པ་ཅེ་ཡིས་ཆུ་ག་གོན་བཟས་པ། མ་རྩོམ། (པའོལེ།) ༄༅། །ཐང་སིན་བླ་མ་དང་ཝུའུ་ཁུང་། པ་ཅེ། ཧ་ཤང་བཅས་དགེ་སློབ་བཞི་པོ་ རྒྱ་གར་འཕགས་པའི་ཡུལ་དུ་ཆོས་ཞུ་རུ་བྱོན། ཉིན་ཞིག་ཁོང་ཚོ་ རི་བོ་ཞིག་གི་འདབས་སུ་སླེབས།
༢ དགེ་སློབ་བཞི་བོ་བཀྲེས་སྐོམ་གྱིས་མནར་བས། ཝུའུ་ཁུང་གིས་ བཙལ་ནས་རྙེད་པའི་དགོན་པ་ཞིག་རོ་ཞིག་ཡོད་པ་དེའི་ནང་དུ་ངལ་གསོ་བརྒྱབ།
༣ ཝུའུ་ཁུང་གིས་ང་ཤིང་ཏོག་འཚོལ་བར་འགྲོ་ ཞེས་བཤད་པར། པ་ཅེ་ཤིང་ཏོག་ལ་དགའ་པོ་ ཡོད་སྟབས། ང་ཁྱེད་ཀྱི་རོགས་པར་ འགྲོ་ཞེས་ཟེར་ནས་ཁོ་གཉིས་ མཉམ་དུ་ཕྱིན།
༤ ཉི་མ་ཧ་ཅང་ཚ་བས། ཡུད་ཙམ་སོང་རྗེས་པ་ཅེ་འགྱོད་པ་སྐྱེས་ཏེ། ལག་པས་གྲོད་ཁོག་ སྐྱོར་བཞིན་ཨ་ར་ར་ཞེས་སྐད་ངན་འདོན་ཞོར་ལ་ངའི་གྲོད་ཁོག་གཟེར་བྱུང། ཇོ་ཇོ་ སྤྲེལ་རྒན་ལགས། ངས་འདི་རུ་ཁྱེད་བསྒུགས་ནས་སྡོད་ཟེར་ནས་བསྡད།
༥
ཝུའུ་ཁུང་གིས་པ་ཅེ་ལས་ཀ་ལ་གཡོལ་བཞིན་ཡོད་ པ་ཤེས་ནས།
འགྲིག་གོ་ཟེར་བཞིན་འགྲེ་ལྡོག་ གཅིག་གིས་མི་སྣང་བར་གྱུར།
༦ པ་ཅེ་ཡིས་ལྗོན་ཤིང་གི་གྲིབ་བསིལ་འོག་ཏུ་གཉིད་སྐྱིད་པོ་ ཞིག་ཉལ་དགོས་བསམས་པ་ན། གློ་བུར་དུ་མདུན་གྱི་ རྩྭ་སྲིབ་ཏུ་ཆུ་ག་གོན་ཆེན་པོ་ཞིག་ ཡོད་པ་མཐོང་བས། མྱུར་དུ་ཕར་ རྒྱུགས་ནས་ཡར་བླངས།
༧
སྒུག་བཞིན་ཡོད་པ་དྲན་ནས་ བཟོད་བསྲན་བྱས།
པ་ཅེ་ཡིས་དེ་མ་ཐག་ཏུ་ཆུ་ག་གོན་དེ་ བཟས་ནས་སྐོམ་པ་སེལ་འདོད་ཀྱང། ཐང་སིན་བླ་མ་དང་ཧ་ཤང་གཉིས་ཀྱིས་
༨ ཅུང་ཟད་འགྱངས་རྗེས་པ་ཅེ་ཡི་བསམ་པར། ངས་སྔོན་ལ་རང་ཉིད་ཀྱི་སྐལ་བ་དེ་ཟ་ལ། ལྷག་མ་རྣམས་ཁོང་ཚོར་ཁྱེར་ན་ཡང་ མི་འགྲིག་པ་མེད་སྙམས་པས།
ཁོས་ཆུ་ག་གོན་དུམ་བུ་བཞིར་ བགོས་ཏེ་རང་ཉིད་ཀྱི་ སྐལ་བ་དེ་བཟས།
ཆུ་ག་གོན་ཟ་བཞིན་པ་དང་དུས་
པ་ཅེ་ལ་བལྟས་ཏེ་བསྡད།
༩ དུས་དེར་ཝུའུ་ཁུང་གིས་ཤིང་ཏོག་ཁུར་ ནས་ཕྱིར་ལོག་པ་ན།
ཏག་ཏག་པ་ཅེ་ཡིས་
འཁེལ་བས། ཁོས་བར་སྣང་ནས་
༡༠ པ་ཅེ་ཡིས་རང་ཉིད་ཀྱི་ཟ་སྐལ་དེ་ཟ་ཐེངས་གཅིག་ལ་བཟས་ཚར་ཏེ་ ཤུན་པ་གཡུགས་པ་དང། ད་དུང་ཟ་རྔམ་མ་ཚིམ་པར་ཁ་ནས་ཇོ་ཇོ་ སྤྲེལ་རྒན་གྱི་སྐལ་བ་དེ་ཟ་ཆོག་གི་རེད་ཅེས་ཆིག་ལབ་བརྒྱབ།
