




༡ ལྷའི་ཕོ་བྲང་དཀྲུགས་པ། (མ་རྩོམ། ཝུའུ་ཁྲེང་ཨེན།) ༄༅། །སྤྲེལ་རྒྱལ་ཝུའུ་ཁུང་དང་སྤྲེལ་ཕྲུག་ཚོ་འབྲས་ལྡན་རི་བོར་བདེ་སྐྱིད་ཀྱི་ འཚོ་བར་རོལ་བཞིན་ཡོད་ནའང། སྤྲེ་རྒྱལ་ཁོ་རང་ལ་བློ་ལ་བབས་པའི་ མཚོན་ཆ་ཞིག་མེད་པས་ཕངས་སེམས་སྐྱེས།


༢ ཁོས་ཤར་རྒྱ་མཚོའི་ཀླུ་རྒྱལ་ལ་ནོར་བུ་མང་པོ་ཡོད་པ་ཐོས་པས། ཀླུའི་ཕོ་བྲང་དུ་ཕྱིན་ཏེ་ཀླུའི་རྒྱལ་པོ་ལ་མཚོན་ཆ་ཞིག་བསླངས་པ་ན། ཀླུ་རྒྱལ་གྱིས་ཁོ་ལ་རང་ཉིད་ཀྱི་གཅེས་ནོར་མཚོ་བརྟེན་ ལྷ་ཁབ་ཅེས་པའི་གོ་མཚོན་དེ་མི་སྟེར་ཀ་མེད་བྱུང།


༣ དེ་རྗེས་སྤྲེལ་རྒྱལ་ཝུའུ་ཁུང་གིས་གཤིན་རྗེའི་ ཕོ་བྲང་དཀྲུགས་ནས། རང་ཉིད་ཀྱི་མིང་ཡང་སྐྱེ་ འཆིའི་མིང་ཐོའི་ཁོངས་ནས་བསུབས་པ་རེད།


༤
བརྒྱ་བྱིན་གྱི་དྲུང་དུ་ཕྱིན་ཏེ།
དེ་ནས་ཤར་རྒྱ་མཚོའི་ཀླུ་རྒྱལ་དང་གཤིན་རྗེ་ཆོས་རྒྱལ་གཉིས། ལྷའི་དབང་པོ་
ཝུའུ་ཁུང་གི་ཉེས་སྐྱོན་ཐམས་ཅད་ཞུ་གཏུགས་བྱས།


༥ བརྒྱ་བྱིན་གྱིས་ཝུའུ་ཁུང་ལྷའི་ཕོ་བྲང་དུ་བཀུག་ནས། ཁོ་ལ་ལྷའི་ཆིབས་དཔོན་ཞེས་པའི་གོ་ས་སྤྲད་དེ་ལྷའི་རྟ་རྫི་བྱེད་དུ་བཅུག་པ་རེད།


༦ ཝུའུ་ཁུང་གིས་དགའ་སྤྲོའི་ངང་རྟ་རྫིའི་དབང་པོའི་ ལས་སྣེ་བཞེས། འོན་ཀྱང་རྗེས་སུ་ཁོས་ ཆིབས་དཔོན་ནི་ལྷ་ཡུལ་གྱི་གོ་གནས་ དམའ་ཤོས་དེ་ཡིན་པ་ཤེས་ཏེ། ཁོ་ཁྲོ་ དྲག་པོ་ལངས་ནས་འབྲས་ལྡན་རི་བོར་ ལོག་ནས་རང་གིས་རང་ལ། གྲུབ་ཆེན་ ལྷ་དབང་གཉིས་པ་ཞེས་པའི་ མིང་བཏགས་ནས་ ཁྲི་ལ་བསྡད།


