ཤིང་གཟུགས་བྱིས་པ།

Page 1

༡ ཤིང་གཟུགས་བྱིས་པ། ཁེ་ལུའོ་ཏི (ཨི་ཊ་ལི།) ༄༅། །གནའ་སྔ་མོ་ཤིང་བཟོ་བ་རྒན་པོ་ལག་རྩལ་ཅན་ ཞིག་ཡོད། ཁོ་རང་ཕྲུ་གུ་ལ་ཧ་ཅང་དགའ་པོ་ཡོད་ཀྱང། ཁོ་རང་ལ་ཕྲུ་གུ་མེད། སེམས་སྐྱོ་བོའི་ངང་ནས། ཁོ་རང་ལ་བུའི་ཚབ་ཏུ་ཤིང་གི་ བྱིས་པ་ཞིག་བཟོ་རྒྱུའི་བསམ་བློ་འཁོར་བ་རེད།

ཤིང་བཟོ་བ་རྒན་པོས་ཤིང་

གཟུགས་བྱིས་པར། མིག་བཟོས་

མ་ཐག་ཏུ་མིག་འགུལ་རྒྱུ་

བྱུང་བ་དང། སྣ་བཟོས་མ་ཐག་ཏུ་

དྲི་མ་སྣོམ་ཐུབ་པ་དང།

ཨ་མཆོག་བཟོས་མ་ཐག་ཏུ་སྐད་གོ་ཐུབ་པར་གྱུར་པ་ དང།

ཁ་བཟོས་མ་ཐག་ཏུ་སྐད་ཆ་ཤོད་ཤེས་པར་གྱུར། རྐང་ལག་

བཟོས་མ་ཐག་ཏུ་འགྲོ་ཐུབ་པར་གྱུར་པས།

རྒན་པོ་ཁོང་ཧ་ཅང་གིས་དགའ་བོ་བྱུང་བ་རེད།

ཤིང་བཟོ་བ་
མིང་བཏགས་པ་རེད། ཕུན་ཚོགས་ནི་ ཤིང་བཟོ་བའི་པང་དུ་བསྡད་ནས་ པ་ལགས་ཞེས་བོས་པས། ཤིང་བཟོ་བ་དེ་དགའ་ནས་མིག་ཆུ་ཤོར་བ་རེད།
དེ་ནས་ཤིང་བཟོ་བ་རྒན་པོས་ཤིང་གཟུགས་ བྱིས་པ་དེར། ཕུན་ཚོགས་ཞེས་
༤ ཤིང་བཟོ་བས་བུ་ཕུན་ ཚོགས་ལ་ཤོག་བུའི་ གྱོན་གོས་དང། ཤིང་སྡོང་གི་པགས་པས་ལྷམ་ཆ་གཅིག བག་ཕྱེ་ཡི་ ཞྭ་མོ་ཞིག་བཅས་བཟོས་པ་རེད།
༥ ཤིང་བཟོ་བ་ཕ་དེས། མ་རེད། མ་རེད། ཁྱོད་སློབ་གྲྭར་ ཕྱིན་ན། གཞི་ནས་བུ་ངོ་མ་ཞིག་ཆགས་རྒྱུ་རེད་ཅེས་ བསླབ་བྱ་བརྒྱབ་པ་རེད། ཀ་ཁ་ག་ང་། ཕུན་ཚོགས་ཀྱིས་ཞྭ་མོ་དང། གོས། ལྷམ་བཅས་ གྱོན་རྗེས། ད་ནི་ང་རང་མིང་དོན་མཚུངས་པའི་ བུ་ཞིག་ཡིན་ཞེས་ཟེར།
༦ སང་ཉིན་ཞོགས་པར་ཕུན་ཚོགས་ཀྱིས་ དེབ་ཁུག་ཁྱེར་ནས་སློབ་གྲྭར་སོང། ལམ་བར་དུ་རྔ་དང་གླིང་བུའི་སྒྲ་ཐོས་པ་མ་ཟད། ཤིང་གཟུགས་ཀྱིས་ཟློས་གར་འཁྲབ་ཀྱི་ཡོད་པ་མཐོང་བས། ཕུན་ཚོགས་རང་དབང་མེད་པར་ཟློས་གར་ འཁྲབ་སར་ཕྱིན་པ་རེད།
༧ ཕུན་ཚོགས་ཤིང་གཟུགས་ཟློས་གར་ལ་ལྟ་འདོད་ཆེན་པོ་ སྐྱེས་ཀྱང། དངུལ་མེད་པས་ཁོས་དཔེ་དེབ་ཚང་མ་ བཙོངས་ནས། ལག་འཛིན་ཉོས་ཏེ་ཟློས་གར་ ཁང་དུ་ཤིང་གཟུགས་ཟློས་གར་ལ་ ལྟད་མོ་བལྟ་རུ་ཕྱིན་པ་རེད།
བུ་ཕུན་ཚོགས་ལ་སློབ་གྲྭར་མི་འགྲོ་བའི་ རྒྱུ་མཚན་དྲིས། ཁོས་ “སློབ་གྲྭས་གུང་གསེང་ བཏང་སོང་” ཞེས་རྫུན་བཤད་དེ་ ལན་བཏབ་མ་ཐག་ཏུ། ཁོའི་སྣ་མཐོ་གང་ཙམ་གྱིས་རིང་དུ་སྐྱེས། དེ་ནི་ཁོ་རང་ལ་ རྫུན་བཤད་པའི་ལས་འབྲས་འཁོར་བ་རེད།
ཟློས་གར་ཁང་གི་སྦྱིན་བདག་ཡོང་ནས་

