བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། (བར་ཆ།)

Page 1

བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་ སྲིད་མི་སྣ་ངོ་སྤྲོད། བར་ཆ། རྩོམ་པ་པོ། རེ་མདོ་སེངྒེ། ཤེས་རིག་ལས་ཁུངས་ཀྱིས་དཔར་འགྲེམས་བྱས།
རྩོམ་པ་པོ། རེ་མདོ་སེངྒེ། ཞུ་དག་པ། རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། དཔར་ཐེངས་དང་པོ། ༢༠༢༠ དེབ་གྲངས། ༡༠༠༠ དེབ་འདི་ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ་ bodyiglobjong.com ནས་ལྟ་ཀློག་ དང་ཕབ་ལེན་བྱེད་ཐུབ། Special Acknowledgement Funded by:DANIDA through CICED ལོ་རྒྱུས་ཀྱི་འདོད་ཚུལ་ཁག་རྩོམ་པ་པོའ་དགོངས་པ་ཡིན་པ་ ལས་ཤེས་རིག་ལས་ཁུངས་ཀྱི་ལྟ་བ་ཡིན་པས་མ་ཁྱབ།

DEPARTMENT OF EDUCATION

Central Tibetan Administration

Cable: SHERIG

Phone: +91-1892-222572/222721

Fax: +91-1892-223481

Email: Education@tibet.net Web: www.tcewf.org www.sherig.org/tb

GANGCHEN KYISHONG DHARAMSALA - 176215 DISTT. KANGRA H.P H.P INDIA

ཆེད་བརྗོད། ༄༅། །ཕྱི་ལོ་ ༡༩༥༩ ལོར་བོད་མི་རྣམས་གཞིས་བྱེས་གཉིས་སུ་གྱེས་དགོས་ བྱུང་བ་དང་། ཕྱི་ནང་གི་དཀའ་ཚེགས་རབ་དང་རིམ་པར་གདོང་ལེན་བྱེད་དགོས་བྱུང་ བའི་བརྒྱུད་རིམ་ཁྲོད། ཕྱི་ལོ་ ༡༩༦༠ ལོར་ཤེས་རིག་ལས་ཁུངས་ཆེད་འཛུགས་ཀྱིས། བཙན་བྱོལ་བོད་མིའི་གཏན་ཉིན་སློབ་གྲྭ་ཁག་ཟུར་འཛུགས་དང་། གནའ་དེང་ཟུང་འབྲེལ་ གྱི་ཤེས་ཡོན་སྤྲོད་སྤེལ་ཆེད། བསླབ་གཞི་སྒྱུར་བཟོ་དང་སློབ་དེབ་པར་སྐྲུན་སོགས་གང་ ཐུབ་ཞུས། ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་བོད་མིའི་གཞི་རིམ་གྱི་ཤེས་ཡོན་སྲིད་བྱུས་ གཏན་ལ་ཕབ་ཅིང་། ཕྱི་ལོ་ ༢༠༡༠ ནས་བཟུང་ཤེས་ཡོན་སྲིད་བྱུས་ཀྱི་དགོངས་དོན་ དང་མཐུན་པའི་སྔོན་འགྲོ་དང་། གཞི་རིམ་གོང་འོག་བར་གསུམ་གྱི་བསླབ་གཞིའི་རྩ་ འཛིན་གཏན་འབེབས་དང་སློབ་དེབ་བསྐྱར་ཞིབ་ཞུས་ཏེ། བཙན་བྱོལ་བོད་མིའི་སློབ་གྲྭ་ ཁག་ཏུ་ལག་བསྟར་རིམ་པར་ཞུས། དེ་བཞིན་གཞི་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་རྣམས་ཀྱིས་གཙོས་རང་རིགས་ ན་གཞོན་རྣམས་ཀྱི་སློབ་སྦྱོང་གི་གཞོགས་འདེགས་རྒྱུ་ཆ་ཕུན་སུམ་ཇེ་ཚོགས་སུ་ གཏོང་སླད་ལོ་ལྟར་སྒྲུང་དེབ་དང་ཀློག་དེབ་སྣ་ཚོགས་འདོན་སྤེལ་ཞུ་བཞིན་ཡོད་ཅིང་། ཕྱི་ལོ་ ༢༠༡༦ དང་ ༢༠༡༧ ལོར་ཀིརྟི་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་ དཔོན་རེ་མདོ་སེངྒེ་ལགས་ཀྱིས། <<གཏམ་རྒྱུད་ཀྱི་ལམ་ནས་མེས་པོའ་ཞབས་རྗེས་
འཚོལ་བ།>> ཞེས་པའི་དེབ་ཕྲེང་བཅུ་སྔ་ཕྱིར་དཔར་འགྲེམས་ཞུས་པར། ཀློག་པ་པོ་ མང་དག་ཅིག་ལ་ཕན་ཐོགས་གང་ལེགས་བྱུང་ཡོད། ད་ལན་སླར་ཡང་འདི་ལས་ནས་ འབོད་སྐུལ་ཞུས་པ་ལྟར། <<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པའི་དེབ་ཕྲེང་གསུམ་རྩོམ་འབྲི་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དེ་ཡང་རླངས་ཀྱི་པོ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་རྒྱུད་མ་ ཤེས་ན། ནགས་ཁུང་གི་སྤྲེའུ་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན། གཡུ་འབྲུག་ཟོལ་ མ་དང་འདྲ། ཡབ་མེས་ཀྱི་ཆེ་དགེའི་ཡིག་ཚང་མ་ཤེས་ན། མོན་ཕྲུག་ཡལ་བོར་དང་ འདྲ། ཞེས་གསུངས་པ་བཞིན་བོད་ཀྱི་ལོ་རྒྱུས་ལ་རྒྱུས་མངའ་མེད་ན་བོད་མི་རིགས་ཀྱི་ བདེན་དོན་རྩོད་ལེན་བྱ་ཐབས་མེད་པས། རང་རིགས་བློ་གསར་གཞོན་ནུ་རྣམས་ཀྱིས་ ངེས་པར་དུ་བོད་ཀྱི་ལོ་རྒྱུས་ལྟ་ཀློག་བྱེད་པ་དང། སྔོན་བྱོན་ཡབ་མེས་རྣམས་ཀྱི་མཛད་ བཟང་ལ་སློབ་སྦྱོང་བྱས་ཏེ། རིགས་དང་མཐུན་པའི་ལས་བརྩམ་རྒྱུར་སྤྲོ་སྣང་དང་སྙིང་ སྟོབས་ཆེར་བསྐྱེད་གནང་དགོས། དེབ་ཕྲེང་གསུམ་པོ་འདི་དག་གི་བརྗོད་བྱ་ནི་དངོས་བྱུང་མི་སྣའི་ལོ་རྒྱུས་ཤ་སྟག་ ཡིན་ནའང་། རྗོད་བྱེད་ནི་ལོ་རྒྱུས་དེབ་ཐེར་འབྲི་ཐབས་ཀྱི་རྒྱ་ལས་བརྒལ་ཏེ། གཙོ་བོ་ ན་ཆུང་བློ་གསར་རྣམས་ལ་གོ་བདེ་ཡོང་ཆེད་གཏམ་རྒྱུད་ཀྱི་ལམ་ནས་བྲིས་ཡོད་པས། ཀློག་བདེ་བ་དང་ནང་དོན་རྟོགས་སླ་བའི་ཐུན་མིན་ཁྱད་ཆོས་ལྡན་ཡོད་ན། རྒྱ་ཆེའི་ ཀློག་པ་པོ་རྣམས་ལ་ཕན་རླབས་ཆེན་པོ་འབྱུང་ངེས་ཡིན། འདིར་བཀོད་མི་སྣ་རྣམས་ ཀྱི་ལོ་རྒྱུས་གནད་ཆེ་གང་ཐུབ་ཟུར་འདོན་གནང་ཐབས་ཞུས་འདུག་མོད། ད་དུང་ཡང་ ཆད་ལྷག་དང་ནོར་འཛོལ་འབྱུང་བ་ཡོད་སྲིད་ན། ལེགས་སྤེལ་ཉེས་འགོག་གི་དགོངས་ འཆར་ཇི་ཡོད་འདི་ལས་སུ་གནང་སྐྱོང་ཡོང་བ་ཞུ་རྒྱུ་བཅས། ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༡༥ ཉིན། ཤེས་རིག་ལས་ཁུངས་ནས།
V དཀར་ཆག ཆེད་བརྗོད།........................................................................................................ III གླེང་བརྗོད། ....................................................................................................... VII དང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། བཙན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ངོ་སྤྲོད། 1 ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་པ། ............................................................... 3 ཡབ་མེས་ཀྱི་ལས་དོན་རྒྱུན་སྐྱོང་མཛད་པ། .............................................................. 12 སློབ་གྲྭ་གསར་འཛུགས་མཛད་པ།.......................................................................... 20 ནང་བསྟན་གཞུང་ལུགས་བོད་སྒྱུར་གྱི་ལས་གཞི་རྒྱ་ཆེར་སྤེལ་བ། 26 དགེ་འདུན་གྱི་སྡེ་གསར་འཛུགས། .......................................................................... 32 སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བ།.................................................. 38 གཉིས་པ། མངའ་བདག་ཁྲི་རལ་པ་ཅན། བཙན་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་ངོ་སྤྲོད། ..................................................... 45 བདུད་བློན་ཚོར་གདོང་ལེན་བྱས་ཏེ་ཡབ་མེས་ཀྱི་བཀའ་སྲོལ་རྒྱུན་འཛིན། 48 རིག་གཞུང་གི་སྟོབས་ཤ གས་འཕེལ་རྒྱས་ཀྱི་གཞི་མར་བཟུང་བ། ................................. 57
VI རྒྱ་བོད་བར་གྱི་དམག་འཁྲུག་ཞི་བས་འདུམ་འགྲིག་མཛད་པ། 63 ཡ་མཚར་ཅན་གྱི་གཙུག་ལག་ཁང་བཞེངས་པ། ........................................................ 71 བློན་པོ་བློ་གྲོས་ཅན་གཉེན་དུ་བཀུག་པ། .................................................................. 78 བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་དགྲ་ལག་ཏུ་ཤོར་བ། ......................................... 86 གསུམ་པ། བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་ངོ་སྤྲོད། .................................................. 97 ཤེས་རབ་མེ་ལྟར་འབར་བའི་བློན་པོ། ..................................................................... 99 གཉེན་གྱི་འབྲེལ་བ་ལ་བརྟེན་ནས་ཕྱི་འབྲེལ་རྒྱ་སྐྱེད།................................................ 105 བལ་བཟའ་ཁྲི་བཙུན་བཙན་པོའ་ཁབ་ཏུ་བསུས་པ། ................................................... 109 ཐང་གོང་མའི་ཡིད་དབང་འཕྲོག་པའི་ཀུན་སྤྱོད་གཙང་མ། 115 རིག་པའི་རྩལ་གྱིས་མཐའ་དག་ཕམ་པར་མཛད། ..................................................... 123 རིག་པའི་འཕྲུལ་གྱིས་ཀོང་ཇོ་བོད་ལ་དྲངས། .......................................................... 129 བློན་པོ་མགར་གྱིས་རྒྱའི་རྒྱལ་བློན་རྣམས་ལ་འཁོན་ལན་སློག་པ། .............................. 133 ཐུགས་རྗེ་ཆེ་ཞུ། 139
VII གླེང་བརྗོད། ༄༅། །<<བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད།>> ཅེས་པ། སྟོད་ཆ་དང། བར་ཆ། སྨད་ཆ་གསུམ་གྱི་བདག་ཉིད་དུ་བསྐྲུན་པའི་ཀློག་དེབ་ འདི་དག་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་བཀའ་འབྲེལ་ ལྟར། འདས་པའི་ལོ་ཤས་ཀྱི་དུས་ཚོད་སྟོང་པ་དག་གི་ནང་དུ་རྩོམ་འབྲི་བྱས་ པ་ཞིག་ཡིན། ཀློག་དེབ་འདི་དག་གི་དམིགས་ས་གཙོ་བོ་ནི། བོད་ཀྱི་གཞི་ རིམ་སློབ་གྲྭའི་འཛིན་གྲྭ་བདུན་པ་ཡན་གྱི་སློབ་ཕྲུག་རྣམས་ཡིན་ལ། བོད་ཕྱི་ ནང་གཉིས་ཀར་བོད་ཀྱི་བསམ་སྤྱོད་དང་གོམས་གཤིས། སེམས་ཁམས་ བཅས་ཀྱི་ཁྱད་ཆོས་ལྡན་པའི་བོད་ཡིག་ཀློག་དེབ་འདང་ངེས་ཤིག་མེད་པའི་ སྟོང་ཆ་སྐོང་བའི་དོན་དུ་ཡང་ཡིན། ཀློག་དེབ་འདི་དག་འབྲི་བའི་སྐབས་སུ་བརྡ་ཆད་རེ་རེ་བ་དང། དེ་དག་ སྦྲེལ་བའི་ཚིག་གི་བརྗོད་པ། ནང་དོན་གྱི་བསམ་བློ། བྱུང་བ་འགོད་ལུགས་ བཅས་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་དང་རྩོམ་གཤིས་དབང་བཙན་པ་ མ་བྱས་པར། ཅི་ཐུབ་གང་ཐུབ་ཀྱིས་ཆེད་དུ་དམིགས་སའི་གཞི་རིམ་བར་མ་ དང། གཞི་རིམ་གོང་མའི་ན་གཞོན་སློབ་ཕྲུག་དག་གི་ཤེས་ཡོན་གྱི་གནས་ ཚད་དང་འཚམས་པོ་ཡོང་བར་འབད་བརྩོན་བྱས་ཡོད། ཀློག་དེབ་འདི་དག་གིས་ཀློག་པ་པོའ་སྐད་ཡིག་གི་གནས་ཚད་ཡར་
VIII རྒྱས་འགྲོ་བར་ཤ གས་རྐྱེན་ངེས་ཅན་འདོན་ཐུབ་པའི་ཐོག བོད་ཀྱི་ལོ་རྒྱུས་ ཐོག་བྱུང་བའི་ཆོས་སྲིད་རིག་གནས་དང་བཅས་པའི་གནས་སྟངས་མང་པོ་ ཞིག་དང། མིག་ལྟོས་འོས་པའི་མི་སྣ་གྲགས་ཅན་མང་པོ་ཞིག་གི་མི་ཚེའི་ བྱུང་རིམ། ཁོང་རྣམ་པས་ཆོས་ལུགས་དང་ཆབ་སྲིད་ཀྱི་ཐད་ལ་དགོངས་ པ་བཞེས་ཚུལ། འགལ་རྐྱེན་དང་དཀའ་ཁག་རིགས་ལ་གདོང་ལེན་ཇི་ལྟར་ མཛད་པ། ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་ཅི་ཞིག་མཛད་ཀྱང་ཡ་རབས་ སྤྱོད་བཟང་གི་རྒྱ་ལས་མ་བརྒལ་ཞིང། ལྷག་བསམ་དང་རྣམ་དཔྱོད་ཡ་ མ་བྲལ་བ་སྐུ་ཚེའི་ཉམས་ལེན་གྱི་མཐིལ་དུ་མཛད་པ་བཅས་ཀྱི་རྣམ་ཐར་ རྟོགས་ཐུབ་ཅིང། མིག་དཔེར་འོས་པའི་མཛད་སྤྱོད་འདི་དག་ཀློག་དེབ་ འདིའི་བརྗོད་བྱའི་སྙིང་དོན་ཡིན་ལ། དགོས་པ་ནི་ཀློག་པ་པོའ་སྐད་ཡིག་ གི་གནས་ཚད་མཐོར་འདེགས་དང། གཤིས་རྒྱུད་ལ་བསམ་བློ་དང་བཟང་ པོའ ་ཀུན་སྤྱོད་དེ་དག་གམ་དེ་དག་དང་རྗེས་སུ་མཐུན་པའི་དཔལ་ཡོན་ ཚད་ལྡན་ཞིག་འབྱོར་ཐུབ་པ་དེ་ཡིན། ཀློག་དེབ་འདི་དག་ཏུ་སྔ་མོའ་བོད་ཀྱི་ཆབ་སྲིད་མི་སྣ་གྲགས་ཅན་བཅུ་ འདེམས་སྒྲུག་བྱས་པ་རྣམས་ཀྱི་སྐུ་ཚེའི་བྱུང་རིམ་ཡོངས་རྫོགས་འདོར་ལེན་ མེད་པར་སྟར་ཆགས་སུ་བསྒྲིགས་པ་ལྟ་བུ་ཞིག་མ་ཡིན་པར། གཏམ་བརྗོད་ ཟློས་གར་གྱི་རྩོམ་ཐབས་སྤྱད་ནས་མི་ཚེའི་ལོ་རྒྱུས་ཁྲོད་ཀྱི་གནད་དོན་ དམིགས་བསལ་བ་དང། ཤ གས་རྐྱེན་ཆེ་ཞིང་བག་ཆགས་ཟབ་པ། ཆབ་ སྲིད་ཀྱི་བསམ་བློའ་འཁྱེར་ཕྱོགས་དང་ཕྱག་ལས་གནང་སྟངས། རྒྱལ་ཁབ་ དང་མི་རིགས་ཀྱ ་དབུ་ཁྲིད་ཁྱད་པར་བ་ཞིག་ཏུ་ཇི་ལྟར་གྱུར་པའི་ཁྱད་ཆོས་
IX རྣམས་རྩལ་འདོན་བྱས་པ་དང་མཉམ་དུ། མི་སྣ་དེ་དང་དེའི་སྐབས་ཀྱི་བོད་ ཀྱི་ཆབ་སྲིད་དང། ཆོས་ལུགས། སྤྱི་ཚོགས། ཤེས་ཡོན། རིག་གཞུང་གི་ གནས་སྟངས་བཅས་ཕྱོགས་མང་པོ་ནས་མཚོན་ཐབས་བྱས་ཡོད། མི་སྣ་གྲགས་ཅན་འདི་དག་གི་གཞི་རྩའི་བྱུང་བ་དག་ནི། ཡོངས་ གྲགས་ཚད་ཐུབ་ཀྱི་རྒྱལ་རབས་ལོ་རྒྱུས་ཁག་ལ་གཞི་བཅོལ་ནས་བྲིས་ ཡོད་པས་ཡིད་རྟོན་བྱེད་རུང་བ་ཞིག་ཡིན་ཡང། རྩོམ་གྱི་ཚིག་བརྗོད་དང་ ནང་དོན་ལ་གསོན་ཉམས་འདོན་ཐབས་དང། ཀློག་པ་པོས་མི་སྣ་དེ་དང་ དེའི་སྣང་བརྙན་གསོན་ཉམས་དོད་པོར་མཇལ་ཐུབ་པའི་དོན་དུ། ཀློག་དེབ་ འདི་དག་གི་ཐོག་མཐའ་བར་གསུམ་གྱི་མི་སྣའི་གཏམ་བརྗོད་དང། གཤིས་ སྤྱོད་ཀྱི་རྣམ་འགྱུར་མང་པོ་ཞིག་རྩོམ་པ་པོས་བཅོས་སྒྲིག་བྱས་ཤིང། མི་ སྣ་དེ་དང་དེའི་མི་ཚེའི་བྱས་པ་དང་གྲུབ་འབྲས་ལ་གཞིགས་ཏེ། འབྱུང་ སྲིད་པའི་གནད་དོན་འགའ་ཤས་ཀྱང་རྩོམ་པ་པོའ ་འཆར་སྣང་ལྟར་སྣོན་ འབྲི་བྱས་ཡོད། འོན་ཀྱང་བོད་ཀྱི་དེ་སྔའི་རྣམ་ཐར་དང་ལོ་རྒྱུས་ཀྱི་བསྟན་བཅོས་མང་ ཆེ་བར་རྩོམ་ཐབས་འདི་རིགས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་པས། ཚིག་བརྗོད་ དང་རྩོམ་ཐབས། མི་སྣ་འབྲི་བཞེངས་བྱེད་སྟངས་སོགས་གང་ཅིའི་ཐད་ནས་ འདོད་བློ་ཁེངས་པ་ཞིག་བྱུང་མ་སོང་ཡང། རྒྱུ་ཆ་འཐུས་སྒོ་ཚང་བ་ཞིག་ ཡོད་མེད་ལྟ་བུའི་གནས་ཚུལ་ལ་ཁ་གཡར་ཏེ། སྟོང་ཆར་ལྷག་པའི་དགོས་ མཁོ་འདི་རིགས་ལ་ཛ་དྲག་གིས་ཁ་སྐོང་བྱེད་མ་ཐུབ་ན། མི་སྒེར་པ་ཞིག་ གི་ཐོག་གནམ་རྡིབ་པ་ལྟ་བུའི་གོད་ཆག་འབྱུང་མི་སྲིད་པ་གསལ་པོར་ཤེས་
X ཀྱང། བོད་ཀྱི་སྐད་ཡིག་དང་རིག་གཞུང་ནི་སྤྱི་རྟ་སྒལ་རལ་གྱི་ངང་ཚུལ་དུ་ འགྱུར་ཉེན་ཆེ་བར་མ་ཟད། ལོ་རྒྱུས་དང་དུས་ཚོད་ཀྱི་འགྱུར་བས་ང་ཚོ་ལ་ ནམ་ཡང་ངང་སྒུག་བྱེད་མི་སྲིད་ལ། ཉམས་རྒུད་ནས་རྩ་བརླག་ཏུ་འགྲོ་བཞིན་ པའི་བོད་ཀྱི་སྐད་ཡིག་དང་ཆོས་དང་རིག་གཞུང་ནི། ཉིན་རེ་ནས་ཉིན་རེར་ཛ་ དྲག་གི་ངང་ཚུལ་དུ་འགྱུར་བཞིན་པར་བློས་བཟོད་པ་ཞིག་མིན་པས། བོད་མི་ རིགས་ཀྱི་ཚེ་སྲོག་དང་འབྲེལ་བའི་སྐད་ཡིག་རྒྱུན་གནས་ཐུབ་པ་དང། ཡབ་ མེས་གོང་མ་རྣམས་ནས་བརྒྱུད་པའི་བསམ་བློ་དང་ཡ་རབས་བཟང་སྤྱོད་ཀྱི་ གོམས་གཤིས་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་དག ཡུལ་གྲུ་སྣ་ཚོགས་ སུ་ཁ་ཐོར་ནས་ཡོད་པའི་བོད་ཀྱི་ན་གཞོན་ཚོའི་གཤིས་རྒྱུད་ལ་དར་སྤེལ་ རྒྱུན་གནས་ཡོང་བའི་ཆ་རྐྱེན་དུ་གྱུར་ན་སྙམ་པའི་ལྷག་བསམ་གྱིས། སྒེར་ པའི་སློབ་སྦྱོང་དང་ངལ་གསོའ་དུས་ཚོད་མང་པོ་ཞིག་ཀློག་དེབ་འདི་དག་གི་ ཆེད་དུ་ཕངས་སེམས་མེད་པར་བཏང་བའི་ཁུལ་ཡིན། ཀློག་དེབ་འདི་དག་ཏུ་བཀོད་པའི་ཡབ་མེས་ཁོང་རྣམས་ཀྱིས་དུས་ སྐབས་སོ་སོའ་ལོ་རྒྱུས་ནང་བོད་ཀྱི་སྐད་ཡིག་དང། ཆོས་ལུགས། ཆབ་སྲིད། འཛིན་སྐྱོང། སྒྱུ་རྩལ་རིག་གནས་སོགས་ཀྱི་གནས་བབ་ཕུན་སུམ་ཇེ་ཚོགས་ དང། འཐུས་སྒོ་ཇེ་ཚང་དུ་ཇི་ལྟར་བཏང་བའི་ལོ་རྒྱུས་ཀྱི་ཁྲོད་ནས་ཀློག་པ་པོ་ རྣམས་ལ་མ་འོངས་པའི་ལམ་བུ་གསར་པ་དང། བྱེད་ཐབས་དམིགས་བསལ་ བ་བཅས་ཀྱི་མིག་ལྟོས་བཟང་པོ་རྙེད་ངེས་པ་ཡིན་པས། ཁྱེད་རྣམས་ཀྱི་ཆེད་ དུ་བསྐྲུན་པའི་ཀློག་དེབ་འདི་ཁྱེད་རྣམས་ཀྱིས་དོན་དང་ལྡན་པར་ལོངས་སྤྱོད་ པར་ཞུ།
XI མཐའ་མར་ཞུ་འདོད་པ་ནི། ཁོ་བོ་སྒྱུ་རྩལ་རྩོམ་རིག་པ་ཞིག་མིན་ལ། བྱིས་པའི་ཀློག་དེབ་དང་གཏམ་བརྗོད་ཟློས་གར་འབྲི་བའི་ཉམས་མྱོང་དང། སློབ་སྦྱོང་དམིགས་བསལ་བ་ཡོད་མཁན་ཞིག་དེ་བས་ཀྱང་མིན་པས། སྒྱུ་ རྩལ་རྩོམ་རིག་གི་གནས་ཚད་ཀྱི་ཐད་ནས་བལྟས་ན། ཀློག་དེབ་འདི་དག་ གི་ཐོག་མཐའ་བར་གསུམ་ལ་ཚིག་དོན་གཉིས་ཐད་ནས་སྐྱོན་ཆ་ཇི་སྙེད་ ཅིག་བྱུང་ཡོད་ངེས་པས། གཟུར་གནས་རྣམ་དཔྱོད་ལྡན་པ་ཚོས་དགོངས་ འཆར་ལྷུག་བརྗོད་ཡོང་བའི་རེ་བ་ཞུ། ཕྱི་ལོ་ ༢༠༡༩ ལོའ་ཟླ་ ༨ ཚེས་ ༨ སྟེ༑ རེས་གཟའ་ཕུར་བུའི་ཉིན་རྩོམ་པ་པོ་རེ་མདོ་སེངྒེས་ཡུ་རོབ་བྷེལ་ཇེམ་ རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨེན་ཁྲོ་ཕེན་ནས་བྲིས་པ་དགེའོ།། །།
དང་པོ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན།
1 བཙན་པོ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་ངོ་སྤྲོད། ༄༅། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ནི། ཕྱི་ལོ་ ༧༤༢ ལོར་ཡབ་ཁྲི་ལྡེ་ གཙུག་བརྟན་དང། ཡུམ་སྣ་ནམ་བཟའ་མང་པོ་རྗེ་གཉིས་ཀྱི་སྲས་སུ་སྐུ་ འཁྲུངས། སྐུ་ན་གཞོན་དུས་སུ་ཡབ་ཁྲི་ལྡེ་གཙུག་བརྟན་ཕ་རོལ་པོས་གཡོ་ ཐབས་ཀྱིས་སྐུ་བཀྲོངས་པས། དགུང་ལོ་བཅུ་གསུམ་པའི་ཐོག་བོད་རྒྱལ་ ཁབ་ཀྱི་སྲིད་དབང་འཛིན་དགོས་པར་གྱུར། བཙན་པོ་ཁོང་གིས་བོད་ཀྱི་རྒྱལ་སྲིད་ཀྱི་ཐུགས་འགན་བཞེས་པའི་ སྐབས། དགུང་ན་བཅུ་གསུམ་ལས་མ་སོན་པའི་རྒྱལ་སྲས་གཞོན་གཞོན་ ཞིག་ཡིན་ཡང། ཁོང་ནི་དཔའ་མཛངས་དང་མཁྱེན་དཔྱོད་འགྲན་ཟླ་བྲལ་བ་ ཞིག་དང། ཆབ་སྲིད་དང་འཛིན་སྐྱོང། དམག་དོན་བཅས་རྒྱལ་ཁབ་ཀྱི་ཞི་དྲག་ གཉིས་ཀའི་ལས་དོན་ཐོག་འཇོན་ནུས་ལྡན་པ་ཞིག་ཡིན། དེར་བརྟེན་ཁོང་གིས་བོད་རྒྱལ་ཁབ་ཀྱི་སྲིད་དབང་གི་ཐུགས་འགན་ བཞེས་པའི་རྗེས། ཆབ་སྲིད་དང་དམག་དོན་ལྟ་བུའི་གནས་ཚུལ་རྐྱང་པ་མ་ ཡིན་པར། རྒྱ་གར་འཕགས་པའི་ཡུལ་ནས་ནང་པའི་ཆོས་ལུགས་ཀྱི་མི་སྣ་ ཚད་ལྡན་གདན་འདྲེན་ཞུས་ཏེ། བོད་ཁམས་སུ་ཆོས་ཀྱི་སློབ་སྦྱོང་དང་ཉམས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 2 ལེན་གཉིས་ཀ་གོང་འཕེལ་གཏོང་བར་ཐུགས་འགན་རྒྱ་ཆེན་པོ་བཞེས་ཡོད་ པར་མ་ཟད། བོད་ཀྱི་ལོ་རྒྱུས་ཐོག་བསམ་ཡས་གཙུག་ལག་ཁང་གི་སློབ་ གྲྭ་ཐེངས་དང་པོ་དེ་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གསར་འཛུགས་ མཛད་པ་ཡིན་པས། བཙན་པོ་ཁོང་ནི། ཆོས་ལུགས་དང། ཤེས་ཡོན། དཔལ་ འབྱོར། ཆབ་སྲིད། དམག་དོན་བཅས་ཕྱོགས་ཡོངས་ནས་བོད་ཁམས་ཡར་ རྒྱས་གཏོང་བ་ལ་དམིགས་བསལ་མཛད་རྗེས་ཆེན་པོ་ཡོད་མཁན་ཞིག་ཡིན་ པས། བོད་ཀྱི་ལོ་རྒྱུས་ཐོག་གི་བཙན་པོ་མཚན་སྙན་ཆེ་ཤོས་དེ་གྱུར་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཡབ་མེས་སྲོང་བཙན་སྒམ་པོའ་སྐུ་ དུས་ལས་ཀྱང་མངའ་ཐང་རྒྱ་སྐྱེད་མཛད་ཅིང། དྲག་པོའ་དཔུང་ཤ གས་ལ་ བརྟེན་ནས་རྒྱའི་ཐང་གོང་མ་ཡང་ཁྲི་ལས་ཕབ་པའི་སྟོབས་ཤ གས་ལྡན་པ་ ཞིག་ཡིན་པས། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། སྙིང་སྟོབས་ དགུ་འགྱུར་སྲོག་གི་དབྱུག་པ་ལ། །རྟ་མཆོག་ཁྲོས་པའི་བཀའ་ཡི་རྒྱས་བཏབ་ པའི། །སྲིན་པོ་གདོང་དམར་བོད་ཀྱི་དམག་དཔུང་གིས། །སུམ་གཉིས་ས་ཡི་ དཀྱིལ་འཁོར་བཟུང་ཞེས་གྲགས། །ཞེས་པའི་བསྟོད་བསྔགས་གནང་བ་ལྟར། ཨེ་ཤི་ཡའི་སུམ་གཉིས་ས་ཡི་དཀྱིལ་འཁོར་ལ་དབང་བསྒྱུར་བའི་དཔའ་ མཛངས་སྙིང་སྟོབས་ལྡན་པའི་རྒྱལ་པོ་ཞིག་ཡིན།
3 ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་བཙུགས་པ་། ༄༅། །སྐབས་དེར་བོད་ཀྱི་གནས་སྟངས་ནི། ནང་ཁུལ་དུ་དབང་ཆ་འཐབ་ རྩོད་ཀྱི་འགལ་བ་ཆེ་བའི་ཐོག ཆོས་ལུགས་གསར་རྙིང་བར་གྱི་འགལ་ཟླ་ ཡང་ཤིན་ཏུ་ཛ་དྲག་ཆེ་བའི་དུས་སྐབས་ཤིག་ཏུ་གྱུར་ཡོད། འགྲོ་བ་མི་ཞིག་ ལ་མཚོན་ན། དབང་ཆའི་ཁེ་ཕན་དང་ཆོས་ལུགས་ཀྱི་དད་མོས་ནི། སེམས་ ཀྱི་གཏིང་རིམ་ལ་ཟུག་པའི་ཚོར་བ་རྣོ་ངར་ཅན་ཞིག་ཡིན་ལ། ཚོར་བ་རྣོ་ བའི་གནས་ཚུལ་འདི་གཉིས་སྤྱི་ཚོགས་ཀྱི་འགལ་ཟླའི་འབྱུང་རྐྱེན་ཞིག་ཏུ་ གྱུར་ཚེ། འགལ་བ་གཞན་དག་ལས་ཀྱང་འདུམ་འགྲིག་དཀའ་བའི་འགལ་ཟླ་ ཚབས་ཆེན་ཞིག་ཏུ་འགྱུར་རྒྱུ་ཡིན་པ་གསལ་པོ་ཡིན། འཛམ་གླིང་གི་ཡུལ་གྲུ་ཆེ་ཆུང་གང་དུ་ཡིན་ཡང་རུང། ཆབ་སྲིད་དང་ དངུལ་དངོས་སོགས་ཀྱི་ཁེ་ཕན་དང། ཆོས་ལུགས་ཀྱི་དད་མོས་མ་འདྲ་ བའི་ཁྱད་པར། དབང་ཆའི་འཐབ་རྩོད་སོགས་ཀྱི་འགལ་ཟླ་ལ་བརྟེན་ནས་ རྒྱལ་པོའ་སྲིད་དབང་མགོ་རྟིང་སློག་པ་དང། རྒྱལ་ཁབ་་ཉམས་རྒུད་ནས་ རིམ་གྱིས་ཁ་འཐོར་དུ་གྱུར་པ། མི་རིགས་བྱེ་བྲག་པ་ཞིག་རྩ་མེད་དུ་ཕྱིན་པ་ སོགས་སྐྱི་གཡའ་བའི་ལོ་རྒྱུས་ཀྱི་གནས་ཚུལ་ཤིན་ཏུ་མང་པོ་བྱུང་ཡོད་ལ། དེ་བཞིན་བོད་ཀྱི་བཙན་པོ་འདས་པོ་རྣམས་ཀྱི་ཁྲོད་དུའང་ཚོར་བ་རྣོ་བའི་ འགལ་ཟླ་འདི་རིགས་ཀྱི་འོག་ཏུ་ལྐོག་གསོད་ཐེབས་ཏེ་གཅེས་པའི་སྐུ་སྲོག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 4 ཤོར་དགོས་པའང་འགའ་ཤས་བྱུང་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཡབ་ཆེན་བོད་ཀྱི་བཙན་པོ་ཁྲི་ལྡེ་གཙུག་ བརྟན་ 1ཡང། འགལ་ཟླ་འདི་རིགས་ཀྱི་རྐྱེན་དབང་དུ་ཤོར་ནས་བློན་པོས་ ལྐོག་གསོད་བཏང་བའི་རྒྱལ་པོ་ཞིག་ཡིན་ལ། བཙན་པོ་ཁྲི་ལྡེ་གཙུག་བརྟན་ གྱི་སྐུ་སྲོག་ཤོར་བའི་སྐབས། རྒྱལ་སྲས་ཁྲི་སྲོང་ལྡེ་བཙན་དགུང་ལོ་བཅུ་ གསུམ་ལས་སོན་མེད་པས། བོད་ཀྱི་སྲིད་དབང་བཙན་པོ་ལྐོག་གསོད་བྱེད་ མཁན་ཚོའི་ལག་ཏུ་ཤོར་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་ཞིག་ཡིན། འོན་ཀྱང་རྒྱལ་པོའ་ཕོ་བྲང་ནང་དུ་ད་དུང་བཙན་པོའ་གདུང་རྒྱུད་ལ་ ལྷག་བསམ་རྣམ་དག་ཡིན་པའི་བློན་ཆེན་སྐོར་ཞིག་ཡོད་པར་བརྟེན། ཁོང་ ཚོས་རྒྱལ་སྲས་ལ་དངོས་ཤ གས་བརྒྱུད་གསུམ་ནས་སྲུང་སྐྱོབ་དང། མཐུན་ སྦྱོར་གང་དགོས་ལྷག་བསམ་རྣམ་དག་གིས་བྱེད་ཀྱི་ཡོད་སྟབས། སྲས་ཁྲི་ སྲོང་ལྡེ་བཙན་ཡབ་ཀྱི་རྒྱལ་ཁྲིར་འགོད་ཐུབ་པར་བྱུང་ཡོད། སྐབས་དེར་མ་ཞང་གྲོན་པ་སྐྱེས་ 2 ཞེས་པའི་བློན་པོ་ཞིག་ཡོད་པ་ 1 བཙན་པོ་ཁྲི་ལྡེ་གཙུག་བརྟན། སྐུ་ན་གཞོན་དུས་ནས་བགྲེས་ཉམས་ལྡན་པ་ཞིག་ཡིན་ པས་མེས་ཨག་ཚོམ་བྱ་བ་ཡིན་ཟེར། བོད་ཀྱི་རྒྱལ་རབས་སོ་བདུན་པ་དང། དགུང་ལོ་ བཅུ་ལ་རྒྱལ་སྲིད་བཟུང་སྟེ་རྒྱ་བོད་ས་མཚམས་སུ་རྡོ་རིང་བཙུགས་ཤིང་ཕན་ཚུན་ཉོ་ཚོང་ བྱས། ཆོས་གཞུང་དང༌། སྨན་གཞུང༌། རྩིས་གཞུང་སོགས་མང་པོ་བོད་སྐད་དུ་བསྒྱུར། 2 མ་ཞང་གྲོན་པ་སྐྱེས་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དུས་ཀྱི་བློན་པོ་འཇོན་ནུས་ལྡན་ པ་ཞིག་ཡིན་ཡང། བསམ་བློ་གཏོང་ཕྱོགས་དང་ལས་དོན་བྱེད་ཕྱོགས་བཙན་པོ་ཡབ་སྲས་ དང་མི་མཐུན་པས། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཆོས་ལུགས་དང་རིག་གཞུང་དར་ སྤེལ་གྱི་བྱ་བ་ལ་འགོག་རྐྱེན་བྱེད་མཁན་གཙོ་བོ་ཞིག་ཏུ་གྱུར་པ་རེད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 5 དེ་ཕོ་བྲང་ཕྱི་ནང་ཀུན་ལ་ཤིན་ཏུ་དབང་ཤ གས་ཆེ་བའི་སྐབས་ཡིན་པས། ཁོས་རྒྱུན་དུ། བར་སྐབས་བོད་ཀྱི་རྒྱལ་རྒྱུད་རྣམས་སྐུ་ཚེ་ཐུང་བ་དང། རྒྱལ་ཁབ་ཀྱི་ལས་དོན་ལམ་འགྲོ་མེད་པའི་གནས་ཚུལ་རིམ་པར་བྱུང་དང་ འབྱུང་བཞིན་པ་འདི་ནི། བཙན་པོ་རིམ་བྱོན་རྣམས་ཀྱིས་ཕ་མེས་ཀྱི་བོན་ ལུགས་བསྐྱུར་ནས་ཆོས་ལ་དད་མོས་བྱས་པ་དང། ཆོས་ཁྲིམས་ཟེར་བ་ ཞིག་ལག་བསྟར་མཛད་པ་འདིས་ལན་པ་ཡིན། ཞེས་གོ་སྐབས་ནམ་བྱུང་ ལ་ཤོད་ཀྱི་ཡོད་པར་མ་ཟད། དེ་རིང་ཕན་ཆོད་ནས་སུས་ཆོས་བྱས་ན་དེ་ ལ་ཉེས་ཆད་ནན་པོ་གཅོད་རྒྱུ་ཡིན། ཞེས་བོད་ཁམས་སུ་ཆོས་བྱ་མི་ཆོག་ པའི་ཁྲིམས་བསྒྲགས་ཏེ། ཆོས་ལུགས་ཐོག་ཤིན་ཏུ་དམ་དྲག་ཆེན་པོ་བྱེད་ ཀྱི་ཡོད་པ་རེད། ཡིན་ན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་ནི། སྐུ་ན་གཞོན་དུས་ནས་ ཐུགས་རིག་བཀྲ་ཞིང། གཟིགས་རྒྱང་ཡངས་པོ་ཡོད་པའི་ཐོག བག་འཁུམས་ དང་འཇིགས་ཞུམ་མེད་པར་བློ་སྤོབས་ལྡན་པ་ཞིག་ཡིན་པས། རྒྱལ་སྲས་ རྒྱལ་ཁྲིར་འཁོད་ནས་ཅང་མ་འགོར་བར། ཐོག་མར་ཕོ་བྲང་ནང་ཁུལ་གྱི་ གནས་དོན་མང་པོར་ཞིབ་འཇུག་གནང་སྟེ། ཕོ་བྲང་ནང་ཁུལ་གྱི་བློན་པོ་ནས་ གཡོག་པོའ་བར་གྱི་བྱ་སྤྱོད་དཀར་ནག་དང། ལེགས་ཉེས་ཀྱི་གནས་ཚུལ་ ཡོངས་རྫོགས་ལ་རྒྱུས་ལོན་མཐིལ་ཕྱིན་པར་མཛད་པ་རེད། ལྷག་པར་དུ་ཡབ་ཁྲི་ལྡེ་གཙུག་བརྟན་སྐུ་དུས་ཀྱི་བློན་པོ་རྣམས་ཀྱི་ གྲས་ནས། རུལ་སུངས་ཅན་གྱི་བློན་པོ་སྤྱི་དང། ལྷག་པར་དུ་ཡབ་དགྲོང་ མཁན་ཡིན་པའི་དོགས་གཞི་ཅན་གྱི་བློན་པོའ་རིགས་ལ་དམིགས་བསལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 6 ཞིབ་བཤེར་གནང་སྟེ། ཡབ་དགྲོང་མཁན་གྱི་ལག་དམར་བ་གཙོ་བོ་ཡིན་ པར་ར་འཕྲོད་གསལ་པོ་བྱུང་བའི་འབའ་ལྡོང་ཙབ་དང། ལང་མྱེས་ཟིགས་ 3ཕྱོགས་གཏོགས་དང་བཅས་པ་རིམ་གྱིས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་ སྦྱར་བ་རེད། ནང་པའི་ཆོས་ལུགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་མཁན་ གྱི་མ་ཞང་གྲོན་པ་སྐྱེས་ནི། ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་སྐུ་རིང་གི་བློན་ ཆེན་རྒན་གྲས་ཤིག་ཡིན་པར་མ་ཟད། དཔའ་བློ་ཁོག་དང་རྣམ་དཔྱོད་གང་ ཅིའི་ཐད་ནས་བློན་ཆེན་གཞན་དག་གིས་འགྲན་ཟླ་མི་ནུས་པ་ཞིག་དང། ཕྱོགས་ཁག་གི་རྒྱབ་དཔུང་བཙན་པོ་ཡོད་མཁན་ཞིག་ཀྱང་ཡིན་པས། ཁོས་ ང་རྒྱལ་ཆེན་པོས་ཕོ་བྲང་ནང་དུ་ཚད་ལས་བརྒལ་བའི་དབང་ཡོད་བྱས་ཏེ། བོད་བཙན་པོ་རང་ཉིད་ཡིན་པ་ལྟ་བུས་བྱ་སྤྱོད་མ་རུང་བ་སྣ་ཚོགས་ལག་ བསྟར་བྱེད་ཀྱི་ཡོད། འོན་ཀྱང་བཙན་པོ་ཁྲི་སྲོང་གི་བསམ་པར། མ་ཞང་གྲོན་པ་སྐྱེས་ཀྱིས་ བྱ་བ་ངན་པ་ཇི་ཙམ་བྱས་ཀྱང། ཐབས་བཀོད་ལ་བརྟེན་ནས་འདུལ་དགོས་ པ་ཞིག་ཡིན་པ་མ་གཏོགས། མངོན་གསལ་གདོང་གཏུགས་ཀྱིས་འཛིན་ བཟུང་བྱེད་པ་དང། ཁྲིམས་ཆད་བཏང་ཚེ། ཕོ་བྲང་ཕྱི་ནང་ཀུན་ལ་ཟིང་ཆ་ ཆེན་པོ་ཡོང་རྒྱུ་ཡིན་པའི་ཉེན་ཁ་གཟིགས་ཀྱི་ཡོད་སྟབས། རེ་ཞིག་རྣམ་ 3 འབའ་ལྡོང་ཙབ་དང་ལང་མྱེས་ཟིགས་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐབས་ཀྱི་བློན་པོའ་ གྲས་ཤིག་ཡིན་ལ། ཕྱིས་སུ་མ་ཞང་གྲོན་པ་སྐྱེས་ཀྱིས་ངན་ལབ་བྱས་པ་ལྟར། བཙན་པོ་ཁྲི་ ལྡེ་གཙུག་བརྟན་སྐུ་དགྲོང་མཁན་གྱི་ལག་དམར་བ་གཙོ་བོ་གཉིས་ཡིན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 7 འགྱུར་གསལ་པོ་མེད་པའི་ཐོག་ནས་མ་ཞང་གྲོན་པ་སྐྱེས་ཀྱི་རྒྱབ་དཔུང་ཡིན་ པའི་བློན་པོ་སྐོར་ཞིག་ནུས་མེད་དང་ཕྱིར་འབུད་བཏང་བ་ལས། མ་ཞང་གྲོན་ པ་སྐྱེས་བློན་ཆེན་གྱི་གོ་གནས་རང་སར་བཞག་སྟེ། བཙན་པོ་རང་ངོས་ནས་ མ་དགའ་བའི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད་པ་རེད། ལྐོག་ཏུ་རྒྱལ་པོའ ་ཕྱོགས་ཀྱི་བློན་ཆེན་འགོས་རྒན་ 4 སོགས་ཆོས་ བློན་རྣམས་ཀྱིས་ཕོ་བྲང་ནང་དུ་སྔ་ཕྱིར་གསང་བའི་ཚོགས་འདུ་ལན་མང་ ཚོགས་ཏེ། མ་ཞང་གྲོན་པ་སྐྱེས་ཇི་ལྟར་མེད་པར་བཟོ་རྒྱུའི་ལས་དོན་ཐད་ གསང་བའི་གྲོས་མོལ་སྣ་ཚོགས་བྱེད་ཀྱི་ཡོད། ཁོང་ཚོར་མ་ཞང་གྲོན་པ་ སྐྱེས་ནུས་མེད་བཟོ་བའི་བྱེད་ཐབས་ཤིག་རྙེད་པ་ན། ཐོག་མར་ཕོ་བྲང་ ནས་གཞུང་འབྲེལ་གྱིས་ཁྱབ་བསྒྲགས་རྫུན་མ་ཞིག་གནང་རྒྱུ་ཐག་གཅོད་ མཛད་པ་རེད། ཉིན་ཞིག་རྒྱལ་པོའ ་ཕོ་བྲང་ནས། བར་ལམ་ནས་ཡིད་ཆེས་འཕེར་ བའི་མོ་པ་དང་རྩིས་པ་མང་པོ་ཞིག་ལ། རྒྱལ་ཁབ་ཀྱི་ལས་དོན་ཆེད་དུ་ ལུང་བསྟན་ཞུས་པའི་སྐབས། ལོ་འདིའི་ནང་རྒྱལ་པོའ་སྐུ་ཚེ་དང་བོད་ཀྱི་ རྒྱལ་སྲིད་ལས་དོན་དང་བཅས་པར་བར་ཆད་ཆེན་པོ་ཞིག་འབྱུང་ཉེན་ཆེ་ བས། བར་ཆད་དེ་སེལ་བའི་ཐབས་དང་རིམ་གྲོ་ལེགས་ཤོས་ནི། རྒྱལ་ 4 བློན་ཆེན་འགོས་རྒན་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དུས་ཀྱི་བློན་པོ་ཞིག་ཡིན་ཞིང། བཙན་པོའ་དགོངས་པ་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པར་མ་ཟད། སྲས་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་ཡང་ཡབ་ཁྲི་ལྡེ་གཙུག་བརྟན་གྱི་ཕྱག་ལས་འཕྲོ་སྐྱོང་ ཡོང་བར་འབད་བརྩོན་ལྷོད་མེད་གནང་མཁན་ཞིག་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 8 པོར་བརྩི་འདང་ཆེ་བའི་བློན་ཆེན་གང་ཡང་རུང་བ་ཞིག་ཟླ་ཤས་རིང་རྒྱལ་ པོའ་སྐུ་གླུད་ལ་དུར་འཇུག་བྱེད་དགོས་པ་བབས་འདུག ཅེས་པའི་རྩ་ཚིག་ གང་སར་ཁྱབ་བསྒྲགས་བྱས་པ་རེད། མ་ཞང་གྲོན་པ་སྐྱེས་ཀྱིས་གཏམ་དེ་ཐོག་མར་ཐོས་པའི་སྐབས། གཏམ་ འདིའི་རྒྱབ་ལ་གཡོ་ཐབས་ཤིག་ཡོད་སྲིད་སྙམ་ནས་ཡིད་ཆེས་མ་བྱས་ཀྱང། རིམ་པས་གཏམ་དེ་རྒྱལ་ཁབ་ཀྱི་སྐྱེ་བོ་མཆོག་དམན་ཀུན་གྱི་ཁ་ལ་གྲགས་ པ་བྱུང་ཞིང། དོན་ངོ་མར་རྒྱལ་པོ་ལ་བརྩི་འདང་ཆེ་བའི་བློན་པོ་སུ་ཞིག་ཡིན་ མིན་དང། བློན་ཆེན་སུ་ཞིག་རྒྱལ་པོའ་སྐུ་གླུད་ལ་ཕེབས་རྒྱུ་ཡིན་མིན་ཟེར་ བ་སོགས་ཀྱི་གཏམ་གླེང་སྣ་ཚོགས་ཤིག་ཕོ་བྲང་ནང་དང་ཕྱིའི་མང་ཚོགས་ གཉིས་ཀའི་ནང་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་པ་རེད། དེར་བརྟེན་བློན་པོ་མ་ཞང་གྲོན་པ་སྐྱེས་ཀྱི་བསམ་པར། སྐྱེས་བུ་ མཆོག་དམན་ཀུན་གྱི་ཁ་ནས་གླེང་ལུགས་ལ་བལྟས་ན། བློན་ཆེན་ཞིག་ རྒྱལ་པོའ་སྐུ་གླུད་ལ་འགྲོ་དགོས་པའི་གཏམ་དེ་བདེན་པ་ཡིན་ནམ་སྙམ་པའི་ དོགས་པ་བྱུང་བར་མ་ཟད། བློན་ཆེན་རང་ཉིད་ཀྱིས་ཡིད་ཆེས་བྱེད་སའི་ནང་ འཁོར་ཞིག་ལ། ཕོ་བྲང་ནས་བྱུང་བའི་རྩ་ཚིག་དེ་བདེན་པ་ཡིན་ཚོད་འདུག་ པས། རྒྱལ་པོའ་བརྩི་འདང་ཆེ་བའི་བློན་པོ་རང་ཉིད་ཡིན་པའི་རྣམ་འགྱུར་ མཚོན་ཐབས་སུ། ང་ཚོས་ཀྱང་སྐུ་གླུད་ལ་འགྲོ་རྒྱུའི་གྲ་སྒྲིག་བྱེད་དགོས། ཞེས་ཁོ་རང་གི་ནང་འཁོར་ལ་བཤད་པའི་གཏམ་དེ་རིམ་གྱིས་འགོས་རྒན་ གྱིས་ཐོས་པ་རེད། དེ་ནས་ཅང་མ་འགོར་བའི་ཉིན་ཞིག་ལ། ཕོ་བྲང་ནང་རྒྱལ་བློན་ལྷན་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 9 འཛོམས་ཀྱི་ཚོགས་འདུའི་ཐོག ཞང་ཉང་བཟང་ 5 ཟེར་བའི་བློན་པོ་ཞིག་ གིས། བློན་ཆེན་རྣམས་ཀྱི་དགོངས་པར་མངའ་བ་ལྟར། རྒྱལ་པོའ་སྐུའི་ རིམ་གྲོ་ལ་བཙན་པོ་རང་ཉིད་ལ་ཐུགས་གཙིགས་ཆེ་བའི་བློན་ཆེན་ཞིག་ ཟླ་ཤས་རིང་སྐུ་གླུད་ལ་དུར་དུ་བཞུགས་དགོས་པའི་ལུང་བསྟན་བྱུང་ཡོད། བཙན་པོར་ཐུགས་གཙིགས་ཆེ་བའི་བློན་པོ་རྣམས་ལས་སུ་ཞིག་སྐུ་གླུད་ ལ་དུར་དུ་ཕེབས་རྒྱུ་ཡིན་པའི་གསུང་འབྱོན་པར་ཞུ། ཞེས་ཟེར་བ་ན། སྔོན་མ་ནས་གསང་བའི་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད་པ་ ལྟར། དེ་མ་ཐག་འགོས་རྒན་བློན་པོའ་ཁྲོད་ནས་ཡར་བཞེངས་ཏེ། རྒྱལ་ པོའ་ཞབས་ཏོག་པ་བློན་འགོས་རྒན་ང་ལས་ཆེ་བ་ཞིག་སུ་ཡང་མེད་པས། རྒྱལ་པོའ་སྐུ་བླུད་ལ་དུར་སར་སྡོད་པའི་འོས་བབ་ང་ལ་ཡོད། ང་རྒྱལ་པོའ་ སྐུ་གླུད་ལ་ཟླ་ཤས་མ་ཟད་ལོ་ཤས་རིང་ཡིན་ཡང་ཆོག དུར་སར་ང་སྡོད་ཀྱི་ ཡིན། ཞེས་སྤོབས་པ་དང་བཅས་བཤད་པ་རེད། སྐབས་དེར་བློན་པོ་མ་ཞང་གྲོན་པ་སྐྱེས་ང་རྒྱལ་དང་བཅས་བློན་པོའ་ ཁྲོད་ནས་ཡར་ལངས་ཏེ། བློན་ང་ལས་རྒན་པ་དང་བྱས་རྗེས་ཆེ་བ་སུ་ཡང་ མེད་ལ། རྒྱལ་པོ་ལ་བརྩི་འདང་ཆེ་བའི་བློན་པོ་ཡང་ང་ཡིན་པས། རྗེའི་ ཞབས་ཏོག་ལ་སྐུ་གླུད་བློན་ཆེན་ང་ལས་འོས་འཚམ་ཅན་སུ་ཡང་མེད། ཅེས་ ཟ ར་ནས་ངར་ཤ གས་ཆེན་པོས་བཤད་དེ་བློན་པོ་འགོས་རྒན་གྱི་ཁ་གཏད་དུ་ 5 ཞང་ཉང་བཟང་ནི། བཙན་པོ་ཁྲི་ལྡེ་གཙུག་བརྟན་སྐུ་དུས་ཀྱི་ཆོས་བློན་ཞིག་ཡིན་ལ། བསམ་ བློ་གཏོང་ཕྱོགས་དང་ལས་ཀ་བྱེད་སྟངས་བློན་པོ་འགོས་རྒན་དང་འདྲ་བའི་ཆོས་བློན་ཞིག་ ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 10 ལངས་པ་རེད། ཁོང་གཉིས་རྩོད་གླེང་མང་པོ་བྱས་པའི་མཐའ་མར་བློན་ཆེན་ མ་ཞང་གྲོན་པ་སྐྱེས་དང། འགོས་རྒན་གཉིས་ཀ་རྒྱལ་པོའ་སྐུ་གླུད་ལ་དུར་ འཇུག་བྱ་རྒྱུར་ཐག་གཅོད་གནང་བ་རེད། སྐབས་དེར་སྔོན་མ་ནས་གྲ་སྒྲིག་ཡོད་པ་ལྟར་མ་ཞང་གྲོན་པ་སྐྱེས་ སྔོན་དུ་དུར་ཁུང་ལ་ཞུགས་མ་ཐག འགོས་རྒན་གློ་བུར་དུ་དོང་ཁར་ཕྱིར་བྲོས་ ཡོང་བ་དང། བློན་པོ་གཞན་དག་གིས་དུར་ཁུང་བཀབ་ནས་མ་ཞང་གྲོན་པ་ སྐྱེས་གསོན་པོར་དུར་འཇུག་བྱས་ཏེ་དམར་གསོད་བྱས་པ་རེད། ཀོང་པོ་སྨན་ལུང་དུ་གསར་འཛུགས་མཛད་པའི་གསོ་རིག་སློབ་གྲྭ། བཙན་པོས་བདུད་བློན་མ་ཞང་གྲོན་པ་སྐྱེས་ཐབས་ཀྱིས་བཏུལ་ བ་ནི། བོད་སྤྱི་པའི་ལས་དོན་གྱི་འགོག་རྐྱེན་སེལ་བའི་དོན་དུ་ཡིན་ལ། མ་ཞང་གྲོན་པ་སྐྱེས་གློ་བུར་དུ་ཤ ལ་མེད་དུ་གྱུར་པ་དང་ཁོའ ་ཕྱོགས་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 11 གཏོགས་སུ་གྱུར་པ་རྣམས་ཀྱང་ཐོར་ཞིག་དང་ནུས་མེད་དུ་གྱུར་པས། བཙན་པོའ་ལས་དོན་ལ་འགོག་རྐྱེན་ཆེན་པོ་ཞིག་མེད་པར་གྱུར་པ་རེད། ཉིན་མོ་དེ་ནས་བཟུང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སངས་རྒྱས་ཀྱི་ བསྟན་པ་བསྐྱར་གསོ་དར་སྤེལ་མཛད་པ་དང་མཉམ་དུ། ནང་ཁུལ་གྱི་འགལ་ ཟླའི་རིགས་ཞི་འཇམ་དུ་བཏང་སྟེ་རྒྱལ་པོའ་ཆབ་སྲིད་ཀྱི་རྨང་གཞི་བསྐྱར་ དུ་བརྟན་པོ་འཛུགས་ཐུབ་པ་བྱུང་བས། བོད་ཁམས་སྔར་ལས་ཀྱང་ཤིན་ཏུ་ སྟོབས་ཤ གས་ལྡན་པ་བྱུང་བར་མ་ཟད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བཀའ་ འབྲེལ་ལྟར་མང་ཚོགས་ཀྱི་ཕན་བདེའི་ཆེད་དུ་གཡུ་ཐོག་ཡོན་ཏན་མགོན་ པོས་ཀོང་པོ་སྨན་ལུང་དུ་གསོ་རིག་སློབ་གྲྭ་གསར་འཛུགས་མཛད།
12 ཡབ་མེས་ཀྱི་ལས་དོན་རྒྱུན་སྐྱོང་མཛད་པ་། ༄༅། །བཙན་པོ་ཁྲི་སྲོང་ལྡེ་བཙན་ནི། སྐུ་ན་གཞོན་དུས་ནས་ཡབ་ཀྱི་ཆབ་ སྲིད་སྐྱོང་སྟངས་དང། མཛངས་བློན་རྣམས་ཀྱི་ལས་དོན་སྒྲུབ་སྟངས་ལ་རྒྱུན་ དུ་ཐུགས་སྣང་ཆེན་པོ་མཛད་མཁན་ཞིག་ཡིན་པར་མ་ཟད། རང་གིས་མ་ འོངས་པར་ཆབ་སྲིད་བསྐྱང་བའི་སྐབས། གང་ཞིག་རྒྱུན་འཛིན་བྱེད་དགོས་ པ་དང། གང་ཞིག་ལ་གསར་བརྗེ་དང་བཅོས་བསྒྱུར་བྱ་དགོས་པ། གང་ཞིག་ གསར་གཏོད་བྱ་དགོས་པ་སོགས་ཀྱི་ཐད་རྒྱུན་དུ་དགོངས་པ་གཏིང་ཟབ་ བཞེས་མཁན་ཞིག་ཡིན། དེར་བརྟེན་ཁོང་ནར་མ་སོན་པའི་གོང་དུ་ཡབ་རྒྱལ་པོ་གློ་བུར་དུ་སྐུ་ གཤེགས་པས་གློ་བུར་དུ་རྒྱལ་སྲིད་འཛིན་དགོས་པར་གྱུར་ཀྱང། རྒྱལ་སྲིད་ ཀྱི་ལས་འགན་ཡོངས་རྫོགས་རང་ཉིད་ཀྱི་ཕྲག་སྟེང་དུ་དངོས་སུ་སླེབས་པའི་ སྐབས། ལས་དོན་ཅི་ཞིག་བསྒྲུབ་དགོས་པ་དང། ཇི་ལྟར་བསྒྲུབ་དགོས་པ། སྔ་ཕྱི་རིམ་པ་གང་འདྲ་བྱས་ཏེ་བསྒྲུབ་དགོས་པ་སོགས་སེམས་ནང་གྲ་སྒྲིག་ ཨང་གསར་བྱས་ནས་ཡོད་པས། བསམ་བློ་དང་རྣམ་དཔྱོད་ཀྱིས་མ་འདང་ བའི་དཀའ་ངལ་དེ་ཙམ་འཕྲད་ཀྱི་མེད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 13 རང་གི་ཡབ་མེས་བཙན་པོ་མང་པོའ་རིང་གི་ཐུགས་འདུན་ཆེ་ཤོས་ནི། ནང་པའི་བསྟན་པ་རྩ་ལག་དང་བཅས་པ་བོད་དུ་དར་སྤེལ་བྱ་དགོས་པ་ཡིན་ ཡང། སྔ་ཕྱི་ཀུན་ཏུ་ཕྱི་ནང་གི་འགོག་རྐྱེན་སྣ་ཚོགས་ལ་བརྟེན་ནས་ཡབ་ མེས་གོང་མ་ཚོའི་ཐུགས་འདུན་ཇི་བཞིན་མངོན་གྱུར་བྱེད་ཐུབ་མེད། བཙན་པོ་སྲོང་བཙན་སྒམ་པོའ ་སྐུ་དུས་སུ་བོད་དུ་སངས་རྒྱས་ཀྱི་ བསྟན་པའི་གཞི་རྩ་ཚུགས་ཐུབ་པ་ཞིག་བྱུང་ཡོད་ཀྱང། བཙན་པོ་ཁོང་སྐུ་ གཤེགས་པའི་རྗེས་སུ་ཆོས་ལ་མི་མོས་པའི་བདུད་བློན་སྐོར་ཞིག་གིས་ དཔུང་བསྒྲིགས་ཏེ། བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་བྱ་བར་ མཐའ་གཅིག་ཏུ་ངོ་རྒོལ་བྱས་ཤིང། ཕོ་བྲང་དང་མང་ཚོགས་གཉིས་ཀའི་ནང་ ཆོས་ལུགས་དར་སྤེལ་བྱ་རྒྱུར་དགག་བྱ་ནན་པོ་བྱས་ཡོད་སྟབས། བཙན་ པོ་སྲོང་བཙན་གྱི་མཛད་པའི་རྒྱུན་བསྐྱང་མ་ནུས་པས་བསྟན་པ་དར་སྤེལ་བྱ་ རྒྱུའི་ལས་ཀའི་འཕྲོ་ཆད་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་ཡབ་མེས་མང་པོའ་རིང་མངོན་ གྱུར་བྱེད་མ་ཐུབ་པའི་ལས་དོན་འདི་དག་ནི། ཤིན་ཏུ་དཀའ་ལས་ཁག་པོ་དང་ རྙོག་འཛིང་ཆེ་བའི་ལས་དོན་ཞིག་ཡིན་པ་གསལ་པོ་མཁྱེན་གྱི་ཡོད་ཀྱང། བོད་ཡུལ་དུ་སངས་རྒྱས་ཀྱི་ཆོས་ལུགས་དར་སྤེལ་བྱ་བ་ནི། ཤིན་ཏུ་དོན་ སྙིང་ལྡན་པ་ཞིག་དང། སྐྱེ་བོ་མཐོ་དམན་ཀུན་ལ་ཚེ་འདི་ཕྱི་གཉིས་ཀར་ཕན་ ཐོགས་ཆེན་པོ་ཡོད་པ་ཞིག་ཡིན་པ་གསལ་པོ་མཁྱེན་གྱི་ཡོད་སྟབས། འགོག་ རྐྱེན་གང་འདྲ་ཞིག་དང་འཕྲད་ཀྱང་བོད་དུ་སངས་རྒྱས་ཀྱི་བསྟན་པ་དར་སྤེལ་ གཏོང་རྒྱུའི་ལས་དོན་ལ་འགྱུར་བ་གཏན་ནས་གཏོང་གི་མེད་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 14 དེར་བརྟེན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཡབ་མེས་གོང་མ་ཚོའི་ མཛད་པ་བཟང་པོ་དེ་དག་གི་རྒྱུན་བསྐྱངས་ཏེ། ཁོང་རྣམ་པའི་རླབས་ཆེན་གྱི་ ཐུགས་རེ་དེ་དག་དངོས་སུ་སྒྲུབ་ཐུབ་པར་བྱ་རྒྱུ་ཡིན་པའི་དམ་བཅའ་གནང་ སྟེ༑ ཕྱི་ནང་གི་འགོག་རྐྱེན་དང་དཀའ་ལས་ཁག་པའི་གནད་དོན་གང་འདྲ་ ཞིག་དང་འཕྲད་ཀྱང་རུང། འགོག་རྐྱེན་དང་དཀའ་ཁག་མ་འདྲ་བ་སོ་སོའ་ གནས་སྟངས་ལ་གཞིག་སྟེ། གནང་ཐབས་མི་འདྲ་བ་སྣ་ཚོགས་ཀྱིས་གདོང་ ལེན་མཛད་པ་དང་མཉམ་དུ། གོམ་པ་རེ་རེ་བཞིན་མདུན་སྐྱོད་མཛད་པ་མ་ གཏོགས་ཕྱིར་བསྣུར་གཏན་ནས་མཛད་ཀྱི་མེད་པ་རེད། འགྲོ་བ་མིའི་སྤྱི་ཚོགས་ཤིག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་ གཞི་འཛུགས་པ་དང་དར་སྤེལ་བྱ་བ་ནི། འཇིག་རྟེན་གྱི་བྱ་བ་རང་འགའ་བ་ ཞིག་དང་མི་འདྲ་བས། ནང་པའི་ཆོས་ལུགས་འདི་ཡུལ་གྲུ་ཞིག་ཏུ་དར་སྤེལ་ བྱ་བ་ལ། ཡུལ་དེའི་མང་ཚོགས་ཀྱིས་བསམ་བློས་དང་ལེན་ངེས་པར་དུ་བྱེད་ དགོས་པ་ཞིག་མ་གཏོགས། ཕྱི་ཚུལ་གྱི་ཆ་ལུགས་དང་རྣམ་འགྱུར་ལ་འགྱུར་ བ་ཇི་ཙམ་གཏོང་ཐུབ་མིན་ནི། ཆོས་ལུགས་དར་སྤེལ་གྱི་རྩ་དོན་ལ་དེ་ཙམ་ འབྲེལ་བ་ཡོད་པ་ཞིག་མིན། དེར་བརྟེན་ཆོས་ལུགས་འདི་གནས་ལུགས་དང་རྒྱུ་མཚན་གཙོ་བོར་ བཞག་སྟེ། མིའི་སྤྱི་ཚོགས་ནང་དར་སྤེལ་བྱེད་དགོས་པ་ཞིག་མ་གཏོགས། བཙན་ཤ གས་དང་གཡོ་ཐབས་ཀྱིས་དར་སྤེལ་གཏོང་ཐུབ་པ་ཞིག་མིན་ལ། ཡིད་ཆེས་དང་མོས་གུས་ལྟ་བུའི་དང་ལེན་གྱི་བསམ་བློ་ཡོད་པ་ཙམ་གྱིས་ རང་བཞིན་གྱིས་དར་ཁྱབ་ཏུ་འགྲོ་ཐུབ་པ་དང་རྒྱུན་གནས་ཐུབ་པ་ཞིག་ནི་དེ་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 15 བས་ཀྱང་མིན། དེ་ལས་ཀྱང་དཀའ་ཚེགས་ཆེ་བ་ཞིག་ནི། ནང་པའི་ཆོས་ལུགས་ འདི་ནང་དོན་ཤིན་ཏུ་གཏིང་ཟབ་ཅིང་རྒྱ་ཆེ་བ་ཞིག་ཡིན་པས། མང་ ཚོགས་ཁྲོད་རིག་གནས་དང་ཤེས་ཡོན་དར་ཁྱབ་མེད་པའི་ཡུལ་གྲུ་ཞིག་ ལ་མཚོན་ན། ཆོས་ལུགས་འདི་ལས་སླ་པོས་དར་སྤེལ་གཏོང་ཐུབ་པ་ ཞིག་གཏན་ནས་མིན་པ་ཡང་བཙན་པོ་ཁྲི་སྲོང་གིས་གསལ་པོར་མཁྱེན་ གྱི་ཡོད་པ་སྨོས་མ་དགོས། སྐབས་དེའི་བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ནི། ཡི་ གེའི་རིག་གནས་དར་ནས་ཅང་མ་འགོར་བ་དང། མང་ཚོགས་ཁྲོད་ཤེས་ ཡོན་སློབ་སྦྱོང་གི་ལམ་སྲོལ་དར་ནས་དུས་ཡུན་རིང་པོ་མ་སོང་བའི་སྐབས་ ཤིག་ཡིན་པས། མང་ཚོགས་སྤྱི་ཡོངས་ཀྱི་ཆ་ནས་ཤེས་ཡོན་སློབ་སྦྱོང་ཡོད་ མཁན་ཤིན་ཏུ་དཀོན་པོ་ཡིན་ལ། མང་ཚོགས་ཁྲོད་ནས་ཡི་གེ་འབྲི་ཀློག་ཙམ་ ཤེས་པ་ཉུང་ཤས་ཡོད་པའི་དབང་དུ་བྱས་ཀྱང། དེ་དག་མང་ཆེ་བའི་ཤེས་ ཡོན་སློབ་སྦྱོང་གི་གནས་ཚད་ཤིན་ཏུ་སྐྱོ་པོ་ཡིན་པས། ཟབ་ཅིང་རྒྱ་ཆེ་བའི་ ཆོས་ལུགས་དང་ལྟ་གྲུབ་ཅིག་སྦྱོང་བའི་གནད་ཚད་མེད་པ་གསལ་པོ་ཡིན། དེར་བརྟེན་སྐབས་དེའི་བོད་ཀྱི་མང་ཚོགས་ཁྲོད་དུ་ནང་པའི་ཆོས་ ལུགས་འཆད་ཁྲིད་དང་དར་སྤེལ་བྱེད་ཐུབ་མཁན་ཤིན་ཏུ་ཉུང་ཞིང་ཕལ་ ཆེར་མེད་པ་ལྟ་བུ་ཡིན། བོད་ཀྱི་སྤྱི་ཚོགས་ཀྱི་དངོས་ཡོད་གནས་སྟངས་ དེ་འདྲ་ཞིག་ཡིན་པའི་དབང་གིས། བོད་དུ་སངས་རྒྱས་ཀྱི་ཆོས་ལུགས་ དར་སྤེལ་བྱ་བའི་ལས་དོན་ཡོངས་རྫོགས་གཞན་པ་ཞིག་ལ་ལྟོས་དགོས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 16 པ་མ་གཏོགས། བོད་མི་རང་ངོས་ནས་ཆ་རྐྱེན་ཤིན་ཏུ་སྐྱོ་པོ་ཡིན་པའི་ གནས་སྟངས་ཤིག་ཏུ་གྱུར་ཡོད། འོན་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པར། སྐབས་དེའི་ བོད་མིའི་ཤེས་ཡོན་གྱི་གནས་ཚད་ཇི་ཙམ་སྐྱོ་པོ་ཡིན་མིན་ལ་མ་ལྟོས་པར། རང་ངོས་ནས་འབད་བརྩོན་བྱས་ཏེ་ཆ་རྐྱེན་མ་ཚང་བའི་ས་ནས་ཚང་བར་བྱ་ དགོས་པ་མ་གཏོགས། རང་བཞིན་གྱིས་ཆ་རྐྱེན་ཚང་ཡོང་བའི་དུས་ཚོད་དང་ གནས་སྟངས་ཤིག་ནམ་ཡང་ཡོང་མི་སྲིད་སྙམ་སྟེ། རྒྱ་གར་གྱི་མཁས་པ་བོད་ དུ་གདན་འདྲེན་ཞུ་བ་དང། བོད་ཀྱི་གཞོན་སྐྱེས་བློ་རིག་ལྡན་པ་རྣམས་ལ་སློབ་ སྦྱོང་སྤྲོད་རྒྱུའི་རིམ་པ་ཞིབ་ཚགས་པོ་ཞིག་བསྒྲིགས་ཡོད་པ་རེད། བློན་ཆེན་མང་པོའ་བསམ་པར། རྒྱ་ནག་ཡུལ་དུ་སྔ་མོ་ནས་སངས་ རྒྱས་ཀྱི་བསྟན་པ་དར་ཁྱབ་ཆེ་ཞིང། བོད་དང་གཉེན་གྱི་འབྲེལ་བ་ཡོད་པར་ མ་ཟད། འགྲོ་ལམ་སོགས་ཀྱང་རྒྱ་གར་དང་བསྡུར་ན་སྟབས་བདེ་བར་ཡོད་ པས། བོད་དུ་སངས་རྒྱས་པའི་ཆོས་ལུགས་ནང་འདྲེན་བྱ་བ་ལ། རྒྱ་གར་ལ་ ངེས་པར་ཁུངས་གཏུག་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་སྙམ་པའི་བསམ་ ཚུལ་ཡང་ཡོང་གི་ཡོད་པ་རེད། ཡིན་ན་ཡང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས། སངས་རྒྱས་པའི་ཆོས་ ལུགས་འདི་ཐོག་མར་རྒྱ་གར་དུ་བྱུང་ཞིང་དར་རྒྱས་སུ་ཕྱིན་པ་ཞིག་ཡིན་པ་ རེད། སངས་རྒྱས་ཆོས་ལུགས་ལ་མཚོན་ན། རྒྱ་གར་བ་ལས་མཁས་པ་དང། ཁུངས་བཙུན་པ། ཚད་ཐུབ་ཅིག་གང་དུ་ཡང་མེད་པས། རྒྱ་གར་གྱི་མཁས་པ་ ལ་ངེས་པར་དུ་ཁུངས་གཏུག་དགོས། ཞེས་གསུངས་ཏེ། རྒྱ་གར་གྱི་མཁས་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 17 པ་བོད་དུ་གདན་འདྲེན་ཞུ་དགོས་པའི་གལ་གནད་བསམ་ཚུལ་མི་མཐུན་པའི་ བློན་པོའ་ཚོགས་ལ་རྒྱུན་པར་ངོ་སྤྲོད་མཛད་ཀྱི་ཡོད། དེ་ནས་དུས་ཡུན་རིང་པོ་མ་སོང་བའི་ཉིན་ཞིག་ལ་བཙན་པོ་ཁྲི་སྲོང་ ལྡེ་བཙན་གྱིས། བདུད་བློན་ཚོས་མ་ཤེས་པའི་ལྐོག་ནས་བློན་ཆེན་སྦ་ གསལ་སྣང་ 1རྒྱ་གར་ལ་མཁན་ཆེན་ཞི་བ་འཚོ་ 2གདན་འདྲེན་ཞུ་བར་བཏང་ བ་རེད། སྦ་གསལ་སྣང་གིས་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་ ནས་རིང་པོ་མ་འགོར་བར། མཁན་ཆེན་ཁོང་གི་ལམ་སྟོན་ལྟར་སློབ་དཔོན་ 1 བློན་ཆེན་སྦ་གསལ་སྣང་ནི། བོད་ཀྱི་བཙན་པོ་མེས་ཨག་ཚོམ་དང། ཆོས་རྒྱལ་ཁྲི་སྲོང་ ལྡེ་བཙན་ཡབ་སྲས་གཉིས་རིང་གི་ཆོས་བློན་སྙན་གྲགས་ཅན་ཞིག་ཡིན་ལ། ཆོས་རྒྱལ་ ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་མཁན་ཆེན་ཞི་བ་འཚོ་བོད་དུ་གདན་འདྲེན་ཞུ་བའི་ཐུགས་ འགན་གཙོ་བོ་བཞེས་པར་མ་ཟད། བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་གསར་དུ་འཛུགས་ པའི་སྐབས་ཐོག་དང་པོར་ཆོས་བློན་ཁོང་བསྟན་པ་ལ་རབ་ཏུ་བྱུང་སྟེ། བོད་ཁམས་ཀྱི་སྐྱེ་ འགྲོ་ཡོངས་ལ་མིག་ལྟོས་བཟང་པོ་མཛད། སྦ་གསལ་སྣང་གི་བཞེད་པར་གྲགས་པའི་རྒྱལ་ རབས་ལོ་རྒྱུས་ཤིག་ཀྱང་ཡོད། 2 མཁན་ཆེན་ཞི་བ་འཚོ་ནི། རྒྱ་གར་ནཱ་ལེནྡྲའ ་མཁས་པ་ཆེན་པོ་ཞིག་ཡིན་ལ། ཆོས་རྒྱལ་ ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་བོད་དུ་གདན་དྲངས། ཁོང་གི་ཐུགས་རྗེ་བཀའ་དྲིན་ལ་ བརྟེན་ནས་བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་གསར་འཛུགས་མཛད་ཅིང། དུས་དེ་ནས་ བཟུང་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་དར་རྒྱས་ཆེན་པོ་བྱུང་ཡོད་ལ། ནཱ་ལེནྡྲའ ་ འཆད་ཉན་གྱི་ལམ་སྲོལ་བོད་དུ་དར་བས་མདོ་རྒྱུད་རིག་གནས་ཀུན་ལ་བོད་ཀྱི་མཁས་པ་ མཚམས་མ་ཆད་པར་བྱུང་ཡོད། ཆོས་རྒྱལ་ཁྲི་སྲོང་གིས་བསམ་ཡས་གཙུག་ལག་ཁང་དུ་ སློབ་གྲྭ་གསར་དུ་འཛུགས་པའི་སྐབས། སློབ་དཔོན་ཁོང་གིས་འཆད་ཁྲིད་ཀྱི་འགན་གཙོ་ བོར་བཞེས་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 18 པདྨ་འབྱུང་གནས་ 3 ཀྱང་ བོད་དུ་གདན་འདྲེན་ཞུས་ པ་རེད། འདི་ལྟར་མཁན་ ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་འབྱུང་ གནས། ཆོས་རྒྱལ་ཁྲི་སྲོང་ ལྡེ་བཙན་བཅས་བོད་དུ་ གདན་འཛོམས་པའི་རྗེས། མཁན་སློབ་ཆོས་གསུམ་4གྱིས་ནུས་ཤ གས་གཅིག་སྒྲིལ་གྱིས་བོད་དུ་སངས་ རྒྱས་ཀྱི་བསྟན་པ་དར་སྤེལ་གནང་བའི་ལས་གཞི་རྒྱ་ཆེར་མཛད། དེར་བརྟེན་ ཁོང་རྣམས་ལ་བོད་ཀྱི་ལོ་རྒྱུས་ཐོག་མཁན་སློབ་ཆོས་གསུམ་ཞེས་ཤིན་ཏུ་ སྙན་གྲགས་ཆེན་པོ་བྱུང་བ་ཡིན། སྤྱིར་རྒྱལ་ཁབ་ཀྱི་གནས་བབ་བརྟན་ལྷིང་དང། ཆིག་སྒྲིལ་སྲ་བརྟན། 3 སློབ་དཔོན་པདྨ་འབྱུང་གནས་ནི། དཔལ་ཨོ་ཌི་ཡཱ་ནའི་ཡུལ་དུ་འཁྲུངས་པའི་གསང་སྔགས་ ཀྱི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་དུས་སུ་མཁན་ཆེན་ ཞི་བ་འཚོའི་ཞལ་བཀོད་ལྟར་བོད་དུ་གདན་དྲངས། བོད་ཀྱི་འདྲེ་སྲིན་མ་རུང་བ་རྣམས་ དམ་ལ་བཏགས། བོད་དུ་སློབ་མ་མང་པོ་བསྐྱངས་ཏེ་རྗེ་འབངས་ཉེར་ལྔར་གྲགས་པའི་ གྲུབ་ཐོབ་མང་པོ་བྱོན། 4 མཁན་སློབ་ཆོས་གསུམ། མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་འབྱུང་གནས། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གསུམ་བོད་ཀྱི་སྐྱེ་འགྲོ་ཀུན་ལ་ཤིན་ཏུ་བཀའ་དྲིན་ཆེ་བས་ མཁན་སློབ་ཆོས་གསུམ་ཞེས་ཡོངས་སུ་གྲགས་པ་ཡིན། སྦ་གསལ་སྣང་།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 19 མངའ་ཐང་རྒྱ་སྐྱེད་བཅས་ནི། སྟོབས་ཤ གས་ཀྱི་གཞི་རྩ་བརྟན་པོ་ཞིག་ལ་ བརྟེན་དགོས་པ་སྨོས་མ་དགོས་ཀྱང། ཕལ་མོ་ཆེས་རྒྱལ་ཁབ་ཀྱི་སྟོབས་ ཤ གས་འཕེལ་བའི་གཞི་རྟེན་གཙོ་བོ་ནི། དྲག་པོའ་གོ་མཚོན་དང་དཔུང་ དམག་གི་སྟོབས་ཤ གས་རྐྱང་པ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། འོན་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་གོ་མཚོན་དང་དཔུང་དམག་ གི་སྟོབས་ཤ གས་རྐྱང་པས་རྒྱལ་ཁབ་སྲུང་སྐྱོབ་ཐུབ་ཀྱི་མེད་པའི་གནས་ ལུགས་གསལ་པོར་མཁྱེན་གྱི་ཡོད་པས། ཁོང་གིས་གོ་མཚོན་ལས་ཀྱང་ ཆོས་ལུགས་དང་རིག་གནས་བོད་དུ་དར་སྤེལ་བྱ་བར་འབད་བརྩོན་ལྷག་ པར་གནང་གི་ཡོད། འོན་ཀྱང་ཡ་མཚར་བ་ཞིག་ལ་བོད་ཀྱི་བཙན་པོ་རྣམས་ཀྱིས་དུས་ རབས་བདུན་པ་དང་བརྒྱད་པའི་ནང་མཁྱེན་རྟོགས་གསལ་པོ་བྱུང་སྟེ། ཕྱག་ བསྟར་རྒྱུན་བསྐྱངས་མཛད་པའི་གནས་ལུགས་ཤིག་དུས་རབས་ཉེར་གཅིག་ པའི་ནང་གི་མི་མང་པོ་ཞིག་ལ་ད་དུང་ཡང་གོ་རྟོགས་གཏིང་ཕྱིན་པ་བྱུང་ མེད། རྒྱུ་མཚན་དེའི་དབང་གིས་ད་ལྟའི་འཛམ་གླིང་གི་རྒྱལ་ཁབ་དང་མི་སྒེར་ པ་མང་པོ་ཞིག་གིས་སྟོབས་ཤ གས་ཀྱི་གཞི་རྩ་གོ་མཚོན་དང་དཔུང་ཤ གས་ ལ་བརྟེན་པ་ལས། ཆོས་ལུགས་དང་ཤེས་ཡོན་རིག་གནས་ལ་བརྟེན་པ་ཤིན་ ཏུ་ཉུང་ངུ་ལས་མེད་པ་རེད།
20 སློབ་གྲྭ་གསར་འཛུགས་མཛད་པ་། ༄༅། །འབངས་མི་སེར་སྐྱོང་བའི་མང་སྐྱོང་བྱམས་ལྡན་གྱི་རྒྱལ་པོ་ཞིག་ ལ་མཚོན་ན། མང་ཚོགས་རྣམས་རང་རང་གི་མངོན་འདོད་དང་འཚམ་པའི་ བདེ་སྐྱིད་ལྡན་པ་དང། རྒྱལ་ཁབ་ཀྱི་མངའ་ཐང་དར་བ། སྤྱི་ཚོགས་འཆམ་ མཐུན་དང་ལྷིང་འཇགས་ཡོང་བ། མདོར་ན། རྒྱལ་ཁབ་ཀྱི་ཆོས་སྲིད་རིག་ གནས་དང་བཅས་པའི་སྟོབས་ཤ གས་འཕེལ་རྒྱས་སུ་གཏོང་བ་བཅས་ནི། བཙན་པོ་རང་ཉིད་ཀྱི་ལས་དོན་ཆེ་ཕྲ་ཡོངས་རྫོགས་ཀྱི་མིག་འབེན་གཙོ་ སད་མི་མི་བདུན་སོགས་ཀྱིས་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་ བཅོས་སོགས་ལ་སློབ་སྦྱོང་བྱེད་བཞིན་པ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 21 བོར་འཛིན་གྱི་ཡོད་པ་སྨོས་མ་དགོས་པ་ཞིག་ཡིན། དེར་བརྟེན་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱུན་དུ་ཆོས་སྲིད་ ཀྱི་ལས་གཞི་གང་འདྲ་ཞིག་བརྩམས་པ་ཡིན་ན་ཡང། ཁ་ཕྱོགས་སའི་ དམིགས་ཡུལ་གཙོ་བོ་ནི། འབངས་མི་སེར་གྱི་འཚོ་བ་ཡར་རྒྱས་ཡོང་བ་ དང། རྒྱལ་ཁབ་ཀྱི་ལས་དོན་འཐུས་སྒོ་ཇེ་ཚང་ཡོང་བ་བཅས་ཀྱི་དོན་དུ་ དགོངས་པ་བཞེས་ཏེ། བཙན་པོ་རང་ཉིད་ཀྱི་ནུས་ཤ གས་ཡོངས་རྫོགས་ བོད་རྒྱལ་ཁབ་སྟོབས་ཤ གས་ལྡན་པ་དང་མངའ་ཐང་འཕེལ་རྒྱས་ཡོང་བ། མང་ཚོགས་བདེ་སྐྱིད་ལྡན་པ་དང་མཐུན་ལམ་དམ་ཚིག་གཙང་མ་ཡོང་ བ་བཅས་ཀྱི་དོན་དུ་བཏང་གནང་གི་ཡོད་པ་རེད། རྒྱལ་ཁབ་ཡར་རྒྱས་ཀྱི་དོན་དུ་ལས་གཞི་གང་འདྲ་ཞིག་བརྩམས་པ་ ཡིན་ན་ཡང། བློན་ཆེན་ཚོའི་ནང་དུ་བསམ་ཚུལ་མི་འདྲ་བ་སྣ་ཚོགས་ཡོང་གི་ ཡོད་པར་མ་ཟད། རྩ་བའི་རྒྱལ་ཁབ་ཡར་རྒྱས་ཞེས་པའི་གོ་དོན་ཐད་ལ་ཡང་ བསམ་ཚུལ་མ་འདྲ་བ་སྣ་ཚོགས་ཡོང་གི་ཡོད། རྒྱལ་པོ་རང་ཉིད་ཀྱིས་ངོས་ འཛིན་གནང་བའི་རྒྱལ་ཁབ་ཡར་རྒྱས་ཞེས་པ་ནི། བསམ་བློ་དང་རྒྱུ་འབྱོར་ གཉིས་ཐད་ནས་ཡར་རྒྱས་ཡོད་པ་དང། ཆོས་ལུགས་དང་རིག་གནས་གཉིས་ ཀའི་དཔལ་ཡོན་ལྡན་པ། ཤེས་རབ་དང་མཛའ་བརྩེས་སེམས་རྒྱུད་ཕྱུག་པ་ སྟེ༑ མདོར་ན། ཆོས་དང་འབྱོར་པ་གཉིས་ལྡན་གྱི་མིའི་སྤྱི་ཚོགས་ཤིག་བསྐྲུན་ དགོས་པ་ཡིན་ལ། འདི་ནི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་རྒྱལ་ཁབ་ལ་ བཟུང་བའི་ཐུགས་རེ་དང་དམིགས་ཡུལ་གཙོ་བོ་དེ་ཡང་ཡིན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རང་གི་ཐུགས་རེ་དང་དམིགས་ཡུལ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 22 འདི་དག་ལེགས་འགྲུབ་ཡོང་བ་ནི། བོད་མི་མི་རེ་ངོ་རེས་འགན་ལེན་བྱ་ དགོས་པ་དང། རྒྱལ་བློན་དང་འབངས་མི་སེར་བཅས་ཀྱི་ནུས་ཤ གས་མཉམ་ སྤུངས་བྱ་དགོས་པ་ཞིག་མ་གཏོགས། བཙན་པོ་རང་ཉིད་ཀྱི་ནུས་ཤ གས་ རྐྱང་པ་ལ་བརྟེན་ནས་ལས་གཞི་འདི་དག་ལེགས་འགྲུབ་ཡོང་མི་ཐུབ་པ་ མཁྱེན་གྱི་ཡོད། དངོས་ཡོད་ཀྱི་རྒྱུ་མཚན་འདི་ལ་དགོངས་ཞིབ་གཏིང་ཕྱིན་པར་མཛད་ པ་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པར་རྒྱལ་ཁབ་དང་མི་རིགས་ ཀྱི་ཡར་རྒྱས་ནི། བཙན་པོ་རང་ཉིད་དང་ཕོ་བྲང་ཕྱི་ནང་གི་ཞི་དྲག་གི་བློན་པོ་ ལྟ་བུའི་མི་སྣ་ཉུང་ཤས་ཀྱི་སྟོབས་ཤ གས་རྐྱང་པ་ལ་བརྟེན་ནས་ཡོང་ཐུབ་པ་ ཞིག་མ་ཡིན་པར། སྤྱི་མང་ཡོངས་ཀྱི་ནུས་ཤ གས་མཉམ་སྤུངས་དང་ཆིག་ སྒྲིལ་གྱི་སྟོབས་ཤ གས་ལ་བརྟེན་ནས་ཡོང་དགོས་པར་སྔར་ལས་ཀྱང་གོ་ རྟོགས་ཟབ་མོ་སྐྱེས་ཏེ། གནས་ལུགས་འདི་ཕོ་བྲང་ཕྱི་ནང་ཀུན་ལ་རྒྱུན་དུ་ ལམ་སྟོན་གྱི་ཚུལ་དུ་ཞིབ་ཕྲ་གསུང་གི་ཡོད། སྤྱིར་ཡར་རྒྱས་ཀྱི་ཚད་མགྱོགས་ལྷོད་དང་ཕུགས་བཙན་མིན་ནི། མི་ སོ་སོའ་ལས་དོན་སྒྲུབ་པའི་ས་ཆོད་དང་དམིགས་རྒྱང་ལ་རག་ལས་པ་ཡིན་ ཞིང་། བྱ་བའི་ས་ཆོད་ཆེ་ཆུང་ནི་ལས་དོན་སྒྲུབ་པའི་བྱེད་ཐབས་ལེགས་ཉེས་ ལ་རག་ལས་པ་དང། དམིགས་རྒྱང་རིང་ཐུང་ནི་མདུན་ལྗོངས་ལ་ཚོད་དཔག་ ཅི་ཙམ་བྱེད་ཐུབ་མིན་གྱི་རྣམ་དཔྱོད་ལ་རག་ལས་པ་ཡིན། མཐར་དེད་ན་གནད་དོན་འདི་དག་ཡོངས་རྫོགས་མིའི་བསམ་བློའ་གོ་ རྟོགས་དང། ཤེས་ཡོན་སློབ་སྦྱོང་ལ་རག་ལས་པ་ཞིག་ཡིན་པས། བཙན་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 23 པོ་ཁྲི་སྲོང་ལྡེ་བཙན་གྱིས། བོད་མི་ཡོད་ཚད་ཀྱིས་ཤེས་ཡོན་སློབ་སྦྱོང་ བྱས་ཏེ་རང་གི་སྒོ་གསུམ་གྱི་ནུས་ཤ གས་གོང་སྤེལ་གཏོང་དགོས། ཞེས་པ་ ནི་ལམ་སྟོན་གྱི་སྙིང་པོ་ལྟ་བུར་རྒྱུན་དུ་གསུང་གི་ཡོད་པར་མ་ཟད། ཤེས་ ཡོན་སློབ་སྦྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་གལ་ཆེ་བའི་ལས་དོན་རིམ་པ་དང་ པོ་དང། རྩ་དོན་ལྟ་བུར་ངོས་འཛིན་གནང་གི་ཡོད། བསམ་ཡས་གཙུག་ལག་ཁང་། རྒྱུ་མཚན་དང་རྒྱབ་ལྗོངས་དེ་དག་ལ་བརྟེན་ནས། བཙན་པོ་ཁྲི་སྲོང་ལྡེ་ བཙན་གྱིས་བསམ་ཡས་གཙུག་ལག་ཁང་གསར་དུ་བཞེངས་ཤིང། བོད་ཀྱི་ ལོ་རྒྱུས་ཐོག་གི་སློབ་གྲྭ་དང་པོ་དེ་གསར་འཛུགས་མཛད་པར་མ་ཟད། སློབ་ གྲྭའི་འཛིན་སྐྱོང་སོགས་སྤྱི་ཡོངས་ཀྱི་ལས་འགན་ཐམས་ཅད་བཙན་པོ་རང་ ཉིད་ཀྱིས་བཞེས་པ་དང། སློབ་ཁྲིད་ཀྱི་འགན་གཙོ་བོ་རྒྱ་གར་ནས་གདན་ དྲངས་པའི་མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་འབྱུང་གནས་རྣམ་ པ་གཉིས་ལ་བཞེས་སུ་བཅུག་ཡོད་པ་རེད། བསམ་ཡས་གཙུག་ལག་ཁང་དུ་གསར་འཛུགས་གནང་བའི་སློབ་གྲྭ་ དེའི་སློབ་མའི་ཡོང་ཁུངས་ནི། གྲལ་རིམ་དང་ཡུལ་ལུང། རིགས་རུས་མཐོ་ དམན། དབུལ་ཕྱུག ཁྱིམ་ཚང་མཐོ་དམའ་བཅས་ཀྱི་དབྱེ་བ་དང་ཁྱད་པར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 24 མེད་པར་བོད་ཀྱི་ས་ཁུལ་སྣ་ཚོགས་ནས་བྱིས་པ་མང་པོ་བསྡུས་ཡོད་པར་མ་ ཟད། སློབ་ཕྲུག་ཚོའི་འཚོ་གོས་གནས་མལ་གྱི་མཐུན་རྐྱེན་ཡང་བཙན་པོའ་ ཕོ་བྲང་ནས་སྦྱར་ཏེ། གཞོན་སྐྱེས་དེ་ཚོ་ལ་བོད་ཀྱི་སྐད་ཡིག་ནས་བཟུང་སྟེ་ མཐོ་རིམ་གྱི་སློབ་སྦྱོང་བར་དུ་སློབ་ཁྲིད་གནང་གི་ཡོད། བཙན་པོས་བསམ་ཡས་གཙུག་ལག་ཁང་དུ་ཚུགས་པའི་སློབ་གྲྭ་འདི་ ནི༑ ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་ཤེས་ཡོན་ལྟེ་གནས་མཚན་སྙན་ཅན་ཞིག་ ཏུ་གྱུར་ཡོད། རྒྱུ་མཚན་ནི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་སློབ་སྦྱོང་དར་ འཕེལ་འགྲོ་བར་སློབ་གྲྭ་འདི་མིག་ལྟོས་བཟང་པོ་ཞིག་ཏུ་གྱུར་ཡོད་པར་མ་ ཟད། བོད་ཀྱི་སྐད་ཡིག་སངས་རྒྱས་ཀྱི་བསྟན་པ་རྩ་ལག་དང་བཅས་པའི་རྟེན་ གཞིར་གྱུར་པ་དང། སྣ་མང་རིག་གཞུང་གི་བང་མཛོད་དུ་འགྱུར་བའི་འཕེལ་ རྒྱས་ཀྱི་གོམ་ཁ་ཐོག་མ་ཡང་སློབ་གྲྭ་འདི་ནས་ཚུགས་པ་ཡིན། སློབ་གཉེར་ཁང་འདི་བཙུགས་ནས་དུས་ཡུན་རིང་པོ་མ་སོང་བར། བཙན་པོའ་ཐུགས་རེ་ལྟར་ཤིན་ཏུ་གྲུབ་འབྲས་ལྡན་པ་ཞིག་བྱུང་ཡོད་པར་ མ་ཟད། སློབ་གཉེར་བ་རྣམས་ཀྱི་ཀུན་སྤྱོད་དང་ཤེས་ཡོན་གཉིས་ཀར་སྤྱི་ ཚོགས་ཀྱིས་ཆེ་མཐོང་དང་བརྩི་འཇོག་ཆེན་པོ་བྱེད་པའི་གྲུབ་འབྲས་བཟང་ པོ་ལོན་ཐུབ་པ་བྱུང་ཡོད། སློབ་གཉེར་ཁང་འདིའི་སློབ་མ་མང་ཆེ་བ་ནི། བོད་ཀྱི་སྐད་ཡིག་ལ་བྱང་ ཆ་ལྡན་པའི་ཐོག རྒྱ་གར་གྱི་སྐད་ཡིག་གི་ཤེས་ཚད་ཀྱང་གང་འཚམ་ཡོད་ མཁན་ཤ་སྟག་ཡིན་པས། བཙན་པོ་ཁྲི་སྲོང་གིས་ཁོང་ཚོས་སློབ་གཉེར་ཐོན་ རེས་བཞིན། སྒྲ་སྒྱུར་གླིང་དུ་ལོ་ཙཱ་བའི་ལས་འགན་བཀོད་སྒྲིག་གནང་སྟེ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 25 ལེགས་སྦྱར་གྱི་སྐད་ཡིག་ཏུ་ཡོད་པའི་ནང་ཆོས་རྣམས་རིམ་གྱིས་བོད་ཀྱི་ སྐད་ཡིག་ལ་བསྒྱུར་དུ་འཇུག་གི་ཡོད་པ་རེད། བསམ་ཡས་ཀྱི་སྒྲ་སྒྱུར་སློབ་གྲྭའི་ནང་གི་སློབ་གཉེར་བ་འདི་དག་ བཙན་པོ་རང་ཉིད་དང། མཁན་ཆེན་ཞི་བ་འཚོ། སློབ་དཔོན་པདྨ་འབྱུང་ གནས་བཅས་ཀྱིས་དཀའ་སྤྱད་ཆེན་པོས་གསོ་སྐྱོང་གནང་བ་ལྟར། ཁོང་ ཚོས་ཀྱང་བཙན་པོའ་ཐུགས་རེ་མངོན་གྱུར་ཡོང་ཐབས་སུ། བློན་པོ་དང་ མང་ཚོགས་ལ་མཁན་སློབ་གཉིས་ཀྱི་གསུང་ཆོས་བོད་སྒྱུར་གནང་གི་ཡོད་ པར་མ་ཟད། དམ་ཆོས་བོད་སྒྱུར་མཛད་པའི་བསམ་ཡས་སྒྲ་སྒྱུར་གླིང་ འཐུས་སྒོ་ཇེ་ཚང་ཡོང་བར་འབད་བརྩོན་གནང་བ་ལ་བརྟེན་ནས། ཐོག་མར་ དེ་ཙམ་གཞི་རྒྱ་ཆེན་པོ་མིན་པའི་སྒྲ་སྒྱུར་གླིང་དེ་བོད་དུ་སངས་རྒྱས་ཀྱི་ ཆོས་ལུགས་གཏིང་ཚུགས་པ་དར་བར་གྲུབ་འབྲས་ཆེ་ཤོས་ཀྱི་སྡེ་ཚན་ཞིག་ ཏུ་གྱུར་པ་རེད། སློབ་གཉེར་བ་ཁོང་རྣམ་པའི་ཤེས་རིག་གི་འོད་སྣང་རིམ་གྱིས་བོད་ ཁམས་ཡོངས་ལ་ཁྱབ་པར་མ་ཟད། སོག་པོ་དང་རྒྱ་ནག་གིས་མཚོན་པའི་ ཁྱིམ་མཚེས་ཡུལ་གྲུ་མང་པོར་ཆོས་ལུགས་འདིས་ཕན་ནུས་རྒྱ་ཆེན་པོ་ བསྐྲུན་ཐུབ་ཡོད་ལ། དུས་རབས་གསར་པའི་འཛམ་གླིང་འདིའི་ཤར་ནུབ་ དང་ལྷོ་བྱང་ཀུན་ལ་ཆོས་ལུགས་འདི་ཀུན་ལས་རིན་ཐང་ཆེ་བར་ངོས་འཛིན་ ཐོབ་སྟ ། རྣམ་དཔྱོད་ལྡན་པ་ཀུན་གྱི་བསྟོད་བསྔགས་དང་གུས་བཀུར་ཞུ་བའི་ ཡུལ་དུ་གྱུར་ནས་ཡོད།
