སྤྲེའུས་ཟླ་བ་བཏོན་པ།

Page 1

༼མ་རྩོམ་སུའི་ཡིན་མ་ཤེས།༽ ༄༅། །གནའ་སྔ་མོ་ཤིང་འབྲས་སྣ་ཚོགས་ཡོད་པའི་ ནགས་ཚལ་ཞིག་ན། སྤྲེའུ་ཁྱུ་གཅིག་སྡོད་ཀྱི་ཡོད།
སྤྲེའུས་ཟླ་བ་བཏོན་པ།
སྤྲེལ་ཕྲུག་ཅིག་ཁྲོན་པ་ཞིག་གི་ འགྲམ་དུ་སོང་ནས། ཁྲོན་པའི་ནང་ལ་ལྟ་ཙམ་བྱེད་སྐབས། ཁྲོན་པའི་ནང་དུ་ དཀར་གསལ་ཟླ་བ་ཉ་གང་བ་ཞིག ཡོད་པ་མཐོང་བ་དང་།
ཉིན་ཞིག་གི་དགོང་མོ་སྤྲེའུ་རྣམས། རི་འདབས་སུ་ རྩེད་མོ་བརྩེ་རུ་ཕྱིན།
༣ ནམ་མཁའི་ཟླ་བ་ཁྲོན་པའི་ནང་ཟགས་འདུག་ཅེས་ འུར་སྐད་བརྒྱབ་པ་རེད། སྤྲེལ་ཕྲུག་དེ་ཤིན་ཏུ་སྐྲག་ནས་འགྲིགས་མ་སོང་ བསམས་ནས།
༤ སྤྲེའུ་ན་གཞོན་ཞིག་གིས་ཐོས་ནས།
རྒྱུགས་ཡོང་སྟེ་ཁྲོན་པའི་ནང་བལྟས་པ་ན།
ནང་དུ་དངོས་གནས་ཟླ་བ་ཞིག་ཡོད་པ་མཐོང་སྐབས། ཁོ་ཡང་སྐྲག་ནས་སྐད་བརྒྱབ་པ་རེད།
ལམ་སང་
ཁྲོན་པའི་

སྤྲེའུ་རྒན་པོ་ཞིག་གིས་ཐོས་ནས། ཁོས་ཀྱང་ཁྲོན་པའི་

ཁར་ཕྱིན་ནས་བལྟས་པ་ན།

སྤྲེལ་ཕྲུག་ཁོ་གཉིས་ཀྱིས་བཤད་པ་བཞིན་ཟླ་བ་ཁྲོན་པའི་ ནང་དུ་ཡོད་པ་མཐོང་བ་དང་། སྤྲེལ་རྒན་དེས་ལམ་སང་།

