༡ ༄༅། །ཉིན་ཞིག་གནམ་གཤིས་ཧ་ཅང་སྐྱིད་པོ་ ཡོད་པའི་སྐབས། ཞི་མི་ཨ་མ་ཞིག་དང་ཞིམ་ཕྲུག་ཅིག་ ཆུའི་འགྲམ་དུ་ཉ་འཛིན་བཞིན་ཡོད། ཞི་མིས་ཉ་འཛིན་པ། མ་རྩོམ། (ཅིན་ཅིན།)
དེར་གློ་བུར་དུ་འབུ་བླ་མ་མ་ཎི་ ཆེན་པོ་ཞིག་འཕུར་ཡོང་བ་དང།
འབུ་བླ་མ་མ་ཎི།
ཞིམ་ཕྲུག་གིས་ལྕགས་ཀྱུ་གཡུགས་ནས། མགྱོགས་པོ་
མགྱོགས་པོ་འབུ་བླ་མ་མ་ཎི་འཛིན་དུ་བརྒྱུགས་པ་རེད།
༢
༣ འབུ་བླ་མ་མ་ཎི་དེས་སྐོར་ར་ཞིག་བརྒྱབ་ནས། མིག་གིས་ མཐོང་ས་མེད་པར་འཕུར་ཕྱིན་པ་རེད། ཞིམ་ཕྲུག་གིས་ འཛིན་མ་ཐུབ་ནས། ལག་པ་སྟོང་པར་ཆུ་འགྲམ་དུ་ཕྱིར་ ལོག་དགོས་བྱུང། སྐབས་དེར། ཞི་མི་ཨ་མ་དེས་ཉ་ཆེན་པོ་ཞིག་བཟུང་པ་རེད། ལྕགས་ཀྱུ།
༤ ཞི་མི་ཨ་མ་དང་ཞིམ་ཕྲུག་གཉིས་ཉ་འཛིན་བཞིན་སྡོད་སྐབས། ཕྱེ་མ་ལེབ་སྙིང་རྗེ་མོ་ཞིག་འཕུར་ཡོང་བ་རེད། ཡང་བསྐྱར་ ཞིམ་ཕྲུག་གིས་ལྕགས་ཀྱུ་དེ་གཡུགས་ཏེ། ཕྱེ་མ་ལེབ་འཛིན་དུ་ བརྒྱུགས་པ་རེད།
༥ ཕྱེ་མ་ལེབ་དེ་ནི། མེ་ཏོག་མང་པོའི་ཁྲོད་དུ་ཡལ་ནས། ཞིམ་ཕྲུག་དེས་འཛིན་མ་ཐུབ་པར། ལག་པ་སྟོང་པར་ ཆུ་འགྲམ་དུ་ལོག་དགོས་བྱུང། སྐབས་དེར། ཞི་མི་ཨ་མ་དེས། ཡང་བསྐྱར་ ཉ་ཆེན་པོ་ཞིག་བཟུང་བ་རེད།
༦ ཞིམ་ཕྲུག་དེ་ང་རྒྱལ་ལངས་ནས། ངས་ཉ་གཅིག་ཀྱང་ འཛིན་མི་ཐུབ་པ་གང་ཡིན་ནམ། ཞེས་བཤད་པ་ལ། ཞི་མི་ཨ་མས། ཁྱོད་ཀྱིས་རིག་པ་མ་བསྒྲིམས་ན། ཉ་ག་ལ་འཛིན་ཐུབ་ཅེས་བཤད།
ཞིམ་ཕྲུག་དེ་འགྱོད་པ་སྐྱེས་ནས། གདོང་པ་ཡང་དམར་པོར་གྱུར། དེ་ནས་ཁོས་ཡང་བསྐྱར་ཆུའི་འགྲམ་དུ། རིག་པ་བསྒྲིམས་ནས་
ཉ་འཛིན་བཞིན་སྡོད་སྐབས།
འབུ་བླ་མ་མ་ཎི་དང་ཕྱེ་མ་ལེབ་གཉིས་ཀ་འཕུར་ཡོང་ཡང་། ཁོས་མ་མཐོང་བ་ལྟར་བློ་སེམས་རྩེ་གཅིག་ཏུ་བསྒྲིམས་ནས། ཉ་འཛིན་བཞིན་བསྡད་པ་རེད།
༧
ཞི་མི་ཨ་མས་
༨
འཛིན་ཐུབ་ནས་དགའ་སྣང་སྐྱེས་པ་དེ།
མཐོང་ནས།
བྱས་པ་རེད།། །།
ཡུན་རིང་མ་འགོར་བར་ཞིམ་ཕྲུག་གིས་ཀྱང་། ཉ་ཆེན་པོ་ཞིག་
ཞི་མི་ཨ་མ་ཡང་དགའ་ནས་འཛུམ་མུལ་མུལ་