༡ གླང་རྫི་དང་ཐགས་མོ། མ་རྩོམ། ཡེ་སུའུ། ( ཀེ་རི་སི། ) ༄༅། །གནའ་སྔ་མོ་སྔ་མོ། གནམ་དང་སའི་བར་མཚམས་གསེར་ ཆུ་ཞེས་པའི་རྒྱུག་ཆུ་ཆེན་པོ་ཞིག་གིས་བཅད་ཡོད། ཆུའི་ཤར་ཕྱོགས་སུ་སྟེང་གི་ལྷ་དང། ཆུའི་ནུབ་ཕྱོགས་སུ་བར་གྱི་མི་སྡོད་ཀྱི་ཡོད།
༢ གསེར་ཆུའི་ཤར་ཕྱོགས་སུ་ཡིད་དུ་འོང་བའི་ལྷ་མོ་ན་ཆུང་ ཞིག་ཡོད། ཁོ་མོ་ནི་བློ་གྲོས་ལྡན་ལ་ལག་རྩལ་ ཅན་ཞིག་ཡོད་པས། ལྷ་ཡུལ་དུ་ཆེས་མཛེས་པའི་གོས་ཆེན་སྤྲིན་རིས་མའི་ལྷ་གོས་ འཐག་ཐུབ་ཀྱི་ཡོད། མི་རྣམས་ཀྱིས་ཁོ་མོ་ལ་ཐགས་མོ་ཞེས་ཟེར།
༣ ཆུའི་ནུབ་ཕྱོགས་སུ་ལས་ལ་བརྩོན་ཞིང་གཞུང་དྲང་བའི་ཕོ་གསར་ ཞིག་ཡོད། ཁོ་ཆུང་དུས་ནས་ཕ་མ་གཉིས་ཀ་གྲོངས་ཟིན་པས་ གླང་རྒན་གཅིག་ཡོད་པ་དེ་དང་། གཅིག་ལ་གཅིག་བརྟེན་གྱིས་འཚོ་བ་སྐྱེལ་གྱི་ཡོད་པས། མི་རྣམས་ཀྱིས་ཁོ་ལ་གླང་རྫི་ཞེས་འབོད་ཀྱི་ཡོད།
༤ ཉིན་ཞིག གླང་རྫིས་གླང་རྒན་གསེར་ཆུའི་འགྲམ་དུ་རྩྭ་ཟ་རུ་ འཁྲིད་སྐབས། གླང་རྒན་གྱིས་གློ་བུར་དུ་ཁོ་ལ་ སྐད་ཆ་བཤད་པར། གླང་རྫི། ཁྱོད་ཀྱང་ ཆུང་མ་ལེན་རན་པ་རེད། སང་ཉིན་ ལྷ་ཡུལ་གྱི་ལྷ་མོ་རྣམས་ གསེར་ཆུའི་ནང་ཁྲུས་གསོལ་ ལ་ཕེབས་ཀྱི་རེད། ཁོ་ཚོ་གསེར་ཆུའི་ནང་འཛུལ་རྗེས། ཁྱོད་ཀྱིས་ལྐོག་ཏུ་ གྱོན་ཆས་ཤིག་རྐུས་དང། གྱོན་ཆས་དེའི་བདག་པོ་ནི་ ཁྱེད་ཀྱི་ཆུང་མ་ཆགས་ཀྱི་རེད་ཅེས་ལབ།
༥ གནམ་ནས་ལྷ་མོའི་ཚོགས་གཅིག་ འཕུར་ཡོང་ནས། ཁོ་ཚོས་གྱོན་ཆས་རྣམས་མར་ཕུད་རྗེས་ གསེར་ཆུའི་ནང་མཆོངས་ནས་རྩེད་མོ་རྩེ་བཞིན་སྡོད་པའི་སྐབས། ཕྱི་ཉིན་ཞོགས་པར། གླང་རྫི་གསེར་ཆུའི་འགྲམ་གྱི་རྩྭའི་གསེང་དུ་ གབ་ནས་བསྡད། ཡུན་རིང་མ་འགོར་བར།