༧ ལྷ་དབང་བརྒྱ་བྱིན་ཐུགས་རབ་ཏུ་ཁྲོས་ཏེ། རྒྱལ་ཆེན་མཆོད་རྟེན་འཛིན་པ་དང་ ལྷ་སྲས་ན་ཀྲ་གཉིས་ལ། ལྷ་ཡི་དཔུང་དམག་ཁྲིད་ནས་འབྲས་ལྡན་རི་བོར་ ཝུའུ་ཁུང་འདུལ་དུ་བཏང།


༨ རྒྱལ་ཆེན་མཆོད་རྟེན་འཛིན་པ་དང་སྤྲེལ་རྒྱལ་ ཝུའུ་ཁུང་གཉིས་ལན་སུམ་ཅུ་འཐབ་ཀྱང། རྒྱལ་ཕམ་གྱི་དབྱེ་བ་མ་ཆོད།


༩ ན་ཀྲས་རླུང་མེ་འཁོར་ལོ་བསྐོར་ཏེ། སྤྲེལ་རྒྱལ་ཝུའུ་ཁུང་དང་འཐབ་འཛིང་ དྲག་པོ་བྱས། ཅུང་མ་འགྱངས་པར་ ན་ཀྲ་ཕམ་པར་གྱུར།


༡༠ ལྷ་ཡི་དཔུང་དམག་གཡུལ་ཕམ་པས་ཕྱིར་མི་ལྡོག་ཐབས་མེད་བྱུང། སྤྲེལ་རྒྱལ་ ཝུའུ་ཁུང་གིས་ཁོ་ཚོར་གལ་ཏེ་བརྒྱ་བྱིན་གྱིས་ང་ལ་གྲུབ་ཆེན་ལྷ་དབང་ གཉིས་པའི་ཆོ་ལོ་མི་སྟེར་ཟེར་ན། ཁོ་བོས་ལྷ་ཡུལ་ལ་དཔུང་འཇུག་བྱས་ཏེ། བརྒྱ་བྱིན་ཁོ་ལ་ཅི་བྱེད་ལྟོས་ཞེས་ངག་འཕྲིན་བཏང།


༡༡ དྲང་སྲོང་པ་སངས་ཀྱིས་བརྒྱ་བྱིན་ལ་ཝུའུ་ཁུང་གི་ རེ་འདོད་བསྐངས་ན་ལེགས་ཞེས་ཞུས་པས། བརྒྱ་བྱིན་ཐབས་ཟད་དེ་ཝུའུ་ཁུང་ལ་ གྲུབ་དབང་བརྒྱ་བྱིན་གཉིས་པ་ ཞེས་པའི་གོ་གནས་ སྤྲོད་དགོས་བྱུང།


༡༢ གནས་ཚུལ་དེ་སྤྲེལ་རྒྱལ་ཝུའུ་ཁུང་གིས་ཐོས་པས། དགའ་སྤྲོ་རབ་ཏུ་སྐྱེས་ནས་མྱུར་དུ་ འབྲས་ལྡན་རི་བོ་ནས། ལྷའི་ཕོ་བྲང་དུ་ཕྱིན་ཏེ་གྲུབ་ཆེན་ལྷ་དབང་གཉིས་པའི་གོ་ས་བཟུང།


༡༣ བརྒྱ་བྱིན་གྱིས་ཝུའུ་ཁུང་ལ་ཁམ་བུའི་ལྡུམ་ར་ བདག་གཉེར་བྱེད་དུ་བཅུག ལྡུམ་ར་དེ་རུ་ སྐྱེས་བའི་ཁམ་བུ་ནི་ཧ་ཅང་དཀོན་པོ་ཡིན་ཏེ། ལོ་ངོ་སྟོང་ཕྲག་དགུ་རེ་ལ་ཐེངས་རེ་ མ་གཏོགས་སྨིན་གྱི་མེད་ལ། དེ་བཟའ་རྒྱུ་བྱུང་ན་འཆི་མེད་ཚེའི་ དངོས་གྲུབ་ཐོབ་ཐུབ།