ད་འགྲིགས་ མ་སོང་། ཟླ་བ་ཁྲོན་པའི་ནང་ཟགས་འདུག ང་ཚོས་ མགྱོགས་པོ་ཡར་འདོན་དགོས་ཞེས་བཤད་པ་རེད།
སྤྲེའུ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས།
༦ སྤྲེལ་ཕྲུག་ཅིག་གི་བློ་ལ་ཐབས་ཤེས་ཤིག་འཁོར་བ་རེད། སྤྲེལ་ཕྲུག་དེས། ཐོག་མར་ང་ཚོ་ཤིང་སྡོང་གི་སྟེང་དུ་ འཛེག་དགོས། དེ་ནས་གཅིག་ལ་གཅིག་མཐུད་དེ། ཐུར་དུ་ཁྲོན་པའི་ནང་དཔྱངས་ན་ཟླ་བ་ ལེན་ཐུབ་ཀྱི་རེད་ཅེས་བཤད། ཁོ་ཚོས་ཟླ་བ་ཁྲོན་པའི་ནང་ནས། ཡར་ཇི་ལྟར་ འདོན་ཐབས་ཀྱི་སྐོར་ལ་གྲོས་སྡུར་བྱས་རྗེས།
༧ ཚང་མས་ཐབས་དེ་ཡག་པོ་འདུག་ཟེར་ནས་ཤིང་སྡོང་གི་ མགོར་འཛེགས་པ་དང་། སྤྲེའུ་རྒན་པོའི་རྐང་པས་ ཤིང་སྡོང་གི་ཡལ་གར་དམ་པོར་འཐམས་ནས་ ཐུར་དུ་དཔྱངས། དེ་ནས་ལག་པ་གཉིས་ཀྱིས་སྤྲེའུ་དར་མའི་ རྐང་པ་བཟུང་། དེ་ལྟར་གཅིག་ལ་གཅིག་ མཐུད་ནས་ཁྲོན་པའི་ནང་དུ་སླེབས་པར་བྱས།
༨ སྣེ་མོར་ཁེལ་བའི་སྤྲེལ་ཕྲུག་གིས་ལག་པ་བརྐྱངས་ནས། ཟླ་བ་གདོན་རྩིས་བྱས་ཀྱང། ཁོའི་ལག་པ་ཟླ་བར་ ཐུག་མ་ཐག་ཏུ། ཟླ་བ་ནི་ཆག་གྲུམ་དུ་སོང་ནས། ཆུ་རིས་དང་བསྟུན་ནས་གཡོ་འགུལ་བྱུང་། སྤྲེལ་ཕྲུག་སྐྲག་ནས་ཨ་ཁ་ཁ། ངས་ཟླ་བ་ བཅག་སོང་ཞེས་སྐད་ཤོར་བ་དང་།
༩ སྤྲེའུ་རྒན་པོ་ཁོང་ཁྲོ་ལངས་ཏེ། ལས་ཟད་ཁྱོད་ཀྱིས་ ལས་ཀ་དེ་ཙམ་ཡང་འཇོན་གྱི་མི་འདུག ཅེས་བཤད་པ་དང་། སྤྲེའུ་གཞན་པ་ཚང་མས་ཀྱང་ སྤྲེའུ་ཕྲུག་དེ་ལ་སྡུག་སྐད་བརྒྱབ་པ་རེད།
ཆུ་སྙིམ་པ། ༡༠ སྤྲེལ་ཕྲུག་དགའ་ནས། ཟླ་བ་སླར་ཡར་ཉ་གང་སོང་ཞེས་སྐད་ བརྒྱབ་སྟེ། ལག་པ་བརྐྱངས་ནས་འདོན་ཐབས་བྱས་ཀྱང་། ཆུ་སྙིམ་པ་གང་མ་གཏོགས་ཅི་ཡང་མ་ཟིན་པ་རེད། ཅུང་ཙམ་འགོར་རྗེས། ཁྲོན་པའི་ནང་གི་ཆུ་དེ་ ཞི་འཇགས་སུ་སོང་བ་དང་། ཟླ་བ་ཡང་བསྐྱར་ མཐོང་བ་དང་།
༡༡ མུ་སྦྲེལ་དུ་ཡོད་པའི་སྤྲེའུ་གཞན་པ་ཁ་ཤས་ཀྱིས། ལག་པ་ན་ཡི་འདུག་ཟེར་བ་དང་། ཁ་ཤས་ཀྱིས་ རྐང་པ་ན་ཡི་ཟེར་ནས་འུར་སྐད་རྒྱག་སྐབས། དེ་ནས་སྤྲེལ་ཕྲུག་དེ་དངངས་འཚབ་ སྔར་ལས་ཆེ་བ་སྐྱེས་ནས། ཨ་ཙི་ཙི། ཟླ་བ་འདི་ལ་ལག་པས་ཐུག་ཙམ་བྱས་ན་ ཆག་འགྲོ་ཡི་འདུག འདོན་ཐབས་ མི་འདུག་ཅེས་བཤད་པ་དང་།

སྤྲེའུ་རྒན་པོས་མགོ་ཡར་བཀྱགས་ནས་ ནམ་མཁར་བལྟས་པ་ན། སྒོར་ལ་ཟླུམ་པའི་ ཉ་གང་བའི་ཟླ་བ་ནི། ནམ་མཁའ་ན་ཡོད་པ་ མཐོང་བ་དང་། ཁོས་རྒྱུ་མཚན་ཚང་མ་ཧ་གོ་ནས་སྤྲེའུ་རྣམས་ལ།

༡༢
ཁྱོད་ཚོས་ནམ་མཁའ་ལ་ལྟོས་དང་། ཟླ་བ་ནམ་མཁའ་ན་ མི་འདུག་གམ། ཁྲོན་པའི་ནང་གི་ཟླ་བ་དེ་ནི། ཆུ་ངོར་ ཤར་བའི་ཟླ་བའི་གཟུགས་བརྙན་རེད་ཅེས་བཤད།
༡༣ དེ་ནས་སྤྲེའུ་ཆེ་ཆུང་ཚང་མ་ཁྲོན་པའི་ཁར་སླེབས་པ་དང་། ཚང་མས་ནམ་མཁར་བལྟས་པ་ན། དཀར་གསལ་གྱི་ཟླ་བ་ ཉ་གང་དེས། མཁའ་དབྱིངས་ནས་ཁོ་ཚོར་ལྟ་བཞིན་ བསྡད་ཡོད་པ་མཐོང་པས་ཚང་མ་ གད་མོ་ཤོར་བ་རེད།། །།

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.