༡ ༄༅། །གྲང་ངར་ཤིན་ཏུ་ཆེ་བའི། དགུན་དུས་ཤིག་ལ། སོ་ནམ་པ་ཞིག་གིས། ཤིང་རྟ་བཏང་ནས་ཁྱིམ་ལ། ལོག་ཡོང་སྐབས། ། ལམ་ཟུར་ན་འཁྱགས་རེངས་ཐེབས་པའི། དུག་སྦྲུལ་ཞིག་ཡོད་པ་མཐོང་བ་རེད། སོ་ནམ་པ་དང་སྦྲུལ།མ་རྩོམ། ཡེ་སུའུ།(ཀེ་རི་སི།)
༢ སོ་ནམ་པས་སྦྲུལ་དེ་ལ༌སྙིང་རྗེ་སྐྱེས་ནས། དེའི་སྲོག༌ སྐྱོབ་ཐབས་བྱེད་དགོས་བསམས་པ་རེད། སྦྲུལ་དེ་འཁྱགས་ནས་ འཁྱིལ་བསྡད་ཡོད།
༣ སོ་ནམ་པ་དེས་སྦྲུལ་དེ་ཨམ་ཧྲག་ནང་ བཅུག་ནས། ཁྱིམ་ལ་ཁྱེར་པ་རེད།
༤
དྲན་པ་སོས།
དྲོད་སྐྱིད་ལྡན་པའི་ཁང་པའི་ནང་དུ། དུག་སྦྲུལ་དེ་ག་ལེར་
སོ་ནམ་པ་དགའ་ནས་ཨ་ཙི། ཁྱོད་གཞི་ནས་དྲན་ པ་སོས་ཙམ་བྱུང་སོང་། དེ་འདྲའི་དགའ་བ་ལ། ཞེས་བཤད།
སྦྲུལ་དེའི་མིག་གདང་བཞིན། ང་ངོ་མ་དྲན་པ་སོས་ཡོད། ད་ལྟ་ང་ལ་
ཁྱོད་ཀྱིས་
༥
ཤེས་ཀྱི་ཡོད་དམ།
གང་དགོས་ཀྱི་ཡོད་མེད།
ཞེས་ལབ་པར།
༦
སྦྲུལ་དེས། སོ་ནམ་པར་གད་མོ་དགོད་བཞིན། ང་ལྟོགས་ བྱུང། བཟའ་བཅའ་ཞིག་སྟེར་རོགས། ཞེས་བཤད།
སོ་ནམ་པས། ངས་ཤེས་ཀྱི་མེད། ཅེས་ལན་བཏབ་པར།
༧ སོ་ནམ་པས། ངས་ཁྱོད་ལ་ཟ་མ་ཞིག འཚོལ་དུ་འགྲོ་ཞེས་བཤད་པར། སྦྲུལ་གྱིས། ང་ལ་ཟས་གཞན་པ་མི་དགོས། ཁྱོད་བཟས་པས་ ཆོག་ཅེས་བཤད་པ་དང་། སོ་ནམ་པ་ལ་སོ་བརྒྱབ་པ་རེད།
༨ སོ་ནམ་པ་སྡུག་སྐད་ཤོར་ནས། ས་ལ་འགྱེལ་ནས་ཤི་ཁར། ཁོས་སྦྲུལ་ནི། མིའི་དགྲ་ཡིན་པ་ངས། ཐོག་མ་ནས་ཤེས་ དགོས་ཀྱང། དེ་ལ་སྙིང་རྗེ་སྐྱེས་ནས། སྲོག་སྐྱོབ་མི་འོས་ ཨང་ཞེས། འགྱོད་པ་སྐྱེས་ནས་ཤི་བ་རེད།། །།
༩