༡ ཞྭ་དམར་བུ་མོ། མ་རྩོམ། ཡེ་སུའུ། ( ཀེ་རི་སི།) ༄༅། །གནའ་སྔ་མོ་བུ་མོ་སྙིང་རྗེ་མོ་ཞིག་ཡོད། ཁོ་མོས་རྟག་པར་ཞྭ་མོ་དམར་པོ་ཞིག་གྱོན་གྱི་ཡོད་སྟབས། མི་ཚང་མས་ཁོ་མོར་ཞྭ་དམར་བུ་མོ་ཞེས་ཟེར་གྱི་ཡོད།
༢ ཉིན་ཞིག་ཞྭ་དམར་བུ་མོའི་རྨོ་བོ་ན་བ་རེད། ཨ་མས་སྒོ་ངའི་བག་ལེབ་ཅིག་དང་རྒུན་འབྲུག་ལས་བཟོས་པའི་ ཆང་དམ་བེ་གང་ཁོ་མོར་སྤྲད་དེ། རྨོ་བོར་བསྐྱལ་དུ་བཏང་བ་རེད། ཞྭ་དམར་བུ་མོས་དེ་དག་ཁྱེར་ནས་དགའ་སྤྲོའི་ངང་ཕྱིན་པ་རེད།
༣ ཞྭ་དམར་བུ་མོ་ནགས་ཁྲོད་དུ་སླེབས་མ་ཐག་སྤྱང་ཀི་ཞིག་དང་ འཕྲད། སྤྱང་ཀིས་འཛུམ་དམུལ་གྱིས། ཀ་ཡེ་བུ་མོ་ཆུང་ཆུང་། ཁྱེད་གང་དུ་འགྲོ་ཡི་ཡོད་དམ་ཞེས་དྲིས། ཁོ་མོས་ང་རྨོ་བོར་བལྟ་རུ་འགྲོ་ཡི་ཡོད། ཁོང་ཕར་ཕྱོགས་ཀྱི་གྲོང་ཚོར་བསྡད་ཡོད་ཅེས་བཤད།
གཡོ་སྒྱུ་ཅན་གྱི་སྤྱང་ཀིས་བསམ་ངན་ ཁོག་ཏུ་བཅངས་ཏེ་ཞྭ་དམར་བུ་མོ་ལ།
ལྟོས་དང་བུ་མོ། ལྟོས་དང་།
ནགས་ཚལ་ནང་གི་
མེ་ཏོག་དེ་ཚོ་མཛེས་པ་ལ།
༤
མེ་ཏོག་ཆུན་པོ་ཞིག་ བསྒྲུགས་ནས་རྨོ་བོར་ ཕུལ་ན། ཡག་པོ་མི་ འདུག་གམ་ཞེས་བཤད། ཞྭ་དམར་བུ་མོས་སྐད་ཆ་དེ་བདེན་པ་ རེད་འདུག་བསམས་ནས་ནགས་ནང་དུ་མེ་ཏོག་སྒྲུག་ཏུ་ཕྱིན།
༥ སྤྱང་ཀིས་ང་ལ་དུས་ཚོད་རག་སོང་དྲན་ནས།
རྨོ་བོའི་ཁྱིམ་དུ་རྒྱུག་ཕྱིན་ནས། སྒོ་རྡུང་སྐབས། རྨོ་བོ་ལགས། ང་ཞྭ་དམར་བུ་མོ་ཡིན། སྒོ་ཕྱེ་རོགས་གནང་དང་ཞེས་བཤད་པ་དང་།
མགྱོགས་ལམ་བརྒྱུད་དེ་
༦ རྨོ་བོས་ང་ལངས་ཐུབ་ཀྱི་མི་འདུག ཡར་འཛུལ་ཤོག་ཅེས་ སྨྲས་མ་ཐག སྤྱང་ཀིས་ཡར་འཛུལ་ཏེ། ཁ་བྲག་ཕུག་ལྟ་བུ་ཞིག་ གདངས་ནས། རྨོ་བོ་ཁོང་ལམ་སེང་ཁྱུར་མིད་བཏང་། དེ་ནས་རྨོ་བོའི་གྱོན་ཆས་དང་ཞྭ་མོ་གྱོན་ནས། ཉལ་ཁྲིའི་སྟེང་དུ་ཉལ་ཏེ། ཞྭ་དམར་བུ་མོ་བསྒུགས་ནས་བསྡད་དོ། །
