གྲྭ་པ་གསུམ།

Page 1

༡ ༄༅། །རི་ཞིག་གི་འདབས་ནས་ཆུ་བོ་བཞུར་ཞིང་། རི་དེའི་རི་མགོར་དགོན་པ་ཞིག་ཆགས་ལ། དགོན་པ་དེའི་ནང་དུ་གྲྭ་བ་ཆུང་ཆུང་ཞིག་བསྡད་ཡོད། གྲྭ་པ་གསུམ།(མ་རྩོམ། སུའི་ཡིན་མ་ཤེས།)
རོལ་བཞིན་ཡོད།
གྲྭ་ཆུང་དེ་རྟག་པར་རི་འདབས་སུ་ཆུ་ལེན་དུ་ འགྲོ་བ་དང་། ཆུ་བླངས་རྗེས་ཁ་འདོན་དགེ་སྦྱོར་ བྱས་ཏེ་བདེ་ལྷོད་བག་ཕེབས་ཀྱི་འཚོ་བར་
༣ ཉིན་གཅིག་དགོན་པ་དེར་གྲྭ་པ་གཟུགས་པོ་རིང་པོ་ཞིག་སླེབས་པ་རེད། ཁོ་ནི་ གཟུགས་པོ་རིང་ལ་ལྟོ་བའང་ཆེ་བས། ཧུབ་གཅིག་གིས་ཆུ་རྫ་མ་ ཕྱེད་ཀ་ཙམ་འཐུང་ཐུབ་ཀྱི་ཡོད།
༤ ད་རེས་ཁྱོད་རང་ཆུ་ལེན་དུ་སོང་ཞེས་བཤད། གྲྭ་ཆུང་དེས་རྫ་མའི་ནང་གི་ ཆུ་རྫོགས་ཟིན་པ་མཐོང་བས། གྲྭ་པ་གཟུགས་རིང་དེ་ལ་ གྲྭ་ཆུང་གིས། ཁྱོད་ཀྱིས་ལྟོས་དང་། ང་ལ་ཉིན་གསུམ་འདང་པའི་ཆུ་དེ། ཁྱོད་ཀྱིས་ཐེངས་གཅིག་ཙམ་ལ་ བཏུང་ཚར་བས།
༥ གྲྭ་པ་གཟུགས་རིང་དེའི་སེམས་ལ་ཆུ་འཐུང་མཁན་མི་གཉིས་ཡོད་པ་ལ་ཆུ་ལེན་དུ་
ང་གཅིག་པུ་འགྲོ་དགོས་དོན་མེད་སྙམ་ནས། འགྲིག་གི་མ་རེད། ངེད་གཉིས་
མཉམ་དུ་འགྲོ་ཞེས་བཤད།
༦ གྲྭ་ཆུང་དེ་གྲྭ་པ་གཟུགས་རིང་དང་ལྷན་དུ་རི་འདབས་སུ་ཆུ་ལེན་དུ་མི་འགྲོ་ཐབས་ མེད་བྱུང་། ཁོ་གཉིས་ཀྱིས་ཐེངས་རེ་ལ་ཆུ་ཟོམ་གང་ལས་ འཁུར་ཐུབ་ཀྱི་མེད།
༧ ཁོ་གཉིས་རྟག་པར་ཆུ་ཟོམ་གྱི་ཡང་ལྗིད་
ཆུ་ཟོམ་དབྱུག་པའི་དཀྱིལ་དུ་བཞག་ན་ ད་གཟོད་བློ་བདེ་ནས་འཁུར་གྱི་ཡོད།
མ་སྙོམ་པར་རྩོད་པ་ཤོར་གྱི་ཡོད་ལ།
༨ ཕྱིས་སུ་དགོན་པ་དེར་ཡང་གྲྭ་བ་རྒྱགས་པ་ཞིག་ སླེབས་པ་རེད། ཁོ་ཟ་སྟོབས་ཤིན་ཏུ་ཆེ་བ་དང་། ཆུ་ནི་ དེ་བས་ཀྱང་མང་པོ་ཞིག་འཐུང་དགོས་ཀྱི་ཡོད་པས། ཆུ་རྫའི་ ནང་གི་ཆུ་དེ་འཕྲལ་དུ་བཏུང་ཚར་བ་རེད།
