༡ ༄༅།།རི་བོང་ཨ་མ་ཞིག་ལ་རིབ་ཕྲུག་གསུམ་ཡོད། གཅིག་གི་མིང་ལ་མིག་དམར་དང། གཅིག་གི་མིང་ལ་ མཇུག་རྡུམ། ཆུང་ཤོས་ཀྱི་མིང་ལ་རྣ་རིང་ཟེར་གྱི་ཡོད།
(མ་རྩོམ་སུའི་ཡིན་མ་ཤེས། )
རི་བོང་ཆུང་ཆུང།
ཉིན་ཞིག་རི་བོང་ཨ་མ་དེ་ཞིང་ཁ་ལ། ལ་ཕུག་བསྡུད་དུ་འགྲོ་ཁར་ ཕྲུ་གུ་ཚོ་ལ། ཁྱོད་ཚོས་
༢
སྡོད་དགོས།
ཁྱིམ་དུ་ཡག་པོ་བྱས་ཏེ་
ནང་ལ་སུ་ཡོང་བ་ཡིན་ན་ཡང་སྒོ་མ་འབྱེད་ཨ། ཞེས་བསླབ་བྱ་བརྒྱབ་སྟེ་ཕྱིན་པ་རེད།
༣
ཨ་མའི་སྐད་ཆ་ཡིད་ལ་བཟུང་ནས། སྒོ་དམ་པོར་བརྒྱབ་ནས་བསྡད་པ་རེད། རི་བོང་ཆུང་ཆུང་གསུམ་པོས།
༤ ཡུད་ཙམ་སོང་རྗེས་སྤྱང་རྒན་ སྐྱ་བོ་ཞིག
སྒོ་འབྱེད་ཐབས་བྱས་ཀྱང། སྒོ་དམ་པོར་བརྒྱབ་ཡོད་པ་ལ་ བརྟེན་ནས་ནང་དུ་འཛུལ་ཐུབ་མེད། སྐབས་དེར་རི་བོང་ཨ་མ་དེ། ཕྱིར་སླེབས་པ་དང་། སྤྱང་རྒན་སྐྱ་བོ་དེས། མྱུར་དུ་ཤིང་སྡོང་གཅིག་གི་ རྒྱབ་ཏུ། ཡིབ་ནས་བསྡད་པ་རེད།
འཇབ་ནས་ཡོང་སྟེ་
རི་བོང་ཨ་མ་སྒོ་འགྲམ་དུ་སླེབས་ནས། རིབ་ཕྲུག་ཆུང་ཆུང། སྒོ་ཕྱེ་དང།
མགྱོགས་པོ་སྒོ་ཕྱེ་དང། ཨ་མ་སླེབས་ཡོད།
ཅེས་གཞས་ཤིག་བཏང་བ་དང།
རི་བོང་ཆུང་ཆུང་ཚོས། ཨ་མའི་སྐད་གོ་བ་དང་ ལམ་སང་སྒོ་ཕྱེ་བ་རེད།
༥
༦ དེ་ནས་རི་བོང་ཨ་མ་དེ་ཡིས། ལ་ཕུག་སོས་པ་རེ་རི་བོང་ ཆུང་ཆུང་ཚོ་ལ་བགོས་ཏེ་སྤྲད་ པ་དང། ཚང་མས་དགའ་དགའ་སྤྲོ་སྤྲོའི་ངང་ནས་བཟས་པ་རེད།
སྤྱང་རྒན་སྐྱ་བོ་དེས་ཚུལ་དེ་མཐོང་བས། ཧེ་ཧེ། ད་ཧ་གོ་སོང།
ཕྱིར་ལོག་
༧
དྲན་ནས།
ཕྱིན་པ་རེད།
སང་ཉིན་ཡོང་ན་འགྲིག་གོ་
༨
སློ་མ་ཞིག་ཁྱེར་ནས།
རི་བོང་ཨ་མ་ཕྱིན་རྗེས། རི་བོང་ཆུང་ཆུང་ཚོས་སྒོ་དེ་དམ་པོར་ བརྒྱབ་ནས། ཁྱིམ་ནང་དུ་རྩེད་མོ་རྩེ་བཞིན་སྡོད་སྐབས།
ཉིན་རྗེས་མ་དེར་རི་བོང་ཨ་མས་
ནགས་ཚལ་ ནང་ལ་ཤ་མོ་སྒྲུག་ཏུ་ཕྱིན།
སྤྱང་རྒན་སྐྱ་བོ་དེ་ཡོང་ནས་སྒོ་རྡུང་བཞིན།
རིབ་ཕྲུག་ཆུང་ཆུང། སྒོ་ཕྱེ་དང།
ཨ་མ་སླེབས་ཡོད།
༩
མགྱོགས་པོར་སྒོ་ཕྱེ་དང།
ཅེས་རི་བོང་ཨ་མའི་སྐད་དང་འདྲ་བའི་གཞས་བཏང་བ་རེད།
མིག་དམར་དང་མཇུག་རྡུམ་གཉིས་ཀྱིས། སྐད་ཐོས་མ་ཐག་དགའ་སྤྲོ་ཆེན་པོས། ཨ་མ་སླེབས་སོང། ཨ་མ་སླེབས་སོང།
༡༠
ཕྱེ་དང་ཞེས་སྐད་
མགྱོགས་པོར་སྒོ་
བརྒྱབ་པ་དང།
རྣ་རིང་གིས་ལམ་སང་མིག་དམར་དང་། མཇུག་རྡུམ་གཉིས་བཀག་ནས།
