༡
མ་རྩོམ་སུའི་ཡིན་མ་ཤེས། ༄༅། །གནའ་སྔ་མོའི་དུས་སུ། ས་གཞི་ འདིའི་ཕྱོགས་ག་ས་ག་ལ་ཆུ་ལོག་གིས་ ས་ཞིང་དང་ཁང་ཁྱིམ་བསྣུབས་ཏེ། མི་སེར་རྣམས་ལ་སྡུག་བསྔལ་ ཚད་མེད་བཟོ་ཡི་ཡོད།
ཏ་ཡུས་ཀྱིས་ཆུ་བཅོས་པ།
༢ ཏ་ཡུས་ཞེས་པའི་མི་སྙིང་སྟོབས་ཅན་དེས།
བདེ་སྐྱིད་ཀྱི་འཚོ་བར་རོལ་ཆེད་དུ།
སེམས་ཐག་བཅད་ནས། གཉེན་སྒྲིག་བྱས་པའི་ཉིན་བཞི་པ་ནས། ཆུང་མ་དང་ཁ་བྲལ་ཏེ་ ཆུ་ལོག་འགོག་པར་ཕྱིན།
མི་སེར་རྣམས་སླར་ཡང་
ཆུ་ལོག་དགག་རྒྱུའི་
༣ ཏ་ཡུས་ཀྱིས་ལ་མཐོན་པོ་ཡང་ཡང་བརྒྱབ་ཅིང་། ཆུ་ཆེན་པོ་ཡང་ཡང་ བརྒལ་ཏེ་ལེ་དབར་སྟོང་གི་ཕ་རོལ་ཀྱི་ལྷ་ོཕྱོགས་ས་ཆར་ སླེབས་པ་དང། ལྷ་འབྲུག་གཤོག་པ་ཅན་དེ་ཆུ་ལོག་ འགོག་པའི་རོགས་སུ་གདན་འདྲེན་ཞུས་པ་རེད།
༤ ལྷ་འབྲུག་ནི་ས་སྟེང་གི་རི་ཀླུང་ཀུན་ལ་ཆ་རྒྱུས་ཡོད་པ་ཞིག་ཡིན། ལྷ་འབྲུག་སྔོན་དུ་འཕུར་བ་དང། ཏ་ཡུས་ དང་མི་རྣམས་ཀྱིས་ཁོའི་རྗེས་སུ་ འབྲངས་ནས་ལྷ་འབྲུག་ གིས་བྲིས་པའི་རི་མོ་ལྟར་ ཆུ་རྐ་བཟོས་སོ། །
༥ ཁོ་ཚོས་ཉིན་གང་ལས་མཚམས་མི་འཇོག་པར་ཆུ་རྐ་མང་པོ་ བཟོས་པ་རེད།
ཡོད་པས།
ཆུ་རྐ་དེ་ཚོ་མཐར་ཐུག་རྒྱ་མཚོ་དང་འབྲེལ་
ཆུ་ལོག་ནི་ཆུ་རྐ་དེད་ནས་རྒྱ་མཚོའི་ ནང་འགྲོ་ཡི་ཡོད།
༦ ཉིན་ཞིག ཏ་ཡུས་རང་ཁྱིམ་གྱི་སྒོ་འགྲམ་བརྒྱུད་དེ་འགྲོ་སྐབས། ཨ་མས་ཁོ་ལ་ཆུང་མར་ཕྲུ་གུ་སྐྱེ་རན་པས། ཁྱོད་ཁྱིམ་ལ་ ཐེངས་གཅིག་ཤོག་དང་ཞེས་གསུངས་པར། ཏ་ཡུས་ཀྱིས་ལན་དུ། ཆུ་ལོག་གིས་རྐྱེན་བྱས་ཏེ་ཉིན་རེ་བཞིན་ མི་མང་པོ་འཆི་བཞིན་ཡོད་པས། ང་ལ་སྡོད་ལོང་མེད་ཅེས་བཤད།
༧ ཏ་ཡུས་རང་ཁྱིམ་གྱི་སྒོ་འགྲམ་བརྒྱུད་ནས་ཐེངས་གཉིས་པ་ འགྲོ་སྐབས། ཆུང་མར་ན་ཚ་ཕོག་ཡོད། མི་ཚང་མས་ ཁོ་ལ་ཁྱིམ་དུ་ཆུང་མར་ལྟ་རུ་སོང་ཞེས་ བཤད་ཀྱང་། ཏ་ཡུས་ཀྱིས། མི་ཚང་མ་ལ་ཕ་མ་དང་ཆུང་མ་ཡོད་ཅིང་། མི་གཞན་པའང་ ན་སྲིད་པས། གལ་ཏེ་མི་ཚང་མ་ཁྱིམ་དུ་ནང་མི་ལ་བལྟ་རུ་ ལོག་ན་སུས་ཆུ་ལོག་འགོག་གམ་ཞེས་བརྗོད་དོ།།