༩ ཆུ་རྫའི་ནང་དུ་ཆུ་ཐིགས་ཙམ་ཡང་མ་ལྷག་པས། གྲྭ་པ་གསུམ་པོ་ཁ་སྐོམ་ནས་ཤི་གྲབས་བྱས་ཀྱང་། ཁོ་ཚོ་སུ་ཡང་རི་འདབས་སུ་ཆུ་ལེན་དུ་ འགྲོ་འདོད་མ་བྱུང་།
༡༠ གྲྭ་པ་གསུམ་པོ་ཆུའི་དོན་དུ་ཁ་རྩོད་ཤོར། གྲྭ་ཆུང་དེས་ཆུ་མང་ཤོས་འཐུང་ མཁན་གྲྭ་པ་རྒྱགས་པ་ཡིན་པས་ཁོ་ཆུ་ལེན་དུ་སོང་ན་འགྲིག་ཟེར་བ་དང་། གྲྭ་པ་རྒྱགས་པ་དེས་གྲྭ་པ་གཟུགས་རིང་གོམ་འགྲོས་མྱུར་བས་ཁོ་སོང་ན་ འགྲིག་ཟེར་ནས། ཁོ་ཚོས་རྩོད་གླེང་ཡུན་རིང་བྱས་ཀྱང་། ཕན་ཚུན་ཁས་ མ་བླངས་པས་དོན་དག་ཐག་མ་ཆོད་པར་ལུས།
༡༡ ཁོ་ཚོས་སུ་སྐོམ་མ་བཟོད་པ་དེ་ཆུ་ལེན་དུ་འགྲོ་ངེས་རེད་སྙམ་སྟེ། གྲྭ་པ་གསུམ་པོར་ཆུ་འཐུང་རྒྱུ་མ་བྱུང་ཡང། རང་རང་སོ་སོ་ཁ་འདོན་བྱེད་བཞིན་བསྡད་པ་རེད།
༡༢ ཉིན་གཉིས་འདས་རྗེས་འཕགས་པ་སྤྱན་རས་གཟིགས་ཀྱི་ ཡོན་ཆབ་ཀྱང་སྐམ་ལ། བུམ་པའི་ནང་གི་ལྕང་ལོ་ཡང་རྙིད། གྲྭ་པ་གསུམ་པོ་ཡང་ཁ་སྐོམ་ནས་ལུས་ཟུངས་ཉམས།
༡༣ མཚན་མོ་ཙི་གུས་མཆོད་མེ་བཟས་ནའང་། སུས་ཀྱང་ཁ་ཡ་མི་བྱེད་པར་ གཅིག་གིས་གཅིག་ལ་ཁོ་པ་བདག་གཉེར་བྱེད་དུ་མི་འགྲོ་དོན་ ཅི་ཡིན་ནམ་བསམས་ནས་བསྡད།
༡༤ དེ་ནས་ཙི་གུས་མཆོད་མེ་བསློགས་ཏེ་དགོན་པར་མེ་ཤོར། གྲྭ་པ་གསུམ་པོ་དངངས་འཚབ་ལངས། ཚང་མས་ཆུ་ཟོམ་ཐོགས་ནས་ ཆུ་བླངས་ཏེ་གང་ཐུབ་ཀྱིས་མེ་བསད། ཁོ་ཚོས་ཐུན་མོང་དུ་ཧུར་བརྩོན་ བྱས་མཐར་མེ་ཆེན་པོ་དེ་གསོད་ཐུབ་པ་བྱུང་།
༡༥ དུས་དེ་ནས་བཟུང་གྲྭ་པ་གསུམ་པོས་དཔུང་པ་མཉམ་གཤིབ་དང་རྡོག་རྩ་
ཡག་ཏུ་སོང་ཞིང།
ཆུ་ཡིས་གང་ཡོད་དོ།། །།
གཅིག་སྒྲིལ་བྱས་ནས་ལས་ལ་བརྩོན་པས། དགོན་པ་དེ་ཉིན་རེ་བཞིན་
ཆུ་རྫའི་ནང་དུ་ཡང་ནམ་ཡང་

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.