༡༡ དེ་ལྟར་སྐལ་བ་གཉིས་པ་བཟས་རྗེས།
ཟ་རྔམ་མ་ཚིམ་པར་ངས་ཧ་ཤང་གི་སྐལ་བ་ཡང་ ཟ་ཆོག་གི་རེད་ཟེར་ནས་སླར་ཡར་ཟ་གྲབས་ བྱས་པ་ན། ཝུའུ་ཁུང་ཅུང་ཟད་མ་དགའ་བར་གྱུར།
པ་ཅེ་ད་དུང་
དེས་མ་ཚད་པ་ཅེ་ཡིས་སྐལ་བ་གསུམ་པ་དེ་བཟས་ཚར་རྗེས། སྐལ་བ་བཞི་པ་དེ་
༡༢
ཡང་ཡར་བླངས་ནས་བླ་མ་རིན་པོ་ཆེ། དགེ་ཕྲུག་ང་ཁ་སྐོམ་དྲགས་པས་ཁྱེད་ཀྱི་ ཚབ་ཞུས་ནས་ཁྱེད་ཀྱི་སྐལ་བ་འདི་ཡང་ཟ་ཡི་ཡིན་ཟེར་བཞིན་ཆུ་ག་གོན་དེ་བཟས།
༡༣ ཚུལ་དེ་མཐོང་ནས་ཝུའུ་ཁུང་གིས་བར་སྣང་ནས་པ་ཅེ་ཞེས་བོས་ཏེ་ཁོའི་གམ་དུ་ མཆོངས་པ་ན། པ་ཅེ་ཡིས་མྱུར་དུ་ཆུ་ག་གོན་གྱི་པགས་པ་རྒྱང་རིང་དུ་ གཡུགས་ཏེ། ཅི་ཡང་མ་བྱུ ང་མདོག་མདོག་བྱས་ནས་བསྡད།
༡༤ ཝུའུ་ཁུང་གིས་ཀྱང་མ་ཚོར་མ་ཤེས་མདོག་མདོག་བྱས་ཏེ་ཁོ་དང་མཉམ་དུ་ཕྱིར་ལོག གོམ་པ་འགའ་ཤས་སྤོས་མཚམས་སུ་པ་ཅེ་ཡིས་ཆུ་ག་གོན་གྱི་ཤུན་པ་ཞིག་ བརྫིས་ནས་སར་འགྱེལ་ཏེ་མགོ་ལ་སྐྲངས་འབུར་ཞིག་བྱུང།
༡༥ ཝུའུ་ཁུང་གིས་མི་ངན་སུ་ཡིས་གང་སར་ཆུ་ག་གོན་གྱི་པགས་པ་ གཡུགས་པ་རེད་ཅེས་ཁ་རྡུང་གཏོང་བཞིན། འདི་ཁྱོད་ཀྱིས་ བླ་མ་ལ་ཕྱག་གཅིག་བཙལ་བར་རྩི་ཆོག་གི་རེད་ ཅེས་བཤད། པ་ཅེ་ཡིས་སྐྱོན་མི་འདུག ན་ཚ་གཏོང་གི་མི་འདུག་ཅེས་ལབ།
༡༦ ཡང་གོམ་པ་འགའ་ཤས་ཕྱིན་པ་ན་པ་ཅེ་ཡིས་སླར་ཡང་ཆུ་ག་གོན་གྱི་པགས་ པ་ཞིག་བརྫིས་ནས་སར་འགྱེལ་པས། ན་ཟུག་མ་བཟོད་པར་རྔུལ་ཆུ་ཤོར། ཝུའུ་ ཁུང་གིས་པ་ཅེ་ལ་འདི་ནི་ཧ་ཤང་ལ་ཕྱག་གཅིག་བཙལ་བར་བརྩི་ཆོག་གི་རེད་ཅེས་ བཤད་པས། པ་ཅེ་ཡིས་ན་ཟུག་ཁོག་ལ་བཅུག་ནས་གང་ཡང་ཤོད་མ་ཕོད།
༡༧ ཝུ འུ་ཁུང་གིས་འགྲོ་ཞོར་དུ་པ་ཅེ་ལ་འབྲས་ཤིང་རེ་བོའི་ཤིང་ཏོག་སྣ་ཚོགས་གླེང་བ་ན། པ་ཅེ་ལ་ཟ་རྔམ་གྱི་འགྲམ་ཆུ་བཞུར། སྣང་བ་གཡེངས་ནས་ཡང་བསྐྱར་ཆུ་ག་གོན་གྱི་ པགས་པ་ཞིག་བརྫིས་ཏེ་འགྱེལ། ཝུའུ་ཁུང་གད་མོ་དགོད་བཞིན་པ་ཅེ་ལ་ ཁྱོད་ཀྱིས་ང་ལ་ཕྱག་འཚལ་དོན་ཅི་ཡིན་ཞེས་བཤད།
༡༨ དེར་པ་ཅེ་ངོ་ཚ་ནས་གདོང་དམར་པོར་ གྱུར་ཞིང། སྐད་ཆ་ཚིག་གཅིག་ཀྱང་ རྗོད་མ་ཐུབ་པར་ལུས་སོ།། །།
༡༩