༦ གླང་རྫིས་གྱོན་ཆས་ཤིག་བརྐུས་ནས་མགྱོགས་པོར་ བྲོས་པ།
འུར་སྒྲ་བརྒྱབ་པ་དང།
གྱོན་ཆས་གྱོན་ནས་གནམ་ལ་ བྲོས་ཕྱིན་པ་རེད།
ལྷ་མོ་རྣམས་ཀྱིས་མཐོང་ནས་སྐྲག་སྟེ་
དེ་འཕྲལ་
༧ གླང་རྫིས་ཐགས་མོ་ལ་མི་ཡུལ་དུ་ཁོ་རང་གི་ཆུང་མ་བྱས་ནས་ སྡོད་རོགས་ཞུས། ཐགས་མོས་གླང་རྫི་བློ་ལ་བབ་ཏེ་མོས་མཐུན་བྱས། གསེར་ཆུའི་ནང་ཐགས་མོ་གཅིག་པུ་ལུས་པ་དང་། གླང་རྫིས་ བརྐུས་པ་ནི་ཁོ་མོའི་གྱོན་ཆས་ཡིན་པ་རེད།
༨ ཁོ་གཉིས་ཀྱིས་གླང་རྒན་དེ་གཉེན་དཔང་བྱས་ནས་ཁྱིམ་ཐབ་ བསྒྲིགས། ཁྱོ་ཤུག་གཉིས་འཆམ་ཞིང་མཐུན་པའི་སྒོ་ནས་ ཁྱོ་བོས་ཞིང་འདེབས་པ་དང་ཆུང་མས་ཐགས་འཐག་བཞིན་ བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན། ཁོང་གཉིས་ལ་བུ་ཞིག་དང་བུ་མོ་ཞིག་སྐྱེས་སོ། །
༩ ལྷའི་དབང་པོས་གནས་ཚུལ་དེ་ཤེས་རྗེས། ཁོང་ཁྲོ་ལངས་ནས་དེ་མ་ ཐག་ཏུ་ལྷ་དམག་རྣམས་མི་ཡུལ་དུ་ཐགས་མོ་འཇུ་བཟུང་བྱེད་དུ་བཏང་།
༡༠ ལྷ་དམག་གིས་གླང་རྫིའི་ཁྱིམ་ནས་ཐགས་མོ་བཟུང་སྟེ་བཙན་ཁྲིད་བྱས། གླང་རྫི་དང་ཕྲུ་གུས་ཐགས་མོར་དམ་པོར་ འཐམས་ཀྱང་། ལྷ་དམག་གིས་ཁོ་ཚོར་ འབུད་རྒྱག་བཏང་སྟེ་ཐགས་མོ་ དྲུད་ནས་ཕྱིན་པ་རེད།
༡༡ ཁོ་ཚོ་གསུམ་ངུས་ནས་སྡོད་པ་ལས་ཐབས་གཞན་མ་རྙེད། དེའི་སྐབས་སུ་གླང་རྒན་གྱིས་ཡང་སྐད་ཆ་བཤད་པར། གླང་རྫི། ང་ཤི་རྗེས་ཁྱོད་ཀྱིས་ངའི་པགས་པ་ བཤུས་ནས་ལུས་ལ་གྱོན་དང་། ཁྱོད་ལྷ་ཡུལ་དུ་ཐགས་མོ་འཚོལ་བར་ འགྲོ་ཐུབ་ཟེར། དེ་ལྟར་བཤད་རྗེས་གླང་རྒན་ཤི་ཕྱིན་པ་རེད།
