སྣང་བ་སྐྱིད་པའི་རྒྱལ་སྲས།

Page 1

༡ སྣང་བ་སྐྱིད་པའི་རྒྱལ་སྲས། མ་རྩོམ། ཡེ་སུའུ། ( ཀེ་རི་སི།) ༄༅།།རྡོ་རིང་རིང་པོ་ཞིག་གི་ སྟེང་ན་སྣང་བ་སྐྱིད་པའི་རྒྱལ་སྲས་ཀྱི་ གསེར་སྐུ་ཞིག་བཞེངས་ཡོད་པ་རེད། རྒྱལ་སྲས་ཀྱི་གསེར་སྐུའི་སྤྱན་གྱི་ འབྲས་བུ་གཉིས་རིན་པོ་ཆེ་ཨེནྡྲ་ནཱིལ་ ལས་བཟོས་པ་དང་། རྒྱལ་སྲས་ དེའི་སྐེད་གྲིའི་ཡུ་བར་ པདྨ་རཱ་གས་ཕྲ་བརྒྱབ་ཡོད།
༢ དགོང་དྲོ་ཞིག་བྱ་ཁུག་རྟ་ཞིག་རྒྱལ་སྲས་ཀྱི་རྐང་པའི་སྟེང་དུ་བབས་ནས་ ངལ་གསོ་སྐབས། བྱ་ཁུག་རྟ་དེའི་མགོ་ལ་ཆུ་ཐིགས་ཆེན་པོ་ འགའ་ཤས་ཟག་གི་ཡོད་པའི་ཚོར་སྣང་བྱུང་བ་རེད། ནམ་མཁའ་ལ་ནི་སྐར་མ་ཁྲ་ཆིལ་ལེར་ཤར་འདུག་པས་ཆར་པ་ ག་ནས་འབབ་པ་ཡིན་ནམ་བསམས་ནས།
༣ བྱ་ཁུག་རྟ་དེ་རྒྱལ་སྲས་ཀྱི་སྐུ་འདྲའི་ཕྲག་པའི་ སྟེང་དུ་བབ་སྟེ་ཡར་ལྟ་བའི་སྐབས། རྒྱལ་སྲས་ཀྱི་ སྤྱན་ཟུང་ལས་མཆི་མ་ཕྲུམ་ཕྲུམ་དུ་བཞུར་བཞིན་པ་མཐོང་བ་རེད།
ཞེས་བྱ་ཁུག་རྟས་དྲིས་པའི་ལན་དུ།
དོན་དག་མང་པོ་ཞིག་མཐོང་བྱུང་བས། མིག་ཆུ་རང་དབང་མེད་པར་ཤོར་སོང་ ཞེས་གསུངས་པ་རེད།
ཁྱེད་ནི་སྣང་བ་སྐྱིད་པའི་རྒྱལ་སྲས་ཡིན་པས་ བཤུམ་དགོས་དོན་གང་ཡིན་ནམ།
རྒྱལ་སྲས་ཀྱིས་ངས་སྐྱོ་དགོས་པའི་
༥ ངས་འཚེམ་བཟོ་བ་དབུལ་མོ་ཞིག་གིས་མི་ལ་གོས་འཚེམ་བཞིན་ ཡོད་ཀྱང། མོ་རང་གི་བུ་ནི་ན་ཚ་དྲག་པོ་ཞིག་གིས་ མནར་བཞིན་ཡོད་པ་ཞིག་མཐོང་གི་འདུག ཁྱོད་ཀྱིས་ངའི་རལ་གྲིའི་ཡུ་བའི་ཐོག་གི་པད་མ་རཱ་ག་དེ་བཀོག་ནས། འཚེམ་བཟོ་མོ་དབུལ་མོ་དེར་སྤྲོད་རོགས་གནང་དང་། ཞེས་གསུངས།
༦ ཁུག་རྟས་རྒྱལ་སྲས་ཀྱིས་ གསུངས་པ་བཞིན། རྒྱལ་སྲས་ཀྱི་སྐེད་གྲིའི་ ཡུ་བའི་སྟེང་བརྒྱབ་པའི། པད་མ་རཱ་ག་དེ་ བཀོག་ནས་འཚེམ་ བཟོ་མོ་དེའི་ཁྱིམ་དུ་ བསྐྱལ་བ་རེད།
༧ བྱ་ཁུག་རྟས་བུའི་ཉལ་ཁྲིར་ལྡིང་སྐོར་གཅིག་བརྒྱབ་པ་དང་། ཤོག་འགྱུར་བརྒྱབ་སྟེ་རླུང་གཡབ་ཀྱི་ཚབ་བྱས་པས། བུ་དེའི་ཚ་བ་འཇགས་ནས་གཉིད་ཁུག་པ་རེད།
༨ བྱ་ཁུག་རྟས་རྒྱལ་སྲས་ཀྱི་སྐུ་མདུན་དུ་ལོག་པ་ན།
ད་ལྟ་ཁོ་གྲང་ངར་དང་བཀྲེས་ལྟོགས་ཀྱིས་ མནར་བཞིན་འདུག་ཅེས་གསུངས།
རྒྱལ་སྲས་ཀྱིས། གཞོན་ནུ་ཞིག་གིས་འཁྲབ་གཞུང་ཞིག་འབྲི་བཞིན་འདུག་ཀྱང་།