༨ དེའི་རྗེས། ཏ་ཡུས་ཐེངས་གསུམ་པར་རང་ཁྱིམ་གྱི་སྒོ་འགྲམ་དུ་ སླེབས་ཀྱང་སྔར་བཞིན་ཁྱིམ་དུ་སོང་མེད། ཁོའི་བྱ་སྤྱོད་ཀྱིས་ མི་རྣམས་ལ་སྐུལ་མ་ཐེབས་ནས་ ཆུ་ལོག་དགག་རྒྱུའི་སྟོབས་ཤུགས་ ཆེ་རུ་སོང་།
༩
ཞིག་ཏུ་གྱུར།
ཏ་ཡུས་ཀྱིས་ཆུང་མས་ཁྱོ་ག་ཧ་ཅང་དྲན་ཏེ། ཉིན་རེ་བཞིན་ ཕྲུ་གུ་པང་པར་བཟུང་ནས་རི་རྩེར་ སོང་སྟེ་ཏ་ཡུས་ཐུག་རྒྱུའི་རེ་བ་ བཅངས། དུས་ཡུན་རིང་པོ་ བསྒུགས་རྗེས། མ་བུ་ གཉིས་རྡོ་ཕ་བོང་
༡༠ ཁོ་ཁྱིམ་དུ་ལོག་སྐབས་རང་ཉིད་ཀྱི་ཆུང་མ་དང་བུ་གཉིས་རྡོ་རུ་གྱུར་ ཡོད་པ་མཐོང་བས་སེམས་པ་སྐྱོ་ནས་ཕ་བོང་ལ་འཁྱུད་དེ་ངུ་འབོད་ཤོར། ཏ་ཡུས་ཀྱིས་མི་རྣམས་འཁྲིད་དེ་
བྱས་མཐར།
ལོ་བཅུ་གསུམ་རིང་སྡུག་རུས་
ཆུ་ལོག་ བཅོས་ཐུབ་པ་བྱུང།
༡༡
ཁོའི་མིག་ཆུ་རྡོའི་ཐོག་ཏུ་ཟག་པ་དང། སྐད་སྒྲ་ ཆེན་པོ་ཞིག་གྲགས་པ་དང་མཉམ་དུ། རྡོ་ཕ་བོང་ གས་ནས་དེའི་ནང་ནས་ཕྲུ་གུ་ཞིག་ཐོན་བྱུང་བ་ དེ་ནི་ཏ་ཡུས་ཀྱི་བུ་དེ་ཡིན་པ་རེད།
༡༢ ཏ་ཡུས་ཀྱིས་ཆུ་བཀག་པའི་བྱས་རྗེས་ཆེན་པོ་བཞག་ཡོད་པས། རྗེས་སུ་མནའ་བཞག་ཚོང་པའི་ཚོང་དཔོན་དུ་གྱུར་པ་དང། ཁོའི་བུ་དེ་ནར་སོན་རྗེས་རང་རྒྱལ་གྱི་བྲན་གཡོག་ ལམ་ལུགས་ཀྱི་རྒྱལ་རབས་དང་པོ་དེ་ བཙུགས་པ་རེད།
༡༣ ཆུ་ལོག་བཤངས་རྗེས། མི་རྣམས་ཀྱིས་སླར་ཡང་ བདེ་སྐྱིད་ཀྱི་འཚོ་བར་རོལ་ཐུབ་པ་བྱུང། རླབས་ཆེ་བའི་ ཆུ་ལོག་འགོག་པའི་དཔའ་བོ་ཏ་ཡུས་ལ་རྗེས་དྲན་ཞུ་ཆེད། དེང་གི་ཆར་ཀྲེ་ཅང་ཞེས་པའི་ཡུལ་དུ་མི་རྣམས་ཀྱིས་ གཟི་བརྗིད་ལྡན་པའི་ཏ་ཡུས་ཀྱི་བང་སོ་བཞེངས་ཡོད།། །།