ཝ་མོ་དང་ལུ་གུ།

Page 1

༡ ༄༅།
འཕར་མཆོང་བྱེད་བཞིན། གཙང་ཞིང་དྭངས་པའི། རྒྱུག་ཆུ་ཞིག་གི་འགྲམ་དུ། ཆུ་འཐུང་དུ་འོངས་པ་རེད།
མ་རྩོམ། ཡེ་སུའུ། (ཀེ་རི་སི།)
།ལུ་གུ་ཆུང་ཆུང་ཞིག
སྤྱང་ཀི་དང་ལུ་གུ།
༢ སྤྱང་ཀི་ཞིག་ཆུ་སྟོད་ནས།
ལུ་གུ་གཅིག
ཡོད་པ་མཐོང་བ་དང། ཁ་མཁས་པོ་དང་འདྲ་ཆགས་པོས་སྐད་ཆ་ཞིག་ བཤད་ནས། ལུ་གུ་དེ་ཟ་དགོས་བསམས་པ་རེད།
མར་འོངས་དུས།
ཆུ་འཐུང་བཞིན་
མུལ་མུལ་བྱས་ཏེ། ཁྱོད་ཀྱིས་རྒྱུག་ཆུའི་ཆུ་རྙོག་པ་བཟོས་སོང་བས། ང་ལ་ཆུ་དྭངས་མ་འཐུང་རྒྱུ་མ་བྱུང། ཞེས་བཤད།
སྤྱང་ཀི་དེས་འཛུམ་

ལུ་གུ་དེ་ཡ་མཚན་སྐྱེས་ནས།

སྐུ་ཞབས་སྤྱང་ཀི་ལགས། ཁྱེད་རང་

ནོར་བ་མིན་ནམ། ཁྱེད་རང་ཆུ་སྟོད་དུ་

ཡོད་ལ། ང་རང་ཆུ་སྨད་དུ་ཡོད་པས།

ངས་ཆུ་སྟོད་ཀྱི་ཆུ་རྙོག་པ་བཟོ་ག་ལ་

ཐུབ། ཅེས་བཤད།

༥ སྤྱང་ཀིས་བསམ་བློ་ཞིག་ བཏང་རྗེས། སླར་ཡང་ ལུ་གུ་ལ། འོ་ན་ཁྱོད་ཀྱིས་ན་ནིང་། ངའི་ཨ་ཕ་ལ་གཤེ་གཤེ་ བཏང་མྱོང་ཡོད། ཞེས་བཤད།
༦ སྐུ་ཞབས་སྤྱང་ཀི་ལགས། ན་ནིང་ང་སྐྱེས་ཀྱང་སྐྱེས་མེད། ཞེས་བཤད།
ལུ་གུས་རྣ་བ་ལ་མ་སོང་བའི་ཚུལ་གྱིས།
༧ སྤྱང་ཀིས་ཧམ་པ་ ཆེན་པོས། ཁྱོད་མིན་ན་ཁྱོད་ཀྱི་ཨ་ཕ་ཡིན། ཁྱོད་ཀྱི་ཨ་ཕ་མིན་ན། ཁྱེད་ཀྱི་སྤོ་བོ་ཡིན་ཞེས་བཙན་གཏམ་བཤད།

ལུ་གུས་སྤྱང་ཀི་འདི། དེ་འདྲའི་རྒྱུ་འབྲས་ མེད་པ་ལ་བསམས་ནས། སྐུ་ཞབས་སྤྱང་

ཀི་ལགས། ན་ནིང་ང་ཚོ་ནང་མི་རྣམས། གནས་གཞན་ན་བསྡད་ཡོད་པས།

ངའི་ཨ་ཕས་ག་འདྲ་བྱས་ནས། ཁྱེད་ཀྱི་ཨ་ཕ་ལ་ གཤེ་གཤེ་གཏོང་ཐུབ་བམ། ཞེས་བཤད།

སྤྱང་ཀི་ཁོང་ཁྲོ་ལངས་ནས་ལུ་གུ་ལ། ཁྱོད་ཀྱིས་

ངོས་ལེན་བྱས་ཀྱང་རུང། མ་བྱས་ཀྱང་རུང། གང་ལྟར་ཉི་མ་དེ་རིང་། ངས་ཁྱོད་ཟ་ཐག་ཆོད་ཡིན། ཞེས་བཤད་འཕྲལ་ལུ་གུའི་སྟེང་དུ་མཆོངས་པ་རེད།

༡༠
ལུ་གུ་དེས་འགྲེལ་བཤད་གང་བྱས་ ཀྱང་སྤྱང་ཀིའི་ཁ་ནས་ཐར་ཐུབ་མེད། སྤྱང་ཀི་མ་རབས་དེས་ལུ་གུ་དེ་ བསད་པ་རེད།། །།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.