༡ ༄༅། །གནའ་སྔ་མོ་རྒྱལ་སྲས་ཤིག་ཡོད། རྒྱལ་སྲས་དེས་ རང་ཉིད་ཀྱི། ཡབ་རྒྱལ་པོའི་མིག་ནད་གསོ་བའི་ཆེད་དུ། འཛམ་གླིང་བསྐོར་ནས་མིག་སྨན་འཚོལ་དུ་ཕྱིན་པ་རེད། ཝ་མོ་ཆུང་ཆུང། མ་རྩོམ། ལུའོ་པ་ཐུ། (པར་ཙེར།)
༢ ལམ་བར་དུ་ཝ་མོ་ ཆུང་ཆུང་ཞིག་དང་འཕྲད། ཝ་མོས་རྒྱལ་སྲས་ལ། རྒྱལ་པོའི་སྤྱན་ལ་ནེ་ཙོའི་སྣུམ་ཏོག་ཙམ་བྱུགས་དང་། སངས་དྲག་འགྲོ་ཡི་རེད་ཅེས་བཤད་པ་རེད།
༣
རྒྱལ་ཁབ་ཏུ་ཕྱིན་པ་རེད། ནེ་ཙོའི་རྒྱལ་ཁབ་ཀྱི་ སྲུང་དམག་གིས་ རྒྱལ་སྲས་ལ། ཁྱེད་ཀྱིས་རལ་གྲིའི་རྒྱལ་ཁབ་ནས། རལ་གྲི་གཅིག་ཁྱེར་ ཤོག་དང། ང་ཚོས་ཁྱེད་ལ་ནེ་ཙོའི་སྣུམ་སྤྲད་ཆོག ཅེས་
དེ་ནས་རྒྱལ་སྲས་དེ། ནེ་ཙོའི་
བཤད་པ་རེད།
༤ རྒྱལ་སྲས་དེ་རལ་གྲིའི་ རྒྱལ་ཁབ་ཏུ་སླེབས་པ་དང། རལ་གྲིའི་རྒྱལ་ཁབ་ཀྱི་ སྲུང་དམག་གིས། ཁྱོད་ཀྱིས་རྟའི་རྒྱལ་ཁབ་ནས། རྟ་མཆོག་ཅིག་ཁྲིད་ཤོག་དང་། ང་ཚོས་ཁྱོད་ལ་རལ་གྲི་སྤྲད་ཆོག་ཅེས། བཤད་པ་རེད།
༥ དེ་ནས་རྒྱལ་སྲས་དེ། རྟའི་རྒྱལ་ཁབ་ཏུ་སླེབས་ནས། རྟ་མཆོག་ཅིག་ཁྲིད་དེ་འགྲོ་རྩིས་བྱེད་སྐབས།
རྟའི་རྒྱལ་ཁབ་ཀྱི་སྲུང་དམག་གིས་ལམ་བཀག་པ་རེད།
༦
ད་འོ་ན་ཁྱོད་ཀྱིས། རྒྱལ་པོའི་སྲས་མོ་རྐུས་ཤོག་དང་། ང་ཚོས་ཁྱོད་ལ་རྟ་དེ། སྤྲད་ཆོག་ཅེས་བཤད་པ་རེད།
རྒྱལ་སྲས་ཀྱིས་སྲུང་དམག་ལ། རྟ་མཆོག་རྐུ་དོན་གསལ་བཤད་ བྱས་པས། སྲུང་དམག་གིས།
༧
ཡོང་རྒྱུ།
འགྲོ་དགོས་མིན། མ་ཤེས་ནས་ སྡོད་པའི་སྐབས་སུ། སླར་ཡང་སྔོན་གྱི་ཝ་མོ་ཆུང་ཆུང་དེ་ཐུག་པ་རེད།
རྒྱལ་སྲས་ཀྱིས། སྲས་མོ་བརྐུས་ནས་
ཁས་བླངས་ཀྱང། གང་དུ་
