




༡ ཚྭ་ཁལ་བོང་བུ། མ་རྩོམ། ཡེ་སུའུ། (ཀེ་རི་སི།) ༄༅། །གནའ་སྔ་མོ་ཚོང་པ་ཞིག་ལ་བོང་བུ་ཞིག་ཡོད། ཚོང་པའི་ཚོང་རྒྱུགས་པོ་ཡོད་པ་ལ་བརྟེན་ནས། བོང་བུ་དེ་ལ་ངལ་གསོ་བྱེད་ལོང་ཉི་མ་ གཅིག་ཀྱང་རག་གི་མེད།


༢ བོང་བུས་མཚམས་རེ་ལེ་ལོ་བྱས་ནས། ངལ་གསོ་རེ་ རྒྱག་དགོས་བསམས་ཀྱང་། ཚོང་པས་ལམ་སང་ རྗེས་འདེད་གཏོང་གི་ཡོད། བོང་བུས་དུས་རྒྱུ ན་དུ་ང་སྙིང་རྗེ་ཨང་ཞེས། སེནས་ནང་སྡུག་སྐད་ཤོར་གྱི་ཡོད། དོ་པོ། དོ་པོ།


༣
རྒྱ་མཚོའི་འགྲམ་ལ་ཚྭ་འཚོང་དུ་སོང་། ཚྭ་ཁལ་ལྗིད་ལ་དོ་པོ་ཆེ་བ་ཞིག བོང་བུར་བཀལ་བ་རེད། བོང་བུ་དཀའ་ལས་ཁག་ནས། དབུགས་རིང་ནར་ནར་གཏོང་དགོས་བྱུང། དོ་པོ། དོ་པོ།
ཉིན་ཞིག་ཚོང་པས་བོང་བུ་དེད་ནས།


༤ ལམ་དུ་ཆུ་བོ་ཞིག་རྒལ་སྐབས།
བོང་བུའི་རྐང་པ་ འདྲེད་བརྡབ་ཤོར་ནས་ཆུའི་ནང་དུ་འགྱེལ་བ་རེད


༥ ཡར་ལངས་རྗེས། རྒྱབ་ཀྱི་ཁལ་ཡང་དུ་ཕྱིན་ཡོད་པ་ཤེས། བུ་བོང་དེ་དགའ་ནས། གོམ་པ་མགྱོགས་པོ་མགྱོགས་པོ་ སྤོ་བཞིན་ཕྱིན་པ་རེད། བོང་བུས་ཆུ་ནང་དུ་འཕག་འཚག་ཡང་ཡང་ བརྒྱབ་རྗེས། རྒྱབ་ཀྱི་ཚྭ་དོ་པོ་དེ་ཆུར་ལྷུང་།


༦ རྒྱབ་ཀྱི་ཚྭ་དོ་པོ་དེ་སྔར་བཞིན་ཡང་དུ་ཕྱིན་པས། བོང་བུས་ཁལ་ཡང་པོ་ཁུར་ནས། དཀའ་ལས་མེད་པར་ཁྱིམ་ལ་ལོག་པ་རེད། ཉིན་རྗེས་མ་དེར། ཚོང་པས་སླར་ཡང་བོང་བུ་ དེད་ནས་མཚོ་འགྲམ་ལ་ཚྭ་དབོར་དུ་སོང་། ཕྱིར་འོང་བའི་ལམ་དུ་བོང་བུ་མགོ་བདེ་དེས། ཡང་བསྐྱར་སེམས་བཞིན་དུ་ཆུའི་ནང་དུ་ འགྱེལ་ཁུལ་བྱས་པ་རེད།


༧ ཉིན་འགའ་སོང་རྗེས། ཚོང་པས་ཡང་བོང་བུར་བལ་ དོ་བོ་གསུམ་བཀལ་ནས། མཚོ་འགྲམ་དུ་ཕྱིན་པ་རེད། བལ་དོའི་བོངས་ཚད་ཆེ་ཡང་ཧ་ཅང་ཡང་པོ་ཡོད་ཀྱང་། འོན་ཀྱང་བོང་བུས་སྔར་བཞིན་ ཁལ་ཡང་དུ་གཏོང་དགོས་བསམས་ནས།


༨ ཆུ་བོ་རྒལ་སྐབས་བོང་བུའི་སེམས་ལ། ཆུའི་ནང་དུ་འགྱེལ་ན་རྒྱབ་ཀྱི་ཁུར་པོ་ཡང་དུ། འགྲོ་ཡི་ཡོད་བསམས་ནས། ཆུའི་དཀྱིལ་དུ་སླེབས་སྐབས་རྐང་བཙུགས་ནས་ ཆུའི་ནང་འགྱེལ་ཁུལ་བྱས་པ་རེད།


༩ བལ་ལ་ཆུ་མང་པོ་སིམ་སྟེ་ལྗིད་དུ་ལྗིད་དུ་ ཕྱིན་ནས། ཆུའི་གཏིང་དུ་བྱིང་ནས་ ནུབ་གྲབས་བྱས། བོང་བུ་ཞེད་ཐག་ ཆོད་ནས་སྡུག་སྐད་ཡང་ཡང་ཤོར་བ་རེད། འོན་ཀྱང་ཐེངས་དེར་ལམ་ལྷོང་མ་བྱུང་།


༡༠ ཚོང་པས་དཀའ་ལས་ཆེན་པོ་བརྒྱབ་མཐར། བོང་བུ་དེ་ ཆུའི་ནང་ནས་སྐྱོབ་ཐུབ་ཙམ་བྱུང་བ་དང་། བོང་བུས་སྔོན་མ་ལས་ལྡབ་ཁ་ཤས་ཀྱིས་ལྗིད་པའི། བལ་དོ་པོ་རྣམས་ཁུར་ནས་མི་ཡོང་ཐབས་མེད་བྱུང་།། །།
