༡ རྟེའུ་དེ་ནི་ཉིན་ལྟར་ཨ་མ་དང་། ཁ་འབྲལ་མེད་མཉམ་དུ་སྡོད་ཀྱི་ཡོད། ༄༅། །རྒྱུག་ཆུ་གཙང་མ་ཆེན་པོ་ཞིག་གི་འགྲམ་ན། རྟ་རྒོད་མ་ཞིག་དང་རྟེའུ་ཞིག་ཡོད། རྟ་རྒོད་མ། རྟེའུ། རྟེའུ་ཡིས་ཆུ་བརྒལ་བ།མ་རྩོམ། (ཕེང་ཝུན་ཞི)
ཉིན་ཞིག་རྟ་རྒོད་མ་དེས་
རྟེའུ་ལ། ད་ཁྱོད་རང་
ཆེན་པོ་ཆགས་འདུག
ཨ་མ་ལ་རོགས་པ་བྱེད་
ཐུབ་ཀྱི་རེད།
དེ་རིང་ཁྱོད་ཀྱིས་གྲོ་ཞིབ་སྒྱེ་མོ་གང་པོ་འདི།
༢
སྒྱེ་མོ།
ཆུ་ཕར་ཕྱོགས་ཀྱི་གྲོང་ཚོར་སྐྱོལ་དང་ཞེས་བཤད་པ་རེད།
རྟེའུ་དེ་ཡིས་དགའ་སྣང་ སྐྱེ་བཞིན་ཁས་ལེན་ བྱས་ནས།
༣
སྒྱེ་མོ་དེ་རྒྱབ་ལ་ཁུར་ནས། ཆུ་བོའི་འགྲམ་དུ་རྒྱུགས་ཕྱིན་པ་རེད།
ཆུ་བོ་དེ་ལ་ཟམ་པ་མེད་སྟབས། རྟེའུ་དེས་ཆུ་བོ་དེ་གཏིང་རིང་ལོད་ ཡོད་མེད།
ཚད་མ་ཤེས་པསཆུའི་ནང་ལ་འགྲོ་མ་ཕོད་པར་ལུས་པ་རེད།
༤
སྐབས་དེ་དུས་རྟེའུ་དེས། ཨ་ཁུ་བ་ལང་ ཞིག་རྩྭ་ཟ་བཞིན་ཡོད་པ་མཐོང་བ་དང། དེའི་འགྲམ་དུ་ཕྱིན་ནས།
༥
ཨ་ཁུ་གླང་རྒན།
ཡོད་དམ།
ཆུ་བོ་འདི་གཏིང་རིང་ལོད་གང་འདྲ་
ཞེས་སྐད་ཆ་དྲིས་པ་རེད།
༦ ཨ་ཁུ་བ་ལང་གིས།
ཆུ་དེ་ངའི་མཇིང་པའི་ཚད་ཙམ་མ་གཏོགས་
ཆུ་འདི་གཏིང་རིང་པོ་དེ་ཙམ་མེད།
སླེབས་ཀྱི་མེད། ཅེས་བཤད་པ་དང། རྟེའུ་དེས་ཆུ་འགྲམ་དུ་ཕྱིན་ནས་ཆུར་བརྒལ་རྩིས་བྱས་པ་རེད།
རྟེའུ་དེས་ཆུའི་ནང་ལ་གོམ་པ་སྤོས་མ་ཐག་ཏུ།
༧
རྟེའུ་རྟེའུ། ཆུ་དེ་ལ་བརྒལ་རྒྱུ་མེད། ཆུ་འདི་གཏིང་ རིང་པོ་ཞེ་དྲག་ཡོད་པ་རེད་ཅེས། སྐད་རྒྱག་པ་གོ་བ་དང།
༨ རྟེའུ་དེས་ཁ་ཕྱིར་བསྐོར་ནས་ལྟ་ བའི་སྐབས། སྐད་རྒྱག་མཁན་དེ་ནི། ནགས་བྱིའུ་ཆུང་ཆུང་དེ་ ཡིན་པ་རེད། ནགས་བྱིའུ་དེས་རྟེའུ་དེ་ལ། ཉིན་གཉིས་སྔོན་ལ་ངའི་ གྲོགས་པོ་ཞིག ཆུ་འདིའི་ནང་ལྷུང་ནས་ ཆུས་ཁྱེར་སོང་ཞེས་བཤད། ནགས་བྱིའུ།
༩ རྟེའུ་དེས་རང་གི་ཨ་མ་ལ་སྐད་ཆ་འདྲི་རུ་ བརྒྱུགས་ནས་ཕྱིན་པ་རེད། དེ་ལྟར་ཨ་ཁུ་བ་ལང་དང། ནགས་བྱིའུ་གཉིས་ནས། སུའི་སྐད་ཆ་དེ། བདེན་པ་ཡིན་མིན་མ་ཤེས་ནས།
༡༠
ད་ཁྱོད་སོང་ལ་ཚོད་ལྟ་ཞིག་བྱོས་དང་། ཆུ་བོ་འདི་གཏིང་ རིང་པོ་ཡོད་མེད་ཤེས་ཀྱི་རེད་ཅེས་བཤད།
རྟ་རྒོད་མ་དེས་རྟེའུ་དེ་ཆུ་ཁར་ཁྲིད་ཡོང་ནས།
དེ་ནས་རྟེའུ་དེས་གཟབ་ནན་བྱས་ནས། གོམ་པ་གང་རེ་ གང་རེ་སྤོས་ནས། ཆུ་བོ་བརྒལ་ནས་ཕྱིན་པ་རེད།
༡༡
དོན་དུ་ཆུ་བོ་དེ་ནི། ཨ་ཁུ་བ་ལང་གིས་བཤད་པ་ལྟར། གཏིང་ རིང་པོ་མེད་པ་ཞིག་མ་ཡིན་ལ། ཡང་ནགས་བྱིའུ་ཡིས་ བཤད་པ་བཞིན། གཏིང་རིང་པོ་ཡང་དེ་ཙམ་མེད་དོ།།
༡༢ དེ་ནས་རྟེའུ་དེས་ཨ་མའི་ཕྱོགས་ལ། མགོ་བོ་གཡུག་ཙམ་ བྱས་རྗེས། བདེ་ལྕག་འཁྱུག་པོའི་སྒོ་ནས། ཕར་ཕྱོགས་ཀྱི་ གྲོང་ཚོར་བརྒྱུགས་ཕྱིན་པ་རེད།། །།