༡༢ གླང་རྫིས་མིག་ཆུ་གཏོང་བཞིན་པགས་པ་བཤུས་ཏེ་ གྱོན་པ་དང་། ཕྲག་ཤིང་གིས་ཕྲུ་གུ་ཁུར་ཏེ་བྱ་རྒོད་པོ་ལྟར་ ནམ་མཁར་འཕུར་བཞིན་མཐའ་ཡས་པའི་གསེར་ཆུ་ཕྱོགས་སུ་ཕུར།
༡༣ ཁོ་ཚོ་གསུམ་པོས་ལྷ་ཡུལ་དུ་ངུ་འབོད་བྱེད་ཀྱིན་ཐགས་མོ་འཚོལ་བར་ ཕྱིན། ཐགས་མོས་བུ་དང་བུ་མོའི་ངུ་སྐད་ཐོས་པས། ནུས་པ་གང་ཡོད་ ཀྱིས་ལྷ་དམག་གི་ལག་ནས་ཐར་བ་བྱས་ཏེ། ཐགས་མོས་བུ་དང་བུ་མོའི་ ཕྱོགས་སུ་བརྒྱུགས་ ཕྱིན་པ་དེ།
༡༤ གནམ་གྱི་གོང་མས་མཐོང་པ་དང་། ལམ་སང་དངུལ་གྱི་སྐྲ་གཟེར་ བླངས་ཏེ་ལན་གཅིག་འཕྱར་བ་ན། གསེར་ཆུ་སྐད་ཅིག་ཉིད་ལ་ གནམ་ལ་འཕགས་ནས་གླང་རྫི་དང་ཐགས་མོ་གཉིས་ནི་གསེར་ཆུ་ ཡི་གཡས་གཡོན་ཕྱོགས་གཉིས་སུ་ལྷག
༡༥ གླང་རྫིས་ཆུང་མ་དང་ལྷན་འཛོམས་ བྱ་རྒྱུའི་དམ་བཅའ་བྱས་ཏེ། ཕྲུ་གུ་གཉིས་ཁྲིད་ནས་ གསེར་ཆུའི་ཆུ་འབོ་འགོ་བརྩམས། ཁོས་ཆུ་ཕོས་མ་ཚར་ བར་དུ་ལས་མཚམས་མི་འཇོག་པའི་སེམས་ཐག་བཅད་པ་རེད།
༡༦ དེའི་སྐབས་སུ། བགྲང་ལས་འདས་པའི་བྱ་སྐྱ་གའི་ ཚོགས་ཤིག་འཕུར་ཡོང་སྟེ། བྱ་སྐྱ་གའི་ ལུས་ཕུང་གིས་ཟམ་པ་ཞིག་བཙུགས། གླང་རྫིས་ཕྲུ་གུ་གཉིས་ཁྲིད་དེ་སྐྱ་གའི་ཟམ་པའི་ཐོག་ ཐགས་མོ་དང་ལྷན་འཛོམས་བྱས་པ་རེད།
༡༧ དེ་ལྟར་ལྷའི་དབང་པོ་དང་ནུབ་ཀྱི་རྒྱལ་མོ་ལ་ཐབས་ཤེས་ཟད་པས། ལོ་རེའི་ཟླ་བ་བདུན་པའི་ཚེ་བདུན་ཉིན་གླང་རྫི་ཁྱིམ་མི་རྣམས་ ཐེངས་གཅིག་འཛོམས་ཆོག་པ་བཟོས། དེ་ནས་བཟུང་། ཉིན་དེ་ སླེབས་སྐབས། མི་ཡུལ་དུ་བྱ་སྐྱ་ག་མཐོང་རྒྱུ་ཧ་ཅང་ཉུང་སྟེ། རྒྱུ་མཚན་ནི་ཁོ་ཚོ་ཚང་མ་ལྷ་ཡུལ་ལ་སྐྱ་གའི་ཟམ་པ་ འཛུགས་སུ་འགྲོ་ཡི་ཡོད་པ་རེད་ཟེར་རོ།། །།