




༡ ༄༅། །སྔར་སྨ་ར་དཀར་པོ་ཅན་གྱི་སྤོ་བོ་ཞིག་ཡོད་པ་དེས། རང་ཉིད་ཀྱི་ ཞིང་ཁར་ལ་ཕུག་གི་ས་བོན་འབྲུ་རྡོག་རྐང་གཅིག་བཏབ་ཡོད། སྤོ་བོས་ཉིན་ལྟར་དེ་ལ་ཆུ་བླུགས་པ་དང་། ལུད་བླུགས་པས་ལ་ཕུག་ཉིན་རེ་བཞིན་དུ་སྐྱེ་འཚར་བྱུང་བ་རེད། ལ་ཕུག་འབལ་བ།(མ་རྩོམ། སུའི་ཡིན་མ་ཤེས།)


༢ ལ་ཕུག་སྨིན་པའི་དུས་ལ་བབས་པས།
ལྕགས་ཁྱེམ་གྱིས་ལ་ཕུག་གི་རྩ་བ་ནས་བཀོག་ཀྱང་།
བྱེད་ཐུབ་ཀྱི་མེད། སྤོ་བོས་ཡང་བསྐྱར་ལ་ཕུག་གི་ལོ་མ་ནས་འཇུས་ཏེ། ཤུགས་ཀྱིས་འཐེན་ཀྱང་ལ་ཕུག་འབལ་མ་ཐུབ་པ་རེད།
སྤོ་བོ་ལ་ཕུག་བསྡུ་རུ་ཕྱིན། སྤོ་བོས་
ལ་ཕུག་སྒུལ་ཙམ་ཡང་


༣ སྤོ་བོ་ཐང་ཆད་ནས་ལུས་ཡོངས་རྫོགས་རྔུལ་ཆུས་བརླན།
ཆེན་པོས། རྨོ་བོ་ལགས། མྱུར་དུ་ང་ལ་ལ་ཕུག་འབལ་རོགས་བྱེད་དུ་ཤོག་དང་། ཞེས་སྐད་བརྒྱབ་པས་རྨོ་བོས། ལགས་སོ་ཟེར་ནས་དེར་ཡོང་ངོ་།།
སྤོ་བོས་སྐད་ཤུགས་


༤ དེ་ནས་རྨོ་བོས་སྤོ་བོར་འཇུས། སྤོ་བོས་ལ་ཕུག་གི་ལོ་མར་འཇུས་ཏེ། གཅིག གཉིས། གསུམ་པའི་ཐོག་ལ་ཞེས། ཤུགས་ཀྱིས་འཐེན་ཀྱང་ལ་ཕུག་ འབལ་མ་ཐུབ། རྨོ་བོས་སྐད་ཤུགས་ཆེན་པོས། བུ་མོ། མགྱོགས་པོ་ང་ཚོར་ ལ་ཕུག་འབལ་རོགས་ལ་ཤོག་དང་། ཞེས་སྐད་བརྒྱབ་པས། བུ་མོས། ལེགས་སོ་ཟེར་ནས་དེར་ཡོང་ངོ་།།


༥ དེ་ནས་བུ་མོས་རྨོ་བོར་འཇུས། རྨོ་བོ་ཡིས་སྤོ་བོར་འཇུས། སྤོ་བོས་ལ་ཕུག་གི་ ལོ་མར་འཇུས་ནས་གཅིག གཉིས། གསུམ་པའི་ཐོག་ལ་ཞེས་ཤུགས་ཀྱིས་ འཐེན་ཀྱང་སྔར་བཞིན་འབལ་མ་ཐུབ། བུ་མོས་སྐད་ཤུགས་ཆེན་པོས་ ཁྱི་ཕྲུག་སེར་པོ། མྱུར་དུ་ང་ཚོ་ལ་ལ་ཕུག་འབལ་རོགས་ལ་ ཤོག་དང་ཞེས་སྐད་བརྒྱབ་པས། ཁྱི་ཕྲུག་གིས་ཝོ་ཝོ་ཞེས་སྐད་རྒྱག་བཞིན་དེར་ཡོང་ངོ་།།