༡༤ ཝུའུ་ཁུང་གིས་ཁམ་བུ་མཐོང་མ་ཐག་ཟ་འདོད་ཀྱི་འགྲམ་ཆུ་འཁོར་ཏེ། ཤིང་སྡོང་སྟེང་ དུ་མཆོངས་ནས་ཡིད་ཚིམ་པ་ཞིག་བཟས། ཁོ་དེར་ཡོང་ནས་ཉིན་འགའ་ཤས་ ལས་མ་འགོར་བར་ལྡུམ་རའི་ནང་གི་ཁམ་བུ་ ཐར་ཐོར་ཙམ་ལས་མེད་པར་གྱུར།


༡༥ ཉིན་ཞིག་གནམ་གྱི་གོང་སྨན་རྒྱལ་མོས་ ཕྱོགས་ཀྱི་ལྷ་རྣམས་གདན་དྲངས་ནས་ ཁམ་བུའི་གསོལ་སྟོན་བཤམས་པར་ འདོད་དེ། ལྷ་མོ་སྤུན་བདུན་ ཁམ་བུ་འཐོག་པར་མངགས།


༡༦ ཝུའུ་ཁུང་གིས་གནམ་གྱི་གོང་སྨན་རྒྱལ་མོས་ཁོ་རང་གདན་འདྲེན་ མ་ཞུས་པ་ཤེས་རྗེས། དྲག་ཏུ་ཁྲོས་ཏེ་ལྷ་མོ་སྤུན་བདུན་ལ་ མཐུ་སྔགས་བཏབ་སྟེ་འགུལ་མི་ཐུབ་པ་བཟོས་ནས། རང་ཉིད་རྒྱལ་མོའི་ཕོ་བྲང་དུ་ཅི་ཡིན་ལྟ་རུ་ཕྱིན།


༡༧ ཝུའུ་ཁུང་རྒྱལ་མོའི་ཕོ་བྲང་གཡུ་མཚོར་ཕྱིན་པ་ན། ཅོག་ཙེའི་སྟེང་དུ་བདུད་རྩི་ཆང་དང་ ཞིམ་མངར་ཟས་ཀྱི་དགའ་སྟོན་བཤམས་ཡོད་པ་དང། ལྷ་རྣམས་ད་དུང་ འབྱོར་མེད་པས། ཁོ་གཅིག་པུས་གང་དགར་ལོངས་སྤྱོད་བྱས།


༡༨
ཝུའུ་ཁུང་གིས་བཟའ་བཏུང་འདོད་བློ་ཚིམ་པ་ཞིག་བྱས་རྗེས། ཡང་རྗེ་ བཙུན་ལའོ་ཅུན་གྱི་སྨན་སྦྱོར་ཐབ་ཚང་དུ་ཕྱིན་ཏེ།
བཙོ་སྦྱང་ ལེགས་པར་གྲུབ་པའི་འཆི་མེད་རིལ་བུ་ཚང་མ་བཟས།


༡༩ ཝུའུ་ཁུང་བཟི་དྭངས་རྗེས་རང་ཉིད་ཀྱིས་ཆག་སྒོ་ ཆེན་པོ་བཟོས་པ་ཤེས་ཏེ། ལྷ་དབང་བརྒྱ་བྱིན་གྱིས་ ཆད་པ་བཅད་འོངས་ཞེས་འཇིགས་ནས་ འགྲེ་ལྡོག་གཅིག་གིས་འབྲས་ལྡན་ རི་བོར་ལོག


༢༠ ལྷ་མོ་སྤུན་བདུན་མཐུ་སྔགས་ལས་གྲོལ་རྗེས། ལྷ་དབང་བརྒྱ་བྱིན་གྱི་མདུན་དུ་གྱོད་ཞུ་རུ་འོངས་པ་ དང། རྗེ་བཙུན་ལའོ་ཅུན་ལ་སོགས་ལྷ་རྣམས་ཀྱང་ འོངས་ནས་ཝུའུ་ཁུང་གིས་གསོལ་སྟོན་གྱི་ སྡེར་ཁ་དང་འཆི་མེད་རིལ་བུ་རྐུ་བཟའ་ བྱས་པའི་ནག་ཉེས་བགྲངས།


