ཟིན་པར་རུས་སྦལ་གྱིས་ ལམ་སྣེ་བརྒལ་ཏེ་རྒྱལ་ཁའི་ལག་གཡུག་བྱེད་བཞིན་ཡོད་པ་རེད།
༡༩ དོམ་ནག་གིས། ཐེངས་འདིའི་རྒྱུག་ཤར་འགྲན་བསྡུར་གྱི་རྒྱལ་ཁ་ རུས་སྦལ་ལ་ཐོབ་སོང་ཞེས་ཡོངས་བསྒྲགས་བྱས་པ་དང། སྲོག་ཆགས་ཚང་མས་དགའ་བསུའི་ཕྱག་བརྡབས་པ་རེད།
༢༠ སྲོག་ཆགས་ཚང་མ་ཡོང་ནས་རུས་སྦལ་ལ་ རྟེན་འབྲེལ་ཞུས། རི་བོང་གིས་རང་ཉིད་ལ་ཕམ་ཁ་ བྱུང་བའི་རྒྱུ་མཚན་ལ་བསམ་བློ་གཏོང་གིན་མགོ་བོ་ བསྒུར་ནས་ཟུར་ལོགས་ཤིག་ཏུ་ལངས་ནས་བསྡད་པ་རེད་དོ།།།།