26 ནང་བསྟན་གཞུང་ལུགས་བོད་སྒྱུར་གྱི་ ལས་གཞི་རྒྱ་ཆེར་སྤེལ་བ། ༄༅། །སྤྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོའ་སྐུ་དུས་ནས་བཟུང་སྟེ་ནང་ པ་སངས་རྒྱས་པའི་ཆོས་ཀྱི་གཞུང་ལུགས་མང་པོ་ཞིག་ནི། རྒྱ་གར་གྱི་སྐད་ ཡིག་ནས་བོད་ཀྱི་སྐད་ཡིག་ཐོག་ཕབ་སྒྱུར་བྱེད་པའི་ལས་གཞི་ཚུགས་ཟིན་ སྐ་ཅོག་ཞང་གསུམ་སོགས་ཀྱིས་ནང་ཆོས་བོད་ཀྱི་སྐད་ཡིག་ཐོག་སྒྱུར་བཞིན་པ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 27 པར་མ་ཟད། མདོ་རྒྱུད་ཉེར་གཅིག་གིས་མཚོན་པའི་སངས་རྒྱས་ཀྱི་ཆོས་ གཞུང་གང་འཚམ་ཞིག་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་རང་ལ་ཐོན་མིས་ བོད་ཀྱི་སྐད་ཡིག་ཐོག་བསྒྱུར་ཟིན་ཡོད། འོན་ཀྱང་ཆོས་རྒྱལ་སྲོང་བཙན་གྱི་སྐུ་དུས་སུ་ཐོན་མིས་བོད་ཀྱི་སྐད་ ཡིག་ཐོག་བསྒྱུར་ཟིན་པའི་ཆོས་གཞུང་དེ་དག་མང་ཆེ་བ་ནི། ཆོས་གཞུང་ གི་ཆ་ཤས་དང་ཚན་པ་རེ་རེ་བ་ཙམ་ཡིན་པ་མ་གཏོགས། ནང་པའི་ཆོས་ གཞུང་གི་རྩ་གནད་འཛིན་པའི་གཞུང་ཆེན་ཁག་དང། ཆོས་དཔེ་གལ་གནད་ ཅན་མང་པོ་བོད་ཀྱི་སྐད་ཡིག་ཐོག་སྒྱུར་ཐུབ་མེད་པར་མ་ཟད། ཆོས་རྒྱལ་ སྲོང་བཙན་རྗེས་ཀྱི་བཙན་པོ་འགའ་ཤས་རིང་ལ་ཡང་སྒྲིག་འཛུགས་ལྡན་པ་ དང། འཆར་གཞི་ཞིབ་ཕྲ་ཡོད་པ། ནུས་ཤ གས་ལྡན་པ་བཅས་ཀྱི་སྒྲ་སྒྱུར་ལོ་ ཙཱ་བའི་སྡེ་ཚན་ཟུར་པ་ཞིག་འཛུགས་ཐུབ་མེད་པས། བཙན་པོ་སྲོང་བཙན་སྐུ་ དུས་ལྟར་ཡིག་སྒྱུར་གྱི་ལས་གཞི་མུ་མཐུད་རྒྱུན་སྐྱོང་ཐུབ་པ་ཡང་བྱུང་མེད་ པས། སྐབས་དེ་དག་ཏུ་ནང་ཆོས་བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བ་ནི་ཤིན་ཏུ་ ཉུང་ངུ་ལས་བྱུང་མེད། དེར་བརྟེན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དགོངས་པར། བོད་དུ་སངས་ རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ཡོད་པ་ཙམ་དང། དེ་ལ་བརྟེན་པའི་དད་ པའི་བསམ་བློ་ཡོད་པ་ཙམ་གྱིས་ཕན་ཐོགས་ཆེན་པོ་གང་ཡང་འབྱུང་མི་ཐུབ་ པས། ནང་ཆོས་ཀྱི་གཞུང་ལུགས་དང་དེའི་ཉམས་ལེན་གཉིས་ཀ་ཚད་ལྡན་ ཞིག་བོད་དུ་དར་སྤེལ་བྱ་དགོས་པ་ནི། ཤིན་ཏུ་གལ་གནད་ཆེན་པོ་གཟིགས་ ཀྱི་ཡོད་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 28 གཞི་རྩའི་དགོངས་པ་བཞེས་ཕྱོགས་དེའི་འོག་ནས། བོད་ཀྱི་གཞོན་ སྐྱེས་ཚོ་ནང་པའི་གཞུང་ལུགས་ལ་འཆད་ཉན་སློབ་གཉེར་གཏིང་ཕྱིན་པ་ཡོང་ ཐབས་མཛད་པ་དང་མཉམ་དུ། རིམ་གྱིས་འཆད་ཉན་སློབ་གཉེར་དང་ཐོས་ བསམ་སྒོམ་གསུམ་གྱི་བྱ་བ་མཐའ་དག ལེགས་སྦྱར་ལྟ་བུའི་སྐད་ཡིག་གཉིས་ པ་དང་གསུམ་པ་ཞིག་ལ་བརྟེན་མ་དགོས་པར། བོད་རང་གི་སྐད་ཡིག་གི་ བརྒྱུད་ལམ་ནས་འཆད་ཉན་སློབ་གཉེར་དང། ཐོས་བསམ་སྒོམ་གསུམ་གྱིས་ འཛིན་སྐྱོང་ཐུབ་པ་ཞིག་ཡོང་དགོས་པ་ནི། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་སྟབས། ལས་གཞི་འདིའི་ཐོག་བཙན་པོ་ ཁོང་གིས་ཉིན་མཚན་སྦྲེལ་ནས་ཐུགས་བརྩོན་ལྷོད་མེད་མཛད་ཀྱི་ཡོད་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དངོས་བོད་ཀྱི་ས་ཁུལ་སྣ་ཚོགས་སུ་ བསྐྱོད་དེ། བཻ་རོ་ཙ་ན་1ལ་སོགས་པའི་བྱིས་པ་རིག་པ་ཅན་མང་པོ་འདེམས་ སྒྲུག་གནང། བྱིས་པ་དེ་རྣམས་ཐོག་མར་བསམ་ཡས་ཀྱི་སློབ་གྲྭའི་2ནང་དུ་ བཅུག་སྟེ། བོད་རང་གི་སྐད་ཡིག་དང་རིག་གནས་ཀྱི་རྨང་གཞིའི་སློབ་སྦྱོང་ 1 བཻ་རོ་ཙ་ན། བཻ་རོ་ཙ་ན་ཞེས་པ་ནི་བོད་སྐད་དུ་རྣམ་པར་སྣང་མཛད་ཟེར་བ་ཡིན། བོད་རྗེ་ ཁྲི་སྲོང་ལྡེ་བཙན་དང་དུས་མཉམ་ཡིན་པའི་མཁས་པ་ཞིག་ཡིན་པར་མ་ཟད། བསྟན་པ་སྔ་ དར་སྐབས་ཡོངས་གྲགས་ཀྱི་ལོ་ཙཱ་བ་ཆེན་པོ་རྒན་གྲས་གསུམ་གྱི་ཡ་གྱལ་དང་། བོད་ཀྱི་ རབ་བྱུང་གི་ཐོག་མ་སད་མི་བདུན་གྱི་ནང་ཚན་ཡིན། བཻ་རོའ་འདྲ་འབག་ཆེན་པོ་ཞེས་པའི་ རང་རྣམ་ཞིག་ཀྱང་ཡོད། 2 བསམ་ཡས་ཀྱི་སྒྲ་སྒྱུར་སློབ་གྲྭ། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་བསམ་ཡས་ གཙུག་ལག་ཁང་སྡེ་ཚན་ཟུར་འཛུགས་གནང་བའི་སློབ་གྲྭ་སྟེ། འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ གི་སློབ་གྲྭ་ཐོག་མ་དེ་ཡིན།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 29 བྱང་ཆུབ་པར་སྤྲད་པའི་རྗེས། ལོ་ཙཱ་དང་མཐོ་རིམ་གྱི་སློབ་སྦྱོང་བྱེད་པའི་སླད་ དུ་ཆེད་མངགས་རྒྱལ་པོའ་ཕོ་བྲང་ནས་མཐུན་རྐྱེན་སྦྱར་ཏེ། རྒྱ་གར་སོགས་ ཡུལ་གྲུ་གཞན་ལ་བཏང་ནས་ལེགས་སྦྱར་གྱི་ཡི་གེ་དང། ནང་དོན་རིག་པའི་ གཞུང་ལུགས་སོགས་ལ་སློབ་སྦྱོང་གཏིང་ཕྱིན་པར་བྱེད་དུ་བཅུག བཻ་རོ་ཙ་ན་སོགས་བྱིས་པ་རིག་པ་ཅན་མང་པོ་ཞིག་བཙན་པོ་ཁྲི་ སྲོང་ལྡེ་བཙན་གྱིས་རྒྱ་གར་དུ་སློབ་སྦྱོང་བྱེད་པར་གཏོང་བ་ལ། ཕོ་བྲང་ ནང་ཁུལ་དུ་འགོག་རྐྱེན་བྱེད་མཁན་མེད་པ་མིན་ཡང། ལེགས་སྦྱར་གྱི་ སྐད་ཐོག་ཏུ་བཞུགས་པའི་ནང་པའི་ཆོས་གཞུང་བོད་སྒྱུར་བྱ་རྒྱུ་ནི། ཤིན་ ཏུ་གལ་གནད་ཆེ་བའི་ལས་གཞི་ཞིག་ཡིན་པར་བརྟེན། བཙན་པོས་ཕོ་ བྲང་ཕྱི་ནང་དུ་འགོག་རྐྱེན་དང་གནོན་ཤ གས་ཇི་ཙམ་ཡོད་མེད་ལ་མ་ལྟོས་ པར། གཞོན་སྐྱེས་དེ་དག་རྒྱ་གར་དུ་ལོ་ཙཱ་དང་ནང་ཆོས་སློབ་སྦྱོང་བྱེད་ པར་གཏོང་རྒྱུར་འགྱུར་བ་གཏན་ནས་མ་བཏང་བར། ཕོ་བྲང་ནས་མཐུན་ རྐྱེན་གང་དགོས་སྦྱར་ཏེ་རྒྱ་གར་དུ་ཆེད་གཏོང་མཛད་པ་རེད། བཻ་རོ་ཙ་ན་སོགས་གཞོན་སྐྱེས་དེ་དག་གིས་རྒྱ་གར་ཡུལ་དུ་ནང་ཆོས་ དང་ལོ་ཙཱ་བའི་སློབ་སྦྱོང་ཐོན་པ་ན། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཐུགས་རེ་ ལྟར་དེ་མ་ཐག་བོད་དུ་ཕྱིར་ལོག་མཛད་དེ། མཁན་ཆེན་ཞི་བ་འཚོ་སོགས་ རྒྱ་གར་གྱི་པཎྜི་ཏ་རྣམས་དང་མཉམ་དུ་བསམ་ཡས་སྒྲ་སྒྱུར་གླིང་དུ་ལོ་ཙཱའི་ བྱ་བ་བསྒྲུབས་པ་རེད། ཁོང་ཚོས་ནང་ཆོས་ལེགས་སྦྱར་ནས་བོད་ཀྱི་སྐད་ཡིག་ཐོག་སྒྱུར་བའི་ སྐབས། སྒྱུར་ཡིག་གི་ནང་དོན་མ་ཡིག་ཇི་བཞིན་ཡོང་གི་ཡོད་མེད་ནི། རྒྱ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 30 གར་གྱི་པཎྜི་ཏ་ཚོར་བསྐྱར་ཞིབ་མཛད་བཅུག་སྟེ། ལོ་ཙཱ་བ་དང་པཎྜི་ཏ་ཟུང་ འབྲེལ་གྱིས་འགྱུར་བཅོས་དང། དེ་ནས་བསྐྱར་ཞུས་དང་ཡང་ཞུས་བྱས་ཏེ་ ཤིན་ཏུ་ཞིབ་ཚགས་དང་བརྒྱུད་རིམ་ཚད་ལྡན་གནང་གི་ཡོད་པར་བརྟེན། བོད་ཀྱི་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་དོན་རྣམས་རྒྱ་གར་གྱི་མ་ཡིག་ ཇི་བཞིན་ཁུངས་ཐུབ་པ་དང་སྤུས་ཚད་ལྡན་པ་ཞིག་ཏུ་གྱུར་པ་རེད། སྤྱིར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སྐབས་ཡས་མས་དེར་འགྲིམ་ འགྲུལ་དང་ཁོར་ཡུག་གི་གནས་སྟངས་གང་ཅིའི་ཐད་ནས། རྒྱ་གར་ལས་རྒྱ་ ནག་གི་ཡུལ་སྟབས་བདེ་བའི་རྒྱུ་མཚན་སྣ་ཚོགས་ཡོད་ཀྱང། རྒྱ་ཡིག་ཐོག་ ཡོད་པའི་བཀའ་འགྱུར་དང་བསྟན་འགྱུར་ལ་མ་ཕྱི་བཅོལ་ཚེ། ལེགས་སྦྱར་ སྐད་ཡིག་ཐོག་ཡོད་པའི་མ་རྩོམ་གྱི་དགོངས་དོན་ཇི་བཞིན་བོད་ཡིག་ཐོག་ ཐོན་དཀའ་བར་མ་ཟད། བརྡ་ལོག་དང་གོ་ལོག་གི་ནོར་འཛོལ་སྣ་ཚོགས་ འབྱུང་ངེས་པའི་ཉེན་ཁ་ཆེན་པོ་ཡོད་པ་བཙན་པོ་ཁོང་གིས་གསལ་པོ་མཁྱེན་ གྱི་ཡོད་པས། རྒྱ་ནག་གི་འགྱུར་ལ་མ་ཕྱི་བཅོལ་རྒྱུར་དགག་བྱ་ཆེན་པོ་ གནང་སྟེ། ལེགས་སྦྱར་གྱི་སྐད་ཡིག་ཐོག་ཏུ་ཡོད་པ་ལ་ཁུངས་གཏུག་དགོས་ པའི་ཐག་གཅོད་ལ་འགྱུར་བ་བཏང་མེད། དགོས་པ་དང་རྒྱུ་མཚན་དེ་དག་གི་ཐོག་ནས། བོད་ཀྱི་ལོ་ཙཱ་བ་རྣམས་ ཀྱིས་ནང་ཆོས་བོད་ཀྱི་སྐད་ཡིག་ཐོག་སྒྱུར་བའི་སྐབས། རྩ་འཛིན་བྱ་དགོས་ པའི་གལ་གནད་ཆེ་བ་འགའ་ཤས་བཙན་པོས་ཐག་གཅོད་མཛད་ཡོད། གལ་ ཆེ་བ་གཅིག་ནི་ལོ་ཙཱ་བ་རང་རང་གི་བསྒྱུར་བྱའི་ཆོས་གཞུང་དེ་དག་ཐོག་མར་ གང་ནས་དར་སའི་ལེགས་སྦྱར་གྱི་སྐད་ཡིག་ནས་ཐད་ཀར་བོད་ཀྱི་སྐད་ཡིག་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 31 ཐོག་བསྒྱུར་དགོས་པ་མ་གཏོགས། རྒྱ་ནག་ལྟ་བུའི་འགྱུར་ཡིག་གཞན་པ་ཞིག་ ལ་མ་ཕྱི་བཅོལ་ནས་བོད་སྒྱུར་བྱ་མི་རུང་བ་སོགས་ཀྱི་ཁྲིམས་སྲོལ་དམ་པོ་ མཛད་ཡོད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་གཟིགས་རྒྱང་རིང་བའི་ཐག་གཅོད་སྔ་ ཕྱི་འདི་དག་ལ་བརྟེན་ནས། འཇིག་རྟེན་ན་སྙན་གྲགས་འབར་བའི་ད་ལྟའི་ བོད་ཀྱི་ཆོས་དང་རིག་གཞུང་འདི་དག་བྱུང་བ་ཡིན་ལ། བོད་ཀྱི་ཆེ་མཐོང་ དང་གཟི་བརྗིད་མཐའ་དག་ཆོས་ལུགས་དང་རིག་གནས་འདི་ལ་བརྟེན་ནས་ ཡོད་པས། བཙན་པོའ་རྣམ་དཔྱོད་ཡངས་པའི་ཐག་གཅོད་འདི་དག་ནི། བོད་ མི་རིགས་ལ་ཆེ་མཐོང་དང་ཚེ་སྲོག་བསྐྲུན་པའི་ཐག་གཅོད་ཅིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ལ་འོད་སྣང་བསྐྲུན་པའི་ཐག་གཅོད་རྨད་དུ་བྱུང་བ་ཞིག་ཀྱང་ ཡིན།
32 དགེ་འདུན་གྱི་སྡེ་གསར་འཛུགས་། ༄༅། །ལོ་མང་རིང་གི་ཉམས་མྱོང་དང་སློབ་སྦྱོང་གི་བརྒྱུད་རིམ་སྣ་ ཚོགས་ནས། བཙན་པོ་ཁྲི་སྲོང་ལྡེ་བཙན་ལ་གནས་ཚུལ་མང་པོའ ་ཐོག་ གོ་རྟོགས་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ གི་དགོངས་ཚུལ་དང་གཟིགས་རྒྱང་ལ་སྔར་ལས་ཀྱང་འཕེལ་རྒྱས་ཕྱིན་ པས། སྐབས་ཤིག་ལ་བཙན་པོའ་དགོངས་པར། ནང་པའི་ཆོས་གཞུང་གང་ འཚམ་ཞིག་རྒྱ་གར་ནས་བོད་འགྱུར་ཐུབ་པ་ཙམ་གྱིས་བོད་དུ་སངས་རྒྱས་ ཀྱི་བསྟན་པའི་རྐང་ཚུགས་སོང་བ་ཞིག་མ་ཡིན་ལ། བོད་དུ་བསྟན་པ་རྒྱུན་ གནས་ཐུབ་པའི་ངེས་པ་དེ་བས་ཀྱང་མེད་སྙམ་སྟེ། དོན་དམ་པར་སངས་ རྒྱས་ཀྱི་བསྟན་པ་ཇི་ལྟར་འཕེལ་རྒྱས་གཏོང་དགོས་པའི་ཐད་ལ་རྒྱུན་དུ་ དགོངས་པ་གཏིང་ཟབ་བཞེས་ཀྱི་ཡོད་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕྱོགས་མང་པོ་ནས་དགོངས་པ་ བཞེས་ཏེ་དཔྱད་ཞིབ་མཛད་པའི་མཐའ་མ། རྒྱ་གར་ཡུལ་དུ་སངས་རྒྱས་ཀྱི་ བསྟན་པ་འཕེལ་རྒྱས་སུ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། ཡུལ་དེར་བསྟན་ པའི་རྐང་འཛིན་གྱི་དགེ་འདུན་པའི་སྡེ་མང་པོ་ཡོད་པ་དང། དགེ་འདུན་ པའི་འདུས་སྡེ་དེ་དག་མང་ཆེ་བ་ལ་འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་གྲ་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 33 དག་འཐུས་སྒོ་ཚང་བ་ཞིག་ཡོད་པར་མ་ཟད། འདུས་སྡེ་དེ་དག་ནས་འཚར་ ལོངས་བྱུང་བའི་དགེ་འདུན་པ་རྣམས་བསྟན་པ་ལ་འགན་ཁུར་གྱི་བསམ་བློ་ དང། ཤ་ཞེན་བརྟན་པོ་ཞིག་ཡོད་མཁན་ཤ་སྟག་ཡིན་པའི་ལོ་རྒྱུས་ལ་གོ་ རྟོགས་གཏིང་ཟབ་བྱུང་ཡོད། རྒྱ་གར་བའི་ནང་པ་སངས་རྒྱས་པའི་དགོན་སྡེ་ཁག་གི་ལོ་རྒྱུས་ དང། དངོས་ཡོད་གནས་སྟངས་ལ་གོ་རྟོགས་བྱུང་བའི་མིག་ལྟོས་འདིའི་ ཐོག་ནས། བོད་ཀྱི་ཡུལ་དུ་རྒྱ་གར་དང་འདྲ་བར་སངས་རྒྱས་ཀྱི་བསྟན་པ་ འཕེལ་རྒྱས་དང་རྒྱུན་གནས་ཡོང་དགོས་ན། བོད་ལ་ཡང་བསྟན་པའི་རྐང་ འཛིན་བྱེད་ཐུབ་མཁན་གྱི་རབ་བྱུང་ངུར་སྨྲིག་གི་སྡེ་གསར་འཛུགས་བྱ་ དགོས་པར་མ་ཟད། འཆད་ཉན་གྱི་ལམ་སྲོལ་འཐུས་སྒོ་ཚང་བ་ཞིག་དགོས་ པ་གལ་གནད་ཆེན་པོར་གཟིགས་ཀྱི་ཡོད་པ་རེད། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་དངོས་ ཡོད་གནས་སྟངས་གཞི་ལ་བཞག་པའི་ཐོག་ནས། རྒྱལ་བློན་ལྷན་འཛོམས་ ཀྱི་ཚོགས་འདུ་ཞིག་གི་ཐོག བོད་དུ་ཡང་མཁན་ཆེན་ཞི་བ་འཚོ་ལྟ་བུའི་ དགེ་འདུན་པ་ཆོས་ཀྱི་གནད་མཁྱེན་མཁན་དང། བསྟན་པའི་འགན་བཞེས་ ཐུབ་མཁན་གང་མང་ཞིག་དགོས་པའི་གལ་གནད་དང་རྒྱུ་མཚན་ཞིབ་ཕྲ་ གསུངས་ཏེ། བོད་དུ་རབ་བྱུང་ངུར་སྨྲིག་གི་སྡེ་གསར་འཛུགས་བྱ་རྒྱུའི་གྲོས་ འཆར་བཏོན་པ་རེད། བཙན་པོའ་གྲོས་འཆར་དེ་ལ་སྦ་གསལ་སྣང་གིས་གཙོས་ཞི་དྲག་གི་ བློན་ཆེན་ཐམས་ཅད་ཀྱིས་མོས་མཐུན་དང་རྒྱབ་སྐྱོར་ཞུ་བ་ལས། དགག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 34 བྱ་གནང་མཁན་གཅིག་ཀྱང་མ་བྱུང་བས་བོད་དུ་དགེ་འདུན་པའི་སྡེ་གསར་ འཛུགས་བྱ་རྒྱུ་རྒྱལ་བློན་ལྷན་འཛོམས་ཀྱིས་ཐག་གཅོད་མཛད། འོན་ཀྱང་དེ་སྔར་བོད་མི་སུ་གཅིག་ཀྱང་རབ་ཏུ་བྱུང་མ་མྱོང་བར་ བརྟེན། རྒྱ་གར་བ་ལྟར་བོད་མི་རྣམས་རབ་ཏུ་འབྱུང་ཐུབ་མིན་དང། བོད་ མིས་དགེ་འདུན་གྱི་བསླབ་ཁྲིམས་ཚུལ་བཞིན་སྲུང་ཐུབ་མིན། བོད་མིའི་ ཁྲོད་ནས་རབ་ཏུ་འབྱུང་མཁན་ཡོད་མེད་སོགས་གནས་སྟངས་མང་པོ་ ཞིག་བོད་ཀྱི་རྒྱལ་བློན་ཚོས་ཚོད་དཔག་ཙམ་མ་གཏོགས་ཐག་གཅོད་བྱེད་ ཐུབ་ཀྱི་མེད། དེར་བརྟེན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་བློན་ལྷན་འཛོམས་ ཀྱི་ཐག་གཅོད་དང། འདིའི་ཐད་བཙན་པོ་རང་ཉིད་དང་བློན་པོའ་ཚོགས་ལ་ ཐེ་ཚོམ་དང་དོགས་པ་བྱུང་བའི་རིགས་བཅས་མཁན་ཆེན་ཞི་བ་འཚོ་དང། སློབ་དཔོན་པདྨ་འབྱུང་གནས་གཉིས་ལ་སྙན་གསན་ཞུས་ཏེ་ལམ་སྟོན་ཞུས་ པ་ན། མཁན་སློབ་གཉིས་ཀས་ཐག་གཅོད་དེ་ལ་བསྔགས་བརྗོད་རྒྱ་ཆེར་ མཛད་པར་མ་ཟད། བོད་ཀྱི་མི་རབ་ཏུ་བྱུང་ན་རྒྱ་གར་གྱི་མི་དང་གཅིག་ མཚུངས་ཀྱིས་འདུལ་བའི་བསླབ་ཁྲིམས་སྲུང་ཐུབ་པ་སྨོས་མ་དགོས་ཀྱང། ཐོག་མའི་འགོ་འཛུགས་སྐབས་མི་ཉུང་ཤས་ཤིག་རབ་ཏུ་བྱུང་སྟེ་ཚོད་ལྟ་བྱས་ ན་ལེགས་པའི་དགོངས་ཚུལ་བཏོན་པ་རེད། བཙན་པོས་ཀྱང་ཐོག་མར་རབ་ཏུ་བྱུང་བ་རྣམས་ཀྱིས་མང་ཚོགས་ལ་ མིག་ལྟོས་དང་བག་ཆགས་བཟང་པོ་ཞིག་འཇོག་མ་ཐུབ་ཚེ། ལས་གཞི་འདི་ ལམ་ལྷོང་འབྱུང་དཀའ་བར་མ་ཟད་བསྟན་པ་ལ་ཕན་པ་ལས་ལྡོག་སྟེ། གནོད་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 35 གཞི་ཅན་གྱི་མིག་ལྟོས་ངན་པ་ཞིག་ཏུ་འགྱུར་བ་ཡང་ཡོང་སྲིད་སྙམ་སྟེ། ཐོག་ མའི་མི་སྣ་འདེམས་པའི་སྐབས་ཤིན་ཏུ་གཟབ་གཟབ་གནང་ཡོད། ཐོག་མར་རབ་ཏུ་བྱུང་བའི་གྲས་ཀྱི་བློན་ཆེན་སྦ་གསལ་སྣང་ནི། མཁན་ ཆེན་ཞི་བ་འཚོ་བོད་དུ་གདན་དྲངས་པས་མཚོན། བོད་ཀྱི་བསྟན་པའི་དོན་ དུ་རང་གི་ལུས་སྲོག་བློས་བཏང་བྱ་བ་ལ་ཐེ་ཚོམ་མེད་པའི་དད་པ་དང་སྙིང་ རུས་ཅན་ཞིག་ཡིན་པས། སྤྱི་ཚོགས་ལ་མིག་ལྟོས་བཟང་པོ་ཞིག་འཇོག་པའི་ དོན་དུ། སྦ་གསལ་སྣང་བློན་ཆེན་གྱི་གོ་གནས་ནས་བུད་དེ་བསྟན་པ་ལ་རབ་ ཏུ་འབྱུང་རྒྱུར་ཐག་གཅོད་མཛད་པ་རེད། བློན་ཆེན་སྦ་གསལ་སྣང་གི་ཐག་ གཅོད་འདིས་བཙན་པོའ་ཐུགས་རེ་ལྟར། བོད་ཀྱི་མང་ཚོགས་ཁྲོད་ཤ གས་ རྐྱེན་ཆེན་པོ་ཐེབས་ཡོད་པ་སྨོས་མ་དགོས། སྐབས་དེར་རླངས་ཁམས་པ་གོ་ཆ་སོགས་བློན་ཆེན་ཁྱིམ་རྒྱུད་ཀྱི་ སྐུ་སྲས་འགའ་ཤས་ཀྱང་སྦ་གསལ་སྣང་དང་མཉམ་དུ་རབ་ཏུ་འབྱུང་རྒྱུར་ ཐག་གཅོད་བྱས་ཤིང། བཻ་རོ་ཙ་ན་སོགས་ཁྱིམ་ཚང་དཀྱུས་མའི་བུ་ཕྲུག་ ཤེས་ཡོན་ཅན་འགའ ་ ཤས་ཀྱང་རང་མོས་ཀྱིས་རབ་ཏུ་བྱུང་རྒྱུར་ཐག་ གཅོད་བྱས་ཡོད། གང་ལྟར་ཡང་གསར་གཏོད་ཀྱི་ལས་གཞི་འདིའི་ནང་དུ་ཕོ་བྲང་ནང་ གི་བློན་ཆེན་དང། མཐོ་རིམ་ཁྱིམ་རྒྱུད་ཀྱི་སྐུ་སྲས། མི་ཚང་དཀྱུས་མའི་བུ་ ཕྲུག་བཅས་མཐོ་དམའ་བར་གསུམ་གྱི་མི་སྣ་མཉམ་ཞུགས་བྱས་ཡོད་པས། སྤྱི་ཚོགས་ཀྱི་མི་སྣ་མཐོ་དམན་ཀུན་ལ་མིག་ལྟོས་བཟང་པོ་ཞིག་འཇོག་ ཐུབ་པ་བྱུང་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 36 འདི་ལྟར་བློན་ཆེན་སྦ་གསལ་སྣང་གིས་གཙོས་བོད་མི་བདུན་མཁན་ ཆེན་ཞི་བ་འཚོའི་དྲུང་ནས་བསྟན་པ་ལ་རབ་ཏུ་བྱུང་བ་ནི། ལོ་རྒྱུས་ཐོག་བོད་ ལ་རབ་བྱུང་ངུར་སྨྲིག་གི་སྡེ་བྱུང་བ་ཐོག་མ་དེ་ཡིན་ལ། འདི་ནི་ཚོད་ལྟའི་ དུས་རིམ་ཞིག་ཀྱང་ཡིན་པས། ཐོག་མའི་རབ་ཏུ་བྱུང་བ་ཁོང་ཚོ་ལ་སད་མི་ མི་བདུན་ཞེས་ཡོངས་སུ་གྲགས་པ་ཡིན། བློན་ཆེན་སྦ་གསལ་སྣང་གིས་གཙོས་པའི་སད་མི་མི་བདུན་1གྱིས་ཐོག་ མའི་དམིགས་ཡུལ་ལྟར་འཆད་ཉན་སློབ་གཉེར་བྱས་ཏེ། སངས་རྒྱས་ཀྱི་ བསྟན་པ་དར་སྤེལ་དང་རྒྱུན་འཛིན་གྱི་འགན་གཙོ་བོ་བཞེས་པས། སྐབས་ 1 སད་མི་མི་བདུན། བཙན་པོ་ཁྲི་སྲོང་ལྡེ་བཙན་སྐུ་དུས་སུ་ཐོག་མར་རབ་ཏུ་བྱུང་བའི་བོད་ ཀྱི་གྲྭ་པའམ་དགེ་འདུན་པ་རྣམས་ལ་སད་མི་མི་བདུན་ཞེས་ཟེར་དོན་ནི། དེ་སྔ་བོད་མིའི་ ཁྲོད་ནས་གྲྭ་པ་བྱེད་མཁན་བྱུང་མ་མྱོང་བས་བོད་མིས་གྲྭ་པའི་སྡོམ་ཁྲིམས་ཇི་བཞིན་སྲུང་ ཐུབ་མིན་ཐོག་མར་ཉམས་སད་པའམ་ཚོད་ལྟ་བྱས་པ་ཡིན་པས་མིང་དེ་ལྟར་ཐོགས། བོད་ ཀྱི་ལོ་རྒྱུས་རྣམས་སུ་སད་མི་མི་བདུན་ལ་བགྲང་སྟངས་མ་འདྲ་བ་འགའ་ཤས་ཡོད། སྦ་ གསལ་སྣང་། མཆིམས་ཤཱཀྱ་པྲ་བྷ། པ་གོར་བཻ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། རྨ་རིན་ཆེན་མཆོག འཁོན་ཀླུའི་དབང་པོ། གཙང་ལེགས་གྲུབ། ཡང། ཨོ་རྒྱན་གླིང་པའི་ པདྨ་བཀའ་ཐང་ལས། 1.སྦ་གསལ་སྣང་། 2. སྦས་དཔལ་དབྱངས། 3. ངན་ལམ་རྒྱལ་ བ་མཆོག་དབྱངས། 4. ལྷ་ལུང་དཔལ་རྡོར། 5. རྨ་རིན་ཆེན་མཆོག 6. ལ་སུམ་རྒྱལ་བ་ བྱང་ཆུབ། 7. མཁས་པ་བཻ་རོ་ཙ་ན་བདུན། ཡང། སྔོན་གྱི་བཀའ་ཆེམས་རྙིང་མ་ལས། 1. སྦས་རེརྣ་རཀྵི་ཏ་རིན་ཆེན་བསྲུང་བ། ཛྙཱནྟྲེ་རཀྵི་ཏ་ཡེ་ཤེས་དབང་པོ་བསྲུང་བ། 3. རེརྣནྟྲ་ རཀྵི་ཏ་རིན་ཆེན་དབང་པོ་བསྲུང་བ། 4. རླངས་སུ་ག་ཏ་ཝརྨ་རཀྵི་ཏ་རྣམ་པར་སྣང་མཛད་ བསྲུང་བ། 5. བཻ་རོ་ཙ་ན་རཀྵི་ཏ་རྣམ་པར་སྣང་མཛད་བསྲུང་བ། 6. འཁོན་ན་གིནྟྲ་རཀྵི་ཏ་ ཀླུའི་དབང་པོ་བསྲུང་བ། 7. ཙང་པ་དེ་ཝ་ནྟྲ་རཀྵི་ཏ་ལྷའི་དབང་པོ་བསྲུང་བ་དང་བདུན་ཞེས་ བགྲངས་ཡོད།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 37 ཐོག་དེར་བོད་ཀྱི་མང་ཚོགས་ཁྲོད་ཤེས་ཡོན་སློབ་གཉེར་བྱེད་པའི་མིག་ ལྟོས་ཤིན་ཏུ་བཟང་པོ་འཇོག་ཐུབ་ཡོད་པར་མ་ཟད། སངས་རྒྱས་ཀྱི་བསྟན་ པ་རྒྱུན་གནས་དང་དར་སྤེལ་ཡོང་བར་ནུས་པ་འགྲན་ཟླ་མེད་པ་ཞིག་འཇོག་ ཐུབ་ཡོད། སྤྱིར་གྲྭ་པའམ་2དགེ་འདུན་པའི་སྡེ་ཞེས་པ་ནི། བརྗོད་སྟངས་གཞན་པ་ ཞིག་གི་ཐོག་ནས་བཤད་ན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་བའི་ རྐང་འགན་འཛིན་པའི་ཆེད་གཉེར་སྡེ་ཚན་ཞིག་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་ བཙན་ནས་བཟུང་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་དགེ་འདུན་གྱི་སྡེ་ལ་འཚོ་ གོས་གནས་མལ་གྱི་མཐུན་རྐྱེན་སྦྱོར་སྒྲུབ་དང། བརྩི་མཐོང་ཆེན་པོ་ཞུ་གི་ ཡོད་པའི་རྒྱུ་མཚན་ནི། དགོན་པར་བཞུགས་པའི་དགེ་འདུན་པ་རྣམས་ཀྱི་ མཛད་འགན་ཤིན་ཏུ་རླབས་ཆེ་བས་ཡིན་ལ། ཁོང་ཅག་གི་ལས་དོན་འདི་ བོད་ཁམས་སྤྱིའི་ཕུགས་རྒྱང་རིང་པོའ་མདུན་ལམ་དང། ཆེ་མཐོང་བཅས་ལ་ འབྲེལ་བ་གཏིང་ཟབ་ཡོད་པས་ཡིན་པ་སྨོས་མ་དགོས། 2 གྲྭ་པ། དགེ་འདུན་པ་སྤྱིའི་མིང་ལ་མདོ་སྨད་ཕྱོགས་ནས་གྲྭ་པ་ཞེས་འབོད་སྲོལ་དར་ཁྱབ་ཆེ།
38 སུམ་གཉིས་ས་ཡི་དཀྱིལ་འཁོར་ ལ་དབང་བསྒྱུར་བ་། ༄༅། །སྐབས་དེར་བོད་ཀྱི་སྟོབས་ཤ གས་ནི། ཨེ་ཤི་ཡའི་གླིང་དུ་འགྲན་ ཟླ་དཀའ་བའི་ཚོད་དུ་སླེབས་ཡོད། བོད་དུ་རིག་གཞུང་གི་སྟོབས་ཤ གས་ འཕེལ་བ་དང་མཉམ་དུ། མཐའ་བཞིའི་རྒྱལ་ཕྲན་མངའ་འབངས་སུ་བསྡུ་བའི་ དབང་ཤ གས་རྒྱས་ཤིང། བཙན་པོའ་རྟ་དམག་གིས་རྡུལ་འཚུབ་རེ་བསླངས་ པ་ཙམ་གྱིས་ཡུལ་ཁམས་ཆེན་པོ་རེ་དཀའ་ཚེགས་མེད་པར་མངའ་འོག་ཏུ་ འདུ་ཐུབ་པ་ཡོང་གི་ཡོད། ཐེངས་ཤིག་བཙན་པོའ་རྟ་དམག་དཔལ་མོ་དཔལ་ཐང་དུ་བསྡུས་ཏེ་རྒྱ་ གར་དུ་དྲངས། དེའི་སྐབས་ཀྱི་རྒྱ་གར་གྱི་རྒྱལ་པོ་དེས། བོད་ཀྱི་བཙན་པོའ་ རྟ་དམག་གི་དཔུང་ཤ གས་འདི་འདྲ་བ་ཡིན་ན། གཞན་དག་དེ་ལས་ཀྱང་ སྟོབས་ཤ གས་ཆེ་བར་སྨོས་མ་དགོས། ཞེས་ཟེར་ནས་བོད་ཀྱི་རྟ་དམག་ལ་ གཡུལ་འཁྲུག་མ་བྱས་པར། བོད་ཀྱི་བཙན་པོར་མགོ་བཏགས་བྱ་རྒྱུ་ཐག་ གཅོད་བྱས་པས། སྐབས་དེར་བཙན་པོའ་རྟ་དམག་གིས་མཚོན་ཆ་གནམ་ ལ་འཕྱར་མ་དགོས་པར། ཡུལ་གྲུ་ཆེ་ཆུང་མང་པོ་ཞིག་མངའ་ཁོངས་སུ་སྡུད་
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 39 བཞིན་ཡོད་པ་གསལ་པོ་ཡིན། རྒྱ་གར་གྱི་རྒྱལ་པོ་དེས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་ཕྱགས་ལྷམ་རང་ གི་ཕོ་བྲང་གི་སྒོའ་ཡ་ཐད་ལ་བཏགས། དེའི་འོག་ཏུ་རྒྱལ་པོ་རང་ཉིད་དང་བློན་ འབངས་མི་སེར་བཅས་འཛུལ་ཏེ། ངའི་རྒྱལ་ཁབ་འདི་བོད་ཀྱི་བཙན་པོའ་མངའ་ འོག་ཏུ་འཛུལ་རྒྱུ་ཡིན་པར་མ་ཟད། དཔྱ་དང་སྐྱེས་ལོ་ཆ་ཅན་དུ་འབུལ་རྒྱུ་ཡིན། ཞེས་ཟེར་ནས་རྒྱལ་པོ་བློན་འབངས་དང་བཅས་པ་བོད་ཀྱི་མངའ་འབངས་སུ་ སྡོད་རྒྱུར་ཁས་ལེན་ཞུས་པ་རེད། དེ་ནས་བཙན་པོའ་རྟ་དམག་གིས་ཆུ་བོ་གངྒཱ་ 1བརྒལ་ནས་མ་ག་ངྷར་ 2དཔུང་འཇུག་བྱས། སྐབས་དེར་མ་གཱ་ངྷ་པ་རྣམས་ཀྱིས་ཀྱང་བོད་ཀྱི་བཙན་ པོའ་རྟ་དམག་གི་མིང་ཐོས་པ་ཙམ་གྱིས་སྐྲག་ཐག་ཆོད་ནས་རྒོལ་ལན་སློག་ རྒྱུ་ཕར་བཞག འབངས་མི་སེར་ཐམས་ཅད་ལམ་གང་ཐོབ་ཀྱིས་བྲོས་བྱོལ་ དུ་ཕྱིན་པས། བཙན་པོའ་རྟ་དམག་དངོས་སུ་མ་ག་དྷར་འབྱོར་བའི་སྐབས། ཡུལ་དེ་ནི་མི་མེད་པའི་མཁར་གྲོང་སྟོང་པ་ཞིག་ཏུ་གྱུར་ཡོད་པ་རེད། དེར་བརྟེན་བཙན་པོའ་རྟ་དམག་གིས་ཉིན་གཅིག་ཀྱང་གཡུལ་འཐབ་ བྱེད་མ་དགོས་པར། བཙན་པོ་ཁྲི་སྲོང་གི་བཀའ་མངགས་ལྟར་རྡོ་རྗེ་གདན་ གྱི་གཙུག་ལག་ཁང་དང་བྱང་ཆུབ་ཤིང་ལ་མཆོད་པ་ཕུལ། རིན་པོ་ཆེའི་ 1 གངྒཱ་། བོད་དུ་འགྲོ་ལྡན་མ་ཞེས་ཟེར་བ་ཡིན་ལ། གངྒཱ་དང། སིཏཱ། པཀྵུ། ཡ་མུ་ན་བཅས་ ཆུ་བོ་ཆེན་པོ་བཞིའི་ཡ་གྱལ་ཡིན། 2 མ་ག་ངྷ། རྒྱ་གར་ཡུལ་དབུས་ཀྱི་གྲོང་ཁྱེར་ཆེན་པོ་ཞིག་གི་མིང་ཡིན། རྡོ་རྗེ་གདན་ནི་ཡུལ་ དབུས་མ་ག་དྷ་གྲོང་ཁྱེར་གྱི་ལྷོ་ནུབ་མཚམས་སུ་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 40 བུམ་པ་ནས་སངས་རྒྱས་ཀྱི་རིང་བསྲེལ་བྲེ་དྲུག་བླངས་ཏེ་བོད་དུ་སྤྱན་ དྲངས། ཚུར་ལམ་བོད་དམག་གིས་ཆུ་བོ་གངྒཱའི་འགྲམ་དུ་འདི་ཚུན་ཆོད་ བོད་ཀྱི་ས་ཡིན། ཞེས་ཟེར་ནས་ས་མཚམས་སུ་རྡོ་རིང་བཙུགས་ཏེ་སྲུང་ དམག་ཀྱང་བསྐོས་པ་རེད། འདི་ལྟར་བོད་ཀྱི་བཙན་པོའ་རྟ་དམག་གིས་ལྷོ་ རྒྱུད་དུ་གངྒཱ་བརྒལ་ནས་རྒྱ་སྐྱེད་བྱེད་ཐུབ་པ་བྱུང་ཡོད། འོན་ཀྱང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ད་དུང་མུ་མཐུད་མངའ་ཐང་རྒྱ་ སྐྱེད་དང། ས་མཚམས་བརྟན་སྲུང་གི་བྱ་བ་མཚམས་འཇོག་མི་མཛད་པར། ཤར་ཕྱོགས་སུ་རྒྱའི་ཡུལ་གྱི་གྲོང་ཁྲེར་མང་པོ་བཅོམ་སྟེ་བཙན་པོའ་མངའ་འོག་ ཏུ་བླངས་པར་མ་ཟད། སྟག་སྒྲ་ཀླུ་གོང་དང་ཞང་རྒྱ་གཟིགས་སོགས་ལ་དཔུང་ དམག་འབུམ་ཕྲག་གི་སྣེ་དྲངས་ཏེ་རྒྱའི་ཐང་གི་རྒྱལ་ས་ཁྲང་ཨན་བར་དུ་དཔུང་ འཇུག་བྱེད་དུ་བཅུག་པ་རེད། སྟག་སྒྲ་ཀླུ་གོང་སོགས་ཀྱིས་ རྒྱ་དམག་ཆམ་ལ་ཕབ་པའི་ གཟེངས་བསྟོད་དུ་བཞེངས་ པའི་ཞོལ་རྡོ་རིང་ཕྱི་མ།
ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན། 41 བོད་དམག་གིས་ཐང་གི་གོང་མ་ཏེ་ཙུང་ཁྲི་ལས་ཕབ་པའི་ཚབ་ཏུ་བོད་ ཀྱི་བཙན་པོའ་ཐུགས་འདོད་ལྟར། ཅིན་ཁྲན་ཀོང་ཇོའ་མིང་པོ་ཀོང་ཝུ་ཝོང་ ཞེས་པ་ཞིག་རྒྱའི་གོང་མར་བསྐོས་ཏེ། སྲིད་སྐྱོང་གི་དཔོན་རིགས་མང་པོ་ ཞིག་ལ་བོད་ཀྱི་བཙན་པོའ་འདོད་པ་ལྟར་འཕོ་འགྱུར་བྱས། ཐང་གི་བཙོན་ ཁང་དུ་ཡོད་པའི་བཙོན་པ་མང་པོ་ཞིག་དམིགས་བསལ་བཙོན་གྲོལ་གཏང་ དགོས་པའི་བཀའ་རྒྱ་ཕབ་སྟེ། ཆབ་སྲིད་དང་དམག་དོན་གྱི་མཛད་རྗེས་ཆེན་ པོ་བཞག་ཡོད། བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་ཕལ་ཆེར་གླིང་ཧྲིལ་པོའ་སྟེང་ དུ་བཙན་པོའ་དབང་ཤ གས་རྒྱ་སྐྱེད་པས། བོད་འབངས་མིན་པའི་ཕྱོགས་ རྣམས་སུ་ཡང། རང་འགུལ་གྱིས་ཕྱག་སྐྱེས་འབུལ་ཞིང་བཙན་པོའ་བཀའ་ ལུང་ལེན་པའི་རྒྱལ་ཕྲན་དུ་མ་བྱུང་ཡོད། སྐབས་དེའི་བོད་ཀྱི་མཐའ་བཞི་ནི། ཤར་དུ་ལྕེའུ་སོགས་དང། ལྷོར་ བྲམ་ཟེའི་ཡུལ། ནུབ་ཏུ་སྟག་གཟིག བྱང་དུ་ཧོར་གྱི་ཡུལ་བཅས་ཡིན་པ་ དང། བོད་ཀྱི་ས་ཁྱོན་ལ་དཔག་ཚད་སྟོང་ཕྲག་མང་པོ་ཡོད། དེར་བརྟེན་ རིག་འཛིན་འཇིགས་མེད་གླིང་པ་སོགས་ཀྱིས། འཛམ་གླིང་རྒྱལ་པོ་ཁྲི་ སྲོང་ལྡེ་བཙན། ཞེས་བསྔགས་བརྗོད་མཛད་པ་དོན་ལ་གནས་པ་ཞིག་ཏུ་ གྱུར་ཡོད།། །།
གཉིས་པ། མངའ་བདག་ཁྲི་རལ་པ་ཅན།
45 བཙན་པོ་མངའ་བདག་ཁྲི་རལ་པ་ཅན་གྱི་ངོ་སྤྲོད། ༄༅། །བོད་ཀྱི་རྒྱལ་པོ་མངའ་བདག་ཁྲི་རལ་པ་ཅན་ནི། ཕྱི་ལོ་དུས་རབས་ དགུ་པའི་ནང་ཡབ་ཁྲི་ལྡེ་སྲོང་བཙན་དང། ཡུམ་འབྲོ་བཟའ་ལྷ་རྒྱལ་མ་གཉིས་ ཀྱི་སྲས་སུ་འུ་ཤང་རྡོར་སྐུ་འཁྲུངས། རྒྱལ་སྲས་ཁོང་སྐུ་མཆེད་ལྔ་ཡོད་པ་ ལས་སྲས་ཐ་ཆུང་དེ་ཡིན་ཡང། སྐུ་ན་གཞོན་དུས་ནས་ལྷན་སྐྱེས་སུ་རྣམ་ དཔྱོད་ཕུལ་དུ་བྱུང་བ་ཞིག་ཡིན་པས། ལེགས་ཉེས་ལ་བླང་དོར་འཇུག་པའི་ བློ་མིག་ལྡན་ལ། ལས་དོན་ཆེ་ཕྲ་གང་འདྲ་ཞིག་ཡིན་ཡང་བདེན་པ་བདེན་ ཐུབ་ཀྱིས་ཐག་གཅོད་མཛད་པ་ལས། གཞན་གྱི་གཡོ་ཐབས་དང་བསླུ་བྲིད་ ཀྱི་གཞན་དབང་དུ་མི་འགྲོ་བའི་རང་ཚུགས་ལྡན་པ་ཞིག་ཀྱང་ཡིན། རྒྱལ་པོའ་ཕོ་བྲང་དུ་ཟས་ནོར་དང་འབྱོར་པ་ཕུན་སུམ་ཚོགས་པ་ཡོད་ ཀྱང། རྒྱལ་སྲས་ཁོང་སྐུ་ན་གཞོན་དུས་ནས་འདོད་པའི་གཡེང་བའི་དབང་དུ་ མི་འགྲོ་བར། ཆོས་སྲིད་ཀྱི་རིག་གནས་ཀུན་ལ་འདུན་པ་ཆེན་པོས་སྦྱངས་པ་ མཛད་མཁན་ཞིག་དང། ཆོས་ལུགས་ལ་དད་འདུན་རྩེ་གཅིག་ཏུ་ཡོད་མཁན་ ཞིག་ཀྱང་ཡིན། བཙན་པོ་ཁོང་སྐུ་ན་གཞོན་དུས་ནས་བཟུང་སྟེ་ཐུགས་གཤིས་ཞི་དུལ་ བག་ཡོད་དང། དྲང་ཚུགས་ལྡན་པ། ཉམས་ཆུང་ཚུལ་མཐུན། འབངས་མི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 46 སེར་གྱི་བདེ་སྡུག་ལ་ཐུགས་ཁུར་དང། མཐོ་དམན་ཀུན་ལ་བྱམས་བརྩེས་ གཟིགས་སྐྱོང་གནང་མཁན་ཞིག་ཡིན་པ་གང་ཞིག་ལ། ཕྱིའི་དགྲ་ལ་བསྐོར་ ན་སྟག་མོ་ནགས་སུ་ཁྲོས་པ་ལྟ་བུའི་ངར་ཤ གས་ལྡན་ཞིང། དགྲ་སྡེ་ཆམ་ ལ་འབེབས་པར་བློ་རིག་ཇུས་གསུམ་འཛོམས་པའི་ཕོ་རྒོད་པོ་ངར་མ་ཞིག་ ཡོད་པ་རེད། དེར་བརྟེན་བོད་ཀྱི་བློན་འབངས་མང་ཆེ་བའི་བསམ་པར། འུ་དུམ་ བཙན་རྒྱལ་སྲས་སྐུ་བགྲེས་པ་ཡིན་ཡང། བཙན་པོ་སད་ན་ལེགས་མཇིང་ ཡོན་གྱི་རྗེས་སུ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་བོད་ཀྱི་རྒྱལ་སྲིད་ བཞེས་དགོས་པའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད། རྒྱུ་མཚན་ནི། བློན་པོ་དང་ མི་སེར་མང་ཆེ་བར་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་བོད་ཁམས་ ཆོས་བཞིན་སྐྱོང་ཐུབ་པར་ཡིད་ཆེས་གཙང་མ་ཡོད་པས་ཡིན། ཕྱིས་སུ་ཡབ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་པའི་རྗེས་བློན་འབངས་ མང་ཆེ་བའི་རེ་འདུན་ལྟར། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་བོད་ཀྱི་ རྒྱལ་སྲིད་བཞེས་ཐུབ་པ་བྱུང་བར་མ་ཟད། ཁོང་གིས་མང་ཚོགས་ཀྱིས་ རང་ཉིད་ལ་བཅངས་པའི་རེ་འདུན་ཐུགས་ལ་ཉར་ཏེ། བོད་ཀྱི་ཆབ་སྲིད་ བདེ་འཇགས་དང། མངའ་ཐང་རྒྱ་སྐྱེད། མཐའ་མཚམས་བརྟན་སྲུང་གནང་ རྒྱུ་བཅས་ནི་རང་གི་སྐུ་སྲོག་ལས་ཀྱང་གལ་ཆེ་བར་བཟུང་སྟེ། བོད་ཀྱི་ རྒྱལ་ཁབ་ཆོས་འབྱོར་བདེ་སྐྱིད་ལྡན་པ་ཞིག་མཛད་ཡོད། ལྷག་པར་དུ་བཙན་པོ་རལ་པ་ཅན་གྱིས་རྒྱ་གར་ནས་བོད་དུ་པཎྜི་ཏ་ གདན་འདྲེན་ཞུ་བ་དང། བོད་ཡུལ་དུ་ལོ་ཙཱ་བའི་སྡེ་སྔར་ལས་ཀྱང་འཕེལ་