༡༡
མ་རེད། འདི་ཨ་མའི་སྐད་མ་རེད་ཅེས་བཤད་པ་རེད།
༡༢ དེ་རྗེས་ཁོ་ཚོས་སྒོ་སྲུབས་ནས་ བལྟས་པ་ན། སྒོའི་ཕྱི་ན་སྤྱང་རྒན་ སྐྱ་བོ་ཞིག་ལངས་ནས། བསྡད་ཡོད་པ་མཐོང་བ་རེད། དེ་ནས་རི་བོང་ཆུང་ཆུང་ཚང་མས་མཉམ་དུ། མི་འབྱེད་ མི་འབྱེད། ང་ཚོས་སྒོ་མི་འབྱེད། ཨ་མ་མིན་པ་སུ་ལའང་ སྒོ་མི་འབྱེད་ཞེས། གཞས་བཏང་བ་དང།
སྤྱང་རྒན་སྐྱ་བོ་དེ་བྲེལ་འཚུབ་སྐྱེས་ནས། ང་ཁྱོད་ཚོའི་
ཨ་མ་ཡིན། ང་ཁྱོད་ཚོའི་ཨ་མ་ཡིན། ཞེས་བཤད་པ་རེད།
༡༣
༡༤ རི་བོང་ཆུང་ཆུང་ཚོས། ང་ཚོ་ཡིད་ཆེས་ཀྱི་མི་འདུག ཡང་མིན་ན་ཁྱོད་ཀྱིས་མཇུག་མ་ནང་དུ་རྐྱོངས་ལ། ང་ཚོར་ལྟ་རུ་ཆུག་དང་ཞེས་བཤད་པར། སྤྱང་རྒན་སྐྱ་བོས། འགྲིག་གི་རེད། ངས་ཁྱོད་ཚོར་ མཇུག་མ་བསྟན་ཆོག་ཅེས་བཤད།
༡༥ དེར་རི་བོང་ཆུང་ཆུང་ཚོས། སྒོའི་སྲུབས་ཀ་ཆུང་ཙམ་ ཕྱེ་པ་དང་། སྤྱང་རྒན་སྐྱ་བོས་མཇུག་མ་ནང་དུ་བརྐྱངས། དེ་མ་ཐག་ཏུ་རི་བོང་ཆུང་ཆུང་ཚོས། ཤུགས་ཡོད་ཚད་བཏོན་ནས་སྒོ་བརྒྱབ་པ་དང། སྤྱང་རྒན་སྐྱ་བོའི་མཇུག་མ་སྒོའི་བར་དུ་བཙིར་བ་རེད།
༡༦ སྤྱང་རྒན་སྐྱ་བོ་དེས་ན་ཟུག་མ་བཟོད་པར།
ཨ་ར་ར། ངའི་རྔ་མ་བཅད་སོང། ང་གློད་རོགས་གནང་དང་། ང་གློད་རོགས་གནང་དང་། ཞེས་སྡུག་སྐད་མང་པོ་རྒྱག་སྐབས།
ལུས་ནས་ རྔུལ་ནག་ཀྱང་ཐོན་པ་རེད་ལ། ཁ་ནས་ཀྱང།
༡༧ རི་བོང་ཨ་མ་དེ། ནགས་ཚལ་ནས་ཚུར་སླེབས་པ་རེད། ཁོ་མོས་སྤྱང་རྒན་སྐྱ་བོ་དེ་མཐོང་མ་ཐག རྒྱུག་པ་ཞིག་ བླངས་ནས། དེའི་མགོ་ལ་ཤུགས་ཆེན་པོས་ཡང་ཡང་ བཞུས་པ་རེད། སྤྱང་རྒན་སྐྱ་བོས། ཨ་ཚ་ཚ་ཚ། ཨ་ར་ར་ར། ཞེས་སྡུག་སྐད་དེ་བས་ཆེ་བ་ཤོར་བ་རེད།
༡༨ སྤྱང་རྒན་སྐྱ་བོ་དེས། ད་ནི་འདི་ཚོས་ང་བསད་སོང་ བསམས་ནས།
ཤུགས་ཡོད་ཚད་ཀྱིས་འཕག་འཚག་ཅིག་བརྒྱབ་རྗེས། རྔ་མ་དེ་དུམ་བུར་ཆད་ཀྱང། སྲོག་ཐར་ཐུབ་ཙམ་བྱུང་བ་རེད། རྔ་མ་ཆད་རོ་དེ་གཡུགས་ཏེ། ངུ་སྐད་རྒྱག་བཞིན་བྲོས་ཕྱིན་པ་རེད།
རང་ཉིད་ཀྱི་སྲོག་བསྐྱབ་ཆེད།
དེ་ནས་རི་བོང་ཨ་མ་དེ། ཁྱིམ་གྱི་ནང་དུ་འཛུལ་ནས། བུ་གསུམ་པོའི་མགོ་ལ་བྱིལ་བྱིལ་བྱེད་བཞིན་དགའ་སྤྲོའི་ངང།
༡༩
ཁྱོད་ཚོ་དངོས་གནས་དཔའ་ངར་ཆེ་ལ།
།།
སྤྱང་གྲུང་ལྡན་པའི་ བུ་བཟང་པོ་གསུམ་རེད་འདུག ཅེས་བསྟོད་བསྔགས་ བཏང་བ་རེད།།