སྦྱིན་བདག་གིས། “འོ་ན་ཁྱོད་ཀྱི་དཔེ་དེབ་རྣམས་ ག་པར་ཡོད་དམ།” ཅེས་དྲིས་པར། ཕུན་ཚོགས་ཀྱིས་

“ཁྱིམ་དུ་ཡོད་” ཅེས་རྫུན་བཤད་མ་ཐག་ཏུ། བུ་ཕུན་ཚོགས་ཀྱི་སྣ་ཡང་བསྐྱར་མཐོ་གང་གིས་རིང་དུ་སྐྱེས།
༡༠ ཕན་ཚུན་ལབ་གླེང་བྱེད་པའི་སྐབས།
ཁོ་རང་གཉིས་མཉམ་དུ་ རྩེད་ཆས་ཀྱི་རྒྱལ་ཁབ་ལ་འགྲོ་རྒྱུའི་མོས་མཐུན་བྱུང། ཉིན་ཞིག་བུ་ཕུན་ཚོགས་རྐང་ལམ་ཕྲ་མོ་ཞིག་གི་ འགྲམ་དུ་ངལ་གསོ་རྒྱག་བཞིན་སྡོད་སྐབས། གྲོགས་པོ་བཀྲ་ཤིས་ཕྲད་པ་རེད།
༡༡ རྩེད་ཆས་ཀྱི་རྒྱལ་ཁབ་ཏུ་སློབ་གྲྭ་དང་ དགེ་རྒན་མེད་པས། ཁོ་གཉིས་རྩེད་མོར་ གཡེངས་ནས་བསྡད་པ་རེད། ཉིན་ཞིག་གི་ཞོགས་པར་བུ་ཕུན་ཚོགས་གཉིད་སད་དུས། ཁོ་རང་བོང་བུ་ཞིག་ཏུ་གྱུར་ཡོད་པ་ཤེས་པ་རེད།
༡༢
ཉེས་རྡུང་ཚད་མེད་གཏོང་གི་ཡོད།
པ་ལ་བརྟེན་ནས། བོང་བུ་དེས་འཁྲབ་སྟོན་བྱེད་ཐུབ་ཀྱི་ མེད་པས། ཁོ་རང་རྒན་པོ་ཞིག་ལ་བཙོངས་པ་རེད།
རྟ་རྩེད་ཚོགས་པ་ཞིག་གིས་བོང་བུ་དེ་བཟུང་ནས་ འཁྲབ་རྩལ་སྦྱོང་དུ་བཅུག་ལ། ཉིན་རེ་བཞིན་
ཉིན་ཞིག་སྦྱིན་བདག་གིས་ཁོ་བརྡུངས་ནས་རྐང་པ་ཆག་
༡༣ རྒན་པོ་དེས་བོང་བུའི་པགས་པ་བཤུས་ཏེ་རྔ་ཞིག་ བཟོ་དགོས་བསམས་ཀྱང་། ཁོའི་ལུས་ཧྲིལ་པོར་ རྨ་བཟོས་ཡོད་པས་བེད་སྤྱོད་ མ་བྱུང་བ་ལ་བརྟེན་ནས། བོང་བུ་དེ་རྒྱ་མཚོའི་ནང་དུ་གཡུགས་པ་དང། ཉ་ཁྱུ་ཞིག་གིས་ཁོའི་རྣ་དང་རྨ་སོགས་ བཏོག་ནས་ཟ་བཞིན་ཡོད་སྐབས།
༡༤ བོང་བུ་དེ་སླར་ཡང་ ཤིང་གཟུགས་ཀྱི་ བྱིས་པ་ཞིག་ཏུ་གྱུར། དུས་དེར་མཚོ་ནང་གི་ ཆུ་སྲིན་ཆེན་པོ་ ཞིག་གིས་ཁོ་མཐོང་སྟེ་ ཁ་ཆེན་པོ་གདངས་ནས་ བདས་པས། ཁོ་བྲོས་བྲོས་པའི་མཐར་རང་ཁྱིམ་དུ་སླེབས་ནས་ ཕ་ཤིང་བཟོ་བ་དང་ལྷན་འཛོམས་བྱུང་བ་རེད།
༡༥ བུ་ཕུན་ཚོགས་སླར་ཡང་སློབ་གྲྭར་འགྲོ་བ་མ་ཟད། དུས་དེ་ནས་བཟུང་ཁོ་རང་ཕ་དང་དགེ་རྒན་ལ་ བརྩི་བཀུར་ཆེ་བ་དང། སློབ་སྦྱོང་ལ་དགའ་བ། སློབ་གྲོགས་རྣམས་དང་མཐུན་སྒྲིལ་བྱེད་མཁན་གྱི་བུ་ བཟང་པོ་ཞིག་ཏུ་གྱུར་པ་རེད།། །།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.