མངའ་བདག་ཁྲི་རལ་པ་ཅན། 47 རྒྱས་མཛད་པ། དགེ་འདུན་པའི་གྲངས་འབོར་སྔར་ལས་ཀྱང་ལྡབ་མང་ པོ་ཇེ་མང་དུ་བཏང་སྟེ། ཆོས་དང་རིག་གནས་གཉིས་ཀ་འཕེལ་རྒྱས་དང་ རྒྱུན་གནས་ཡོང་བར་ཕྱོགས་ཡོངས་ནས་འབད་བརྩོན་ལྷོད་མེད་གནང་ ཡོད། དེར་བརྟེན་བཙན་པོ་ཁྲི་རལ་པ་ཅན་ནི། ཆོས་རྒྱལ་མེས་དབོན་རྣམ་ གསུམ་གྱི་ཡ་གྱལ་དུ་བགྲངས་ཏེ། བོད་ཀྱི་མང་ཚོགས་ཁྲོད་ཤིན་ཏུ་བརྩི་ མཐོང་དང། གུས་ཞབས་ཚད་མེད་ཞུ་བའི་འདུ་ཤེས་ད་ལྟའི་བར་དུ་ཉམས་ ཆག་བྱུང་མ་མྱོང་བའི་བཙན་པོ་བཀའ་དྲིན་ཅན་ཞིག་ཡིན།
48 བདུད་བློན་ཚོར་གདོང་ལེན་བྱས་ཏེ་ཡབ་མེས་ ཀྱི་བཀའ་སྲོལ་རྒྱུན་འཛིན། ༄༅། །ཁྲི་གཙུག་ལྡེ་བཙན་རལ་པ་ཅན་སྐུ་ནར་མ་སོན་པའི་སྐབས་ཤིག་ ལ༑ གློ་བུར་དུ་ཡབ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་ཚེ་ལ་བར་ཆད་བྱུང་བས། དུས་ ཡུན་གང་འཚམ་རིང་ཕོ་བྲང་ནང་ཤིན་ཏུ་ཟང་ཟིང་དུ་གྱུར་ཅིང། བློན་ཆེན་ ཚོའི་ནང་རྒྱལ་པོ་དགྲོང་མཁན་སུ་ཡིན་ཐད་རྙོག་གླེང་སྣ་ཚོགས་ཡོད་པའི་ ཐོག བློན་ཆེན་ཚོའི་བར་ལ་ཆོས་ལུགས་དད་མོས་མི་འདྲ་བ་དང། ཆབ་ སྲིད་ཀྱི་ཐད་ལྟ་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་སྟབས། རྒྱལ་སྲས་རྣམས་ ལས་སུ་ཞིག་བོད་ཀྱི་རྒྱལ་ཁྲིར་འགོད་རྒྱུའི་ཐད་བསམ་ཚུལ་མི་མཐུན་པའི་ འགལ་བ་སྣ་ཚོགས་ཡོད་པ་སྨོས་མ་དགོས་པ་རེད། སྐབས་ཤིག་ནས་ལྟ་ཚུལ ་མི་མཐུན་པ་དེ་དག་ཅུང་ཇེ་གསལ་དུ་གྱུར་ པས། ཕོ་བྲང་ནང་ཁུལ་དུ་མངོན་གསལ་གྱི་འགལ་ཟླའི་སྣང་ཚུལ་ཞིག་བྱུང་ སྟེ༑ སྦས་སྟག་སྣ་1སོགས་ལྟ་ཕྱོགས་མཐུན་པའི་བློན་པོ་འགའ་ཤས་ཀྱིས་དར་ 1 སྦས་སྟག་སྣ། བཙན་པོ་ཁྲི་ལྡེ་སྲོང་བཙན་དང། བཙན་པོ་རལ་པ་ཅན། གླང་དར་མ་འུ་དུམ་ བཙན་པོ་བཅས་རྒྱལ་ཐོག་གསུམ་རིང་གི་བོད་ཀྱི་བློན་ཆེན་ཞིག་ཡིན། སེམས་གཏིང་ནས་ ཆོས་ལ་མི་མོས་པ་ཞིག་ཡིན་པས་ཆོས་ལ་གནོད་པའི་བྱ་བ་མཚམས་མ་ཆད་པར་བྱས་ ཡོད།
མངའ་བདག་ཁྲི་རལ་པ་ཅན། 49 མ་འུ་དུམ་བཙན་པོ་སྲས་ཁྲི་གཙུག་ལྡེ་བཙན་ལས་སྐུ་ན་བགྲེས་པ་ཡིན་པ་ དང། ཡབ་ཀྱི་ཚབ་ཏུ་རྒྱལ་སྲས་སྐུ་བགྲེས་པ་སུ་ཡིན་པ་དེ་རྒྱལ་སར་འགོད་ དགོས་པ་ནི། སྲོལ་རྒྱུན་གྱི་འགྲོ་ལུགས་ཤིག་ཀྱང་ཡིན། ཞེས་ཟེར་ནས་དར་ མ་འུ་དུམ་བཙན་པོ་རྒྱལ་སར་འགོད་དགོས་པའི་བསམ་ཚུལ་བཏོན་ཏེ། དར་ མ་འུ་དུམ་བཙན་2ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ལ། དར་མ་འུ་དུམ་བཙན་པོས་ ཀྱང་རྒྱབ་སྐྱོར་བྱེད་པའི་བློན་པོ་ཚོའི་རེ་འདུན་ལྟར། རང་ཉིད་རྒྱལ་པོ་བྱེད་ འདོད་ཡོད་པའི་རྣམ་འགྱུར་མངོན་གསལ་དུ་སྟོན་གྱི་ཡོད། འོན་ཀྱང་ཕོ་བྲང་ནང་ གི་བློན་པོ་མང་ཆེ་བའི་བསམ་ཚུལ་དེ་ལས་ ལྡོག་སྟེ། རྒྱལ་སྲས་ཁྲི་གཙུག་ལྡེ་བཙན་རྒྱལ་སར་འགོད་རྒྱུར་རེ་བ་བྱེད་ ཀྱི་ཡོད་པ་རེད། ཕོ་བྲང་ནང་གི་བསམ་ཚུལ་མི་མཐུན་པའི་འགལ་བ་འདི་ དག་ནི། རྒྱལ་སྲས་ཆེ་ཆུང་སུ་ཞིག་རྒྱལ་སྲིད་ལ་འགོད་མིན་གྱི་གནད་དོན་ རྐྱང་པ་ཞིག་མ་ཡིན་པར། ཆབ་སྲིད་ཀྱི་ལྟ་ཚུལ་མི་མཐུན་པ་དང། ཤོག་ 2 དར་མ་འུ་དུམ་བཙན། བོད་ཀྱི་བཙན་པོ་ཞེ་གཉིས་པ་ཡིན། ཐོག་མར་སྤྱོད་པ་ཚུལ་མཐུན་ ཞིག་བྱས་ནའང༌ཕྱིས་སུ་གྲོགས་ངན་གྱིས་བསླུས་ཏེ་ཆོས་བསྣུབས་ཟེར་བའང་ཡོད། གླང་ དར་མའི་རྩུབ་སྤྱོད་ལ་བརྟེན་ནས་ལོ་པཎ་རྣམས་ཡུལ་གཞན་དུ་བྲོས། མ་བྱོན་པ་འགའ་ ཞིག་བཀུམ། རབ་བྱུང་རྣམས་ཁྱིམ་དུ་ཕབ། མི་ཉན་པ་རྣམས་རྔོན་པ་བྱེད་དུ་བཅུག གསུང་ རབ་ཕལ་ཆེར་བྲག་ལ་སྦས་པ་དང༌། མེ་ཆུར་སྐྱུར་ཏེ་ཆོས་དང་རིག་གཞུང༌ཁྲིམས་ལུགས་ སོགས་ཉམས་པར་བྱས་སྟབས། ལྷ་ལུང་དཔལ་རྡོར་གྱིས་རྟ་དཀར་པོར་སོལ་བ་བྱུགས། གོས་ནང་མ་དཀར་པོ། ཕྱི་མ་ནག་པོ་ཞིག་གྱོན་ཏེ་ཡེར་པ་ནས་ལྷ་སར་ཡོང་སྟེ། བཙན་ པོ་གཙུག་ལག་ཁང་མདུན་གྱི་རྡོ་རིང་གི་ཡི་གེ་ཀློག་བཞིན་ཡོད་པའི་སྐབས་སུ་མདའ་ འཕངས་ཏེ་བཀྲོངས།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 50 ཁག་གི་འགལ་ཟླའི་རྩོད་གླེང། བོན་དང་ནང་ཆོས་བར་གྱི་འགལ་ཟླའི་ གནས་སྟངས་བཅས་དང་འབྲེལ་བ་གཏིང་ཟབ་ཡོད་པ་ཞི ག་ཡིན། ལྷག་པར་དུ་ཤ་ཚ་ཅན་གྱི་བློན་པོ་མང་ཆེ་བས་དར་མ་འུ་དུམ་བཙན་ པོ་ནི། ལེགས་ཉེས་ཀྱི་འཇུག་ལྡོག་ལ་བློ་རྨོངས་ཤིང། རྒྱུན་དུ་ཆང་དང་བུད་ མེད་རྐྱང་པ་ལ་མགོ་འཁོར་ནས་སྡོད་པ་ལས། རྒྱལ་སྲིད་སྐྱོང་བའི་ནུས་པ་ མེད་མཁན་ཞིག་ཡིན་པ་གསལ་པོར་ཤེས་ཀྱི་ཡོད་སྟབས། རྒྱལ་ཁབ་དང་ འབངས་མི་སེར་གྱི་བདེ་དོན་ལ་འགན་འཁུར་ཏེ། དར་མ་འུ་དུམ་བཙན་པོ་ རྒྱལ་ཁྲིར་འགོད་རྒྱུར་མཐའ་གཅིག་ཏུ་དགག་བྱ་བྱེད་ཀྱི་ཡོད་པ་རེད། དངོས་ཡོད་གནས་ཚུལ་ལ་དར་མ་འུ་དུམ་བཙན་པོ་ནི། རྒྱལ་པོའ་སྲས་ སུ་འཁྲུངས་པ་ཙམ་མ་གཏོགས་རང་ངོས་ནས་མི་ནུས་མེད་དང་འཇོན་ཐང་ མེད་མཁན་ཞིག་ཡིན་པའི་ཐོག སྡིག་སྤྱོད་ལ་དགའ་བའི་མི་གཤིས་གདུག་ རྩུབ་ཅན་ཞིག་ཀྱང་ཡིན་པས། རྒྱལ་སྲས་འདི་བོད་ཀྱི་རྒྱལ་པོར་བསྐོས་ན། དེ་སྔའི་ཡབ་མེས་གོང་མ་མང་པོའ་རིང་སྐུ་ལས་བསྐྱོན་ནས་བསྐྲུན་པའི་ བོད་ཀྱི་ཆོས་སྲིད་རིག་གཞུང་དང་བཅས་པ་ཐོར་ཞིག་ཉམས་དམས་སུ་འགྲོ་ རྒྱུ་ངེས་པར་མ་ཟད། བོད་ཀྱི་སྐྱེ་འགྲོ་རྣམས་སྡུག་ལ་སྦྱོར་ངེས་ཡིན་པའི་ དངངས་སྐྲག་ཆེན་པོ་ཞིག་མང་ཚོགས་ཁྲོད་ཀྱི་བསམ་ཤེས་ཅན་འགའ་ཤས་ ལ་ཡང་ཡོང་གི་ཡོད། ཡིན་ན་ཡང་རྒྱལ་སྲས་ཁྲི་གཙུག་ལྡེ་བཙན་ནི། གཅེན་འུ་དུམ་བཙན་ པ འ་གཤིས་ཀ་དང་གཏན་ནས་མི་འདྲ་བར། སྐུ་ན་གཞོན་དུས་ནས་ཕོ་ བྲང་ནང་གི་ཆབ་སྲིད་ཀྱི་ལས་དོན་ཐོག་དེ་ཙམ་ཐུགས་སྣང་མཛད་མཁན་
མངའ་བདག་ཁྲི་རལ་པ་ཅན། 51 ཞིག་མིན་ལ། རྒྱུན་དུ་ཕོ་བྲང་ཕྱི་ལོགས་ཀྱི་མང་ཚོགས་དཀྱུས་མ་ཚོ་དང་ འགྲོགས་འདྲིས་མཛད་ཅིང། ཉམ་ཐག་སྐྱོ་བོའ་རིགས་ལ་ཅི་ཐུབ་ཀྱིས་ཕན་ འདོགས་དང་རོགས་རམ་བྱེད་པ་ལས། ཆབ་སྲིད་ཀྱི་ཤོག་ཁག་དང་དཔུང་ སྒྲིག་བྱ་རྒྱུར་གཏན་ནས་དགའ་མོས་མེད་མཁན་ཞིག་ཡིན། རྒྱལ་སྲིད་ཀྱི་དབང་དང་འབྱོར་པ་ལ་འཐབ་རྩོད་བྱེད་པ་ནི། རྒྱལ་སྲས་ ཁོང་གི་ཐུགས་གཤིས་ལ་རྩ་བ་ནས་མ་གྲུབ་པ་ཞིག་ཡིན་པས། ཡབ་རྒྱལ་པོ་ སྐུ་ཚེ་ལ་བར་ཆད་བྱུང་བའི་རྗེས་སུ་ཡང་ཁྲི་གཙུག་ལྡེ་བཙན་གྱི་བསམ་པར། རང་གི་ངོས་ནས་རྒྱལ་པོའ་ཁྲི་ལ་འཐབ་རྩོད་བྱ་དགོས་སྙམ་པ་ཞིག་རྨི་ལམ་ལ་ ཡང་འཁོར་མྱོང་མེད་པ་རེད། འོན་ཀྱང་ཡབ་རྒྱལ་པོའ་ཕྱག་གཡས་གཡོན་ལྟ་བུའི་བློན་ཆེན་བྱས་པ་ ཅན་བྲན་ཁ་དཔལ་གྱི་ཡོན་ཏན་དང། མྱང་ཏིང་འཛིན་བཟང་པོ་སོགས་བློན་ ཆེན་རྒན་གྲས་མང་པོ་ཞིག་གིས། རྒྱལ་སྲས་ཁྲི་གཙུག་ལྡེ་བཙན་རྒྱལ་ཁྲིར་ འགོད་རྒྱུར་འབད་བརྩོན་གནང་གི་ཡོད་པར་བརྟེན། ཕོ་བྲང་ནང་ཁུལ་དུ་ རྒྱལ་སྲས་གཉིས་ཀྱི་རྒྱབ་སྐྱོར་ཤོག་ཁག་གཉིས་སུ་གྱེས་ཏེ། འགལ་ཟླ་ཉིན་ རེ་བཞིན་ཚབས་ཆེ་རུ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ཁྲི་གཙུག་ལྡེ་བཙན་གྱི་བསམ་པར། ཤོག་ཁག་ལྟ་བུའི་ འགལ་ཟླ་འདི་ཚབས་ཆེ་རུ་ཕྱིན་ན། སྤྱི་སྒེར་སུ་ལ་ཡང་ཕན་ཐོགས་མེད་ པས། དེ་ལས་རང་ཉིད་ཀྱིས་རྒྱལ་ཁྲི་འཐབ་རྩོད་བྱ་རྒྱུ་མིན་ལུགས་གསལ་ འདོན་བྱས་ན་ལེགས་པའི་དགོངས་ཚུལ་བྱུང་སྟེ། རྒྱལ་ཁྲིར་སུ་ལ་འདོད་ པ་ཡོད་པའི་རྒྱལ་སྲས་དེ་བསྐོས་ན་ལེགས། ང་རྒྱལ་ཁྲིར་འདུག་པའི་མོས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 52 པ་མེད། ཅེས་རང་གི་དགོངས་ཚུལ་ཞལ་གསོང་པོས་གསུང་གི་ཡོད། རྒྱུ་མཚན་དེའི་དབང་གིས་བློན་ཆེན་འགའ་ཤས་རྒྱལ་སྲས་ཀྱི་སར་ ཆེད་དུ་བཅར་ཏེ། རྒྱལ་སྲས་མཆོག་དབང་དང་འབྱོར་པ་ལ་འདོད་པ་མེད་ པའི་དབང་དུ་བྱས་ཀྱང། ད་ལྟ་རྒྱལ་སྲས་རྣམ་གཉིས་ལས་སུ་ཞིག་རྒྱལ་ ཁྲིར་འགོད་རྒྱུ་ནི། ཁྱེད་རྣམ་གཉིས་གཅིག་པུའི་ཁེ་ཕན་དང་འབྲེལ་བའི་ གནས་ཚུལ་རྐྱང་པ་ཞིག་གཏན་ནས་མིན། འདི་ནི་མ་འོངས་པའི་བོད་རྒྱལ་ ཁབ་ཀྱི་དར་རྒུད་དང། འབངས་མི་སེར་གྱི་ལས་དབང་ལ་འབྲེལ་བ་དམ་ ཟབ་ཡོད་པ་ཞིག་ཡིན་པར་མ་ཟད། ཡབ་མེས་གོང་མ་ཚོའི་དཀའ་སྤྱད་ ལས་བྱུང་བའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་ཐུབ་མིན་གྱི་གལ་གནད་ལ་ ཐུག་པ་ཞིག་ཀྱང་ཡིན་པས། རྒྱལ་སྲས་ཁྱེད་ཅིས་ཀྱང་རྒྱལ་ཁྲིར་ཕེབས་ དགོས། ཞེས་པའི་སྙན་སྐུལ་ལན་མང་པོ་མཛད་ཀྱི་ཡོད། རྒྱལ་སྲས་ཀྱི་བསམ་པར། གནས་ལུགས་ནི་བློན་ཆེན་ཚོས་གསུངས་ པ་དེ་ལྟར་ཡིན་པའི་དབང་དུ་བཏང་ཡང། རང་ཉིད་གཅེན་པོ་འུ་དུམ་བཙན་ གྱི་ཁ་གཏད་དུ་ལངས་ཏེ། སྤུན་མཆེད་བར་རྒྱལ་སྲིད་འཐབ་རྩོད་ཀྱི་འགལ་ ཟླ་བཟོ་དགོས་པ་ནི། སེམས་ཀྱིས་མི་བཟོད་ལ། མི་ཆོས་ཀུན་སྤྱོད་དང་ འགལ་བ་ཞིག་ཀྱང་ཡིན་པས། རང་ཉིད་འཐབ་རྩོད་ཀྱི་གཡུལ་འཁྲུག་འདིའི་ ནང་གཏན་ནས་ཞུགས་མི་རུང་སྙམ་ནས། བློན་ཆེན་ཚོའི་སྙན་ཞུ་དང་རེ་ སྐུལ་ལ་དང་ལེན་གཏན་ནས་བྱེད་ཀྱི་མེད་པ་རེད། དེར་བརྟེན་རྒྱལ་སྲས་རང་ཉིད་ལ་ཤིན་ཏུ་བློ་སེམས་དཀར་བའི་
མངའ་བདག་ཁྲི་རལ་པ་ཅན། 53 བློན་ཆེན་བྲན་ཁ་དཔལ་ཡོན་ 3 ཉིན་ཞིག་རྒྱལ་སྲས་ཀྱི་སར་ཆེད་དུ་བཅར་ ཏེ༑ གལ་སྲིད་དར་མ་འུ་དུམ་བཙན་པོ་རྒྱལ་སར་འཁོད་ན། བློན་ངན་ ཚོས་ཁོའ ་དབང་ཤེད་ལ་བརྟེན་ནས་བསྟན་པ་ཉམས་དམས་སུ་གཏོང་ ངེས་པར་མ་ཟད། ལས་ངན་སྣ་ཚོགས་བརྩམས་ཏེ་བོད་ཁམས་ཕུང་ལ་ སྦྱོར་ངེས་ཡིན་པས། གནས་ལུགས་འདི་རྒྱལ་སྲས་ཁྱེད་ཀྱིས་ཀྱང་ངེས་ པར་མཁྱེན་དགོས། འོན་ཀྱང་རྒྱལ་སྲས་ཁྱེད་ཀྱིས། བསྟན་པ་ཉམས་ཀྱང་ཉམས། བོད་ ཁམས་ཕུང་ཡང་ཕུང། ཡབ་མེས་ཀྱི་བཀའ་སྲོལ་བཤིག་ཀྱང་བཤིག ང་ ལ་ཡ་ང་དང་འཕངས་སེམས་གང་ཡང་མེད། ཅེས་གསུང་རྒྱུ་ཡིན་ན། གྲྭ་ རྒན་ང་ལ་དམིགས་བསལ་འགན་དུ་འཁྲི་བ་གང་ཡང་མེད་པས། ང་བན་ རྒན་སང་ཉིན་ཕོ་བྲང་ནས་ཐོན་ཏེ་རི་ཁྲོད་འགྲིམ་རྒྱུ་ཡིན། རྒྱལ་སྲས་ ཁྱེད་ཀྱིས་རྒྱལ་སྲིད་སྐྱོང་མིན་ཁྱེད་རང་གི་ཐུགས་འདོད་ལྟར་ཅི་དགར་ མཛོད། ཅེས་སོགས་མཐའ་ལ་བཀར་བའི་སྐད་ཆ་འཇམ་རྩུབ་སྣ་ཚོགས་ ཞུས་པ་རེད། 3 བྲན་ཁ་དཔལ་གྱི་ཡོན་ཏན། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་བློན་པོ་རྟེན་ནི་ རབ་བྱུང་ཞིག་ཡིན། ཐང་ཡིག་གསར་མ་ལས“བན་དེ་ཆེན་པོ་ནི་བཙན་པོའ་གཡས་སུ་ འགྲེངས། བློན་རྣམས་ནི་ཁྲི་ཡི་གཤམ་དུ་འཁོད།” ཅེས་འཁོད་ཡོད། བོད་དང་ཐང་གི་བར་ མཇལ་དུམ་དང་ས་མཚམས་གཏན་འཁེལ་མཛད་པ་བོད་ཀྱི་སྲིད་དོན་ཐོག་ཤིན་ཏུ་མཛད་ རྗེས་ཆེ་བ་ཞིག་ཡིན་ཡང། བློན་པོ་སྦས་སྟག་སྣས་བཙན་པོ་ལ་ཕྲ་མ་གསོལ། བཙན་པོས་ ཀྱང་ཞིབ་ཏུ་རྟོག་དཔྱོད་དང་རྩད་གཅོད་མ་བྱས་པར་དེ་མ་ཐག་བཀྱོན་ཕབ་སྟེ་བསད་པ་ རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 54 སྐབས་དེར་རྒྱལ་སྲས་ཁྲི་གཙུག་ལྡེ་བཙན་གྱི་བསམ་པར། བོད་ ཀྱི་ཆོས་སྲིད་ལ་ལྷག་བསམ་རྣམ་དག་ཡིན་པའི་བློན་ཆེན་ཁོང་རྣམ་པས་ གསུངས་པ་ཤིན་ཏུ་བདེན། རྒྱལ་ཁབ་སྤྱིའི་ཆོས་སྲིད་ཀྱི་ལས་དོན་གྱི་ཐད་ ནས་བསམས་ན། གཅེན་གྱི་རེ་འདུན་དང་བསྟུན་ཐབས་བྱ་དགོས་པ་དེ་ཙམ་ གལ་ཆེན་པོ་གང་ཡང་མ་ཡིན་ལ། བོད་ཁམས་སྤྱིའི་བདེ་སྡུག་བློས་བཏང་ བྱེད་མི་རུང་བར་མ་ཟད། བློན་པོ་དྲིན་ཅན་ཚོའི་རེ་བ་སྟོང་ཟད་བྱ་བ་ནི་དེ་ བས་ཀྱང་མི་རུང་བ་ཡིན། རང་ཉིད་ལ་རྒྱལ་ཁྲི་དང་མཚན་སྙན་གྱིས་དགོས་ མཁོ་ཡོད་མེད་གང་ལྟར་ཡང། འབངས་མི་སེར་གྱི་བདེ་སྐྱིད་དང། ཡབ་ མེས་གོང་མ་རྣམས་ཀྱི་དཀའ་སྤྱད་ལས་བྱུང་བའི་སངས་རྒྱས་ཀྱི་བསྟན་པ་ ཉམས་དམས་སུ་འགྲོ་བར་ཤིན་ཏུ་བློ་འཚབ་ཆེ། འདི་དག་གི་ཆེད་དུ་རང་ ཉིད་ཀྱིས་ནུས་པ་ཡོད་ཚད་འདོན་རྒྱུ་དུས་ལ་བབས་པ་ཡིན་ངེས་པས། བློན་ འབངས་མང་ཆེ་བའི་རེ་སྐུལ་དང་ཞུ་འབོད་ཞུས་པ་ལྟར། རང་ཉིད་རྒྱལ་སར་ འཁོད་རྒྱུ་ཡིན་པའི་བློ་ཐག་བཅད། འདི་ལྟར་ཁྲི་གཙུག་ལྡེ་བཙན་གྱིས་བསམ་བློ་གཏོང་ཕྱོགས་ལ་འགྱུར་ བ་ཕྱིན་ཏེ། བློན་ཆེན་ཚོའི་རེ་འདུན་ལྟར་རྒྱལ་ཁྲིར་འཁོད་རྒྱུའི་ཐག་གཅོད་ མཛད་པ་ན། རྒྱལ་སྲས་རལ་པ་ཅན་ལ་སྔར་ལས་ཀྱང་རྒྱབ་སྐྱོར་ཇེ་མང་དུ་ གྱུར་ཏེ། སྦས་སྟག་སྣ་སོགས་ཀྱི་ཇུས་ངན་ལམ་ལྷོང་ཡོང་བའི་རེ་བ་མེད་ པར་གྱུར་པ་རེད། དུས་ཚེས་བཟང་བའི་ཉིན་ཞིག་ལ་ལྷ་སའི་ཕོ་བྲང་དམར་པོར་ཁྲི་འདོན་ གྱི་མཛད་སྒོ་རྒྱ་ཆེར་ཚུགས་ཏེ། ཁྲི་གཙུག་ལྡེ་བཙན་རལ་པ་ཅན་དངོས་སུ་
མངའ་བདག་ཁྲི་རལ་པ་ཅན། 55 རྒྱལ་ཁྲིར་ཕེབས་པའི་དགའ་སྟོན་རྒྱ་ཆེར་ཞུས། ཉིན་དེ་ནས་བཟུང་ཁྲི་གཙུག་ ལྡེ་བཙན་རལ་པ་ཅན་ནི། བོད་ཁམས་ཡོངས་ལ་མངའ་དབང་སྒྱུར་བའི་རྒྱལ་ པོ་ཞིག་ཏུ་གྱུར་པ་རེད། འོན་ཀྱང་ཁོང་ནི་སྔར་བཞིན་ཆེ་ཚུགས་དང་དཔོན་ཉམས་མི་མཛད་ པར། རང་ཉིད་ལ་ཡིད་ཆེས་དང་རེ་བ་བཅོལ་བའི་འབངས་མི་སེར་གྱི་ཁེ་ ཕན་དང་བདེ་སྐྱིད་ནི། ལས་དོན་ཡོད་ཚད་ནང་གི་རྩ་དོན་ཆེ་ཤོས་སུ་བཟུང་ སྟེ༑ ཆོས་སྲིད་ཀྱི་ལས་དོན་གང་འདྲ་ཞིག་བརྩམས་ཀྱང་རུང། རྩ་དོན་དེ་ ལས་མ་བརྒལ་བ་གཙོ་གནད་དུ་བཟུང་སྟེ་ཧུར་བརྩོན་ཆེན་པོ་མཛད་ཀྱི་ ཡོད་པ་རེད། བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་འབངས་མི་སེར་གྱི་ བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་གོང་སྤེལ་གཏོང་བ་ནི། རྒྱལ་ཁབ་ཀྱི་ དཔལ་འབྱོར་དང་དམག་དོན་ལས་ཀྱང་གལ་གནད་ཆེ་བར་ངོས་འཛིན་ མཛད་ཀྱི་ཡོད། བཙན་པོ་ཁོང་གིས། མིའི་དོན་དམ་གྱི་མཛེས་སྡུག་ནི། ཕྱིའི་པགས་པའི་སྟེང་ནས་འཇོག་རྒྱུ་ཞིག་མ་ཡིན་པར། མི་རང་ཉིད་ཀྱི་ ཀུན་སྤྱོད་ཀྱི་ཐོག་ནས་འཇོག་དགོས་པ་ཡིན་པས། ཀུན་སྤྱོད་མི་ཆོས་དང་ མཐུན་པའི་བག་ཡོད་པ་ཞིག་དགོས་ལ། དེ་བས་ཀྱང་མིའི་ཟད་མཐའ་མེད་ པའི་སྟོབས་ཤ གས་ནི། གཟུགས་མེད་ཀྱི་བསམ་བློ་ལས་བྱུང་བ་ཡིན་པས། མི་རེ་རེས་རང་ཉིད་ཀྱི་བསམ་བློ་ལ་རང་ངོས་ནས་དག་ཐེར་དང་སྐྱོན་སེལ་ བྱས་ཏེ། མཚམས་མ་ཆད་པར་གོང་སྤེལ་གཏོང་དགོས། ཞེས་རྒྱུན་གྱི་ལམ་ སྟོན་གྱི་གཙོ་གནད་དུ་མཛད་ཀྱི་ཡོད་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 56 བཙན་པོ་ཁྲི་གཙུག་ལྡེ་བཙན་གྱི་ཤིན་ཏུ་གཏིང་ཟབ་པའི་སློབ་གསོའ་ དགོངས་དོན་འདི་ཅི་ནུས་ཀྱིས་ལག་བསྟར་མཛད་པ་ལ་བརྟེན་ནས། སྐབས་དེའི་བོད་ཁམས་སྤྱིའི་གནས་སྟངས་ནི། རྗེ་འབངས་ལ་བྱམས་ ཤིང། འབངས་རྗེ་ལ་གུས་པ། གྲོགས་གཞུང་བཟང། གཉེན་ཤ་ཚ། ཁྱིམ་ བག་དྲོ། མི་རྣམས་ཕན་ཚུན་མཛའ་ཞིང་བརྩེ། ལོ་དང་ཟླ་བ་མང་པོའ ་ རིང་ཕྱུགས་ཟོག་མ་བསྡུས་ཀྱང་བོར་གཏོར་མི་འབྱུང་བས། འབྲི་ཡན་སྣ་ མེད་དང། རྟ་ཡན་སྒྲོག་མེད་ཅེས་པའི་གཏམ་ཡང་དུས་དེ་ནས་བྱུང་ཞིང། སྐབས་དེ་དག་ཏུ་བོད་ཀྱི་འབངས་མི་སེར་རྣམས་བདེ་སྐྱིད་ཀྱི་དཔལ་ ལ་སྤྱོད་པས། བཙན་པོ་ཁོང་ཤིན་ཏུ་སྐྱིད་པའི་གདུང་རབས་ཀྱི་གྲས་སུ་ བགྲངས་པ་ཡིན།
57 རིག་གཞུང་གི་སྟོབས་ཤ གས་འཕེལ་རྒྱས་ ཀྱི་གཞི་མར་བཟུང་བ། ༄༅། །བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས་ཆོས་སྲིད་ཀྱི་ལས་ དོན་གང་འདྲ་ཞིག་བརྩམས་ཀྱང། སྦས་སྟག་སྣ་སོགས་ཆོས་ལ་མི་དགའ་ བའི་བློན་པོ་རྣམས་ཀྱིས་བྱ་བ་ལམ་ལྷོང་ཡོང་བར་རྒྱུན་དུ་འགོག་རྐྱེན་རྩོམ་ གྱི་ཡོད་པར་མ་ཟད། གཅེན་པོ་དར་མ་འུ་དུམ་བཙན་གྱིས་ཀྱང་ཅི་ནུས་ཀྱིས་ གཅུང་པོའ་བྱ་བ་ལ་འགོག་རྐྱེན་སྣ་ཚོགས་བཟོ་ཡི་ཡོད་པ་རེད། ཡིན་ན་ཡང་བཙན་པོ་རལ་པ་ཅན་རྣམ་དཔྱོད་ལྡན་པ་ཞིག་དང། དུས་ བསྟུན་གྱི་བྱེད་ཐབས་ལ་མཁས་པ། ཤེས་མྱོང་འཇོན་གསུམ་ལྡན་པ་ཞིག་ ཡིན་པས། ཕྱི་ནང་གི་འགོག་རྐྱེན་གང་འདྲ་ཞིག་དང་འཕྲད་ཀྱང། དེ་ལ་ཞི་ འཇམ་དང་བྱེད་ཐབས་མཁས་པོས་གདོང་ལེན་གནང་སྟེ། འགོག་རྐྱེན་མཐའ་ དག་རིམ་གྱིས་སེལ་ཐབས་བྱས་ཏེ་མདུན་བསྐྱོད་གནང་གི་ཡོད་པ་རེད། འདི་ལྟར་བཙན་པོ་རལ་པ་ཅན་ཁོང་ནི། འགོག་རྐྱེན་གྱི་རིགས་ཡོད་ ཚད་ལ་གདོང་ལེན་བྱེད་པའི་སྤོབས་པ་ལྡན་པ་ཞིག་ཡིན་པར་མ་ཟད། ལས་ དོན་ཅི་ཞིག་བརྩམས་ཀྱང་ལྷག་བསམ་རྣམ་དག་གིས་འབངས་མི་སེར་གྱི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 58 བདེ་སྐྱིད་དང། རྒྱལ་ཁབ་ཀྱི་ཡར་རྒྱས་ལ་དམིགས་པ་ཤ་སྟག་ཡིན་པས། ཕོ་ བྲང་ཕྱི་ནང་གི་བློན་ཆེན་མང་ཆེ་བས་ཁོང་གི་སྙིང་སྟོབས་དང་ལྷག་བསམ་ ལ་ངོས་འཛིན་གསལ་པོ་ཞུས་ཏེ། ཁ་ཞེ་གཉིས་མེད་དང་རང་ནུས་གང་ཡོད་ ཀྱིས་བཙན་པོའ་ལས་དོན་ཁག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། བློན་ཆེན་མང་ཆེ་བས་རང་རང་གི་ཉམས་མྱོང་དང་རྣམ་དཔྱོད་ཟུང་ འབྲེལ་བྱས་ཏེ། བཙན་པོ་དང་མཉམ་དུ་རྒྱལ་ཁབ་ཡར་རྒྱས་ཀྱི་དོན་དུ་ འབད་བརྩོན་ལྷོད་མེད་བྱེད་བཞིན་ཡོད། བློན་ཆེན་ཚོའི་ནུས་ཤ གས་ཡོད་ ཚད་རྒྱལ་ཁབ་ཀྱི་སྤྱི་པའི་ལས་དོན་ཐོག་ཏུ་བཀོལ་སྤྱོད་ཐུབ་ཀྱི་ཡོད་པ་ འདི་ནི། བཙན་པོའ་བྱེད་ཐབས་མཁས་པའི་གྲུབ་འབྲས་ཁྱད་པར་བ་ཞིག་ ཡིན་ལ། མཉམ་སྒྲིལ་གྱི་ནུས་ཤ གས་འདི་ལ་བརྟེན་ནས་ཆོས་སྲིད་ཀྱི་ ལས་དོན་གང་འདྲ་ཞིག་བརྩམས་ཀྱང་རུང། མང་ཆེ་བ་བཙན་པོ་རང་ཉིད་ ཀྱི་ཐོག་མའི་དམིགས་ཡུལ་ལྟར་ལེགས་གྲུབ་ཡོང་གི་ཡོད་པ་རེད། རྒྱལ་ཁྲིར་འཁོད་པའི་རྒྱལ་སྲས་ཤིག་དང་སྐྱེས་ཕོ་རབ་ཅིག་ལ་མཚོན་ ན༑ ཕ་ཤ ལ་བུ་ཡིས་འཛིན་ཐུབ་དགོས་པ་ནི་གཡོལ་ཐབས་མེད་པའི་འགན་ འཁྲི་ཞིག་ཡིན་པས། བཙན་པོ་ཁོང་གིས་ནུས་ཤ གས་ཡོད་དགུ་རྩལ་སྤྲུགས་ ཀྱིས་བོད་ཀྱི་མངའ་ཐང་རྒྱ་སྐྱེད་དང། མཐའ་མཚམས་བརྟན་སྲུང། དམག་ དོན་འཕེལ་རྒྱས་བཅས་ཕྱོགས་ཡོངས་ནས་འཐུས་ཤོར་མེད་པ་གནང་སྟེ། ཡབ་མེས་རིང་གི་སྲོལ་བཟང་རྒྱུན་འཛིན་གནང་བས་མ་ཚད། ལོ་རྒྱུས་དང་ སྤྱི་ཚོགས་ཀྱི་སྐབས་སོ་སོའ་གནས་བབ་ལ་བསྟུན་ནས། དགོས་མཁོ་ཅན་ གྱི་ལས་གཞི་མང་པོ་ཞིག་ཀྱང་གསར་གཏོད་མཛད་ཀྱི་ཡོད་པ་རེད།
མངའ་བདག་ཁྲི་རལ་པ་ཅན། 59 ལྷག་པར་དུ་བཙན་པོ་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱིས། མིའི་ འཛད་མཐའ་མེད་པའི་སྟོབས་ཤ གས་ཀྱི་འབྱུང་ཁུངས་ནི། ལྷད་མེད་པའི་ བསམ་བློ་ཡིན་པ་དང། བསམ་བློའ་འཕེལ་རྒྱས་ཀྱང་ཡང་དག་པའི་རིག་ གཞུང་གི་སློབ་གསོ་ལ་བརྟེན་དགོས་པ་ཡིན་པས། མཐར་གཏུགས་ན་མིའི་ ཡར་རྒྱས་ཀྱི་གཞི་མ་ནི། ཡང་དག་པའི་རིག་གཞུང་གི་སློབ་གསོ་ཡིན་པའི་ གནས་ལུགས་ལ་མཁྱེན་རྟོགས་གསལ་པོ་བྱུང་ཡོད། གནས་ལུགས་འདི་དོན་དངོས་སུ་ལག་བསྟར་བྱ་དགོས་པ་ཞིག་མ་ གཏོགས། བཙན་པོ་རང་ཉིད་ལ་མཁྱེན་རྟོགས་ཡོད་པ་ཙམ་གྱིས་ཕན་ཐོགས་ ཅན་གྱི་འབྲས་བུ་འབྱུང་དཀའ་བ་ཡིན་པས། བཙན་པོས་ཉིན་རེའི་ལས་དོན་ བྱེད་ཕྱོགས་ཀྱི་ཁྲོད་དུ་གནས་ལུགས་དེ་ལག་བསྟར་གནང་གི་ཡོད་པར་མ་ ཟད། གནས་ལུགས་འདི་བོད་ཁམས་སྤྱིའི་སློབ་གསོའ་སྙིང་དོན་དང། བསམ་ བློ་དང་ཀུན་སྤྱོད་ཀྱི་སློབ་གསོའ་གཞི་རྩ་ལྟ་བུར་བཟུང་སྟེ། བློན་ཆེན་ཚོར་ ཡང་སློབ་གསོ་འདིའི་ཤ གས་རྐྱེན་ཐེབས་པར་དྲན་སྐུལ་དང་འབད་བརྩོན་ ལྷོད་མེད་གནང་གི་ཡོད་པ་རེད། གཞི་རྩའི་ལྟ་གྲུབ་འདིའི་ཤ གས་རྐྱེན་ལྟ་བུས་བཙན་པོ་ཁྲི་རལ་པ་ ཅན་གྱིས་ཡབ་མེས་གོང་མ་དག་ལས་ཀྱང། བོད་ཀྱི་རིག་གཞུང་དང་ཆོས་ ལུགས་དར་འཕེལ་ཡོང་བའི་དོན་དུ་དམིགས་བསལ་ནུས་ཤ གས་བཏོན་ ཏེ༑ དུས་ཡུན་ཐུང་ངུའི་ནང་སངས་རྒྱས་ཆོས་ལུགས་ཀྱིས་མཚོན་པའི་རིག་ གཞུང་མང་པོ་བོད་སྒྱུར་མཛད་ཐུབ་ཡོད་པར་མ་ཟད། ཡིག་སྒྱུར་གྱི་ལས་ གཞི་དེ་དག་སྔར་ལས་ཀྱང་གཞི་རྒྱ་ཆེ་རུ་བཏང་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 60 ཆོས་གཞུང་མང་པོ་ཞིག་ལེགས་སྦྱར་ནས་བོད་བསྒྱུར་ཟིན་ཡོད་ཀྱང། བོད་མིའི་ཁྲོད་ནས་ཆོས་གཞུང་དེ་དག་ལ་སློབ་གཉེར་ཚད་ལྡན་བྱེད་མཁན་ ཉུང་ཤས་ལས་ཐོན་གྱི་མེད་པ་ནི། བཙན་པོས་དགོངས་བཞེས་འཕར་མ་ གནང་དགོས་པའི་གནད་དོན་ཞིག་ཏུ་གྱུར་པ་རེད། དེར་བརྟེན་བཙན་པོ་རལ་ པ་ཅན་གྱིས། འདི་དག་ནི་ཡི་གེ་ནས་ཡི་གེར་བསྒྱུར་བའི་གླེགས་བམ་ཞིག་ ཡིན་པ་ཙམ་ལས། མིའི་སེམས་རྒྱུད་ལ་བབས་པའི་གོ་རྟོགས་དང་མྱོང་བའི་ ཡོན་ཏན་ཞིག་མིན་པས། ང་ལ་དགོས་པ་ནི་ཤོག་ཐོག་གི་ཡིག་འབྲུ་ཙམ་མ་ ཡིན་པར། ཡིག་འབྲུ་དེ་དག་སེམས་རྒྱུད་དུ་བབས་པའི་ཡོན་ཏན་ཅན་ཡིན། ཞེས་གསུངས་ཏེ་བོད་ཀྱི་འབངས་མི་སེར་ཁྲོད་ནས་སློབ་གཉེར་བ་ཚད་ལྡན་ ཡོང་ཐབས་སུ་དམིགས་བསལ་ཐུགས་སྣང་མཛད་ཀྱི་ཡོད་པ་རེད། སློབ་གཉེར་བ་ཡོང་ཐབས་ཀྱི་ལས་གཞིའི་ཆ་ཤས་ལྟ་བུ་ཞིག་ལ། བཙན་པོ་རལ་པ་ཅན་གྱིས་ཤེས་ཡོན་དང་འབྲེལ་བའི་ཚོགས་འདུ་མང་ ཆེ་བའི་ཐོག གཞུང་ལུགས་མང་པོ་ཞིག་རྒྱ་གར་སྐད་ཡིག་ནས་བོད་ཀྱི་ སྐད་ཡིག་ཐོག་བསྒྱུར་ཐུབ་ཡོད་པ་ནི། ང་ཚོའི་ཐུན་མོང་བའི་གྲུབ་འབྲས་ བཟང་པོ་ཞིག་ཡིན་པ་སྨོས་མ་དགོས་ཀྱང། ཆོས་གཞུང་མང་པོ་ཞིག་རྒྱ་ གར་སྐད་ཡིག་ནས་བོད་ཀྱི་སྐད་ཡིག་ཏུ་བསྒྱུར་བའི་དགོས་དོན་གཙོ་བོ་ ནི༑ བོད་མི་རྣམས་ཀྱིས་ཆོས་གཞུང་འདི་དག་ལ་སློབ་སྦྱོང་བྱས་ཏེ། ཆོས་ ཀྱི་ནང་དོན་ཤེས་དགོས་པ་ཡིན་པས། བོད་མི་ཆེ་ཆུང་ཀུན་གྱིས་ཆོས་ཀྱི་ གཞུང་ལུགས་ལ་སློབ་སྦྱོང་བྱེད་དགོས། ཞེས་ཕོ་བྲང་ཕྱི་ནང་གི་བློན་པོའ་ ཚོགས་དང། མང་ཚོགས་བཅས་ལ་བཀའ་ཁྱབ་དང་སློབ་གསོ་ལན་མང་
མངའ་བདག་ཁྲི་རལ་པ་ཅན། 61 གནང་གི་ཡོད་པ་རེད། བཙན་པོས་དེ་ལྟར་བཀའ་ཁྱབ་བཏང་བ་ཙམ་དུ་མ་ཟད། དངོས་ཡོད་ ལག་ལེན་གྱི་ཐོག་ནས་ཀྱང། བོད་མི་རྣམས་ཀྱིས་ནང་པའི་ཆོས་གཞུང་ལ་ འཆད་ཉན་སློབ་གཉེར་དང། སྒོམ་སྒྲུབ་ཉམས་ལེན་མཐའ་འཁྱོངས་པ་ཡོང་ བའི་དོན་དུ། སློབ་སྦྱོང་གི་མཐུན་རྐྱེན་གང་དགོས་བཙན་པོའ་ཕོ་བྲང་ནས་ སྦྱར་ཏེ། བོད་ཁམས་ཡོངས་སུ་ཆོས་ལུགས་དང་རིག་གནས་ཀྱི་ཤེས་ཡོན་ དར་འཕེལ་ཡོང་བར་དམིགས་བསལ་སྐུ་ལས་བསྐྱོན་ཡོད། འོན་ཀྱང་བཙན་པོ་རང་གི་རེ་བ་ལྟར་གྱི་སློབ་གཉེར་བའི་གྲངས་འབོར་ དང། སྤུས་ཚད་གཉིས་ཀར་འདོད་པ་ཁེངས་པ་ཞིག་ཡོང་གི་མེད་སྟབས། བཙན་པོས་འདིའི་ཐད་བསྐྱར་ཞིབ་ཡང་ཞིབ་ནན་ཏན་མཛད་པའི་མཐའ་མར། རབ་ཏུ་བྱུང་བའི་གྲངས་འབོར་སྔར་ལས་ཀྱང་ཇེ་མང་དུ་བཏང་སྟེ། སྤུས་ཚད་ ལྡན་པ་ཞིག་བྱ་དགོས་པ་གལ་གནད་དུ་གཟིགས་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བཙན་པོས་རབ་བྱུང་ངུར་སྨྲིག་གི་སྡེའི་ གྲངས་འབོར་འཕེལ་རྒྱས་བཏང་བ་དང་མཉམ་དུ། དགེ་འདུན་པའི་སྡེ་ རྣམས་སྔར་ལས་ཀྱང་སྤུས་ཚད་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱས་ ཏེ༑ བོད་ཁམས་སུ་ནང་དོན་རིག་པའི་གཞུང་ལུགས་དང། རིག་གནས་ ཀྱི་འཆད་ཉན་སྔར་ལས་ཀྱང་གཏིང་ཚུགས་པ་ཡོང་བར་སྐུ་ལས་ཚད་མེད་ བསྐྱོན་ཡོད་པ་རེད། དེར་བརྟེན་བཙན་པོ་རལ་པ་ཅན་གྱིས་དབུལ་ཕྱུག་དང་རིགས་རུས་ ཀྱི་ཁྱད་པར་མེད་པར། སུ་ཞིག་བསྟན་པ་ལ་རབ་ཏུ་འབྱུང་བར་འདོད་ན། དེ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 62 དག་ལ་དམག་ཁྲལ་སོགས་ཁྲལ་གྱི་རིགས་གཏན་ནས་མི་དགོས་པ་མཛད་ པའི་ཐོག སློབ་སྦྱོང་དང་འཚོ་བའི་མཐུན་རྐྱེན་ཡོངས་རྫོགས་རྒྱལ་པོའ་ཕོ་ བྲང་ནས་གོ་སྒྲིག་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་མཛད་ཡོད། བཙན་པོས་ཁྱབ་བསྒྲགས་མཛད་ནས་དུས་ཡུན་རིང་པོར་མ་འགོར་ བར། བོད་ཀྱི་གཞོན་སྐྱེས་ཁྲོད་ནས་བསྟན་པ་ལ་རབ་ཏུ་འབྱུང་མཁན་མང་ པོ་བྱུང་བས། བཙན་པོས་དགེ་འདུན་པ་གཞོན་སྐྱེས་དེ་ཚོ་ལ་སློབ་སྦྱོང་དང་ འཚོ་བའི་མཐུན་རྐྱེན་གོ་སྒྲིག་གནང་བ་དང་མཉམ་དུ། དེ་དག་ལས་རྨང་ གཞིའི་སློབ་སྦྱོང་རྐང་ཚུགས་པ་བྱུང་བའི་རིགས་རྣམས་རྒྱ་གར་དང་བལ་ ཡུལ་སོགས་སུ་མཐོ་རིམ་གྱི་སློབ་སྦྱོང་དང། ལོ་ཙཱ་བའི་སློབ་སྦྱོང་བྱ་བར་ ཡང་མཐུན་རྐྱེན་སྦྱར་ཏེ་ཆེད་གཏོང་མཛད་ཀྱི་ཡོད། རྒྱ་གར་དང་བལ་ཡུལ་དུ་ཕྱིན་པའི་སློབ་གཉེར་བ་དེ་རྣམས་ཀྱིས་ཐོག་ མའི་འཆར་གཞི་ལྟར། རང་རང་གི་སློབ་སྦྱོང་གྲུབ་པ་དང་ཕྱིར་བོད་དུ་ཕེབས་ ཏེ༑ སྔོན་གྱི་ལོ་པཎ་རྒན་པ་རྣམས་དང་མཉམ་འབྲེལ་གྱིས་རྒྱ་གཞུང་རྣམས་ བོད་ཀྱི་སྐད་ཡིག་ཐོག་བསྒྱུར་བའི་ཕྱག་ལས་གནང་གི་ཡོད། ལོ་ཙཱ་བ་རྒན་ པ་རྣམས་ཀྱིས་ལོ་མང་རིང་གི་ཡིག་སྒྱུར་གྱི་ཉམས་མྱོང་ཕྱོགས་བསྡོམས་ བྱས་པའི་ཐོག དེ་སྔ་བསྒྱུར་ཟིན་པ་མང་པོ་ཞིག་ལ་བསྒྱུར་བཅོས་དང་སྐད་ གསར་བཅད་མཛད་དེ། བོད་ཀྱི་སྐད་ཡིག་ལ་དུས་རབས་དང་བསྟུན་ནས་ འཕེལ་རྒྱས་ཀྱི་གསོན་ཤ གས་གསར་པ་ཞིག་བསྐྲུན་ཐུབ་པར་མཛད་ཡོད།
63 རྒྱ་བོད་བར་གྱི་དམག་འཁྲུག་ཞི་བས་ འདུམ་འགྲིག་མཛད་པ། ༄༅། །བཙན་པོ་ཁྲི་རལ་པ་ཅན་གྱིས། མིའི་སྤྱི་ཚོགས་ནང་གི་འགལ་བ་ དང་དཀའ་རྙོག་མཐའ་དག་ནི། མི་རང་ཉིད་ཀྱི་ངོས་ནས་བཟོས་པ་ཤ་སྟག་ ཡིན་པས། དཀའ་རྙོག་དེ་དག་སེལ་བ་ཡང་མི་རང་ཉིད་ཀྱི་བྱེད་ཐབས་ལ་ བརྟེན་དགོས་པ་དང། དེ་ཡང་གྲོས་མོལ་གྱི་བྱེད་ཐབས་ནི། སྤྱི་ཚོགས་ཀྱི་ འགལ་བ་འདུམ་འགྲིག་དང། དཀའ་རྙོག་སེལ་བའི་ཐབས་ལམ་ཡག་ཤོས་ ཤིག་ཡིན་པར་ངོས་འཛིན་གནང་གི་ཡོད། བཙན་པོ་ཁོང་གིས་ཕོ་བྲང་ཕྱི་ནང་གི་འགལ་ཟླ་དང་དཀའ་རྙོག་གི་ རིགས་མཐའ་དག་དགོངས་པ་བཞེས་སྟངས་འདི་གཞིར་བཟུང་སྟེ། ཞི་བ་ དང་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གཙོ་འདོན་གནང་གི་ཡོད་པར་མ་ ཟད། རྒྱ་ཆེ་ས་ནས་རྒྱ་བོད་བར་གྱི་འགལ་ཟླ་དང་དཀའ་རྙོག་གིས་མཚོན། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་མི་མཐུན་པའི་དཀའ་རྙོག་གི་རིགས་ཐམས་ ཅད་ཀྱང་གྲོས་མོལ་གྱི་ཐབས་ལམ་འདི་བརྒྱུད་ནས་གཙང་སེལ་ཐུབ་པར་ འབད་བརྩོན་གནང་གི་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 64 སྤྱིར་རྒྱ་བོད་གཉིས་སྲིད་པ་ཆགས་པ་ནས་བཟུང་སྟེ་ས་བབས་ འདབས་འབྲེལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཏུ་གནས་པར་མ་ཟད། མ་ འོངས་པར་ཡང་སྔར་བཞིན་ཕྱོགས་གཉིས་ཀ་ཁྱིམ་མཚེས་ཀྱི་གནས་བབ་ ཐོག་ནས་འཚོ་ཐབས་བྱེད་དགོས་པ་ལས། རང་བྱུང་ས་བབ་ཀྱི་ཆགས་ཚུལ་ འདི་ལ་སུ་གང་གིས་ཀྱང་བཟོ་བཅོས་བྱེད་ཐབས་བྲལ་བ་ཞིག་ཡིན། དངོས་ ཡོད་གནས་སྟངས་འདི་ནི་བཙན་པོ་ཁྲི་རལ་པ་ཅན་གྱིས་རྒྱ་བོད་གཉིས་ཞི་ གྲོས་ཀྱི་ལམ་ནས་འདུམ་འགྲིག་བྱེད་པའི་རྒྱུ་མཚན་གཙོ་བོ་དེ་ཡང་ཡིན། བཙན་པོ་སྲོང་བཙན་སྒམ་པོ་དང། ཁྲི་སྲོང་ལྡེ་བཙན་སོགས་བཙན་པོ་ ཡབ་མེས་འགའ་ཤས་རིང། རྒྱ་ནག་གི་ཐང་རྒྱལ་པོ་དང། བོད་ཀྱི་བཙན་པོའ་ བར་གཉེན་གྱི་འབྲེལ་བ་བརྒྱུད་ནས་ཆབ་སྲིད་དང། རིག་གནས། ལག་རྩལ་ བཅས་ཀྱི་འབྲེལ་བ་གཏིང་ཟབ་པོ་ཞིག་བཙུགས་ཡོད་ཀྱང། མཚམས་རེར་ ས་མཚམས་རྩོད་རྙོག་སོགས་ཀྱིས་རྐྱེན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་བར་ འགལ་ཟླ་དང་དམག་འཁྲུག་ཀྱང་ལན་མང་བྱུང་སྟེ། ཕྱོགས་གཉིས་ཀའི་མི་ ཕྱུགས་སྟོང་ཕྲག་མང་པོའ་ཚེ་སྲོག་ཤོར་དགོས་གྱུར་ཡོད། དེར་བརྟེན་རྒྱ་བོད་གཉིས་ཀྱི་གཡུལ་འཁྲུག་སྔ་ཕྱི་དེ་དག་གིས་ཕྱོགས་ གཉིས་ཀའི་བདེ་འཇགས་ལ་ཚབས་ཆེའི་གནོད་སྐྱོན་བཟོ་བཞིན་ཡོད་པའི་ ཐོག མང་ཚོགས་ཀྱི་འཚོ་བ་ལ་ཡང་དོ་ཕོག་ཚབས་ཆེན་བྱུང་སྟེ། དཔལ་ འབྱོར་དང་དཔུང་ཤ གས་སོགས་གང་ཅིའི་ཐད་ནས་གྱོང་གུད་མང་པོ་ཐེབས་ ཡོད་པ་སྨོས་མ་དགོས། རྒྱ་བོད་ཀྱི་དམག་མིའི་བར་གཡུལ་འཐབ་ཇི་ཙམ་བྱས་ཀྱང། ཕྱོགས་