༧ ཡུན་རིང་མ་འགྱངས་པར་ཞྭ་དམར་བུ་མོས། མེ་ཏོག་ཆུན་པོ་ཞིག་ ཁྱེར་ནས་རྨོ་བོའི་ཁྱིམ་དུ་སླེབས། ཁོ་མོས་རྨོ་བོའི་ཉལ་ཁྲིའི་གམ་དུ་ ཡོང་ནས། སྒེའུ་ཁུང་གི་ཡོལ་བ་ཕྱེ་སྟེ་བལྟས་པ་ན། རྨོ་བོས་གདོང་ལ་ཞྭ་མོ་བཀབ་ནས། ཉལ་བསྡད་ཡོད་པས། བཟོ་ལྟ་ཁྱད་མཚར་ཞིག་མཐོང་བ་རེད།
༨ “རྨོ་བོ་ལགས། ཁྱེད་ཀྱི་རྣ་མཆོག་ཆེ་བ་ལ།” “རྣ་མཆོག་ཆེ་ན་ཁྱེད་ ཀྱི་སྐད་ཆ་གསལ་པོར་གོ་རྒྱུར་ཕན་ཐོགས་ཡོད།” “ཁྱེད་ཀྱི་མིག་ཀྱང་དེ་འདྲའི་ཆེ་བ་ལ་ཨང་།” “མིག་ཆེ་ན་ཁྱོད་གསལ་པོར་མཐོང་རྒྱུར་ཕན་ཐོགས་ཡོད།”
༩ “འོ་ན་ཁྱེད་ཀྱི་ཁ་ཡང་དེ་འདྲ་ཆེ་བ་གང་ཡིན་ནམ།” “ ཁ་ཆེ་ན་ཁྱོད་ཁྱུར་མིད་གཏོང་བདེ་བ་ཡོད།” ཅེས་ཕར་བཤད་ཚུར་བཤད་བྱས་འཕྲལ། སྤྱང་ཀིས་ ཞྭ་དམར་བུ་མོའི་སྟེང་དུ་མཆོངས་ནས་ཁོ་མོ་ཁྱུར་མིད་བཏང་།
དེ་ནས་སྤྱང་ཀི་གྲོད་པ་རྒྱགས་ཐག་ཆོད་ནས། ཉལ་ཁྲིའི་སྟེང་དུ་སྔུར་བ་ཧུར་ཧུར་འཐེན་བཞིན་ གཉིད་ཉལ་ནས་བསྡད།
༡༠
༡༡ སྐབས་དེར་རྔོན་པ་ཞིག་ཁང་པའི་ཟུར་ནས་འགྲོ་དུས། སྔུར་སྒྲ་ ཐོས་པས་ངོ་མཚར་སྐྱེས་ཏེ། སྒེའུ་ཁུང་ནང་ནས་ལྟ་ཙམ་བྱས་པ་དང་། རྨོ་བོའི་ཉལ་ཁྲིའི་སྟེང་དུ། སྤྱང་ཀི་ལྟོ་བ་ལྡིར་བ་ཞིག་ཉལ་ཡོད་པ་མཐོང་ངོ་།།
༡༢ རྔོན་པ་ཁང་པའི་ནང་རྒྱུགས་འོངས་ནས། ངས་ལྟས་ངན་ཁྱོད་མ་རྙེད་པར་བསྡད་ཡོད་ཅེས་ཟེར་ནས། མེ་མདས་གསོད་རྩིས་བྱས་ཀྱང་། བར་དེར་ཁོས་རྨོ་བོ་ལགས་ སྤྱང་ཀིའི་གྲོད་པའི་ནང་ན་ཡོད་པ་ངེས་པས་སྐྱོབ་དགོས་བསམས་པ་རེད།
རྔོན་པས་ཇེམ་ཙེ་ཞིག་བཙལ་ནས། སྤྱང་ཀི་གསོན་པོར་
བཤས་བྱས་ཏེ།
༡༣
རྨོ་བོ་ལགས་དང་ཞྭ་དམར་བུ་མོ་གཉིས་ཕྱིར་བཏོན་ནས་བསྐྱབས་པ་རེད།
༡༤ དེ་ནས་རྔོན་པས་སྤྱང་ཀིའི་གྲོད་པའི་ནང་དུ་རྡོ་ཆེན་པོ་འགའ་བཅུག་སྟེ། ཁབ་དང་སྐུད་པས་གྲོད་པ་དེ་བཙེམས་པ་རེད།
༡༥ སྤྱང་ཀི་གཉིད་སད་རྗེས་ཁྲོན་པའི་ཁ་ལ་ཆུ་འཐུང་དུ་འགྲོ་སྐབས། ལུས་པོ་ལྗིད་དྲགས་ནས་ཁྲོན་པའི་ནང་དུ་ ལྷུངས་ནས་ཤི་བ་རེད།། །།