༢༡ འཕགས་པ་སྤྱན་རས་གཟིགས་གདན་ཞུས་ལྟར་ཁམ་བུའི་གསོལ་སྟོན་དུ་
འགྲོ་དགོས་པའི་བཀའ་ཕབ། ཁོ་གཉིས་ ལན་བཅུ་ལྷག་འཐབ་པའི་མཐར་ དབོན་སྲས་ཨེར་ལང་གིས་ ཝུའུ་ཁུང་ཆམ་ལ་ཕབ།
བྱོན་ནས་གནས་ཚུལ་དེ་ཐོས་རྗེས། དབོན་སྲས་ཨེར་ལང་ལ་ ལྷའི་དཔུང་དམག་དྲངས་ནས་ཝུའུ་ཁུང་འདུལ་དུ་


༢༢ ཝུའུ་ཁུང་རྗེ་བཙུན་ལའོ་ཅུན་གྱི་འཆི་མེད་རིལ་བུ་བཙོ་བྱེད་ཀྱི་མེ་ཐབ་ཏུ་ བཅུག་ནས། ཉིན་བདུན་བདུན་བཞི་བཅུ་ཞེ་དགུར་ བསྲེགས་ཀྱང། ཁོ་མེས་མ་འཚིགས་པ་ མ་ཟད་རྫུ་འཕྲུལ་ཡང་སྔར་ལས་ ཆེ་བར་གྱུར།


༢༣ སྟོན་པ་དེ་བཞིན་གཤེགས་པས་ ལྷ་རྣམས་ཀྱིས་སྤྲེལ་རྒྱལ་ཝུའུ་ཁུང་ འདུལ་མ་ཐུབ་པ་ཐོས་རྗེས། ཝུའུ་ཁུང་ ལ་གལ་སྲིད་ཁྱོད་ཀྱིས་བདག་གི་ ལག་མཐིལ་གྱི་ཕ་མཐའ་ཆོད་ན། ཁྱོད་ཀྱིས་གང་འདོད་ལྷར་ བྱེད་ཆོག་ཅེས་གསུངས།


༢༤ སྤྲེལ་རྒྱལ་ཝུའུ་ཁུང་གིས་མོས་མཐུན་བྱུང་ནས་འགྲེ་ལྡོག་གཅིག་གིས་ལེ་དབར་ཁྲི་ བརྒྱད་སྟོང་བཅད་དེ། ཀ་བ་ཆེན་པོ་ཞིག་གི་འཁྲིས་སུ་སླེབས། དེར་ཁོས་གཅིན་པ་ ཞིག་བཏང་ཞིང་ཀ་བའི་སྟེང་དུ་གྲུབ་ཆེན་ལྷ་དབང་གཉིས་པས་གནས་འདིར་ཞབས་ ཀྱིས་བཅགས་ཞེས་པའི་ཡི་གེ་བྲིས་ནས་ཕྱིར་ལོག གྲུབ་ཆེན་ ལྷ་དབང་ གཉིས་པས་ གནས་འདིར་ ཞབས་ཀྱིས་ བཅགས་


༢༥ སྤྲེལ་རྒྱལ་ཝུའུ་ཁུང་གི་བསམ་ཡུལ་ལས་འདས་པ་ཞིག་ལ་ཀ་བ་དེ་ནི་དེ་བཞིན་ གཤེགས་པའི་ཕྱག་མཛུབ་ཅིག་ཡིན་པ་རེད། དེ་ནས་དེ་བཞིན་གཤེགས་པས་ རང་ཉིད་ཀྱི་ཕྱག་མཛུབ་ལྔ་པོ་རི་བོ་ལྔར་སྤྲུལ་ཏེ་སྤྲེལ་རྒྱལ་ཝུའུ་ཁུང་ མནན་ནས་དམ་ལ་བཏགས་སོ།། །།