མངའ་བདག་ཁྲི་རལ་པ་ཅན། 65 གཉིས་ཀར་རྒྱལ་ཕམ་ཐག་ཆོད་པ་ཞིག་གཏན་ནས་ཡོང་གི་མེད་པར་བརྟེན། སྐབས་ཤིག་ནས་རྒྱལ་ཁབ་སོ་སོའ་ཞི་བའི་མང་ཚོགས་རྣམས་དམག་འཁྲུག་ ལ་སུན་སྣང་སྐྱེས་ཏེ། གཡུལ་འཁྲུག་མེད་པའི་ཞི་བདེ་ལྷིང་འཇགས་ཀྱི་འཚོ་ བ་ལ་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད་པ་རེད། བཙན་པོ་ཁྲི་རལ་པ་ཅན་གྱིས་ཀྱང་འབངས་མི་སེར་གྱི་རེ་བ་ གསལ་པོར་རྟོགས་ཀྱི་ཡོད་སྟབས། རྒྱ་བོད་བར་གྱི་དམག་འཁྲུག་ མཚམས་འཇོག་ཡོང་བར་རྒྱུན་དུ་འབད་བརྩོན་གནང་གི་ཡོད་ཀྱང། ས་ མཚམས་ཀྱི་རྩོད་རྙོག་ཆེན་པོ་ཡོད་པའི་ཐོག དམག་འཁྲུག་སྔ་ཕྱིའི་ སྐབས་ཕྱོགས་གཉིས་ཀར་མི་བསད་རྟ་འགྱེལ་གྱི་གནས་ཚུལ་མང་པོ་ བྱུང་ཡོད་སྟབས། ཕྱོགས་གཉིས་ཀའི་འཁོན་འགྲས་ལས་སླ་པོས་སངས་ ཐུབ་པ་ཞིག་མ་ཡིན་ལ། དམག་འཁྲུག་དེ་མ་ཐག་མཚམས་འཇོག་བྱེད་ ཐུབ་པ་ཞིག་དེ་བས་ཀྱང་ག་ལ་ཡིན། ཉིན་ཞིག་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱུན་ལྡན་དང་མི་འདྲ་བར། སྦྲ་ གུར་ཆེ་ཆུང་སྣ་ཚོགས་གྲལ་སྟར་སྒྲིག་པའི་དཀྱིལ་དུ་ཚོམས་གུར་ཤིན་ཏུ་རྒྱ་ ཆེན་པོ་ཞིག་ཕུབ་ཡོད། ཚོམས་གུར་དེ་ཕྱི་རིམ་ནང་རིམ་བྱས་ཏེ། སྐུ་སྲུང་ དམག་མི་བརྒྱ་ཕྲག་ལྷག་གིས་བསྐོར་ནས་སྲུང་ཡོད་པར་མ་ཟད། ཚོམས་ གུར་མདུན་གྱི་སྒོ་ཆེན་འགག་ཏུ་ཚོགས་ཞུགས་པ་ཡོངས་རྫོགས་ལ་ལུས་ བཤེར་བྱེད་པ་སོགས་ཤིན་ཏུ་དོགས་ཟོན་ནན་པོ་བྱེད་ཀྱི་ཡོད་སྟབས། སུས་ མཐོང་ཡང་འདི་ནི་ཤིན་ཏུ་གལ་གནད་ཆེ་ཞིང། ཛ་དྲག་གི་རང་བཞིན་ལྡན་ པའི་འདུ་འཛོམས་ཤིག་ཡིན་པ་གསལ་པོར་རྟོགས་ཐུབ།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 66 སྐབས་དེར་བོད་ཀྱི་བློན་ཆེན་མང་པོ་ཞིག་ཚོམས་གུར་དུ་སྔ་པོ་ནས་ ཕེབས་ཡོད་སྟབས། བློན་ཆེན་རྣམས་དུམ་སྐོར་དུམ་སྐོར་བྱས་ཏེ་བརྗོད་ གཞི་མ་འདྲ་བ་སྣ་ཚོགས་ཀྱི་ཐོག་གླེང་མོལ་གནང་བཞིན་ཡོད། སྐབས་དེ་ འདྲ་ཞིག་ལ་བྲན་ཁ་དཔལ་ཡོན་སོགས་བོད་ཀྱི་བློན་པོ་སྐོར་ཞིག་གིས་ཐང་ གི་སྐུ་ཚབ་འཐུས་མི་རྣམས་ཁྲིད་ནས་ཚོམས་གུར་གྱི་སྒོ་མདུན་དུ་ཕེབས། ཐང་གི་སྐུ་ཚབ་འཐུས་མི་ཚོར་སྣེ་ལེན་དང་བརྩི་མཐོང་ཤིན་ཏུ་ཡག་པོ་ ཞུ་ཡི་ཡོད་ཀྱང། ཚོམས་གུར་དུ་མ་འཛུལ་བའི་གོང་དུ། སྐུ་ཚབ་འཐུས་མི་ རེ་རེ་བཞིན་དོགས་ཟོན་ཆེན་པོས་ལུས་བཤེར་བྱེད་ཀྱི་ཡོད་པར་མ་ཟད། ཚོམས་གུར་ནང་དུ་བཙན་པོའ ་ཉེ་འཁྲིས་སུ་སྡོད་མ་བཅུག་པ་ལ་བལྟས་ ན༑ སྐབས་དེར་རྒྱ་བོད་གཉིས་ཕན་ཚུན་དོགས་ཟོན་ཇི་ཙམ་བྱེད་ཀྱི་ཡོད་ པ་ཡང་གསལ་པོ་ཤེས་ཐུབ། འོན་ཀྱང་རྒྱ་བོད་ཕྱོགས་གཉིས་ཀ་ལ་དམག་ མཚམས་འཇོག་རྒྱུའི་འདོད་པ་ཆེན་པོ་ཡོད་སྟབས། གྲོས་མོལ་བྱ་བའི་ འདོད་པ་ནི་ཕྱོགས་གཉིས་ཀ་ལ་གཅིག་མཚུངས་སུ་ཡོད་པ་རེད། རྒྱ་བོད་ཀྱི་བློན་ཆེན་དང་སྐུ་ཚབ་འཐུས་མི་རྣམས་ཚོམས་གུར་དུ་ འཛོམས་ནས་ཅང་མ་འགོར་བར། སྐུ་སྲུང་དམག་དཔོན་ཞིག་བྲན་ཁ་ དཔལ་ཡོན་གྱི་སར་བཅར་ཏེ། བཙན་པོ་ཕེབས་ལ་ཉེ་བའི་གནས་ཚུལ་སྙན་ སེང་ཞུས་པ་ན། འཕྲལ་མར་རྒྱ་བོད་ཀྱི་བློན་ཆེན་རྣམས་སོ་སོའ་བཞུགས་ གྲལ་དུ་ཕེབས་ཏེ། གུས་ཞབས་དང་བཅས་བཙན་པོ་ཕེབས་པར་བསྒུགས་ ནས་བསྡད།
མངའ་བདག་ཁྲི་རལ་པ་ཅན། 67 མཚམས་ཤིག་ལ་བཙན་པོ་ཁྲི་རལ་པ་ཅན་འཁོར་བཅས་སྐུ་སྲུང་ མང་པོས་བསྐོར་བཞིན་ཚོམས་གུར་དུ་ཕེབས། བཙན་པོ་བཞུགས་ཁྲིར་ འཁོད་ཟིན་པ་དང། རྒྱ་བོད་ཀྱི་བློན་ཆེན་དང་འཐུས་མི་རྣམས་ཀྱང་སོ་སོའ་ བཞུགས་གྲལ་དུ་འཁོད། སྐབས་དེར་མཛད་སྒོ་གཙོ་སྐྱོང་བས་ཚོགས་འདུ་ དབུ་འཛུགས་བྱ་རྒྱུ་ཡིན་པའི་ཁྱབ་བསྒྲགས་བྱས། འདི་ནི་ཐང་རྒྱལ་ཁབ་ ནས་ཕེབས་པའི་སྐུ་ཚབ་འཐུས་མི་རྣམས་གཞུང་འབྲེལ་གྱི་ཐོག་ནས་བཙན་ པོ་རལ་པ་ཅན་ལ་མཇལ་འཕྲད་ཞུ་བའི་མཛད་སྒོའ་རྣམ་པ་ཞིག་ཡིན། བཙན་པོ་དབུ་བཞུགས་ཀྱི་མཛད་སྒོ་དངོས་གཞི་འདིའི་ཐོག རྒྱ་བོད་ བར་གྱི་ས་མཚམས་ཀྱི་གནད་དོན་ལ་སོགས་པའི་གྲོས་གཞི་བྱེ་བྲག་པ་ རྣམས་དམིགས་བསལ་གྲོས་བསྡུར་བྱ་རྒྱུའི་མཛད་རིམ་མེད་ཀྱང། མཛད་ སྒོ་ཤིན་ཏུ་གཟབ་རྒྱས་ལྡན་པ་གོ་སྒྲིག་ཞུས་ཡོད་པར་མ་ཟད། བོད་ཀྱི་ བཙན་པོས་རྒྱ་བོད་བར་གྱི་འདས་པའི་ལོ་རྒྱུས་ཀྱི་འབྲེལ་བ་དང། ད་ལྟའི་ གནས་བབས། མ་འོངས་པར་མཐུན་ལམ་མཛའ་འབྲེལ་དམ་པོ་དགོས་པ་ ཕྱོགས་གཉིས་ཀ་ལ་གལ་གནད་ཆེན་པོར་ཆགས་ཡོད་པ། རྒྱ་བོད་སུའི་ ངོས་ནས་ཀྱང་ཕན་ཚུན་འགལ་ཟླར་འགྲོ་རྐྱེན་གྱི་བྱ་སྤྱོད་སྤེལ་མི་རུང་བ་ བཅས་ཀྱི་གནད་དོན་ཞིབ་ཕྲ་གླེང་སྟེ། བཙན་པོའ་གཞི་རྩའི་དགོངས་པ་ བཞེས་ཕྱོགས་དང། རྒྱ་བོད་བར་གྱི་གནད་དོན་ཐད་གཟིགས་ཚུལ་ཅི་ཡོད་ གསལ་འདོན་མཛད། བཙན་པོ་རལ་པ་ཅན་ནི། ཕ་རོལ་པོ་མཐོ་དམན་བཟང་ངན་སུ་འདྲ་ ཞིག་ཡིན་ཡང་རུང། དེ་དང་དེར་སོ་སོའ་གནས་བབ་དང་འཚམ་པའི་བརྩི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 68 མཐོང་སྤྲད་དེ་རང་ཕྱོགས་སུ་འགུག་པ་དང། བྱས་པ་ཅན་ཚོའི་བློ་སྟོབས་ རྒྱུན་གནས་ཡོང་ཐབས་མཛད་པའི་ཐབས་ལ་མཁས་ཤིང། མི་བག་འཁུམས་ ནུས་མེད་ཅིག་ཡིན་ན་ཡང། དེའི་སྙིང་ལ་རུས་པ་བཅུག་སྟེ་ལྷག་བསམ་ དང། བློ་སྤོབས་ལྡན་པའི་མི་གསར་པ་ཞིག་ཏུ་བསྒྱུར་བཅོས་བྱེད་པ་སོགས། མི་དབུལ་ཕྱུག་དང་མཐོ་དམན་དྲག་ཞན་ཀུན་ལ། རང་རང་གི་མོས་པ་དང་ འཚམ་པའི་བྱེད་ཐབས་སྣ་མང་བཀོལ་སྤྱོད་ཐུབ་མཁན་ཞིག་ཡིན་པས། མི་ མཐོ་དམན་དྲག་ཞན་ཐམས་ཅད་ཀྱིས་རེ་ལྟོས་དང། སེམས་གཏིང་ནས་ དགའ་མོས་ཞུ་ས་ཞིག་ཏུ་རང་བཞིན་གྱིས་གྱུར་ཡོད། བཙན་པོ་བྱེད་ཐབས་ལ་མཁས་པའི་དབང་གིས་ཡིན་ནམ། གང་ ལྟར་རྒྱའི་ཐང་གི་བློན་པོ་རྣམས་བཙན་པོ་རལ་པ་ཅན་ལ་མཇལ་ཐེངས་ དང་པོ་ཡིན་ཡང། ཐེངས་དང་པོའ ་མཇལ་འཕྲད་དེའི་རིང་གི་བཙན་པོའ ་ སྒམ་བརླིང་དཔྱོད་གསུམ་དང། ཞི་དུལ་བག་ཡོད། གནས་ལུགས་ཀྱིས་ ཕྱུག་པའི་གསུང་མོལ་གནང་སྟངས་བཅས་ཀྱིས། ཁོང་ཚོར་ཡིད་འགུག་ ནུས་པའི་ཤ གས་རྐྱེན་ཟབ་མོ་ཐེབས་ཡོད་པར་མ་ཟད། རྒྱའི་སྐུ་ཚབ་བློན་ པོ་ཚོའི་བསམ་པར། བཙན་པོ་རལ་པ་ཅན་གྱི་ཐུགས་ཀྱི་བཞེད་དགོངས་ ལྟར། རྒྱ་བོད་གཉིས་ཞི་འགྲིག་ལེགས་པོ་ཡོང་དགོས་པའི་ལྟ་ཚུལ་གཅིག་ གྱུར་བྱུང་ཡོད། རྒྱ་ནག་གི་སྐུ་ཚབ་བློན་པོ་རྣམས་བོད་ཀྱི་བཙན་པོ་དང་མཇལ་འཕྲད་ བྱུང་བའི་རྗེས། སྔར་ལས་ཀྱང་རྒྱ་བོད་བར་ཞི་འགྲིག་ཡོང་ཐབས་བྱ་དགོས་ པ་ནི། ཤིན་ཏུ་གལ་ཆེན་པོ་ཡིན་པའི་ལྟ་ཚུལ་བརྟན་པོ་བྱུང་ཡོད། དེའི་རྒྱུ་
མངའ་བདག་ཁྲི་རལ་པ་ཅན། 69 མཚན་ནི། ཁོང་ཚོས་བོད་ཀྱི་བཙན་པོ་ལ་མཐུན་ཕྱོགས་ཀྱི་འབྲེལ་ལམ་བྱ་ དགོས་པ་མ་གཏོགས། མུ་མཐུད་དགྲ་ཟླ་དང་ཁ་གཏད་ཀྱི་ངོ་བོའ་ཐོག་ནས་ གནས་ཚེ། ས་མཚམས་ཀྱི་གནད་དོན་སོགས་ཞི་དྲག་གི་ལས་དོན་གང་ཅིའི་ ཐད་ནས། ཐང་གོང་མ་ལ་གནོད་སྐྱོན་ཆེ་བ་ལས་ཕན་ཐོགས་མེད་པ་གསལ་ པོ་མཁྱེན་རྟོགས་བྱུང་ཡོད་ལ། བོད་ཀྱི་དཔུང་དམག་རྣམས་དྲག་འཐབ་ཀྱིས་ ཁ་གཏད་ཆོག་པ་ཞིག་མིན་པ་ཡང་ཁོང་ཚོར་རྒྱུས་ལོན་གསལ་པོ་བྱུང་ཡོད། དེ་ནས་དུས་ཚེས་བཟང་བའི་ཉིན་ཞིག་ལ། བོད་རྒྱའི་སྐུ་ཚབ་འཐུས་ མི་རྣམས་བསྐྱར་དུ་ཚོམས་གུར་ཆེན་པོ་ཞིག་ཏུ་འཛོམས་ཏེ། ཉིན་ཤས་རིང་ བོད་རྒྱའི་བར་གྱི་དཀའ་རྙོག་སྣ་ཚོགས་ཐོག་གྲོས་བསྡུར་མཛད་པའི་མཐའ་ མར། བོད་རྒྱའི་ས་མཚམས་གཏན་འབེབས་དང། ས་མཚམས་བརྒལ་ནས་ ཕན་ཚུན་དམག་ཤེད་དང་དཔུང་འཇུག་མི་བྱེད་པའི་གྲོས་མཐུན་བྱུང་སྟེ། རྒྱ་ རྒྱ་ཡུལ་ན་སྐྱིད་ཅིང། བོད་བོད་ཡུལ་ན་སྐྱིད་པས། རྒྱ་བོད་གཉིས་སུ་ཡིན་ ཡང་ཁྲིམས་འགལ་གྱིས་ས་མཚམས་བརྒལ་བ་དང། གང་བྱུང་གིས་ཡུལ་ མི་གནས་སྤོ་མི་བྱེད་པ་སོགས། གྲོས་དོན་སྣ་ཚོགས་གཉིས་མོས་ཀྱིས་ཐག་ གཅོད་མཛད་ཐུབ་པ་བྱུང་ཞིང། ཐག་གཅོད་དེ་དག་ལག་ལེན་དུ་དོན་འཁྱོལ་ བྱ་རྒྱུ་ཡིན་པ་གནམ་སྔོན་པོ་དང་དཀོན་མཆོག་དཔང་བཙུགས་ཀྱིས་མནའ་ སྐྱེལ་བྱས་ཡོད། མནའ ་ སྐྱེལ་དང་དཀོན་མཆོག་དཔང་བཙུགས་ཀྱིས་བཞག་པའི་ གྲོས་དོན་དེ་དག་དུས་ནས་དུས་སུ་མི་འགྱུར་བར་ཡིད་ལ་དྲན་པའི་དོན་ དུ༑ དབོན་ཞང་མཐུན་འབྲེལ་རྡོ་རིང་ཞེས་པ། བོད་ཀྱི་རྒྱལ་ས་ལྷ་ས་དང།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 70 རྒྱ་བོད་ཀྱི་ས་མཚམས། རྒྱའི་ཐང་གོང་མའི་རྒྱལ་ས་ཁྲང་ཨན་བཅས་སུ་ བཙུགས་ཏེ་ལོ་རྒྱུས་ལ་འགྱུར་བ་མེད་པའི་དྲན་རྟེན་ཞིག་བསླངས་ཡོད། བཙན་པོ་ཁྲི་རལ་པ་ཅན་གྱི་སྐུ་དུས་སུ་ལྷ་སའི་གཙུག་ལག་ཁང་གི་མདུན་དུ་བཙུགས་པའི་དབོན་ཞང་ མཐུན་འབྲེལ་གྱི་རྡོ་རིང།
71 ཡ་མཚར་ཅན་གྱི་གཙུག་ལག་ཁང་བཞེངས་པ་། ༄༅། །བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ། གཉན་ པོ་གསང་བ་ཞེས་བཏགས་པའི་དཔང་སྐོང་ཕྱག་བརྒྱ་པ་དང། མདོ་སྡེ་ཟ་ མ་ཏོག་སོགས་ཡུམ་བུ་བླ་མཁར་དུ་བཞུགས་སུ་གསོལ་ཏེ་མཆོད་འབུལ་ གནང་བ་དང་། དེ་རྗེས་བོད་ཀྱི་བཙན་པོ་རིམ་བྱོན་གྱིས་ལྷ་ཁང་དང་གཙུག་ ལག་ཁང་ཤིན་ཏུ་མང་པོ་བཞེངས་ཡོད། ལྷ་ཁང་དང་གཙུག་ལག་ཁང་དེ་ དག་ནི་གངས་ལྗོངས་མཛེས་བྱེད་ཀྱི་ཕྲ་ཚོམ་ལྟ་བུ་ཡིད་དུ་འོང་བ་ཤ་སྟག་ཏུ་ གྱུར་ཡོད། དཔེར་ན། བོད་ཁམས་མེ་ཏོག་གི་སྐྱེད་ཚལ་ཆེན་པོ་ཞིག་ཡིན་ན། ལྷ་ཁང་དང་གཙུག་ལག་ཁང་དེ་དག་ནི། སྐྱེད་ཚལ་དེའི་ནང་གི་མཛེས་ཤིང་ ལྟ་ན་སྡུག་པའི་མེ་ཏོག་སེར་ཆེན་རེའི་ཚུལ་དུ་ཤིན་ཏུ་མཛེས་སྡུག་ལྡན་པར་ བཞད་ནས་ཡོད། བཙན་པོ་ཁྲི་རལ་པ་ཅན་གྱིས་ཆོས་ལུགས་དང། རིག་གནས། ཆབ་ སྲིད་གང་ཅིའི་ཐད་ནས་མང་པོ་ཞིག་ཡབ་མེས་གོང་མ་རྣམས་ཀྱི་མཛད་པ་ བཟང་པོ་རྒྱུན་སྐྱོང་གནང་ཡོད་ཀྱང། སྤྱི་ཚོགས་ལ་ཁ་ཕྱོགས་པའི་ཆོས་ སྲིད་ཀྱི་ལས་དོན་གང་འདྲ་ཞིག་ཡིན་ཡང་རུང། ཡུལ་དུས་ཀྱི་འགྱུར་བ་ དང། སྤྱི་ཚོགས་ཀྱི་དགོས་མཁོ་ལ་བསྟུན་དགོས་པ་སྨོས་མེད་ཡིན་པས། དུས་ཀྱི་འགྱུར་བ་དང་འཚམ་པའི་ལས་གཞི་དགོས་མཁོ་ཅན་མང་པོ་ཞིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 72 ཀྱང་བཙན་པོ་ཁོང་གིས་གསར་གཏོད་མཛད་ཡོད། བཙན་པོ་རལ་པ་ཅན་ཁོང་ནི། ཆབ་སྲིད་དང་ཆོས་ལུགས་རྐྱང་པ་མ་ ཡིན་པར་འཛུགས་སྐྲུན་དང་ལག་རྩལ་གྱི་ཕྱོགས་ལ་ཡང་ཤིན་ཏུ་ཐུགས་སྣང་ ཆེན་པོ་ཡོད་མཁན་ཞིག་ཡིན་པས། གནའ་བོའ་བཙན་པོའ་ཕོ་བྲང་ཡུམ་བུ་ བླ་མཁར་1དང། དམར་པོ་རིའི་ཕོ་བྲང་པོ་ཏ་ལ2། ར་ས་འཕྲུལ་སྣང་གི་གཙུག་ ལག་ཁང་ 3། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ 4སོགས། བཙན་པོ་ཡབ་མེས་གོང་མ་རྣམས་ཀྱི་ཤ ལ་བཞག་འཛུགས་སྐྲུན་ ཁག་ལ་སྐུ་ན་གཞོན་དུས་ནས་ཐུགས་སྣང་ཆེན་པོས་གཟིགས་ཞིབ་མཛད་ 1 ཕོ་བྲང་ཡུམ་བུ་བླ་མཁར། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོའ་སྐུ་དུས་སུ་ བཞེངས་པའི་ཕོ་བྲང་ཞིག་ཡིན་ལ། བོད་ཀྱི་ལོ་རྒྱུས་ཐོག་མཁར་གྱི་ཐོག་མ་ཕོ་བྲང་འདི་ ཡིན་ཟེར་བ་ཡང་ཡོད། 2 དམར་པོ་རིའི་ཕོ་བྲང་པོ་ཏ་ལ། བཙན་པོ་སྲོང་བཙན་སྒམ་པོའ་སྐུ་དུས་སུ་དམར་པོའ་རི་ལ་ ཕོ་བྲང་བཞེངས་ཏེ་བཙན་པོའ་སྲིད་ཀྱི་ལྟེ་གནས་ཡར་ཀླུང་གཙང་པོའ་ལྷོ་རྒྱུད་ནས་འདིར་ གནས་སྤོས་མཛད་པ་ཡིན། 3 ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་། བཙན་པོ་སྲོང་བཙན་སྒམ་པོའ་སྐུ་དུས་བལ་ཡུལ་ རྒྱལ་པོ་འོད་ཟེར་གོ་ཆའི་སྲས་མོ་ཁྲི་བཙུན་བཙུན་མོར་བསུས་པ་དེའི་རྫོངས་སྐལ་དུ་ གནང་བའི་ཇོ་བོ་མི་བསྐྱོད་རྡོ་རྗེའི་བཞུགས་གནས་བལ་བཟའ་ཁྲི་བཙུན་གྱིས་བཞེངས་ པའི་གཙུག་ལག་ཁང་ཞིག་ཡིན། 4 བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང། བཙན་པོ་ཁྲི་སྲོང་ལྡེ་བཙན་ གྱི་སྐུ་དུས་སུ་བཞེངས་པའི་གཙུག་ལག་ཁང་ཞིག་ཡིན་ལ། བཟོ་བཀོད་གླིང་བཞི་གླིང་ ཕྲན་གྱི་ཚུལ་དུ་ཡོད་པ་དང། བོད་ཀྱི་ལོ་རྒྱུས་ཐོག་གི་དགོན་པའི་སློབ་གྲྭ་ཐོག་མ་དེ་འདིར་ ཚུགས་པ་ཡིན།
མངའ་བདག་ཁྲི་རལ་པ་ཅན། 73 ཀྱི་ཡོད་པ་རེད། བཙན་པོས་སྔོན་གྱི་ལྷ་ཁང་དང་གཙུག་ལག་ཁང་དེ་དག་ལ་གཟིགས་ ཞིབ་གནང་བའི་སྐབས། ཕྱི་ཚུལ་གྱི་མཛེས་སྡུག་རགས་པ་ཙམ་མ་ཡིན་པར། ཕྱིའི་བཟོ་བཀོད་དང། ནང་གི་རྟེན་བཞེངས། རྒྱ་ཁྱོན། ཐུན་མོང་མ་ཡིན་པའི་ མཛེས་ཆ། བཀོད་པའི་མཚོན་དོན་སོགས་ཕྱོགས་ཡོངས་ནས་རྟོག་ཞིབ་ མཛད་ཀྱི་ཡོད་སྟབས། ཡབ་མེས་གོང་མ་ཚོའི་ཤ ལ་བཞག་གི་གཙུག་ལག་ ཁང་དེ་དག་ནི། ཆོས་ལུགས་ཀྱི་གནད་དོན་ཙམ་མ་ཡིན་པར་སྒྱུ་རྩལ་གྱི་ གསར་གཏོད་དང། འཛུགས་སྐྲུན་ལག་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པ་ཞིག་ ཡིན་པར་མ་ཟད། བོད་ཀྱི་རིག་གཞུང་གི་ལྟེ་གནས་དང། བསམ་བློའ་བདེ་ སྐྱིད་ཀྱི་གཞི་མ་ཞིག་ཏུ་གྱུར་ཡོད་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད། དེར་བརྟེན་བཙན་པོ་ཁོང་གིས་རྒྱལ་ཁབ་ཀྱི་ལས་དོན་གཞན་དག་ འཐུས་ཤོར་མེད་པར་རྒྱུན་འཛིན་བྱས་པ་དང་མཉམ་དུ། ཡབ་མེས་ཀྱི་གཙུག་ ལག་ཁང་རྙིང་སྐྱོན་དང་ཞིག་རལ་དུ་གྱུར་པའི་རིགས་མང་པོ་ཞིག་ལ་ཞིག་ གསོས་མཛད་ཅིང། གཙུག་ལག་ཁང་དེ་དག་ལས་མང་པོ་ཞིག་ཕྱག་འཚལ་ སྐོར་སྦྱོང་ཞུ་ས་ཙམ་མ་ཡིན་པར། ལྷ་ཁང་དང་གཙུག་ལག་ཁང་སོ་སོའ་ ནང་དུ་དགེ་འདུན་པའི་གྲངས་དང་སྤུས་ཚད་གཉིས་ཀ་འཕེལ་རྒྱས་བཏང་ སྟེ༑ འཆད་ཉན་སློབ་གཉེར་གྱི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ ཚོགས་སུ་བཏང་བའི་སྒོ་ནས་སློབ་གཉེར་གྱི་ལྟེ་གནས་གཙོ་བོ་ཤ་སྟག་ཏུ་ བསྒྱུར་ཡོད་པ་རེད། བཙན་པོ་ཁོང་གི་བྱེད་ཐབས་ཁྱད་པར་བ་མང་པོ་ལ་བརྟེན་ནས། ལྷ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 74 ཁང་དང་གཙུག་ལག་ཁང་གི་རིགས་མང་ཆེ་བ་ཤེས་ཡོན་སློབ་སྦྱོང་གི་ ལྟེ་གནས་གཙོ་བོ་ཞིག་ཏུ་བསྒྱུར་བ་དེས། བོད་མི་སྤྱི་ཡོངས་ཀྱི་བསམ་ བློའ་འདུ་ཤེས་ཁྲོད་དུ་ལྷ་ཁང་དང་གཙུག་ལག་ཁང་ནི། མི་རིགས་རང་གི་ གཅེས་ནོར་དང་དཔལ་ཡོན་གྱི་མཚོན་དོན་གཙོ་བོ་ཞིག་ལ་ངོས་འཛིན་ བྱེད་པའི་གོམས་སྲོལ་གཏིང་ཟབ་ཅིག་བསྐྲུན་ཡོད་པ་རེད། བཙན་པོ་རལ་པ་ཅན་གྱི་དགོངས་པར། རང་ཉིད་ཀྱིས་ཀྱང་གཙུག་ལག་ ཁང་ཁྱད་པར་བ་ཞིག་བཞེངས་དགོས་སྙམ་པ་སྔོན་མ་ནས་ཡོད་པར་མ་ཟད། གཙུག་ལག་ཁང་དེ་ནི་ཡབ་མེས་གོང་མ་དག་གི་གཙུག་ལག་ཁང་ལས་ཁྱད་ ཆོས་དུ་མས་ཁྱད་པར་དུ་འཕགས་པ་ཞིག་བཞེངས་པའི་གྲ་སྒྲིག་གནང་ཡོད། འོན་ཀྱང་བར་སྐབས་ཀྱི་ལས་དོན་སྣ་ཚོགས་ཀྱི་རྐྱེན་པས་དངོས་སུ་ལས་གཞི་ དབུ་འཛུགས་ཐུབ་མེད། བཙན་པོས་གསར་དུ་བཞེངས་རྒྱུར་འཆར་གཞི་འདིང་བཞིན་པའི་གཙུག་ ལག་ཁང་དེ་ནི། ཡོངས་གྲགས་སུ་འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་ གྱི་གཙུག་ལག་ཁང་ཞེས་བྱ་བ་དེ་ཡིན་ལ། གཙུག་ལག་ཁང་འདི་ཐོག་བརྩེགས་ དགུ་ལྡན་ཞིག་ཡིན་ཞིང། འོག་ཐོག་གསུམ་རྒྱུ་ཆ་རྡོ་ལས་བཟོས་པ་དང། བར་ ཐོག་གསུམ་རྒྱུ་ཆ་ས་ཕག་ལས་བཟོས་པ། སྟེང་ཐོག་གསུམ་རྒྱུ་ཆ་ཤིང་ལས་ བཟོས་པ་བཅས་ཀྱི་ཁྱད་ཆོས་མི་འདྲ་བར་མ་ཟད། སྟེང་གི་རྒྱ་ཕིབས་རླུང་གིས་ སྐྱོད་པའི་སྐབས་གཙུག་ལག་ཁང་གི་སྟེང་ཁང་རྣམས་གདུགས་བསྐོར་བ་ལྟར་ འཁོར་ཞིང། མཛེས་སྡུག་གི་ངོ་མཚར་བློ་ཡུལ་དུ་མི་ཤོང་བ་ལྟ་བུ་ཞིག་ཡིན། བཙན་པོ་རལ་པ་ཅན་གྱིས་ཐོག་མར་གཙུག་ལག་ཁང་འདི་བཞེངས་
མངའ་བདག་ཁྲི་རལ་པ་ཅན། 75 རྒྱུའི་ལས་འཆར་འདིང་བའི་སྐབས། བློན་པོ་མང་པོ་ཞིག་གི་བློ་ལ་དེ་ཙམ་ འཇུག་པོ་ཡོང་གི་མེད་ལ། འདི་ནི་དགོས་མེད་ཀྱི་ལས་གཞི་འཕར་མ་ཞིག་ རེད། ཅེས་བློན་པོ་འགའ་ཤས་ཀྱིས་བཙན་པོ་ལ་དངོས་ཤ གས་བརྒྱུད་གསུམ་ ནས་སྐྱོན་བརྗོད་བྱེད་ཀྱི་ཡོད། བློན་པོ་འདི་རིགས་ཆོས་ལུགས་ལ་དད་འདུན་མེད་མཁན་དེ་འདྲ་ མིན་ཡང། དེ་སྔ་བཙན་པོ་རིམ་བྱོན་གྱིས་གཙུག་ལག་ཁང་སྟོང་ཕྲག་ལྷག་ བཞེངས་ཟིན་པས། ངེས་པར་རྒྱལ་ཐོག་རེར་གཙུག་ལག་ཁང་རེ་བཞེངས་ དགོས་པའི་རྒྱུ་མཚན་མཐོང་གི་མེད། བློན་པོ་ཚོས་འདི་ལྟར་བསམ་འཆར་ ཤོད་པའི་རྒྱབ་ལྗོངས་ལ། སྤྱི་ཚོགས་ཀྱི་དཀའ་ཁག་གིས་མཚོན་པའི་རྒྱུ་ མཚན་སྣ་ཚོགས་ཡོད་པ་སྨོས་མ་དགོས། འོན་ཀྱང་བཙན་པོ་རལ་པ་ཅན་གྱིས་ཐོག་མའི་འཆར་བཀོད་ལྟར། གཙུག་ལག་ཁང་གསར་བཞེངས་ཀྱི་ལས་གཞི་དངོས་སུ་འགོ་འཛུགས་ མཛད་པར་མ་ཟད། དེ་སྔའི་གཙུག་ལག་ཁང་གང་དང་ཡང་མི་འདྲ་བའི་ཁྱད་ པར་བ་ཞིག་བཞེངས་པས། འུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་ གཙུག་ལག་ཁང་ཞེས་ཤིན་ཏུ་སྙན་གྲགས་ཆེན་པོར་གྱུར་ཅིང། དུས་སྐབས་ ཤིག་ལ་གཙུག་ལག་ཁང་འདི་ནི། བོད་ཀྱི་ཆོས་སྲིད་ཀྱི་ལྟེ་གནས་གཙོ་བོ་ ཞིག་ཏུ་གྱུར་པ་རེད། གཙུག་ལག་ཁང་འདིའི་སྟེང་ཐོག་གསུམ་དུ་སྐུ་གསུང་ཐུགས་རྟེན་ བཞུགས་པ་དང། བར་ཐོག་གསུམ་དུ་རྒྱ་གར་གྱི་པཎྜི་ཏ་དང། བོད་ཀྱི་ལོ་ ཙཱ་བས་གཙོས་དགེ་འདུན་གྱི་སྡེ་རྒྱུན་བཞུགས་མཛད་དེ་འཆད་ཉན་སློབ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 76 གཉེར་དང་སྒྲ་སྒྱུར་གྱི་བྱ་བ་གཙོ་བོར་མཛད་ཀྱི་ཡོད། འོག་ཐོག་གསུམ་དུ་ བོད་ཀྱི་རྒྱལ་བློན་རྣམས་བཞུགས་ཏེ། འཇིག་རྟེན་སྲིད་ཕྱོགས་ཀྱི་བྱ་བས་ འབངས་མི་སེར་རྣམས་བདེ་སྐྱིད་ཀྱིས་སྐྱོང་བར་མཛད། བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་འདི་ནི། གོང་དུ་བཤད་པ་ ལྟར་སྤྱིར་བཏང་གི་ལྷ་ཁང་དང་གཙུག་ལག་ཁང་ཞིག་མ་ཡིན་པར། བོད་ཀྱི་ ཆོས་སྲིད་རིག་གནས་ཀྱི་ལྟེ་གནས་གཙོ་བོ་ཞིག་ཏུ་གྱུར་པའི་ཐོག ཕྱི་ནང་ གི་བཀོད་པ་ནི་འཇིག་རྟེན་ན་འགྲན་ཟླ་མེད་པ་ལྟ་བུའི་མཛེས་སྡུག་ལྡན་ཞིང། ཕུན་སུམ་ཚོགས་པའི་ཁྱད་ཆོས་སྣ་ཚོགས་འཛོམས་པ་ཞིག་ཡིན་པ་དངོས་ སུ་མཐོང་བ་ན། གཙུག་ལག་ཁང་འདི་ཐོག་མར་བཞེངས་རྒྱུར་གྲ་སྒྲིག་བྱེད་ པའི་སྐབས། ལས་འཆར་དེ་ལ་མོས་མཐུན་མེད་པར་དགག་བྱ་བྱེད་མཁན་ གྱི་བློན་པོ་མང་པོ་ཞིག་གིས། རང་གིས་དེ་སྔའི་ལྟ་ཚུལ་ནོར་འཁྲུལ་ཅན་དང། མིག་རྒྱང་ཐུང་བའི་སྐྱོན་གྱིས་བཙན་པོའ་ལས་གཞི་ལ་སྐྱོན་བརྗོད་ཞུས་པར་ ནོངས་འགྱོད་ཚད་མེད་ཡོང་གི་ཡོད། ཐོག་མར་བཙན་པོའ་ལས་གཞི་ལ་དགག་བྱ་བྱེད་མཁན་གྱི་བློན་པོ་ ཚོའི་ཀུན་སློང་ལ་སྐྱོན་ཆ་གཏན་ནས་མེད་ཀྱང། ཁོང་ཚོས་བཙན་པོའ་ ཕུགས་རྒྱང་རིང་པོའ་དམིགས་ཡུལ་དང། དགོངས་པ་ཇི་བཞིན་རྟོགས་ཐུབ་ ཀྱི་མེད་སྟབས། གཙུག་ལག་གསར་པ་ཞིག་བཞེངས་པ་ནི་དགོས་མེད་ཀྱི་ རྒྱས་སྤྲོས་ཡིན་པའི་སྐྱོན་འཛུགས་ཞུས་པ་རེད། འོན་ཀྱང་གཙུག་ལག་ཁང་ གི་ཕྱི་ནང་གི་བཟོ་བཀོད་ཡོངས་སུ་གྲུབ་པ་ན། ཁོ་པ་ཅག་གི་དེ་སྔའི་སྐྱོན་ འཛུགས་དེ་ནོར་འཁྲུལ་ཡིན་པ་མིག་མཐོང་ར་འཕྲོད་བྱུང་བར་བརྟེན། བཙན་
མངའ་བདག་ཁྲི་རལ་པ་ཅན། 77 པོ་ལ་ཁ་ཞེ་གཉིས་མེད་ཀྱིས་མཐོལ་བཤགས་ཞུས་པ་རེད།། བཙན་པོ་རལ་པ་ཅན་གྱིས་དགོངས་པ་ཤིན་ཏུ་གུ་ཡངས་པོས། ང་ཚོའི་ བསམ་བློའ་ལྟ་ཚུལ་མ་མཐུན་པ་ཙམ་མ་གཏོགས། ཁྱེད་ཚོ་ནི་རྒྱལ་ཁབ་ལ་ ལྷག་བསམ་མ་དག་པ་མིན་པས། ཁྱེད་ཚོས་ཐོག་མར་དགག་བྱ་བྱས་པར་ སྐྱོན་གང་ཡང་མེད། ཅེས་ཞལ་གསོང་པོས་གསུངས་ཏེ། ཁོ་ཚོའི་ཐོག་མ་ དགའ་བའི་གཟིགས་ཚུལ་གཏན་ནས་མེད་པའི་རྣམ་འགྱུར་གསལ་འདོན་ མཛད་ཡོད།
78 བློན་པོ་བློ་གྲོས་ཅན་གཉེན་དུ་བཀུག་པ། ༄༅། །རྒྱལ་ཁབ་གང་ཞིག་གི་མང་ཚོགས་ལ་བདེ་སྐྱིད་འབྱུང་མིན་ནི། རྒྱལ་པོའ་ཆབ་སྲིད་དང་འཛིན་སྐྱོང་ལམ་ལུགས་ཡང་དག་པ་ཞིག་ཡིན་མིན་ ལ་རག་ལས་ཤིང། ཆབ་སྲིད་དང་འཛིན་སྐྱོང་གི་ལམ་ལུགས་དེ་ཡང་དག་ པ་ཡོང་ཐུབ་མིན་ཡང། རྒྱལ་པོ་རྣམ་དཔྱོད་ལྡན་པ་ཞིག་ཡིན་མིན་དང། བློན་ པོ་བློ་གྲོས་ཅན་རྣམས་ཀྱིས་བློ་འདོན་རམ་འདེགས་ཚུལ་བཞིན་ཞུ་ཐུབ་མིན་ བཅས་ལ་རག་ལས་ཡོད་པ་རེད། བཙན་པོ་ཁྲི་རལ་པ་ཅན་ནི། སྐུ་ན་གཞོན་དུས་ནས་བཟུང་བློ་གྲོས་ ཅན་ལ་མིག་ལྟོས་མཛད་མཁན་ཞིག་དང། སྤྱི་ལ་དབང་བའི་འདུན་མའི་ རིགས་མཐའ་དག་རང་གིས་དབང་ཤེད་དང་སྒེར་གཅོད་མི་མཛད་པར། ཆོས་སྲིད་ཀྱི་གནད་དོན་གང་འདྲ་ཞིག་ཡིན་ཡང་གྲོས་མོལ་དང་གནས་ ལུགས་གཞི་ལ་བཞག་སྟེ། ཐག་གཅོད་མཛད་པའི་གོམས་གཤིས་ལྷན་ སྐྱེས་སུ་མངའ་བ་ཞིག་ཡིན། བཙན་པོ་ཁོང་རྒྱལ་སར་འཁོད་པའི་རྗེས་སུ་ཡང་རང་ཉིད་རྒྱལ་པོ་ཡིན་ པའི་ཆེ་ཚུགས་དང། རང་ཤེད་ཀྱིས་ཐག་གཅོད་གཏན་ནས་མི་མཛད་པར།
མངའ་བདག་ཁྲི་རལ་པ་ཅན། 79 བློན་པོ་བློ་གྲོས་ཅན་དང་ཉམས་མྱོང་ལྡན་པ་ཚོའི་དགོངས་འཆར་ལ་གསན་ ཞིབ་མཛད་དེ། དངོས་ཡོད་ཀྱི་གནས་སྟངས་ལ་རྒྱུས་ལོན་གཏིང་ཕྱིན་པ་བྱུང་ བ་ན། འཕྲལ་ཕུགས་གཉིས་ལས་ཕུགས་སུ་གང་ཕན་པ་ཆེ་བ་དེ་གཙོ་གནད་ དུ་བཟུང་བའི་ཐོག་ནས་ཐག་གཅོད་མཛད་ཀྱི་ཡོད་པ་རེད། སྤྱིར་རྒྱལ་པོ་ཕལ་མོ་ཆེའི་བསམ་པར། རང་ཉིད་གཞན་ལ་བཀའ་ གཏོང་མཁན་ཞིག་ཡིན་པ་མ་གཏོགས། རང་གིས་ཀྱང་གཞན་གྱི་བསམ་ ཚུལ་ལ་དང་ལེན་དང་བརྩི་འཇོག་བྱ་དགོས་དྲན་པ་བསམ་བློའ ་ཡུལ་ན་ མེད་ཀྱང། བཙན་པོ་ཁྲི་རལ་པ་ཅན་ནི་རང་ཤེད་ཆེ་བའི་རྒྱལ་པོ་དེ་དག་ དང་གཏན་ནས་མི་འདྲ་བར། མཁས་པ་དང་བློ་གྲོས་ཅན་ལ་ཆེ་མཐོང་བརྩི་ འཇོག་མཛད་མཁན་ཞིག་ཡིན་པས། མེ་ཏོག་གི་ཚལ་ལ་སྦྲང་མ་འདུ་བ་ བཞིན། བློན་པོ་བློ་གྲོས་ཅན་རྣམས་བཙན་པོའ་མཐའ་ལ་རང་བཞིན་གྱིས་ འཁོར་ཡོང་བ་ཞིག་ཡིན། བཙན་པོའ་མཚན་ལ་རལ་པ་ཅན་ཞེས་ཐོགས་པ་ཡང། བཙན་པོ་ཁོང་ ཆོས་ལུགས་ལ་དད་འདུན་དང་ཡ་རབས་སྤྱོད་བཟང་ཅན་ཞིག་ཡིན་པ་ལ་ རང་བཞིན་གྱིས་འབྲེལ་བ་ཡོད་པ་ཞིག་ཡིན་ཏེ། ཁོང་གིས་སྐྱབས་གནས་ གོང་མ་ལ་ཡིད་ཆེས་བློ་གཏད་གནང་སྟེ། ངོ་ལྐོག་རྒྱབ་མདུན་ཐམས་ཅད་དུ་ ལས་འབྲས་ལ་བརྩི་སྲུང་དང། དགེ་སྡིག་སྤང་བླང་གི་རྣམ་དབྱེ་ཚུལ་བཞིན་ ཉམས་བཞེས་མཛད་ཀྱི་ཡོད་པའི་ཐོག ཆོས་བྱེད་དགེ་འདུན་པའི་སྡེ་དང། གོས་དཀར་ལྕང་ལོ་ཅན་གྱི་སྡེ་ལ་ཡང་ཤིན་ཏུ་གུས་ཞབས་དང་བརྩི་མཐོང་ ཆེན་པོ་ཞུ་བཞིན་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 80 ཁོང་གིས་རང་ཉིད་ཙམ་མ་ཡིན་པར་མང་ཚོགས་སྤྱི་ཡོངས་ནས་ ཀྱང། བསྟན་པ་འཛིན་པའི་སྐྱེས་བུ་དམ་པ་ཚོར་དད་གུས་ཞུ་དགོས་པ་ གལ་གནད་དུ་གཟིགས་ཀྱི་ཡོད་པས། བཙན་པོས་མཆོད་འབུལ་མཛད་སྒོ་ ཞིག་གི་ཐོག རབ་བྱུང་ངུར་སྨྲིག་གི་སྡེ་དང། གོས་དཀར་ལྕང་ལོ་ཅན་གྱི་ སྡེ་གཉིས་བཙན་པོ་རང་གི་དབུའི་རལ་པའི་གདན་ལ་བཞུགས་སུ་གསོལ་ ཏེ༑ བོད་ཀྱི་རྒྱལ་འབངས་ཡོངས་ལ་བསྟན་འཛིན་གྱི་སྡེ་འདི་གཉིས་གོང་ དུ་བཀུར་དགོས་པ་བཙན་པོ་རང་གི་མཛད་སྤྱོད་ཀྱི་ཐོག་ནས་གསལ་སྟོན་ མཛད་པས། བོད་ཀྱི་ལོ་རྒྱུས་ཐོག་ཡོངས་གྲགས་སུ་བཙན་པོ་ཁྲི་རལ་པ་ ཅན་ཞེས་སུ་གྲགས་པ་ཡིན། གནང་སྟངས་འདི་མི་དཀྱུས་མ་ཞིག་གི་ངོས་ནས་བཤད་ན། དེ་ཙམ་ དཀའ་ཁག་ཅན་ཞིག་མིན་སྲིད་ཀྱང། བོད་ཁམས་ཡོངས་ལ་དབང་སྒྱུར་བའི་ བཙན་པོ་ཞིག་གི་ངོས་ནས་བཤད་ན། ཚད་མཐོ་བའི་གུས་ཞབས་འདི་འདྲ་ཞུ་ མཁན་ཤིན་ཏུ་དཀོན་ཞིང། རྒྱལ་པོ་མང་ཆེ་བས་ཆེ་ཚུགས་བཟུང་སྟེ་དཔོན་ ཉམས་ཀྱིས་བཞུགས་པ་མ་གཏོགས། དད་ལྡན་སློབ་མ་ཞིག་གི་ཚུལ་བཟུང་ སྟེ་སྐྱབས་གནས་གོང་མ་ལ། འདི་ལྟ་བུའི་གུས་ཞབས་ཚད་མཐོ་པོ་ཞུ་མཁན་ ཕལ་ཆེར་མེད་པ་ལྟ་བུ་ཡིན། འོན་ཀྱང་བཙན་པོ་རལ་པ་ཅན་གྱིས་མཆོག་གསུམ་གཙུག་ཏུ་བཀུར་ ཏེ༑ ཆོས་པའི་སྡེ་གཉིས་ལ་རལ་པ་གདན་དུ་བཏིང་བར་མ་ཟད། བསྟན་པ་ ལ་རབ་ཏུ་བྱུང་བའི་དགེ་འདུན་པ་རྣམས་ལ་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་ལས་ བརྒལ་བའི་དམིགས་བསལ་མང་པོ་མཛད་དེ། རྒྱལ་ཁབ་ཀྱི་ཁྲལ་རིགས་
མངའ་བདག་ཁྲི་རལ་པ་ཅན། 81 མང་པོ་བསྒྲུབ་མི་དགོས་པའི་ཐོག མང་ཚོགས་ཡོངས་ཀྱིས་དགེ་འདུན་པའི་ སྡེ་ལ་གུས་ཞབས་དང་སྲི་ཞུ་བསྒྲུབ་དགོས་པའི་ཁྲིམས་སྲོལ་དམ་པོ་མཛད་ ཡོད་པར་བརྟེན། ཆོས་པ་ཚོས་ཀྱང་བཙན་པོའ་ཐུགས་རེ་ལྟར་བསྟན་པ་ཡུན་ གནས་དར་སྤེལ་ཡོང་བར་འགན་ཁུར་ཆེན་པོ་བཞེས་པས། བཙན་པོ་ཁོང་ གི་སྐུ་དུས་སུ་སངས་རྒྱས་ཀྱི་བསྟན་པ་དང། དེ་འཛིན་གྱི་དགེ་འདུན་པའི་སྡེ་ ཤིན་ཏུ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། སྐབས་དེར་རྒྱལ་པོའ་ཕོ་བྲང་ནང་དུ་བློན་པོ་ཆེ་ཆུང་དང། རྒན་གཞོན་ ཤིན་ཏུ་མང་པོ་བཞུགས་ཡོད་ཀྱང། བཙན་པོས་དེ་དག་ཐམས་ཅད་ལ་ ཕྱོགས་ལྷུང་མེད་པའི་གཟིགས་ཚུལ་སྙོམས་པོ་མཛད་པ་གང་ཞིག་ལ། བློན་ པོ་ཚོའི་ལྟ་ཚུལ་མི་མཐུན་པའི་འགལ་ཟླའི་བསམ་བློའ་བར་དུ་རྒྱལ་པོ་རང་ ཉིད་ཀྱི་བསམ་བློའ་རང་ཚུགས་གཏན་ནས་ཤོར་འཇུག་གི་མེད་ལ། བློན་ པོ་ཚོས་ལྟ་ཚུལ་མི་མཐུན་པ་ཇི་ཙམ་འདོན་པར་དགག་བྱ་ཡང་གཏན་ནས་ གནང་གི་མེད་པ་རེད། བློན་པོ་ཚོས་འགལ་ཟླ་ཅན་དང་མི་མཐུན་པའི་བསམ་ཚུལ་གང་འདྲ་ ཞིག་བཏོན་ན་ཡང་། མི་མཐུན་པའི་ལྟ་ཚུལ་དེ་དག་ལ་བཙན་པོ་རལ་པ་ཅན་ རང་ངོས་ནས་བརྟག་དཔྱད་ཞིབ་ཚགས་མཛད་དེ། གང་བདེན་པ་ཡིན་པ་ དང་གང་རྫུན་པ་ཡིན་པ། དེ་བཞིན་བསམ་བློ་ཡང་དག་མིན་དང། མི་རིགས་ དང་རྒྱལ་ཁབ་ཀྱི་མདུན་ལམ་ལ་ཕན་ཐོགས་ཅན་ཡིན་མིན་བཅས་ཀྱི་དབྱེ་བ་ ཞིབ་ཕྲ་འབྱེད་པ་མ་གཏོགས། བསམ་ཚུལ་གང་བྱུང་ལ་ཞིབ་འཇུག་མེད་ པར་རང་དགར་དང་ལེན་མཛད་ཀྱི་མེད་ལ། བཙན་པོ་རང་ཉིད་ཀྱང་བློན་པོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 82 ཚོའི་སྐད་ཆ་གང་བྱུང་གི་རྗེས་སུ་འབྲངས་པ་དང། དྲང་བདེན་མིན་པ་དང་ ཐལ་ཆ་ཆེ་བའི་ཐག་གཅོད་རིགས་གཏན་ནས་མཛད་ཀྱི་མེད་པ་རེད། ཞེན་ཁ་ཕྱོགས་རིས་ཀྱི་གཞན་དབང་དུ་ཕྱིན་པའི་བློན་པོ་རིགས་ཤིག་ ནི༑ ནམ་ཡང་ཤོག་ཁག་བྱེ་བྲག་པའི་ཁེ་ཕན་ཁོ་ན་ལ་དམིགས་པའི་བསམ་ ཚུལ་གླེང་བ་མ་གཏོགས། རྒྱལ་ཁབ་སྤྱིའི་ལས་དོན་དང་ཕུགས་རྒྱང་རིང་ པོའ་མདུན་ལམ་ལ་བསམ་བློ་གཏོང་གི་མེད་ལ། སྤྱིའི་ལས་དོན་ལ་ཕན་པའི་ བསམ་ཚུལ་གླེང་བ་ཡང་ཕལ་ཆེར་མི་སྲིད་པས། བཙན་པོ་རལ་པ་ཅན་གྱིས་ བློན་པོ་འདི་རིགས་ཀྱི་བསམ་ཚུལ་ལ་ཡིད་ཆེས་དང་བློ་འགེལ་གཏན་ནས་ གནང་གི་མེད་སྟབས། ཁོ་ཚོའི་འགལ་ཟླར་འགྲོ་གཞིའི་སྐད་ཆ་དང། ཕན་ མེད་དཀྲོག་གཏམ་གྱི་རིགས་མཐའ་དག་རང་སར་ཞི་ནས་ནུས་པ་གཏན་ ནས་ཐོན་གྱི་མེད་པ་རེད། འོན་ཀྱང་ཕྱོགས་རིས་པ་དང་རང་ཉིད་ཀྱི་ཁེ་ཕན་གཙོ་གནད་དུ་ འཛིན་པའི་བློན་ངན་དེ་རིགས་ཀྱི་བསམ་སྤྱོད་དང་སྐད་ཆའི་རིགས་ནི། རྒྱལ་ཁབ་ཀྱི་ཆིག་སྒྲིལ་དང་གོང་བུའི་ནུས་པ་འཐོར་ཞིག་ཏུ་འགྲོ་བའི་གཞི་ མར་འགྱུར་སྲིད་པ་ཞིག་ཡིན་པས། བཙན་པོས་བསམ་ཚུལ་འདི་རིགས་ ཀྱི་ཤ གས་རྐྱེན་ངན་པ་དག་རྒྱ་ཁྱབ་ཏུ་མི་འགྲོ་བར་མངོན་མེད་ཀྱིས་ཐུགས་ སྣང་མཛད་ཀྱི་ཡོད། སྤྱིར་བློན་པོ་ཚོའི་གོ་གནས་དང་གྲལ་རིམ་ཁྱད་པར་ནི། ཁྲིམས་ཐོག་ ནས་གཏན་འཁེལ་མཛད་ཡོད་པ་ཞིག་ཡིན་ཡང། བཙན་པོ་རལ་པ་ཅན་རང་ ངོས་ནས་བློན་པོའ་ཁྲོད་ནས་སུ་དང་སུ་གལ་གནད་དུ་འཛིན་དགོས་མིན་ནི།
