ཆུ་འཛིན་སྲས་མོ།

Page 1

༡ ཆུ་འཛིན་སྲས་མོ། (མ་རྩོམ་སུའི་ཡིན་མ་ཤེས།) གང་དུ་ཕྱིན་ཀྱང་། ཡུལ་ལྗོངས་ཚང་མ་ཧ་ཅང་གི་ མཛེས་པོ་ཡོད་ཀྱང་། ད་དུང་ཡང་ཆ་མ་ཚང་བ་ འགའ་ཞིག་འདུག་སེམས་ཀྱི་ཡོད། ༄༅། །ཆུ་འཛིན་སྲས་མོ་ནི་ལྷ་མོ་ཞིག་ཡིན། སྟོབས་ལྡན་ གྱིས་གནམ་སའི་གོ་ཕྱེ་རྗེས། ཁོ་མོ་ནམ་རྒྱུན་གནམ་སའི་ བར་ལ་འཆམ་འཆམ་ལ་ འགྲོ་ཡི་ཡོད།
༢ ཉིན་ཞིག ཆུ་འཛིན་སྲས་མོ་ཁོང་རང་རྒྱུག་ཆུ་ཞིག་གི་ འགྲམ་དུ་སླེབས་ནས། ངལ་གསོ་རྒྱག་སྐབས། གློ་བུར་དུ་ཆུའི་ནང་དུ་ལྷ་མོ་རང་ཉིད་ཀྱི་གཟུགས་བརྙན་ མཐོང་བ་དང་། ཆུ་འཛིན་སྲས་མོའི་སེམས་ལ་ འཇིག་རྟེན་འདིའི་ནང་རང་ཉིད་དང་འདྲ་བའི་ སེམས་ཅན་མང་པོ་ཞིག་ཡོད་ན་བསམས་པ་རེད།
༣ དེ་ནས་ཆུ་འཛིན་སྲས་མོ་ཡིས་ལམ་སང་འདམ་བག་ཅིག་ བཙལ་ཏེ། རང་ཉིད་ལ་དཔེ་བལྟས་ནས། འདམ་གྱི་མི་གཟུགས་བཟོ་འགོ་བཙུགས་ཏེ། ཡུད་ཙམ་མ་འགོར་བར། ཁོ་མོས་འདམ་གྱི་ མི་གཟུགས་གཅིག་བཟོས་ཚར་བ་རེད།
༤ ཉི་མའི་སྲས་མོ་ཡིས་འདམ་གྱི་མི་གཟུགས་དེ་ས་ཐོག་ཏུ་ བཞག་ནས་ཕུ་ཞིག་བརྒྱབ་པ་ན། འདམ་གྱི་མི་གཟུགས་དེ་ནི། དབུགས་གཏོང་ལེན་ བྱེད་ཐུབ་པའི་མི་ གསོན་པོ་ཞིག་ཏུ་གྱུར། ཁོས་ཡར་འགྲོ་མར་འགྲོ་བྱེད་པ་མ་ཟད་ཉི་མའི་ སྲས་མོ་ལ་ཨ་མ་ཨ་མ་ཞེས་འབོད་ཀྱི་ཡོད།
༥ ཉི་མའི་སྲས་མོ་ནི་སེམས་ཅན་དེ་ལ་བརྩེ་བ་ཧ་ཅང་ཆེན་པོ་ ཡོད་པ་ལ་བརྟེན་ནས། མིང་ལ་མི་ཞེས་ བཏགས་པ་རེད། ཁོ་མོས་མུ་མཐུད་ནས་འདམ་བག་མང་པོ་བརྫིས་ནས་ མི་མང་པོ་བཟོས། དེ་ནས་བཟུང་། ས་གཞི་འདིའི་སྟེང་དུ་ འགྲོ་བ་མིའི་རིགས་བྱུང་བ་རེད།
༦ ས་གཞིའི་སྟེང་དུ་མིའི་རིགས་མང་པོ་འཕེལ་ཆེད་དུ། ཆུ་འཛིན་སྲས་མོ་ཡིས་སྐུ་ངལ་ལ་མ་འཛེམས་པར་ ཉིན་མཚན་བར་མེད་དུ་ འདམ་བག་མང་པོ་ བརྫིས་པ་རེད། ཡིན་ན་ཡང་ཁོ་མོ་འདམ་བག་རྫི་ བཞིན་རྫི་བཞིན་ཐང་ཆད་ནས། ཆུ་འཛིན་ལྷ་མོས་ཇི་ལྟར་བྱས་ན་ མི་འདི་ལས་མང་བ་བཟོ་ ཐུབ་མིན་གྱི་བསམ་བློ་ བཏང་བ་རེད།
༧ ཆུ་འཛིན་སྲས་མོས་སྦ་ལྕག་ འགའ་ཞིག་བཅད་ནས་རྩེ་མོར་ འདམ་བག་བསྒོས་ཏེ་ས་ཐོག་ཏུ་ གཡུགས་པའི་ཚེ། འདམ་བག་ ས་ཐོག་ཏུ་ཐོར་ནས་ས་མཆོང་ གནམ་མཆོང་བྱེད་པའི་མི་ཆུང་ མང་པོ་ཆགས།

མི་ཆུང་མང་དུ་

མང་དུ་སོང་ནས་ཡུད་ཙམ་ མ་འགོར་བར་ས་སྟེང་ལ་ མིའི་རིགས་ཀྱིས་ཁྱབ་པར་གྱུར།
ཆུ་འཛིན་སྲས་མོ་ཡིས་སྦ་ལྕག་བར་མཚམས་མེད་པར་ གཡུགས་པ་དང་།
༩ འགྲོ་བ་མིའི་རིགས་རྒྱུད་མི་ཆད་པའི་ཆེད།
ཡོང་དུ་བཅུག དེ་ལྟར་མིའི་རིགས་ད་བར་མི་རབས་ནས་ མི་རབས་སུ་རྒྱུད་སྤེལ་ཆད་མེད་བྱུང་།། །།
ཆུ་འཛིན་ སྲས་མོས་ད་དུང་མི་ལ་ཕོ་མོའི་དབྱེ་བ་ཕྱེ་བ་དང། ཕན་ཚུན་མཛའ་ཞིང་བརྩེ་བའི་ངང་ནས་བུ་རྒྱུད་སྐྱེ་འཕེལ་

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.