༡ ཁོ་གཉིས་རྩོད་པ་བརྒྱབ་པ་རེད། མཐར་ཁོ་གཉིས་ཀྱིས། འགྲན་བསྡུར་བྱ་རྒྱུའི་ཐག་བཅད་པ་རེད། ༄༅། །བྱང་རླུང་དང་ཉི་མ་གཉིས་ཀྱིས། གཅིག་གིས་ ཟེར་ན། ང་ནུས་སྟོབས་ཆེ་བ་ཡོད་ཟེར། གཞན་དེས་ ང་ནུས་སྟོབས་ཆེ་བ་ཡོད་ཟེར་ནས། བྱང་རླུང་དང་ཉི་མ།མ་རྩོམ། ཡེ་སུའུ།(ཀེ་རི་སི།)
༢ དེར་རྒྱལ་ཁ་ཐོབ་པ་ཡིན་ཞེས་བཤད་པར། ཉི་མས་མོས་མཐུན་བྱས་པ་རེད། ཐོག་མར་བྱང་རླུང་གིས། ལམ་ལ་འགྲོ་བའི་མིའི་གོས་ སུས་འབུད་ཐུབ་ན།
༣ སྐབས་དེར་ལམ་ལ། འགྲུལ་པ་ཞིག་ཚུར་འོང་བཞིན་ཡོད་ པ་ལ། བྱང་རླུང་གིས་མི་དེའི་ཕྱོགས་ལ། རླུང་ཤུགས་ ཆེན་པོ་ཞིག་བརྒྱབ་ནས། ཁོའི་གོས་རྣམས་མར་ འབུད་དགོས་དྲན་པ་རེད།
མི་དེས་རླུང་འདིའི་ཆེ་ལུགས་ལ་ཞེས། ལུས་པོ་འདར་ཞུམ་ཞུམ་བྱས། ཁོས་ལུས་པོ་སྐུམ་ཙམ་བྱས་ནས། གྱོན་གོས་ལུས་ལ་དམ་པོར་གྱོན།
༤
༥
རླུང་ཤུགས་ཆེ་ཤོས་བརྒྱབ་པས།
དམའ་རུ་ཞེ་དྲག་སོང་བ་རེད།
བྱང་རླུང་གིས་རླུང་ཤུགས་ཆེན་པོ་ཞིག་བརྒྱབ་ཀྱང་། མི་དེའི་གྱོན་གོས་འབུད་ཐུབ་མེད། དེ་ནས་བྱང་རླུང་གིས་
དྲོད་ཚད་ཀྱང་
༦ མི་དེས་ཨ་ཙི། གནམ་གཤིས་འདི་དེ་འདྲའི་གྲང་བ་ལ་ཞེས། བཤད་པ་དང་།
སྔར་བས་ཀྱང་དམ་པོར་དཀྲིས།
གྲང་ལྷགས་འགོག་ཆེད་དུ། གྱོན་གོས་
༧ མཐར་བྱང་རླུང་དཀའ་ལས་ཁག་ནས། རླུང་རྒྱག་མཚམས་ བཞག ཉི་མས་གད་མོ་དགོད་ཞོར་དུ། ད་འོ་ན་ངས་ ཅི་བྱེད་ལྟོས་ཨ་ཞེས་བཤད།
༨ ཉི་མས་དལ་བུར་ས་གཞི་ལ། དྲོད་འཇམ་ ལྡན་པའི་འོད་ག་ལེར་སྤྲོས་པ་ན། ལམ་འགྲོ་བ་དེའི་ལུས་ཀྱི་དྲོད་ཚད། རིམ་གྱིས་རྒྱས་ནས། གོས་ཕྱི་མ་དེ་ཕུད་པ་རེད།
དེ་ནས་ཉི་མས་འོད་ཤུགས་ཅུང་ ཆེ་རུ་བཏང་ནས། ས་གཞི་སྤྲོས་པས།
༩
མི་དེས་ཚ་བ་བཟོད་མ་ཐུབ་པར།
གཉིས་མཐུད་དུ་ཕུད་པ་རེད།
གྱོན་གོས་གཅིག་རྗེས་
༡༠ ཉི་མས་མུ་མཐུད་ནས། འོད་ཤུགས་ཆེ་རུ་ བཏང་བས། མི་དེ་ཚ་བ་དྲག་པོས་ གདུང་ནས། རྔུལ་ཆུ་ཕྲུམ་ཕྲུམ་དུ་ བཞུར། མཐར་མི་དེས་ཚ་བ་བཟོད་མ་ཐུབ་པར། གོས་ཚང་མ་ཕུད་དེ། ཉེ་འདབས་ཀྱི་རྒྱུག་ཆུའི་ནང་དུ་རྐྱལ་རྒྱག་དགོས་ བྱུང་བ་རེད།། །།