མངའ་བདག་ཁྲི་རལ་པ་ཅན། 83 བློན་པོའ་གོ་གནས་དང། རྒན་གཞོན། ཕྱི་ཚུལ་གྱི་རྣམ་འགྱུར་ཙམ་ལ་གཙོ་ བོར་མི་འཛིན་པར། བློ་རྒྱ་ཆེ་ཆུང་དང། བློ་གྲོས་གཏིང་ཟབ་མིན། རྒྱལ་ཁབ་ དང་ཆབ་འབངས་ཀྱི་ལས་དོན་ཐོག་ལྷག་བསམ་རྣམ་དག་ཡིན་མིན་བཅས་ ལ་གཙོ་བོར་འཛིན་གྱི་ཡོད། དེར་བརྟེན་སུ་རྣམ་དཔྱོད་ཡངས་ཤིང། བློ་རྒྱ་ཆེན་པོས་རྒྱལ་ཁབ་ དང་འབངས་མི་སེར་གྱི་བདེ་སྐྱིད་དོན་དུ་ལྷག་བསམ་རྣམ་དག་བྱེད་མཁན་ ཞིག་ཡིན་ན། དེ་ཉིད་གོ་གནས་མཐོ་དམན་དང་དབུལ་ཕྱུག་གང་འདྲ་ཡིན་ མིན་ལ་མ་ལྟོས་པར། རྒྱལ་པོས་བློ་ཕུགས་གཏད་ནས་ནང་དོན་གྱི་གྲོས་ འདྲི་བྱེད་པར་མ་ཟད། བརྩི་བཀུར་དང་ཆེ་མཐོང་ག ས་བློ་མགུ་བར་མཛད་ ཀྱི་ཡོད་པ་རེད། འདི་ལྟར་བཙན་པོས་བྱེད་ཐབས་མཁས་པོས་བློ་གྲོས་ཆེ་ཞིང་ལྷག་ བསམ་དག་པའི་བློན་པོའ་རིགས་ལ། རང་རང་གི་མོས་པ་དང་དགོས་མཁོ་ ལ་བསྟུན་ནས་བློ་མགུ་བར་མཛད་ཀྱི་ཡོད་པར་མ་ཟད། རྒྱལ་ཁབ་ལ་བློ་ སེམས་དཀར་བའི་མི་བྱས་པ་ཅན་མཐོ་དམན་སུ་ཞིག་ཡིན་ན་ཡང། ཁོང་ ཚོ་ལ་གནས་སྐབས་ཀྱི་དགོས་མཁོའ ་ཆེད་ཁེ་ཕན་སྒྲུབ་པ་ཙམ་མ་ཡིན་ པར། བྱས་པ་ཅན་གྱི་ཕ་རབས་བུ་རྒྱུད་ལ་མཛའ་བརྩེ་ལྷོད་མེད་བརྟན་པོ་ གནང་གི་ཡོད། བཙན་པོ་རལ་པ་ཅན་གྱི་མཛའ་བརྩེ་དང་བྱེད་ཐབས་ཁྱད་པར་ཅན་ འདིས། བློན་ཆེན་མང་པོ་ཞིག་བོད་ཀྱི་བཙན་པོ་དང། རྒྱལ་ཁབ་ཀྱི་དོན་དུ་ རང་གི་ལུས་སྲོག་གཏོང་དགོས་ཐུག་ཀྱང་བློ་འགྱོད་གཏན་ནས་མེད་པ་ཞིག་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 84 ཏུ་གྱུར་ཡོད། དཔེར་ན། བློན་ཆེན་བྲན་ཁ་དཔལ་ཡོན་ལ་བདུད་བློན་ཚོས་ཕྲ་ མ་བྱས་ཏེ་ཉེས་འཛུགས་ཕོག་པའི་སྐབས། རང་ཉིད་ཀྱི་ཚེ་སྲོག་གཏོང་རྒྱུར་ དངངས་སྐྲག་གཏན་ནས་མེད་ཀྱང། རང་ཉིད་གསོན་པོར་གནས་མ་ཐུབ་ན་ བཙན་པོའ་སྐུ་སྲོག་ལ་ཉེན་ཁ་ཡོད་པ་གསལ་པོ་གཟིགས་ཀྱི་ཡོད་སྟབས། བཙན་པོའ་བདེ་འཇགས་ཀྱི་དོན་དུ་བློན་པོ་བྲན་ཁ་དཔལ་ཡོན་གྱིས་དཀའ་ སྤྱད་དྲག་པོས་ལྕགས་ཀྱི་ཚེ་སྲོག་སྒྲུབ་པ་ལྟ་བུ་ཡིན། དེར་བརྟེན་བཙན་པོ་ཁོང་གི་སྐུ་དུས་སུ། རྒྱལ་བློན་རྣམས་ཀྱི་ནུས་ ཤགས་གཅིག་ཏུ་བསྡུས་པའི་སྟོབས་ཤ གས་ལ་བརྟེན་ནས། ཆོས་ལུགས་ དང། རིག་གཞུང་གིས་རྩ་བ་བྱས་པའི་རྒྱལ་ཁབ་ཀྱི་སྟོབས་ཤ གས་ཤིན་ཏུ་ འཕེལ་རྒྱས་ཆེན་པོ་བྱུང་ཡོད་པར་མ་ཟད། དྲག་པོའ་དཔུང་དམག་གི་སྟོབས་ ཤགས་ཀྱང་སྔར་ལས་ཇེ་ཆེར་གྱུར་ཏེ། འཛམ་གླིང་ནང་སྟོབས་ཤ གས་ཆེ་ ཤོས་གྲས་ཡིན་པའི་རྒྱ་ནག་གི་ཐང་རྒྱལ་པོས་ཀྱང། བོད་ཀྱི་དྲག་པོའ་དཔུང་ དམག་གི་ངར་ཤ གས་མ་བཟོད་ནས་ཞི་བའི་གྲོས་འགོ་སློང་དགོས་པའི་ གནས་ཚུལ་བྱུང་བ་རེད། སྐབས་དེར་ལོ་རྒྱུས་ཐོག་སྙན་གྲགས་ཡོད་པའི་ཁྲང་ཆིང་མཐུན་འབྲེལ་ རྡོ་རིང་ཞེས་པ་བཙུགས་ཏེ། རྒྱ་བོད་ཀྱི་རྩོད་གླེང་ཆེ་བའི་ས་མཚམས་ གཏན་འབེབས་མཛད་ཅིང། ཆོས་ལུགས་དང་ཤེས་རིག་སོགས་རྒྱལ་ཁབ་ ཀྱི་ཞི་དྲག་གི་ལས་དོན་མང་པོ་ཞིག་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་ ཆེན་པོ་གཏོང་ཐུབ་པ་བྱུང་བ་ནི། བཙན་པོ་རང་ཉིད་ཀྱི་རྣམ་དཔྱོད་དང། བློ་སྤོབས། ཐབས་ཇུས། ཡིད་ཆེས་དང་མཛའ་བརྩེ་སོགས། ཐུན་མོང་མ་
མངའ་བདག་ཁྲི་རལ་པ་ཅན། 85 ཡིན་པའི་མཁྱེན་ཡོན་དང་ཐུགས་གཤིས་ཁྱད་པར་བ་ལ་བརྟེན་ནས་བྱུང་ བ་སྨོས་མ་དགོས་ཀྱང། བློན་ཆེན་བློ་གྲོས་ཅན་རྣམས་ཀྱི་ལུས་སེམས་ གཉིས་ཀའི་ནུས་ཤ གས་བཙན་པོ་རང་ཉིད་ཀྱི་ཕྱོགས་སུ་འགུགས་ཐུབ་པ་ བྱུང་བ་ནི། མཛད་རྗེས་འདི་དག་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་གཙོ་གྲས་ ཤིག་ཡིན་པ་ཤིན་ཏུ་གསལ་པོར་གྱུར་ཡོད།
86 བོད་ཀྱི་བསྟན་སྲིད་ཀྱི་དོན་དུ་སྐུ་སྲོག་ དགྲ་ལག་ཏུ་ཤོར་བ། ༄༅། །ཇི་ཙམ་གྱིས་མི་རླབས་ཆེན་དང་བཟང་པོ་ཞིག་ཡིན་པའི་དབང་ དུ་བྱས་ཀྱང། དེ་ལ་འཇིག་རྟེན་ཡོངས་རྫོགས་ཀྱི་དགའ་མོས་ཐོབ་པ་ནི་མི་ སྲིད་པ་ལྟ་བུ་ཞིག་ཡིན། རྒྱུ་མཚན་འདིའི་དབང་གིས་ས་སྐྱ་པཎ་ཆེན་གྱིས། ཐམས་ཅད་མགུ་བ་མི་ནུས་པས། །ཞེས་པའི་སྡོམ་ཚིག་འདི་བཀོད་པ་ཡིན། བཙན་པོ་རལ་པ་ཅན་གྱིས་བོད་ཀྱི་ཆོས་སྲིད་རིག་གནས་རྒྱུན་གནས་ དར་འཕེལ་ཡོང་བ་དང་། བོད་མི་རིགས་ཀྱི་ཕན་བདེའི་ཆེད་དུ་སྐུ་ངལ་ཇི་ ཙམ་བསྐྱོན་བཞིན་ཡོད་མེད་ལ་མ་ལྟོས་པར། བོད་ཀྱི་བློན་འབངས་ཁྲོད་དུ་ བཙན་པོ་ཁོང་གི་གནང་ཕྱོགས་མཐའ་དག་ལ་ལྟ་ཕྱོགས་ལོག་པར་བཟུང་སྟེ། དགྲ་འཁོན་གྱི་ཐོག་ནས་ཁ་གཏད་བྱེད་བཞིན་པའི་ཤོག་ཁག་ནུས་པ་ཅན་ ཞིག་ཡོད་པ་རེད། བཙན་པོའ་དགྲ་ཟླར་ལངས་པའི་ཤོག་ཁག་འདིའི་མིག་སྔ་ན་ཁོ་ཚོའི་ རང་དོན་ཙམ་ལས་མེད་པས། ཁོ་ཚོ་ལ་མཚོན་ན་བཙན་པོ་རལ་པ་ཅན་ ནི། རང་ཉིད་ཀྱི་ཁེ་ཕན་ལ་གནོད་སྐྱོན་བྱེད་པའི་མི་སྣ་གཏེ་པོ་ཞིག་ཡིན་
མངའ་བདག་ཁྲི་རལ་པ་ཅན། 87 པར་ངོས་འཛིན་བྱེད་ཀྱི་ཡོད་པར་བརྟེན། བཙན་པོ་རལ་པ་ཅན་དང་ཁོང་ གི་རྗེས་འབྲང་གི་བློན་ཆེན་དང་བཅས་པ་ནུས་མེད་ཤ ལ་མེད་དུ་གཏོང་ དགོས་པ་ནི། ཁེ་ཕན་ཤོག་ཁག་གི་བདུད་བློན་དེ་ཚོའི་དམིགས་ཡུལ་དང་ རེ་བ་གཙོ་བོར་གྱུར་ཡོད། དེར་བརྟེན་ཁེ་ཕན་ཤོག་ཁག་གི་བདུད་བློན་དེ་ཚོས་གོ་སྐབས་དང་ གནས་སྟངས་སྣ་ཚོགས་ཀྱི་འོག་ཏུ། བཙན་པོ་རལ་པ་ཅན་གྱི་ཐོག་སྔ་ཕྱི་ བྱས་ཏེ་གནོད་འཚེའི་ལས་འགུལ་རིམ་པར་རྩོམ་གྱི་ཡོད་ཀྱང། ཁོ་ཚོའི་ འདོད་པ་བཞིན་བཙན་པོ་རལ་པ་ཅན་གྱི་ཆབ་སྲིད་དང། དབང་ཐང་ལ་ གནོད་ཚུགས་པ་ཞིག་གཏན་ནས་ཡོང་ཐུབ་ཀྱི་མེད་པ་རེད། དེར་བརྟེན་ གཡོ་ཐབས་ཀྱིས་བཙན་པོ་སྐུ་དགྲོང་ཐབས་བྱ་བ་ལས། ཁོ་ཚོའི་རེ་བ་ མངོན་གྱུར་ཐུབ་པའི་ཐབས་ལམ་གཞན་ཞིག་རྙེད་ཀྱི་མེད་པ་རེད། བཙན་པོའ་ཉེ་འཁོར་ན་ཡོད་པའི་མི་སྣའི་གྲས་ནས་བཙན་པོ་རལ་པ་ ཅན་གྱི་སྐུ་མཆེད་དགེ་སློང་གཙང་མ་དང། ཆོས་བློན་བྲན་ཁ་དཔལ་གྱི་ཡོན་ ཏན་གཉིས་ནི། བཙན་པོའ་རྒྱབ་རྟེན་གྱི་མི་སྣ་གལ་གནད་ཆེ་ཤོས་གཉིས་ ཡིན་པ་ཁེ་ཕན་ཤོག་ཁག་གི་བདུད་བློན་ཚོས་གསལ་པོར་ཤེས་ཀྱི་ཡོད་ སྟབས། བཙན་པོ་རལ་པ་ཅན་གྱི་ཐོག་ཏུ་དངོས་སུ་ལག་མ་འགུལ་བའི་གོང་ དུ༑ མི་སྣ་འདི་གཉིས་ངེས་པར་མེད་ཐབས་བྱ་དགོས་པ་ཡང་ཁོ་ཚོས་གསལ་ པོ་ཤེས་ཀྱི་ཡོད་པ་རེད། དེར་བརྟེན་བདུད་བློན་རྣམས་ཀྱིས་གཡོ་ཐབས་ཀྱི་རིམ་པ་སྣ་ཚོགས་ བསྒྲིགས་ཏེ། གཅེན་དགེ་སློང་གཙང་མ་བཙན་པོའ་ཕོ་བྲང་དུ་ཡོད་པ་ནི།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 88 རྒྱལ་ཁབ་ཀྱི་ལས་དོན་མི་འགྲུབ་པ་དང། བཀྲ་མ་ཤིས་པའི་གནས་ཚུལ་ མཚམས་མ་ཆད་པར་ཡོང་གི་ཡོད་པའི་རྐྱེན་རྩ་གཙོ་བོ་ཞིག་ཏུ་གྱུར་ཡོད་ པས། དགེ་སློང་གཙང་མ་ངེས་པར་རྒྱལ་པོའ་ཕོ་བྲང་ནས་ཁ་བྲལ་ཏེ་ཕྱིར་ མི་ལྡོག་པའི་རྒྱང་རིང་ཞིག་ལ་འགྲོ་དགོས། ཞེས་ཕོ་བྲང་ཕྱི་ནང་ཀུན་ལ་ དཀྲོག་གཏམ་མཚམས་མ་ཆད་པར་སྤེལ་གྱི་ཡོད་པ་རེད། དགེ་སློང་གཙང་མས། བདུད་བློན་ཚོས་དཀྲོག་གཏམ་དེ་འདྲ་སྤེལ་ དགོས་པའི་ཕུགས་ཀྱི་དམིགས་ཡུལ་གང་ཡིན་པ་ཚོད་དཔག་ཐུབ་ཀྱི་ ཡོད་སྟབས། ང་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་ཞིག་བཙན་པོའ ་ ཕོ་བྲང་དུ་བསྡད་པས། རྒྱལ་ཁབ་ཀྱི་ལས་དོན་དང་རྒྱལ་སྲིད་ལ་གནོད་ པ་ཡོང་དོགས་མེད་ཀྱང། གལ་སྲིད་ང་ལ་བརྟེན་ནས་རྒྱལ་ཁབ་ཀྱི་ ལས་དོན་ལ་གནོད་པ་ཡོང་གི་ཡོད་པ་བདེན་ན། ང་ཕོ་བྲང་དང་རྒྱལ་ས་ ནས་ནམ་འགྲོ་དགོས་ཀྱང་འགྲོ་ཆོག ཅེས་ལན་འདེབས་མཛད་པ་ལས། དངོས་སུ་ཕོ་བྲང་དང་ཁ་བྲལ་ནས་ཕེབས་ཀྱི་མེད། འོན་ཀྱང་བདུད་བློན་རྣམས་ཀྱིས་མཚམས་མ་ཆད་པར་མི་བདེན་ རྫུན་སྒྲིག་སྣ་ཚོགས་བྱེད་བཞིན། གཙང་མ་ཕོ་བྲང་ནས་མཐར་སྐྲོད་གཏོང་ བའི་ལས་འགུལ་མུ་མཐུད་སྤེལ་གྱི་ཡོད་པ་རེད། གཙང་མས། ང་དགེ་སློང་ གནས་གང་དུ་བསྡད་ཀྱང་ཁྱད་པར་མེད་མོད། ང་རྒྱལ་ཁབ་ལ་གནོད་གཞི་ ཅན་གྱི་མི་ཞིག་ཏུ་ཇི་ལྟར་ཆགས་ཡོད་པའི་བདེན་དཔང་ར་འཕྲོད་པ་ཞིག་ དགོས་ཀྱི་ཡོད། ཅེས་བདུད་བློན་ཚོར་ཆ་རྐྱེན་བཏོན་ཏེ་རང་ཉིད་ཕོ་བྲང་ ནས་ཁ་བྲལ་བའི་དུས་ཚོད་འགྱངས་ཐབས་བྱེད་ཀྱི་ཡོད།
མངའ་བདག་ཁྲི་རལ་པ་ཅན། 89 དགེ་སློང་གཙང་མས། ཕོ་བྲང་ནང་གི་བློན་པོ་གལ་གནད་ཅན་མང་ པོར་འབྲེལ་བ་ཞུས་ཏེ། རང་ཉིད་རྒྱལ་ཁབ་ལ་གནོད་གཞིའི་མི་སྣ་ཞིག་ ཏུ་གྱུར་ཡོད་ལུགས་བཤད་པ་ནི། ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་པ་ ལས། དོན་དངོས་ཀྱི་གནས་ཚུལ་མིན་པའི་རྒྱུ་མཚན་ཞིབ་ཕྲར་གསུང་གི་ ཡོད་པར་བརྟེན། རེ་ཞིག་བདུད་བློན་ཚོའི་བསམ་པ་ལྟར་འགྲུབ་ཐུབ་པ་ བྱུང་མེད་ཀྱང། དེ་ནས་ཅང་མ་འགོར་བར། བདུད་བློན་ཚོས་མོ་ལུང་རྩིས་ གསུམ་གྱི་བདེན་དཔང་རྫུན་མ་སྣ་ཚོགས་བསྒྲིགས་ཏེ། གཙང་མའི་བདེན་ པའི་གསལ་བཤད་དེ་གང་ཐུབ་ཀྱིས་ནུས་པ་མེད་པར་བཟོས་པ་རེད། བཙན་པོ་རལ་པ་ཅན་གྱིས། བདུད་བློན་ཚོའི་ཕུགས་ཀྱི་དམིགས་ས་ངོ་ མ་རང་ཉིད་ཡིན་པའི་དོགས་པ་མེད་ཀྱང། རང་གི་གཅེན་པོ་དགེ་སློང་གཙང་ མ་ནི། སྐུ་ན་གཞོན་དུས་ནས་བསྟན་པ་ལ་རབ་ཏུ་བྱུང་བའི་དགེ་སློང་རྣམ་ དག་ཅིག་ཡིན་པར་མ་ཟད། གཅེན་གཅུང་བར་གྱི་བརྩེ་བ་ཡང་ཤིན་ཏུ་གཏིང་ ཟབ་ཡོད་པ་ཞིག་ཡིན་པས། བདུད་བློན་ཚོའི་བསམ་འཆར་ལ་གཏན་ནས་ མོས་མཐུན་གནང་གི་མེད། འོན་ཀྱང་བདུད་བློན་སྦས་སྟག་སྣ་སོགས་ཀྱིས། རྒྱལ་ཁབ་ཀྱི་ལས་ དོན་དང་འབངས་མིའི་བདེ་དོན་ལ་ཁ་གཡར་ཏེ། མི་བདེན་རྫུན་སྒྲིག་བྱས་ པའི་གནས་ཚུལ་སྣ་ཚོགས་རྒྱལ་པོ་དང། བློན་ཆེན་ལྷ་འཛོམས་ཀྱི་ཐོག་སྙན་ སེང་མཚམས་མ་ཆད་པར་ཞུ་གི་ཡོད་པར་བརྟེན། མཐའ་མ་དགེ་སློང་གཙང་ མ་རྒྱལ་པོའ་ཕོ་བྲང་ནས་ཞལ་གྱེས་ཏེ་བོད་ཀྱི་ལྷོ་ཁའི་ཕྱོགས་སུ་མི་ཕེབས་ ཀ་མེད་དུ་གྱུར་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 90 བློན་པོ་སྦས་སྟག་སྣ་དང་ཅོག་རོ་སོགས་ཀྱིས་བནྡེ་གཙང་མ་རྒྱང་ཕུད་ བཏང་ཟིན་པའི་རྗེས་ཀྱི་གོམ་སྟབས་གཉིས་པ་ནི། བློན་ཆེན་བྲན་ཁ་དཔལ་ ཡོན་གྱི་སྟེང་དུ་སྤོ་བའི་འཆར་གཞི་བསྒྲིགས་ཏེ། བྲན་ཁ་དཔལ་ཡོན་མེད་ ཐབས་ཇི་ལྟར་བྱ་བའི་ཐད་གྲོས་བསྡུར་སྣ་ཚོགས་བྱེད་ཀྱི་ཡོད་པ་རེད། མཐའ་མ་ཁོ་ཚོར་ལྐོག་བྱུས་ནུས་པ་ཅན་ཞིག་རྙེད་པ་ནི། བློན་ཆེན་ བྲན་ཁ་དཔལ་ཡོན་དང་རྒྱལ་པོའ་བཙུན་མོ་ངང་ཚུལ་མའི་བར་གྱི་འབྲེལ་བ་ ལ་རྫུན་བཟོ་བྱ་རྒྱུ་དང། གནས་ཚུལ་རྫུན་མ་དེས་རྒྱལ་པོ་ལ་སྙན་ཕྲ་བཅུག་ སྟེ༑ རྒྱལ་པོ་དང་བྲན་ཁ་དཔལ་ཡོན་བར་གྱི་འབྲེལ་བ་ལ་གཏོར་བཤིག་ གཏོང་རྒྱུའི་འཆར་གཞི་བསྒྲིགས་པ་རེད། བདུད་བློན་ཚོས་བློན་པོ་བྲན་ཁ་དཔལ་ཡོན་ནི། ཕྱི་ལ་དགེ་སློང་གི་ རྣམ་པ་རྫུན་མ་བསྟན་པ་མ་གཏོགས། ནང་དོན་ངོ་མའི་ཐོག་ནས་རྒྱལ་ པོའ ་བཙུན་མོ་ངང་ཚུལ་མ་ལ་ཚུལ་མིན་གྱི་གསང་འབྲེལ་བྱེད་ཀྱི་ཡོད་པ་ རེད། ཅེས་པའི་མ་ཉེས་ཁག་གཡོག་གི་གཏམ་འཆལ་ཞིག་སྤྱི་ཚོགས་ ནང་བརྒྱུད་སྒྲོག་བྱས། མཚམས་ཤིག་ལ་བཙན་པོའ་ཕོ་བྲང་ནང་དུ་ཡང་བློན་པོ་དང་བཙུན་ མོའ་བར་གྱི་འབྲེལ་བའི་གནས་ཚུལ་རྫུན་མ་དེ་ཁྱབ་པ་རེད། གོ་སྐབས་དེ་ དང་བསྟུན་ནས་སྦས་སྟག་སྣས་གནས་ཚུལ་རྫུན་མ་དེ་ནང་གཏམ་གྱི་ཚུལ་དུ་ བཙན་པོའ་སྙན་དུ་ཞུས་ཤིང། བརྒྱུད་ལམ་སྣ་ཚོགས་ནས་དཀྲོག་གཏམ་དེ་ རྒྱ་ཇེ་ཆེར་སྤེལ་ཏེ། བྲན་ཁ་དཔལ་ཡོན་གྱི་ནུས་ཤ གས་དང་ཆེ་མཐོང་གཅོག་ ཐབས་སྒོ་སྣ་ཚོགས་ནས་བྱེད་ཀྱི་ཡོད་པ་རེད།
མངའ་བདག་ཁྲི་རལ་པ་ཅན། 91 སྦས་སྟག་སྣ་སོགས་ཀྱིས། ད་ལྟའི་བྱེད་ཐབས་འདི་ལ་བརྟེན་ནས་བོད་ ཀྱི་སྤྱི་ཚོགས་ནང་དུ་བློན་པོ་བྲན་ཁ་དཔལ་ཡོན་ནི། རྒྱལ་པོའ་བཙུན་མོ་ལ་ ལྐོག་འབྲེལ་བྱེད་མཁན་གྱི་གྲྭ་པ་རྫུན་པ་ཞིག་ཡིན་པའི་སྣང་བརྙན་རྫུན་བཟོ་ བྱེད་ཐུབ་ན། བྲན་ཁ་དཔལ་ཡོན་འཛིན་བཟུང་བྱ་རྒྱུར་དཀའ་ངལ་མེད་པར་ མ་ཟད། སྲོག་ཐོག་གཏོང་འདོད་ཀྱང་དགག་བྱ་བྱེད་མཁན་མེད་པར། ཡོངས་ རྫོགས་བདུད་བློན་ཚོས་རང་འདོད་ལྟར་བྱེད་ཆོག་པ་ཞིག་ཡོང་བའི་རེ་བ་ བྱེད་ཀྱི་ཡོད་པ་རེད། སྐབས་དེར་བློན་ཆེན་བྲན་ཁ་དཔལ་ཡོན་གྱི་བསམ་པར། རང་ཉིད་ ཉེས་པ་ཅན་ཞིག་ཏུ་ཆགས་འགྲོ་བ་དང། རང་གི་ཚེ་སྲོག་བདུད་བློན་ཚོའི་ ལག་ཏུ་ཤོར་རྒྱུ་ཡིན་པར་དངངས་སྐྲག་གང་ཡང་མེད། འོན་ཀྱང་ཁོང་གིས་ བདུད་བློན་ཚོའི་ངན་གཡོ་རིམ་པར་བརྩམས་པ་འདི་དག་གི་དམིགས་འབེན་ གཙོ་བོ་ནི། བཙན་པོ་རལ་པ་ཅན་མེད་ཐབས་བྱ་རྒྱུ་ཡིན་པ་གསལ་པོ་ཤེས་ ཀྱི་ཡོད་སྟབས། བཙན་པོའ་སྐུ་ཚེ་ལ་བར་གཅོད་ཡོང་རྒྱུ་ཡིན་པར་རྒྱུན་དུ་བློ་ ཚབས་བྱེད་ཀྱི་ཡོད། འོན་ཀྱང་དུས་སྐབས་དེར་བློན་པོ་རང་ཉིད་ཀྱིས་བདེན་པའི་གནས་ ལུགས་ཇི་ཙམ་བཤད་ཀྱང། རང་གི་གསལ་བཤད་ཀྱིས་རེ་ཞིག་ནུས་པ་ ཐོན་གྱི་མེད་པ་གསལ་པོ་ཤེས་ཀྱི་ཡོད་སྟབས། གསལ་བཤད་བྱ་རྒྱུར་ འབད་བརྩོན་མ་བྱས་པར། ཛ་དྲག་གི་ཐོག་ནས་བཙན་པོའ ་སྐུ་སྲོག་སྐྱོབ་ རྒྱུའི་དོན་དུ། རེ་ཞིག་རྒྱལ་ས་ནས་བྲོས་བྱོལ་ལ་ཕེབས་རྒྱུར་ཐག་གཅོད་ བྱས་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 92 བློན་ཆེན་བྲན་ཁ་དཔལ་ཡོན་གྱི་ཚེ་སྲོག་སྐྱོབ་ཐུབ་མིན་ནི། བོད་ཀྱི་ བློན་ཆེན་ཞིག་གི་ཚེ་སྲོག་གི་གནད་དོན་རྐྱང་པ་ཞིག་གཏན་ནས་མ་ཡིན་ པར། རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གི་དར་རྒུད་དང་འབྲེལ་བའི་གནད་ དོན་གལ་ཆེན་ཞིག་ཡིན་ཡང། སྐབས་དེར་བཙན་པོའ་ཕོ་བྲང་གི་ཕྱི་ནང་ ཀུན་ཏུ་བདུད་བློན་ཚོའི་ངན་གཡོས་ཁྱབ་ཅིང། མང་ཚོགས་ཁྲོད་བདུད་བློན་ ཚོའི་ལྐོག་བྱུས་ཀྱི་གསང་བ་རྟོགས་མཁན་ཤིན་ཏུ་ཉུང་ཞིང་ཕལ་ཆེར་གཅིག་ ཀྱང་མེད་པས། བློན་པོ་བྲན་ཁ་དཔལ་ཡོན་གང་དུ་ཕྱིན་ཀྱང་ཚེ་སྲོག་གི་ཉེན་ ཁ་ལས་གཏན་ནས་གཡོལ་ཐུབ་ཀྱི་མེད་སྟབས། མཐའ་མ་བྲན་ཁ་དཔལ་ ཡོན་གྱི་སྐུ་སྲོག་ཀྱང་བདུད་བློན་ཚོའི་ལག་ཏུ་ཤོར་བ་རེད། བཙན་པོ་རལ་པ་ཅན་རང་ཉིད་ཀྱི་ཉེ་འཁོར་ན་ཡོད་པའི་མི་བྱམས་ སེམས་ཅན་དང། ལྷག་བསམ་ཟོལ་མེད་ཀྱི་ཤ་ཚ་ཅན་རྣམས་རེ་རེ་བཞིན་ བདུད་བློན་ཚོས་རྩ་མེད་བཟོས་ཏེ། རལ་པ་ཅན་རང་ཉིད་རྒྱབ་དཔུང་མེད་ པའི་ཁེར་རྐྱང་ཞིག་ཏུ་བུད་ཀྱང། བཙན་པོ་རལ་པ་ཅན་གྱིས་ཆོས་སྲིད་ ཀྱི་རྩ་བའི་བཞེངས་ཕྱོགས་སྔར་བཞིན་བརྟན་པོ་བྱས་ཏེ་བདུད་བློན་ཚོའི་ གཞན་དབང་དུ་མ་བཏང་བར་མ་ཟད། ཆོས་སྲིད་ཀྱི་ལས་དོན་ཆེ་ཕྲ་གང་ འདྲ་ཞིག་ཡིན་ཡང་སྤྱི་པ་དང་དམངས་ཀྱི་བདེ་སྡུག་ལ་ཁ་ཕྱོགས་ནས་སྒྲུབ་ པ་མ་གཏོགས། ཁེ་ཕན་ཕྱོགས་ཁག་གི་བདུད་བློན་ཚོའི་འདོད་པ་ལྟར་བྱེད་ འཇུག་གི་མེད་པ་ནི། བདུད་བློན་ཚོར་མཚོན་ན་བཙན་པོ་ཁེར་རྐྱང་དུ་བུད་ པར་གྲུབ་འབྲས་མེད་པའི་རྟགས་མཚན་གསལ་པོ་ཞིག་ཡིན། འདི་ལྟར་བདུད་བློན་ཚོས་གཡོ་ཐབས་ངན་དགུ་ཇི་ཙམ་བྱས་ཀྱང།
མངའ་བདག་ཁྲི་རལ་པ་ཅན། 93 ཁོ་ཚོའི་འདོད་པ་བཞིན་བཙན་པོའ་ཆབ་སྲིད་ལ་བཀོད་འདོམས་བྱེད་མ་ ཐུབ་པར། བཙན་པོས་རྒྱལ་ཁབ་ཀྱི་ཆོས་སྲིད་ཀྱི་ལས་དོན་མཐའ་དག་མུ་ མཐུད་རང་ཚུགས་བརྟན་པོས་སྐྱོང་བཞིན་པ་ནི། སྦས་སྟག་སྣ་སོགས་ལ་ མཚོན་ན་བཟོད་ཐབས་བྲལ་བའི་མནར་གཅོད་ཆེན་པོ་ཞིག་ཏུ་གྱུར་ཡོད། རྒྱུ་མཚན་དེ་ལ་བརྟེན་ནས་བདུད་བློན་སྦས་སྟག་སྣ་སོགས་ཀྱིས་ བཙན་པོ་རལ་པ་ཅན་མགྱོགས་མྱུར་གྱིས་སྐུ་སྲོག་དགྲོང་རྒྱུ་ཐག་གཅོད་ བྱས་པ་རེད། ཁོ་ཚོས་བཙན་པོ་ལྐོག་གསོད་ཇི་ལྟར་བྱ་བའི་ཐད་གཡོ་སྒྱུ་ སྣ་ཚོགས་བཀྲམ་པའི་མཐའ་མར། བཙན་པོ་རང་ཉིད་ཀྱི་རྒྱབ་རྟེན་བཅོལ་ སའི་བློན་པོ་བློ་གྲོས་ཅན་བྲན་ཁ་དཔལ་ཡོན་དང། བཙུན་མོ་ངང་ཚུལ་མ་ བཅས་རང་ཉིད་དང་ཞལ་བྲལ་བས། བཙན་པོས་རྒྱུན་དུ་ཐུགས་འགྱོད་ དང་མྱ་ངན་ཚད་མེད་གནང་བཞིན་ཡོད་པ་དེ་ནི། བདུད་བློན་ཚོས་བཙན་ པོ་སྐུ་དགྲོང་བའི་གོ་སྐབས་བཟང་པོ་ཞིག་ཏུ་མཐོང་སྟེ། ཐེངས་ཤིག་ བཙན་པོ་རལ་པ་ཅན་སྐུ་རྐྱང་དུ་ཕོ་བྲང་ནང་དུ་བློན་པོ་དང་བཙུན་མོ་དྲན་ པའི་གདུང་བ་ཆེན་པོས་མནར་ནས་ཡོད་པའི་སྐབས། བློན་པོ་སྦས་སྟག་ སྣས་འབྲུ་ཆང་ཞིག་ཁུར་ནས་བཙན་པོའ ་སྐུ་དྲུང་དུ་བཅར། བློན་པོ་འདི་ གཡོ་ཐབས་ལ་ཤིན་ཏུ་མཁས་པ་ཞིག་ཡིན་པས། བཙན་པོ་ལ་ཐུགས་ གསོ་ཞུ་བའི་ཁུལ་གྱིས་འབྲུ་ཆང་ལན་མང་དྲངས་པས། མཚམས་ཤིག་ ལ་བཙན་པོ་སྐུ་ར་བཟི་ནས་དྲན་མེད་ལྟ་བུར་གྱུར་པའི་གོ་སྐབས་དང་ བསྟུན་ནས་སྦས་སྟག་སྣས་བཙན་པོའ ་ཞལ་ལྟག་པའི་ངོས་སུ་གཅུས་ཏེ་ སྐུ་བཀྲོངས་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 94 བཙན་པོ་རལ་པ་ཅན་གྱིས་བོད་མི་རིགས་དང་བོད་ཀྱི་བསྟན་པ་ཆབ་ སྲིད་ཀྱི་དོན་དུ་སྐུ་ལས་ཚད་མེད་བསྐྱོན་མེད་ན། བདུད་བློན་སྦས་སྟག་སྣ་ སོགས་བཙན་པོའ་དགྲ་ཟླར་ལངས་མི་སྲིད་ལ། བཙན་པོ་རལ་པ་ཅན་རང་ གི་བློན་པོའ་ལག་འོག་ཏུ་སྐུ་སྲོག་ཤོར་བའི་གནས་ཚུལ་འདི་འདྲ་གཏན་ནས་ ཡོང་མི་སྲིད་པ་ལྟ་བུ་ཡིན། འོན་ཀྱང་བཙན་པོ་རལ་པ་ཅན་གྱིས་རྒྱལ་ཁྲིར་འཁོད་པའི་ཉིན་མོ་རང་ ལ༑ རང་ཉིད་ཀྱི་འགན་དུ་འཁྲི་བའི་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ། རང་ ཉིད་བློས་བཏང་བྱ་རྒྱུར་དམ་བཅའ་བརྟན་པོ་མཛད་ཡོད་པར་མ་ཟད། ནམ་ ཞིག་དགོས་མཁོ་བྱུང་ན་རང་གི་སྐུ་སྲོག་ཀྱང་རྒྱལ་ཁབ་ཀྱི་དོན་དུ་གཏོང་ རྒྱུའི་ཐག་ཅོད་མཛད་ཡོད་ལ། དོན་དངོས་སུ་བོད་རྒྱལ་ཁབ་དང་མི་རིགས་ ཀྱི་དོན་དུ་བཙན་པོའ་སྐུ་སྲོག་བདུད་བློན་ཚོའི་ལག་ཏུ་ཤོར་བ་རེད།། །།
གསུམ་པ། བློན་ཆེན་མགར་སྟོང་བཙན་ཡུལ་བཟུང།
97 བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་གི་ངོ་སྤྲོད། ༄༅། །བོད་ཀྱི་བློན་ཆེན་མགར་སྟོང་བཙན་ཡུལ་བཟུང་ནི། ཕྱི་ལོ་བརྒྱ་ཕྲག་ བདུན་པའི་ནང་སྟོད་ལུང་རམ་པ་ཞེས་པའི་ས་གནས་སུ་མགར་སྟོང་མེས་ཁྲི་ ཆགས་ཞེས་པའི་སྲས་སུ་སྐུ་འཁྲུངས། དུས་ཕྱིས་སུ་ཡང་ལྷུན་རྩེ་རྫོང་ཁོངས་ དང། གཉལ་སྨད་ཁུལ་དུ་བློན་པོ་མགར་གྱི་མཁར་ཤ ལ་ཡིན་ཟེར་བ་དང། རྩེ་གདོང་ཁུལ་གཤམ་སྨད་ཟེར་བའི་མདུན་ཐད་དུ་ཡང། བློན་པོ་མགར་གྱི་ འཁྲུངས་ཁྱིམ་ཡིན་ཟེར་བའི་མི་ཚང་ཞིག་ཀྱང་སྟོན་རྒྱུ་ཡོད། གང་ལྟར་བློན་པོ་མགར་སྟོང་བཙན་ནི། ཆོས་རྒྱལ་སྲོང་བཙན་སྒམ་ པོའ་མེད་ཐབས་མེད་པའི་འཕྲུལ་བློན་བཞིའི་ཡ་གྱལ་དང། བོད་ཀྱི་བློན་པོའ་ ཁྲོད་ནས་རྣམ་དཔྱོད་ཆེ་བའི་མཚན་སྙན་ཅན་ཞིག་ཡིན་པར་མ་ཟད། ཁོང་གི་ སྤྱོད་ལམ་དང་རྣམ་དཔྱོད་ཀྱིས་རྒྱ་ནག་ཐང་གི་གོང་མ་ཐང་ཐེ་ཙུང་ཡང་ཡིད་ དབང་འཕྲོག་པར་གྱུར་ཡོད། བློན་པོ་མགར་སྟོང་བཙན་གྱིས་ཡི་གེ་དང་རིག་གནས་སློབ་སྦྱོང་བྱས་ པའི་ལོ་རྒྱུས་མེད་ལ། བློན་པོ་ཁོང་ནི་ཡིག་རྨོངས་པ་ཞིག་ཡིན་སྲིད་ཀྱང། ལྷན་སྐྱེས་སུ་བློ་རིག་རྒྱས་ཤིང། རྣམ་དཔྱོད་མེ་འབར་བ་ལྟ་བུ་ཞིག་ཡོད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 98 པས། བཙན་པོ་སྲོང་བཙན་སྒམ་པོའ་ཞི་དྲག་གི་ལས་དོན་མང་ཆེ་བའི་ཐོག་ བློན་པོ་མགར་གྱི་རྣམ་དཔྱོད་དང་བློ་བཀོད་མ་ཐོན་པ་མེད་པ་ལྟ་བུ་ཡིན། དེར་བརྟེན་བློན་པོ་མགར་སྟོང་བཙན་ནི། བོད་ཀྱི་རྒྱལ་པོ་སྲོང་ བཙན་སྒམ་པོའ ་ཕྱིའི་ལྕགས་རི་དང། ནང་གི་ནོར་བུ་ལྟ་བུའི་བློན་ཆེན་ རྣམ་དཔྱོད་ལྡན་ཞིང། མཛད་རྗེས་འགྲན་ཟླ་མེད་པ་ཞིག་ཡིན་པས། དུས་ ད་ལྟའི་བར་བོད་ཀྱི་ལོ་རྒྱུས་དང་མང་ཚོགས་ཁྲོད་དུ་བློན་པོ་མགར་སྟོང་ བཙན་གྱི་མཚན་སྙན་ཉམས་པ་མེད་པར་གནས་ཐུབ་པ་བྱུང་ཡོད།
99 ཤེས་རབ་མེ་ལྟར་འབར་བའི་བློན་པོ་། ༄༅། །བློན་པོ་མགར་སྟོང་བཙན་གྱིས་ཡི་གེའི་རིག་གནས་སྦྱངས་པའི་ ལོ་རྒྱུས་མེད་ལ། ཁོང་གིས་ཡི་གེ་འབྲི་ཀློག་གཉིས་ཀ་མི་ཤེས་ཀྱང། སྐུ་ན་ གཞོན་དུས་ནས་རང་བཞིན་གྱིས་མཁྱེན་རབ་བཀྲ་ཞིང། དཔའ་མཛངས་ གཉིས་ལྡན་གྱི་བློ་གྲོས་འགྲན་ཟླ་བྲལ་བ་ཞིག་ཡིན། དེར་བརྟེན་རིམ་པས་ བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོས་ཀྱང་བློན་པོ་མགར་གྱི་སྙན་པ་ གསན་ཏེ། མགར་སྟོང་བཙན་ཕོ་བྲང་ནང་གི་བློན་ཆེན་གྱི་གྲས་སུ་བསྐོ་ གཞག་མཛད་པ་རེད། བློན་པོ་མགར་སྟོང་བཙན་ཕོ་བྲང་ནང་གི་བློན་ཆེན་གྱི་གྲས་སུ་སླེབས་ པའི་རྗེས་སུ་ཡང། ང་རྒྱལ་དང་ཆེ་ཚུགས་མི་མཛད་པར་ཀུན་ལ་བསྟུན་ མཁས་དང། འགྲོགས་བདེའི་སྤྱོད་ལམ་རྒྱུན་སྐྱོང་མཛད་བཞིན་ཡོད་པར་ མ་ཟད། རང་ཉིད་ཀྱི་མེ་ལྟར་འབར་བའི་ཤེས་རབ་དང་རིག་འཕྲུལ་ལ་བརྟེན་ ནས། རྒྱལ་བློན་ལྷན་འཛོམས་ཀྱི་མདུན་སར་རྒྱལ་སྲིད་ཀྱི་ལས་དོན་ཐོག་ ཐབས་བཀོད་དང་གྲོས་འདོན་སྣ་ཚོགས་མཛད་ཀྱི་ཡོད་པས། བློན་པོ་ཁོང་ གི་ཞལ་སྒོ་ནས་རྒྱལ་བློན་རྣམས་ཀྱི་བློ་སྒོ་ཡངས་པོར་འབྱེད་པ་དང། ཕུགས་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 100 རྒྱང་རིང་པོའ་མདུན་ལམ་ལ་ཕན་པའི་ལེགས་བཤད་འཛད་པ་མེད་པ་ཞིག་ རྒྱུན་དུ་འཕྲོ་བཞིན་ཡོད། བློན་པོ་མགར་སྟོང་བཙན་གྱི་བློ་བཀོད་དང་གྲོས་འདོན་གྱི་མཐུ་ལ་ བརྟེན་ནས་བོད་ཀྱི་ཞི་དྲག་གི་ལས་དོན་མཐའ་དག་བདེ་བླག་ཏུ་གྲུབ་ཅིང། སྐབས་དེར་འཛམ་གླིང་ན་སྟོབས་ཤ གས་ཆེ་བར་གྲགས་པ་རྒྱ་ནག་གི་ཐང་ གོང་མ་དང་། རྒྱ་གར་གྱི་མ་ག་དྷའི་རྒྱལ་པོ། ཨ་རབ་ཀྱི་རྒྱལ་ཁབ་སོགས་ ཀྱང་བོད་ཀྱི་བཙན་པོའ་སྟོབས་ཤ གས་ལ་དངངས་སྐྲག་བྱེད་དགོས་པའི་ ཚོད་དུ་སླེབས་ཡོད། བོད་ཀྱི་དྲག་པོའ་དཔུང་དམག་གིས་གཡུལ་འཐབ་དང་དཀའ་ཚེགས་ ཆེན་པོ་ལ་བརྟེན་མ་དགོས་པར། མཐའི་རྒྱལ་ཕྲན་གྲུ་གུ་དང༌། སུམ་པ། མི་ ཉག འ་ཞ་སོགས་རྒྱལ་ཕྲན་ཆེ་ཆུང་མང་པོ་ཞིག་ཀྱང་བོད་ཀྱི་བཙན་པོའ་ཆབ་ འབངས་སུ་བསྡུས་པ་ནི། བློན་ཆེན་འདི་ཉིད་ཀྱི་ཐབས་བཀོད་དང་ཁ་འབྲལ་ ཐབས་མེད་པའི་མཛད་རྗེས་ཆེན་པོ་ཞིག་ཡིན། བློན་པོ་མགར་སྟོང་བཙན་འདི་བློ་རིག་བཀྲ་ཞིང་འཇོན་ནུས་ཆེ་བ་ ཞིག་ཡིན་པར་མ་ཟད། ཆོས་རྒྱལ་སྲོང་བཙན་སྒམ་པོར་ཤིན་ཏུ་ཐུགས་ རྩིས་ཆེ་ཞིང། བཙན་པོ་སྲོང་བཙན་དང་སྒེར་གྱི་འབྲེལ་བ་དང་འགྲོགས་ འདྲིས་ཀྱང་ཤིན་ཏུ་གཏིང་ཟབ་མོ་ཡོད་མཁན་གྱི་བློན་པོའ་གྲས་ཤིག་ཡིན་ པས། ཆོས་རྒྱལ་སྲོང་བཙན་སྒམ་པོས་ཕྱི་ནང་གི་བློན་ཆེན་དག་ལས་ མགར་སྟོང་བཙན་ལ་དམིགས་བསལ་ཡིད་ཆེས་དང་བརྩི་མཐོང་ཆེན་པོ་ གནང་གི་ཡོད་པ་རེད།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 101 དཔེར་ན། རྒྱལ་ཁབ་ཀྱི་དགྱེས་སྟོན་མཛད་སྒོ་ཆེན་པོ་ཞིག་གི་ཐོག བཙན་པོ་སྲོང་བཙན་གྱིས། རྗེ་ཡི་ནི་མཚན་ལ་འདྲི། །ཁྲི་ཡི་ནི་སྲོང་བཙན་ ཞིག །བློན་གྱི་མིང་པ་འདི། །སྟོང་བཙན་ནི་ཡུལ་བཟུང་ཞིག །ཅེས་སོགས་ བོད་རྒྱལ་ཁབ་ཀྱི་མངའ་ཐང་རྒྱ་སྐྱེད་བྱས་པའི་བརྒྱུད་རིམ་དང། རྒྱལ་བློན་ བར་གྱི་འབྲེལ་བའི་གནས་སྟངས། བློན་པོ་མགར་སྟོང་བཙན་ལ་དམིགས་ བསལ་ཆེ་བ་བརྗོད་པའི་མགུར་ཞིག་ཆེད་དུ་བཞེངས་པ་རེད། དགྱེས་སྟོན་མཛད་སྒོའ་ཐོག་བཞེངས་པའི་བཙན་པོའ་མགུར་ཚིག་ འདིའི་ཐོག་ནས་བལྟས་ན། བཙན་པོ་སྲོང་བཙན་གྱིས་བློན་པོ་མགར་སྟོང་ བཙན་ལ་ཐུགས་རྩིས་ཇི་ཙམ་གནང་གི་ཡོད་མེད་གསལ་པོ་ཤེས་ཤིང། སྐབས་དེའི་བློན་ཆེན་རྣམས་ཀྱི་ཁྲོད་ནས། མགར་སྟོང་བཙན་ཇི་ཙམ་ནུས་ ཤགས་ཆེན་པོ་ཡིན་པ་ཡང་རང་བཞིན་གྱིས་རྟོགས་ཐུབ་པ་ཞིག་ཡིན། འོན་ཀྱང་བློན་པོ་མགར་སྟོང་བཙན་ནི། བཙན་པོ་སོགས་གཞན་གྱིས་ རང་ལ་ཆེ་བརྗོད་དང་བསྟོད་བསྔགས་ཇི་ཙམ་བྱེད་ཀྱི་ཡོད་མེད་ལ་མ་ལྟོས་ པར། ནམ་ཡིན་ཡང་ང་རྒྱལ་དང་ཆེ་ཚུགས་གཏན་ནས་མི་མཛད་པར་མ་ ཟད། རང་གི་བློ་བཀོད་དང་ཐབས་རྩལ་ལ་བརྟེན་ནས་བྱུང་བའི་གྲུབ་འབྲས་ ཏེ༑ དཔེར་ན། བོད་རྒྱལ་ཁབ་ལ་ཆབ་སྲིད་དང། དམག་དོན་སོགས་ཀྱི་ཐད་ མཛད་རྗེས་ཇི་ཙམ་བཞག་པའི་དབང་དུ་བྱས་ཀྱང། དེ་ལ་ངོ་སོ་དང་བྱས་ ཡུས་མཛད་པའི་གོམས་གཤིས་གཏན་ནས་མེད་མཁན་ཞིག་ཡིན། བློན་ཆེན་རང་ཉིད་ཀྱིས་བཀོད་འདོམས་མཛད་པའ ་ཆབ་སྲིད་དང། དམག་དོན་གྱི་བྱ་བ་གང་འདྲ་ཞིག་ཡིན་ཡང་རུང། དེ་ལ་ལེགས་པའི་གྲུབ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 102 འབྲས་ཤིག་བྱུང་བའི་སྐབས། ལས་ཀའི་གྲུབ་འབྲས་དེ་རང་ཉིད་ཀྱིས་བྱས་ པ་ཡིན་ལུགས་ཀྱི་ངོ་སོ་གཏན་ནས་མི་མཛད་པར་མ་ཟད། གྲུབ་འབྲས་ འདི་ནི་ལས་དོན་ནང་མཉམ་ཞུགས་བྱས་པའི་མི་ཀུན་གྱི་ཐུན་མོང་བའི་ དཀའ་སྤྱད་ཀྱི་འབྲས་བུ་ཡིན་པ་དང། ལྷག་པར་དུ་ཆོས་རྒྱལ་སྲོང་བཙན་ སྒམ་པོའ་སྲིད་བྱུས་དང། འགྲན་ཟླ་མེད་པའི་ལམ་སྟོན་ལ་བརྟེན་ནས་བྱུང་ བ་ཡིན་པ་ལས། ང་སྒེར་ལ་དམིགས་བསལ་གྱི་བྱས་རྗེས་གང་ཡང་མེད། ཅེས་མངོན་གསལ་དང་ཡོངས་གྲགས་ཀྱིས་རྒྱུན་དུ་གསུངས་ཏེ། སྙན་ གྲགས་དང་ཁེ་ཕན་གྱི་རིགས་ཕ་རོལ་པོར་སྤྲོད་རྒྱུར་ཕངས་སེམས་དང་ཐེ་ ཚོམ་གཏན་ནས་མེད་མཁན་ཞིག་ཡིན། བློན་པོ་མགར་སྟོང་བཙན་གྱི་རྣམ་དཔྱོད་དང། ཕུལ་དུ་བྱུང་བའི་བཀོད་ འདོམས། ཡ་རབས་སྤྱོད་བཟང་གི་མཛད་སྤྱོད་བཅས་ལ་བརྟེན་ནས། ཕོ་བྲང་ ཕྱི་ནང་ཀུན་ལ་རང་བཞིན་གྱིས་མཚན་སྙན་ཆེ་ཞིང། བརྩི་མཐོང་ཆེན་པོ་ཡོད་ མཁན་ཞིག་ཏུ་གྱུར་པ་ཡིན་ལ། ལྷག་པར་དུ་མགར་སྟོང་བཙན་རང་ཉིད་བློན་ པོ་གཞན་དག་ལས་རྣམ་དཔྱོད་དང་མཛད་རྗེས་ཇི་ཙམ་ཆེ་ཡང། རང་རློམ་ དང་རང་ཉིད་མཆོག་འཛིན་གྱི་ང་རྒྱལ་གཏན་ནས་མི་མཛད་པར། དུས་ཚོད་ དང་གནས་སྟངས་གང་འདྲ་ཞིག་ཏུ་ཡིན་ནའང་བཙན་པོ་རང་ཉིད་ཀྱི་གཙུག་ ཏུ་བཀུར་ཞིང། བློན་ཆེན་གཞན་དག་ལ་ཡང་བརྩི་མཐོང་ཆེན་པོས་འབྲེལ་བ་ འཛིན་མཁས་པོ་ཞིག་ཡིན་སྟབས། བློན་པོ་མགར་སྟོང་བཙན་ཕོ་བྲང་ནང་དུ་ མཚན་གནས་ལས་ཀྱང་བརྒལ་བའི་དབང་ཤ གས་ཆེན་པོ་ཡོད་མཁན་ཞིག་ ཏུ་རང་བཞིན་གྱིས་གྱུར་པ་རེད།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 103 བློན་ཆེན་མགར་སྟོང་བཙན་བོད་ཀྱི་ཆབ་སྲིད་དང། དམག་དོན་སོགས་ ཀྱི་ཐོག་ལྷག་བསམ་རྣམ་དག་ཡིན་པར་མ་ཟད། སྒེར་གྱི་སྤྱོད་ལམ་གཙང་ ཞིང། ཆབ་སྲིད་དང་དམག་དོན་གྱི་བྱ་བའི་ཐད་དགོངས་པ་ཆེ་ཞིང་གཏིང་ ཟབ་ལ། ལྷག་བསམ་རྣམ་དག་གིས་བཀོད་འདོམས་འཕྱུག་པ་མེད་པ་གནང་ མཁན་ཞིག་རེད། ཁྱད་པར་དུ་མི་ཐམས་ཅད་རྒྱུ་མཚན་དང་གནས་ལུགས་ ཀྱི་ཐོག་ནས་རང་ཕྱོགས་སུ་འགུགས་པར་དམིགས་བསལ་ནུས་པ་ཡོད་ མཁན་ཞིག་ཡིན་པས། ཕོ་བྲང་ཕྱི་ནང་ཀུན་ཏུ་བློན་པོ་མགར་སྟོང་བཙན་ལ་ རྒྱལ་པོའ་འཕྲོས་ཀྱི་བརྩི་མཐོང་ཆེན་པོ་ཞུ་ཡི་ཡོད། བློན་པོ་མགར་སྟོང་བཙན་གྱི་མཁྱེན་རྒྱ་དང་མཛད་སྤྱོད་བཟང་པོ་དེས། མགར་གྱ ་བུ་རྒྱུད་ཕྱི་མ་ 1ཚོ་ལ་མིག་ལྟོས་དང་ཤ གས་རྐྱེན་ཟབ་མོ་ཐེབས་ ཡོད་པ་སྨོས་མ་དགོས་ལ། བཙན་པོའ་ཕོ་བྲང་ནང་གི་བློན་ཆེན་ཚོའི་གཤིས་ ཀ་དང། སྤྱོད་ལམ། རྒྱུན་གྱི་དགོངས་པ་བཞེས་སྟངས། ཞི་དྲག་གི་ལས་དོན་ ཐོག་དགོངས་པ་བཞེས་སྟངས་བཅས་ཀྱི་ཐོག་ལ་ཡང་མགར་གྱི་ཤ གས་རྐྱེན་ ཟབ་མོ་ཐེབས་ཡོད། མགར་སྟོང་བཙན་གྱིས་བློན་པོ་གཞན་དག་ལས་ཀྱང་བཙན་པོ་ གཙུག་ཏུ་བཀུར་བ་ནི། ཁོང་གི་མི་གཤིས་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ གཉིས་ཀར་འབྲེལ་བ་གཏིང་ཟབ་ཡོད་པ་ཞིག་ཡིན། བློན་ཆེན་ཁོང་གི་ གཟིགས་ཚུལ་ལ། བློན་པོ་རྣམས་ཀྱིས་བཙན་པོ་ཇི་ཙམ་བཀུར་བའི་ཚོད་ 1 མགར་གྱི་བུ་རྒྱུད་ཕྱི་མ་ནི། བློན་པོ་མགར་གྱི་སྲས་མགར་བཙན་སྙ་ལྡོམ་བུ། མགར་ཁྲི་ འབྲིང། མགར་བཙན་བྲོད། བློན་ཟི་མདོ་ཡེ། བློན་འབལ་ལོན་བཅས་ཡིན།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 104 ཀྱིས་བཙན་པོའ་ལམ་སྟོན་ལ་ནུས་པ་ཐོན་ཞིང། བཙན་པོའ་ནུས་ཤ གས་ ལ་བརྟེན་ནས་བོད་རྒྱལ་ཁབ་ཀྱི་སྟོབས་ཤ གས་རྡོག་ལ་བསྒྲིལ་ཐུབ་པ་དང། མཐུན་ལམ་མཛའ་བརྩེ་ལྡན་པ་ཞིག་ཡོང་བར་དམིགས་བསལ་ཕན་ནུས་ ཐོན་ངེས་ཡིན་པས། བོད་ཀྱི་བཙན་པོ་རིམ་བྱོན་རྣམས་གཙུག་ཏུ་བཀུར་ དགོས་པ་ནི། རྒྱལ་ཁབ་དང་མང་ཚོགས་སུ་ལ་མཚོན་ན་ཡང་ཤིན་ཏུ་གལ་ གནད་ཆེན་པོར་ངོས་འཛིན་གནང་མཁན་ཞིག་ཡིན། བློན་པོ་མགར་སྟོང་བཙན་གྱི་གཞི་རྩའི་ལྟ་ཚུལ་འདིའི་ཐོག་ནས། གཞུང་ འབྲེལ་མཛད་སྒོ་ཆེ་ཆུང་ཐམས་ཅད་ཀྱི་ཐོ ག བཙན་པོའ་མཛད་བྱུས་ལ་ཆེ་ བསྟོད་དང་འབྲེལ་བསྔགས་བརྗོད་རྒྱ་ཆེན་ཞུས་ཏེ། བཙན་པོའ་མཚན་སྙན་ མཐོ་རུ་འདེགས་པ་དང། མང་ཚོགས་ཁྲོད་མིག་ལྟོས་བཟང་པོ་འཇགས་པའི་ དོན་དུ། བློན་པོ་ཁོང་གིས་དམིགས་བསལ་འབད་བརྩོན་གནང་གི་ཡོད། དཔེར་ན། རྒྱལ་བློན་ལྷན་འཛོམས་ཀྱི་མཛད་སྒོ་ཞིག་གི་ཐོག་བློན་པོ་ མགར་སྟོང་བཙན་གྱིས། བོད་ཀྱི་ཆོས་གཞུང་བཟང་པོ་ཀུན། །བཙན་ པོ་ཁྲི་སྲོང་བཙན་གྱི་རིང་ལ་བྱུང་ངོ་། །མི་ཡོངས་ཀྱིས་བཀའ་དྲིན་ཚོར་ བས། །བཙན་པོ་སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ། །ཞེས་བོད་ ཁམས་ཀྱི་མངའ ་ ཐང་དང་སྐྱེ་འགྲོའ ་བདེ་སྐྱིད་ཡོངས་རྫོགས། བཙན་ པོ་ཉིད་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཡིན་པ་དང། འབངས་མི་ སེར་གྱིས་བཙན་པོའ ་མཛད་བྱུས་དང་བཀའ ་ དྲིན་ཚོར་བས། བཙན་ པོའ ་མཚན་ལ་ཡང་སྲོང་བཙན་སྒམ་པོ་ཞེས་གསོལ་བ་ཡིན་པའི་གནས་ ལུགས་གསལ་འདོན་མཛད་པ་ལྟ་བུ་ཡིན།