༩ རྒྱལ་སྲས་ཀྱིས་མུ་མཐུད་ནས། ད་ཁྱོད་ཀྱིས་ངའི་མིག་འབྲས་གཅིག་བྲུས་ནས། གཞོན་ནུ་ཁོ་ལ་སྐྱེལ་རོགས་གནང་དང། དེས་ཁོང་ལ་ འཁྲབ་གཞུང་འབྲི་བའི་མཐུན་རྐྱེན་ཡོང་གི་རེད། ཅེས་གསུངས།
༡༠ བྱ་ཁུག་རྟས་སེམས་ཀྱིས་མ་བཟོད་པར་ཁས་མ་བླངས་ཀྱང། རྒྱལ་སྲས་ཀྱིས་ཨུ་ཚུགས་གནང་སྟབས། བྱ་ཁུག་རྟས་རྒྱལ་སྲས་ཀྱིས་ གསུངས་པ་ལྟར། རྒྱལ་སྲས་ཀྱི་སྤྱན་འབྲས་ཨིནྡྲ་ནཱི་ལ་ཡ་གཅིག་ བཀོག་ནས། གཞོན་ནུའི་ཁྱིམ་གྱི་ཅོག་རྩེའི་སྟེང་དུ་བསྐྱལ་བ་རེད།
༡༡ གཞོན་ནུས་ཨིནྡྲ་ནཱི་ལ་དེ་མཐོང་བ་དང་། དགའ་བ་བརྗོད་མི་ཐུབ་པ་ཞིག་སྐྱེ་བཞིན། སེམས་ནང་ང་ལ་རྒྱབ་སྐྱོར་བྱེད་མཁན་ ཞིག་བྱུང་བ་རེད། ད་ནི་ངས་ འཁྲབ་གཞུང་འདི་ཡག་པོ་ ཞིག་འབྲི་ཐུབ་ཀྱི་རེད་ བསམས་ནས། སེམས་ཤུགས་ སྔར་ལས་ཤུགས་ཆེ་བ་ སྐྱེས་པ་རེད།
༡༢ རྒྱལ་སྲས་ཀྱིས་བྱ་ཁུག་རྟ་ལ་མ་གིའི་ཐང་ལ་ལྟོས་དང་། མ་གིའི་མུ་ཟི་འཚོང་མཁན་བུ་མོ་ཉམ་ཐག་དེ་གྲང་ངར་གྱིས་ མནར་ནས་འདར་སིག་སིག་བྱེད་བཞིན་འདུག ཅེས་གསུངས།
༡༣ བྱ་ཁུག་རྟས་སྔར་བཞིན་མི་ སྐྱེལ་ཐབས་མེད་བྱུང། བུ་མོ་དེས་ཨིནྡྲ་ནཱི་ལ་ཁྱེར་ནས། དགའ་སྤྲོའི་ངང་ཁྱིམ་དུ་ ལོག་པ་རེད། དེ་ནས་རྒྱལ་སྲས་ཀྱིས་རང་གི་མིག་འབྲས་
སྤྲོད་རོགས་གནང་ཞེས་བྱ་ཁུག་རྟ་ལ་ གསུངས་པ་ལྟར།
ཡ་གཅིག་པོ་དེའང་བྲུས་ནས། བུ་མོ་དེ་ལ་
༡༤ བྱ་ཁུག་རྟས་རྒྱལ་སྲས་ཀྱི་བསམ་དོན་ལྟར།
ནང་གི་མི་དབུལ་པོ་ཚོར་སྦྱིན་པ་བཏང་བ་རེད། དབུལ་པོ་རྣམས་ཀྱིས་ ད་ནི་ཟ་སྐལ་རག་བྱུང་ཞེས་དགའ་འབོད་བྱེད་ཀྱི་ཡོད།
རྒྱལ་སྲས་རང་ཉིད་ཀྱི་ སྐུའི་སྟེང་དུ་སྦྱར་བའི་གསེར་ཤོག་ཚང་མ་བཀོག་ནས། གྲོང་ཁྱེར་
༡༥ ཉིན་ཞིག་ཁ་བ་བབས་ནས་ས་གཞི་འཁྱགས་པས་བསྡམས། བྱ་ཁུག་རྟ་དེའང་འཁྱགས་ལྟོགས་ཀྱིས་མནར་ནས་རང་ཉིད་ཀྱི་ ཚེ་ཟད་སོང་བསམས་ཏེ། སྡུག་རུས་ཀྱིས་འཕུར་ཏེ་ རྒྱལ་སྲས་ཀྱི་ཕྲག་པའི་སྟེང་དུ་བབ་ནས་འོ་ཞིག་ བསྐྱལ་རྗེས་མར་ཟག་སོང་བ་རེད།
༡༦ ཕྱི་ཉིན་ཞོགས་པར། གྲོང་མི་རྣམས་ཀྱིས་ སྣང་བ་སྐྱིད་པའི་རྒྱལ་སྲས་ཀྱི་སྐུ་དེ། མདོག་ཤོར་ནས་ སྐྱ་སེང་ངེར་ཡོད་པ་དང་། དེའི་ཞབས་འགྲམ་དུ་
།།
བྱ་ཁུག་རྟ་ཞིག་འཁྱགས་ཤི་ཐེབས་ཡོད་པ་མཐོང་བ་རེད་དོ།།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.