ཝ་མོ་ཆུང་ཆུང་དེས་རྒྱལ་སྲས་ལ། ཇུས་ཤིག་ བསླབས་པ་ལྟར། རྒྱལ་སྲས་ཀྱིས། མཚན་གུང་ལ་
༨
ཕོ་བྲང་ཞིག་ཏུ་སོང་ནས། སྲས་མོ་ཞིག་གཞན་གྱིས་ ཧ་མ་གོ་བ་བྱས་ནས། ཁྲིད་ཕྱིན་པ་རེད།
༩ རྟ་མཆོག་ཁྲིད་ཏེ་རལ་གྲིའི་རྒྱལ་ཁབ་ཏུ་ཕྱིན། རལ་གྲིའི་ རྒྱལ་ཁབ་ནས། རལ་གྲི་ཁྱེར་ནས་ནེ་ཙོའི་རྒྱལ་ཁབ་ཏུ་ཕྱིན། ནེ་ཙོའི་རྒྱལ་ཁབ་ནས། ནེ་ཙོའི་སྣུམ་དེ་ཁྱེར་ཏེ་ནང་ལ་ ལོག་ཕྱིན་པ་རེད། དེ་ནས་རྒྱལ་སྲས་ཀྱིས། རྟའི་རྒྱལ་ཁབ་ཏུ་ཕྱིན་ནས།
༡༠ རྒྱལ་སྲས་ཀྱིས། རྟ་མཆོག་བཞོན་ནས་ ལམ་དུ་འགྲོ་སྐབས། རང་ཉིད་འཚོལ་དུ་ཡོང་མཁན།
འཕྲད་པ་རེད།
གཅེན་པོ་གཉིས་དང་
༡༡ ཁོ་གཉིས་ཀྱིས་རྒྱལ་སྲས་དེ། ལམ་ལོག་པ་གཅིག་ཏུ་ ཁྲིད་ནས་ཅ་ལག་ཚང་མ་ འཕྲོག་པ་རེད། གཅེན་པོ་གཉིས་པོས། རྒྱལ་སྲས་ཁོང་སྲས་མོ་ཧ་ཅང་གི་ མཛེས་པོ་ཞིག་དང་། མཉམ་དུ་ཡོང་བ་མཐོང་བས་ བསམ་ངན་སྐྱེས་ནས།
ཁོ་གཉིས་ཀྱིས་ད་དུང་རྒྱལ་སྲས་དེ། ས་དོང་གཏིང་
རིང་པོ་ཞིག་གི་ནང་དུ་གཡུགས་རྗེས།
༡༢
སྲས་མོ་དེ་ཁྲིད་ནས་ཁྱིམ་དུ་ལོག་པ་རེད།
རྗེས་སུ་ཝ་མོ་ཆུང་ཆུང་དེས་རྒྱལ་སྲས་དེ། ས་དོང་ནས་ བསྐྱབས་པ་དང། རྒྱལ་སྲས་ཁོང་འཁར་རྒྱུག་ལ་
༡༣
བརྟེན་ནས་ཁྱིམ་དུ་ལོག་པ་རེད།
༡༤ རྒྱལ་སྲས་ཀྱིས་ཡབ་རྒྱལ་པོའི་མདུན་དུ་ཕྱིན་ནས། ནེ་ཙོའི་སྣུམ་དེ་ཁོང་གི་སྤྱན་ལ་བྱུགས་མ་ཐག་ སྤྱན་གཉིས་ཀ་སངས་དྲག་བྱུང་བ་རེད།
༡༥
འོང་བའི་སྲས་མོ་གཉིས་ཀྱི། གཉེན་སྒྲིག་གི་དགའ་སྟོན་ གཟབ་རྒྱས་འཚོགས་པ་དང། གཅེན་པོ་བསམ་ངན་ཅན་གཉིས་ཕོ་བྲང་ནས་ ཕྱིར་ཕུད་བྱས་པ་རེད།། །།
དེ་ནས་བསམ་པ་བཟང་བའི་རྒྱལ་སྲས་དང་། ཡིད་དུ་