105 གཉེན་གྱི་འབྲེལ་བ་ལ་བརྟེན་ནས་ཕྱི་ འབྲེལ་རྒྱ་སྐྱེད། ༄༅། །ཆོས་རྒྱལ་སྲོང་བཙན་སྒམ་པོའ་སྐུ་དུས་སུ་བཙན་པོ་རང་ཉིད་ཀྱི་ རྣམ་དཔྱོད་དང་དྲག་པོའ་སྟོབས་ཤ གས། བློན་པོ་བློ་གྲོས་ཅན་རྣམས་ཀྱི་རམ་ འདེགས་བཅས་ལ་བརྟེན་ནས། ཕྱོགས་མཐའི་རྒྱལ་ཕྲན་མང་པོ་ཞིག་བོད་ཀྱི་ ཆབ་འབངས་སུ་བསྡུ་ཐུབ་པ་བྱུང་བར་མ་ཟད། བོད་ཀྱི་མངའ་ཐང་དང་ཞི་དྲག་ གི་སྟོབས་ཤ གས་ནི། བཙན་པོ་ཡབ་མེས་ཀྱི་སྐུ་དུས་ལས་ལྡབ་མང་པོས་རྒྱ་ སྐྱེད་དང་འཕེལ་རྒྱས་སུ་ཕྱིན་ཡོད། འོན་ཀྱང་ཕྱིའི་མངའ་ཐང་དང། དྲག་པོའ་དཔུང་གི་སྟོབས་ཤ གས་ཇི་ ཙམ་འཕེལ་རྒྱས་སུ་ཕྱིན་ཀྱང། ཡར་རྒྱས་ཀྱི་རྣམ་པ་དེ་ཙམ་གྱིས་ཆོས་རྒྱལ་ སྲོང་བཙན་སྒམ་པོ་དང། བློན་ཆེན་མགར་སྟོང་བཙན་སོགས་ཀྱི་ཐུགས་ གཏན་ནས་ཚིམ་གྱི་མེད་པས། རྒྱལ་བློན་གཉིས་ཀས་བོད་ཁམས་ཡར་རྒྱས་ ཀྱི་རྩ་བ་ཇེ་བརྟན་དུ་གཏོང་བ་དང། ཕྱོགས་ཡོངས་ནས་མུ་མཐུད་ཡར་རྒྱས་ འགྲོ་བར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་གི་ཡོད། བཙན་པོ་སྲོང་བཙན་གྱི་དགོངས་པར། ཕྱི་ཚུལ་གྱི་ཡར་རྒྱས་དང་ སྟོབས་ཤ གས་ནི། ངེས་མེད་དར་རྒུད་ཀྱི་རང་བཞིན་ཅན་ཞིག་ཡིན་པ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 106 དང། དྲག་པོའ་དཔུང་གི་སྟོབས་ཤ གས་རྐྱང་པ་ལ་བརྟེན་ནས། རྒྱལ་ཁབ་ བདེ་འཇགས་དང་བརྟན་ལྷིང་ལྡན་པ་ཞིག་ཡོང་མི་ཐུབ་ཅིང། འབངས་མི་ སེར་བདེ་སྐྱིད་ལྡན་པ་ཡོང་བའི་ངེས་པ་དེ་བས་ཀྱང་མེད་པས། ནང་བསམ་ བློའ་སྟོབས་ཤ གས་དང་འབྲེལ་བའི་རིག་གཞུང་ནང་འདྲེན་བྱ་བ་དང། ཁྱིམ་ མཚེས་རྒྱལ་ཁབ་རྣམས་ལ་གཉེན་གྱི་འབྲེལ་བ་བཙུགས་ཏེ། ཕྱིའི་ཆོས་ ལུགས་དང་རིག་གནས་ཕུན་སུམ་ཚོགས་པ་རྣམས་བོད་ལ་ནང་འདྲེན་བྱེད་ ཐུབ་ན། ཆབ་སྲིད་དང་ཆོས་ལུགས་གང་ཅིར་ཕན་ཐོགས་ཆེན་པོ་ཡོད་པ་ དང། འཕེལ་རྒྱས་བརྟན་ལྷིང་ལྡན་པ་ཞིག་ཡོང་ངེས་ཀྱི་དགོངས་ཚུལ་རྒྱུན་ པར་ཡོང་གི་ཡོད། ཉིན་ཞིག་བཙན་པོ་སྲོང་བཙན་སྒམ་པོས་རང་གི་དགོངས་པའི་འཆར་ སྣང་དང་དེའི་རྒྱབ་ལྗོངས་བཅས་བློན་པོ་མགར་སྟོང་བཙན་སོགས་ལ་ཞིབ་ཏུ་ གསུངས་ཏེ། བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་གོར་ཥའི་རྒྱལ་པོ་འོད་ཟེར་གོ་ཆ་ ལ་ཁྲི་བཙུན་ཞུ་བའི་སྲས་མོ་ཞིག་ཡོད། ཁྲི་བཙུན་བོད་ཀྱི་རྒྱལ་པོའ་བཙུན་མོར་ བསུ་ཐུབ་ན་བོད་དུ་ནང་པའི་ཆོས་ལུགས་དར་སྤེལ་དང། ཕྱ ་འབྲེལ་སོགས་ གང་ཅིའི་ཐད་ནས་ཕུགས་རྒྱང་རིང་པོར་ཕན་ཐོགས་ཆེ་བའི་གནས་ལུགས་ ཞིབ་ཏུ་གསུངས་པ་རེད། བཙན་པོ་སྲོང་བཙན་གྱིས་བལ་བཟའ་ཁྲི་བཙུན་བཙུན་མོར་བསུ་རྒྱུའི་ དགོངས་འཆར་དེ་ལ། སྤྱིའི་ཆ་ནས་བློན་པོ་མང་ཆེ་བས་རྒྱབ་སྐྱོར་ཞུ་ཡི་ ཡོད་ཀྱང། བླ ན་ཆེན་ཚོའི་ནང་དུ་ལྟ་ཚུལ་མི་མཐུན་པ་གཏན་ནས་མེད་པ་ ཡང་མིན་ཏེ། བློན་ཆེན་རིགས་ཤིག་གིས་རྒྱལ་པོ་སྲོང་བཙན་ལ་ཁྲི་བཙུན་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 107 ཞེས་པའི་བཙུན་མོ་གསར་པ་ཞིག་བསུས་ན། དེ་སྔར་ཡོད་པའི་བཙུན་མོ་ 1དང་ཞང་བློན་རྣམས་ལ་ཕོག་ཐུག་འགྲོ་སྲིད། དེར་བརྟེན་ནང་ཁུལ་གྱི་མཐུན་ ལམ་ལ་གནོད་སྐྱོན་ཡོང་བའི་དོགས་པ་བྱེད་ཀྱི་ཡོད་ལ། རིགས་ཤིག་གིས་ བལ་པོ་རྒྱལ་ཁབ་དང་གཉེན་གྱི་འབྲེལ་བ་བཙུགས་ན། འདི་ལ་ཆབ་སྲིད་ཀྱི་ ཕུགས་འབྲས་གང་འདྲ་ཡོང་རྒྱུ་ཡིན་པར་དོགས་པ་བྱེད་ཀྱི་ཡོད། བསམ་ ཚུལ་འདི་གཉིས་ཀ་ལ་དོགས་པ་བྱེད་སའི་གཞི་རྩ་རེ་ངེས་པར་ཡོད་པ་རེད། སྐབས་དེར་མགར་སྟོང་བཙན་གྱིས་བློན་ཆེན་ཚོའི་ནང་བསམ་བློ་མི་ མཐུན་པ་ཡོད་པར་མ་ཟད། རིགས་ཤིག་གིས་ཉེན་ཁའི་ཕྱོགས་ནས་བསམ་ བློ་བཏང་སྟེ། བལ་བཟའ་ཁྲི་བཙུན་བཙན་པོའ་ཁབ་ཏུ་བསུ་རྒྱུའི་འདོད་པ་མེད་ པ་གསལ་པོ་ཤེས་ཀྱི་ཡོད་ཀྱང། མགར་རང་ཉིད་ཀྱིས་རྒྱལ་པོའ་སྲིད་བྱུས་ ཀྱི་ཕུགས་རྒྱང་རིང་པོའ་དགོངས་པ་ཇི་བཞིན་གསལ་པོར་རྟོགས་ཀྱི་ཡོད་ སྟབས། རང་ཉིད་ཀྱིས་ཤེས་རྟོགས་ཡོད་པའི་གནས་ཚུལ་རྣམས་བློན་པོའ་ ཚོགས་ལ་འགྲེལ་བཤད་ཞིབ་ཏུ་ཞུས་ན་ཕན་ཐོགས་ཡོད་ངེས་དགོངས་ཀྱི་ ཡོད་པ་རེད། དེར་བརྟེན་བློན་པོ་མགར་སྟོང་བཙན་གྱིས། ཁྱེད་བློན་པོ་རིགས་ཤིག་ གིས་དོགས་པ་བྱེད་བཞིན་པའི་གནད་དོན་སྔ་ཕྱི་གཉིས་ཀའི་ཐོག བཙན་ པོས་དགོངས་པ་གཏིང་ཟབ་བཞེས་ཡོད་པར་མ་ཟད། ཉེན་ཁའི་གནས་ཚུལ་ འདི་གཉིས་ཀ་མི་ཡོང་བར་སྔོན་འགོག་གི་གྲ་སྒྲིག་བྱས་ཟིན་ཡོད་པས། 1 དེ་སྔར་ཡོད་པའི་བཙུན་མོ། མི་ཉག་རྒྱལ་པོའ་སྲས་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་དང། ཞང་ཞུང་བཟའ་ལི་ཐིག་སྨན་ནམ་ཞང་ཞུང་བཟའ་ཁྲི་བཙུན། མོང་བཟའ་ཁྲི་ལྕམ་བཅས་ གསུམ་ཡོད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 108 འདིའི་ཐད་ཁྱེད་བློན་པོ་རྣམས་ཀྱིས་ཐུགས་དོགས་གནང་མི་དགོས། ཞེས་ ཉེན་ཁའི་ཕྱོགས་ལ་སྔོན་འགོག་ཇི་ལྟར་བྱེད་བཞིན་ཡོད་པའི་འཆར་གཞི་ ཞིབ་ཕྲ་གསུངས་ཏེ་བློན་པོ་རྣམས་ཀྱི་དོགས་པ་སེལ་ཐབས་གནང་བ་རེད། དེ་ནས་བློན་པོ་མགར་སྟོང་བཙན་གྱིས་མུ་མཐུད་དེ། བཙན་པོ་སྲོང་ བཙན་གྱི་དགོངས་བཞེད་ལྟར། བལ་བཟའ་ཁྲི་བཙུན་བཙན་པོའ་ཁབ་ཏུ་བསུ་ ཐུབ་ན། གོར་བོད་བར་དུ་ཡིད་ཆེས་དང་ཕྱི་འབྲེལ་གྱི་རྨང་གཞི་བརྟན་པོ་ ཚུགས་ཐུབ་པ་ཡོང་ངེས་ཡིན་ལ། དེ་ལ་བརྟེན་ནས་བོད་ཀྱི་ཆོས་ལུགས་དང་ རིག་གཞུང། དམག་དོན་གྱི་སྟོབས་ཤ གས། འཛུགས་སྐྲུན་བཅས་གང་ཅིར་ ཕན་ཐོགས་ཆེན་པོ་ཡོང་རྒྱུ་ཡིན་པ་གསལ་པོ་ཡིན། ཞེས་བློན་པོའ་ཚོགས་ སུ་བཙན་པོ་སྲོང་བཙན་གྱི་དགོངས་པའི་རྒྱབ་ལྗོངས་ལ་འགྲེལ་བཤད་ཞིབ་ ཏུ་མཛད་པ་རེད། གོང་དུ་བཤད་པ་ལྟར་བློན་ཆེན་ཚོའི་ནང་དུ་བལ་བཟའ་ཁྲི་བཙུན་བོད་ དུ་བསུ་བའི་དགེ་སྐྱོན་ཐད། བསམ་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང། འདི་ལྟར་ཕན་ཚུན་སྦྱངས་བཤད་མཐིལ་ཕྱིན་པར་བྱས་པའི་མཐའ་མ། བལ་ བཟའ་ཁྲི་བཙུན་བོད་ཀྱི་བཙན་པོའ་བཙུན་མོར་བསུ་རྒྱུར་གཅིག་གྱུར་གྱིས་ མོས་མཐུན་བྱུང་བར་མ་ཟད། ལས་དོན་འདིའི་འགན་ཁུར་ཡོངས་རྫོགས་ བློན་པོ་མགར་སྟོང་བཙན་གྱིས་འཁྱེར་རྒྱུ་ཐག་གཅོད་མཛད་པ་རེད།
109 བལ་བཟའ་ཁྲི་བཙུན་བཙན་པོའི་ ཁབ་ཏུ་བསུས་པ་། ༄༅། །ཚེས་གྲངས་བཟང་བའི་ཉིན་ཞིག་ལ། བློན་ཆེན་མགར་སྟོང་བཙན་ གྱིས་དབུ་ཁྲིད་པའི་བོད་ཀྱི་བློན་པོ་རྟ་པ་བརྒྱ་སྐོར་ཞིག་བལ་བཟའ་ཁྲི་བཙུན་ བསུ་བར་བལ་ཡུལ་རྒྱལ་ཁབ་ལ་ཆས། བལ་ཡུལ་དུ་འབྱོར་མ་ཐག་མགར་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 110 སྟོང་བཙན་གོར་ཥའི་རྒྱལ་པོ་འོད་ཟེར་གོ་ཆ་ 1དང་མཇལ་འཕྲད་ཞུས། བོད་ ཀྱི་བཙན་པོའ་ཡིག་ངག་གི་འཕྲིན་ཡིག་རྣམས་རིམ་པར་ཕུལ་ཏེ། སྲས་ མོ་ཁྲི་བཙུན་བོད་ཀྱི་བཙན་པོའ་ཁབ་ཏུ་བསུ་བའི་དོན་དུ་བལ་ཡུལ་དུ་ཡོང་ བ་ཡིན་ལུགས་ཞུས་ཏེ། གསེར་དངུལ་སོགས་རིན་པོ་ཆེ་མང་པོ་ཞིག་ཁྲི་ བཙུན་སློང་རྟེན་དུ་གོར་ཥའི་རྒྱལ་པོ་ལ་ཕུལ་བ་རེད། འོན་ཀྱང་གོར་ཥའི་རྒྱལ་བློན་རྣམས་ཀྱི་བསམ་པར། བོད་ནི་ཤེས་ རིག་མ་དར་བའི་ཡུལ་མཐའ་འཁོབ་སྤྱོད་པ་གདུག་རྩུབ་ཅན་གྱི་རྒྱལ་ཁབ་ ཅིག་ཡིན་པ་དང། སྲོང་བཙན་སྒམ་པོ་ཡང་བློ་རྨོངས་གཏུམ་དྲག་ཅན་གྱི་ རྒྱལ་པོ་ཞིག་ཡིན་པའི་ངོས་འཛིན་གཏིང་ཟབ་ཡོད་སྟབས། གོར་ཥའི་རྒྱལ་ བློན་ཀུན་གྱིས་སྲས་མོ་ཁྲི་བཙུན་བོད་ལ་སྤྲོད་རྒྱུའི་འདོད་པ་གཏན་ནས་བྱེད་ ཀྱི་མེད་པ་རེད། དེར་བརྟེན་བལ་རྒྱལ་གྱིས། ངའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་ དར་ཡང། བོད་མཐའ་འཁོབ་ཀྱི་ཡུལ་ཡིན་པས་བོད་རྒྱལ་པོ་ངའི་གཉེན་ ཟླར་མི་འོས། བོད་ཀྱི་རྒྱལ་པོས་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ ནུས་ན། ངའི་སྲས་མོ་ཁྲི་བཙུན་སྤྲད་ཀྱང་ཆོག བོད་ཀྱི་རྒྱལ་པོ་ལ་དེ་ལྟར་ 1 གོར་ཥའི་རྒྱལ་པོ་འོད་ཟེར་གོ་ཆ། ཨཾ་ཤ ་ཝརྨཱ་ཡང་ཟེར། དུས་རབས་བདུན་པའི་ནང་བྱོན་ པའི་བལ་ཡུལ་གོར་ཥའི་རིགས་ཀྱི་རྒྱལ་པོ་སྙན་གྲགས་ཅན་ཞིག་ཡིན་ལ། བུ་སྟོན་ཆོས་ འབྱུང་དུ་སྟོན་པ་འདས་ནས་ལོ་བརྒྱ་དང་སུམ་ཅུ་རྩ་བདུན་ན་རྒྱལ་པོ་དགའ་བྱེད་བྱུང། དེ་ ནས་ལོ་བརྒྱད་བརྒྱ་ན་རྒྱལ་པོ་ཟླ་སྲུང་བྱུང། དེ་ནས་ལོ་ཉིས་བརྒྱ་སུམ་ཅུ་རྩ་གཅིག་ན་རྒྱལ་ པོ་བརྗེད་མངས་བྱུང། དེ་ནས་ལོ་བདུན་བརྒྱ་ཉི་ཤ ་རྩ་བཞི་ནས་འཕྲོ་བཟུང་ནས་ལོ་བརྒྱད་ བརྒྱ་བཅུ་བཞི་ན་བལ་ཡུལ་རྒྱལ་པོ་འོད་ཟེར་གོ་ཆ་བྱུང་ཞེས་གསལ།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 111 ནུས་མིན་དྲིས་ནས་ཤོག་ཟེར་བ་ལ། དེའི་ལན་དུ་བོད་ཀྱི་རྒྱལ་པོས་སྒྲོམ་བུ་ དང་པོ་འདི་བསྐུར་བྱུང་བས་གཟིགས་ཤིག་ཅེས་མགར་སྟོང་བཙན་གྱིས་ ཕུལ། སྒྲོམ་བུ་དེའི་ནང་བལ་པོའ་ཡི་གེ་གསེར་བྲིས་བྱས་པ་ཞིག་ཡོད་པ་ དེར། མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བལ་པོའ་རྒྱལ་པོ་ལ་ བཀའ་བསྩལ་པ། ཁྱོད་ལྷོ་བལ་ཡུལ་ན་ཆོས་དར་ཡོད། ང་ལ་ད་ལྟ་ཆོས་ དང་མཆོད་གནས་མེད་ཀྱང་དེ་ལ་དགའ་མཁན་ཞིག་ཡིན་པས་ལྷ་གཅིག་ སྟེར་ན། ངས་ཉིན་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལྷ་ ཁང་བརྒྱ་རྩ་བརྒྱད་བཞེངས་རྒྱུ་ཡིན་པར་མ་ཟད། ལྷ་ཁང་དེ་དག་གི་སྒོ་ ཐམས་ཅད་བལ་པོའ ་ཕྱོགས་སུ་བསྟན་རྒྱུ་ཡིན། དེ་ངོ་མཚར་མི་ཆེའམ། ཞེས་བྲིས་ཡོད། ཡང་བལ་རྗེ་ན་རེ། བོད་ཀྱི་རྒྱལ་པོས་དགེ་བཅུའི་ཁྲིམས་འཆའ་ནུས་ ན་ཁྲི་བཙུན་སྤྲད་ཆོ ག དགེ་བཅུའི་ཁྲིམས་འཆའ་ནུས་མིན་དྲིས་ན་ཤོག་ ཟེར་བ་ལ། མགར་ན་རེ། དངུལ་གྱི་སྒྲོམ་བུ་འདི་བོད་ཀྱི་རྒྱལ་པོས་བསྐུར་ བྱུང་བས་གཟིགས་ཤི ག ཅེས་ཕུལ། ཡི་གེ་དེར་སྔར་བཞིན་བལ་པོའ་ཡི་ གེའི་ཐོ ག ཁྲི་བཙུན་སྤྲད་ན་ངས་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ ཉིན་གཅིག་ལ་དགེ་བཅུའི་ཁྲིམས་བཟོ་ངེས་ཡིན། ཞེས་བྲིས་ཡོད། བལ་རྒྱལ་དངངས་སྐྲག་དང་བཅས་སེམས་སུ་ཁྲི་བཙུན་སྤྲད་ བསམས་ཀྱང། ད་དུང་སྒམ་པའི་ཉམས་དང་བཅས། བོད་ཀྱི་རྒྱལ་པོ་ཁ་ ཚོད་ཆེ་བ་འདུག་ཀྱང་ང་སངས་རྒྱས་འོད་སྲུང་ཚུན་ནས་ཐབ་དུ་བ་མ་ཆད་ པའི་ལོངས་སྤྱོད་ཅན་ཡིན། བོད་ཀྱི་རྒྱལ་པོས་འདོད་ཡོན་གྱི་ལོངས་སྤྱོད་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 112 ང་དང་མཉམ་པ་བྱེད་ནུས་ན་ཁྲི་བཙུན་སྟེར་རྒྱུ་ཡིན་པས་དྲིས་ཤོག་ཟེར་ བ་ལ། མགར་སྟོང་བཙན་གྱིས་ཟངས་ཀྱི་སྒྲོམ་བུ་ཞིག་ཕུལ་ཏེ། འདི་རྒྱལ་ པོས་གནང་བ་ཡིན་པས་གཟིགས་ཤིག་ཅེས་པ་ན། དེར་བོད་ཀྱི་རྒྱལ་ པོས། ངས་སྤྲུལ་པ་ལྔ་སྟོང་གིས་སྒོ་ལྔའི་ཡུལ་རེ་རེར་གཟུགས་དྲི་རོ་རེག་ བྱ་མི་འདྲ་བ་སྟོང་སྟོང་ལ་ལོངས་སྤྱོད་དུ་ཡོད་པར་བྱ། རིན་པོ་ཆེའི་གཏེར་ ཁུང་ཐམས་ཅད་ཁ་ཕྱེ་སྟེ་ཁྱེད་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ ཁམས་ལ་རག་ལས་པར་བྱ་རྒྱུ་ཡིན། དེ་ངོ་མཚར་མི་ཆེའམ། ད་དུང་མི་ སྟེར་ཟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་བལ་ཡུལ་བརླགས་ཏེ་ ལྷ་གཅིག་འཕྲོག་རྒྱུ་ཡིན། ཞེས་བལ་པོའ་ཡི་གེའི་ཐོག་བྲིས་ཡོད་པ་མཐོང་ མ་ཐ ག བལ་རྒྱལ་ལ་དངངས་སྐྲག་ཆེན་པོ་བྱུང་བ་དང་མཉམ་དུ། བོད་ཀྱི་ བཙན་པོ་སྤྲུལ་པའི་རྒྱལ་པོ་ཞིག་ཡིན་པ་ཤེས་པས་སེམས་གཏིང་ནས་དད་ པར་ཡང་གྱུར་ཏེ། ཁྲི་བཙུན་བོད་ཀྱི་རྒྱལ་པོའ་ཁབ་ཏུ་འབུལ་རྒྱུར་ཁས་ལེན་ ཞུས་པ་རེད། བློན་པོ་རྣམས་ཀྱི་བསམ་པར་ཁྲི་བཙུན་བོད་ཀྱི་བཙན་པོའ་བཙུན་མོར་ སྤྲོད་འདོད་ཡོད་མེད་གང་ལྟར་ཡང། གལ་སྲིད་བོད་ཀྱི་བཙན་པོའ་ཐུགས་ འདོད་ལྟར་བོད་ལ་གཉེན་གྱི་འབྲེལ་བ་མ་བཟུང་ན། བལ་ཡུལ་གྱི་ཐོག་བོད་ ཀྱི་དཔུང་དམག་འདྲེན་ངེས་ཡིན་འདུག་པས། བོད་ཀྱི་བཙན་པོའ་དཔུང་ དམག་གི་ངོ་ཡ་རྒྱ་ནག་ཐང་གིས་ཀྱང་ལོན་ཐུབ་ཀྱི་མེད་ན། བོད་ཀྱི་བཙན་ པོར་དགྲ་ཟླར་བཟུང་བ་ལས་གཉེན་གྱི་འབྲེལ་བ་བཙུགས་ན་ལེགས། ཞེས་ གྲོས་འཆམ་སྟེ་ཁྲི་བཙུན་བོད་ཀྱི་བཙན་པོའ་བཙུན་མོར་འབུལ་རྒྱུ་ཐག་གཅོད་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 113 ཇོ་བོ་མི་བསྐྱོད་རྡོ་རྗེ། བྱས་པ་རེད། སྐབས་དེར་བལ་ བཟའ ་ ཁྲི་བཙུན་གྱི་བག་ རྫོངས་སུ། སྤྱིར་བཏང་གི་ རིན་པོ་ཆེའི་སྣ་ཚོགས་ ཡོད་པ་སྨོས་མ་དགོས་ ཀྱང། བོད་ཀྱི་བཙན་པོས་ ཐུགས་རེ་བཅངས་པའི་ བག་རྫོངས་གལ་ཆེ་བ་ཞིག་ནི། ཇོ་བོ་མི་བསྐྱོད་རྡོ་རྗེས་མཚོན་པའི་སྐུ་ གསུང་ཐུགས་རྟེན་བྱིན་རླབས་ཅན་སྣ་ཚོགས་དང། ལག་ཤེས་སྒྱུ་རྩལ་པ་ ཤིན་ཏུ་མང་པོ་བོད་དུ་བཏང་བས། འདི་དག་གིས་བཙན་པོའ་ཐུགས་རེ་ ལྟར་བོད་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་དར་འཕེལ་འགྲོ་བ་དང། བོད་ བལ་བཟའ་ཁྲི་བཙུན་གྱིས་བཞེངས་པའི་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 114 ཀྱི་འཛུགས་སྐྲུན་གྱི་ལས་གཞི་ཡར་རྒྱས་འགྲོ་བར་ཕན་ཐོགས་ཆེན་པོ་ བྱུང་ཡོད། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། སྲོང་བཙན་གྱི་སྐུ་ཚེ་སྨད་དུ། བལ་ཡུལ་བོད་ཀྱི་མངའ་ཁོངས་སུ་བསྡུ་བའི་ནུས་པའི་གཞི་རྩ་ཡང། བྱེད་ ཐབས་འདི་ལ་བརྟེན་ནས་བྱུང་ཡོད་པ་གསལ་པོ་ཡིན།
115 ཐང་གོང་མའི་ཡིད་དབང་འཕྲོག་པའི་ ཀུན་སྤྱོད་གཙང་མ་། ༄༅། །བལ་བཟའ་ཁྲི་བཙུན་ བཙན་པོའ་ཁབ་ཏུ་བསུས་པའི་ལོ་ ཤས་རྗེས་སུ། རྒྱ་ནག་ཐང་ 1 གི་ སྲས་མོ་ཀོང་ཇོ་ཡང་རྒྱལ་པོའ ་ བཙུན་མོར་བསུ་རྒྱུར་གྲོས་ཐག་ བཅད། བཙན་པོ་སྲོང་བཙན་སྒམ་ པོས་ཐག་གཅོད་འདི་ནི། བལ་ བཟའ ་ ཁྲི་བཙུན་ཁབ་ཏུ་བསུས་ པའི་ཉམས་མྱོང་གི་ཐོག་ནས་ མཛད་པ་ཡིན་སྲིད་ལ། ཐང་རྒྱལ་ ཁབ་ནི་ཆབ་སྲིད་དང། དཔལ་ 1 རྒྱ་ནག་གི་གོང་མ་ཐང། ཐང་རྒྱལ་རབས་ལ་སྔ་རྗེས་སུ་བྱུང་བའི་གོང་མ་མི་རབས་ཉི་ཤ ་རྩ་ བཞི་བྱོན་ཡོད། ཐང་རྒྱལ་རབས་ཀྱི་རྒྱལ་ས་ནི་ཁྲང་ཨན་ཏེ་དེང་སང་ཧྲན་ཤིས་ཞིང་ཆེན་གྱི་ ཤིས་ཨན་ཡིན། རྒྱལ་རབས་འདིས་ལོ་ཉིས་བརྒྱ་དགུ་བཅུ་བར་སྲིད་དབང་བཟུང་།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 116 འབྱོར། དམག་དོན། མངའ་ཐང་གང་ཅིའི་ཐད་ནས་རྒྱའི་ལོ་རྒྱུས་ཐོག་ཡར་ རྒྱས་ཀྱི་རྩེ་མོར་སོན་པའི་དུས་སྐབས་ཤིག་ཡིན་པས། ཐང་རྒྱལ་ཁབ་དང་ གཉེན་གྱི་འབྲེལ་བ་འཛུགས་པ་ནི། བཙན་པོ་སྲོང་བཙན་གྱིས་ཕྱོགས་མང་ པོ་ནས་ཁེ་ཕན་ཡོད་པའི་གལ་གནད་ཅིག་ཏུ་གཟིགས་ཀྱི་ཡོད་པ་རེད། བཙན་པོ་སྲོང་བཙན་གྱིས་སྔར་བཞིན་སྐུ་ཚབ་ཚོགས་ཆུང་ཞིག་ བཙུགས་ཀྱང། ཐོག་མའི་སྐབས་ཚོགས་ཆུང་དེའི་འགོ་འཛིན་ལ་སུ་ཞིག་ གཏོང་རྒྱུ་ཡིན་པའི་ཐག་གཅོད་མཛད་མེད། བཙན་པོས་ཞིབ་ཏུ་དགོངས་པ་ བཞེས་པའི་སྐབས། ལས་དོན་འདི་ནི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་བྱ་བ་གལ་ ཆེན་ཞིག་ཡིན་པས། ཐང་གི་རྒྱལ་བློན་སུ་དང་ཐུག་ཀྱང། བློ་རིག་དཔྱོད་ གསུམ་དང། ཤེས་འཇོན་ཉམས་མྱོང་ལྡན་ལ། ངག་རྩལ་ཐད་ནས་ཀྱང་ལན་ འཕྲལ་མར་འདེབས་ཐུབ་ངེས་ཤིག་དགོས་པ་ཤིན་ཏུ་གལ་ཆེ་བས། དེ་ལ་ ལྷན་སྐྱེས་ཀྱི་ཡོན་ཏན་དང་ཉམས་མྱོང་གང་ཐད་ནས་བློན་པོ་མགར་སྟོང་ བཙན་འོས་བབ་ཆེ་ཤོས་སུ་གཟིགས་ཏེ། སྐུ་ཚབ་ཚོགས་ཆུང་དེའི་གཙོ་བོར་ བློན་པོ་མགར་སྟོང་བཙན་གཏོང་རྒྱུ་ཐུགས་ཐག་བཅད་པ་རེད། ཉིན་ཞིག་མགར་སྟོང་བཙན་གྱིས་སྣེ་དྲངས་པའི་བློན་པོ་བརྒྱ་སྐོར་ ཞིག་གིས་གསེར་སྲང་ལྔ་སྟོང་དང། བོད་ཀྱི་ཁྱད་ཆོས་ལྡན་པའི་ནོར་སྣ་མང་ པོའ་ལེགས་སྐྱེས་ཁུར་ནས། ཐང་གི་སྲས་མོ་བཙུན་མོར་སློང་བར་རྒྱ་ཡུལ་ དུ་ཕྱིན། རྒྱ་ནག་ཏུ་འབྱོར་མ་ཐག་རྒྱའི་གོང་མ་ཐང་ཐེ་ཙུང་ལ་མཇལ་འཕྲད་ ཞུས་ཏེ། རིན་པོ་ཆེའི་ཞུ་རྟེན་མང་པོ་དང། ཆོས་རྒྱལ་སྲོང་བཙན་སྒམ་པོའ་ འཕྲིན་ཡིག་བཅས་ཕུལ་ཏེ། རྒྱལ་པོའ་སྲས་མོ་ཝུན་ཤིང་ཀོང་ཇོ་བཙན་པོ་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 117 སྲོང་བཙན་སྒམ་པོའ་བཙུན་མོར་སློང་བའི་ཆེད་དུ་བཅར་བའི་གནས་ཚུལ་ ཞིབ་ཕྲ་ཞུས། སྐབས་ད ར་གོང་མ་ཐང་ཐེ་ཙུང་གིས་བློན་པོ་མགར་ལ་གསུང་བའི་ བཀའ་ལན་ནི། ཚིག་ཤིན་ཏུ་ཞི་འཇམ་བག་ཕེབས་དང་སྙན་འཇེབས་ལྡན་པ་ ཞིག་ཡིན་ཡང། དོན་ངོ་མར་རྒྱུ་མཚན་སྣ་ཚོགས་ལ་བསྙད་བཏགས་ནས། ཐང་ཐེ་ཙུང་གི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་ལ་སྤྲོད་ཐུབ་ཀྱི་མེད་པའི་རྣམ་ འགྱུར་གསལ་པོ་བསྟན་པ་རེད། དེ་དུས་མགར་སྟོང་བཙན་གྱི་བསམ་པར། ཞི་བའི་སྒོ་ནས་ཡིན་ལུགས་ ཚུལ་མཐུན་གྱིས་སྲས་མོ་གཉེན་སློང་བར་སྤྲོད་འདོད་བྱེད་ཀྱི་མེད་ན། དྲག་ པོའ་དཔུང་བཤམས་ནས་རང་དབང་མེད་པར་སྤྲོད་དགོས་པ་བཟོ་སྙམ་པ་ དང། ཕྱོགས་གཞན་ནས་དེ་སྔ་གྲུ་གུའི་རྒྱལ་པོ་ལ་ཐང་གི་སྲས་མོ་ཞིག་བག་ མར་སྤྲད་ཡོད་ཀྱང། བོད་ཀྱི་བཙན་པོ་ལ་ཀོང་ཇོ་བཙུན་མོར་སྤྲོད་འདོད་བྱེད་ ཀྱི་མེད་པ་ནི། གྲུ་གུས་བོད་དང་ཐང་གི་བར་དུ་ཕྲ་མ་བྱས་འདུག་སྙམ་པའི་ དོགས་པ་ཡང་བྱུང་བ་རེད། གང་ལྟར་ཡང་རྒྱ་ནག་གི་ཐང་གོང་མས་རང་གི་སྲས་མོ་ཝུན་ཤིང་ ཀོང་ཇོ་བོད་ལ་སྤྲོད་འདོད་མེད་པའི་རྣམ་འགྱུར་གསལ་པོ་བསྟན་པར་ བརྟེན། མགར་སྟོང་བཙན་གྱིས་རེ་ཞིག་ཐང་གི་སྲས་མོ་བཙུན་མོར་སློང་ རྒྱུ་མཚམས་བཞག་སྟེ། ཐེངས་དང་པོར་གྲུ་གུའི་ཐོག་བོད་ཀྱི་རྟ་དམག་ དྲངས་ཏེ་གྲུ་གུ་བཅོམ་པར་མ་ཟད། གྲུ་གུའི་ནོར་ཕྱུགས་དང་ཡོ་བྱད་ ཐམས་ཅད་བོད་དམག་གིས་འཕྲོག དེའི་རྗེས་ལ་དམག་དཔུང་དེས་འཕྲོ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 118 མཐུད་ནས་འཇང་སོགས་རྒྱའི་འདབས་འབྲེལ་དུ་ཡོད་པའི་རྒྱལ་ཕྲན་ མང་པོ་ཞིག་ལ་དམག་བརྒྱབས་ཏེ། དེ་དག་ཀྱང་བོད་ཀྱི་མངའ ་འོག་ཏུ་ བླངས། འདི་ལྟར་རྒྱའི་མཐའ་ཡོངས་རྫོགས་བོད་དམག་གིས་བཟུང་ཡོང་ བའི་སྐབས། རྒྱའི་གོང་མ་ལ་རང་བཞིན་གྱིས་སྐྲག་སྣང་ཆེན་པོ་ཞིག་ ཡོང་གི་ཡོད་པ་རེད། མགར་སྟོང་བཙན་གྱིས་ད་དུང་དམག་མཚམས་མ་བཞག་པར། མུ་ མཐུད་དེ་བོད་དམག་འབུམ་ཕྲག་གཉིས་ལྷག་རྒྱ་ནག་ཏུ་དྲངས་ཏེ་རྒྱའི་ཞིང་ ཆེན་མང་པོ་བཅོམ། འདི་ལྟར་ལོ་ཧྲིལ་པོ་བདུན་ཙམ་རིང་མགར་སྟོང་བཙན་ གྱིས་དམག་འཐབ་བྱས་ཏེ་རྒྱའི་གོང་མ་ལ་འཇིགས་སྣང་བསླངས་པ་རེད། ཕྱི་ལོ་ ༦༤༡ ལོར་རེ་ཞིག་དམག་མཚམས་ཆོད་པའི་སྐབས་དང་ བསྟུན་ནས། སླར་ཡང་མགར་སྟོང་བཙན་གྱིས་གསེར་གྱི་སྣོད་གཅིག་དང༌། གསེར་གྱི་སྤོ་ལོ་སོགས་རིན་པོ་ཆེ་སྣ་ཚོགས་འཁྱེར་ཏེ་རྒྱ་ནག་ལ་ཆས། མགར་སྟོང་བཙན་བསྐྱར་དུ་གོང་མ་ཐང་ཐེ་ཙུང་གི་ཕོ་བྲང་དུ་བཅར། ཐང་ གོང་མ་དང་མཇལ་འཕྲད་ཐེངས་གཉིས་པ་ཞུས་ཏེ། མགར་རང་ཉིད་བསྐྱར་ དུ་རྒྱལ་པོའ་སྲས་མོ་ཝུན་ཤིང་ཀོང་ཇོ་བཙུན་མོར་སློང་བར་ཡོང་བའི་གནས་ ཚུལ་ཞིབ་ཕྲ་ཞུས། གོང་མ་ཐང་ཐེ་ཙུང་2གིས་བར་ལམ་རྒྱ་བོད་ཀྱི་དམག་འཁྲུག་གི་བརྒྱུད་ 2 གོང་མ་ཐང་ཐེ་ཙུང། ཐང་གི་རྒྱལ་རབས་གཉིས་པ་དང་ཝུན་ཤིང་ཀོང་ཇོའ་ཡབ་ཡིན། ཝུན་ ཤིང་ཀོང་ཇོའ་ཁུ་བོ་ཡིན་ཟེར་བ་ཡང་ཡོད།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 119 རིམ་ནང་བློན་པོ་མགར་སྟོང་བཙན་བློ་རིག་བཀྲ་ཞིང། དམག་བྱུས་ལ་ཤིན་ ཏུ་མཁས་པའི་མཚན་སྙན་མང་པོ་གསན་ཡོད་སྟབས། གོང་མས་མགར་ སྟོང་བཙན་ལ་བརྩི་མཐོང་དང་གདེང་འཇོག་ཆེན་པོ་མཛད་ཀྱི་ཡོད་པར་མ་ ཟད། རྒྱ་ནག་གི་གཡས་ཕྱོགས་དམག་དཔོན་ཞེས་པའི་མཚན་བསྟོད་དང༌། ཐང་རྒྱལ་པོའ་ཚ་མོ་ལང་ཡཱ་ཀོང་ཇོ་ཞེས་པ་ཞིག་བཙུན་མོར་ཕུལ་ཏེ། མཛེས་ མའི་གཡོ་འཕྲུལ་ལ་བརྟེན་ནས་མགར་སྟོང་བཙན་གྱི་བསམ་བློ་འགུགས་ ཐབས་བྱས་པ་རེད། འོན་ཀྱང་མགར་སྟོང་བཙན་གྱིས་ཐང་གི་རྒྱལ་བློན་ཚོའི་དམིགས་ཡུལ་ གསལ་པོ་མཁྱེན་གྱི་ཡོད་སྟབས། གོང་མ་མཆོག་གིས་བདག་ལ་མཐོང་ཆེན་ མཛད་པར་བཀའ་དྲིན་ཞུ། ཡིན་ན་ཡང་ངའི་རྒྱལ་ཁབ་ཏུ་ཕ་མ་གཉིས་ཀྱིས་ བསུས་པའི་ཁྱིམ་ཐབ་ཡོད་པས། ང་ཁྱིམ་གྱི་བཟའ་ཚང་དང་ཁ་འབྲལ་ཐབས་ མེད་ཅིང༌། ལྷག་པར་དུ་བཙན་པོ་སྲོང་བཙན་གྱིས་ཝུན་ཤིང་ཀོང་ཇོ་ཁབ་ཏུ་ མ་བཞེས་པའི་གོང་དུ། བློན་པོ་ངས་གོང་མའི་ཚ་མོ་ཁྱིམ་ཐབ་ཏུ་བླངས་ན་མི་ ཆོས་དང་མཐུན་པ་ཞིག་ཀྱང་མིན། དེ་བས་ན་ངས་འདིར་ཁྱིམ་ཐབ་ལེན་མི་ རུང། ཞེས་ཞུས་ཏེ་གོང་མས་གནང་བའི་ལང་ཡཱ་ཀོང་ཇོ་ཞེས་པ་ཁྱིམ་ཐབ་ཏུ་ དང་ལེན་མ་ཞུས་པ་རེད། ཐང་གི་རྒྱལ་བློན་རྣམས་ཀྱི་བསམ་པར་བོད་ཀྱི་བློན་ཆེན་མགར་ སྟོང་བཙན་ནི། ཤིན་ཏུ་སྙན་གྲགས་ཆེ་ཞིང་ཆབ་སྲིད་དང་དམག་ཇུས་ལ་ མཁས་པ་ཕུལ་དུ་བྱུང་བ་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་གོང་མ་ལ་ བློ་སེམས་དཀར་བའི་བློན་པོ་ལྷག་བསམ་ཅན་ཞིག་དང། ལས་དོན་ཆེ་ཕྲ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 120 གང་འདྲ་ཞིག་ཡིན་ཡང་འཕྲལ་གྱི་མཐོང་ཚུལ་དང་རང་གི་ཚོར་སྣང་རྐྱང་ པ་ལ་ཡིད་བརྟན་མི་བྱེད་པར། སྒམ་བརླིང་བརྟན་གསུམ་གྱི་སྒོ་ནས་ཐག་ གཅོད་མཛད་མཁན་ཞིག་ཡིན་པས། བློན་པོ་འདི་ནི་གཡོ་ཐབས་ལ་བརྟེན་ ནས་རང་ཕྱོགས་སུ་འགུག་ཐུབ་པ་ཞིག་དང། བསླུ་བྲིད་བྱེད་ཐུབ་པ་ཞིག་ མིན་པ་ར་འཕྲོད་གསལ་པོ་བྱུང་བ་རེད། དེར་བརྟེན་ཐང་གི་རྒྱལ་བློན་ རྣམས་ཀྱིས་མགར་སྟོང་བཙན་ལ་སྔར་ལས་ཀྱང་ཡི་རང་དང་མོས་གུས་ ཞུ་དགོས་པར་གྱུར་པ་རེད། སྐབས་དེར་རྒྱལ་པོའ་དགོངས་པ་ལ་སྲས་མོ་བོད་ཀྱི་བཙན་པོ་ལ་སྤྲད་ ན་ལེགས་པའི་དགོངས་ཚུལ་ཡོད་ཀྱང། རྒྱལ་སྲས་ན་རེ། བོད་ཀྱིས་བར་ ལམ་རྒྱའི་ཡུལ་མང་པོ་བཅོམ་ཞིང། མི་སྟོང་ཕྲག་མང་པོ་བསད་པས་ཀོང་ ཇོ་བོད་ལ་མི་སྟེར། ཁྲོམ་གེ་སར་ 3དམག་དཔུང་སྟོབས་ཆེ་བས་དེ་ལ་སྟེར་ དགོས་ཟེར། ཡུམ་གྱིས་བོད་ལོངས་སྤྱོད་ཆུང་བས་ཀོང་ཇོ་བོད་ལ་མི་སྟེར། 3 ཁྲོམ་གེ་སར་རྒྱལ་པོ། གླིང་ཆེ་རྒྱུད་འབྲིང་རྒྱུད་ཆུང་རྒྱུད་ལས་ཆུང་རྒྱུད་ཚང་གི་གདུང་རྒྱུད་ དུ་ཡབ་སེང་བློན་དང་ཡུམ་འགོག་བཟའ་གཉིས་ཀྱི་སྲས་སུ་ཕྱི་ལོ་ ༡༠༣༨ ལོར་ཁམས་སྡེ་ དགེ་ཨ་ཕྱུགས་རྩྭ་ཐང་ནས་འཁྲུངས། བྱམས་དང་སྙིང་རྗེ་ཆེ་བ། མཐུ་དང་རྫུ་འཕྲུལ་ལྡན་པ་ ཞིག་ཡིན། ལོ་བཅུ་གཉིས་སྟེང་གླིང་གི་རྟ་རྒྱུགས་རྒྱལ་འཇོག་སྟེང་ལྷ་རྟ་རྐྱང་རྒོད་འཕེར་ བ་བཅིབས་ནས་འགྲན་སྡུར་ལ་ཞུགས་པས་ཀུན་ལས་རྣམ་པར་རྒྱལ་ཏེ་སྐྱ་ལོའ་རྒྱུ་བདག་ དང་། གླིང་གི་མགོ་བདག འབྲུག་མོའ་སྐྲ་བདག་བཅས་བྱས་ནས་མཐའ་བཞིའི་རྒྱལ་ཕྲན་ དང་ཚོ་བ་བརྒྱ་དང་ལྔ་བཅུར་ལོན་པ་ཞིག་ཆབ་འབངས་སུ་བསྒྱུར། ཕྱི་ལོ་ ༡༡༡༩ ལོར་ གཤེགས།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 121 སྟག་གཟིག་རྒྱལ་པོ་4ལོངས་སྤྱོད་ཆེ་བས་དེ་ལ་སྟེར་དགོས་ཟེར། ལྷ་གཅིག་ རང་རྒྱ་གར་ཡུལ་དུ་དམ་པའི་ཆོས་དར་བས་རྒྱ་གར་ལ་འགྲོ་ཟེར། འོན་ཀྱང་སྐབས་དེར་ཁྲོམ་གེ་སར་དམག་གི་རྒྱལ་པོ་དང༌། སྟག་གཟིག་ ནོར་གྱི་རྒྱལ་པོ། རྒྱ་གར་ཆོས་ཀྱི་རྒྱལ་པོ། གུར་དཀར་ཧོར་གྱི་རྒྱལ་པོ་ སོགས་ཕྱོགས་མཐའི་རྒྱལ་ཁབ་མང་པོའ་སྐུ་ཚབ་བློན་པོ་རེ་ཝུན་ཤིང་ཀོང་ ཇོ་གཉེན་དུ་བསླང་བར་ཐང་གི་རྒྱལ་སར་སླེབས་ཡོད་སྟབས། ཐང་གི་རྒྱལ་ བློན་རྣམས་ཀྱང་ཀོང་ཇོ་སུ་ལ་སྟེར་རང་དབང་མེད་པར་རྙོག་འཛིང་ཆེན་པོ་ ཞིག་གི་ནང་དུ་ལྷུང་ནས་ཡོད་པ་རེད། དེ་དུས་ཐང་གི་རྒྱལ་སྲས་དང་བཙུན་མོ་སུ་ལ་ཡང་ཝུན་ཤིང་ཀོང་ཇོ་ བོད་ཀྱི་རྒྱལ་པོའ་བཙུན་མོར་སྤྲོད་འདོད་མེད་པ་འདྲ་ཡང། ཁོ་ཚོའི་ནང་ ཁུལ་གྱི་བསམ་བློ་ལ་མ་མཐུན་པ་མང་པོ་ཡོད་པར་མ་ཟད། ཝུན་ཤིང་ཀོང་ ཇོ་རྒྱལ་ཁབ་བྱེ་བྲག་པ་ཞིག་ལ་ཕྱིན་ན། རྒྱལ་ཁབ་གཞན་དག་ཚོར་ཕོག་ ཐུག་འགྲོ་ངེས་ཀྱི་བྱེད་སྟབས་མ་བདེ་བ་ཞིག་ཀྱང་ཡོད་པ་རེད། ད ར་བརྟེན་ 4 སྟག་གཟིག་རྒྱལ་པོ། ཏཱ་སིག་དང་ཏ་ཟིག་ཅེས་འབྲི་བའང་ཡོད། གང་ལྟར་ཡང་དེ་ནི་ཐོག་ མར་ཨ་རབ་ཕྱེད་གླིང་གི་ཤར་ཕྱོགས་སོ་དྷི་ཨ་རབ་ཟེར་བ་དེ་ཡིན། དུས་རབས་བརྒྱད་ པའི་དུས་དཀྱིལ་དུ་ཨ་རབ་རྒྱལ་ཁབ་དེ་ཁ་བྲལ་ནས་ཤར་ནུབ་རྒྱལ་ཁབ་གཉིས་སུ་གྱེས། དེང་སང་གི་དབྱི་རག་གི་རྒྱལ་ས་ལ་བཙུགས་པ་དེ་ནི་གོས་ནག་ཏཱ་སིག་དང། ནུབ་ཕྱོགས་ སུ་སི་ཕེན་ཀེར་གྱི་ཏོ་ཝས་རྒྱལ་ས་བྱས་ནས་བཙུགས་པའི་རྒྱལ་ཁབ་དེ་ལ་གོས་དཀར་ སྟག་གཟིག་ཟེར། རྒྱལ་པོ་སྲོང་བཙན་སྒམ་པོའ་དུས་ནས་བོད་དང་འབྲེལ་བ་ཡོད་པའི་ སྟག་གཟིག་དེ་ནི་གོས་དཀར་སྟག་གཟིག་ཡིན་ཞ ས་ཟེར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 122 རྒྱལ་ཁབ་ཚོའི་བློན་པོ་རྣམས་རིག་རྩལ་འགྲན་དུ་བཅུག་སྟེ། སུས་རྒྱལ་ཁ་ ལོན་པ་དེ་ལ་ཝུན་ཤིང་ཀོང་ཇོ་བཙུན་མོར་སྤྲོད་རྒྱུ་ཡིན་པའི་ཁྱབ་བསྒྲགས་ བྱས་པ་རེད། འབྲི་སི་རུ་གུང་སྟོན་སོགས་བོད་ཀྱི་བློན་པོ་རྣམས་ཀྱིས་ཐང་གོང་མའི་ ཁྱབ་བསྒྲགས་དེ་མཐོང་བའི་སྐབས། རིག་རྩལ་འགྲན་བསྡུར་གྱི་རྒྱལ་ཁ་ང་ ཚོས་ལོན་དཀའ་བས། ང་ཚོ་ཐང་གི་རྒྱལ་ས་བར་དུ་སླེབས་ཡོད་ཀྱང། ཐང་ གོང་མའི་སྲས་མོ་ཝུན་ཤིང་ཀོང་ཇོ་བོད་ཀྱི་བཙན་པོའ་བཙུན་མོར་བསུ་ཐུབ་ པའི་རེ་བ་ཤིན་ཏུ་ཆུང། ཞེས་ཟེར་ནས་དངངས་སྐྲག་དང་འཚབ་འཚུབ་ཀྱིས་ ཁང་པའི་ནང་ཅི་བྱེད་འདི་མེད་པར་ལྷག་ཡོད། མགར་སྟོང་བཙན་གྱིས་ཁོ་ཚོའི་བྱ་སྤྱོད་དེ་ལ་ཁོང་ཁྲོའ་ཉམས་དང་ བཅས། ང་ཚོས་རང་ཉིད་ཀྱི་ནུས་པ་དང་རིག་སྟོབས་ལ་ཡིད་ཆེས་བྱེད་ དགོས། རྒྱལ་ཕམ་རྩོད་མཁན་ཡོངས་རྫོགས་ལ་གཅིག་མཚུངས་ཀྱིས་རེ་བ་ དང་གོ་སྐབས་ཡོད་པ་མ་གཏོགས། ང་ཚོའི་གཉའ་དམའ་ནས་སེམས་ཞུམ་ དགོས་པའི་རྒྱུ་མཚན་གཏན་ནས་མེད། ཅི་ཞིག་འགྲན་བསྡུར་བྱེད་དགོས་ ཀྱང་ང་ཚོས་རེ་བ་ཆེན་པོས་མཉམ་ཞུགས་བྱེད་ངེས་ཡིན། ཞེས་བཤད་དེ་ རང་ཉིད་ཀྱི་རིག་སྟོབས་ལ་ཡིད་ཆེས་བརྟན་པོ་ཡོད་པའི་རྣམ་འགྱུར་གསལ་ འདོན་མཛད་པ་རེད།