༦ སྤོ་བོས་ལ་ཕུག་གི་ལོ་མར་འཇུས་ནས་གཅིག གཉིས། གསུམ་པའི་ཐོག་ལ་ཞེས་ ཤུགས་ཀྱིས་འཐེན་ཀྱང་། སྔར་བཞིན་ལ་ཕུག་འབལ་ཐུབ་མེད། ཁྱི་ཕྲུག་གིས་ སྐད་ཤུགས་ཆེན་པོས། ཞི་མི་ཁྲ་བོ། མྱུར་དུ་ང་ཚོ་ལ་ལ་ཕུག་འབལ་རོགས་ ལ་ཤོག་དང་། ཞེས་སྐད་བརྒྱབ་པས། ཞི་མིས་མེའོ་མེའོ་ཞེས་ སྐད་རྒྱག་བཞིན་དེར་ཡོང་བ་རེད། དེ་ནས་ཁྱི་ཕྲུག་གིས་བུ་མོར་འཇུས། བུ་མོས་རྨོ་བོར་འཇུས། རྨོ་བོས་སྤོ་བོར་འཇུས།


༧ ཞི་མིས་སྐད་ཤུགས་ཆེན་པོས། ཙི་གུ་ཆུང་ཆུང། མྱུར་དུ་ང་ཚོ་ལ་ལ་ཕུག་ འབལ་རོགས་ལ་ཤོག་དང་། ཞེས་སྐད་བརྒྱབ་པས། ཙི་གུ་ཡིས་ཙི་ཙི་ཙི་ཞེས་སྐད་རྒྱག་བཞིན་དེར་ཡོང་བ་རེད། དེ་ནས་ཞི་མིས་ཁྱི་ཕྲུག་ལ་འཇུས། ཁྱི་ཕྲུག་གིས་བུ་མོར་འཇུས། བུ་མོས་ རྨོ་བོར་འཇུས། རྨོ་བོས་སྤོ་བོར་འཇུས། སྤོ་བོས་ལ་ཕུག་གི་ལོ་མར་འཇུས་ནས། གཅིག གཉིས། གསུམ་པའི་ཐོག་ལ་ཞེས་ ཤུགས་ཀྱིས་འཐེན་ཀྱང་ལ་ཕུག་འབལ་ ཐུབ་མེད།


༨ ཙི་གུས་སྐད་ཤུགས་ཆེན་པོས། གྲོག་མ་ཆུང་ཆུང་། མྱུར་དུ་ང་ཚོ་ལ་ལ་ཕུག་ འབལ་རོགས་ལ་ཤོག་དང་། ཞེས་སྐད་བརྒྱབ་པས། གྲོག་མ་རྒྱུགས་ནས་དེར་ཡོང་ངོ་།། དེ་ནས་ཙི་གུས་ཞི་མིར་འཇུས། ཞི་མིས་ཁྱི་ཕྲུག་ལ་འཇུས། ཁྱི་ཕྲུག་གིས་བུ་མོར་ འཇུས། བུ་མོས་རྨོ་བོར་འཇུས། རྨོ་བོས་སྤོ་བོར་འཇུས། སྤོ་བོས་ལ་ཕུག་གི་ ལོ་མར་འཇུས་ནས། གཅིག གཉིས། གསུམ་པའི་ཐོག་ལ་ཞེས་ཤུགས་ཀྱིས་འཐེན་ ཀྱང་ལ་ཕུག་འབལ་མ་ཐུབ།


༩ དེ་ནས་འབུ་གྲོག་མས་ཙི་གུ་ལ་འཇུས། ཙི་གུས་ཞི་མིར་འཇུས། ཞི་མིས་ཁྱི་ཕྲུག་ ལ་འཇུས།
རྨོ་བོས་སྤོ་བོར་ འཇུས། སྤོ་བོས་ལ་ཕུག་གི་ལོ་མར་འཇུས་ནས། གཅིག གཉིས། གསུམ་པའི་ཐོག་ ལ་ཞེས་ཤུགས་ཀྱིས་འཐེན་པས་ལ་ཕུག་སྒུལ་ཐུབ་ཙམ་བྱུང་། དེ་ནས་མུ་མཐུད་ ནས་ཤུགས་ཀྱིས་འཐེན་འཐེན་པས། མཐར་ལ་ཕུག་དེ་གཞི་ནས་ འབལ་ཐུབ་པ་བྱུང་བ་རེད།
ཁྱི་ཕྲུག་གིས་བུ་མོར་འཇུས། བུ་མོས་རྨོ་བོར་འཇུས།


༡༠ དེ་ནས་ཁོ་ཚོས་མཉམ་དུ་ལ་ཕུག་ཆེན་པོ་དེ་ཁུར་ཏེ་ དགའ་སྤྲོའི་ངང་རང་ཁྱིམ་དུ་ལོག་པ་རེད་དོ།། །།

༡༡