123 རིག་པའི་རྩལ་གྱིས་མཐའ་དག་ཕམ་པར་མཛད། ༄༅། །ཉིན་ཞིག་གློ་བུར་དུ་ཐང་གོང་མའི་ཕོ་བྲང་ནས། བོད་དང་སོག་པོ་ སོགས་རྒྱལ་ཁབ་སོ་སོ་ནས་ཕེབས་པའི་སྐུ་ཚབ་ཚོགས་ཆུང་རེ་རེར་ལུག་ བརྒྱ་རེ་དང༌། ཆང་གིས་གང་བའི་ཆང་ལྟིར་བརྒྱ་རེ་བགོས་ཏེ། ཉིན་དེ་ག་ རང་ལ་ཤ་ཆང་འདི་དག་རྫོགས་པར་ལོངས་སྤྱད་ཐུབ་དགོས་པར་མ་ཟད། ལུག་བརྒྱའི་པགས་པ་ཐུལ་བར་མཉེས་པ་དང། སྡོད་གནས་ཀྱི་ཁང་པ་ཡང་ སྔར་བཞིན་གཙང་མ་བཟོ་བ་བཅས། སུས་སྔོན་དུ་ལེགས་གྲུབ་བྱུང་བ་དེ་ལ་ ཝུན་ཤིང་ཀོང་ཇོ་སྟེར་རྒྱུར་ཁས་ལེན་བྱས་ཏེ། རྒྱའི་བློན་པོ་རྣམས་ཀྱིས་སྐུ་ ཚབ་ཚོགས་ཁག་སུ་ལ་རྒྱལ་ཁ་ཐོབ་རྒྱུ་ཡིན་པར་ལྟ་སྐོར་བྱེད་བཞིན་ཡོད། བློན་པོ་མགར་སྟོང་བཙན་གྱིས་དེ་མ་ཐག་བོད་ཕྱོགས་ཀྱི་མི་སྣ་ཚོ་ ཚན་ཁག་དུ་མར་དབྱེ་བགོས་བྱས་ཏེ། མི་སྣ་སྐོར་ཞིག་ལ་ལུག་བརྒྱ་པོ་ཟུར་ དུ་བཤའ་རུ་བཅུག མི་སྣ་སྐོར་ཞིག་ལ་ལུག་བཤས་པའི་རྗེས་ཤ ལ་གཙང་ མ་བྱེད་དུ་བཅུ ག དེ་ནས་མི་ཡོངས་རྫོགས་གྲལ་ལ་འཁོད་དུ་བཅུག་སྟེ། ལུག་ཤ་རྣམས་གྲལ་མགོ་ནས་རིམ་གྱིས་བསྐོར་ཏེ་ཚྭ་ལ་བསྒྲེས་ཏེ་བཟའ་རུ་ བཅུག་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 124 མགར་གྱི་བྱེད་ཐབས་དེ་ལ་བརྟེན་ནས་བོད་ཀྱི་སྐུ་ཚབ་ཚོས་དུས་ཡུན་ ཐུང་ངུའི་ནང། ཤ་ཡོངས་རྫོགས་བཟས་ཚར་བར་མ་ཟད། ཤ་དང་མཉམ་དུ་ ཚྭ་མང་པོ་བཟས་པས་ཤིན་ཏུ་སྐོམ་ནས་ཡོད་སྟབས། དེ་མ་ཐག་ཆང་ལྟིར་ རེ་རེ་བཞིན་གྲལ་ལ་བསྐོར་ཏེ་ཧུབ་རེར་འཐུང་དུ་བཅུག་པས། ཆང་ལྟིར་ བརྒྱ་ཡང་དུས་ཡུན་ཐུང་ངུའི་ནང་རྫོགས་པར་བཏུང་ཐུབ་པ་བྱུང་ཡང། བོད་ ཕྱོགས་ཀྱི་མི་སྣ་སུ་ཡང་རང་ཚུགས་མི་ཐུབ་པའི་ཚོད་ཀྱི་ར་བཟི་བ་གཅིག་ ཀྱང་བྱུང་མེད། དེ་ནས་ལུག་ལྤགས་རྣམས་མི་རེས་ཕུར་ཙམ་བྱས་ཏེ་གྲལ་སྐོར་བྱས་ པས། པགས་པ་ཐུལ་ཏེ་དཀའ་ཚེགས་མེད་པར་བྱ་བ་ཡོངས་རྫོགས་ལེགས་ གྲུབ་བྱུང་ཞིང། ཁང་པ་ཡང་སྔར་བཞིན་གཙང་མར་བཟོས་ཟིན་ཡོད་སྟབས། བོད་ཀྱི་སྐུ་ཚབ་ཚོས་ལས་དོན་ཡོངས་རྫོགས་བདེ་བླག་ངང་ལེགས་གྲུབ་ བྱུང་སྟེ་རྒྱལ་ཁ་ཐོབ་པ་རེད། འོན་ཀྱང་སྐབས་དེར་རྒྱལ་ཁབ་གཞན་དག་གི་སྐུ་ཚབ་ཚོགས་ཆུང་ མང་ཆེ་བ། ཤ་ཁམ་གང་ཙམ་ཡང་མ་བཟོས་པའི་སྔོན་ནས་ཆང་གིས་བཟི་ སྟེ༑ ཁང་པའི་ཕྱི་ནང་ཡོངས་རྫོགས་ལུག་གི་བཙོ་དང་རྫིང་གཅིན་གྱིས་ ཁེངས་ནས་ཡོད་པ་དང། རིགས་ཤིག་གིས་ལུག་བཤས་ནས་ཁང་པའི་ནང་ གཙང་མ་བཟོས་པ་ཙམ་ལས། ཤ་དང་ཆང་གཉིས་ཀར་ལག་པ་ཙམ་ཡང་ འཆང་ཐུབ་མེད། དེར་བརྟེན་བོད་ཀྱི་སྐུ་ཚབ་རྣམས་ལ་འགྲན་བསྡུར་དང་པོ་ དེའི་རྒྱལ་ཁ་ཐོབ་པས། ཐང་གི་རྒྱལ་བློན་རྣམས་ཀྱིས་ཀོང་ཇོ་བོད་ཀྱི་སྐུ་ཚབ་ ཚོ་ལ་སྤྲོད་དགོས་པར་གྱུར་ཡོད་ཀྱང། གནས་ཚུལ་འདྲ་མིན་སྣ་ཚོགས་ལ་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 125 ཁག་འདོགས་བྱས་ཏེ། ཀོང་ཇོ་བོད་ཀྱི་རྒྱལ་པོའ་བཙུན་མོར་མ་སྤྲད་པ་རེད། ཡང་ཉིན་ཞིག་ཐང་གོང་མའི་ཕོ་བྲང་ནས་སྔར་བཞིན། མིག་ཁུང་གཅིག་ དབུས་དང་མིག་ཁུང་གཅིག་མཐའ་ན་ཡོད་པའི་གཡུ་རྡོག་ཅིག་སྤྲད་ནས། གཡུ་རྡོག་དེའི་མིག་ཁུང་ནང་དར་ཡུག་སུས་སྔོན་ལ་འདྲེན་ཐུབ་པ་བྱུང་ན། དེ་ལ་ཀོང་ཇོ་སྤྲོད་རྒྱུར་ཁས་ལེན་བྱས་པ་རེད། རྒྱལ་ཁབ་གཞན་དག་གི་བློན་ པོ་མང་ཆེ་བ་ཅི་བྱེད་འདི་བྱེད་མ་ཤེས་ནས་ཡོད་པ་དང། རིགས་ཤིག་གིས་ ཨུ་ཚུགས་ཁོ་ནས་གཡུ་རྡོག་དེའི་མིག་ཁུང་དུ་དར་ཡུག་འཇུག་ཐབས་བྱེད་ པ་མ་གཏོགས། བློ་བཀོད་གང་ཡང་བྱེད་མ་ཤེས་པར་ལྷག་ནས་ཡོད། སྐབས་དེར་བློན་པོ་མགར་སྟོང་བཙན་གྱིས་དེ་མ་ཐག་རྒྱའི་གྲོག་ མ་གཅིག་བཟུང་ཡོང་བའི་སྐེད་པར་དར་ཡུག་གི་སྣ་བསྡུས་པའི་སྐུད་པ་ བཏགས། གྲོག་མ་དེ་གཡུ་རྡོག་གི་མཐའི་མིག་ཁུང་ནས་བཏང་སྟེ་རྗེས་སུ་ ཕུ་བཏབ་པ་ན། གྲོག་མ་དབུས་ཀྱི་མིག་ཁུང་ནས་ཕྱིར་ཐོན་པས། མགར་ སྟོང་བཙན་གྱིས་དཀའ་ཚེགས་མེད་པར་གཡུ་རྡོག་གི་མིག་ཁུང་དུ་དར་ཡུག་ འདྲེན་ཐུབ་པ་བྱུང་། འོན་ཀྱང་གཞན་དག་རྣམས་ཀྱིས་མགར་གྱི་བློ་བཀོད་ ལ་ཡ་མཚར་ནས་སྡོད་པ་ལས། སུ་གཅིག་གིས་ཀྱང་འདི་ལྟ་བུའི་བློ་བཀོད་ དྲན་ཐུབ་པ་བྱུང་མེད་སྟབས། རིག་རྩལ་འགྲན་བསྡུར་དེའི་རྒྱལ་ཁ་བོད་ཀྱི་ སྐུ་ཚབ་ཚོ་ལ་ཐོབ་པ་རེད། འོན་ཀྱང་སྔར་བཞིན་ཁ་གཡས་འདོགས་གཡོན་ འདོགས་བྱས་ཏེ་ཀོང་ཇོ་བོད་ལ་སྤྲད་མེད། ཡང་ཉིན་ཞིག་ཐང་གོང་མའི་ཕོ་བྲང་ནས་སྔར་བཞིན། བྱ་མ་བུ་བརྒྱ་ དང། རྟ་མ་བརྒྱ་བུ་བརྒྱ་ར་སྐོར་རེའི་ནང་བསྡུས་ཏེ། སུས་འདི་དག་གི་མ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 126 བུ་སོ་སོར་ངོ་སྤྲོད་བྱེད་ཐུབ་པ་ཡིན་ན། དེ་ལ་ཀོང་ཇོ་སྤྲོད་རྒྱུ་ཡིན་པའི་ཁས་ ལེན་བྱས་ཀྱང། རྒྱལ་ཁབ་གཞན་དག་གི་བློན་པོ་རྣམས་མགོ་རྨོངས་ཏེ་བྱེད་ ཐབས་སྟབས་བདེ་པོ་ཞིག་གཏན་ནས་རྙེད་ཀྱི་མེད་པ་རེད། བོད་ཀྱི་བློན་པོ་འབྲི་སེ་རི་གོང་ཐུན་ 1སོགས་ཀྱང་སེམས་འཚབ་ཆེན་ པོ་བྱས་ནས་ཅི་བྱེད་འདི་བྱེད་མེད་པར་ལྷག་ཡོད། འོན་ཀྱང་བློན་པོ་མགར་ སྟོང་བཙན་གྱིས། དེ་ནི་ཤིན་ཏུ་བྱེད་སྟབས་བདེ་པོ་ཞིག་རེད། ཅེས་གསུང་ བཞིན། དང་པོ་བྱ་མ་བརྒྱ་བུ་བརྒྱ་ཡོད་སའི་ར་སྐོར་དུ་སྦང་མ་གཏོར་བ་ ན༑ བྱ་ཕྲུག་རྣམས་ཀྱིས་རང་རང་གི་མའི་སྐེ་འོག་ནས་སྦང་མ་བཟས་པས། དཀའ་ཚེགས་མེད་པར་བྱ་མ་བརྒྱ་བུ་བརྒྱ་ངོ་འཕྲོད་པ་བྱུང་བ་རེད། སྐབས་དེར་རྒྱལ་ཁབ་གཞན་དག་གི་སྐུ་ཚབ་མང་ཆེ་བ་བྱེད་ཐབས་ ཟད་ནས། མགར་སྟོང་བཙན་གྱིས་རྟེའུ་མ་བརྒྱ་བུ་བརྒྱ་རྣམས། ཇི་ལྟར་སོ་ སོར་འབྱེད་རྒྱུ་ཡིན་ནམ་སྙམ་སྟེ་ལྟད་མོ་བལྟས་ནས་ཡོད་པའི་སྐབས། བློན་ པོ་མགར་གྱིས་ཤིན་ཏུ་གདེང་ཚོད་ལྡན་པའི་ཐོག་ནས། ཐོག་མར་རྟེའུ་རྣམས་ རྒོད་མ་ཚོ་ལས་ཟུར་དུ་བཀར་ནས་ར་སྐོར་གཅིག་གི་ནང་དུ་བཅུག ཆུ་འཐུང་ མ་བཅུག་པར་ཞག་གཅིག་ལ་བཞག་པའི་རྗེས། ཕྱི་ཉིན་རྟེའུ་རྣམས་བཅུག་ པའི་ར་སྐོར་དེའི་སྒོ་ཕྱེས་ནས་རྟེའུ་ཚོ་རྒོད་མའི་གསེབ་ཏུ་བཏང་བ་ན། རྟེའུ་ སོ་སོ་རང་རང་གི་མའི་འཁྲིས་སུ་རྒྱུགས་ནས་ནུ་མ་ནུས་པས། རྟེའུ་མ་བརྒྱ་ 1 བློན་པོ་འབྲི་སེ་རི་གོང་ཐུན། འབྲི་སེ་རུ་གུང་སྟོན་ནམ་འབྲི་སི་རུ་གུང་ཐུན་ཞེས་པའང་ ཡོད། སྲོང་བཙན་སྒམ་པོའ་སྐབས་ཀྱི་མེད་ཐབས་མེད་པའི་བློན་ཆེན་བཞིའི་ནང་གི་གཅིག་ ཡིན།
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 127 བུ་བརྒྱ་པོ་ཡང་དཀའ་ཚེགས་མེད་པར་ངོ་འཕྲོད་པ་བྱུང་བས། འགྲན་བསྡུར་ གྱི་རྒྱལ་ཁ་བོད་ཀྱི་སྐུ་ཚབ་ཚོ་ལ་ཐོབ་པ་རེད། ཡང་ཉིན་ཞིག་ཐང་གོང་མའི་ཕོ་བྲང་ནས་སྔར་བཞིན་ཤིང་དུམ་མགོ་ དང་མཇུག་གཉིས་སྦ མ་ཕྲ་མཉམ་པ་བརྒྱ་འཁྱེར་ཡོང་ནས། སུས་ཤིང་དུམ་ འདི་དག་གི་རྩ་བ་དང་རྩེ་མོ་མ་ནོར་བར་ངོས་འཛིན་བྱེད་ཐུབ་པ་བྱུང་ན། དེ་ ལ་ཀོང་ཇོ་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བྱས། སྔར་བཞིན་རྒྱལ་ཁབ་གཞན་དག་གི་སྐུ་ཚབ་རྣམས་རང་རང་གི་ས་ ནས་ཅི་བྱེད་འདི་བྱེད་མེད་པར་ལྷག་ནས་ཡོད་པའི་སྐབས། མགར་སྟོང་ བཙན་གྱིས་དེ་མ་ཐག་ཤིང་དུམ་རྣམས་ཆུ་ལ་འཕངས་པ་ན། ཤིང་དུམ་དེ་ དག་གི་རྩ་བ་ཐུར་དུ་བྱིང་ཞིང་རྩེ་མོ་གྱེན་དུ་ལངས་པས། ཤིང་དུམ་དེ་དག་ གི་རྩ་བ་དང་རྩེ་མོ་དཀའ་ཚེགས་མེད་པར་ངོ་ཤེས་པ་བྱུང་བ་རེད། ཡང་ཉིན་ཞིག་གི་ཕྱི་དྲོ་ཞིག་ལ་གློ་བུར་དུ་སྐུ་ཚབ་ཚོགས་ཆུང་སོ་ སོའ་བཞུགས་གནས་སུ། རྒྱའི་ཕོ་ཉ་རེ་ཡོང་སྟེ་རྒྱལ་པོའ་ཕོ་བྲང་དུ་གསོལ་ སྟོན་ལ་ཕེབས་དགོས་པའི་གདན་ཞུའི་ཡི་གེ་རེ་སྤྲད། སྐུ་ཚབ་ཚོགས་ཆུང་ མང་ཆེ་བའི་བསམ་པར། གསོལ་སྟོན་དེ་འགྲན་བསྡུར་གྱི་རྣམ་པ་ཞིག་ཡིན་ པ་རྨི་ལམ་ནང་ལ་ཡང་བྱུང་མེད་སྟབས། གྲ་སྒྲིག་གང་ཡང་མེད་པར་དེ་མ་ ཐག་ཐད་ཀར་ཕོ་བྲང་དུ་གསོལ་སྟོན་ལ་ཕྱིན། གསོལ་སྟོན་དེར་རྒྱའི་བློན་ པོ་རྣམས་ཀྱིས་སྔ་ས་ནས་གོ་སྒྲིག་བྱས་པ་ལྟར། སྐུ་མགྲོན་རྣམས་ལ་ཆང་ ཚོད་མེད་དྲངས་ཏེ་བཟི་ནས་གོམ་པ་འཁྱོར་ནས་འགྲོ་སྡོད་མི་འཕེར་བ་ལྟ་ བུ་བྱས་པ་རེད།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 128 མཚམས་ཤིག་ལ་རྒྱའི་བློན་པོ་ཞིག་གིས། ད་དེ་རིང་གི་གསོལ་སྟོན་ འདི་ནས་མཇུག་བསྡུས་པ་ཡིན། འདིར་ཕེབས་པའི་སྐུ་མགྲོན་རྣམས་སོ་སོའ་ བཞུགས་གནས་སུ་ཕྱིར་ཕེབས་པའི་སྐབས། སུས་རང་གི་བཞུགས་གནས་ མ་ནོར་བར་ནང་དུ་བྱོན་ཐུབ་པ་ལ་ཀོང་ཇོ་སྟེར་རྒྱུ་ཡིན། ཞེས་གསོལ་སྟོན་ དེ་ཡང་འགྲན་བསྡུར་ཞིག་ཡིན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ན། དེ་ནི་སྐུ་ཚབ་ཚོགས་པ་མང་ཆེ་བར་བསམ་ཡུལ་ན་མེད་པའི་གནས་ཚུལ་གློ་ བུར་བ་ཞིག་ཏུ་གྱུར་ཡོད་སྟབས། སུ་གང་ལ་ཡང་རང་རང་གི་སྡོད་གནས་མ་ ནོར་བ་ནང་དུ་ལོག་ཐུབ་པའི་རེ་བ་མེད་པ་རེད། འོན་ཀྱང་བློན་པོ་མགར་སྟོང་བཙན་གྱིས་གོང་མའི་ཕོ་བྲང་གི་མགྲོན་ བརྡ་ཐོག་མར་འབྱོར་བའི་སྐབས་ནས། གློ་བུར་བའི་མགྲོན་འབོད་དེ་ལ་སྐྱོན་ གནད་ཅིག་འདུག་དགོངས་ཏེ། ཁོང་ཚོའི་བཞུགས་གནས་ནས་ཕོ་བྲང་དུ་ ཡོང་བའི་སྐབས། ལམ་གྱི་ས་གནད་ཡོངས་རྫོགས་ལ་མི་མངོན་པའི་རྟགས་ རེ་བཞག་སྟེ་ཕྱིན་པས། ཕོ་བྲང་ནང་གི་གསོལ་སྟོན་གྲུབ་མ་ཐག བོད་ཀྱི་ སྐུ་ཚབ་རྣམས་ལ་མགར་གྱིས་སྣེ་ཁྲིད་དེ་དཀའ་ཚེགས་མེད་པར་བཞུགས་ གནས་སུ་བྱོན་ཐུབ་པས་འགྲན་བསྡུར་དེའི་རྒྱལ་ཁ་ཡང་ཐོབ་པ་རེད།
129 རིག་པའི་འཕྲུལ་གྱིས་ཀོང་ཇོ་བོད་ལ་དྲངས་། ༄༅། །རིག་རྩལ་འགྲན་ བསྡུར་སྔ་ཕྱི་ཐམས་ཅད་ཀྱི་ སྐབས་སུ། བློན་པོ་མགར་ སྟོང་བཙན་གྱིས་སྣེ་ཁྲིད་པའི་ བོད་ཀྱི་བློན་པོ་རྣམས་ལ་ རྒྱལ་ཁ་ཐོབ་ཀྱང། ཐང་གི་ རྒྱལ་བློན་རྣམས་ཐོག་མའི་ ཐག་གཅོད་ཀྱི་སྟེང་དུ་མི་ གནས་པར། འགྱུར་བ་ལན་ མང་བཏང་སྟེ་ཝུན་ཤིང་ཀོང་ ཇོ་བོད་ལ་གཏན་ནས་སྤྲོད་འདོད་བྱེད་ཀྱི་མེད་པ་རེད། བློན་པོ་མགར་སྟོང་བཙན་རྒྱའི་རྒྱལ་བློན་རྣམས་ཀྱི་དྲང་བདེན་མིན་ པའི་བྱ་སྤྱོད་འདི་དག་གི་ཐོག་ཁོང་ཁྲོ་ཆེན་པོ་ལངས་ཀྱང། ཕྱི་ཚུལ་དུ་རྒྱའི་ རྒྱལ་བློན་སུ་ལ་ཡང་མི་འདོད་པའི་རྣམ་འགྱུར་ཙམ་ཡང་མ་བསྟན་པར།
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 130 ཕྱོགས་ཡོངས་ནས་རྒྱ་བོད་བར་གྱི་མཐུན་ལམ་གོང་འཕེལ་རྒྱུན་གནས་ཡོང་ བའི་དོན་དུ། རང་གི་ནུས་ཤ གས་ཡོད་ཚད་ཀྱིས་འབད་བརྩོན་ལྷོད་མེད་ གནང་གི་ཡོད་པ་རེད། རྒྱའི་རྒྱལ་བློན་རྣམས་ཀྱིས་གཡོ་ཐབས་ཇི་ཙམ་བྱས་ཀྱང། མཐའ་མའི་ ཐག་གཅོད་ཅིག་མི་བྱེད་ཐབས་མེད་ཡིན་པས། མཐའ་མ་སྐྱེས་གཟུགས་དང་ ན་ཚོད་གང་ཅིའི་ཆ་ནས་ཁྱད་པར་འབྱེད་དཀའ་བའི་བུ་མོ་བརྒྱ་སྐོར་ཞིག་ བསྒྲིགས་ཏེ། བུ་མོ་འདི་དག་གི་ཁྲོད་ནས་ཝུན་ཤིང་ཀོང་ཇོ་སུས་ངོ་ཤེས་པ་ དེ་ལ། ཀོང་ཇོ་བཙུན་མོར་སྤྲོད་རྒྱུར་ཐག་གཅོད་བྱས་པ་རེད། མགར་སྟོང་བཙན་གྱིས་སྔོན་མ་ནས་བེད་སྤྱོད་ཀྱི་སྐབས་ཤིག་ཡོད་ སྲིད་དགོངས་ཏེ། གནས་ཚང་གི་རྒྱ་མོ་ཞིག་ཡོད་པ་དེ་རྒྱུ་ནོར་གྱི་རྔན་པས་ མགུ་བར་བྱས་ཏེ། དགོས་མཁོ་ཡོད་པའི་སྐབས་རོགས་པ་མི་བྱེད་ཐབས་ མེད་ལྟ་བུ་བྱས་ཡོད། དེར་བརྟེན་ཐང་གི་ཕོ་བྲང་ནས་ཁྱབ་བསྒྲགས་གསར་ པ་འབྱོར་མ་ཐག མགར་སྟོང་བཙན་གྱིས་གནས་ཚང་རྒྱ་མོ་དེའི་སར་ཕྱིན་ཏེ། ཝུན་ཤིང་ཀོང་ཇོ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཅི་ཡོད་ལ་རྒྱུས་ལོན་ ཞིབ་ཕྲ་གནང་བ་རེད། མགར་གྱི་གནས་མོ་དེ་ནི་ཀོང་ཇོ་ལ་གཡོག་མོ་བཅུ་དྲུག་ཡོད་པའི་ ནང་གི་གཅིག་ཡིན་པས། ཀོང་ཇོའ ་གནས་སྟངས་དང་ཁྱད་ཆོས་ལ་རྒྱུས་ མངའ་གཏིང་ཕྱིན་པར་ཡོད་མཁན་ཞིག་ཡིན། གནས་མོ་ན་རེ། སང་ཉིན་ བུ་མོ་བརྒྱ་བསྒྲིགས་ནས་ཡོད་པའི་དབུས་མ་དེ་ཀོང་ཇོ་ཡིན་ངེས། སྐུ་ གཟུགས་མི་ཆེ་མི་ཆུང་བ། ཁ་ནང་ནས་ཨུཏྤལའི་དྲི་བྲོ་བ། བེར་བདུན་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 131 བརྩེགས་ཀྱི་ཕྱི་མ་དྲི་མ་ཆགས་ཙམ་ཡོད་པ། གཡུའི་སྦྲང་མ་ཐེ་བོང་ཙམ་ ཞིག་ནམ་མཁའ་མདའ་རྒྱང་གང་གི་སར་ལྡིང་བ་ཞིག་ཡོད་པ་ཞིག་ཡིན། ཞེས་སོགས་ཀོང་ཇོའ ་ཁྱད་ཆོས་རྣམས་ཞིབ་ཏུ་བཤད། ནངས་པར་རྒྱའི་བུ་མོ་ལོ་ཚད་དང། ཆས་གོས། བཟོ་ལྟ་བཅས་འདྲ་ མཚུངས་ཡིན་པ་བརྒྱ་སྐོར་ཞིག་གྲལ་བསྒྲིགས་ཏེ། རྒྱལ་ཁབ་སོ་སོའ་བློན་ པོ་རྣམས་ལ་དེ་དག་ལས་བུ་མོ་རེ་འདེམས་སུ་བཅུག རྒྱལ་ཁབ་གཞན་ དག་གི་བློན་པོ་རྣམས་ཀྱིས་གཟུགས་བྱད་གང་མཛེས་དང། ཆས་གང་ བཟང་རེ་གཉིས་རེ་ཁྲིད་ནས་ཀོང་ཇོ་ངེད་ཀྱིས་ཐོབ་བོ་ཞེས་ཟེར་ནས་སོང་ ཡང། དེ་དག་ལས་སུ་གང་གིས་ཀྱང་ཝུན་ཤིང་ཀོང་ཇོ་ངོས་མ་ཟིན་པར་ད་ དུང་ཤ ལ་དུ་ལྷག་ཡོད། མཐའ་མཇུག་ཏུ་བོད་ཀྱི་བློན་པོ་མགར་སྟོང་བཙན་གྱིས། ལག་ཏུ་ མདའ་དར་ཞིག་བཟུང་ནས་ཡོང་སྟེ། གནས་མོས་བསླབ་པ་བཞིན་བརྟགས་ ཏ ༑ ཝུན་ཤིང་ཀོང་ཇོ་ཡིན་ནམ་སྙམ་པའི་བུ་མོ་དེའི་གོང་བ་ནས་མདའ་སྟོང་ གིས་འཐེན་པ་ན། བུ་མོས་ཧེ་ཟེར་བཞིན་ཁ་ཚུར་འཁོར་བ་ན། བུ་མོའ་ཁ་ ནས་ཨུཏྤལ་ལའི་དྲི་ངད་འཐུལ་བ་བྱུང་བས། བློན་པོ་མགར་སྟོང་བཙན་ལ་ཐེ་ ཚོམ་མེད་པར། བུ་མོ་འདི་ནི་ཝུན་ཤིང་ཀོང་ཇོ་རེད་སྙམ་པ་ངོ་འཕྲོད་པ་བྱུང་ བ་ན། མགར་གྱིས་སྤོབས་པའི་ཉམས་དང་བཅས། ལྷ་གཅིག་ཝུན་ཤིང་ཀོང་ ཇོ་ནི་འདི་ལགས་སོ། །ཞེས་སྐད་གསེང་མཐོ་པོས་སྒྲོགས་བཞིན། ཝུན་ཤིང་ ཀོང་ཇོ་ཤ ལ་གྱི་བུ་མོ་དེ་དག་ལས་ཟུར་དུ་གདན་འདྲེན་ཞུས་པ་རེད། རྒྱའི་གནས་མོ་དེས་བློན་པོ་མགར་སྟོང་བཙན་ལ་ཝུན་ཤིང་ཀོང་ཇོའ་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 132 གནས་ཚུལ་རྒྱུས་སྟོན་བྱས་པའི་ལོ་རྒྱུས་ཉན་སྤྲོ་བ་ཞིག་ཡོད། དེ་ཡང་རྒྱ་མི་ རྣམས་རྩིས་ལ་ཤིན་ཏུ་མཁས་པས། རྒྱའི་གནས་མོས་རང་ཉིད་ཀྱིས་ཀོང་ ཇོའ་གནས་ཚུལ་བོད་ཀྱི་བློན་པོ་མགར་ལ་བཤད་ན། ཕྱིས་སུ་མོ་ལ་ཆད་པ་ ཡོང་རྒྱུ་ཡིན་པའི་འཇིགས་སྣང་བྱས་ཏེ། ཝུན་ཤིང་ཀོང་ཇོའ་ཁྱད་ཆོས་ཞིབ་ ཕྲར་མགར་ལ་ཤོད་རྒྱུར་དངངས་སྐྲག་བྱེད་ཀྱི་ཡོད། མགར་སྟོང་བཙན་གྱིས་ཀྱང་གནས་ཚང་རྒྱ་མོའ་དཀའ་ངལ་གསལ་ པོར་ཤེས་ཀྱི་ཡོད་སྟབས། རྒྱའི་རྩིས་མཁས་པ་རྣམས་ཀྱིས་རྩིས་མི་ཐེབས་ པའི་ཐབས་ང་ལ་ཡོད་། ཅེས་གསུངས་ཏེ། ཕྱོགས་གསུམ་ལ་སྒྱེད་བུ་གསུམ་ བཙུགས་པའི་ཐོག་ཟངས་མའི་སྣོད་ཀ་ཆུས་བཀང་བ་ཞིག་བཞ ག དེའི་ཁ་ ཕུབ་ཀྱིས་བཅད་པའི་སྟེང་དུ་རྒྱའི་གནས་མོ་སྡོད་དུ་བཅུག རྫའི་བུ་ག་ནས་ ཁ་ལ་ལྕགས་མཆུ་བཏང་སྟེ་གནས་མོར་ཝུན་ཤིང་ཀོང་ཇོའ་ཁྱད་ཆོས་བཤད་ དུ་བཅུག་པ་རེད། ཕྱིས་སུ་ཐང་གོང་མའི་བཀའ་འབྲེལ་ལྟར་རྒྱའི་རྩིས་མཁས་པ་རྣམས་ ཚོགས་ཏེ། ཀོང་ཇོའ་གནས་ཚུལ་བོད་ཀྱི་བློན་པོ་ལ་ཤོད་མཁན་སུ་ཡིན་ རྩིས་བྱེད་པའི་སྐབས། རི་ཆེན་པོ་གསུམ་གྱི་སྟེང་དུ་མཚོ་ཞིག་དང༌། དེའི་ སྟེང་དུ་བུད་མེད་རྫ་མའི་ལུས་འདྲ་བ་ལ་ཕུང་པོ་ཡོངས་རྫོགས་མིག་གིས་ ཁེངས་པ། ལྕགས་ཀྱི་མཆུ་རིང་པོ་ཅན་ཞིག་གིས་བཤད་འདུག་ཅེས་པ་རྩིས་ བབས་པས། དེ་ལྟ་བུའི་མི་ཞིག་ཡོད་མི་སྲིད། རྩིས་ལ་ཡིད་ཆེས་རུང་བ་ ཞིག་མི་འདུག ཅེས་ཟེར་ནས་ཁོང་ཁྲོ་དང་བཅས་སྤོར་ཐང་སུམ་བརྒྱ་པོ་མེར་ བསྲེགས་པ་རེད།
133 བློན་པོ་མགར་གྱིས་རྒྱའི་རྒྱལ་བློན་རྣམས་ ལ་འཁོན་ལན་སློག་པ་། ༄༅། །ཐང་གི་རྒྱལ་བློན་རྣམས་ཐོག་མར་ཁ་ཆད་བྱས་པའི་ཚིག་ཐོག་ ཏུ་མ་གནས་པར་འགྱུར་བ་མང་པོ་ཕྱིན་ཏེ། ལྷ་གཅིག་ཀོང་ཇོ་བོད་ལ་མ་ བྱིན་པར་དུས་ཡུན་རིང་པོར་འགོར་འགྱངས་བྱས་པས། བློན་པོ་མགར་ སྟོང་བཙན་ཐང་གི་རྒྱལ་བློན་ཚོའི་དྲང་བདེན་མ་ཡིན་པའི་གནང་ཕྱོགས་དེ་ ལ་བློ་མགུ་བོ་གཏན་ནས་བྱུང་མེད། དེར་བརྟེན་རྒྱའི་རྒྱལ་བློན་རྣམས་ལ་ འཁོན་ལན་ཞིག་སློག་དགོས་སྙམ་པ་རྒྱུན་པར་དྲན་གྱི་ཡོད། བློན་པོ་མགར་སྟོང་བཙན་ཐང་གི་གོང་མ་དང་མཇལ་འཕྲད་ཀྱི་ སྐབས་ཤིག་ལ། གོང་མ་ཐང་ཐེ་ཙུང་གིས། ངས་བོད་ལ་དངོས་པོ་རིན་ཐང་ ཅན་ཅི་ཞིག་བསྐུར་ན། བོད་མི་རྣམས་ངའི་སྟོབས་འབྱོར་ལ་ངོ་མཚར་བ་ དང་ཡིད་སྨོན་སྐྱེས་པ་ཡོང་གི་རེད། ཅེས་དྲིས་པ་ན། མགར་གྱིས་རྒྱལ་ པོའ་དྲི་བ་དེ་ནི་རང་ཉིད་ཀྱིས་རྒྱ་ནག་ལ་འཁོན་ལན་སློག་པའི་གོ་སྐབས་ ཤིག་ཡིན་པར་མཐོང་སྟེ། རྒྱལ་པོ་ཆེན་པོས་ལུག་ནག་པོའ་མཚེར་ཁྲག་བྲེ་ གང་དང། དར་ཟབ་ཀྱི་ཐལ་བ་བྲེ་གང། ཙན་དན་གྱི་སོལ་བའི་མདུང་ཤིང་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 134 འདོམ་གང་བཅས་ལྷ་གཅིག་གི་སྐྱེས་རྫོངས་སུ་བོད་ལ་བསྐུར་ན། བོད་ རྣམས་རྒྱལ་པོ་ཁྱེད་ཀྱི་སྟོབས་འབྱོར་ལ་ངོ་མཚར་དང་ཡིད་སྨོན་སྐྱེས་པ་ ཡོང་གི་རེད། ཅེས་ཞུས། གོང་མ་ཐང་ཐེ་ཙུང་གིས་ཀྱས་མགར་གྱིས་ལན་གང་ཞུས་པ་དེ་བདེན་པ་ ཡིན་ཤག་བྱས་ཏེ། དེ་མ་ཐག་རྒྱའི་བློན་པོ་ཚོར། ལུག་ནག་པོའ་མཚེར་ཁྲག་ བྲེ་གང་དང། དར་ཟབ་ཀྱི་ཐལ་བ་བྲེ་གང། ཙན་དན་གྱི་སོལ་བའི་མདུང་ཤིང་ འདོམ་གང་བཅས་འཕྲལ་དུ་གྲ་སྒྲིག་བྱ་དགོས་པའི་བཀའ་ཕབ། ལུག་ནག་པོ་ ནི་སེམས་ཅན་དཀོན་རིགས་རྩ་ཆེན་པོ་ཀུན་གྱིས་གཡང་རྟེན་དུ་ཉར་བ་ཞིག་ ཡིན་ཡང། བློན་པོ་ཚོས་ལྷོ་རྒྱུག་བྱང་འདུར་གྱིས་ལུག་ནག་པོ་གང་རག་པ་ ཡོངས་རྫོགས་བསད་ཀྱང་མཚེར་ཁྲག་བྲེ་གང་ལོངས་པ་མ་རག དེ་བཞིན་ཕོ་བྲང་ནང་ལོ་མང་པོའ་རིང་ཉར་ཚགས་བྱས་པའི་སྲིན་བལ་ གྱི་དར་ཟབ་རིན་ཐང་ཅན་ཡུག་མང་པོ་མེར་བསྲེགས་ཀྱང་ཐལ་བ་བྲེ་གང་ ལོངས་པ་བྱུང་མེད་ལ། ཙན་དན་གྱི་ནགས་ལ་མེ་བརྒྱབས་ཏེ་སོལ་བའི་མདུང་ ཤིང་ཡོང་རེ་བྱས་ཀྱང། རི་ལུང་ཇི་ཙམ་མེར་བསྲེགས་ཀྱང་རྒྱའི་བློན་པོ་ཚོ་ལ་ སོལ་བའི་མདུང་ཤིང་ཉན་པའི་སོལ་བ་ཞིག་གཏན་ནས་མ་རག་པ་རེད། མཚམས་ཤིག་ལ་རྒྱའི་བློན་པོ་རྣམས་ཀྱིས་དེ་ནི་མགར་སྟོང་བཙན་ གྱིས་རྒྱ་ནག་ལ་འཁོན་ལན་སློག་པའི་གཡོ་ཐབས་ཤིག་ཡིན་པ་ཤེས་ཀྱང། ཁོ་པ་ཅག་བློན་པོ་མགར་གྱི་གཡོ་འོག་ཏུ་ཚུད་ནས་གྱོང་གུད་ཆེ་བའི་བྱ་བ་ ནོར་འཁྲུལ་ཅན་བྱ་བ་མང་པོ་བརྩམས་ཟིན་པར་བརྟེན། རྒྱལ་བློན་རྣམས་ བློན་པོ་མགར་སྟོང་བཙན་གྱི་གཡོ་འོག་ཏུ་ཚུད་པའི་སྐྱོན་མཚང་ཕྱི་ལ་སྒྲོག་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 135 འདོད་མེད་པས། རྒྱའི་བློན་པོ་ཚོར་ཅི་ཡང་མ་ཤེས་པའི་ཁུལ་གྱིས་སྡོད་རྒྱུ་ མ་གཏོགས་ཐབས་གཞན་གང་ཡང་མ་རྙེད་པ་རེད། གང་ལྟར་ཡང་བློན་པོ་མགར་སྟོང་བཙན་གྱི་བསམ་དོན་ཡོངས་སུ་ གྲུབ་ནས་ཝུན་ཁྲེན་ཀོང་ཇོ་དང། རྟེན་གྱི་གཙོ་བོ་ཇོ་བོ་ཤཱཀྱ་མུ་ནི་སོགས་ བོད་ལ་གདན་འདྲེན་ཞུ་རྒྱུར་སྤྲོ་བ་དང་རྒྱལ་ཁའི་ངང་ནས་གྲ་སྒྲིག་བྱེད་ བཞིན་ཡོད་ཀྱང། བློན་པོ་འབྲི་སེ་རུ་གུང་སྟོན་གྱི་བསམ་པར། ཇོ་བོ་ཤཱཀྱ་ མུ་ནི་དང་ཀོང་ཇོ་བོད་དུ་གདན་འདྲེན་ཐུབ་པར་བྱུང་བའི་མཛད་རྗེས་འདི་ དག་ཡོངས་རྫོགས་ནི། བློན་པོ་མགར་གྱི་རྣམ་དཔྱོད་ལ་བརྟེན་ནས་བྱུང་བ་ ཞིག་མ་གཏོགས། ང་ལ་དམིགས་བསལ་བྱས་རྗེས་གང་ཡང་མེད་སྙམ་ནས་ འགྲན་སེམས་དང་ཕྲག་དོག་གནོན་མི་ཐུབ་པ་ཞིག་ཡོང་གི་ཡོད་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་རྒྱའི་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་བོད་ ཀྱི་སྐུ་ཚབ་ཚོ་ལ་སྐྱེལ་ཐུང་བྱས་ཏེ་ལམ་དུ་ཆས་པའི་སྐབས། བློན་པོ་འབྲི་ སེ་རུ་གུང་སྟོན་གྱིས། ལྷ་གཅིག་ཀོང་ཇོའ་ཚབ་ཏུ་བོད་ཀྱི་བློན་པོ་རིག་པ་ ཅན་ཞིག་རྒྱ་ནག་ཏུ་བསྡད་ན་བོད་རྒྱའི་མཛའ་འབྲེལ་རྒྱུན་གནས་ཡོང་བར་ ཕན་ཐོགས་ཆེ། ཞེས་ཤོད་བཞིན་བློན་པོ་མགར་གྱི་ཕྱོགས་སུ་གཟིགས་ཙམ་ བྱས་པ་རེད། ཐང་གི་གོང་མས་དེ་མ་ཐ ག བོད་ཀྱི་བློན་པོས་བཤད་པ་བདེན། བློན་པོ་རིག་པ་ཅན་ཞིག་ལྷ་གཅིག་གི་མི་ཚབ་ཏུ་རྒྱ་ཡུལ་ལ་སྡོད་དགོས་ གསུངས་པ་ན། བློན་པོ་མགར་སྟོང་བཙན་གྱིས་འབྲི་སེ་རུ་གུང་སྟོན་ གྱིས་རང་ཉིད་ལ་ཕྲག་དོག་བྱས་ཏེ་དེ་ལྟར་བཤད་པ་གསལ་པོ་མཁྱེན་གྱི་
བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་སྤྲོད། 136 ཡོད་ཀྱང། ཁོའ ་ཀུན་སློང་ལ་དོགས་པ་ཅི་ཡང་མེད་པའི་ཟོལ་གྱིས། གོང་ མའི་བཀའ་ལྟར་ང་རྒྱ་ཡུལ་ལ་བསྡད་ཀྱང་ཆོ ག བོད་རྒྱའི་བར་གྱི་མཛའ་ འབྲེལ་རྒྱུན་གནས་ཡོང་བར་ནུས་པ་གང་ཐོན་ཞུའོ། །ཞེས་བཤད་ནས་ རང་ཉིད་རྒྱ་ཡུལ་དུ་སྡོད་རྒྱུར་ཐག་གཅོད་བྱས། ཡིན་ནའང་བློན་པོ་མགར་སྟོང་བཙན་གྱིས་འབྲི་སེ་རུ་གུང་སྟོན་ གྱིས་མ་ཤེས་པའི་ལྐོག་ཏུ། བོད་ཀྱི་བློན་པོ་ཡིད་རྟོན་རུང་བ་འགའ་ཤས་ ལ༑ ཁྱེད་ཚོས་ཇོ་བོ་ཤཱཀྱ་མུ་ནི་དང་ལྷ་གཅིག་ཀོང་ཇོ་སོགས་གདན་དྲངས་ ནས་སྔོན་ལ་སོང། ངས་ད་དུང་རྒྱ་ཡུལ་དུ་སྒྲུབ་འདོད་པའི་བྱ་བ་འགའ་ ཤས་ལྷག་ཡོད། བྱ་བ་དེ་དག་གྲུབ་པ་དང་ངས་མྱུར་དུ་ཁྱེད་ཚོའི་རྗེས་ཟིན་ པར་བྱས་འོང། ཞ ས་བཤད་ནས་ཤ ལ་དུ་བསྡད་པ་རེད། བློན་པོ་མགར་རྒྱ་ཡུལ་དུ་བསྡད་ནས་དུས་ཡུན་རིང་པོ་མ་ཕྱིན་པའི་ ཉིན་ཞིག་ལ། ངེད་བོད་ཀྱི་ཡུལ་དུ་འབྲུ་རིགས་ཀྱི་ས་བོན་རྣམས་ཅུང་ཟད་ བརྔོས་ཏེ་འདེབས་ཀྱི་ཡོད། དེར་བརྟེན་ལོ་ཏོག་ཤིན་ཏུ་ཡག་པོ་ཡོང་གི་ཡོད་ པ་རེད། ཅེས་གོང་མ་ཐང་ཐེ་ཙུང་ལ་ཞུས་པས། གོང་མས་ཀྱང་རྒྱའི་ཡུལ་ ཁམས་མང་པོ་ཞིག་ལ་ས་བོན་བརྔོས་ནས་འདེབས་སུ་བཅུག་པས། རྒྱའི་ ཡུལ་གྲོང་མང་པོར་ལོ་ཉེས་བྱུང་སྟེ་ཅི་བྱེད་འདི་བྱེད་མེད་པའི་དཀའ་ངལ་གྱི་ གནས་སུ་གྱར་བ་རེད། འདིས་མཚོན་མགར་གྱིས་རྒྱ་ཡུལ་དུ་གནོད་པ་བྱེད་འདོད་པའི་བྱ་བ་ ཡོངས་རྫོགས་གྲུབ་པ་ན། རང་ཉིད་དུས་ཡུན་རིང་པོར་མ་འགོར་བར་ཤི་རྒྱུ་ ཡིན་པ་ལྟ་བུའི་ན་རྫུ་ཆེན་པོ་ཞིག་བཏབ་སྟེ། རྒྱའི་རྒྱལ་བློན་པོ་ཚོ་ལ། ནད་
བློན་ཆེན་མགར་སྟོང་བཙན་ཡུལ་བཟུང། 137 གཞི་འདི་ལྟ་བུས་ང་ཤི་ན་ཤ ལ་དུ་རྒྱ་ཡུལ་ལ་ལྟས་ངན་པ་བཅོ་བརྒྱད་འོང་ བ་ཡིན། ང་ཞག་བདུན་ན་ཤི་རྒྱུ་ཡིན་པ་ལ་དངངས་སྐྲག་དང་བཟོད་མི་ཐུབ་ པ་གང་ཡང་མེད་ཀྱང། ང་ཤི་བའི་འོག་ཏུ་རྒྱ་ཡུལ་འཕུང་རྒྱུ་ཡིན་པ་འདི་མི་ ལེགས་པས་སེམས་ཀྱིས་མི་བཟོད་པ་ཞིག་འདུ ག ཅེས་སྐྱོ་བའི་ཉམས་དང་ བཅས་གསུངས་པ་རེད། གོང་མ་ཐང་ཐེ་ཙུང་གིས། སྔོན་མ་ཡིན་ན་ང་ཚོས་འབྱུང་འགྱུར་གྱི་ གནས་ཚུལ་ལེགས་ཉེས་ལ་རྩིས་ཀྱི་སྒོ་ནས་བརྟག་པ་བྱེད་ཀྱི་ཡོད། ཡིན་ ནའང་སྤོར་ཐང་སུམ་བརྒྱ་པོ་མེར་བསྲེགས་ཟིན་པས་རྩིས་ཀྱིས་བརྟག་པ་ བྱེད་མི་ནུས། འོན་ཀྱང་ཁྱེད་རང་རིག་པ་ཅན་ཡིན་པས་ཐབས་ཅི་ཡོད། ཅེས་ གསུངས་པ་ལ། མགར་གྱིས། ང་ལ་རོ་རྟ་དང། རོ་གོས། རོ་ཟས་བཅས་ འདང་ངེས་ཤིག་གྲ་སྒྲིག་བྱས་ཏེ། བོད་ཀྱི་ཕྱོགས་སུ་སྐྱོལ་ལ་སྐྱེལ་མཁན་ རྣམས་ཕྱི་མིག་ཙམ་ཡང་མི་ལྟ་བར་ལོག་ན། རྒྱ་ཡུལ་ལ་གནོད་པ་ཆེན་པོ་ མི་འབྱུང། ཞེས་བཤད། རྒྱའི་རྒྱལ་པོ་དང་བློན་པོ་མང་པོའ་བསམ་པར་མགར་སྟོང་བཙན་ལ་ སྙིང་ནད་གཏིང་ཟབ་ཅིག་ཡོད་ཀྱང། མགར་སྟོང་བཙན་རྒྱ་ཡུལ་དུ་ཤི་ན་ རྒྱ་ནག་ལ་ལྟས་ངན་པ་སྣ་ཚོགས་ཡོང་རྒྱུ་ཡིན་པའི་རྣམ་རྟོག་ཆེན་པོ་ཡོད་ པར་བརྟེན། མགར་གྱིས་བཤད་པ་ལྟར་གོ་སྒྲིག་བྱས་ཏེ་བོད་ཀྱི་ཕྱོགས་སུ་ བསྐྱལ། དེ་ནས་སྐྱེལ་མཁན་གྱི་དམག་མི་ཚོས་ཕྱི་མིག་ཙམ་ཡང་མ་བལྟས་ པར་ཕྱིར་ལོག་ཡོང་བ་རེད།
139 ཐུགས་རྗེ་ཆེ་ཞུ། ༄༅། །དེ་རིང་ << བོད་ཀྱི་སྙན་གྲགས་ཅན་གྱི་ཆབ་སྲིད་མི་སྣ་ངོ་ སྤྲོད། >> ཅེས་པའི་བོད་ཡིག་གི་ཀློག་དེབ་འདི་དག་རྒྱ་ཆེའི་ཀློག་པ་པོ་ རྣམས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་བར་སྤྲོ་བ་ཚད་མེད་བརྟས་ཡོད། བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་སྐུ་ངོ་བཀའ་བློན་མཆོག་ གིས་གཙོས་འབྲེལ་ཡོད་ལྷན་རྒྱས་དང། ལྷག་པར་དུ་ལས་གཞི་འདིར་ཐད་ ཀར་འབྲེལ་བ་ཡོད་པའི་ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་འགན་ཟུར་པ་ ཚེ་རིང་བསམ་འགྲུབ་ལགས་དང། ཀུན་དགའ་རྒྱལ་མཚན་ལགས། འགན་ འཛིན་ལས་ཐོག་བསོད་ནམས་བཟང་པོ་སོགས་ཀྱིས་ཐོག་མཐའ ་ བར་ གསུམ་དུ་རྒྱབ་སྐྱོར་དང་མཐུན་འགྱུར་གང་དགོས་གནང་བར་མ་ཟད། ལྷག་ པར་དུ་ཀུན་དགའ་རྒྱལ་མཚན་ལགས་ཀྱིས་ལས་ཀའི་མཛད་བྲེལ་ཆེ་བའི་ བར་གསེང་རྣམས་སུ་ཀློག་དེབ་འདིར་ཞུས་དག་གནང་ཞིང། ཕན་ཐོགས་ ཅན་གྱི་དགོངས་འཆར་ཡང་མང་པོ་གསུངས་པ་བཅས་ལ་ཐུགས་རྗེ་ཆེ་ཞུ། མཆེད་གྲོགས་གཟའ་རུ་དར་རྒྱས་ནས་དེབ་འདིའི་ཕྱི་ནང་གི་ཇུས་ འགོད་ཡོངས་རྫོགས་ཀྱི་འགན་ཁུར་བཞེས་པར་མ་ཟད། ཟིན་བྲིས་གློག་ ཀླད་དུ་འཇུག་པའི་སྐབས་སུ་ཡང་དགོས་མཁོ་ནམ་བྱུང་ལ་རོགས་རམ་ ཕན་ཐོགས་ཅན་མང་པོ་གནང་བྱུང་བ་དང། དགེ་ཕྲུག་བློ་བཟང་བཀྲ་ཤིས་ ཀྱིས་ཀློག་དེབ་འདིའི་ཟིན་བྲིས་ཞིབ་ཚགས་སུ་བཀླགས་པའི་རྗེས་ན་གཞོན་
140 ཚོར་གོ་དཀའ་བ་ཡོང་སྲིད་པའི་ལོ་རྒྱུས་ཀྱི་ཚིག་དོན་འགའ་ཤས་ལ་མཆན་ འགྲེལ་གནད་བསྡུས་ཤིག་བཀོད་ན་ལེགས་པའི་བསམ་ཚུལ་བཏོན་པས་ མཚོན། ཀློག་དེབ་འདི་ལེགས་འགྲུབ་ཡོང་བར་ལས་ཀ་དང་བསམ་བློ་གཉིས་ ཀ་ནས་རྒྱབ་སྐྱོར་བྱས་པ་སེམས་གཏིང་ནས་ཕན་ཐོགས་ཅན་དུ་ཚོར་ཡོད། བྷེལ་ཇེམ་དུ་ཀློག་དེབ་འདི་དག་མཐའ ་ མའི་ཞུས་དག་བྱེད་པའི་ སྐབས་སྤུན་མཆེད་དར་རྒྱས་རྒྱ་མཚོ་ལགས་དང་པདྨ་ཚེ་མཆོག་བཟའ་ ཚང་གཉིས་ཀྱིས་མཐུན་འགྱུར་རྒྱབ་སྐྱོར་ཚད་མེད་གནང་བྱུང་བ་ལ་ཡང་ ཐུགས་རྗེ་ཆེ་ཞུ། གྲྭ་ཚང་གི་ལྷ་བྲིས་པ་ཤ་རྒྱ་དཀོན་མཆོག་དགེ་འདུན་ལགས་དང། ༸སྐྱབས་རྗེ་ཀིརྟི་རིན་པོ་ཆེའི་མཆོད་གཡོག་པ་གདོང་རི་འཇམ་དབྱངས་ བསྟན་འཛིན་ལགས་གཉིས་ནས་དགོས་མཁོ་ཅན་གྱི་རི་མོ་མང་པོ་གསར་ འབྲི་བྱས་བྱུང་བ་དང། འདི་གའི་མཐོ་རིམ་རིག་གནས་རབ་འབྱམས་པ་སྒ་ རི་ཁ་པ་དཀོན་མཆོག་སེངྒེ་དང། བཀའ་པོད་གཞུང་ཆེན་ཁག་ལ་མཁྱེན་ དཔྱོད་ཡངས་ཤིང་ཐུན་མོང་རིག་གནས་ལ་རྒྱུས་མྱོང་ལྡན་པའི་གྲོགས་ མཐའ་མ་དཀོན་མཆོག་དར་རྒྱས་གཉིས་ནས་ཀློག་དེབ་འདིར་མཐའ་མའི་ ཞུས་དག་གནང་བ་བཅས། མདོར་ན། དགེ་ཕྲུག་དང་གྲོགས་པོ་མང་པོ་ ཞིག་གིས་རིན་ཐང་ཆེ་བའི་གྲོགས་དན་ཟམ་མ་ཆད་པར་གནང་བྱུང་བར་ སྙིང་ནས་ཐུགས་རྗེ་ཆེ་ཞེས། རྩོམ་པ་པོ་རེ་མདོ་སེངྒེས་བྷེལ་ཇེམ་གྱི་གྲོང་ ཁྱེར་ཨེན་ཁྲོ་ཕེན་ནས་ཤར་མར་བྲིས། །

Turn static files into dynamic content formats.

Create a flipbook
Issuu converts static files into: digital portfolios, online yearbooks, online catalogs, digital photo albums and more. Sign up and create your flipbook.